རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་ར་པདྨ་ཛྭ་ལ་མཱུ་ལ་ཏནྟྲ་རཱ་ཛ་ན་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ 245a ༄#། །ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཧི་མ་ལ་ཡའི་ཚལ་ཆེན་པོ་ཙནྡན་སྡོང་པོ་དང་མྱུ་གུ་རྒྱས་པའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ག་ཡ་འོད་སྲུང་དང ། ཚེ་དང་ལྡན་པ་རླངས་པ་འོད་སྲུང་དང ། ཚེ་དང་ལྡན་པ་ཀུན་འགྱེད་གཞོན་ནུ་དང ། ཚེ་དང་ལྡན་པ་མ་འགགས་པ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་རབ་འབྱོར་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང ། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། པདྨ་དཀར་པོ་དང ། ཉི་འོད་དང ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང ། པདྨའི་སྟན་དང ། ཡེ་ཤེས་དབང་ཕྱུག་དང ། པདྨའི་དབང་ཕྱུག་དང ། རྡོ་རྗེའི་སྙིང་པོ་དང ། རིན་ཆེན་སྙིང་པོ་དང ། ཀུན་ཏུ་བཟང་པོ་དང ། སྒྲིབ་པ་རྣམ་པར་སེལ་བ་དང ། ནམ་མཁའི་སྙིང་པོ་དང ། བྱམས་པ་དང ། འཇམ་དཔལ་དང ། འཇིག་རྟེན་དབང་ཕྱུག་དང ། ཕྱག་ན་རྡོ་རྗེ་དང ། བློ་གྲོས་མི་ཟད་པ་དང ། ནམ་མཁའི་མཛོད་དང ། བློ་གྲོས་རྒྱ་མཚོ་དང ། མཐུ་ཆེན་པོ་ཐོབ་པ་དང ། ཟླ་ 245b འོད་དང་དྲ་བ་ཅན་གྱི་འོད་དང ། སྤོབས་པ་བརྩེགས་དང ། མྱ་ངན་དང་མུན་པ་ཐམས་ཅད་སེལ་བའི་བློ་གྲོས་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་དང ། གཞན་ཡང་གཙོར་བྱམས་པ་ལ་གནས་པའི་དགེ་སློང་དང ། དགེ་སློང་མ་མང་པོ་དང ། དགེ་བསྙེན་དང ། དགེ་བསྙེན་མ་མང་པོ་དང ། ལྷའི་ཚོགས་དང ། ཀླུའི་ཚོགས་དང ། དེ་བཞིན་དུ་གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། གྲུལ་བུམ་དང ། ཤ་ཟ་དང ། མི་དང ། མི་མ་ཡིན་པ་བྱེ་བ་ཕྲག་དྲུག་དང ། ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་དང ། རྡོ་རྗེ་གཤིན་རྗེ་གཤེད་དང ། རྡོ་རྗེ་གཞན་གྱིས་མི་ཐུབ་པ་དང ། རྡོ་རྗེ་མགྲིན་དང ། རྡོ་རྗེ་བགེགས་མཐར་བྱེད་དང ། རྡོ་རྗེ་གཙུག་ཏོར་དང ། རྡོ་རྗེ་གནོད་མཛེས་རྒྱལ་པོ་ལ་སོགས་པ་བདུན་ཅུ་དང ། སྤྱན་མ་དང ། མཱ་མ་ཀཱི་དང ། ན་བཟའ་དཀར་མོ་དང ། སྒྲོལ་མ་དང ། འོད་ཟེར་ཅན་དང ། དབྱངས་ཅན་མ་དང་ཕག་ཞལ་མ་དང ། ཁྲོ་གཉེར་ཅན་དང ། རི་ཁྲོད་མ་དང ། དུག་སེལ་མ་དང ། ནོར་རྒྱུན་མ་དང ། དཀར་མོ་དང ། ཡིད་བཟང་མ་དང ། རྣམ་པར་རྒྱལ་མ་དང ། དཔལ་ཕྲེང་མོ་དང ། ས་འཛིན་བཟང་མོ་དང ། རྡོ་རྗེ་དབང་ཕྱུག་མ་ལ་སོགས་པ་སྟོང་ཕྲག་དྲུག་བརྒྱ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་འཁོར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་བླ་མ་ 246a ༄#། །དང ། བཀུར་སྟི་དང ། རིམ་གྲོར་བྱ་བའི་ཕྱིར་མཆོད་པ་དུ་མས་མཆོད་ཅིང་བསྔགས་པ་དུ་མས་བསྟོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ཐུགས་རྗེ་ཆེན་པོ་ཡོངས་སུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་ལྟས་བཅོ་བརྒྱད་དུ་གྱུར་ཏོ། །དེའི་ལྟས་དེ་མཐོང་ནས་ལངྐའི་རྒྱལ་པོ་སྒྲ་སྒྲོག་ཤིན་ཏུ་སྙེམས་པ་དང་ལྡན་ནས་རང་གི་འཁོར་དུ་མ་དང་ལྷན་ཅིག་དེར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲ་སྒྲོག་གི་སེམས་ཀྱི་རྟོག་པ་ཐུགས་སུ་ཆུད་ནས་སྐུའི་གནས་ཐམས་ཅད་ནས་འོད་ཟེར་བྱེ་བ་ཕྲག་དུ་མ་བྱུང་ངོ ། །འོད་ཟེར་དེ་དང་ས་གཡོས་པ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་གསལ་བར་གྱུར་ཏེ། དེའི་ཚེ་སྒྲ་སྒྲོག་སྙེམས་པ་དང་བཅས་པས་དེའི་འཁོར་ཐམས་ཅད་ཀྱིས་འཛམ་བུའི་གླིང་དུ་ཡམས་ནད་ལ་སོགས་པས་རྣམ་པར་འཚེ་བ་དེ་ཐུགས་ཀྱིས་ཡོངས་སུ་དགོངས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གདོང་བཅུ་གཅིག་པ་དྲང་སྲོང་རིག་སྔགས་འཆང་བྱེ་བ་ཕྲག་བརྒྱ་སྟོང་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཕྱོགས་ 246b གཅིག་ཏུ་འཁོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་ལྷའི་ཚོགས་རྣམས་ཀྱི་ནང་ནས་ལྷའི་བུ་རིན་པོ་ཆེ་པདྨའི་དྲ་བས་བརྒྱན་པ་ཞེས་བྱ་བ་བཞེངས་ཏེ་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་མགོན་པོ་ཐུགས་རྗེ་ཅན། །རིག་སྔགས་འཆང་བའི་ཚོགས་དང་བཅས། །ཆེ་བའི་བྱིན་བརླབས་ལྡན་པ་རྣམས། །སྒྲ་སྒྲོག་སྙེམས་པ་གཞོམ་པ་དང ། །ཉོན་མོངས་རྩད་ནས་གདོན་པ་དང ། །སེམས་ཅན་རྣམས་ལ་ཕན་པ་དང ། བདག་ལ་ཤིན་ཏུ་སྨན་པའི་ཕྱིར། །སྐུ་དང་རྗེས་སུ་མཐུན་པ་ཡི། ། རིག་སྔགས་སྦྱོར་བ་ཁྱད་པར་ཅན། །སྙིང་པོ་དམ་པ་བཤད་དུ་གསོལ། །དེ་ཚེ་འཁོར་ཚོགས་ཐམས་ཅད་ཀྱིས། །མཁའ་ཕྱོགས་མེ་ཏོག་ཆར་གྱིས་བཀང ། །བཅོམ་ལྡན་ཐུབ་པའི་དབུ་ལ་ནི། ། རིན་ཆེན་མེ་ཏོག་གདུགས་སུ་གྱུར། །ལྷ་རྣམས་གཙང་མར་སྦྱར་བ་ཡི། །ཡོན་ཆབ་བདུག་སྤོས་དྲི་དང་བཤོས། །ཅི་འབྱོར་དང་བའི་སྟོབས་ཀྱིས་ཕུལ། །ཐུབ་པས་ནམ་མཁའི་མཛོད་པ་བརླབས། །ལྷ་མོ་བུ་མོ་དུ་མ་ཡིས། །རོལ་མོ་སིལ་སྙན་འཕན་གདུགས་དང ། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང ། །ལྡ་ལྡི་ན་བཟའ་དུ་མས་མཆོད། །དེ་ནས་མགོན་པོ་སྤྱན་རས་གཟིགས། ། པདྨ་གཞོན་ནུའི་ཞལ་མངའ་བས། །བཞེངས་འཛུམ་ཐལ་མོ་སྦྱར་ནས་ནི། །སྟོན་པ་ལ་ནི་འདི་སྐད་གསོལ། །སྒྲ་སྒྲོག་བཞིན་གྱིས་སྙེམས་པ་དང ། །མདའ་དང་རྩལ་གྱིས་དྲེགས་པ་སྟེ། ། 247a ༄#། །འདི་ནི་ལེགས་བརྩམས་ལས་བྱུང་ཡིན། །ཤིན་ཏུ་ལོག་པས་ལས་ཀྱང་མིན། །སྔོན་དུ་སངས་རྒྱས་གདོང་མཛེས་མི། །བསྟན་པ་ལ་ཡང་མགོ་བཏང་བའི། །བསོད་ནམས་གྲངས་ཀྱིས་བྱུང་བ་ཡིན། །ལག་པ་དུ་མར་འཁྲུལ་པ་ནི། །ཟས་དང་སྣོད་སྤྱད་གོས་ནོར་རྒྱན། །བསྐལ་པ་བཞི་བཅུའི་མཆོད་སྦྱིན་ཏེ། །དེ་ནས་བརྩལ་དང་ཤུགས་ཀྱང་ཡིན། །མདའ་ནི་བྷྲིང་གི་རི་ཏི་ཡི། །བྱིན་རླབས་སྔོན་དུ་བྱེད་མོད་ཀྱང ། །གྲངས་མང་ཚུལ་ཁྲིམས་བྲལ་བས་ནི། །སྲིན་པོའི་རིགས་སུ་འཁྲུངས་པ་དང ། །འཁོར་བཅས་གཞན་ལ་གནོད་འགྱུར་ཡིན། །ངས་ནི་ངང་ཚུལ་རྨད་བྱུང་བའི། །ལུས་ཀྱི་བདེ་གཤེགས་སྦྱིན་པ་དང ། །སྒྲུབ་བརྗོད་ལེགས་བྱས་མཐའ་ཡས་པ། །སྤྱོད་བཟང་ལ་གནས་བསྒྲལ་བའི་གྲངས། །གངྒཱའི་ཀླུང་གི་རྡུལ་དང་མཚུངས། །དེ་སྐད་འབྲས་བུ་དེ་བརྩམས་ཏེ། །དང་པོའི་ལས་ཅན་ཇི་སྙེད་ལ། །ཕན་གདགས་གཞན་ནི་བྱ་བའི་ཕྱིར། །ཅུང་ཟད་བསྡུས་ནས་བརྗོད་བྱ་སྟེ། ལེགས་པར་ཉོན་ལ་ཡིད་ལ་ཟུངས། །སྔོན་ཚེ་འདས་དུས་བསྐལ་པ་ནི། །གངྒཱའི་ཀླུང་བཅུའི་སྔ་རོལ་གྱི། །ཆེར་འདས་པ་ཡི་སྔ་རོལ་ན། །བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན། །མནྡཱ་ར་ཡི་དྲི་ཞེས་བྱ། །འཇིག་རྟེན་སྟོན་པ་བྱུང་བའི་ཚེ། །བདག་ནི་ཁྱིམ་བདག་དྲག་པོར་གྱུར། །ཐུབ་པ་དེ་ལ་རིག་སྔགས་མནོས། །ཐོབ་མ་ཐག་ཏུ་བསྐལ་པའི་གྲངས། །བཞི་ཁྲི་སྙེད་ཀྱི་འཁོར་བ་བསྙིལ། །དེ་རྗེས་ 247b བསྐལ་པ་གངྒཱའི་ཀླུང ། །བྱེ་བ་སྙེད་ཅིག་སྔ་རོལ་ན། །བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན། །ཐོགས་མེད་པདྨ་བརྒྱ་ཡི་སྤྱན། །གཙུག་ཏོར་ཡོན་ཏན་རབ་རྒྱས་པའི། །འོད་ཟེར་རྒྱལ་པོ་ཞེས་བྱ་བ། །འཇིག་རྟེན་སྟོན་པ་བཞུགས་པའི་ཚེ། །བདག་ཉིད་དྲང་སྲོང་བདག་པོར་གྱུར། །རིག་སྔགས་འདི་མནོས་སྒྲུབ་པ་ཡིས། ། ཕྱོགས་བཅུའི་སངས་རྒྱས་ཞལ་མཐོང་ཞིང ། །སྐྱེ་མེད་ཆོས་ལ་བཟོད་པ་ཐོབ། །དེ་རྗེས་འདས་དུས་བསྐལ་པ་ནི། །བྱེ་བ་ཕྲག་བརྒྱའི་སྔ་རོལ་ན། །བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན། །ཚེ་དཔག་མེད་ཅེས་འཇིག་རྟེན་དུ། །སྟོན་པ་བྱུང་བ་བདག་གིས་མནོས། །དེ་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས། །བདག་ལ་དབང་བསྐུར་ལུང་བསྟན་མཛད། །ཁྱོད་ཀྱིས་སྔོན་དུ་བསྐལ་པའི་གྲངས། །བརྗོད་མི་ལང་ནས་རིག་སྔགས་ཕྱིར། །ཡང་དག་སྟོང་ཕྲག་སྟོང་སྙེད་ཀྱང ། །དང་པོའི་མཆོད་སྦྱིན་ཆེན་པོ་བྱས། །བྱེ་བ་ཕྲག་གྲངས་བཅུ་གཅིག་ཏུ། །ཕྱོགས་བཅུའི་སངས་རྒྱས་དབང་བསྐུར་བླངས། །དེ་དང་དེ་ཡི་རྣམ་སྨིན་མཆོག་།སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །ཡང་དང་ཡང་དུ་འབྱུང་བར་འགྱུར། །ཕྱིས་ནི་འདྲེན་པ་ཤཱཀྱ་ཞེས། །མི་མཇེད་འཇིག་རྟེན་ཁམས་འཁྲུངས་ཚེ། །མི་ཡུལ་ལས་ 248a ༄#། །ཀྱང་ཁྱད་པར་དུ། །ཡི་དགས་གླིང་དུ་སྐྱེས་པ་འགའ། །གཏན་ལ་འདུད་འཕེལ་བྱ་བའི་ཕྱིར། །མཚན་མོ་མུན་ནག་སྤྲིན་རུམ་དུ། །སྐད་ཅིག་གློག་འགྱུར་ཅི་ལྟ་བར། །རིག་སྔགས་འཆང་པ་གདོང་བཅུ་གཅིག་།ཡན་ལག་སྟོང་དང་ལྡན་པ་ལ། །སྤྱན་ནི་ཚིག་སྟོང་སུམ་ཅུ་པའི། ། མཚན་དང་ལྡན་པའི་སྐུ་འབྱུང་འགྱུར། །དེ་ཚེ་སྐལ་ལྡན་ལ་ལ་ཞིག་།མཚན་ནས་བརྗོད་ཅིང་སྐུ་ལ་མོས། །རིག་སྔགས་ཟློས་པ་པོ་གང་ཞིག་།འཇིག་རྟེན་འདོད་པ་ཀུན་གྲུབ་ཅིང ། །ཕྱི་ནས་ཡེ་ཤེས་ཉིས་འགྱུར་རོ། །ལུང་བསྟན་དེ་སྐད་ཐོས་པའི་ཕྱིར། །སངས་རྒྱས་བྱེ་བ་ཕྲག་བཅུ་གཅག་།གྲངས་སྙེད་ཞལ་ནས་གསུངས་པ་ཡི། ། རིག་སྔགས་སྙིང་པོ་གདོང་བཅུ་གཅིག་།མཐུ་ཆེན་ཐོགས་པ་མེད་པ་སྟེ། །འགྲོ་ལ་སྨན་ཅིང་བདེ་བ་དང ། །ནད་ཀུན་སེལ་བྱེད་སྡིག་ཀུན་སྦྱོང ། །བཀྲ་ཤིས་མེད་པ་ཀུན་ཟློག་ཅིང ། །རྨི་ལམ་མཚན་མ་ངན་ཀུན་སེལ། །དུས་མིན་འཆི་དང་ངན་སེམས་ཟློག། རྟག་ཏུ་དཔལ་དང་སེམས་བདེ་ཐོབ། །མྱ་ངན་སྡུག་བསྔལ་ངལ་བ་སེལ། །རྩོད་འཁྲུག་ཐམས་ཅད་ཞི་བ་དང ། །བདུད་དང་གདོན་བགེགས་ཞི་བར་འགྱུར། །འཇིག་རྟེན་སྨོན་པ་ཀུན་གྲུབ་ཅིང ། །བདུད་དང་ 248b བར་ཆད་མཚོན་ཆའི་ནད། །དབྱིག་པ་བརྡེག་དང་བཅིང་བ་དང ། །བཙོན་རར་བཅུག་དང་མཚོན་ཆས་བརྩལ། །གསོད་སར་ཁྲིད་དང་ཡན་ལག་བཅད། །མིག་འབྲུ་མཚོན་གྱིས་བཙབ་པ་དང ། །ཆུ་དང་མེ་དང་རླུང་ས་གཡོས། །དུག་དང་བྱད་སྟེམས་རོ་ལངས་དང ། །ཆོམ་རྐུན་མི་མ་ཡིན་རྣམས་གནོན། །རིག་སྔགས་འདི་ཡིས་བསྲུངས་པ་དང ། །ལེན་དང་འཛིན་དང་དྲི་བ་དང ། །ཀློག་དང་ཁ་ཏོན་བཤད་སོགས་རྣམས། །བརྩོན་ལ་འཇིག་རྟེན་ལྷར་བཅས་དང ། །བདུད་དང་ཚངས་པ་དགེ་སྦྱོང་དང ། །བྲམ་ཟེར་བཅས་པས་གནོད་པ་མེད། །སྔོན་གྱི་ལས་དྲག་ཡོད་པ་ཡང ། །བྱང་ཞིང་བསྲབས་ཏེ་མེད་པར་འགྱུར། །ངེས་པའི་དངོས་པོ་འདི་ལགས་པས། །རིག་ནས་མངོན་སུམ་ཡིད་ཆེས་པར། །རྣམ་པར་རྟོག་མེད་སེམས་ཀྱིས་བླངས། །དེ་སླད་སྐྱབས་དང་སྐྱོབ་པ་དང ། །སྲུང་དང་དབུགས་འབྱིན་དཔལ་མགོན་དང ། །གླིང་དང་ཁང་ཁྱིམ་འདི་ཉིད་ཡིན། །ཉེ་རིང་ས་ཕྱོགས་ཇི་སྲིད་པར། །མཚམས་བཅད་ནས་ནི་རིག་སྔགས་དང ། །འབྱུང་པོ་རྣམས་ཀྱིས་འཚེ་བ་མེད། །གང་གིས་སངས་རྒྱས་ཕྱག་འཚལ་མཆོད། །སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས། །མངོན་པར་དགའ་ཞིང་གཟུངས་སྔགས་འདི། །ཉི་ཤུ་རྩ་གཅིག་ 249a ༄#། །བརྗོད་པ་ལ། །ཕྱོགས་བཅུ་སངས་རྒྱས་མ་ལུས་པ། །མཚུངས་པར་ཡི་རང་ལེགས་པར་སྦྱིན། །རྩ་བ་བཞི་དང་མཚམས་མེད་ལྔ། ། མ་ལུས་སྡིག་ཀུན་བྱང་བར་འགྱུར། །གནོད་སྦྱིན་སྲིན་པོ་སོགས་སྣང་ཡང ། །བཟུང་ནས་བྱམས་པའི་སྙིང་རྗེའི་སེམས། །དང་པོ་བསྐྱེད་ནས་བླ་མེད་ཀྱི། །བྱང་ཆུབ་སེམས་མཆོགས་ལ་འགོད། །གངྒཱའི་ཀླུང་བརྒྱའི་སངས་རྒྱས་ཀྱི། །མཚན་ནས་བརྗོད་ཅིང་བསྟོད་པ་བས། །རིགས་ཀྱི་བུ་འམ་བུ་མོ་གང ། །བདག་གི་མིང་བརྗོད་དྲན་བྱེད་ཅིང ། །རིག་སྔགས་རྒྱུན་དུ་བརྗོད་ན་དེ། །མྱུར་དུ་མཆོག་དགའི་ས་འཐོབ་ཅིང ། །ལག་པའི་མཐིལ་ནས་མཐོང་བ་ལྟར། །བླ་མེད་བྱང་ཆུབ་མྱུར་དུ་འབྱུང ། །རྩེ་གཅིག་དྲན་པས་གུས་བྱས་ཏེ། །རྟག་ཏུ་ནང་པར་སྔར་ལངས་ནས། །ཆོས་བཞིན་དུ་ནི་དགེ་དགྱེས་ཏེ། །བརྒྱ་རྩ་བརྒྱད་དུ་གང་བརྗོད་པ། །ཚེ་འདིར་ཕན་ཡོན་བཅུ་ཐོབ་འགྱུར། །རྟག་པར་ལུས་ལ་ནད་མེད་དང ། །ལྷ་དང་སངས་རྒྱས་ཀུན་གྱིས་སྲུང ། །ནོར་འབྲུ་རིན་ཆེན་གོས་རྙེད་དང ། །དགྲ་སྡང་དུལ་ཞིང་འཇིགས་མེད་དང ། །བཟའ་རྣམས་བཀུར་ཅིང་རིགས་བཙུན་འཐོབ། །དུག་དང་འདྲེ་གཤེན་གདོན་བྲལ་དང ། །ལུས་ལ་དྲི་ཞིམ་ཀུན་དགའ་ 249b དང། །བསམ་ངན་མི་སྙན་རྗོད་བྱེད་དང ། །རིམས་ནད་བྲལ་ཞིང་དགང་སླ་དང ། །དུས་མིན་འཆི་བ་སངས་པར་འགྱུར། །གཞན་ཡང་ཡོན་ཏན་བཞི་ཐོབ་སྟེ། །འཆི་ཁར་སངས་རྒྱས་ཞལ་མཐོང་དང ། །མཁའ་ལ་འོད་འབྱུང་ལྷས་མཆོད་དང ། །ནམ་ཡང་ངན་འགྲོར་མི་འགྲོ་ཞིང ། །བདེ་བ་ཅན་ནམ་བདེ་འགྲོར་སྐྱེ། །རིག་སྔགས་འདི་དང་སངས་རྒྱས་ཀྱི། །ཡེ་ཤེས་སྙིང་པོ་འཛིན་པ་ལ། །བྱང་ཆུབ་སེམས་དང་སངས་རྒྱས་ཀྱི། །རྣམ་པར་ཐར་པའི་ཆོས་སྒོ་འཐོབ། །བསྐལ་པ་དུ་མར་དགེ་བསགས་དང། །རིག་སྔགས་འདི་སྙེད་འགྱུར་པ་སྟེ། །དད་ལྡན་ཡུལ་ཡོད་ངོ་ཚ་ཤེས། །བློ་བཟང་བརྩོན་ལྡན་སྙིང་རྗེ་ཆེ། །མདོག་དཀར་ངང་བཟང་གསོང་པོར་སྨྲ། །སེམས་མཇམ་ལུས་ངག་དལ་བར་སྤྱོད། །བླ་མ་ལ་གུས་བརྟུལ་ཞུགས་ཆེ། །སྲེད་པ་ཆུང་ཞིང་སྦྱིན་ལ་དགའ། །སངས་རྒྱས་གུས་ཤིང་སེམས་བཅས་ལས། །ཉིན་མཚན་རྒྱུན་དུ་རིག་སྔགས་འདོན། །བཅུ་བཞི་འམ་ནི་བཅོ་ལྔ་དང ། །ཁྱད་པར་དུ་ནི་ཚེས་བརྒྱད་ལ། །གསོ་སྤྱོང་སྐུ་ཡི་མདུན་དུ་བླང ། །སྐྱོན་མེད་ཙནྡན་དཀར་སོགས་ཤིང ། རིག་བཟང་ལས་བྱས་སྐུ་གཟུགས་སམ། །ཡང་ན་ས་རྡོ་རིན་ཆེན་སོགས། །བཟང་ལས་བདེ་བར་གཤེགས་གཟུགས་བྱ། །ཡང་ན་རིས་སུ་བྲིས་ཀྱང་རུང ། །སྐུ་ 250a ༄#། །གཅིག་པོའམ་ལྷ་ཚོགས་ཀྱི། །དཀྱིལ་འཁོར་རྒྱས་པར་བྱས་པ་ལ། །མངོན་སུམ་བཞིན་དུ་དམིགས་བྱས་ན། །མྱུར་དུ་མངོན་སུམ་མཐོང་བར་འགྱུར། །ཡོན་ཏན་ཀུན་གྱིས་བརྒྱན་པ་ཡི། །བུམ་པ་ཆུ་དང་བཅས་པ་ལ། །སྔགས་བརྗོད་པས་ནི་འདོད་དོན་ཀུན། །འགྲུབ་འགྱུར་ཐེ་ཚོམ་མི་བྱའོ། །ནད་དང་འཕྲོད་པའི་སྨན་རྣམས་ལ། །སྔགས་བཟླས་བཟའ་འམ་བྱུགས་པས་སམ། །བདུག་པ་ཙམ་ཡང་གནོད་པ་སེལ། །སྲས་བུའམ་ནི་གོས་དག་དང ། །ཕྱག་རྒྱས་གདག་ཀྱང་དེ་བཞིན་ནོ། །འདོད་པ་གང་དང་གང་ལ་ཡང ། །མེ་ཡི་ལས་ཀྱི་སྦྱོར་བ་བྱ། །གསང་སྔགས་འདྲེན་འཛིན་ཡིད་བྱེད་ལ། ། བདག་ཀྱང་རྗེས་སུ་འཇུག་པར་བྱ། །དེ་སྐད་གསུངས་པའི་དེ་མ་ཐག་།བྱང་ཆུབ་སེམས་དཔའ་འཇམ་དབྱངས་ཀྱིས། །སྔགས་ཀྱི་ངོ་བོ་ཉིད་ལ་ནི། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ེ་མ་རང་བཞིན་མེད་པའི་ཆོས། །སྣ་ཚོགས་གཟུགས་སུ་སྣང་བ་ལ། །བརྗོད་རྟོག་བྲལ་བའི་སྐད་ཅིག་ནི། །ཞི་བའི་ཆེ་བ་ཉིད་ཡིན་ནོ། །སྲིད་པ་དངོས་པོ་མེད་པ་ལ། །དམིགས་པར་བྱེད་པ་སྒོམ་པའོ། །དམིགས་པ་མཐར་ཐུག་མེད་མཐོང་བ། །དེ་ནི་སྒོམ་པའི་འབྲས་བུའོ། །ཀུན་ཏུ་བཟང་པོའི་གསང་ 250b སྔགས་ཀྱི། །དོན་ལ་ཆེད་དུ་འདི་ལྟར་བརྗོད། །ེ་མ་སྐུ་གསུམ་ཐ་དད་པར། །ལུས་ངག་ཡིད་ཀྱི་དོན་ལས་བྱུང ། །དོན་གཅིག་པ་ཡི་རྣལ་འབྱོར་གྱིས། །སྐུ་གཅིག་ཏུ་ནི་ངེས་པར་གཟུང ། །གང་ལ་གང་ཕན་བསྐྱེད་པ་ལ། །འཇའ་ཚོན་བཞིན་དུ་སྣང་མོད་ཀྱང ། །ཚིག་གིས་བརྗོད་པའི་སྤྲུལ་ཙམ་སྟེ། །ཡེ་ཤེས་སྐུ་ལ་དབྱེ་བ་མེད། །སྒྲིབ་པ་རྣམས་སེལ་ལས་ལ་ནི། །ཆེད་དུ་བརྗོད་པ་འདི་ལྟར་བརྗོད། །ེ་མ་དངོས་པོའི་ངོ་བོ་ཉིད། །མ་བྱུང་མ་སྐྱེས་མ་འགགས་པ། །སྐྱེ་འགག་ལྟ། བུའི་ཆོ་འཕྲུལ་ནི། །སྐུ་དེས་ཕྱག་རྒྱ་སྔགས་སུ་སྣང ། །ཡོན་ཏན་ཆུ་ཡི་རླབས་བཞིན་དུ། །སྐྱེ་བའི་ངོ་ལ་གསལ་བར་བྱེད། །ནན་ཏན་གྱིས་ནི་དེ་ཉིད་ཀྱང ། །རྒྱུ་བ་མེད་པར་ཁོང་དུ་ཆུད། །བྱང་ཆུབ་སེམས་དཔའ་ས་སྙིང་གིས། །རྒྱུ་ལ་ཆེད་དུ་འདི་བརྗོད་དོ། །ེ་མ་རང་བཞིན་རྣམ་དག་ལ། །ཐོག་མེད་བློ་ཡི་མུན་པའི་དབྱིངས། །རྣམ་རྟོག་བག་ཆགས་ཀྱིས་དཀྲུགས་ནས། །གློ་བུར་དཀར་ནག་ལས་སུ་སྣང ། །དཀར་པོ་སངས་རྒྱས་ཆོས་དགེ་འདུན། །དེ་ལ་སྒྲོ་བཏགས་བྱང་ཆུབ་སེམས། །དེ་ལས་བྱུང་བའི་འཕྲིན་ལས་ཀྱིས། །ཉོན་མོངས་ལས་ཀྱི་སྒྲིབ་སྦྱོང་བྱེད། །མགོན་པོ་བྱམས་པས་སྔགས་སྒྲུབ་ཀྱི། །ལམ་ལ་ཆེད་དུ་འདི་ལྟར་བརྗོད། །ེ་མ་གདོད་ནས་གྲོ་ 251a ༄#། །ཞིའི་སེམས། །ཆུ་ལྟར་དང་བར་སྣང་མོད་ཀྱང ། །སྣ་ཚོགས་འགྲོ་བའི་གཟུངས་བྱུང་བས། །མུན་པ་ཐིབས་པོས་རྣམ་པར་བསྒྱུར། །དེ་ཉིད་སེམས་ཀྱི་སྣང་བའི་ཕྱིར། །འབད་རྩོལ་མེད་པའི་སེམས་ཀྱིས་གྲོལ། །རྩོལ་བ་སེམས་ཀྱི་དྲི་མས་ནི། །དྲི་མ་མེད་པའི་སེམས་འཆིང་འགྱུར། །ནམ་མཁའི་སྙིང་པོས་སྔགས་མིང་ལ། །ཆེད་དུ་འདི་ལྟར་བརྗོད་པར་མཛད། །ེ་མ་སྟོང་པ་མཚན་མ་བྲལ། །ཁ་དོག་དབྱིབས་བྲལ་ཆོས་ཉིད་དག་།དགའ་བའི་སེམས་ཆེན་གསལ་བྱེད་པ། །ཤེས་རབ་ཆེན་པོའི་ཡི་གེ་མིན། །མཚན་དཔེ་ཡེ་ཤེས་བདེ་ལྡན་སྐུ། །གང་གང་དོན་དུ་དེ་སྣང་བ། །སྙིང་རྗེ་ཆེན་པོའི་རིང་ཤུགས་ཀྱིས། ། འབྱུང་འགྱུར་ཡི་གེ་ཏ་ཡི་དོན། །བྱང་ཆུབ་སེམས་དཔའ་པདྨོས་ནི། །གནས་ལ་ཆེད་དུ་འདི་ལྟར་བརྗོད། །ེ་མ་རྒྱུ་རྐྱེན་ནམ་མཁའ་ལ། །ཉི་ཟླ་སྐར་རྒྱུན་འཁོར་བ་ཡིས། །གསལ་ནས་ཉིན་མཚན་བྱེ་ཕྲག་བརྗོད། །ཉོན་མོངས་མ་རིག་སྲེད་ལེན་གྱིས། །འདུ་བྱེད་སྲིད་པའི་ལས་བསྐུལ་ཏེ། །རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག་།རེག་ཚོར་སྐྱེ་རྒ་ཤི་སྡུག་བསྔལ། །གསལ་བྱེད་དག་པ་ཉིད་ཀྱིས་དག་།ཕྱག་ན་རྡོ་རྗེས་འབྲས་དོན་ལ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ེ་ 251b མ་ཟབ་ཅིང་རྒྱ་ཆེ་བ། །སྔགས་མཐུ་བླ་ན་མེད་པ་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཤེས་པ་ཉིད་ཀྱང་རྫས་མེད་ལ། །ཤེས་བྱ་རྫས་སུ་ག་ལ་ཡོད། །ཤེས་པ་ཡུལ་གྱི་རྣམ་པར་ནི། །རྟོག་པའི་གཟུང་འཛིན་གྱིས་བསྒོས་པ། །དེ་ཟད་ནས་ནི་གྲོལ་བར་འགྱུར། །དེ་ནས་རིག་པའི་ལྷ་མོའི་ཚོགས། །སྤོས་དང་མེ་ཏོག་འཐོར་བྱེད་ཅིང ། །སྙན་པའི་སྔགས་ཀྱི་གླུ་ཡིས་ནི། །མགོན་པོ་སྤྱན་རས་གཟིགས་ལ་བསྟོད། །ོཾ། བཅོམ་ལྡན་མགོན་པོ་ཐུགས་རྗེ་སྤྱན་རས་གཟིགས། །ཞལ་གྲངས་མདོག་དབྱིབས་དུ་མ་ཅིར་ཡང་སྣང ། །སྟོང་དང་བརྒྱ་དང་བཅུ་གཅིག་དྲུག་དང་གཅིག་།བྱམས་པའི་ཞལ་བཟང་མདའ་བའི་མགོན་ལ་འདུད། །སྤྱན་མའིའོ། །ོཾ་རབ་དགྱེས་ཞལ་མདོག་དུ་མ་ཅིར་ཡང་འགྱུར། །ལ་ལ་བྱམས་པ་སྙིང་རྗེ་དགའ་བའི་ཞལ། །ལ་ལ་འདོད་རྨོངས་སེར་སྣ་ཆེན་པོའི་ཞལ། །ཁྲོ་སྡང་གཏུམ་ཆགས་ལྟ་ལྡན་ཕྱག་འཚལ་ལོ། །མཱ་མ་ཀཱིའིའོ། །ོཾ་ཕྱོགས་བཅུའི་སངས་རྒྱས་དབང་བསྐུར་རྫོགས་པའི་ཞལ། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོའི་ཕྱག་།མཛད་པ་གྲངས་མེད་ཆུབ་པའི་ཕྱག་རྒྱར་ལྡན། །གདན་གཉིས་ཞབས་གཉིས་གཤེགས་ལ་ཕྱག་འཚལ་ལོ། །ན་བཟའ་དགར་མོའི་འོ། །ོཾ་མཛད་ 252a ༄#། །པ་ཐུགས་རྗེའི་དབྱིངས་ལ་ཐུགས་མེད་ཀྱང ། །རྩོམ་པ་རྒྱ་མཚོ་རྒྱུན་མི་འཆད་མཛད་པས། །ཞིང་རྣམས་རྒྱ་མཚོ་རྣམ་པར་སྦྱོར་བ་ཡི། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྒྲོལ་མའི་འོ། །ོཾ། ཉི་མ་གཟི་ལྡན་འོད་ཟེར་འགྱེད་པ་ལྟར། །འཇུག་དགོངས་མི་མངའ་ཀུན་རྟོག་མུན་བྲལ་ཡང ། །བསྐལ་པ་རྒྱ་མཚོར་ཁྱད་པར་དོན་གསལ་བའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འོད་ཟེར་ཅན་མའི་འོ། །ོཾ། སེམས་ཀྱི་རྒྱུད་འགག་མྱ་ངན་འདས་པའི་ཚེ། །འདོད་ཆགས་བྱུང་མ་ཐག་ཏུ་ཡལ་བ་སྟེ། །ཉོན་མོངས་རྩ་བ་བཅད་ནས་ཕ་མཐའ་མེད། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དབྱངས་ཅན་མའིའོ། །ོཾ། ཉོན་མོངས་བདག་ཏུ་བཟུང་ན་འཁོར་བར་སྐྱེ། །དེ་ལ་ཡང་ཡང་བརྟགས་ན་ངན་འགྲོར་སྐྱེ། །རང་བཞིན་མེད་པར་ཤེས་ན་གྲོལ་བར་འགྱུར། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཕག་གདོང་མའི་འོ། །ོཾ། ཆོས་རྣམས་དག་པར་མཐོང་ན་མཐོ་རིས་འཐོབ། །གཉིས་འཛིན་རྟོག་པ་ཆད་ན་མྱ་ངན་འདའ། །སྒྱུ་མའི་སེམས་དང་ལྡན་ན་གཞན་དོན་འབྱུང ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ 252b ལོ། །ཁྲོ་གཉེར་ཅན་མའི་འོ། །ོཾ། རང་ཚུལ་སྤྱོད་ལ་ཆགས་པས་ས་བོན་རུལ། །གཞན་ཚུལ་དམན་པར་བརྗོད་པས་ཞིང་ས་ཚིག་།ལུས་ངན་གཙང་སྦྲ་ཙམ་ལས་བྱང་ཆུབ་རིང ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ས་འཛིན་མའི་འོ། །ོཾ། བདག་ལྟ་མུན་པའི་དུག་གིས་བརྒྱལ་བ་ལ། །བདག་མེད་ཕྱོགས་བྲལ་ཡེ་ཤེས་བདུད་རྩིའི་སྨན། །ཕ་རོལ་ཕྱིན་བཅུ་སྤྱོད་དང་རྟོག་རྩོལ་མཛད། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དུག་སེལ་མའི་འོ། །ོཾ། ངང་ཚུལ་བཟང་སྤྱོད་ང་རྒྱལ་ཞེན་པ་མེད། །གཞན་སྤྱོད་བཏང་སྙོམས་བྱས་ནས་རང་སེམས་སྦྱོང ། །སྲེད་མེད་བཟོད་ལྡན་ངང་གིས་རྒོལ་པ་ལགས། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རི་ཁྲོད་མའི་འོ། །ོཾ། ཁྲེལ་ཡོད་ངོ་ཚ་ཤེས་ཤིང་གཏོང་ལ་དགའ། །དད་དང་ཐོས་ལྡན་ཚུལ་ཁྲིམས་ཤེས་རབ་བཟང ། །ཆོག་ཤེས་འདོད་ཆུང་འདི་དང་གཞན་དུ་ཕྱུག་།མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ནོར་རྒྱུན་མའི་འོ། །ོཾ། ཡི་གེ་འབྲི་མཆོད་སྦྱིན་ཉན་ཀློག་དང་འཆད། །ཁ་ཏོན་འཛིན་སེམས་སྒོམ་བརྩོན་དེ་ལ་ཆུའི། །ཁྲུས་སོགས་སྨྱུང་གནས་དཀར་གཙང་ཡོན་ཏན་སྩོལ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དཀར་མོའི་འོ།། 253a ༄#། །ོཾ།་རང་སེམས་དུལ་ཞིང་ལུས་ངག་བག་ཡོད་སྤྱོད། །འཇིག་རྟེན་འཇིག་རྟེན་འདས་མཆོད་དམ་པ་འཛིན། །ཐོས་བསམ་སྒོམ་བརྩོན་དེ་ནི་དགྲ་ལས་རྒྱལ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱལ་མའི་གླུའོ། །ོཾ།་ཐ་དད་ཀྱིས་འཆིང་དབྱེར་མེད་གྲོལ་བ་ཡི། ། ཐབས་དང་ཤེས་རབ་བདེ་ཆེན་བྱང་ཆུབ་ལམ། །རྣམ་ཐར་ཡེ་ཤེས་མཐའ་ཡས་དཔལ་སྟེར་བ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དཔལ་ཕྲེང་མའི་གླུའོ། །ོཾ། བསམ་པ་བཟང་པོ་གསེར་གྱི་ས་གཞི་ལ། །བྱང་ཆུབ་ཕྱོགས་ཆོས་དཔག་བསམ་ཤིང་ཆེན་འཁྲུངས། །ཡེ་ཤེས་ཐུགས་རྗེ་རྒྱུན་ཆུ་རླན་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཡིད་བཟང་མའི་གླུའོ། །སྒྲ་སྒྲོག་འཁོར་བཅས་འདར་གྱུར་ཏེ། །རླུང་གིས་བཏབ་པའི་རྩཝ་དང་མཚུངས། །ཐལ་མོ་སྤྱི་བོར་སྦྱར་ནས་སུ། །ཆེད་དུ་བརྗོད་པ་འདི་གསོལ་ཏོ། །ོཾ། མགོན་པོ་རང་བྱུང་བཅོམ་ལྡན་འདས། །གཙོ་བོ་རབ་ཏུ་ཆེ་བའི་ལྷ། ། བསོད་ནམས་དུ་མས་བསྐྱེད་པའི་སྐུ། །ཡེ་ཤེས་མཐའ་ཡས་ཐུགས་མངའ་བ། །བློ་ལྡན་སྲིད་མཐར་མཛད་པ་པོ། །ཚུལ་ལྡན་ཚུལ་ཁྲིམས་ལ་སྦྱོར་མཛད། ། 253b གཙང་ལྡན་བྲམ་ཟེ་ཚངས་པ་ཆེ། །མཛད་སྤྱོད་མཁའ་མཉམ་སྤྱོད་ཕྱག་འཚལ། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །འཁོར་ལ་ལེགས་སོ་ལེགས་སོ་ཞེས། །ོཾ་ཨཱཿ ་ཧྲཱིཿ ་ཧཱུཾ་སཝཱ་ཧཱ་བཅས། །ཡང་ཡང་བརྗོད་པས་བྱིན་གྱིས་བརླབས། །ལྕགས་ཀྱུ་ཅན་གྱི་ཉ་ར་ནས། །ཀླུ་ཕྱུགས་འབུམ་ཕྲག་འདྲེན་པ་ལྟར། །དགེ་སྦྱོང་ཀུན་སློང་དཀར་པོས་ནི། །བྱང་ཆུབ་རིན་ཆེན་གླིང་འཇོག་མཛད། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་ཐུབ་པ་ཆེ། །མགོན་པོ་ཡང་དག་རྫོགས་སངས་རྒྱས། །སྣ་ཚོགས་སྣང་བ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཡན་ལག་ཆ་ཤས་ཐམས་ཅད་ལས། །འོད་ཟེར་སྣ་ལྔ་བྱེ་བ་ཕྲག་།དྲུག་ཅུ་དྲུག་ཅུའི་མཐའ་གཞལ་པ། །གྲངས་མེད་དག་ནི་བཀྱེ་བར་མཛད། །ཟིང་ཁམས་གྲངས་མེད་བདུན་གྱི་མཐའ། །ཕྱོགས་བཅུ་མ་ལུས་ཐམས་ཅད་དུ། །འོད་ཀྱིས་གང་ནས་འོད་དེ་ལས། །སྙན་པའི་ཚིགས་བཅད་འདི་སྣང་ངོ ། ། སངས་རྒྱས་དང་ནི་ཆོས་ལ་བརྙས་པ་སྤང ། །ལེ་ལོ་ཆེ་དང་སྤྱོད་པ་མཆོག་འཛིན་སྤངས། །འགྱོད་དང་ཆོས་ལ་མ་ངེས་འགྱོད་པ་སྤང ། །ད་རྒྱལ་ཆེ་དང་འདོད་ཆགས་ 254a ༄#། །སྤྱོད་པ་སྤང ། །འགྲོ་རྣམས་མེད་ན་བྱང་ཆུབ་ལམ་མེད་དེ། །འགྲོ་ལ་བརྟེན་ནས་བྱང་ཆུབ་ཆེ་ཐོབ་འགྱུར། །བྱང་ཆུབ་ཆེ་ལམ་ཐུགས་རྗེ་ཆེན་པོ་སྟེ། །འགྲོ་རྣམས་མེད་ན་གང་ལ་སྐྱེ་བར་འགྱུར། །དེ་སྐད་གྲགས་པའི་དེ་མ་ཐག་།ཕྱོགས་བཅུའི་ཞིང་བཞུགས་སངས་རྒྱས་སྲས། །བརྗོད་ཀྱིས་མི་ལང་གཙོ་བོ་མཆོག་།སྤྱན་རས་གཟིགས་དབང་གྲངས་མེད་གཙོ། །ཐམས་ཅད་འཁོར་དང་བཅས་པ་རྣམས། །མི་མཇེད་ཞིང་འདིར་ལྷགས་པར་གྱུར། །འདི་ནས་ཤར་ཕྱོགས་ཞིང་ཁམས་ནི། །གྲངས་མེད་བདུན་གྱི་མཐའ་ཉིད་ནས། །ཞིང་ཁམས་སེངྒེ་སྤུངས་པར་ནི། །སངས་རྒྱས་སེངྒེ་རོལ་པ་ཡི། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །སྤྱན་རས་གཟིགས་དབང་སེངྒེའི་སྒྲ། །མདོག་དཀར་ཤེལ་གྱི་རི་འདྲ་བ། །བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག་།བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །དངུལ་གྱི་མེ་ཏོག་དུ་མས་གཏོར། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། །འོད་ཟེར་ངོ་མཚར་ལྡན་པ་དང ། །རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་ 254b གཡོས་པར་གྱུར། །འགྲོ་བའི་གཏི་མུག་མུན་པ་བཅོམ། །ཤེས་རབ་མཐའ་ཡས་གསལ་བར་མཛད། །བདག་ཀྱང་སྙིང་པོ་འདི་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་ཧྲཱིཿ ་སིཾ་ཧ་ནཱ་ད་ཧཱུཾ་ཕཊ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །ལྷ་ཡི་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲང་མེད་བདུན་གྱི་མཐའ་ཉིད་ཀྱི། །ཞིང་ཁམས་རིན་ཆེན་བརྩེགས་པ་ན། སངས་རྒྱས་རིན་ཆེན་དཔའ་བཞུགས་པའི། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །སྤྱན་རས་གཟིགས་དབང་ཡིད་བཞིན་གྱི། །ནོར་བུར་འཁོར་ལོས་བསྒྱུར་བ་ཆེ། །གསེར་གྱི་རི་བོ་མདོག་འདྲ་བ། །བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག་།བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །རིན་ཆེན་གསེར་གྱི་མེ་ཏོག་ནི། །རྒྱ་ཆེ་དུ་མ་འཐོར་བར་བྱེད། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། །འོད་ཟེར་ངོ་མཚར་ལྡན་པ་དང ། །རྨད་བྱུང་ཆེ་བའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་གྱུར། །འགྲོ་བའི་སེར་སྣ་ 255a ༄#། །འཆིང་བ་བཅད། །སྦྱིན་པའི་འབྱུང་གནས་གཏེར་ཆེན་རྡོལ། །བདག་ཀྱང་སྙིང་པོ་འདི་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་པདྨ་དྷ་ར་དྷ་ཀེ་ཧཱུཾ་ཕཊ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །ནུབ་ཀྱི་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། །ཞིང་ཁམས་པདྨོ་བརྩེགས་པ་ན། །སངས་རྒྱས་པདྨོའི་འབྱུང་གནས་བཞུགས། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །པདྨ་ནི་རྟེ་ཤཝ་རི་གཙོ། །པདྨ་རཱ་གའི་རི་འདྲ་བ། །བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །གློག་འགྱུར་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །པདྨ་རཱ་གའི་མེ་ཏོག་ནི། །རྒྱ་ཆེ་དུ་མ་འཐོར་བར་མཛད། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། །འོད་ཟེར་ངོ་མཚར་ལྡན་པ་དང ། །རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་འགྱུར། །འགྲོ་བའི་འདོད་ཆགས་འདམ་ 255b རྫབ་བསྐམས། །ཚུལ་ཁྲིམས་བྱུང་སྤོས་ཆར་དུ་ཕབ། །བདག་ཀྱང་སྙིང་པོ་དེ་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་པདྨ་ནི་རྟེ་ཤཝ་ར་ཧྲཱིཿ ་ཧཱུཾ་ཕཊ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །བྱང་གི་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། །ཞིང་ཁམས་རྡོ་རྗེ་བཀོད་པ་ན། །སངས་རྒྱས་རྡོ་རྗེ་ཐོགས་མེད་བཞུགས། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །མགོན་པོ་སྤྱན་རས་གཟིགས་དབང་ནི། །ཐུགས་རྗེ་ཆེན་པོ་མི་གཤོལ་བ། །རིན་ཆེན་མྲྒད་རི་བོ་འདྲ། །བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག་།བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །གློག་འགྱུར་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །མརྒ་ཏ་ཡི་མེ་ཏོག་ནི། །རྒྱ་ཆེ་དུ་མ་འཐོར་པར་མཛད། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། །འོད་ཟེར་ངོ་མཚར་ལྡན་པ་དང ། །རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་གྱུར། །འགྲོ་བའི་ལེ་ལོའི་ནགས་ཚལ་བསྲེགས། །བརྩོན་འགྲུས་བསྐུལ་བའི་མེ་ཕུད་སྦར། །བདག་ 256a ༄#། །ཀྱང་སྙིང་པོ་དེ་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་རཏྣ་ཨ་གྲ་ཨ་པྲ་ཏི་ཧ་ཏ་ཧཱུཾ་ཕཊ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །བྱང་ཤར་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། །ཞིང་ཁམས་གཏེར་ཆེན་བརྩེགས་པ་ན། །སངས་རྒྱས་དོན་ཡོད་འབྱུང་གནས་བཞུགས། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །མགོན་པོ་སྤྱན་རས་གཟིགས་དབང་ནི། །རྗེ་བཙུན་དོན་ཡོད་ཞགས་པ་ཅན། །ཤེལ་གྱི་རི་བོའི་མདོག་འདྲ་བ། །བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག་།བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །རིན་ཆེན་ཤེལ་གྱི་མེ་ཏོག་ནི། །རྒྱ་ཆེ་དུ་མ་འཐོར་བར་བྱེད། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་གྱུར། །འགྲོ་བའི་ཞེ་སྡང་རི་བོ་བཅོམ། ། 256b བཟོད་པའི་ཉི་མ་ལྷང་ངེར་མཛད། །བདག་ཀྱང་སྙིང་པོ་འདི་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་ཧྲཱིཿ ་ཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤེ་ཨ་པྲ་ཏི་ཧ་\?\་ཧ་ཧཱུཾ་ཕཊ་སཝཱཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །ཤར་ལྷོའི་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། །ཞིང་ཁམས་བདུད་རྩི་བརྩེགས་པ་ན། །སངས་རྒྱས་སྨན་གྱི་འབྱུང་གནས་བཞུགས། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །མགོན་པོ་སྤྱན་རས་གཟིགས་དབང་ནི། །རྗེ་བཙུན་ཧ་ལ་ཧ་ལ་ཆེ། །པུ་ཤ་ར་ཀའི་རི་བོ་འདྲ། ། བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག་།བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །པུ་ཤ་ར་ཀའི་མེ་ཏོག་ནི། །རྒྱ་ཆེ་དུ་མ་འཐོར་བར་བྱེད། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང ། །རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་གྱུར། །འགྲོ་བའི་ཕྲག་དོག་དུག་སྡོང་སྦྲུལ། །བསམ་ 257a ༄#། །གཏན་བདུད་རྩི་རྒྱ་མཚོ་རླབས། །བདག་ཀྱང་སྙིང་པོ་དེ་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་ཧ་ལ་ཧ་ལ་ཧྲཱིཿ ་པདྨ་གརྦྷ་ཧཱུཾ་ཕཊ་སཝཱཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །ལྷོ་ནུབ་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲངས་མེད་བདུན་གྱི་མཐའ་ཉིད་ན། །ཞིང་ཁམས་པདྨས་བརྒྱན་པ་ན། །སངས་རྒྱས་པདྨའི་སྙིང་པོ་བཞུགས། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། མགོན་པོ་སྤྱན་རས་གཟིགས་དབང་ནི། །རྗེ་བཙུན་པདྨ་རྒྱས་པའི་ལུང ། །ཟངས་མ་ཞུན་གྱི་རི་བོ་འདྲ། ། བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག་།བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། ། ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །ཟངས་མ་ཞུན་གྱི་མེ་ཏོག་ནི། །རྒྱ་ཆེ་དུ་མ་འཐོར་བར་བྱེད། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། །འོད་ཟེར་ངོ་མཚར་ལྡན་པ་དང ། །རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་གྱུར། །འགྲོ་བ་རྨོངས་པའི་ཐིབས་ 257b བོ་བཅོམ། །སྣ་ཚོགས་ཐབས་ཀྱི་རླུང་ཆེན་འཕྱོ། །བདག་ཀྱང་སྙིང་པོ་དེ་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་པདྨ་ཨ་ལཾ་ཀཱ་ར་ཧཱུཾ་ཕཊ་སཝཱཧཱ། །སྙིང་པོ་དེ་སྐད་ཕུལ་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །ནུབ་བྱང་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲངས་མེད་བདུན་གྱི་མཐའ་ཉིད་ན། །ཞིང་ཁམས་སྟོང་བརྒྱ་ཞེས་བྱ་བར། །སངས་རྒྱས་དམ་ཚིག་དཔལ་བཞུགས་སོ། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །མགོན་པོ་སྤྱན་རས་གཟིགས་དབང་ནི། །རྗེ་བཙུན་རྡོ་རྗེ་ཆོས་དབང་ཕྱུག་།ནོར་བུ་སྤུག་གི་ཁ་དོག་འདྲ། །བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །སྤུག་གི་སྙིང་པོ་མེ་ཏོག་ནི། །རྒྱ་ཆེ་དུ་མ་འཐོར་བར་བྱེད། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། །འོད་ཟེར་ངོ་མཚར་ལྡན་པ་དང ། ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་གྱུར། །འགྲོ་བའི་མནར་སེམས་ཞེན་པ་བསལ། །མཐུ་སྟོབས་ཆེན་པོའི་རྡོ་རྗེས་ 258a ༄#། །བཏབ། །བདག་ཀྱང་སྙིང་པོ་དེ་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་བཛྲ་དྷ་རྨཱ་དྷ་ཏུ་ཧཱུཾ་སཝཱཧཱ། །སྙིང་པོ་དེ་སྐད་ཕུལ་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །སྟེང་གི་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲངས་མེད་བདུན་གྱི་མཐའ་ཉིད་ན། །ཞིང་ཁམས་གཙུག་ཏོར་བརྩེགས་པ་ན། །སངས་རྒྱས་གཙུག་ཏོར་རྒྱལ་པོ་བཞུགས། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །མགོན་པོ་སྤྱན་རས་གཟིགས་དབང་ནི། །ཧ་རི་ཧ་རི་ཧ་རི་ལ། །ཞོན་ཞེས་རབ་ཏུ་གྲགས་པ་ཡི། །རྗེ་བཙུན་ཆོས་ཀྱི་གཙུག་ཏོར་ཏེ།་ྀནྡྲ་ནཱི་ལའི་རི་བོའི་མདོག་།བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག་།བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །ིནྡྲ་ནཱི་ལའི་མེ་ཏོག་ནི། །རྒྱ་ཆེ་དུ་མ་འཐོར་བར་མཛད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། །འོད་ཟེར་ངོ་མཚར་ལྡན་པ་དང ། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་ 258b གྱུར། །འགྲོ་བའི་ལོག་ལྟའི་སྒྲིབ་གཡོགས་སེལ། །དག་པའི་སྨོན་ལམ་འཁོར་ལོ་བསྐོར། །བདག་ཀྱང་སྙིང་པོ་འདི་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲགས་བགྱིད་དོ། །ོཾ་བྷྲུཾ་ཧྲཱིཿ ཧ་ཧཱུཾ་སཝཱཧཱ། སྙིང་པོ་དེ་སྐད་ཕུན་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །འོག་གི་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲངས་མེད་བདུན་གྱི་མཐའ་ཉིད་ན། །ཞིང་ཁམས་ཟ་མ་ཏོག་མཛེས་ན། །སངས་རྒྱས་མནོན་པའི་དཔལ་བཞུགས་སོ། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །མགོན་པོ་སྤྱན་རས་གཟིགས་དབང་ནི། །རྗེ་བཙུན་མགྲིན་པ་སྔོན་པོ་རྒྱལ། །ནད་རྙིལ་གྱི་རི་བོ་འདྲ། ། བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག། །བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །གློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །ནད་རྙིལ་གྱི་མེ་ཏོག་ནི། །རྒྱ་ཆེ་དུ་མ་འཐོར་བར་མཛད། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། །འོད་ཟེར་ངོ་མཚར་ལྡན་པ་དང ། །རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་གྱུར། །འགྲོ་བའི་ཤེས་བྱའི་སྒྲིབ་ནགས་ 259a ༄#། །སེལ། །ཡེ་ཤེས་རལ་གྲིས་རྩ་བ་བྲེགས། །བདག་ཀྱང་སྙིང་པོ་དེ་ཡི་མཐུས། །འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་མ་ཎི་པདྨེ་ཧཱུཾ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང ། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུག་ལགས་ཐལ་མོ་སྦྱར་ནས་བཞུགས། སྤྱན་རས་གཟིགས་དབང་ཚོགས་འདུས་ནས། །རིག་སྔགས་མཐུ་ཆེན་འཆད་པ་དང ། །གཞན་དོན་རྫོགས་པར་མཛད་པ་དེའི། །ཤིན་ཏུ་དགའ་བར་མཛད་པ་ལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀུན། །ཕྱག་རྒྱ་རྣམས་ནི་སྤྱི་བོར་བཞག་།འཛུམ་པའི་མདངས་ཀྱིས་ལེགས་སོ་བྱིན། །ནམ་མཁའ་སྙན་པ་ཡིས་ཀྱང་བཀང ། །དེའི་ཚེ་ཕྱོགས་བཅུར་བཞུགས་པ་ཡི། །ཁྲོ་བོའི་རྒྱལ་པོ་མ་ལུས་རྣམས། །ས་སྟེང་ཐམས་ཅད་གར་གྱིས་བཀང ། །གཡས་བརྐྱང་གཡོན་བརྐྱང་ཟླ་གམ་དང ། །ཟླུམ་པོ་གྲུ་བཞི་གྲུ་གསུམ་འགྲོས། །མཆོད་དང་གྱེད་མཆོད་ཧྲིལ་པོ་དང ། རྡེབ་དང་བཙིར་བའི་ཏུལ་གྱིས་སུ། །བགེགས་རྣམས་སྟབས་ཀྱིས་ཚར་གཅོད་མཛད། །ལག་པ་ཐལ་སྦྱར་ཕྱེད་བཙུམས་བསྐྱེད། །སེར་མོ་གཅིག་སྣོལ་གཅིག་འཁྱུད་དང ། །ཀུན་སྣོལ་ཀུན་འཁྱུད་ཀུན་གདེངས་དང ། །རྒྱབ་ 259b སྣོལ་རེས་འཁྱུད་ཀུན་འཁྱུད་དང ། །མོས་རེས་འཁྱུད་སྒྲེང་ཀུན་སྒྲེང་དང ། །མཉམ་གཞག་དང་ནི་མཆོག་གི་རྒྱ། །ས་གནོན་སྐྱབས་སྦྱིན་མཆོག་སྦྱིན་སོགས། ། ཕྱག་རྒྱ་དུ་མ་བགེགས་སེལ་མཛད། །གཞན་ཡང་འཇིག་རྟེན་སྐྱོང་བའི་ཚོགས། །མ་ལུས་འཁོར་དང་བཅས་པ་རྣམས། །གདོང་བཅུ་གཅིག་པ་ཞེས་བྱ་བ། །སྔ་ན་མེད་པའི་རིག་སྔགས་རྨད། །ངོ་མཚར་བྱུང་ཞེས་ཐོས་མ་ཐག་།ལུས་ཀྱང་ཤིན་ཏུ་འདར་གྱུར་ནས། །རྒྱལ་མཆོག་གཙོ་བོ་དྲུང་ལྷགས་ཏེ། །ཕྱག་འཚལ་ཐལ་མོ་སྦྱར་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །གང་ཞིག་གདོང་བཅུ་གཅིག་པ་ཡི། །རིག་སྔགས་ལེན་ཅིང་འཛིན་པ་དང ། །རྒྱུན་དུ་འདོན་དང ། ཡིད་ལ་བྱེད། །འཇིག་རྟེན་མགོན་པོ་སྤྱན་རས་གཟིགས། །དཀྱིལ་འཁོར་ཆེན་པོའི་ཚོགས་འདི་རྣམས། །གང་གི་ཡིད་ལ་བྱེད་པའམ། །ཡང་ན་ཇི་ཙམ་དྲན་ཡང་རུང ། །དགེ་ལྡན་རིགས་ཀྱི་བུ་དེ་ནི། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྲས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཤེས། །རིག་པའི་ལྷ་མོ་རྣམས་ཀྱི་ཡབ། །བྱིས་པ་རྣམས་ཀྱི་གཉེན་ཡིན་ཏེ། །བདག་ཅག་རྣམས་ནི་དེ་ཡི་འབངས། །སྐྱེས་བུ་ཁྱུ་མཆོག་ཆེན་པོ་སྟེ། །བསོད་ནམས་རྣམས་ཀྱི་གཏེར་ལྡན་ཞིང ། ། 260a ༄#། །དེ་ཡི་ཚུལ་ཁྲིམས་རལ་བ་མེད། །མི་དེ་སྐྱེ་བ་དོན་ཡོད་དེ། །ལྟ་གནས་དགའ་གནས་སྤུ་གསེབ་ཏུ། །ཡེ་ཤེས་འོད་ཟེར་བདུད་རྩི་འཛུད། །འཇིག་རྟེན་འདི་ཡི་ནད་རིགས་དང ། །གདོན་རིགས་ཇི་སྙེད་ཡོད་པའམ། །རིག་སྔགས་བྱད་སྟེམས་མ་ལུས་པས། །དེ་ལ་ཚུགས་པར་མི་འགྱུར་རོ། །ཆོ་ག་བཞིན་དུ་སྤྱད་པ་ཡིས། །ཚངས་པའི་ཚེ་ཚད་གནས་ནས་ཀྱང ། །ཤི་བ་སེམས་བརྒྱལ་མེད་པར་ནི། །གནས་འཕོ་ཚུལ་གྱིས་མཐོ་རིས་འཇུག། རྒྱལ་བའི་ཞིང་དུ་གཤེགས་ནས་ཀྱང ། །རྒྱལ་བ་རྣམས་ལ་ཆོས་ཉན་ཅིང ། །རྒྱལ་སྲས་རྣམས་དང་སྟབས་ཅིག་ཏུ། །སྟོབས་དང་མི་འཇིགས་ཀུན་བརྙེས་ཏེ། །མཚན་དང་དཔེ་བྱད་ལྡན་གྱུར་ནས། །སྐད་ཅིག་གློག་འགྱུ་ཇི་བཞིན་དུ། །འགྲོ་བ་མ་ལུས་དག་བྱེད་ཅིང ། །ཞིང་རྣམས་མ་ལུས་དག་པར་བྱེད། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། །ལྷ་བྱུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལག་ན་རྡོ་རྗེ་འཛིན། །བཞེངས་ཏེ་ཐལ་སྦྱར་ཐུབ་པ་ལ། །ཕྱག་འཚལ་ཕྱོགས་སུ་འཁོད་ནས་ནི། །གསང་བ་བསྟོད་ནས་ཚིག་འདི་གསོལ། །ཕྱོགས་བཅུར་བཞུགས་ 260b བའི་རྒྱལ་དབང་པོ། །མགོན་པོ་སྤྱན་རས་གཟིགས་དབང་ཀུན། །རང་རང་གནས་ནས་གཤེགས་ནས་བྱོན། །འགྲོ་བ་ཐུགས་བརྩེ་ཆེན་པོ་ཡིས། །སྙིང་པོ་བྱིན་རླབས་ལྡན་ལ་གསོལ། །རྨད་དུ་བྱུང་བའི་སྙིང་པོ་ལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང ། །རིག་པ་འཛིན་རྣམས་མཐུན་པར་དགྱེས། །འོན་ཀྱང་འགྲོ་མང་གཟུང་བ་དང ། །དངོས་གྲུབ་ཐམས་ཅད་མྱུར་བ་དང ། སྙིང་པོ་མཐུ་དང་ལྡན་པའི་ཕྱིར། །མགོན་པོ་ཐུགས་རྗེ་ཆེ་རྣམས་ཀྱིས། །བྱིན་རླབས་ལྡན་པ་རྩ་བའི་སྔགས། །འདྲེན་པ་དེ་རིང་བཤད་དུ་གསོལ། །རིག་སྔགས་ཉི་མ་ཟླ་བའི་འོད། །རྩ་བའི་སྔགས་ཀྱིས་སྤྲིན་བྲལ་བྱེད། །འགྲོ་བ་ཐུགས་བརྩེ་མཛད་པ་དང ། །བདག་ལ་ཕན་པའི་དོན་སླད་དུ། །རྒྱལ་བ་མྱ་ངན་ཀུན་བྲལ་བས། །རྩ་བའི་གཟུངས་སྔགས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེས། །སྡིག་ཀུན་མྱུར་སྒྲོལ་བྱ་བ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་གསུང་ཐུགས་ཀྱི་ཐུགས་རྗེ་ལས། །སྤྱན་རས་གཟིགས་དབང་སེངྒེའི་སྒྲའི། །རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡ་ཡ། །ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། །བོ་དྷི་སཏྭཱ་ཡ། །མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། །ཏདྱ་ཐཱ། ཨོ་ཨ་ཀ་ཊེ། བི་ཀ་ཊ ། ནི་ཀ་ཊེ། ཊི་ཀ་ཊེ། ཀ་ཊཾ་ཀ་ཊེ་ 261a ༄#། །ཀ་རོ་ཊེ། བཱིརྱ་སཝཱ་ཧཱ། ཡོན་ཏན་ཡེ་ཤེས་ཚོགས་རྣམས་ཀུན། །རིག་སྔགས་འདིས་ནི་ངེས་པར་སྐྱེད། །ཁྱད་པར་དུ་ནི་མཛེ་ནད་ལ། །རྩཝ་ལས་བྱུང་བའི་མེ་བཞིན་ནོ། །རྟོག་ལྡན་རྣམ་ཤེས་བརྒྱད་ཀྱི་གཞི། །སྦྱོར་ཕྱིར་མཎྜལ་ལྷམ་པ་བརྒྱད། །བསེར་སྐྱ་ཡི་བདུད་རྩིས་བྱུགས། །ཡན་ལག་བཅུ་གཉིས་མགོར་བཅས་པའི། །སྔགས་གྲངས་བྱིན་གྱིས་བརླབས་བྱུགས་ནས། །ལྷག་མ་ཡན་ལག་ཐིག་ལེར་བྱ། །ཅུང་ཟད་ལྕེ་ལ་མྱང་བས་ནི། །དུས་དུས་སུམ་བརྒྱ་དྲུག་ཅུའི་ཚད། །ཉི་མ་གྲངས་ཀྱིས་དག་ནས་ནི། །ལོ་གཅིག་དུས་སུ་རྟོགས་ལྡན་འགྱུར། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །དཔལ་སྐྱེད་འཚེ་བཟློག་པ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །མགོན་པོ་ཡིད་བཞིན་འཁོར་ལོ་ཡི། །རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝཱ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སྟྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙཀྲ་ཝརྟི་པདྨ་ཙིནྟ་མ་ཎི་ཛྭ་ལ་མ་ཧཱ་པདྨེ་རུ་རུ་ཏིཥྛ་ཛྭ་ལ་ཨཱ་ཀཪྵ་ཡ་ཧྲཱིཿ ་ཧཱུཾ་ཕཊ་སཝཱ་ཧཱ། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །གློ་བུར་གནོད་པ་བསལ་བའི་ཕྱིར། །བདུན་ཕྲག་སྔགས་ 261b གྲངས་དང་མཉམ་པའི། །ཉུངས་ཀར་སེར་པོ་བརྒྱ་རྩ་བརྒྱད། །རང་གི་ལུས་སམ་ཡན་ལག་ལ། །མཆོད་དང་བཅས་པས་གདགས་པར་བྱ། །དེ་ལ་ཡང་ཡང་གསོལ་པ་གདབ། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །ཁམས་གསུམ་དབང་དུ་བྱ་བ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །མགོན་པོ་པདྨ་གར་དབང་གི་།རྩ་བའི་གསང་སྔགས་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝཱ་རཱ་ཡཱ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎྀ་ཀཱ་ཡ། ཏདྱ་ཐཱ། སརྦ་སཏྭ་བཱ་ས་ནཱ་གཱ་པ་དྷི་ནི། ན་མཿ ་སརྦ་སཏྭཱ་བི་སི་ན། ཨཱ་ཧ་ར་ཎི། ན་མཿ ་སརྦ་སཏྭ་བ་ཡོ་དྷ་ར་ཎཱ་ཡ། ན་མཿ ་སྟམྦྷ་པ་ཤ་མ་ནཱ་ཡ། ན་མཿ ་སརྦ་སཏྭ་བོ་དྷཱི་ཙིཏྟ་ཀི་ཀ་ཏི་ས་མ་ཀ་རཱ་ཡ་ན་མཿ ་སརྦ་སཏྭ་བནྡྷ་ན་ཙྪེ་ད་ན་ཀ་རཱ་ཡ། ན་མཿ ་སརྦ་སཏྭ་དུཿ ་ཁ་བི་མོཀྵ་ཎ་ཀ་རཱ་ཡ། ན་མཿ ་སརྦ་ཨནྡྷ་ཀ་རཱ་བི་དྷ་ནཱ་ ་ཀ་ར། ན་མཿ ་སརྦ་བིདྱ་དྷ་ར་རཱ་ཛ་པྲ་ཤ་པྲ་ཏ་ཡེ་མ་ཧཱ་ཡོ་ག་ཡོ་གཱི་ཤཝ་རའ་ཡ། ཧ་ས་ཧ་སྱ་ནཱ་ཡ། ན་མསྐྲི་ཏྭ་ཨི་དཾ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་ར་མུ་ཁོད་གཱིརྞ་རི་ཤི་བི་བི་ར་དཱ་ར་ནཱ་ད། ཡཀྵ། རཀྵ་ས། ཤཱཀྱ་བྲཧྨ་ལོ་ཀ་པཱ་ལ་ཡ། བིཥྞུ་མ་ཧེ་ཤཝ་ར། ནཱ་ར་ཡ་ཎ་སྐནད་ཀུ་བེ་ར། ཨ་སུ་རེནྡྲ། མཱ་ཏྲི་ག་ཎ། ན་མྀསྐྲ་ཏ་ཏྲ། བཛྲ་ཁུ་ཎ་ས་ཧྲྀ་ད་ཡ། ཧ་ཡ་གྲཱི་བ་ན་ 262a ༄#། །མ་ཡ། མ་ཧི་ད་ཡ། ནཱ་ཝརྟི་ཥྱཱ་མི་ཨ་པ་པྲ་མེ་ཡོཏ་སཱ་ད་ཀཾ་ཨ་པ་ཧཾ། སརྦ་བི་ནཱ་ཡ་ཀཾ་ཨ་མོ་གྷཾ། སརྦ་ཀརྨཱ་བྷི་ཥི་ཉྩ། བི་ནཱ་ཡ་ཀཾ། ཏདྱ་ཐཱ།་ཨོཾ་ཏ་རུ་ལ། ཏ་ནུ་ཏ་ལ། བི་ཏ་རུ་ལ། སརྦ་བི་ཥ་ཀ་ཀ་།སརྦ་བུདྡྷ་བི་ད་ནི། པྲ་ཛཱ་ཏི་པ་ཏ། ཨ་ན་ལ་བི་སྥུ་ལི་ཀ་།ཊྚ་ཧཱ་ས་ཀེ་ཤཝ་རཱ་ཡ། ་ཏོ་བ་པྲ་བི་ཏ་ཡ།་བཛྲ་ཁུ་ར་ནིརྒྒ་ཏི་ཏ། ཙ་ལིཏ་པྲ་པུ་ད་ཏ་ལ། བྫོད་ཤཱནྟི་ཏ་ཏི། སི་ཏ་མ་དུ་ཏོ་ག་ཏ་པྲ་ན་མ་ཎ་བ་ཀཱ་ར་བ་ར་དུཥྚཾ་བིདྱ་ཀ་མ་ག་ས་བྷཀྵ་ན་ཀ་ར། སརྦ་བིདྱ་བ་ཏྭ་ཧེ་ཤཱ་ཀཱ་ར། པ་ར་མ་ཤཱནྟི་ཀ་ར། བུདྡྷ་བོ་དྷཱི་ཡེ་མ་ཏི། བྷ་ག་ཝན་ཧ་ཡ་གྲཱི་བ་སརྦ་བཱིདྱ་ཧྲྀ་ད་ཡ་མཱ་བརྟི་ཥའྱ་མི། ཁ་དྲ་ཁ་དྲ། མ་ཧཱ་རོ་དྲ། མནྟཾ་ན། རཀྵ་རཀྵ།་ཨཱཏྨ་སཝསྟི་ཏཾ་མནྟྲཾ་སིདྡྷ་སཱ་དྷ། སརྦ་ཀརྨཱ་སུ་མེ། སིདྡྷི་སིདྡྷེ། དེ་ཧི་དེ་ཧི། ཨཱ་བེ་ཤ་ཨཱ་བེ་ཤ་།པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། སརྦ་གྲ་ཧེ་ཥུ་ཨ་པྲ་ཏི་ཧ་ཏ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། སརྦ་པ་རཱཀྲ་མ་ཀྲྀ་ཏཱ་ནྟཱ་གྲ། ཀ་ཁོ་རྔ་དུར་ལཾ་གི་ཏ་ཧི། མ་ཤི་ཀ་།བི་ཥ་ཀ་ཏ། སཱ་ཤ་དཾཥྚ། བི་ཥ་ཙུརྞ་ཡོ་ག་ཨ་བྷི་ཙ་ར། བ་ཤཱི་ཀ་ར་ཎ། སཱ་དྷ་ཨཉྫ་ན། ཙ་ཀུ་མོ་ཧ་ན་ཙིནྟ། པིཾ་ཤེས་ན་ཀཱ་ན་ནིརྱ་ཨ་པ་ར་བྲི་ཥ་ཀ་ར་ཎ། ཏྲཱ་ས་ཡ་ཏྲཱ་ས་ཡ། མ་ཧཱ་བོ་དྷི་སཏྭཱ། 262b རིནྡྷ་ད་ཤ་ནཾ། སརྦ་བྷེ་བྷཿ ་སརྦ་སཏྭ་ནཱཾ། རཀྵ་རཀྵ། མཱ་མ་ནུ་ཏྭ་དྷརྨྨ་སཾ་གྷ་ཨ་ནུ་ཛྙཱ་ཏཾ་མེ་ཀརྨ་ཤཱི་གྷྲཾ། ཀུ་རུ་ཀུ་རུ་ཕཊ། ཧ་ཡ་གྲི་བ་ཕཊ། བཛྲ་དཾཥྚོ་ཏ་ཀ་ཊ་བྷ་ར་བ་པ་ར་ས་ནཱ་ཕཊ། ཡེ་ཀ་ཙ་ཏེ་མཱ་མ་ཨ་ཧི་ད་ཤི་གོ་བ་ཀཱ་ཡ་ཏྲ་མིནྟོ། །མཾ་ཏྲ་ཡཾ་ཏྲ་ས་མནྟི། ཛ་ཡ་རི་ཛུ་ཧཾ་ཏི། ཀ་ཁོརད་ཀུརྦཾ་དི་ནཾ། སརྦ་ཛ་མུ་ཁིནྡྲ་པྲ་ཏཾ་ཏཱ་ཡ་ཕཊ། ན་མཿ ་སརྦ་དུཥྚ་ག་ཧོ་ཏ་སཱ་ད་ནཱ་ཡ་ཧ་ཡ་གྲི་བ་སིདྡྷྱནྟུ་མེ་མནྟྲ་པ་དཱ་ནི་སྭའྷཱ། ཨོཾ་ཨ་མྲྀ་ཏེཏྦྷ་བཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ན་མཿ ་སརྦ་སཏྭཱ་ཤྩ་སིདྷྱིནྟུ་མེ་མནྟྲ་པ་དཱ་ནི་སཝཱ་ཧཱ། གང་ཞིག་ཀླུས་ནོན་སྤྱི་ལ་ནི། །དུང་གི་མེ་ཏོག་སྔགས་སྟོང་གིས། །བྱིན་གྱིས་བརླབས་ནས་གུ་གུལ་བདུག་།ལུས་ལ་ཐོགས་ན་ལེགས་པར་འགྱུར། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །ཐོགས་མེད་སེམས་དཔའ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །མགོན་པོ་ཐུགས་རྗེ་མི་གཤོད་པའི། །རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ།་ན་མཿ ་སརྦ་བྷཱི་མ་ཙ་ཀ་རཾ། སརྦ་རོ་ག་པྲ་ཤ་མ་ན་ཀཾ་ར། སརྦ་བྱཱ་དྷི་ན་བྷ་ར་ཀ་རཾ། ཨཥྚ་ཀྵ་ཎི་བི་སཏྭེ་བྷྱཿ ། ཏཱ་རཱ་སམྱཀྶཾ་ཏཱ་རཱ་ཎཾ་ད་ཤ་དི་ཀ་བོ་དྷི་སཏྭེ་བྷྱཿ ། ན་ 263a ༄#། །མཿ ་སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། ཨ་ཧེ་ན་མསྟྲི་ད་ཨཱརྱཱ་བ་ལོ་ཏེ་ཤཝ་ར་ཤུདྡྷ་ར་ཎི་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་གྲ་བི་ཤྱ་ཏི། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་གྲ་ནཱ་མ་ཛྭ་ལ་ས་ཏི་ཀཱ་ར། མ་ཧཱ་ཀ་རུ་ཎི་བྱུ་བ་ས་མ་ཏ་ཧ་རཾ་ཏུ། ཏདྱ་ཐཱ། ཨོཾ་ཛ་ཊ་ཛ་ཊ། ཛི་ཊི་ཛི་ཊི། ཛུ་ཊུ་ཛུ་ཊུ། ར་ར་ར་ར། རི་རི་རི་རི། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦ་ཏ་ཐཱ་ག་ཏ། མ་ཧཱ་སཾ་གྲ་ཧ། ཨ་ནུ་ཧ་རནྟུ། ཨཻ་ཧྱཻ་ས་དྷ་ཡ། ཨེ་ཧྱེ་ཧི། ཙ་ཏ་ཙ་ཏ། ཙི་ཏི་ཙི་ཏི། ཙུ་ཏུ་ཙུ་ཙུ། སརྦ་བོ་དྷི་སཏྭ། པྲ་ཎི་དྷ་ན་གྲིཧྣ། ཀཱ་ར་ཨ་ནུ་སནྡྷ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སཾ་བྷུ་བ་ཨེ་ཧྱེ་ཧི། ར་ལ་ར་ལ། རུ་ལུ་རུ་ལུ། དྷྱ་ན་བི་མོཀྵ་ས་མཱ་དྷི། ས་མ་བ་ཏཱི་བྷི་ཤྩ་ར་ཨ་དྷི་ཏིཥྛ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། བོ་དྷི་བོ་དྷི། ཨེ་ཧྱེ་ཧི། བུདྡྷོ་བུདྡྷོ། བུདྡྷ་ས་ཏྱེ་ན། དྷརྨ་ས་ཏྱེ་ན། སཾ་གྷ་ས་ཏྱེ་ན། ཨོཾ་ཊེ་སྠཱ་ཊེ་སྠཱ། སརྦ་མ་ཧཱ་མཻ་ཏྲི་བྷུ་ཏཱ་ན་པ་རནྟུ་མ་ཧཱ་ཀ་རུ་ཎ་མེ་གྷཾ་མཱ་མ་སརྦ་ར་ག་ནི་བ་ར་ཡནྟུ། བུ་ན་བུ་ན། བི་བུ་ན། བི་བུ་ན། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཨོཾ་ཊ་སྠོ་ཊ་སྠོ། ཨེ་ཧྱེ་ཧི། ཨེ་ཧྱེ་ཧི།་མཱ་མ་སརྦ་ཤ་བུ་ཡཾ་ཏུ། ཀརྨ་བི་ཤོ་དྷཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་ཧཱ་པདྨ་ནཱ་དཱ་ཡ། པདྨ་ཨ་པཱ་ཡ་སཝཱ་ཧཱ། ཤཝེ་ཏ་ཨཱ་ཛཱ་ཨུ་པ་བི་དྷཱ་ཡ་སཝཱ་ཧཱ། ཀ་རུ་རི་ཎི་སཝཱ་ཧཱ། 263b ཤུ་བྷ་ཛྙཱ་སཝཱ་ཧཱ། ཙ་ཀྲ་ཎཱཾ་སཝཱ་ཧཱ། ཡ་མེ་ཡེ་སཝཱ་ཧཱ། ཨོཾ་ད་ཙེ་བི་བུདྡྷེ་བྷྱཿ ་སཝཱ་ཧཱ། སཾ་སྦ་ཚེ་བྷྱོ་བུདྡྷེ་བྷྱཿ ་སཝཱ་ཧཱ། ཨ་དུ་པ་དུ་ཀེ་བྷྱོ་བྱཱ་དྷི་དེ་བི་དེ་ཀེ་བྷྱོ་བྱཱ་དྷི་བྷྱཿ ་སཝཱཧའ། བཻ་དྷ་དེ་བི་དེ་ཀེ་བྷྱོ་བྱཱ་དྷི་བྷྱཿ ་སཝཱཧའ། བཻ་དྷ་དེ་མི་ཨཾ་ཏི་ར་ཀི་ཤ་ཙ་རི་བྷྱོ་བྱཱ་དྷི་བྷྱཿ ་སཝཱ་ཧཱ། ཏདྱ་ཐཱ། \ུ0f37མ་ཏྲ་ཊ་ཏྲ་ཊ། ཏྲི་ཏི་ཏྲི་ཏི། ཏྲུ་ཏུ་ཏྲུ་ཏུ། ན་མཱ་མ་སརྦ་བྷ་ཡེ་བྷྱཿ ། སརྦ་ཨུ་པ་དྲ་བེ་བྷྱཿ ། རཀྵ་རཀྵ་ཀུ་རུ་སཝཱ་ཧཱ། གྲ་ས་གྲ་ས་སཝཱ་ཧཱ། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨཱ་ཛྙཱ་པ་ཡ་ཏི་སཝཱ་ཧཱ། །ཤངྐ་རི་ཡི་ས་བོན་ལས། །སྟོང་དུ་བཟླས་ནས་དྲི་ཆུ་དང ། །ལྷན་ཅིག་སྐྲངས་ལ་བྱུགས་པས་ནི། །ལྷོག་ནད་དྲག་པོ་འཇོམས་པར་བྱེད། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །རིག་སྔགས་རྦོད་གཏོང་གཞོམ་པ་ཡི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །མགོན་པོ་དོན་ཡོད་ཞགས་པ་ཡི། །རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མ་སྟྲཻ་ཡ་དྷ་ཨ་ནུ་ག་ཏ་པྲ་ཏིཥྛི་ཏེ་བྷྱཿ ། སརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ ། ན་མཿ ་པྲ་ཏྱེ་ཀ་བུདྡྷ་ཨཱརྱ་ཤ་བ་ཀ་སཾ་གྷེ་བྷྱོཿ ། ཨ་ཏཱི་ཏ་ཨ་ནཱ་ག་ཏ་པྲ་དྱུད་བནྣེ་བྷྱོཿ ། ན་མཿ ་སམྱཀྶཾ་ག་ཏ་ནཱཾ། ན་མཿ ་སམྱཀྶཾ་པྲ་ཏི་པནྣཱ་ནཱཾ། ན་མཿ ་ 264a ༄#། །ཤཱ་ར་དྭཱ་ཏཱི་བུ་ཏྲཱ་ཡ་མ་ཧཱ་མ་ཏ་ཡེ། ན་མཿ ་ཨཱརྱ་མཻ་ཏྲི་ཡ་པྲ་མུ་ཁེ་བྷྱོ་མ་ཧཱ་བོ་དྷི་སཏྭ་སཾ་གྷེ་བྷྱཿ ། ན་མཿ ་སུ་པྲ་ཏིཥྛི་ཏ་ཤཻ་ལེནྡྲ་རཱ་ཛ་པྲ་མུ་ཁེ་བྷྱཿ ། སརྦ་ཏ་ཐཱ་ག་ཏེ་བྷྱཿ ། ཨརྷ་ད་བྷྱཿ ། སམྱཀྶཾ་བུདྡྷེ་བྷྱོཿ ་བྷ་ག་བ་ད་བྷྱཿ ། ན་མཿ ་སུ་བརྞྞ་བརྞྞ་སུ་པྲ་ཏི་བྷཱ་སེ་བི་ནརྟེ་ཤཝ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་སིཾ་ཧ་བི་ཀྲི་ཌི་ཏ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མ་ཨཱརྱ་ཨ་མི་ཏཱ་བྷཱ་ཡ། ན་མཿ ་སུ་པྲ་ཏིཥྛི་ཏ་མ་ཎི་ཀཱ་ཊ་རཱ་ཛཱ་ཡ་ཏ་ཐྗཱ་ག་ཏཱ་ཡ། ན་མཿ ་ས་མནྟ་ར་སྨྱུད་ག་ཏ་ཤྲཱི་ཀཱུ་ཊ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་པཱ་ཤྱི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཤི་ཁི་ནི་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཤཝ་བྷུ་ཛེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཀྲ་ཀུཙྪན་དྲ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཀ་ན་ཀ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཀཱ་ཤྱ་པཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སཝཱ་ཧཱ། ཨོཾ་ས་མེ་ས་མེ་མ་ཧཱ་ས་མེ་རཀྵ་རཀྵ་མཾ་སརྦ་སཏྭ་ཤྩ་སརྦ་པཱ་པཾ་པྲ་ཤ་མ་ནེ་སཝཱ་ཧཱ། ན་མཿ ་སུ་པ་རི་ཀཱིརྟི་ཏ་ནཱ་མ་དྷ་ཡཱ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ས་མནྟ་ཨ་ཝ་བྷཱ་ས་བི་ཛི་ཏ་སཾ་གྲཱ་མ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཨིནྡྲ་ཀ་ཏུ་དྷཱ་ཛཱ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མོ་རཏྣ་པྲ་བྷཱ་སེ་ཤཝ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ། ན་མོ་ཨ་པྲ་ 264b ཏི་ཧ་ཏ་བྷེ་ཥ་ཛྙཱ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཀྲནྟ་གཱ་མི་ན་ཏ་ཐཱ་ག་ཏཱ་ཡ། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿ ་སཾ་གྷཱ་ཡ། ན་མོ་ཨི་ཏཱ་ཏ་ཨ་ནཱ་ག་ཏཱ་པྲ་ཏྱུ་བནྣེ་བྷྱཿ ། སརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱ། བྷ་བག་བ་ད་བྷྱཿ ། ཏདྱ་ཐཱ། སྨྲྀ་ཏེ་བརྡྷ་ནི། མ་ཏི་བརྡྷ་ནི། ག་ཏི་བརྡྷ་ནི། དྷྲི་ཏེ་བརྡྷ་ནི། པྲ་ཛྙཱ་བརྡྷ་ནི། པྲ་ཏི་བྷཱ་ན་བདྷ་ནི། དྷྱ་ན་བརྡྷ་ནི། ས་མརྠྱ་བརྡྷ་ནི།་བི་བ་ཤྱ་ནཱ་བརྡྷ་ནི། སརྦ་བོ་དྷི་བཀྵ་དྷརྨ་བརྡྷ་ནི། ས་ཀ་ལ་བུདྡྷ་དྷརྨ་བ་རི་པཱུ་ར་ཎཱི་ཡེ་སཝཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ།་མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠཱ་མ་པྲཔྟཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨེ་བྷྱོ་ན་མསྐྲི་ཏྭཱ་ཨི་དཾ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤཝ་ར་མུ་ཁོད་གཱིརྞྞ་ཨ་མོ་གྷ་པཱ་ཤ་རཱ་ཛཱ་ནཱ་མ་ཧྲི་ད་ཡཾ་ཏ་ཐཱ་ག་ཏཱ་སཾ་མུ་ཁཾ་བྷཱ་ཥི་ཏཾ་མ་ཧ་ཏ་བཪྵ་མ་དྷེ་ཨ་ཧ་མ་དཱ་ནཱི་མ་བརྟ་ཡི་ཥྱ་མི་སིདྷྱནྟུ་མེ་མནྟྲ་བ་དཱཿ ་སརྦ་ཀཱ་རྱཱ་ཎཱི།་སརྦ་བྷ་ཡེ་བྷྱོ་མ་མ་སརྦ་སཏྭཱ་ནཱཉྩ་རཀྵ་བྷ་བ་ཏུ། ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་རུ། མ་ཧཱ་ཀཱ་རུ་ཎི་ཀ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ཙུ་རུ། ཙི་རི་ཙི་རི། བི་རི་བི་རི། མི་རི་མི་རི། མ་ཧཱ་པདྨ་ཧ་སྟ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། 265a ༄#། །མ་ཧཱ་ཤུདྡྷ་སཏྭཱ། བུདྡྷྱ་བུདྷྱ། བོ་དྷ་བོ་དྷ། བི་དྷི་བི་དྷི། བོ་དྷ་ཡ་བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུདྡྷ་སཏྭ། ཀ་ར་ཀ་ར།་ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠ་མ་པྲཱཔྟ། ཙ་ལ་ཙ་ལ། སཉྩ་ལ་སཉྩ་ལ། པི་ཙ་ལ་པི་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། ཨེཊྚ་ཨེཊྚ། བྷ་ར་བྷ་ར། བི་རི་བི་རི།་བྷུ་རུ་བྷུ་རུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ། མ་ཧཱ་པ་ཤུ་པ་ཏི་ཡེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། པ་ར་པ་ར། བ་ར་བ་ར། མ་ར་མ་ར། ལ་ར་ལ་ར་ལ། ཧ་ར་ཧ་ར། ཧ་ཧ་ཧཱི་ཧཱི་ཧཱུ་ཧཱུ། ཨོཾ་ཀཱ་ར་པྲཧྨ་བེ་ཥ་དྷ་ར། དྷ་དྷ་ར་ཧ། དྷི་རི་དྷི་རི། དྷུ་རུ་དྷུ་རུ།་ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། ན་ར་ན་ར། བ་ར་བ་ར། ཧ་ར་ཧ་ར། རསྨི་ཤ་ཏ་ས་ཧ་སྲ་ཏི་མཎྜི་ཏ་ཤ་རཱི་ར། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷཱ་ས་བྷཱ་ས། བྷྲ་མ་བྷྲ་མ། བྷ་ག་ཝཱ་ན་སོ་མ། ཨཱ་དི་ཏྱ། ཡ་མ། བ་རུ་ཎ། ཀུ་བེ་ར། བྲཧྨནྡྲ། བཱ་ཡུ། ཨགྣི། དྷ་ན་ད། དེ་བ་རི་ཥི་ག་ཎ་ཨ་བྷརྩི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷུ་རུ་གྷུ་རུ། ས་ན་ཏ་ཀུ་མཱ་ར། རུ་དྲཝ། བཱ་ས་བ། བིཥྞུ། དྷ་ན་ད། བཱ་ཡུ། ཨགྣི། རི་ཥི། ནཱ་ཡ་ཀ་།བི་ནཱ་ཡ་ཀ། བ་ཧུ་བི་བི་དྷ་བེ་ཥ་དྷ་ར། 265b དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། ས་ར་ས་ར། བ་ར་བ་ར། བ་ར་དཱ་ཡ་ཀ་།ས་མནྟ་ཨ་བ་ལོ་ཀི་ཏ། བི་ལོ་ཀི་ཏ། ལོ་ཀེ་ཤཝ་ར། མ་ཧེ་ཤཝ་ར། ཏྲི་བྷུ་བ་ན་ཤཝ་ར། སརྦ་གུ་ཎ་ས་མ་ཨ་ལཾ་ཀྲྀ་ཏ། ཨ་བ་ལོ་ཀི་ཏེ་ཤཝ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ།་མུཉྩ་མུཉྩ། རཀྵ་རཀྵ་མཱཾ་སརྦ་སཏྭཾ་ཤྩ། སརྦ་བྷ་ཡེ་བྷྱཿ ། སརྦོ་བ་དྲ་བེ་བྷྱཿ ། སརྦོ་བ་དྲ་བེ་བྷྱཿ ། སརྦོ་པ་སརྒེ་བྷྱཿ ། སརྦ་གྲ་ཧེ་བྷྱཿ ། སརྦ་བྷཱ་དྷི་བྷྱཿ ། སརྦ་བེ་ཥ་བྷྱཿ ། སརྦ་ཛྙཱ་རེ་བྷྱཿ ། ཨེ་བཾ། བཾ་དྷ་བཾ་དྷ་ན། ཏ་ཌ་ན། ཏ་རྫ་ན། རཱ་ཛ་ཏ་སྐ་ར། ཨགྣི། ཨུ་ད་ཀ་།བི་ཥ། ཤསྟྲ་པ་རི་མོ་ཙ་ཀ་།ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨནྡྲི་ཡ། བ་ལ་བོ་དྷྱཾ་ག་།ཙ་ཏུ་ར་ཨཱརྱ་ས་ཏྱེ་སཾ་པྲ་ཀཱ་ཤ་ཀ་།ཏ་པ་ཏ་པ། ཏ་མ་ཏ་མ། ད་མ་ད་མ། ས་མ་ས་མ། མ་ས་མ་ས། དྷ་མ་དྷ་མ།་མ་ཧཱ་ཀཱ་རུ་ཎི་ཀ་།མ་ཧཱ་ཏ་མོ་ཨནྡྷ་ཀཱ་ར་བི་དྷ་མ་ན། ཥ་ཊ་པཱ་ར་མི་ཏ་པ་རི་པཱུ་ར་ཀ་།མ་ལ་མ་ལ། མི་ལི་མི་ལི། མུ་ལུ་མུ་ལུ། ཊ་ཊ་ཊ་ཊ། ཋ་ཋ་ཋ་ཋ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཋི་ཋི་ཋི་ཋི། ཋུ་ཋུ་ཋུ་ཋུ། ཨེ་ནེ་ཡ་ཙརྨྨ་ཀྲྀ་ཏ་པ་རི་ཀ་ར། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་།ི་ཤཝ་ར། མ་ཧེ་ཤཝ་ར། མ་ཧཱ་བྷཱུ་ཏ་ག་ཎ་བྷཉྫ་ཀ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ 266a ༄#། །ཀུ་རུ།་པ་ར་པ་ར། ཧ་ར་ཧ་ར། བ་ར་བ་ར། ས་ར་ས་ར། ཀ་ར་ཀ་ར། ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊི། ཀུ་ཊུ་ཀུ་ཊུ། མ་ཊ་མ་ཊ། མ་ཧཱ་བི་ཤུདྡྷ་བེ་ཥ་ཡ་ན་བཱ་སི་ན། མ་ཧཱ་ཀཱ་རུ་ཎི་ཀ་ཤཝེ་ཏ་ཡ་ཛྙོ་བ་བཱི་ཏ། རཏྣ་མུ་ཀུ་ཊ། མ་ལཱ་དྷ་ར། སརྦ་ཛྙཱ་སི་ར་སི་ཀྲྀ་ཏ་ཛ་ཊཱ་མ་ཀུ་ཊ། མ་ཧཱ་ཨདྦྷུ་ཏ། ཀ་མ་ལ་ཨ་ལཾ་ཀྲྀ་ཏ་ཀེ་ར་ཏ་ལ། དྷྱ་ན་ས་མཱ་དྷི། བི་མོ་ཀྵ་ཨ་པྲ་ཀམྤྱ། བ་ཧུ་ས་ཏྭ་མནྟ་ཏི་པ་རི་པཱ་ཙ་ཀ་།མ་ཧཱ་ཀཱ་རུ་ཎི་ཀ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཀ་།སརྦ་ཛྙཱ་ཛྙཱ་ན་པ་རི་པཱུ་ར་ཀ་།སརྦ་བྱཱ་དྷི་པ་རི་མོ་ཙ་ཀ་།སརྦ་ས་ཏྭ་ཨཱ་ཤཱ་པ་རི་པཱུ་ར་ཀ་།སརྦ་ས་ཏྭ་མཱ་ཤྲཱ་ས་ན་ཀ་ར་ན་མོསྟུ་ཏེ་སཝཱ་ཧཱ། ཨ་མོ་གྷཱ་ཡ་སཝཱ་ཧཱ། ཨ་མོ་གྷཱ་པཱ་ཤཱ་ཡ་སཝཱ་ཧཱ། ཨ་ཛི་ཏཱ་ཡ་སཝཱ་ཧཱ། ཨ་པ་རཱ་ཛི་ཏཱ་ཡ་སཝཱ་ཧཱ། ཨ་མི་ཏཱ་བྷཱ་ཡ་སཝཱ་ཧཱ། ཨ་མི་ཏཱ་བྷཱ་སུ་ཏཱ་ཡ་སཝཱ་ཧཱ། མཱ་ར་སཻ་ནྱ་པྲ་མརད་ནཱ་ཡ་སཝཱ་ཧཱ། ཨ་བྷཱ་ཡཱ་ཡ་སཝཱ་ཧཱ། ཨ་བྷཱ་ཡ་པྲ་དཱ་ཡཱ་སཝཱ་ཧཱ། ཛ་ཡཱ་ཡ་སཝཱ་ཧཱ། བི་ཛ་ཡཱ་ཡ་སཝཱ་ཧཱ། ཛ་ཡ་བི་ཛ་ཡཱ་ཡ་སཝཱ་ཧཱ། བ་ར་དཱ་ཡ་སཝཱ་ཧཱ། ཨ་ཀཱ་ལ་མྲྀ་ཏྱུ་པྲ་ཤཱ་མ་ནཱ་ཡ་སཝཱ་ཧཱ། ཨི་དཉྩ་མེ་ཀརྨ་ཀུ་རུ་ན་མོ་སྟུ་ཏེ་སཝཱ་ཧཱ། ཨོཾ་ར་ཎ་ར་ཎ་ཧཱུཾ་ཕཊ། ཨོཾ་ཛ་ཡ་ཧཱུཾ་ཕཊ། ཨོཾ་ཛྲ་ཛྲི་ཛུ་སཝཱ་ཧཱ། ཨོཾ་ཧཱུཾ་ཛ་ཡ་སཝཱ་ཧཱ། ཨོཾ་ཧྲཱིཿ ་ཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿ ་ཧཿ ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་བ་སུ་བི་ཏ་སཝཱ་ཧཱ། ཨོཾ་ཨཱ་རོ་ལི་ཀ་སཝཱ་ཧཱ། ཨོཾ་བ་ཧུ་ལེ་བ་ཧུ་ 266b ལེ་སཝཱ་ཧཱ། ཨོཾ་ཨཱ་རོ་ལི་ཀ་ཧྲཱིཿ ་ཧྲཱིཿ ་ཧཱུཾ་ཕཊ་སཝཱ་ཧཱ། ནི་ཡ་ཏཱ་ཨ་ནི་ཡ་ཏ་བེ་ད་ནི་ཡ་ཨ་ཤུ་བྷ་སྱ་མེ་བྷ་ག་ཝ་ན་ཀརྨ་ཎོ་ཨ་ཤེ་ཥ་ཏཿ ་ཀྵ་ཡཾ་ཀུ་རུ་སཝཱ་ཧཱ། ཨོཾ་པདྨ་ཧ་སྟ་ཡ་སཝཱ་ཧཱ། ཨོཾ་བུདྡྷ་དྷརྨ་སཾ་གྷཱ་ཡ་སཝཱ་ཧཱ། རབས་ཆད་ཐོད་པར་རོ་བསྲེགས་ས། །ཉུངས་ཀར་སེར་པོ་དྲི་ཆུར་བཅས། །བསྐྱེད་དེ་མྱུ་གུས་སྔགས་སྟོང་བརྗོད། །འབྲས་བུ་ལ་ནི་ཁྲི་བརྗོད་བྱ། །ལུས་ལ་ཐོགས་ན་བྱད་སྟེམས་སོགས། །ནད་དང་གདོན་རྣམས་མྱུར་དུ་སེལ། །གཞན་དག་ལས་རྣམས་གང་ལ་ཡང ། །བདུན་བདུན་གྲངས་ཀྱི་སྔགས་ཀྱི་སྦྱར། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །ལྟོས་འགྲོ་བས་ནི་རབ་རྒྱལ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །མགོན་པོ་ཧ་ལ་ཧ་ལ་ཡ། །རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡ་ཡ། ན་མཿ ་སརྦ་བུདྡྷ་བོ་དྷི་སཏྭ་ཡ། སརྦ་སུ་རེ་ཤཝ་རཱ་ཡ། ན་མཿ ་ཨཱརྱ་བ་ལོ་ཀི་ཏེ་ཤཝཱ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུཾ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠ་མ་པྲཔྟ།་ཨཱརྱ་མཻ་ཏྲི། ཨཱརྱ་མཉྫུ་ཤྲི། ཨཱརྱ་བཛྲ་པཱ་ཎི་ཨ་དྷི་ཀཾ་བོ་དྷི་སཏྭ་མ་ཧཱ་སཏྭེ་བྷྱཿ ་ཨ་ཏ། ན་མཿ ་གྲི་ཏྭཾ་བྷ་ག་ཝཱ་ན་ཨཱརྱ་བ་ལོ་ཀི་ཏེ་ཤཝ་ར་ཏྭཾ་ཧྲྀ་ད་ཡ་སརྦ་ཀརྨ་པ་དཿ ་སརྦ་གྲ་ཧོ་ཙྪ་ད་ན་ཀ་རཾ།་བྷ་བ་ཨ་མ་ར་ཎི་བི་ནཱ་ཤཱ་ཀ་བ་ཤཱི་ཏཾ། སྱད་ཡ་རྡེ་དཾ་ཧེ་བོ་དྷི་སཏྭ། མ་ཧཱ་བོ་དྷི་སཏྭ། པྲ་ཡ་བོ་དྷི་ས་ཏྭ། ཧཱ་ཧཱ་ལ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བ་ར་མ་མཻ་ཏྲི་ཙི་ཏ་ཏི་ཏི་ཏ་ཀཱ་རུ་ཎི་ཀ། 267a ༄#། །ཀུ་རུ་ཀུ་རུ། ཀྵ་མ་གྷ་མ་བི་ཧཾ་ག་མ་པི་ཡ་ཏི། བི་ཛ་ཡནྟི། མ་ཧཱ་བི་ཛ་ཡནྟི། དྷུ་རུ་དྷུ་རུ། དྷ་ར་དྷ་ར། ཙ་ཡནྟྲ་མནྟྲ། ན་མོ་མེ་ཧྱ་དྷི། སརྦ་སཏྭ་བྷ་ཡ། པྲ་ད་ས་ཧ་ར་ཧ་ར། ཧ་རི་བྷ་ཧྱ་ནོ་ཏྡྷ། བཱ་བཱ་བཱ་བཱ། བྷ་བ་ནཱ་ག་ཀུ་རུ་ཀུ་རུ། ཀུ་རུ་ཏུ་རུ། གྷཱུ་རུ་གྷཱུ་རུ། སུ་རུ་སུ་རུ། མ་ར་མ་ར། ཙུ་རུ་ཙུ་རུ། སུ་པྲ་སི་དྷ། སཏྭ་མ་བི་མ་ལ། ཕ་ལ་ཕ་ལ། མུརྟེ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། པ་ར་མ་ཀཱ་རུ་ཎི་ཀ་ཀྲིཥྞ་ཛྙཱ་ན་དྷ། ཛ་ཊཱ་མུ་ཀུ་ཊ་བི་ལཾ་བྷ། པྲ་ལཾ་བྷ། ཙ་ལེ་ཙ་ལེ། མ་ལ་མ་ལ། ཀ་ལ་ཀ་ལ། ཧ་ལ་ཧ་ལ། ག་ལ་ག་ལ། ཏ་ལ་ཏ་ལ། ད་ལ་ད་ལ། ན་ལ་ན་ལ། ཏུ་རུ་ཏུ་རུ། ཧུ་ལུ་ཧུ་ལུ། ཧི་ལི་ཧི་ལི། ཧེ་བོ་དྷི་སཏྭ། ན་མ་སྟྱ་དྷཱ་ནུ། ཧཱུཾ་ཧཱུཾ་ཧཱུཾ་།ཧྲཱིཿ ་ཀུ་རུ་ཀུ་རུ། ཧྲྀ་ད་ཡ། ཨ་ནུ་སྨ་ར། ས་མ་ཡ་ཨ་ནུ་སྨ་ར། ཛཱ་ཏི་ཨ་ནུ་སྨ་ར།་ཨི་དཾ་མཻ་ཀརྱཾ་ཀུ་རུ། མ་ནོ་ར་ཐཾ་མེ། པ་རི་པཱུ་ར་ཡ། སིདྡྷྱནྟུ་མེ་མནྟྲ་པ་དཱ་ནི་སཝཱ་ཧཱ། སྔ་པར་ཁྲུས་བྱས་གོས་གཙང་གྱོན། །བཅོམ་ལྡན་སྤྱན་སྔར་ཉིན་རེ་བཞིན། །བ་ལྕི་ས་ལ་མ་ལྟུང་བས། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ནི། །བཅུ་གསུམ་བཟླས་ནས་བྱུག་པར་བྱ། །ལྷག་མས་ནད་རྣམས་ཐམས་ཅད་ལ། །བྱུགས་པ་ཙམ་གྱིས་སོས་པར་ངེས། །ཟླ་བ་དྲུག་གིས་བདུད་རྣམས་ཞི། །འདོད་པ་ཐམས་ཅད་སྐོངས་གྱུར་ཏེ། །མཚམས་མེད་ལྔ་བྱས་མིས་ཀྱང་འགྲུབ། །གལ་ཏེ་གྲུབ་པར་མ་གྱུར་ན། །བདག་གིས་མཚམས་མེད་ 267b ལས་བྱས་ཏེ། །དུས་གསུམ་སངས་རྒྱས་ཀུན་སྲུང་ཡིན། །སྙིང་རྗེས་སྙིང་རྗེ་ཅན་འགྲུབ་འགྱུར། །ལྡང་བས་ཁྲོ་བ་འགྲུབ་འགྱུར་ཏེ། །རྟག་པའི་གནས་འདོད་བློ་གྲོས་ཅན། ། རྣམ་པར་མི་རྟོག་བཏང་སྙོམས་ཀྱིས། །འདོད་པ་ཀུན་འགྲུབ་ཞེན་པས་བྱིན། །ཡིད་ལ་བྱེད་པས་འཆིང་བར་འགྱུར། །སེའུ་བོ་ཆེ་ཡི་ལྕུག་མ་ལ། །རོ་བསྲེགས་ཐལ་བ་ཁྲི་ཕྲག་བདུན། །བསྔགས་ནས་གཏོར་བས་ཆར་ཆེས་པ། །ཆར་པ་མྱུར་དུ་འཆད་པར་བྱེད། །དྲི་ཆུ་གླ་རྩིར་བཅས་པས་ནི། །སྦྲུལ་གྱི་གདུག་པ་སེལ་བར་བྱེད། །ལྟོ་འཕྱེའི་རིགས་དང་སྦྲང་རྒོད་སོགས། །འཇིགས་པ་རྣམས་ནི་འགྲིབ་པའི་ཕྱིར། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །ཤེས་རབ་རྣམ་གྲོལ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །མགོན་པོ་པདྨ་རྒྱན་ལུང་གི་།རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མོ་རཏྣཾ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝཱ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་ཨཱརྱ་ཨ་མི་ཏཱ་བྷཱ་ཡ། ཏ་ཐ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མོ་མ་ཧཱ་ཤྟཱ་མ་པྲཱཔྟྲཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བི་པུ་ལེ་བི་མ་ལ། སུ་པྲ་ཏི་པུ་ལ། སཱུརྱ་ཤ་ཏ་ཡཾ། ཨ་སཾ་གེ་ཡ། སཱུརྱ་ཤ་ཏ་ས་ཧ་སྲ། ཨ་དྷི་ཀ་ར། ་བྷ་བ་ཏི་མུརྡྷ་ཡེ། མ་ཧཱ་མ་ཎི་མུ་ཀུ་ཊ་ཀུཎྜ་ལ། ཨ་ལཾ་ཀཱ་ར་དྷ་ར་ཎི། བྷ་ག་བ་ཏེ་ 268a ༄#། །པདྨ་མཱ་ལེ། སརྦ་ལོ་ཀ་ཨ་པཱ་ཡ་ཤ་མ་ན་ཡེ། བི་བི་དྷ་མུ་ཁ་སཾ་བེ་ཤ་། བ་ཤ་སརྦ་སཏྭ་པ་རི་མོ་ཙ་ཀཱ་ཡ། བྷུརྦྷུ་བ་སཝཱ་ཧཱ། མ་ཧཱ་ལོ་ཀེ་ཤཝ་རཱ་ཡ། ན་མ་སྠཱ་མི་ར་པ་དྲ་བི་ནཱ་ཤ་ཀ་།ར་ག་བེ་ཤ་མོ་ཧཱ་ཛྭ་ལ་ཤ་མ་ཀ་ཤ་ས་མ་ཤ་ན་ཀཱ་ར། རཀྵ་ཀ་སརྦ་ཨ་བྷ་ཡ་དུརྒ་ཏི་པྲ་ཤ་མ་ན་ཀཱ་ར། སརྦ་ས་མ་ཤ་ན་ཀཱ་ར། སརྦ་ཨཱ་ཤ་པ་རི་པཱུ་ར་ཀ་།སརྦ་ཐཱ་ག་ཏཱ་སཾ་བཾ་དྷ་ན་ཀ་ར་ཨེ་ཧྱེ་ཧི། མ་ཧཱ་བོ་དྷི་སཏྭ་བ་ར་ད། པདྨ་ཨ་པ་ལོ་ཀ་སཾ་བུདྡྷོ། །མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཛ་ཊ་མུ་ཀུ་ཊ། ཨ་ལཾ་ཀྲྀ་ཏ་ཤི་ར་མ་ཎི། ཀ་ན་ཀ་རཱ་ཛ་ཏ།་བཛྲ་བཻ་ཌཱརྱ་ཨ་ལཾ་ཀྲི་ཏ་ཤ་རཱི་ར་ཨ་མ་ཛ་ཏ་ཛ་ན་ཀ་མ་ཨ་ལཾ་ཀྲྀ་ཏ་པྲ་བྷ་ར་ཎ་ཤ་ཏ་ས་ཧ་སྲ་ཨ་པི་ལ་ཤ་ཏ་ཀཱ་ཡ། མ་ཧཱ་བོ་དྷི་སཏྭ་བ་ར་ད། བི་དཾ་ཁ་ད་མ། བི་ནཱ་ཤ་ཡ་བི་ནཱ་ཤཱ་ཡ། མ་ཧཱ་ཡནྟྲ་མ་ཀླེ་ཤ་ཀ་པ་ཏ། ཨ་བ་བོ་དྷི་བྷ། བོ་དྷི་ཡནྟྲ། གྷ་ར་ཙ་ར། ཀ་པྲ་མ་ཐ་ན་ཀ་ར། པུ་རུ་ཥ། པདྨ་པུ་རུ་ཥ། སཾ་པྲ་ར་ཎ། པུ་རུ་ཥ་སིཾ་ཧ། བི་ར་བི་ར།་ཛ་སུ་ཏནྟ་ཌ་བི་ར་བྲྀ་ཏ། དྷ་མ་དྷ་མ། ས་མ་ས་མ། དྷུ་རུ་དྷུ་རུ། པྲ་ཤ་ས་མ་ཡ་པྲ་ཤ་ས་མ་ཡ། ཀི་རི་ཀི་རི། བྷི་བི་རི་བྷི་བི་རི། ཙི་རི་ཅ་རི། སི་རི་སི་རི། སུ་རུ་སུ་རུ། དྷི་རི་དྷི་རི། བི་དྷི་རི་བི་དྷི་རི། བི་རི་བི་རི། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། དྱུ་ནུ་དྱུ་ནུ། བི་དྱུ་བི་དྱུ། དྷུ་རུ་དྷུ་རུ། ག་ཡ་ག་ཡ། བྷཱ་ཏ་ཡ་བྷཱ་ཏ་ཡ། ཧ་ས་ཧ་ས། པྲ་ཧཱ་ས་པྲ་ཧཱ་ས། ནཱ་ག་བི་ 268b བི་དྷ་ཀེ་ཤ་སེ་ས་ན། ཧ་ར་ཧ་ར། སཾ་ཧ་ར་སཾ་ཧ་ར། དུ་རུ་དུ་རུ། མ་ཧཱ་མཾ་ག་ལ་ཀ་ར་ཎི། ཤ་ཏ་པྲ་སེ། ཀ་བ་ཨ་བ་བྷ་ས་བི་བི་དྷ་བ་ས་ན་ཤ་མ་ཀ་ཤ་ས་ཀ་།རཱ་ག་ཀཱ་མ་མ་ཧཱ་བོ་དྷི་སཏྭ། བྷ་ར་བྷ་ར་སཝཱ་ཧཱ། ཐུབ་པོ་ཤེ་དང་ཤུ་དག་ལ། །ཁྲི་ཕྲག་བཟླས་ནས་འཐུངས་པས་ནི། །ཤེས་རབ་ཆེན་པོ་འཕེལ་བར་བྱེད། །ནད་ལ་མཐུན་པའི་སྨན་དང་སྦྱར། །པདྨའི་རྩ་བ་ཀ་རར་བཅས། །ཉི་ཤུ་རྩ་གཅིག་ཡང་ན་བདུན། །སྔགས་བརྗོད་སྔ་བར་མིད་པར་བྱ། །དེ་ཡང་དབྱངས་སྙན་ཤེས་རབ་འཕེལ། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །དགོངས་པ་བླ་མེད་ཅེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །མགོན་པོ་རྡོ་རྗེ་ཆེན་པོ་ཡི། །རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་བྷ་ག་བ་ཏེ། བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། སརྦ་ཨཱ་ཛྙཱ་ཡ། ཨནྡྲ་ཀཱ་ར། མཱ་མ་ཡ་ཏྲ། ཏདྱ་ཐཱ། ཨོམ་སཱ་དྷ་ནི་སཱ་དྷ་ནི། སིདྡྷེ་སིདྡེ། སིདྡྷེ་དྷ་ར། བྷ་ག་བ་ཏེ། བ་རཾ་པ་ར། ཀླེ་ཤ་དི་བ་ན། ཨཱ་ཛྙཱ་ཤེ་ཥ་མ་ནི་ཤ་མ་ཡ། སརྦ་པཱ་པ་བི་ཤུདྡྷེ། དྷ་མ་ནི་དྷ་མ་ནི། མཱ་ལཱ་ཛྙཱ་ག་ཙ་ར་ཎི་སཱ་ཤཾ་མུརྡྷི། སུ་ཁ་ར་པྲ་ཏེ། སརྦ་ཀླེ་ཤ་ད་པ་ནི། བི་དྷ་མ་ནི་བི་དྷ་མ་ནི། བི་ནཱ་ཤ་བི་ནཱ་ཤ། བི་ནཱ་ཤ་ཡ་བི་ནཱ་ཤ་ཡ། བྷ་བ་ག་ཏེ། པུ་ར་ས་བི་མ་ལ་བ་དྷི། ས་ར་ས་ར། 269a ༄#། །སི་རི་སི་རི། སུ་རུ་སུ་རུ། པྲ་ས་ར་པྲ་ས་ར། བི་ས་ར་བི་ས་ར། ཨཱ་ཛྙཱ་མ་ཨི་ཏི་ས་ཧཱ་སྲ་ཎཱམ། ཙིཏྟ་ཀཱ་རཱ་མ། ཨ་པ་ར་ཎ་ཀྵ་པ་ཡཱ་མི་ཏ་སུ་བྷཱུ་ཏ་བི་ཤ་ཡ། པཱ་ཤ་བི་ད་ནི་པཱ་ར་མི་ཏ་བྷཱ་ཛྙཱ་ན་གོ་ཙ་རེ། པཱ་ཤ་ཤ་བ་ཏི། ཤ་ཤ་མཱ་ལེ་ན་ཀཱ་ར་ཎ་གོ་ཙེ་རེ། མ་ཧཱ་ཛྙཱ་ན་ཨ་བྷི་ཥེ་ཀ་མ་ཏི་སུ་བི་ནི་ཤྩི་ཏཾ་ད་དྷ། ཧ་ཧེ་བྷ་ག་བ་ཏེ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཀུ་རུ་ཀུ་རུ། བི་ཤི་དྷམ་བ་ན། མ་མ་སརྦ་སཏྭ་བྷོ་མ་ཧཱ་ཀཱ་རུ་ཎོ་ཏ་སཱ་དྷ་ཀེ་ན། སཉྩ་སཉྩ་སཾ་བརྟ་ཡ། སཾ་བྷ་ལ་པྲ་རོ་ཧ་ཡ་མ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བི་ཛ་ཡ་པ་རི་ཤུདྡྷཱ་ཡ། ཨ་མུ་ཀ་བི་ཀུ་རུ་བི་ཛ་ཡ་ན། ས་ར་ས་ར། མེ་གྷ་ག་ཏེ། མཱ་མཱ་མཱ། བོ་དྷི་ཙི་ཏྟ་ཏཾ་ས་མ་བུདྡྷེ་མ་སནྟུ་ཥེ། བོ་དྷི་མི་རི་ཀཱ་ར་ཎི། བུདྡྷི་བོ་དྷི་པྲ་དེ། ན་ར་ཀ་པྲེ་ཏ་ཏི་རྱ་ཀ་ག་ཏུ་དུ། ཁ་གུ་ལ་ནི། དེ་བ་མ་ནུ་ཥྱ་ག་ཏི་སཾ་བི་ད་ནི། བི་ག་ཏོ་ཀླེ་ཤ་སརྦཱ་ནུརད་དྷརྨ། པ་རི་པཱུ་ར་ཎི་བཛྲ་དྷརྨི་སདྷྱཾ་ཏུ་མ་མནྟྲ་བཱ་དཱ་ནི་སཝཱ་ཧཱ། སྔ་བར་ལངས་ནས་ཁྲུས་བྱས་ཏེ། །སྐྱིལ་ཀྲུང་མཉམ་བཞག་ཕྱག་རྒྱ་ཅན། །ཡིད་ཀྱིས་ཕྱག་འཚལ་ཉི་ཤུ་གཅིག་།རྡོ་རྗེ་ཆོས་ལ་དད་པས་བརྗོད། །བརྒྱད་དང་བཅུ་བཞི་བཅོ་ལྔ་ལ། །གོས་གསར་གྱོན་ནས་གསོ་སྦྱོང་བླང ། །མེ་ཏོག་ཙནྡན་དཀར་སོགས་མཆོད། །དོན་གྲུབ་སྡིག་སེལ་ཤེས་རབ་འཕེལ། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །བདུད་རྣམས་ 269b འཇོམས་པ་རྡོ་རྗེ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀེ་ཏེ་ཤཝཱ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏཱ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀེ་ཏ་ཤཝ་རཱ་ཡ། ཧ་རི་ཧ་རི། བི་དྷ་ན་དྷ་མ་ཀ་།བོ་དི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨི་ལི་མི་ལི། ཅི་ལི་ཙི་ལི། ཏུ་ལེ་ཏུ་ལེ། ཀུ་རུ་མེ་ཀུ་རུ་མེ། སི་རི་སི་རི། བི་སི་བི་རི། ཙ་ར་ཡ། བི་ཤ་རེ། གྷོ་རི། གནྡྷ་རི། ཏྲ་མི་ཎི། མ་ཏཾ་གི་།པུཀྐ་སི། ཀ་ཊ་ཡ། མཱ་ལ་ཙཎྜ་ལི། ཧུ་རུ་མ་ལི་ནི། ཙི་ལི་ཙི་ལི། གྲ་ན་སོ་མ་དཪྴ་ནེ་ཀུ་རུ། ཙནྡྲ་མུ་ཁི། ལ་གྷུ་མ་ཎ་ཡ་མ་ཏི། ཨཱརྱ་དཀྵི་ཎ་བུདྡྷ། སརྦ་བིདྱ་ནཱཾ། མ་མ་པྲ་སཱ་དྷ་ནི། སརྦ་བིདྱ་ནཾ། ཨཱི་ཤཝ་རི་སཝཱ་ཧཱ། ན་མཿ ་སརྦ་ཏ་ཐཱ་ག་ཏ་ནཾ། སརྦ་ཨཱ་པ་རི་པཱུ་ར་ཀཱ་ན།་ཏདྱ་ཐཱ། ཨོཾ་ཧ་ཧ་ཧ། མ་མ་མ། དྷི་རི་དྷི་རི། ཧི་རི་ཧི་རི། ཤཱ་ཏེ་པྲ་ཤཱཾ་ཏེ། སརྦ་པཱ་པ་ཀྵ་ཡཾ་ཀ་རི། ཨ་བ་ལོ་ཀཱ་ཡ་ཀཱ་རུ་ཎི་ཀ་།བོ་དྷི་ཙཏྟ་ཏཾ་མ་ན་སི་ཀུ་རུ་བ་ཡ་ལོ་ཀཱ་ཡ། མ་མ་སྨ་ར་སྨ་ར་མནྟ་ཡ་པཱུརྦེ། སཏྱ་ཨ་དྷིཥྛ་ན་ཀྲྀ་ཏཾ་ཏེ་ན་ས་ཏྱེ་ན། ས་ཙི་བ་ཙི་ནཱཾ། སརྦ་ཨཀྵ་མེ། པ་རི་པཱུ་ར་ཡ། བུདྡྷ་ཀྵེ་ཏྲ་མེ། པ་རི་ཤོ་དྷ་ཡ། མ་མེ་ 270a ༄#། །ཀཤྩ། པི་ཧེ་ཐ་ནོརྠ་བུདྡྷ་ཨ་དྷིཥྛ་ནཾ་སཝཱ་ཧཱ། ཏདྱ་ཐཱ། ཨོཾ་ཛེ་ཏེ་ཛེ་ཏེ། མ་ཧཱ་ཛེ་ཏེ་ཡཾ། མ་མ་ཀཱ་ཡ། དུཤྩ་རི་སྟམྦྷ་བྷ། ག་དུཤྩ་རིསྟམྦྷ། མ་ནོ་དུཤྩ་རི་སྟམྦྷ། དྷ་རི་ཏ་ཏྲ་སྟམྦྷ། ཏ་ཏ་སརྦཾ་ཀྵཱ་པ་ཡ། ཨ་ལོ་ཀ་ཡ། བི་ལོ་ཀ་ཡ། སརྦ་ཏ་ཐ་ག་ཏཱ། དྷ་རི་ཥ་ཎི་ཙི་མ་ཧཱ་བིཥྐཾ་ཀྵ་མི་ད་པོ་ད་སེ་ད་དྷ་རི་ཥཱ་ཎཱཾ། མ་དྷུ་མ་དྷུ། ཨ་བ་བྷཱ་ས་མེ་དྷ་རི་ཥཱ་ཎཱཾ། སརྦ་མ་ཀུ་ཤ་ལ་ཨ་བྷི་བ་ར་དཾ་ད་ན་མཿ ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་མ་ཨཱརྱ་བ་ལོ་ཀེ་ཏ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སྨ་ར་པྲ་ཏི་ཛྙཱ་མ་ཧཱ་སཏྭ་སི་དྷྱཾ་ཏུ་མེ་མནྟྲ་པ་དཻཿ ་སཝཱ་ཧཱ། སྔགས་འདི་གུར་གུམ་ཙནྡན་གྱིས། །གྲོ་ག་ལ་བྲིས་སྐུའི་མཆོག་རྟེན། །སྐུ་གདུང་བཅས་པར་གཞུག་པར་བྱ། །ཡང་ན་སྐུ་གདུང་བཅས་པ་ཡི། །སྤྱན་རས་གཟིགས་དབང་སྐུ་ལ་གདགས། །ཚེས་བརྒྱད་ནས་ནི་ཉ་ཡི་བར། །བུམ་པ་མཆོད་པ་བརྒྱད་པ་བཤམས་ཏེ། །དྲི་ཡི་ཁ་དོག་སྣ་ཚོགས་པའི། །འོ་ཐུག་ཞོ་དང་འབྲས་ཅན་མར། །ཙནྡན་དཀར་པོ་དྲི་ག་པུར། །གཏོར་མ་དཀར་དམར་བཅས་པའོ། །གཙོ་བོའི་མདུན་དུ་དཔེ་མེད་ས། །གཡས་སུ་དུང་ཅན་འཇིགས་སམ་གཡོན། །སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད། །གཏོར་ཞིང་དུས་གསུམ་མཆོད་དེ་བཀྲུ། །སྡིག་སྦྱངས་རྨི་ལམ་འོད་དུ་ 270b འབར། །བདུད་རྣམས་ཟློག་པར་བྱེད་པ་ལ། །རྩེ་གསུམ་སོར་བརྒྱད་ཚད་ལྡན་ལ། །ཐོད་པ་སྐམ་པོ་སོར་དྲུག་སྟེ། །དབུས་སུ་རྡོ་རྗེ་རྩེ་ལྔ་པ། །སེང་ལྡེང་ཡུ་བ་ཁྲུ་གང་པ། །དེ་ཡི་རྟེན་ཡང་སོར་དྲུག་སྟེ། །དེ་ནི་ཟུར་བརྒྱད་ལྡན་པ་ལ། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་ལྕགས་ཀྱུ་མདའ། །མདུང་རྣམས་གཡས་ནས་བསྐོར་བར་དགོད། །ཉི་ཤུ་རྩ་གཅིག་བརྗོད་བྱ་སྟེ། །མཚན་མོ་སྔགས་སུ་གཟུགས་པར་བྱ། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །དུག་གི་ཚོགས་རྣམས་འཇོམས་པ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྗེ་བཙུན་མགྲིན་པོ་སྔོན་པོ་ཡི། །རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སརྦ་བནྡྷ་ཏྩྪེ་ད་ན་ཀཱ་རཱ་ཡ། སརྦ་པཱ་པཾ་ས་མུ་དྲོ་ཙྪེ་ད་ན་ཀཱ་རཱ་ཡ། སརྦ་བྱཱ་དྷི་པྲ་ཤ་མ་ན་ཀ་རཱ་ཡ། སརྦ་ཨི་ཏྱུ་པ་དྲ་བ་བི་ནཱ་ཤ་ན་ཀ་རཱ་ཡ། སརྦ་བྷ་ཡེ་ཥུ་ཏྲ་ནཱ་ཡ་ཏ་སྱ་ན་མསྐྲཾ་ཏཾ། ཨི་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་ར་ཏ་བ་ནཱི་ལི་ཀཎྛ་ནཱ་མ་ཧྲྀ་ད་ཡ་མཱརྟ་ཡ་ཥྱཱི་མི་སརྦ་ཨརྠ་སཱ་དྷྷ་ནཱཾ་ཤུ་བྷ་ཙེ་ཏ་ནཱཾ། སརྦ་སཏྭ་ནཱཾ། པཱ་པཾ་མཱརྒ་བི་ཤོ་དྷ་ཀཾ། ཏདྱ་ཐཱ། ཨ་བ་ལོ་ཀི་ལོ་ཀ་མ་ཏི། ལོ་ཀ་ག་ཏེ། ཨེ་ཧྱེ་ཧི། མ་ཧཱ་བོ་དྷི་སཏྭ། ཧེ་བོ་དྷི་སཏྭ། ཧེ་མ་ཧཱ་བོ་དྷི་སཏྭ། ཧེ་པྲི་ཡ་བོ་དྷི་སཏྭ། ཧེ་མ་ཧཱ་ཀཱ་རུ་ཎི་ཀ་།སྨ་ར་ཧྲི་ད་ཡཾ། 271a ༄#། །ེ་ཧྱེ་ཧེ། ཨཱརྱཱ་ཨ་བ་ལོ་ཀི་ཏེ་ཤཝ་ར། པ་ར་མ་མཻ་ཏྲི་ཙིཏྟ་ཀཱ་རུ་ཎི་ཀ། ཀུ་རུ་ཀུ་རུ་ཀརྨ། སཱ་དྷ་ཡ་སཱ་དྷ་ཡ། བིདྱ། དེ་ཧི་དེ་ཧི་མེ། ཨ་ར་ག་མཾ་གསུམ། བི་ཧཾ་ག་མི་ཧ་སིདྷ། ཡོ་གི་ཤཝ་ར། ཧུ་དུ་ཧུ་དུ། བཱིརྱ་ནཏེ། མ་ཧཱ་བཱིརྱནྟེ། དྷ་ར་དྷ་ར། དྷ་ར་ཎེ་ཤཝ་ར། ཛྭ་ལ་ཛྭ་ལ། བི་མ་ལཱ་མ་ལ་མུ་རྟེ། ཨཱ་རྱཱ་བ་ལོ་ཀི་ཏེ་ཤཝ་ར།་ཀྲྵྞཱ་ཛིན་མུ་ཀུ་ཊ། ཨ་ལཾ་སྐྲྀ་ཏ་ཤ་རཱི་ར་ལམྦ་པྲ་ལ་མ་བི་ལམྦ། མ་ཧཱ་སིདྡྷ་ཤུདྡྷ་དྷ་ར། བ་ལ་བ་ལ། མ་ཧཱ་བ་ལ། མ་ལ་མ་ལ། མ་ཧཱ་མ་ལ། ཛྭ་ལ་ཛ་ལ། མ་ཧཱ་ཛྭ་ལ། ཀྲྀཥྞཱ་པཀྵ་ཀྲྀཥྞ་བརྞྞ་ཀྲྀཥྞ་པཱ་ཤ་ནཱི་རྒྷཱ་ཏ་ན། ཧེ་པདྨ་ཧ་སྟ། ཛ་ཡ་ཀ་ར་ཎི་ཤཝ་ཙ་རེ་ཤཝ་ར། ཀྲྀཥྞ་སརྦ་ཀྲྀ་ཏ་ཡཛྙོ་པ་བཱི་ཏ། ཨེ་ཧྱེ་ཧི་ཝ་རཱ་ཧ་མུ་ཁི། ཏྲི་པུ་ར་ད་དྷ་ནི་ཤཝ་ར། ནཱ་རཱ་ཡ་ཎ། བ་ལ་རཱུ་པ་བེ་ཥ་དྷ་རི། ཧེ་ནཱི་ལ་ཀཎྛ། ཧེ་མ་ཧཱ་ཧ་ལ་ཧ་ལ། བིཥ་ནི་རྫི་ཏ། ལོ་ཀ་སྱ་རཱ་ག་བི་ཥ་ནཱ་ནཱ་ན། དྭེ་ཥ་བི་ཥ་ནཱ་ཤ་ན། མོ་ཧ་བི་ཥ་ན་ཤ་ན་ནི་རྨོཀྵ་ཎ། ཧུ་ལུ་ཧུ་ལུ། མུཉྩ་མུཉྩ། མུ་ཧུ་མུ་ཧུ། ཧ་ལ་ཧ་ལ། མ་ཧཱ་པདྨ་ནཱ་བྷྲི། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། བུདྷྱ་བུདྷྱ། བོ་དྷྱ་ཡ་བོ་དྷ་ཡ། ཏ་ཝ་ནཱི་ལ་ཀཎྛ། ཨོ་དྷྱེ་ཧི། བཱ་མ་སྠི་ཏ་སི་ཧ་མུ་ཁ། ཧ་ས་ཧ་ས། མུཉྩ་མུཉྩ། མ་ཧཱ་ཨཊྚ་ན་རྞཱི་དི་ནེ། ཨེ་དྷྱེ་ཧི། བྷོ་བྷོ་མ་ཧཱ་སིདྡྷ། ཡོ་གི་ཤཝ་ར། བནྡྷ་བནྡྷ་བཱ་ཙ། སཱ་དྷ་ 271b ཡ་སཱ་དྷ་ཡ། བིདྷྱཾ། སྨ་ར་སྟཾ་ཧེ་བྷ་ག་ཝཱ་ན། ལོ་ཀ་བི་ལོ་ཀ་སྟཾ། ཏ་ཐཱ་ག་ཏཱཾ། ད་དཱ་ཧེ་མེ་དཪྵ་ཎཾ། བྲ་སཱ་དྷ་ཡ་མེ་སཝཱ་ཧཱ། སིདྡྷ་ཡ་སཝཱ་ཧཱ། མ་ཧཱ་སིདྡྷ་ཡ་སཝཱ་ཧཱ། སིདྡྷ་ཡོ་གཱི་ཤཝ་རཱ་ཡ་སཝཱ་ཧཱ། ནཱི་ལ་ཀཎྛཱ་ཡ་སཝཱ་ཧཱ། བཱ་རཱ་ཧ་མུ་ཁཱ་ཡ་སཝཱ་ཧཱ། སིཾ་ཧ་མུ་ཁཱ་ཡ་སཝཱ་ཧཱ། མ་ཧཱ་ན་ར་སིཾ་ཧ་མུ་ཁཱ་ཡ་སཝཱ་ཧཱ། སིདྡྷ་བིདྱཱ་དྷ་རཱ་ཡ་སཝཱ་ཧཱ། པདྨ་ཧ་སྟཱ་ཡ་སཝཱ་ཧཱ། མ་ཧཱ་པདྨ་ཧ་སྟ་ཡ་སཝཱ་ཧཱ། བཛྲ་ཧ་སྟཱ་ཡ་སཝཱ་ཧཱ། མ་ཧཱ་བཛྲ་ཧ་ཡ་སཝཱ་ཧཱ། ཀྲྀཥྞ་སརྦ་ཀྲ་ཏ་ཡཛྙཱ་པ་བཱི་ཏ་ཡ་སཝཱ་ཧཱ། མ་ཧཱ་ཀཱ་ལ་མུ་ཀུ་ཊ་དྷ་རཱ་ཡ་སཝཱ་ཧཱ། ཙཀྲ་ཨཱ་ཡུ་དྷ་དྷ་རཱ་ཡ་སཝཱ་ཧཱ། ཤཾ་ཁཾ་ཤབད་ན་རྞཱི་ད་ན་ཀ་རཱ་ཡ་སཝཱ་ཧཱ། བོ་དྷ་ན་ཀ་རཱ་ཡ་སཝཱ་ཧཱ། བཱ་མ་སྐནྡྷ་དེ་ཤ་སྠི་ཐ་ཀྲྀཥྞ་ཛི་ནཱ་ཡ་སཝཱ་ཧཱ། བཱ་མ་ཧ་སྟ་བྱཱ་གྷཱ་ཙརྨ་ནི་བ་ས་ནཱ་ཡ་སཝཱ་ཧཱ། ལོ་ཀེ་ཤཝ་རཱ་ཡ་སཝཱཧཱ། མ་ཧཱ་ལོ་ཀེ་ཤཝ་རཱ་ཡ་སཝཱཧཱ། སིདྡྷྱ་མེ་མནྟྲ་པ་དཱཿ ་སཝཱ་ཧཱ། སྨུག་བུ་མེ་ལན་སྤུར་ལེན་དང ། ཤེལ་དང་བཻཌའྲུ་རྱ་ཀ་རཾ། །གསེར་གྱི་སྣོད་དུ་འཁོར་བཅས་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཀཱ་ཡ། སིདྡྷྱ་མེ་མནྟ་པ་དཱཿ ་སཝཱ་ཧཱ། བུ་མེ་ལན་སྤུར་ལེན་དང ། །ཤེལ་དང་བཻཌཱུརྱ་ཀ་རཾ། །གསེར་གྱི་སྣོད་དུ་འཁོར་བཅས་བ། །མཎྜལ་དབུས་བཞག་སྔགས་ཁྲི་བརྗོད། །མུག་ཁྲི་རྡོ་ཡི་ཀོང་བུར་ན། །ཆུར་བཅས་སྔ་དྲོ་བརྡར་བྱས་ནས། །ཉི་ཤུ་རྩ་གཅིག་སྔགས་བརྗོད་དེ། །ཁོང་དུ་འཐུངས་པས་ 272a ༄#། །དབྱིག་དུག་དང ། །སྦྱར་དུག་ལྷན་ཅིག་སྐྱེས་དུག་དང ། །བཟའ་ཉེས་ཙམ་ཡང་སེལ་འགྱུར་ན། །དུག་རིགས་གཞན་ལྟ་སྨོས་ཅི་དགོས་དོགས་པས་ཐེ་ཚོམ་མི་བྱའོ། །དད་ཅན་ཤེས་རབ་ལྡན་པའི་མི། །རྩ་བའི་གསང་སྔགས་གང་ལ་ཡང ། །ནན་ཏན་རྩེ་གཅིག་ཏུ་བརྗོད་ན། །དེ་ཡིས་ཐམས་ཅད་འགྲུབ་པར་འགྱུར། །གང་ཞིག་དད་པའི་ལྕགས་ཀྱུ་དང ། །བློ་ཡི་ར་བར་ལྡན་པ་ལ། །ལྷ་ཀླུ་འབུམ་ཕྲག་མཐུས་སྐྱོབ་ཅིང ། །དཀར་པོ་དགེ་བ་ཀུན་སློང་སེམས། །བྱང་ཆུབ་རིན་ཆེན་གཏེར་ཐོབ་པར། །སྔགས་ཀྱི་མཐུས་ནི་མཛད་པ་སྟེ། །སྔགས་ལ་ཉེས་དད་མེད་པ་ལ། བསྟན་ན་རང་ཉིད་ཉམས་པར་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། རིགས་ཀྱི་ཁྱད་པར་གྱི་སྔགས་བྱུང་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། ཕྱོགས་བཅུའི་སངས་རྒྱས་བསྡུས་པའི་དངོས། །འཇིག་རྟེན་མགོན་པོ་བཅུ་ཡི་དབང ། །སྟོབས་བཅུ་རྒྱས་པའི་རང་བཞིན་ཅན།། ཕ་རོལ་ཕྱིན་བཅུ་ལྷུན་གྲུབ་མ། །ས་བཅུ་གཅིག་ཏུ་རྫོགས་ནས་ཀྱང ། །ཕྱོགས་བཅུ་ཀུན་ཏུ་ཁྱབ་མཛད་པའི། །བཅུ་གཅིག་པ་ཡི་མཚན་ཉིད་ཡིན། །བསོད་ནམས་ 272b སྐལ་པར་ལྡན་པའི་མིས། །རང་གི་ལུས་ལ་སྔགས་དགོད་བྱ། །སྔགས་དང་བཅས་པའི་ལུས་ལ་ནི། །སྲེད་མེད་བུས་ཀྱང་མི་ཚུགས་ན། །འཇིག་རྟེན་གཞན་ལྟ་སྨོས་ཀྱི་དགོས། །བྱད་དང་ཤ་ཟ་རོ་ལངས་དང ། །འབྱུང་པོ་མཚོན་དང་གྲིབ་གནོན་དང ། །ལྟས་ངན་རྣམས་ནི་མྱུར་དུ་སེལ། །བླ་མ་ལས་བྱུང་རིམ་པས་ནི། །མྱུར་དུ་བླ་མེད་བྱང་ཆུབ་འགྱུར། །བླ་མའི་ལུང་དང་བྲལ་བས་ནི། །ནམ་ཡང་འགྲུབ་པར་མི་འགྱུར་རོ། །སྤྱི་བོར་ཡི་གེ་ཨོཾ་དཀར་པོ། །ནན་ཏན་དུ་ནི་བསམ་པར་བྱ། །དཔྲལ་བར་ཡི་གེ་ཨཱཿ ་ལྗང་གུ། དེ་བཞིན་དུ་ནི་བསམ་པར་བྱ། །ལྕེ་ཡི་སྟེང་དུ་ཡི་གེ་མཆོག་།ཧྲཱིཿ ་ཡིག་དམར་འོད་ལྡན་པར་བསམ། །སྙིང་གི་ཕྱོགས་སུ་ཧཱུཾ་སྔོན་པོ། །ལྟེ་བར་ཧ་ཡིག་སེར་པོ་སྟེ། །དེ་བཞིན་གསང་བར་ཧོ་ལྗང་གུ། །བཤང་བའི་གནས་སུ་ཧོ་སྔོན་པོ། །པུས་མོ་གཉིས་ལ་ས་སེར་སྐྱ། །རྐང་མཐིལ་ཡི་གེ་ཧ་ལྗང་སེར། །ལག་མཐིལ་གཉིས་ལ་ཧཱུཾ་དཀར་པོ། །ལག་དར་ལ་ནི་ཧྲཱིཿ ་སྔོན་ཏེ། །དཔུང་པར་ཡི་གེ་ཧྲཾ་དགོད་བྱ། །ཡི་གེའི་ཚོགས་ཀྱིས་བྱིན་བརླབས་ནས་ཀྱི་བྱིན་བརླབས་ནས། །གང་དང་གང་ཡང་རུང་བ་ཡི། །རྩོལ་བ་རྣམས་ལ་འཇུག་པར་བྱ། །རྩོལ་བ་དེ་དང་དེ་དག་ཀྱང ། །སྔགས་ཀྱི་བྱིན་རླབས་ལས་བྱུང་ཞིང ། །ལུས་ཀྱང་སྔགས་ཀྱི་ངོ་བོ་ཉིད། །སྔགས་ཀྱིས་བསྐྱེད་པའི་ལུས་ 273a ༄#། །ཉིད་ནི། །སྔགས་དང་བཅས་པའི་ལུས་སུ་འགྱུར། །སྔགས་ཀྱི་ལུས་ཀྱི་རིགས་རྣམས་ཀྱི། །ཞིང་ཁམས་དུ་མ་སྦྱངས་ནས་ཀྱང ། །འགྲོ་བ་རྣམས་ཀྱི་ལུས་སུ་ནི། །འགྲོ་བ་གྲོལ་བའི་སྤྱོད་པ་ནི། །ཀུན་བཟང་མཆོག་དང་མཚུངས་པ་སྟེ། །འགྲོ་དང་དབྱེར་མེད་དོན་རིག་འགྱུར། །དོན་དེ་མ་ལུས་ཐོབ་པའི་ཐབས།། དག་གི་རིག་པར་གྱུར་པ་ཡིས། །རིག་འཛིན་ཞེས་བྱའི་དངོས་པོ་སྟེ། །དེ་ལ་གང་གནས་དེ་ཡི་མིང ། །རིག་པ་འཛིན་པ་ཞེས་བྱ་བ་སྟེ། །སངས་རྒྱས་མུ་སྟེགས་པས་མི་ཤེས། །ལྷག་དང་བཅས་པའི་རྩོལ་བ་ནི། །ཤིན་ཏུ་ངལ་བ་ཉིད་ཡིན་ཏེ། །ངལ་བ་ཉིད་ཀྱིས་གོལ་བའི་ལམ། །བགྲོད་པར་དཀའ་བ་དེ་སྤངས་ནས། །ཤིན་ཏུ་བག་ཡངས་བདེ་བའི་ལམ། །སྐལ་དམན་ཡང་དག་སྒྲུབ་འདི་ལ། །ནན་ཏན་དུ་ནི་འཇུག་པར་བྱ། །སྟོན་པས་དེ་སྐད་གསུངས་པའི་ཚེ། །འཁོར་རྣམས་དགའ་ནས་ཐལ་སྦྱར་ཏེ། །མཁའ་ལ་མེ་ཏོག་གཏོར་ནས་ཀྱང ། །མགོན་པོ་སྤྱན་རས་གཟིགས་དབང་གཙོ། །ཐམས་ཅད་ཀྱིས་ནི་ཕྱག་འཚལ་ཏེ། །བསྐོར་བ་དུ་མ་བྱས་ནས་ཀྱང་།། གདོད་བཅུ་གཅིག་པ་ཞེས་བྱ་བའི། །ཞལ་དང་སྐུ་ཡི་འདུ་བྱེད་ལ། །འཛུམ་བཞིན་དུ་ནི་བལྟས་ནས་ཀྱང ། །གསང་བའི་སེམས་དང་ལྡན་པ་དག་།པུས་བཙུགས་ཐལ་ 273b མོ་སྦྱར་བྱས་ཏེ། །ཕྱོགས་བཅུར་རང་རང་བདེ་བར་འཁོད། །དེ་ནས་འཇིག་རྟེན་མགོན་པོས་ནི། །འགྲོ་བའི་དོན་དུ་རིག་སྔགས་གསུངས། །བདག་དང་གཞན་གྱི་དོན་རྫོགས་ཕྱིར། །ལས་ཀྱི་སྦྱོར་བའང་ཐ་དད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ནཱ་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀསཾ་བུདྡྷཱ་ཡ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་ཨརྷ་ཏེ་བྷྱཿ ་སམྱཀྶཾ་བུདྡྷེ་བྷྱཿ ་ན་མ་ཨཱ་རྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨོཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མེ་བ་རེ། ཨི་ལེ་མི་ལི། །ཙི་ཏི་ཛྭ་མ་པ་ལ་ན་ཡེ་སཝཱ་ཧཱ། ཤུདྷཱ་ཡ་སཝཱ་ཧཱ། མ་ཧཱ་ཀ་རུ་ཎི་ཀཱ་ཡ་སཝཱ་ཧཱ། འདི་གསུངས་ཚེ་ན་ས་ཆེན་དག་།རྣམ་པ་དྲུག་ཏུ་གཡོས་པར་གྱུར། །རྩ་བའི་སྙིང་པོ་སྟོང་བརྗོད་པས། །དངོས་གྲུབ་ཅི་དང་ཅི་འདོད་འགྲུབ། །གཞན་ཡང་སྔགས་པས་ཀུན་གྱི་དབུར། །སྔོན་གྱི་ཕྱག་འཚལ་བཞི་པོ་བརྗོད། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀས་བུདྡྷཱ་ཡ། ན་མཿ ་སརྦ་ཏ་ཐཱ་ག་ཏཱཻ་དྷྱཿ ། ཨརྷ་བྷྱཿ ་མྱཀྶཾ་བུདྡྷེ་བྷྱཿ ། ན་མ་ཨཱརྱཱ་བ་ལོ་ཀི་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཧ་ར་ཧ་ར། ཨི་ལི་མི་ལི། 274a ༄#། །ཙི་ལི་ཙི་ལི། ཁི་ལེ་ཧ་ལ་སཝཱཧཱ། དཀྱིལ་འཁོར་ནང་དུ་འཇུག་པའི་ས། །ཆུ་དང་གོས་ལ་བདུན་བདུན་བརྗོད། །ཁྲུས་བྱས་གོས་གྱོན་ནང་དུ་འཇུག་།སྣོད་སོགས་རྫས་གཞན་དག་ཀྱང་བསམ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་རྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ནཱ་བྱཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷེ་ཏེ་སམྱ་ཀསཾ་བུདྡྷ་ཡ།་ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། ཨ་རྷ་ཏེ་བྷྱཿ ། སམྱཀསཾ་བུདྡྷེ་བྷྱཿ ། ན་མ་ཨཱརྱ་ལོ་ཀི་ཏེ་ཤཝ་རཱ་ཡ། བོདྷ་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎཱི་ཀཱ་ཡ། ཏརྱ་ཐཱ། ཨོཾ་དྷུ་རུ་དྷུ་རུ། ཧ་ར་ཧ་ར་སཝཱ་ཧཱ། བདུན་ཕྲག་རེ་རེ་བཏབ་པ་ཡིས། །སྤོས་བསྲེགས་པ་དང་མང་མེ་སྦར། །ན་མ་རཏྣ་ཏྲ་ཡཱ། ན་མ་ཨརྱ་ཛྙཱ་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ད་ཏེ་སམྱཀསཾ་བུདྡྷ་ཡ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། ཨ་རྷ་ཏེ་བྷྱཿ ། སམྱཀྶཾ་བུདྡྷེ་བྷྱཿ ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོདྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏྱ་ཐཱ། སི་རི་སི་རི། དྷི་རི་དྷི་རི། སི་དྷི་ར་སི་དྷི་རི་སཝཱ་ཧཱ། མེ་ཏོ་བྱུག་སྤོས་མེ་ཏོག་ཕྲེང ། །བདུན་བདུན་བརྗོད་ལ་སྐུ་གཟིགས་ལ། །གཏོར་དང་བྱུག་དང་གདགས་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱ་ཧ་ར་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱྐྶཾ་བུདྡྷ་ཡ། ན་མཿ ་སརྦ་ཏེ་ཐཱ་ག་ཏེ་བྷྱཿ ། 274b རྷ་ཏེ་བྷྱཿ ། སམྱྐྶཾ་བུདྡྷེ་བྷྱཿ ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོདྷི་སཏྭ་ཡ། མ་ཧཱ་ས་ཏྭ་ཡཱ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སཱ་དྷེ་ས་དྷེ། སོ་ཧི་སོ་ཧི། སོ་དུ་སོ་དུ། བཤོས་གཙང་མེ་ཏོག་འབྲས་བུར་བཅས། །ཉི་ཤུ་རྩ་གཅིག་བརྗོད་ནས་ནི། །ཞལ་ཟས་རྣམས་ཀྱིས་རྣམ་པར་མཆོད། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། ཨརྷ་ཏེ་བྷྱཿ ། སམྱཀྶཾ་བུདྡྷེ་བྷྱཿ ། ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ས་མཱ་དྷི་སི། ཙ་ལེ་ཙ་ལེ། ཙུ་རུ་ཙུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ་སཝཱ་ཧཱ། མེ་ཏོག་དཀར་པའི་ཤིང་དུམ་བུ། །སུམ་ཅུ་བཞི་མར་སྦྲང་རྩིར་ནི། ། ཞག་གཅིག་སྤངས་ནས་ཉིན་གཅིག་གམ། །ནང་རེ་ནུབ་པར་རེ་རེ་ལ། །སྔགས་རེ་བཏབ་ནས་བསྲེགས་ནས་གཟོད། །ཅི་དགོས་པ་རྣམས་བསྒྲུབས་ན་འགྲུབ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་རེ་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མཿ ་སརྦ་ཏ་ཐཱ་ག་ཏ་བྷྱ།། ཨརྷ་ཏེ་བྷྱཿ ། སམྱྐྶཾ་བུདྡྷེ་བྷྱཿ ། ན་མ་ཨཱ་རྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོདྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨི་ལི་ལི་མི་ལི། པི་ལི་ཏི་ལི་ཙི་ལི་ཏི་ལ་སཝཱ་ཧཱ། ཆུའམ་ཐལ་བ་ཡུངས་ 275a ༄#། །ཀར་ལ། །ལན་བདུན་བསྔགས་ནས་ཕྱོགས་བཞིར་གཏོར། །ས་ཕྱོགས་ཉེ་རིང་གང་དུ་ཡང ། །མཚམས་གཅོད་པ་ཡི་མཆོག་ལགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ནཱ་བྱཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མཿ ་སརྦ་ཏ་ཐཱ་ག་ཏ་བྷྱཿ ། ཨརྷ་ཏེ་བྷྱཿ ། སམྱཀྶཾ་བུདྡྷེ་བྷྱཿ ། ན་མ་ཨཱར་བ་ལོ་ཀི་ཤཝ་རཱ་ཡ། བོདྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྷྱ་ཐཱ་ཨོཾ་བོ་ཏི་བི་ཏི། ཏི་ཊེ་ཏི་ཊེ། བ་དེ་བ་དེ། ཀ་ཙ་ཀ་ཙ། བྷ་ག་ཝཱ་ན། ཨཱ་རྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། སརྦ་སཱ་དྷ་ནཾ་སཝཱ་ཧཱ། སྐུ་སོགས་སླར་ཡང་སྤྱང་དྲང་དང ། །རང་ཉིད་གནས་ནས་ལྡོག་དོན་ཕྱིར། །ཆུ་ལ་ལན་བདུན་བཏབ་པ་ཡིས། །བཀྲུས་ནས་དགོངས་པ་དེ་དག་འགྲུབ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མཿ ། སརྦ་ཐ་ཐཱ་ག་ཏེ་བྷྱཿ ། ཨརྷ་ཏེ་བྷྱཿ ། སམྱཀྶཾ་བུདྡྷེ་བྷྱཿ ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་བཛྲ་ཧཱུཾ་ཧྲིཿ ་ཧོཿ ། །འཇིག་རྟེན་འཕོ་ལ་རབ་དགའ་བས། །ཟས་སྐོམ་བྱིན་གྱིས་བརླབ་པའི་སྔགས། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས་།སྐུ་གསུང་ 275b ཐུགས་ཀྱི་རྡོ་རྗེ་ལས། །མགོན་པོ་ཞལ་ནི་བཅུ་གཅིག་པའི། །རྩ་བའི་རིག་སྔགས་འདི་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏ་སམྱཀྶཾ་བུདྡྷ་ཡ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། ཨརྷ་ཏེ་བྷྱཿ ། སམྱཀྶཾ་བུདྡྷེ་བྷྱཿ ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོདྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ། ཎི་ཀཱ་ཡ། ཏདྱ་ཐཱ། ན་མཿ ། སརྦ་བྱཱུ་ཧ་བི་ཧི་སརྦ་ཨཧཾ་བུདྡྷེ་པྲ་ཤྲ་བ་ཀ་སཾ་གྷེ་བྷྱཿ ། ན་མོ་རཏྣ་ཏྲ་ཡོ་ཡ། ན་མ་ཨཱརྱ་ཛྙཱ་ན་ས་ག་ར་བཻ་རོ་ཙ་ནཱ་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མཿ ་སརྦཏ་ཐཱ་ག་ཏཱེ་བྷྱཿ ། ཨརྷ་ཏེ་བྷྱཿ ། བུདྡྷེ་བྷྱཿ ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་བྷ་ཡེ་དྷ་ན། སརྦ་པ་ཏ་གྷ་ར་ཏྭ་ན་ཀ་ར། སརྦ་ཨཱ་རྱཱ་ཡ་ག་བ་པཉྩ་ཤ་ཤ་མན་ཀ་རཾ། སཾརྦ་སརྦ་པཱ་པཾ་ནཱ་ཤའ་ཡ་ཀ་རཾ་སརྦ་བྷྱ་ད་བེ་ཏ་ལ། པི་ཤ་མརྡྷེ་ན། དུ་རྡ་སཱ་ད་ནེ། དུར་ནི་མི་ཏཾ། སརྦ་བིགྷྣཾ་བི་ནཱ་ཡ་ཀཱཾ་ན། བོ་དྷི་ས་ཏྭ་ཀ་རཾ། པ་ཙ་ཙ་ཀྲ། དུར་བྷེ་ཀཥ། ཤ་ཀེ་བྷ་ཡ་ནི་ར་ཀ་རཾ། སཱ་དྷི་པ། ནཱ་ག། ཡཀྵ། གནྡྷརྦ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་རཱ་གི། སརྦ་ཙྪེ་ད་ན་ཀ་རཾ། སརྦ་པི་ཤཱི་ཀེ་ཊ་བྷ། སུཀྵ་དྷ་ག་དྷ། ཀྲཙྪ་ཀ་ལི་ར། བེ་ཌ་ལི། ། ་ 276a ༄#། །གྷ་ལ། བི་ནཱ་ཤ་ཀཱ་ར་ཡཾ། ན་མོ་ནཱ་ཐཱ་མ་ཧཱ་ཀ་རུ་ཎི་ཀ། ཨེ་ཀ་ད་ཤ་མུ་ཁཾ། ས་ཧ་སྲ་བྷུ་ཛཾ། ས་ཧ་སྲ་ནེ་ཌཾ། ཏདྱ་ཐཱ། །ོཾ་ཛ་ཀ་རི། ཡུ་དིཏ་ཧཱ་རི་ཎ། །བི་ཙི་ཏྲ་མུ་ཁི། །ེ་ཀ་ས་མུ་ཁ། །སརྦ་ས་གྷ་མཧཱ་ར་ཎི་ཛ་མུ་ཏྟེ། ས་ཧ་སྲ་བྷུ་ཛ་མ་ཧཱ་ནེ་ཏྲཾ། མ་ཧཱ་ཤྲཱི་ནི་ན་ལ་ཀཱ་ར། མ་ཎི་ཀུཎྜ། ས་ས་ན་དྷ་ཧཱ་ས་ན་ཏྟེ། བི་ཙིཏྟ་མུ་ལ་དྷ་རེ། ཙནྡྲ་སཱུརྱ། ཨ་ཏི་རེ་ཀ་།ཱ་ཀཱ་ཤ་ག་ག་ན་ཙ་རི་ཎི། མཾ་ག་ལ་ཤ་རི་ཛེ་མུ་ཏེ་བེ་བིཏྟ་བི་ན་མཾ་ག་ལེ། བྷུ་ཏི་མཾ་ཏྲཾ་ཀཱ་ར་ཎི། །ཙུ་རུ་ཙུ་རུ་ཤཝེ་ཏ་པཱ་ཏེ། མུ་རུ་མུ་རུ། །ཤཏྟ་ཨ་བ་ནཏྟེ། ཧུ་རུ་ཧུ་རུ། བྷ་བིཏྟ་མུ་ཁི། །ཀུ་རུ་ཀུ་རུ། །ཙི་ཏྲ་མུ་ཁི། ཨཱ་དི་དྱ་པཱ་ཤ་པ་ར་ཎི་ནི། །ཛམྦྷ་ནི། མཾ་གྷ་དྷ་ནི། སརྦ་པཱ་ཎ་ཎི། སརྦ་པརྱ་རཾ་བྷེ། མ་ཧཱ་ནི། ཨ་མོ་གྷ་པཱ་ཤ་ཧ་སྟ། སརྦ་བྷ་ཡ་པོ་ཙ་ཡོ་ནི་རྩ་རི། ཨགྣི་བི་ཤཝ། ཨུ་ད་ཀ། བ་ཡ། པྲ་ཤ་མ་ནི། ཀ་ཁོདད་ནི། པཱ་ན། ཨོཾ་ཧི་རི་ཧི་རི། ཛ་ཡ་ཀ་རི།་བ་ལ་ཀ་རི། དྷ་ན་ཀ་རི། ཏེ་ཛ་ས་ཀ་རི། བྷི་བ་བྷི། པྲ་ཤ་མ་ནི། ཡུདྡྷ་ནི་པ་ར་ཙ་ཀྲ་ཤ་མ་ཎི་ནི་པ་ར་སྱ། བི་ན་ནི། མུ་དོ་ཏ་ཏེ་ར་ནི་པྲ་བྷུ་ན་བྷེ་ལ། མ་ཎི་མ་ཎི་མ་ཧཱ་མ་ཎི། མ་ཎི་དྷ་རེ། ཏྲེ་ལོ་ཀཱ། ཨ་ལཾ་ཀ་ཀ་རི་ཧི་པུ་རྞ་ཀ་རི། ཏྲི་པཱུ་རྞ་ག་བི་དཾ་ས་ཎི། བ་ར་བྷེ་ན། བི་ཏྟྲི་པཱ་ཎི་ནི། སརྦ་བིརྱ་ཀ་རྨ་ཎི། སུ་ད་ནི། སརྦ་བྱཱུ་དྷི་ནི། པྲ་ཤ་ 276b མ་ཎི་སཝཱཧཱ། ཨོཾ་ཙི་ལེ་མི་ལེ་སཝཱཧཱ། ཙི་ལི་ཙི་ལི་སཝཱཧཱ། མི་ལི་མི་ལི་སཝཱཧཱ། སི་ལི་སི་ལི་སཝཱཧཱ། ཙི་ལི་ལི་ཙི་ལི་ལི་སཝཱཧཱ། ཙིནྟྲ་ལི་མ་ཏི་ནི་སཝཱཧཱ། ཨུརྡྷ་ཀེ་ཤ་བི་ག་ལ་ཀེ་ཏོ་དྷེ་མ་ནུ་མུ་ཁི་སཝཱཧཱ། ཨོཾ་ཀ་ར་ཀ་ར། ཙ་ར་ཙ་ར། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མུཉྩ་མུཙྙ་མུཉྩ་ཡ། མུཉྩ་ཡ། པྲ་ཤཱ་མ་ཡ། ཡུ་དྷོད་དྷཱ་རཱ་ཎི་སཝཱཧཱ། ཙིནྟ་ནི་ར་མཱ་ལ་ཀ་རི་ཕཊ། ཨ་སུ་ར་ན་རི་ཀི་ཏི་ཧ་ཕཊ། ཛ་ཡ་ཀ་རི་ཕཊ། སྐ་ཏི་རི་ཕཊ། ས་ཧ་སྲ་བྷུ་ཛེ་ཕཊ། ས་ཧ་སྲ་ནེ་ཏྲ་ཕཊ། སརྦ་བྷ་དྲ་དྷ་ར་ན་མཿ ་ཏྲེ་ཏེ་ཕེཊ། སརྦ་བྷ་ཡ་བི་མོ་ཀཥ་ཎི་ཕཊ། མ་ར་ཙ་ཀྲ་ན་པ་ར་ཎི་ཕཊ། པ་ར་སེ་ནྱ་སི་གྲུ་པ་ཎི་ཕཊ། སརྦ་ཀྲྀ་ཏྱ་ཀ་མ་སི་དུ་ནི་ཕཊ། སརྦ་བྱཱ་དྷི་པྲ་ཤ་མ་ནི་ཕཊ། སརྦ་བྱ་དྷི་བི་ནཱ་ཤ་ཡ་ཕཊ། སརྦ་གྲ་ཧོ་ཏ་ཙིཚ་ནྡ་ནི་ཕཊ། རཀྵཀ་མཾ། སརྦ་བུདྡྷ་བོ་དྷི་ས་ཏྭ་ནཱཾ། ས་པ་ར་ས་པ་ར། ནཾ་ཏེ་ཙ་ཤ་ཏི་ས་མ་ནཱཾ། སརྦ་པྲ་ཡ་པྲ་ཏ་བྷྱཿ ། སརྦ་ཡུཏྟེ་བྷྱཿ ། དུས་ཏྲི་ཏེ་བྷྱཿ ། སརྦ་ཏྲི་ཏྟ་ཀ་ཁོ་རྡ་སརྦ་བེ་ཤེ་བྷྱཿ ། སརྦ་ཀཱ་ཡ་བཱཀཙི་ཏ་ཏེ་སི་ཙེ་བྷྱཿ ་རཀྵ་རཀྵ་མཾ་སཝཱཧཱ། ས་ཧ་ས་ཧ་ཛེ། ས་ཧ་སྲ་ནི་ཏྲ། ཨེ་ཀ་ད་ཤ་མུ་ཁི། ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཝཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིདྡྷྱ་ནྟུ་མེ་མནྟྲ་པཱ་ད་ནི་སཝཱཧཱ། རྗེ་བཙུན་ཞལ་ནི་བཅུ་གཅིག་པའི། །སྔགས་འདི་ཡོན་ཏན་མཐའ་ཡས་ཏེ། །གང་ལ་འདི་ནི་གཙུག་ 277a ༄#། །ཏོར་དུ། །ཡིད་བཞིན་ནོར་བུ་ཐོགས་དང་མཚུངས། །འཆང་དང་ཀློག་པར་བྱེད་པ་དེས། །མཐའ་ཡས་ཡོན་ཏན་རྙེད་པར་འགྱུར་ནད་དང་གདོན་རྣམས་སེལ་བ་དང ། །ཁྱད་པར་དུ་ནི་སྡིག་ཀུན་འབྱུང ། །བ་དཀར་མོ་ཡི་བདུད་རྩི་ལྔས། །མཎྜལ་འཇམ་པོ་ལྔ་བྱུགས་ལ། །གཙང་སྤྲ་ལྡན་པས་དབུས་སུ་ནི། །ཤིང་སྐུ་རིང་བསྲེལ་ལྡན་པ་བཞག་།གཞན་ཡང་རིང་བསྲེལ་ལྡན་པ་ཡི། །སྐུ་གདུང་བཞི་ནི་ཕྱོགས་བཞིར་ཏེ། །ཚད་ལྡན་པ་ཡི་བུམ་པ་ནི།། ལྔ་པོ་དབུས་དང་མཚམས་སུ་སྟེ། རིགས་ལྔའི་མདོག་དང་ཕྱག་རྒྱ་ཅན། །སྣ་ཚོགས་རྒྱན་དང་མཆོད་པ་དང ། །སྲད་བུ་ཐ་དད་བྲི་བར་བྱ། །ཅི་འདོད་ཕྱག་རྒྱ་བྲིས་བྱས་ཏེ། །ཚེས་གཅིག་ནས་ནི་བཅུ་བཞིའི་བར། །འདོད་ལ་དམིགས་ནས་སྔགས་བརྗོད་དེ། །བཞི་ཁྲི་རྫོགས་ནས་བཅོ་ལྔ་ལ། །འདོད་པ་གསོལ་གདབ་ཁྲུས་བྱས་ནས། ། ཅི་འདོད་མྱུར་དུ་འགྲུབ་པ་དང ། །བདུད་དང་བར་དུ་གཅོད་བ་དང ། །རྣམ་པར་འཚེ་དང་མི་མཐུན་པ། །ཁྲུས་ཀྱིས་ངེས་པར་སེལ་བར་འགྱུར། །སྔགས་བརྗོད་ཡོན་ཏན་མཐའ་ཡས་རྣམས། །བསྡུས་ནས་སྒྲུབ་པོ་ལ་ལྡན་འགྱུར། །མགོན་པོ་སྤྱན་རས་གཟིགས་དབང་གི་།སྔགས་གང་བརྗོད་པ་ཙམ་ལ་ཡང ། །གཤིས་ 277b ངན་ཤི་བ་བཅོ་ལྔ་མེད། །སྐྱེས་བཟང་བཅོ་ལྔ་ཐོབ་པར་འགྱུར། །མུ་གེ་རྒྱལ་པོའི་ཆད་པ་དང ། །དུག་དང་མཚོན་དང་གཡུལ་འགྱེད་དང ། །སྟག་སོགས་སྦྲུལ་སོགས་གཅན་གཟན་གདུག་།དུག་ཅན་ཟས་དང་མེ་ཆུས་འཆི། །སྲོག་ཆགས་མདུན་དུ་ཉལ་ཉེས་དང ། །གཡེང་བྱེད་དང་ནི་ལྷ་འདྲེས་གཙེས། །གསོར་མི་རུང་དང་བདག་ལྕེབ་རྣམས། །དེ་ལ་ནམ་ཡང་མི་འཇིགས་སོ། །རྒྱལ་པོ་ཆོས་ལྡན་ཡུལ་སྐྱེ་ཞིང ། །འཕགས་པ་བཞུགས་དང་དུས་བཟང་ཡུལ། །བཤེས་གཉེན་བཟང་དང་དབང་པོ་ཚང ། །དགེ་ལ་དགའ་ཞིང་ཚུལ་ཁྲིམས་ལྡན། །དྲན་ཁོམ་བཟང་ཞིང་ནོར་མང་རྟག་།གཞན་གྱིས་བཀུར་ཞིང་དགོས་འདོང་སྦྱོར། །སེམས་བདེར་འཇིག་རྟེན་སྐྱོང་བས་སྲུང ། །སངས་རྒྱས་ཞལ་མཐོང་དོན་བཟང་རྟགས། །གཞན་ཡང་དམན་ལ་བྱམས་སེམས་བསྐྱེད། །སྙིང་རྗེ་མཆི་མ་འཁྲུག་པ་དང ། ། ཡོན་ཏན་དྲན་ནས་སྤྲོ་བ་དང ། །དཀོན་མཆོག་གསུམ་ལ་དང་པ་དང ། །ཕུལ་དུ་བྱུང་བའི་བློ་ཡིས་འཕེལ། །ཚུལ་བཞིན་མ་ཡིན་ཡིད་བྲལ་དང ། །བཀའ་ལུང་སྔ་སྣོད་དད་པ་རྣམས། །ཡང་ནས་ཡང་དུ་སྐྱེ་བར་འགྱུར། །ཇི་ལྟར་སྤྲོས་པའི་གནས་མཐོང་ན། །སྔགས་འདི་རང་བཞིན་མེད་པར་བྱས། །ོཾ་ས་བྷ་ཝ་ཤུདྡྷཿ ་སརྦ་ 278a ༄#། །དྷརྨཿ ་སཝཱ་བྷ་ཝ་ཤུདྡྷོ་ཉཧཾ། འཛིན་པ་དག་པོའི་བློ་བྱུང་ཚེ། །སྔགས་འདིས་སྟོང་པ་ཉིད་དུ་བྱ། །ོཾ་ཤཱུ་ཉ་ཏཱ་ཛྙཱ་ན་བྫྲ་སཝཱ་བྷ་ཝ་ཨཱཏྨ་ཀོ་ཉ་ཧཾ་གང་གིས་ལུས་ངག་ཡིད་གཡོ་ན། །སྔགས་འདིས་བརྟན་པར་བྱིན་གྱིས་བརླབ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀིཙཏྟ་བྫྲ་སཝ་བྷ་ཝ་ཨཱཏྨ་ཀོ་ཉ་ཧཾ། གང་ལ་གནོད་ཡོད་སེམས་ལྡན་དང ། །ངན་གིས་ས་གཞི་བགེགས་ཡོད་པ། །བསལ་ཕྱིར་སེང་ལྡེང་དཀར་པོ་ནི། །བྲག་ལས་སྐྱེས་ཤིང་གཞོན་པ་ལས། །སོར་དྲུག་ཚད་ལྡན་ཕུར་བུ་ནི། །བརྗིད་ལྡན་རྩེ་མོ་རྣོ་དཔལ་ཅན། །མགོ་བོ་རྐེད་པ་བརྒྱ་མདུད་ཚུལ། །སོར་ཚད་ཕྱེད་ཕྱེད་ལྡན་པ་ལ། །ཟུར་ནི་བཅུ་དྲུག་རྐེད་པ་ལ། །སོར་གཉིས་ཟུར་བརྒྱད་ལྡན་པའོ། །སོར་གསུམ་ཟུར་གསུམ་རྩེ་རྣོ་བ། །དཔལ་མཐོ་ཅུང་ཟད་པར་རེག་པ། །ངོས་དང་སྐབས་ནི་ཟབ་པ་སྟེ། །སྔགས་ཀྱི་བྱིན་རླབས་ལྡན་པ་བརྒྱད། །ཁང་པའི་ཟུར་དང་ཕྱོགས་བཞི་བོར། །གཡས་སུ་ཕྱོགས་པ་གཟུགས་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མ་ཨཱརྱ་ཛྙཱ་སཱ་ན་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏཱ་ཨརྷ་ཏེ་བྷྱཿ སམྱཀསཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མ་ཤྩཎྜ་ 278b བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྚྷ་ཏི་ཥྚྷ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་མྲྀ་ཏེ་ཧཱུཾ་ཕཊ། ལྟས་ང་ཐམས་ཅད་འཇོམས་པ་དང ། །གནས་ཁང་བྱིན་གྱིས་བརླབས་པ་དང ། ཚེ་དང་ལོངས་སྤྱོད་རྟག་པ་དང ། དལ་འབྱོར་ཕུན་སུམ་ཚོགས་པ་དང ། །དང་པོ་ཐལ་མོ་སྦྱར་བྱས་ཏེ། ཕྱིས་ནི་ལག་གཡོན་སྡིགས་མཛུབ་བཅས། །ོཾ་དང་ཨ་ལ་ལ་ལ་ཧོ། །ཞེས་ནི་བརྗོད་ཅིང་ཁང་པ་ཡི། །ནང་དུ་འཇུག་པ་ཁྲོ་བོར་བཅས། །དེ་ནས་ཧཱུཾ་སྒྲས་སེ་གོལ་གཏོགས། །དེ་ནས་ཨོཾ་ཨཱཿ ་བཛྲ་དང ། །སྠ་ན་པ་ཎི་བྷྱཿ ་ཨ་ཧཾ། རཀྵ་རཀྵ་ཧཱུཾ་ཕཊ་བརྗོད། །ཤིན་ཏུ་འཇམ་པའི་གདན་ལ་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ནས། །བསྲངས་ཏེ་མིག་ནི་སྣ་རྩེར་ཕབ། །དལ་བའི་རླུང་ལྡན་རྐན་ལ་ནི། །ལྕེ་ཡིས་ཅུང་ཟད་རེག་པར་བྱ། །ལྟེ་བ་ཅུང་ཟད་འཁུམ་པ་ཡིས། །སེམས་ནི་བག་ཡོད་གནས་པར་བྱ། །རྟག་པ་མ་ཡིན་མི་རྟག་མིན། །གཙང་བ་མ་ཡིན་མི་གཙང་མིན། །བདེ་བའང་མ་ཡིན་སྡུག་བསྔལ་མིན། །བདག་དང་ངར་མིན་བདག་མེད་མིན། །བླང་དང་དོར་བའི་འཇིག་ཚོགས་མིན། །སེམས་མ་ཡིན་ཞིང་སེམས་བྱུང་མིན། །ཕུང་ཁམས་སྐྱེ་མཆེད་མེད་མ་ཡིན། །ཡོད་མིན་རྟག་མིན་ཆད་པ་མིན། །མུན་པ་མ་ 279a ༄#། །ཡིན་ཤེས་རབ་མིན། །འགྲོ་མིན་འོང་མིན་གནས་མ་ཡིན། །སྣ་ཚོགས་སྤྲིན་གློག་དུ་བ་ནི། །འདོད་གཟུགས་དུ་མ་སྒྱུར་བྱེད་པ། །མཁའ་བྱུང་ནམ་མཁའ་ལ་ནི་ཐིམ། །འགྲོ་འོང་སྟོན་པ་འདོད་བསྐུལ་བ། །མེད་མོད་ན་ཡང་དེ་ལྟར་སྤྱོད། །ཡུལ་གྱིས་མ་སྐྱེས་དབང་པོ་མིན། །དུས་ཀྱིས་མ་ཡིན་གཏན་གྱིས་མིན། ། རྒྱུ་དང་དེ་བཞིན་རྟེན་གྱིས་མིན། །གནས་སྐབས་གཞན་ཡང་དེ་ལ་མེད། །དེ་ལ་སེམས་པའི་སེམས་ཉིད་ཀྱང ། །གང་ནས་མི་འོངས་གར་མི་གནས། །གར་ཡང་མ་སོང་བརྟགས་ན་སྟོང ། །བརྟག་པར་བྱེད་པ་རྟོག་པ་ཙམ། །དངོས་རྣམས་བརྟགས་པ་མིང་ཙམ་སྟེ། །ཀུན་རྫོབ་ཙམ་དུ་མིང་ཡིག་ལ། །བརྟེན་ནས་རང་གི་སེམས་བཟུང་ན། །དྲོད་ཀྱི་བཞི་པ་དང་པོར་གཟུང ། །ཕྱུང་བའི་གཉིས་པ་དེ་ལ་བརྟེན། །དེ་ལ་དང་པོ་གཉིས་པས་བསྐོར། །དང་པོའི་བཅོ་ལྔས་མནན་པ་སྟེ། །བཅུ་དྲུག་པ་ནི་གྲོགས་སུ་གཞག་།ཡི་གེ་དྲུག་ལ་གྲུབ་པ་ནི། །སངས་རྒྱས་དྲུག་གི་རང་བཞིན་ཏེ། །འོད་ཟེར་རྣམ་པ་དྲུག་དང་བཅས། ། རླུང་དྲུག་གིས་ནི་དབང་བྱས་ནས། །ཡུལ་ནི་རྣམ་པ་དྲུག་ལ་འཇུག་།ཡུལ་དྲུག་དག་གིས་དབང་བྱས་ནས། །ཉོན་མོངས་རྣམ་པ་དྲུག་དང་བཅས། །ཉོན་ 279b མོངས་རྒྱས་པར་འགྱུར་བ་ཡིན། །ཕུང་པོ་རྣམ་པ་དྲུག་དང་ལྡན། །ཕུང་པོ་གྲངས་ཀྱི་དབྱེ་བས་ནི། །ཡན་ལག་དྲུག་དྲུག་འཕེལ་བར་འགྱུར། །ཡན་ལག་རྫོགས་པའི་གྲིབ་མས་ནི། །རང་བཞིན་དག་པའི་སེམས་སྒྲིབ་བྱེད། །སྒྲིབ་གཉིས་གོ་བས་མཐུག་པོ་ནི། །བསལ་དཀའི་རི་བོ་དང་བཅས་པ། །རྟག་ཆད་གནས་སུ་ཞུགས་པའོ། །སྲོག་རྩོལ་བསྡམས་པའི་སྦྱོར་བ་ཡིས། །ཕྱི་རོལ་སྣང་བ་ནུབ་པར་འགྱུར། །རྩོལ་དང་བྲལ་ནས་དགའ་སྐྱེ་སྟེ། །ཡི་གེ་ལ་ནི་སེམས་གནས་འགྱུར། །ཡི་གེ་གསལ་བའི་འོད་ཟེར་ནི། །བ་སྤུ་ཁུང་རྣམས་ཐམས་ཅད་ནས། །སེམས་དང་བཅས་པ་ལྡང་འཇུག་སྟེ། །སླར་ཡང་ཐིག་ལེ་བསྡུས་ནས་ནི། །ཡི་གེ་ཉིད་ཀྱང་མི་དམིགས་སོ། །འཛིན་པ་དེ་ལས་ཐོས་ནས་ཀྱང ། །སྒྱུ་མའི་རྣམ་པ་རྗེས་སུ་དྲན་བྱ། །དེ་ལ་གོམས་ནས་ཏིང་འཛིན་ནི། །ཉམས་པ་མེད་པ་ཐོབ་པར་འགྱུར། །ཏིང་འཛིན་དེ་བརྟན་གྱུར་ནས་ནི། །ལུས་འདིས་རིག་པ་འཛིན་པ་ཐོབ། །རིག་འཛིན་དེ་ལ་གནས་ནས་ནི། །བླ་མེད་བྱང་ཆུབ་དེ་ཐོབ་འགྱུར། །སྐད་ཅིག་དེ་ལ་དངོས་རྣམས་ནི། །ནམ་མཁའ་ལྟ་བུར་དག་ནས་ཀྱང ། །མཁའ་ལྟར་ཀུན་ལ་ཁྱབ་པར་སྤྱོད། །རྟེན་ནི་སྤྱན་རས་གཟིགས་དབང་སྟེ། །ལུས་ནི་འཕགས་པ་འཇམ་དཔལ་ལོ། ། 280a ༄#། །ཡན་ལག་ཕྱག་ན་རྡོ་རྗེ་སྟེ། །མགོ་དང་ཐོད་ནི་མ་ཕམ་པ། །གཙུག་ཏོར་སྒྲིབ་པ་རྣམས་སེལ་ཉིད། །ཉི་ཟླ་ཀུན་ཏུ་བཟང་བོ་སྟེ་ཤས་ཆུ་མེ་རླུང་ནམ་མཁའ་དང ། །རྣམ་ཤེས་ཉིད་དང་བཅས་པའོ། །ཐམས་ཅད་དབྱེར་མེད་འགྱུར་བ་སྟེ། །བསམ་གཏན་ལ་ནི་གནས་པའི་ཕྱིར། །སྩལ་རྣམས་སོ་སོར་བསྡུ་བར་བྱ། །སེམས་ཀློང་པས་ནི་ངེས་པར་འགྲུབ། །འདས་དང་མ་འོངས་ད་ལྟར་གྱི། །དུས་ནི་རྟག་པ་མ་ཡིན་ཏེ། །མི་རྟོག་སེམས་ཉིད་འབྲེལ་གྱུར་ནས། ། དུས་ལ་ཐ་དད་མི་རྟོག་གོ། །ཉི་མའི་འཁོར་ལོ་ཆུ་རྒྱུན་དང ། །ནམ་མཁའི་ཕྱོགས་ནི་ཇི་ལྟ་བར། །སེམས་ཀྱང་སེམས་ཀྱིས་བཙལ་བར་བྱ། །གཞན་ནི་གོ་སྐབས་མི་འབྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། །ཐུན་མོང་གི་སྔགས་བྱུང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དྲང་སྲོང་གནས་ནས་ནི། །སྣ་ཚོགས་གཟུགས་ལྡན་ཞེས་བྱ་བ། །བསྐལ་པ་དུ་མར་སྦྱངས་པ་ཡི། །བྱང་ཆུབ་སེམས་དཔའ་རིག་འཛིན་ཞིག་།རྒྱ་ཆེར་རང་གི་འཁོར་བཅས་ལ། །དཀྱིལ་འཁོར་དྲུག་ཏུ་ལྷགས་ནས་ནི། །རྨད་བྱུང་ཆེན་པོའི་ཚོགས་ཀྱིས་མཆོད། །ཕྱག་ 280b འཚལ་བསྐོར་བ་དུ་མ་བྱས། །ཐལ་སྦྱར་འཛུམ་པའི་མདངས་ཀྱིས་ནི། །སྟོན་པ་ལ་ནི་འདི་སྐད་གསོལ། །ོཾ། །མཐའ་ཡས་སྤྲོས་པ་ཉེར་ཞི་ཞིང ། །ཞི་མཛད་དུ་རབ་སྤྱོད་མཛད། །རྟོག་བཅོམ་རྟོག་མཁྱེན་རྟོག་ཡོངས་ཞུགས། །ཡེ་ཤེས་ཀུན་རྒྱལ་ཕྱག་འཚལ་ལོ། །ཞི་ལས་ཞི་གྱུར་མཐའ་འབྱུང་བ། །ཆོས་རྣམས་ཀུན་མཆོག་ཞི་ཆོས་ཆེ། །སྤྲོས་མེད་ལས་སྤྲོས་དཀར་བཅུ་བྱ། །མཐའ་ཡས་ཆོས་ལ་ཕྱག་འཚལ་ལོ། །གྲོལ་གྱུར་གྲོལ་མཛད་དག་པ་ཆེ། །དག་པར་སྤྱོད་པ་གཙང་མ་མགོན། །ཚོགས་རྫོགས་ཚོགས་ལྡན་ཚོགས་སྤྱོད་རྒྱལ། །ཚོགས་རྟག་བདག་ཉིད་ཕྱག་འཚལ་ལོ། །རབ་མཛེས་ཐུགས་རྗེའི་ཉི་མས་བརྒྱན། ། འཇིག་རྟེན་རབ་གསལ་མཛད་པའོ། །རྟག་པ་དོན་ཆེན་རྟག་ཞུགས་ལ། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །ཁམས་གསུམ་བག་ཆགས་ཀྱིས་དཀྲུགས་པ། །ཐིབས་པོའི་ལིང་རྟོག་ཞུགས་པ་རྣམས། །མངོན་དུ་སྣང་བར་བརྗོད་པ་དང ། །སེམས་ལ་གསལ་མྱུར་ཤིན་ཏུ་དགའ། །མངོན་སུམ་མེད་ལ་བརྗོད་བྲལ་ཡང ། ལྐོག་ཏུ་གྱུར་པ་སྨོས་ཅི་དགོས། །ཀློག་དོན་མངོན་དུ་བྱེད་པ་ལ། །ཕྱག་རྒྱ་དང་ནི་འདྲ་འབག་མཆོག་།མངོན་སུམ་ཐོབ་ལྡན་མིང་ 281a ༄#། །ནས་ཀྱང ། །དོན་ལ་སེམས་ཀྱི་གསལ་བ་སྐྱེ། །དོན་གང་ཡང་ཡང་གོམས་པ་ལས། །སེམས་ཀྱི་འཇུག་པ་རྟོག་པ་སྟེ། །དེ་གསལ་མི་རྟོག་བློ་འབྲས་བུ། །སྒོམ་པའི་ཕ་རོལ་ཕྱིན་པའོ། །བློ་དམན་རྣམས་ཀྱིས་འཇུག་པ་དང ། །འབྲིང་པོ་འགྲོ་བར་བྱ་ཕྱིར་དང ། །རྣོན་པོ་རྫོགས་སངས་རྒྱས་འགྱུར་ཕྱིར། །གཟུགས་བརྙན་བྱུང་ཚུལ་བཤད་དུ་གསོལ། །མྱུར་དུ་འཇུག་དང་གྲོལ་བ་དང ། །མྱུར་དུ་བྱང་ཆུབ་ཆེར་འགྱུར་ཞིང ། །གཟུགས་བརྙན་དགེ་བའི་ཚུལ་འབྱུང་ཅན། །འདྲེན་པས་དེ་རིང་བཤད་དུ་གསོལ། །མཁའ་སྦྱིན་རྟོག་པ་མེད་པ་ལ། །མཚན་མར་གཟུང་དུ་མེད་པ་ལྟར། །རྣམ་རྟོག་གིས་དཀྲུགས་སེམས་ལ་ནི། །སུ་ཞིག་མཚན་མར་འཛིན་པར་འགྱུར། །དམིགས་པའི་མཚན་མ་གསལ་བྱེད་པ། །གཟུགས་བརྙན་ཚད་དང་ལྡན་པ་སྟེ། །ལེགས་པར་འགྱུར་བའི་ཡིད་འཇུག་ཅིང ། །བྱིན་རླབས་ངེས་པར་འཇུག་པར་འགྱུར། །དེ་ནས་བཅོམ་ལྡན་འདྲེན་པ་གཙོས། །ལྗགས་ཀྱི་དབང་པོ་རབ་བཀྲམ་ནས། །གཟུགས་བརྙན་དགེ་བའི་ཚུལ་བྱུང་བ། །ང་ལས་མཉན་པར་བརྩོན་པ་ནི། །ལེགས་པ་ལྷ་ཡི་དྲང་སྲོང་མཆོག་།རིག་འཛིན་ 281b བྱང་ཆུབ་སེམས་ཁྱོད་ལེགས། །རྩེ་གཅིག་སེམས་ཀྱིས་ཉན་ནས་ཀྱང ། །ལེགས་པར་གསུངས་པ་ཡིད་ལ་ཞོག་།ཁྱོད་ལ་ཡང་དག་བཤད་བྱ་བ། །བྱིན་རླབ་དགྱེས་པའི་གཟུགས་བརྙན་དང ། །ཚོན་གྱིས་རིས་སུ་བྲིས་པའམ། །རིན་ཆེན་རིགས་སམ་ས་རྡོའམ། །ཤིང་ལ་བྱས་ན་མཆོག་ཏུ་བསྔགས། །དང་པོའི་ལས་ཅན་སེམས་ཅན་ལ། །དམིགས་པ་གསལ་བར་འགྱུར་པ་དང ། །བྱིན་རླབས་མཆོག་ནི་འཇུག་པར་འགྱུར། །ཙནྡན་དཀར་པོ་གསལ་ཞིང་དྲང ། །གཞོན་ཞིང་ཆག་པ་མེད་པ་ལ། །བསང་ཞིང་དུད་པས་བདུགས་ནས་ནི། །དད་ལྡན་ངང་ཚུལ་བཟང་བས་གཞག་།འཇིག་རྟེན་དབང་ཕྱུག་མགོན་གྱི་སྐུ། །བཅོ་བརྒྱད་སོར་ཚད་ལྡན་པ་ལ། །གདན་ཁྲི་དག་ནི་སོར་དགུ་སྟེ། །རྒྱབ་ཡོལ་སོར་ཚད་དྲུག་གིས་བསྐྱེད། །བཞེངས་ཏེ་ལྡེམ་བག་ཉམས་དགའ་བ། །རིན་ཆེན་དུ་མའི་གཟུགས་ཀྱིས་བརྒྱན། །གཡས་ཀྱི་དང་པོ་བགྲང་ཕྲེང་སྟེ། །གཉིས་པ་མི་འཇིགས་སྩོལ་པའི་ཕྱག་།གཡོན་པ་དང་པོ་པདྨ་དམར། །གཉིས་པ་རིལ་བ་སྤྱི་བླུགས་ཐོགས། །ཞལ་གྱི་གྲངས་ནི་བཅུ་གཅིག་ལ། །མདུན་གྱི་ཞལ་གསུམ་མཚན་བཟང་ཅན། །བྱམས་པ་སྙིང་རྗེ་དགའ་བའི་མདངས། །དཀར་པོ་ 282a ༄#། །དཀར་སེར་དམར་སྐྱ་འོ། །གཡོན་གྱི་གསུམ་ནི་ཁྲོ་བོའི་ཞལ། །སྒེག་པའི་མདངས་དང་ལྡན་པ་སྟེ། །དམར་དང་དམར་སེར་ལེ་བརྒན་ནོ། །གཡས་སུ་གཏུམ་པའི་ཁྲོ་ཞལ་གསུམ། །སྔོ་དང་སེར་དང་ལྗང་གུའོ། །རྒྱབ་ཏུ་ཁྲོ་གཏུམ་མདོག་དམར་བ། །རྟ་སྐད་རབ་ཏུ་འཚེར་བའི་ཞལ། ། ཁྲོ་བའི་ཞལ་རྣམས་མཆེ་བ་གཅིགས། །མིག་གསུམ་དབུ་སྐྲ་སེར་པོ་ནི། །གྱེན་དུ་ཐོར་ཚུགས་བཅིངས་པའོ། །སྟེང་དུ་སངས་རྒྱས་འཛུམ་པའི་ཞལ། ། བྱི་རུ་བཅག་པའི་མཚན་འདྲ་བའི། །དབུ་ཡི་ཅོད་པན་ནང་རྣམས་སུ། །འདི་དག་ཕྱོགས་བཅུའི་ཐུབ་པ་རྣམས། །རེ་རེ་བཞིན་དུ་བཞུགས་པར་བྱ། །དབུ་རྒྱན་ཅོད་པན་ལྡན་པ་དང ། །རྣ་རྒྱན་མགུལ་རྒྱན་དཔུང་རྒྱན་དང ། །ལག་རྒྱན་སེ་མོ་དོར་བཅས་པ། །དོ་ཤལ་རྐང་གདུབ་སྐ་རགས་ཅན། །རྒྱན་དང་ན་བཟའ་མཛེས་པས་བརྒྱན། །དེ་ནས་ཡང་དག་བཤད་བྱ་བ། །རི་མོ་དག་ལ་དགའ་གྱུར་ནས། །ཡིད་གཞུངས་དལ་སྤྱོད་ཁྲོ་བ་མེད། །སྲེད་ཆུང་ཤེས་རབ་སྙིང་རྗེ་ཆེ། ། ཐབས་ལྡན་རི་མོ་རྒྱུད་ལ་མཁས། །བསམ་པ་བཟང་ལྡན་ཚུལ་ཁྲིམས་སྲུང ། །འདྲི་ཆོས་གཟོ་ལ་གཞུངས་པ་ཡིས། །དབེན་ཞིང་ཉམས་དགའི་གནས་སུ་ 282b བྲི། །གཟུགས་བཟང་ཡིད་དལ་གཙང་ལྡན་པའི། །བུ་མོས་བཀལ་བའི་རས་ལ་ནི། །ཚོན་བཟང་ངུར་སྨྲིག་མདོག་བྱའོ། །འཐས་པར་བཅགས་ཏེ་འཇམ་པོར་བྱ། ། ཐིག་གི་ཕྱོགས་ཆ་བཤད་ནས་ཀྱང ། །སེར་སྐྱ་ཚོན་གྱི་གཟུགས་བརྙན་ནོ། །ཚད་ལ་མཁས་པ་ཚད་ལྡན་པའི། །ནན་ཏན་དུ་ནི་བྲི་བར་བྱ། །དཀར་པོ་ཝ་ཡི་ཤེལ་ཡིན་ཏེ། །དམར་པོ་སེམས་རྩོ་ལི་ཁྲི་འོ། །སྔོན་པོ་རམས་དང་མཐིང་ཤིང་སྟེ། །སེར་པོ་བ་བླ་དག་པ་ཡིན། །ནག་པོ་སྣག་ཚ་ཉིད་ཡིན་ཏེ། །ལྗང་གུ་རམས་དང་ལྡོང་རོས་སྦྱར། །ཡང་ན་སྤང་མ་ཉིད་ཀྱིས་བྱ། །སྨུག་རྩི་རམས་དང་སྐགས་སྦྱར་ཏེ། །གཞན་ཡང་ཅི་རིགས་སྦྱར་བར་བྱ། །སྦྱིན་དང་བྲལ་ན་གྲུགས་པར་འགྱུར། །ཤིང་སྤྱིན་སེར་དང་ཀ་པི་ཏ། །ལོ་མི་ཏ་དང་ཐན་ཛ་ར། །དེ་དག་སོ་སོར་སྦྱར་བ་ཡིས། །གསལ་ཞིང་དཀྲུགས་མེད་དག་པར་བྱེད། ། ཏ་པས་ནི་སྣུན་པར་བྱེད། །གནྟོ་ཧས་ནི་རྟག་པར་འགྱུར། །རྒྱས་པར་གྲུ་བཞི་སྒོ་བཞི་པ། །ཡང་ན་སྒོ་གཅིག་པ་ཡང་རུང ། །དཀྱིལ་འཁོར་ཆ་རིམ་གསུམ་པའམ། །ཡང་ན་གཉིས་སམ་གསུམ་ཡང་རུང ། །དབུས་སུ་གདོང་བཅུ་གཅིག་པ་ནི། །མཛེས་པའི་ལྷ་མོ་བཞི་ལྡན་བྲི། །ཤར་དུ་སྤྱན་རས་གཟིགས་དབང་གི་།དཀྱིལ་འཁོར་རྣམ་སྣང་ 283a ༄#། །གཙོ་བོ་ཅན། །དེ་ཡང་སྤྱན་སོགས་ལྷ་མོ་བཞི། །ཕྱག་བཞི་པ་དང་བཅས་པའོ། །ལྷོར་ནི་འཇིག་རྟེན་དབང་ཕྱུག་གི་།དཀྱིལ་འཁོར་ཤཱཀ་ཐུབ་གཙོ་བོ་ཅན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང ། །འབེབས་པའི་ཕྱག་རྒྱ་ལྡན་པ་འོ། །ནུབ་ཏུ་རིག་མའི་དཀྱིལ་འཁོར་ནི། །སེམས་དཔའ་བཞི་བཞིར་བཅས་པ་འོ། །དབུས་སུ་རྡོ་རྗེ་དབང་མོ་ཡང ། །མདུན་དུ་རྡོ་རྗེ་རྟག་པ་སྟེ། །གཡས་སུ་རྡོ་རྗེ་དཔལ་འབྱུང་ངོ ། །རྒྱབ་ཏུ་རྡོ་རྗེ་དཔག་མེད་དེ། །གཡོན་དུ་རྡོ་རྗེ་དོན་གྲུབ་བོ། །ཤར་དུ་ལྷ་མོ་སྤྱན་མ་ནི། །མདུན་དུ་རྡོ་རྗེ་སེམས་དཔའ་འོ། །གཡས་སུ་རྡོ་རྗེ་རྒྱལ་པོ་འོ། །རྒྱབ་ཏུ་རྡོ་རྗེ་ཆགས་པ་སྟེ། །གཡོན་དུ་རྡོ་རྗེ་ལེགས་པའོ། །ལྷོར་ནི་ལྷ་མོ་མཱ་མ་ཀཱི། །མདུན་དུ་རྡོ་རྗེ་རིན་ཆེན་ནོ། །གཡས་སུ་རྡོ་རྗེ་ཉི་མ་སྟེ། །རྒྱབ་ཏུ་རྡོ་རྗེ་རྒྱལ་མཚན་ནོ། །གཡོན་དུ་རྡོ་རྗེ་བཞད་པ་ཡིན། །ནུབ་ཏུ་ན་བཟའ་དཀར་མོ་ཡང ། །མདུན་དུ་རྡོ་རྗེ་ཆོས་ཡིན་ཏེ། །གཡས་སུ་རྡོ་རྗེ་རྣོན་པོ་ཡིན། །རྒྱབ་ཏུ་རྡོ་རྗེ་རྒྱུ་ཞེས་པ། །གཡོན་དུ་རྡོ་རྗེ་སྨྲ་བ་འོ། ། བྱང་དུ་ལྷ་མོ་སྒྲོལ་མ་ཡང ། །མདུན་དུ་རྡོ་རྗེ་ལས་ཡིན་ཏེ། །གཡས་སུ་རྡོ་རྗེ་སྲུང་བ་འོ། །རྒྱབ་ཏུ་རྡོ་རྗེ་གནོད་སྦྱིན་ཏེ། །གཡོན་དུ་རྡོ་རྗེ་ཁུ་ཚུར་རོ། །འཁོར་ 283b གྱི་བྱང་ཆུབ་སེམས་དཔའ་རྣམས། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་སྟེ། །གཡས་ཀྱི་དང་པོ་རང་རིགས་རྟགས། །གཉིས་པ་ཐམས་ཅད་སྐྱབས་སྦྱིན་ཏེ། ། གཡོན་གྱི་དང་པོ་པདྨ་ཡང ། །ཕྱོགས་ཀྱི་ཁ་དོག་ལྡན་པ་འོ། །གཉིས་པས་ཕྱོགས་ཀྱི་མདོག་ལྡན་པའི། །སྔགས་ནོར་ཕྲེང་ཡང་འཆང་བའོ། །འཁོར་གྱི་ལྷ་མོ་ད་དག་ཀུན། །ཞལ་གཅིག་པ་ལ་ཕྱག་བཞི་པ། །གཡོན་པའི་ཐ་མ་བུམ་པ་འཆང ། །ལྷག་མ་གོང་ལྟར་ཤེས་པར་བྱ། །བྱང་དུ་ཁྲོ་བོའི་དཀྱིལ་འཁོར་ཡང ། །ཁྲོ་མོ་ཞི་བཞིར་བཅས་པ་འོ། །དབུས་སུ་རྡོ་རྗེ་ཧཱུཾ་བྱེད་དེ། །སྔོན་པོ་ཨུཏྤ་ལ་ཡི་མདོག་།མདུན་དུ་སྔོ་བསངས་ཆེན་པོ་སྟེ། །གཡས་སུ་རྡོ་རྗེ་དྲག་མོ་འོ། ། རྒྱབ་ཏུ་རྡོ་རྗེ་བརྗེད་བྱེད་པའོ། །གཡོན་དུ་རྡོ་རྗེ་མཐུ་ཆེན་མོ། །ཤར་གྱི་འཁོར་ལོའི་ཆ་རྩིབས་ལ། །ཁྲོ་བོ་གཤིན་རྗེ་གཤེད་པོ་ནག་།མདུན་དུ་རྡོ་རྗེ་དབང་ཞལ་མ། ། གཡས་སུ་རྡོ་རྗེ་ཁྱབ་འཇུག་མོ། །རྒྱབ་ཏུ་རྡོ་རྗེ་གཞོན་ནུ་མ། །གཡོན་དུ་རྡོ་རྗེ་སྐུལ་བྱེད་མ། །འཁོར་ལོ་རྩིབས་ནི་མཉམ་པ་ལ། །ཁྲོ་བོ་གཞན་གྱིས་མི་ཐུབ་སེར། ། མདུན་དུ་རྡོ་རྗེ་ནག་བྱེད་མོ། །གཡས་སུ་རྡོ་རྗེ་མེ་ཆེན་མོ། །རྒྱབ་ཏུ་རྡོ་རྗེ་ཟླ་བ་མོ། །གཡོན་དུ་རྡོ་རྗེ་རྣོན་པོ་མ། །རྩིབས་གསུམ་རྡོ་རྗེ་གཙུག་ཏོར་གསེར། །རྡོ་རྗེ་ 284a ༄#། །ཁྲོ་མོ་ཁྲག་འཐུང་མོ། །རྡོ་རྗེའི་རླུང་འཛིན་ཆེན་མོ་དང ། །རྡོ་རྗེ་སྣང་བྱེད་མོར་བཅས་པའོ། །ནུབ་ཀྱི་རྩིབས་ལ་རྟ་མགྲིན་དམར། །མདུན་དུ་རྡོ་རྗེ་རྨོངས་བྱེད་མ། །གཡས་སུ་རྡོ་རྗེ་ཞི་བ་མོ། །གཡོན་དུ་རྡོ་རྗེ་ཚོལ་བྱེད་མ། །ལྔ་པའི་རྩིབས་ལ་དེ་བཞིན་དུ། །ཁྲོ་བོ་བགེགས་མཐར་བྱེད་པ་ལྗང ། ། མདུན་དུ་རྡོ་རྗེ་གསོར་བྱེད་མ། །གཡས་སུ་རྡོ་རྗེ་གཏུམ་མོ་ཆེ། །རྒྱབ་ཏུ་རྡོ་རྗེ་རོ་ལངས་མ། །གཡོན་དུ་རྡོ་རྗེ་རེངས་བྱེད་མ། །རྩིབས་དྲུག་འཁོར་ལོར་དྲི་བ་ནི། །རྡོ་རྗེ་གནོད་མཛེས་རྒྱལ་ལྗང་སྔོ། །མདུན་དུ་རྡོ་རྗེ་ཆུ་དབང་མོ། །གཡས་སུ་དངོས་གྲུབ་འབྱུང་བ་མོ། །རྒྱབ་ཏུ་རྡོ་རྗེ་མཚན་མོ་དག་།གཡོན་དུ་རྡོ་རྗེ་མཁའ་དབང་ཕྱུག་།དེ་ལྟར་ཁྲོ་བོ་ཁྲོ་མོ་རྣམས། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་པའོ། །ཁྲོ་བོ་ཕྱག་གཉིས་མདའ་གཞུ་བཀང ། །གཡས་སུ་བེ་ཅོན་ཁ་ཊྭཱཾ་དང ། ། ཐོ་བ་རྡོ་རྗེ་རྒྱ་གྲམ་དང ། །འཁོར་ལོ་གཏུན་ཤིང་རྡོ་རྗེ་རྣམས། །རང་རྟགས་ཕྱག་རྒྱ་འཆང་བའོ། །གཡོན་ན་སྡིགས་མཛུབ་ཞགས་པའོ། །ཀུན་ཀྱང་སྟག་གི་ཤམ་ཐབས་ཅན། །ཁྲོ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །གཡས་ན་གྲི་གུག་ཅང་ཏེའུ་སྟེ། །གཡོན་ན་ཐོང་ཁྲག་ཁ་ཊྭཱཾ་ངོ ། །ཞིང་ལྤགས་དག་གི་ཆོས་གོས་ཏེ། ། 284b གཟིག་གི་པགས་པའི་ཤམ་ཐབས་ཅན། །ཁྲོ་བོའི་གཡོན་ན་སྒེག་པའི་ཚོགས། །དེ་རྒྱབ་ཆ་ཡི་སྣམ་བུ་ལ། །ཕྱོགས་རེར་ལྷ་མོ་བཞི་བཞི་དང ། །དེ་བཞིན་བྱང་ཆུབ་སེམས་དཔའ་བཞི། །ཕྱོགས་རེར་བརྒྱད་བརྒྱད་བཀོད་པ་སྟེ། །སུམ་ཅུ་རྩ་གཉིས་བཞེངས་པའི་ཚུལ། །དེ་བཞིན་བསྐོར་བཞིན་སེམས་མ་མཆོག་།ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང ། །འབེབས་མ་རང་རྟགས་ཕྱག་རྒྱ་གཡས། །གཉིས་པ་མི་འཇིགས་ཕྱག་རྒྱ་སྟེ། །གཡོན་པ་ཕྱོགས་མདོག་པདྨ་དང ། །གཉིས་པ་དར་གྱི་ཆོས་གོས་སོ། །ཀུན་ཀྱང་སྒེག་ཉམས་ལྡན་པར་བྲི། །དེ་རྒྱབ་དཀྱིལ་འཁོར་ཆ་ལ་ནི། །ཤར་དུ་བརྒྱ་བྱིན་གླང་ཆེན་ཞོན། །གཡས་ཀྱི་དང་པོ་རྡོ་རྗེ་སྟེ། ། གཉིས་པ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །གཡོན་པ་ཕྱོགས་མདོག་པདྨ་སྟེ། །གཉིས་པ་རང་མདོག་ཕྲེང་བ་བྲི། །དེ་ཡི་གཡོན་དུ་ཚངས་པ་སེར། །ངང་པའི་ཁྲི་ལ་བཞུགས་པ་ལ། །གཡས་ཀྱི་དང་པོ་ཉི་མ་འཆང ། །མེ་ཡི་ཕྱོགས་སུ་ཉི་མ་སྟེ། །མདོག་དམར་ར་ཞོན་མེ་དཔུང་འཛིན། །ལྷོ་ཡི་ཕྱོགས་སུ་གཤིན་རྗེ་སྔོ། །ཐོང་དབྱུག་བཟུང་བ་མ་ཧེ་ཞོན། །བདེན་བྲལ་དུ་ནི་སྲིན་པོ་ནག་།རྩེ་གསུམ་བཟུང་ནས་སྲིན་པོ་ཞོན། །ནུབ་ཏུ་ཆུ་ལྷ་དཀར་པོ་ནི། །ཀླུ་ཡི་ཁྲི་ལ་སྦྲུལ་ཞགས་ 285a ༄#། །བཟུང ། །དེ་ཡི་གཡོན་དུ་ས་བདག་དཀར། །བུམ་པ་བཟུང་སྟེ་རུས་སྦལ་ཞོན། །ལྷ་མིན་ཕྱོགས་སུ་རླུང་ལྷ་ལྗང ། །བ་དན་བཟུང་སྟེ་ཤ་བ་ཞོན། །བྱང་དུ་གནོད་སྦྱིན་མི་ལ་ཞོན། །ལྗང་ནག་ཕྱག་ན་གཏེར་སྒྲོམ་མོ། །བྱང་ཤར་དབང་ལྡན་དཀར་པོ་ནི། །རྩེ་གསུམ་བཟུང་སྟེ་ཁྱུ་མཆོག་ཞོན། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི། །ཕྱོགས་ཀྱི་ཁ་དོག་གོ་ཆ་ཅན། །པི་ཝང་རལ་གྲི་ཞགས་པ་ཅན། །རིན་ཆེན་དབྱུག་ཐོ་གཡས་ཀྱིས་འཆང ། །གཉིས་པ་སྐྱབས་ཀྱི་ཕྱག་རྒྱ་སྟེ། །གཡོན་པ་མ་ལ་བགྲང་ཕྲེང་ནི། །ཕྱོགས་ཀྱི་ཁ་དོག་ལྡན་པའོ། །ཀུན་ཀྱང་སྒེག་ཉམས་ཕྱོགས་ཀྱི་མདོག་།རིམ་བཞིན་སྟག་གཟིག་དོམ་སེངྒེའི། །ཁྲི་ལ་བཞུགས་པའི་གཟིགས་པ་ཅན། །རང་རང་ཕྱོགས་ཀྱི་སྒོ་ལ་ནི། །སྲུང་བརྩོན་ཤིན་ཏུ་འགྲུས་པ་འོ། །དཀྱིལ་འཁོར་ཆ་བརྒྱད་ཁོར་ཡུག་ཏུ། ། བཟའ་ཤིང་མེ་ཏོག་སྤོས་ཤིང་དང ། །མཛེས་པའི་ཤིང་ཚོགས་ཚལ་གསེབ་ཏུ། །མཛེས་པའི་བྱ་ཚོགས་དུད་འགྲོ་དང ། །ལྷ་ཡི་བུ་དང་བུ་མོ་སོགས། །དེ་བཞིན་ཀླུ་དང་གནོད་སྦྱིན་དང ། །དྲི་ཟ་གྲུལ་བུམ་བུ་མོའོ། །རོལ་མོ་བྱེད་པ་དུ་མ་བྲི། །འདི་ལྟར་དད་ན་ལ་ལས་ནི། །འཇིག་རྟེན་སྐྱོང་པའི་ནང་རོལ་ཏུ། །གཟའ་དང་རྒྱུ་སྐར་ 285b སུམ་ཅུ་དྲུག་།རིན་ཆེན་པདྨ་ལ་གནས་བྲི། །སྨིན་དྲུག་པདྨ་དམར་པོ་འཆང ། །སྣར་མ་མགོ་ནི་ཨུཏྤ་ལ། །ནབས་སོ་པད་དཀར་ལག་ཏྲི་ཤུལ། །རྒྱལ་ནི་བགྲང་ཕྲེང་སྐག་སྦྲུལ་ནག་།མཆུ་ནི་པད་སེར་གྲེ་མཉམ་བཞག་།མེ་བཞི་པད་དཀར་དབོ་དབྱུག་པ། །ནག་པ་པདྨ་ས་རི་རས། །ས་ག་པོ་ཏི་ལྷ་མཚམས་བུམ། །སྣོན་ནི་རྡོ་རྗེ་སྣརུབས་དབྱུག་སྟེ། །ཆུ་སྣོད་རིལ་བ་ཆུ་སྨད་པད། །བྱི་བཞིན་གསེར་གྱི་འཁོར་ལོ་སྟེ། །གྲོ་ཞུན་ཆུ་སྐྱོགས་མོན་གྲུ་དང ། །མོན་གྲེ་ཤེལ་སྒོང་ཁྲུམས་སྟོད་ཀྱིས། ། རལ་གྲི་ཁྲུམས་སྨད་ཀུ་མུ་ད། །ནམ་གྲུ་བ་དན་ཐ་སྐར་གྱིས། །ཤིང་ལོ་བྲ་ཉེ་དབྱུག་སྲན་ནོ། །ཟླ་བ་ཀུ་མུད་དཀར་པོ་སྟེ། །ཉི་མ་པདྨ་དམར་པོ་འོ། །མིག་དམར་མེ་ཡི་ཕུང་པོ་སྟེ། །གཟའ་ལག་ཨུཏྤལ་སྔོན་པོ་འོ། །ཕུར་བུས་ཆོས་ཀྱི་གླེགས་བམ་མོ། །པ་བ་སངས་ནི་བགྲང་ཕྲེང་བཟུང ། །སྤེན་པ་ལག་ན་རལ་གྲི་འཆང ། །སྒྲ་གཅན་བདུད་རྩིའི་གཞོང་བུ་འོ། །ནང་གི་གྲཝ་ཡི་ཆར་གཏོགས་པ། །བཀྲ་ཤིས་ལྷ་མོ་བརྒྱད་ཡིན་ཏེ། །རྟག་དགའ་མ་དང་རྒྱལ་མ་ཤར། །དོན་གྲུབ་མ་དང་མི་ཕམ་ལྷོར། །ནུབ་ཏུ་བདེ་བ་བདེ་དགའ་མ། །མྱུར་གྲུབ་མ་དང་གཏན་མ་བྱང ། །རྩེ་ལྔ་རྩེ་གསུམ་རྡོ་རྗེ་དང ། སྔོན་པོ་སེར་པོ་རིན་ཆེན་དང ། །དཀར་དང་ 286a ༄#། །དམར་དང་ཨུཏྤལ་དང ། །ུཏྤལ་སྔོ་དང་ཀུ་མུ་ད། །དང་པོ་ཕྱག་ན་རིམ་བཞིན་འཆང ། །སྐྱབས་སྦྱིན་པདྨ་བགྲང་ཕྲེང་ནི། །ལྷག་མ་རྣམས་ཀྱིས་རིམ་བཞིན་འཆང ། །དེ་དག་ཐམས་ཅད་ཕྱོགས་མདོག་གོ། རྒྱས་པའི་སྤྲོས་པས་སྐྱོ་ན་ཡང ། །ལྔ་བཅུ་བརྒྱད་དམ་སུམ་ཅུ་བདུན། །ཉི་ཤུ་དགུ་འམ་ཉི་ཤུ་ལྔ། །བཅོ་ལྔ་དགུ་འམ་ལྔ་འམ་གཅིག་།ཡི་གེ་ཕྱག་རྒྱ་གཟུགས་བརྙན་ཚོགས། །སྤྲུལ་པའི་སྐུ་ཡི་ཆོ་འཕྲུལ་ཏེ། །རང་གིས་ཇི་ལྟར་འདོད་པ་ཡི། །སེམས་ཀྱི་བྱིན་རླབས་ཉིད་དུ་འགྱུར། །བདེ་གཤེགས་སྐུ་དང་པོ་ཏི་དང ། །ཕྱག་རྒྱ་སོགས་པ་རབ་གནས་བྱ། །ཉམས་སམ་དྲི་མས་གོས་པ་ནི། །བཀྲུས་དང་བཤིག་ནས་དག་བྱེད་པ། །རྟོག་པ་མེད་པའི་སེམས་ཀྱིས་སུ། །དེ་ལ་བསོད་ནམས་དཔག་ཏུ་མེད། །གཟུགས་ཚོགས་སྔོ་བས་དམན་གྱུར་ཀྱང ། །དེ་ཡིས་བསོད་ནམས་མཐའ་ཡས་ཐོབ། །འཕྲིན་ལས་དང་ནི་སྐུ་གསང་བ། །དེ་བཞིན་གཤེགས་པའི་མཚན་ཉིད་དེ། །དེ་བཞིན་ཉིད་དེ་སྟོང་པ་ཉིད། །བྱང་ཆུབ་ནམ་མཁའི་མཚན་ཉིད་དང ། །མཚན་དང་དཔེ་བྱད་ཀུན་རྫོབ་སྟེ། །སྒྱུ་མ་རྨི་ལམ་ལྟ་བུ་འོ། །སུམ་ཅུ་གཉིས་དང་བརྒྱད་ཅུ་ནི། །ཡི་གེ་བརྡ་དང་སྤྲོས་པའི་སྐུ། ། 286b ལོང་སྐུ་བསོད་ནམས་རྒྱུ་མཐུན་འབྲས། །སྤྲུལ་སྐུ་ལས་ཀྱི་རྣམ་སྨིན་འབྲས། །ཀུན་རྫོབ་དོན་དམ་མཚན་ཉིད་ལྡན། །དག་དང་མ་དག་སྐལ་ལྡན་ལ། །དེ་གཤེགས་འཕྲིན་ལས་གཟུགས་སྐུ་གཉིས། །ཚོགས་གཉིས་ལ་ནི་སྐུ་གསུམ་བྱུང ། །རྣམ་བྱང་ཀུན་ཉོན་མོངས་པས་སྟོང ། །ལུས་ངག་ཡིད་ཀྱི་སྤྱོད་ཡུལ་མིན། །དམིགས་མེད་ནམ་མཁའི་ཁམས་རྟོགས་པ། །རྒྱལ་བ་རྣམས་ཀྱི་ཆོས་སྐུ་འོ། །རྟག་ཆད་མེད་པའི་རྟེན་འབྲེལ་ནི། །སྐྱེ་འགག་མེད་པར་ཐུགས་ཆུད་པས། །ཡིད་ཀྱི་རྣམ་ཤེས་འཇུག་ལམ་གྱིས། །བསམ་གཏན་གོམས་པས་ཤེས་པར་བྱ། །དད་པའི་ལྕགས་ཀྱུ་ཤེས་རབ་ཅན། །ལྷ་ཀླུ་འབུམ་ཕྲག་དཀར་པོའི་སེམས་དགེ་བ། །ཀུན་སློང་བྱང་ཆུབ་གཏེར་གྱི་རིན་ཆེན་ནོར། །ཐོབ་པར་འདིས་མཛོད་འཁོར་ལོས་བསྒྱུར་བ་འབྱུང ། །སེམས་ཀྱི་དབུས་སུ་གཅེས་ཕྱིར་ངལ་སྤྱོད་པས། །དབང་པོར་བྱ་བའི་རྒྱུད་ཀུན་ཁྱབ་པར་དུ། །པདྨའི་དྲ་བ་ཕྱག་སྟོང་གིས་བརྒྱན་པ། །མྱུར་དུ་སྒྲུབ་པའི་ཐབས་མང་གསུངས་པ་རྣམས། །བསྡུས་བརྩོན་དད་བྱས་ལྡན་པས་གཅེས་སུ་བྱ། །བླ་མའི་ལུང་ཡོད་སྙིང་རྗེ་གང་ལྡན་པ། །རྒྱལ་དང་རྒྱལ་སྲས་ཚོགས་རྣམས་ཀུན་དགྱེས་ནས། །འཇིག་རྟེན་སྐྱོང་ཚོགས་དགའ་བ་སྨོས་ཅི་དགོས། །འཕགས་པ་སྤྱན་རས་གཟིགས་ 287a ༄#། །དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། གཟུགས་བརྙན་འབྱུང་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་དགའ་ལྡན་གནས་འཁྲུངས་པ། །བསྐལ་པ་དུ་མར་ཚོགས་བསགས་པ། །རིག་པ་གསུམ་ལྡན་ལྷ་ཡི་བུ། །མཛེས་པའི་ཏོག་ཅེས་མཚན་གསོལ་པ། །སྤྱན་རས་གཟིགས་ལ་ཆེར་དད་ནས། །བཞེངས་ཏེ་ཐལ་མོ་སྦྱར་བྱས་ཤིང ། །འཁོར་ཚོགས་ཆེན་པོ་དང་བཅས་པས། །མགྲིན་གཅིག་ཏུ་ནི་འདི་སྐད་གསོལ། །ོཾ་ཁམས་གསུམ་ཀུན་གྱི་བླ་མ་གཙོ། །འདྲེན་པ་མགོན་པོ་རྫོགས་སངས་རྒྱས། །ས་གསུམ་ཡེ་ཤེས་འོད་པོ་ཆེ། །བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག་།རིག་སྔགས་བདེ་ལྡན་བྱིན་རླབས་ཅན། །གཡུང་དྲུང་རྟག་པ་དམ་ཆོས་གཙོ། །ཀུན་རྟོག་སེལ་སྐྱོབ་ཕྱག་འཚལ་ལོ། །རྟག་པར་བརྩེ་ལྡན་སྤྱན་རས་གཟིགས། །བྱང་ཆུབ་སེམས་ཚོགས་འབྱུང་ཚོགས་རྒྱལ། །བྱ་བ་བྱས་ནས་བསྐལ་པར་གནས། ། པད་འཆང་ཚོགས་ལ་ཕྱག་འཚལ་ལོ། །བསྐལ་པ་དུ་མར་བསགས་པ་ཡི། །ཐུགས་རྗེ་ཡེ་ཤེས་ལས་བྱུང་བའི། །རིག་སྔགས་ཕྲེང་བ་བྱིན་རླབས་ 287b ཅན། །མགོན་པོ་སྤྱན་རས་གཟིགས་དབང་གིས། །སེམས་ཅན་རྣམས་ལ་ཕན་དོན་ཕྱིར། །ཕྱག་རྒྱ་འཕྲིན་ལས་ལྡན་པར་གསུངས། །ལས་ཀྱི་དྲི་མ་དང་ལྡན་ཞིང ། །ཉོན་མོངས་བདག་རྒྱལ་གྱིས་བཅིངས་ནས། །ལེ་ལོ་སེར་སྣའི་འདབ་རྫབ་ཅན། །ཁུར་དང་ལྡན་པའི་སེམས་ཅན་རྣམས། །མྱུར་དུ་གྲོལ་བར་བྱ་བ་དང ། །ཐུགས་རྗེ་ཉི་མ་བཀྲམ་བྱས་ཏེ། །སྲིད་འདབ་སྟུག་པོ་སྐེམ་པ་དང ། །མྱུར་དུ་སངས་རྒྱས་འགྲུབ་བྱའི་ཕྱིར། །ལྷ་དང་གསང་སྔགས་བླང་བ་དང ། །འཕྲིན་ལས་སྦྱོར་བ་ལྡན་པ་དང ། །བརྒྱུད་པ་རྒྱུན་གཞན་མེད་པ་ཡི། །སྦྱོར་བའི་ཚུལ་འབྱུང་བཤད་དུ་གསོལ། །རིག་སྔགས་རྗེས་གནང་མེད་པ་ནི། །བསྒྲུབས་ཀྱང་འབྲས་མེད་ངལ་བ་སྟེ། །འདྲེན་པ་མེད་པའི་ཤིང་རྟ་ནི། །འཁོར་ལོ་བཟང་ཡང་གང་དུ་ཕྱིན། །ཉོན་མོངས་རྩ་བ་གཅད་པའི་ཕྱིར། །རིག་སྔགས་རལ་གྲི་རྣོ་དང་མཚུངས། །བདག་འཛིན་གོ་ཆ་འབིགས་པའི་མདུང ། །སྡུག་བསྔལ་མཚོ་སྐེམ་ཉི་མ་ཆེ། །ཀུན་རྟོག་རྡུལ་ཕུང་སྲེག་པའི་མེ། །ཤེས་རབ་མེ་ཏོག་འཁྲུངས་པའི་རླན། །ནད་དན་ཀུན་སེལ་སྨན་མཆོག་སྟེ། །བག་ཚོགས་སེལ་བའི་སྲེད་མེད་བུ། །བག་ཆགས་བཀྲུ་བའི་ཆུ་རྒྱུན་ཏེ། །ལོངས་སྤྱོད་འཕེལ་བའི་གཏེར་ཆེན་ཉིད། །འཁོར་བ་ལས་རྒལ་གྲུ་ 288a ༄#། །གཟིངས་ཏེ། །ཉེས་པ་ཀུན་སེལ་རླུང་དང་མཚུངས། །དེ་ནས་བཅོམ་ལྡན་ཐུབ་པ་ཆེ། །མགོན་པོ་རྫོགས་སངས་རྒྱས་ཆེན་གྱིས། །སྲབ་འཇམ་རིང་བའི་ལྗགས་བཀྲམ་ནས། །ཚངས་པའི་གསུང་སྙན་དབྱངས་ཀྱིས་གསུང ། །འགྲོ་ལ་ཐུགས་རྗེ་ཆེན་པོ་ཡིས། །སྔགས་འབྱུང་བརྒྱུད་པའི་རི་མ་འབྱུང་བའི། །ཆོ་ག་དམ་པ་ཉན་བརྩོན་པ། །ཤིན་ཏུ་ལེགས་སོ་ལྷ་ཡི་བུ། །ཉམས་དགའ་དགེ་བའི་ས་ཕྱོགས་སུ། །ས་ཡི་ཆ་མཉམ་དཀྱིལ་འཁོར་ལྟར། །པདྨའི་གདན་འདྲའི་དཀྱིལ་འཁོར་ནི། །ཚོན་སྣ་མ་ལུས་རྣམས་ཀྱིས་བྲི། །མགོན་པོ་སྤྱན་རས་གཟིགས་དབང་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང ། །རིག་པའི་ལྷ་མོ་ཁྲོ་བོར་བཅས། །འཇིག་རྟེན་སྐྱོང་སོགས་མ་ལུས་པའི། །སྐུ་འམ་ཕྱག་རྒྱ་བཀོད་པ་དང ། །མཆོད་པའི་ཚོགས་ཀྱང་བཀྲམ་པར་བྱ། །མར་མེ་ཡོན་ཆབ་བྱུག་སྤོས་དྲི། །ཞལ་ཟས་གཏོར་མ་སྣ་ཚོགས་དང ། །གཞན་ཡང་ཟས་སྐོམ་སྣ་ཚོགས་དང ། རྒྱན་དང་ན་བཟའ་ལྷབ་ལྷུབ་དང ། །སིལ་སྙན་མེ་ཏོག་ཕྲེང་དུ་མ། །ཡིད་འོང་མཛེས་པའི་ཚིག་གིས་བརྒྱན། །སློབ་མ་གུས་པས་བླ་མ་ལ། །ཡོན་ཕུལ་བརྩོན་ 288b བྱས་འདི་སྐད་གསོལ། །སེམས་ཅན་ཀུན་གྱི་སེམས་ཀྱི་གཉེན། །དམུས་ལོང་ལམ་ལོག་ལས་འདྲེན་བ། །རབ་རིབ་སེལ་བའི་ཐུར་མ་ཅན། །བདག་ལ་འདྲེན་པའི་སྒོལ་\?\་མ་སོགས། །ཤེས་རབ་སྙིང་རྗེའི་སྐྱ་བ་ཅན། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ཅན། །ལས་ཅན་སྡུག་བསྔལ་ཆུ་སྒྲོལ་བའི། །ཐབས་བརྩོན་མཉན་པ་ཁྱོད་ཕྱག་འཚལ། །བྱང་ཆུབ་ལམ་མཐོང་དཔག་ཡས་ཐུགས། །འགྲོ་རྣམས་ཐར་ལམ་རྟེན་གཟིགས་པ། །དགེ་བརྩོན་དགེ་ལ་སྐུལ་བ་འོ། །དགེ་བཅུ་མེད་པ་དག་ལ་སྩོལ། །དམ་ཚིག་སྡོམ་གནས་ངང་ཚུལ་བཟང ། །བག་ཡོད་དབྱངས་མཁས་ལྟུང་བ་མེད། །ཆོས་དོན་གཉེར་བའི་དོན་སྐྱོབ་པ། །སྐྱབས་དང་སྡོམ་གནས་བདག་ལ་སྩོལ། །དཔའ་བརྟན་ཞི་དུལ་སྤྱད་པ་ཡི། །དགའ་སླད་སློབ་དཔོན་འདི་སྐད་བརྗོད། །ོཾ། གཏི་མུག་རྣམ་དག་བདེ་གཤེགས་ཐུགས། །རྣམ་པར་སྣང་མཛད་སྐྱབས་སུ་མཆི། །ཞེ་སྡང་རྣམ་དག་རྡོ་རྗེ་ཐུགས། །མི་བསྐྱོད་པ་ལ་སྐྱབས་སུ་མཆི། །སེར་སྣ་རྣམ་དག་ལོངས་སྤྱོད་གཏེར། །རིན་ཆེན་མདངས་ལྡན་སྐྱབས་སུ་མཆི། །འདོད་ཆགས་རྣམ་དག་པདྨའི་གསུང ། །འོད་དཔག་མེད་ལ་སྐྱབས་སུ་མཆི། །ཕྲག་དོག་རྣམ་དག་འཕྲིན་ལས་རྒྱལ། །དོན་ཡོད་རྡོ་རྗེ་སྐྱབས་སུ་མཆི། །ཱཿ ་གནས་མེད་ 289a ༄#། །མཁའ་དང་མཉམ་སྤྱོད་པ། །ཆོས་དབྱིངས་ཆོས་ལ་སྐྱབས་སུ་མཆི། །སྐྱེ་མེད་སྐྱེ་སྣང་ལྟར་སྒྲུབ་ཆོས། །འཕགས་ལམ་བརྒྱད་ལ་སྐྱབས་སུ་མཆི། །དོན་གཅིག་ཚོགས་ལམ་བཅུ་གཉིས་གྲངས། །གསུང་རབ་ཡན་ལག་སྐྱབས་སུ་མཆི། །རྒྱུ་འབྲས་སྣང་བའི་སོ་སོར་རྟོག་།ཉན་ཐོས་དགེ་འདུན་སྐྱབས་སུ་མཆི། །གཅིག་གམ་ཚོགས་སྤྱོད་རྫུ་འཕྲུལ་ཆེ། །རང་རྒྱལ་དགེ་འདུན་སྐྱབས་སུ་མཆི། །སྙིང་རྗེ་ཤེས་རབ་བྱང་ཆུབ་འབྲེལ། །སེམས་ཆེན་ཚོགས་ལ་སྐྱབས་སུ་མཆི། །གསོད་དང་རྐུ་རྫུན་འཁྲིག་སྤྱོད་དང ། །ཚིག་རྩུབ་ཕྲ་མ་དག་འཁྱལ་དང ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྤྱོད། ཐར་པའི་སྲོག་གཅོད་བཅུ་པོ་སྤོང ། །ཆང་འཐུང་ཏིལ་མར་འཚིར་ལས་དང ། །མགར་དང་རྒྱ་སྐྱེགས་རྩཝ་ཤིང་གཅོད། །སྲོག་ཆགས་ཚོགས་དང་མགོ་ཟླུམ་ཚོང ། །མཐོ་རིས་ལུས་ཀྱི་གེགས་ཆེན་སྤོང ། །རྟགས་དང་ཕྱག་རྒྱ་འདྲ་འབག་དང ། །རྟེན་དང་དགེ་འདུན་རྟགས་ཡི་གེ། །བགྲང་ཕྲེང་འཛིན་པའི་ཡོ་བྱད་སོགས། །འགོམ་དང་བཤིག་པ་གཏན་དུ་སྤོང ། །མཆོད་པ་ཉིད་དང་སྒོག་པ་དང ། །འབགས་དང་ལྷག་མར་གྱུར་པ་དང ། །ཤ་དང་དམན་པའི་ 289b ལག་གི་ཟས། །སྲོག་ཆགས་ཡོད་པའི་ཆུ་རྣམས་སྤོང ། །དེང་ནས་བཟུང་སྟེ་ཇི་སྲིད་པ། །བྱང་ཆུབ་སྙིང་པོར་ཐུག་བར་དུ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང ། དགེ་བའི་ཆོས་ནི་སྡུད་པ་དང ། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་སོགས། །ནམ་དུ་མི་དོར་བརྟན་པོར་གཟུང ། །ལྷ་དང་སློབ་དཔོན་ཡིད་བྱེད་ཅིང ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གཟུང ། །འགྲོ་ལ་ཟང་ཟིང་མི་འཇིགས་སྐྱབས། །ཆོས་ཀྱི་སྦྱིན་པ་ཅི་འབྱོར་སྩོལ། །ཐེག་གསུམ་ཐ་དད་ཆོས་ཚུལ་རྣམས། །མི་འགལ་སྦྱོར་བས་རྒྱུན་དུ་སྤྱོད། །ལུས་ངག་ཡིད་དང་ལོངས་སྤྱོད་བཅས། །སེར་སྣ་མེད་པས་མཆོདས་འོས་མཆོད། །ལྷ་དང་ལྷ་མིན་གསང་བ་པའི། །རི་འབྱུང་སྐུ་གསུང་ཐུགས་ཀྱི་རྒྱ། །དེས་སྤྱོད་དམ་ཚིག་དམ་པ་རྣམས། །སྡོམ་ཚུལ་བརྟན་པོ་གཟུང་བར་བྱ། །འགྲོ་རྣམས་ཀུན་ལ་སྙིང་བརྩེ་དང ། །ཡི་དྭགས་རྣམས་ལ་གཏོར་མ་སྦྱིན། །ཛམྦྷ་ལ་ནི་ཆུ་ཡིས་མཆོད། །ཡི་དྭགས་དག་ཀྱང་ཆུས་མཉེས་བྱ། །དེ་རྗེས་སློབ་མ་རབ་དགའ་ནས། །ཅི་འབྱོར་ལྷ་དང་བླ་མ་མཆོད། །དགའ་ཆེན་ལས་སྦྱོར་སློབ་དཔོན་དགོངས། །སྙིང་བརྩེ་བདག་ལ་གཟིགས་ནས་ཀྱང ། །ལྷ་དང་སྔགས་དང་བྱིན་རླབས་ཐབས། །དེ་བདག་བརྩེ་ཕྱིར་སྩལ་དུ་གསོལ། །རྒྱལ་བ་སྲས་བཅས་ཚོགས་ 290a ༄#། །བཞུགས་པའི། །ཉམས་དགའ་ཐར་པའི་གྲོང་ཁྱེར་ཆེ། །ཡིད་བཞིན་ལོངས་སྤྱོད་ཆར་དུ་འབབ། །ཁང་ཆེན་དེར་ནི་བདག་འཇུག་འཚལ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཟབ་མོའི་སངས་རྒྱས་སྤྱོད་ཡུལ་བ། །སྤྲོས་བྲལ་དམིགས་སུ་མེད་པའི་དོན། །ལམ་ཆེན་བདག་ལ་སྩལ་དུ་གསོལ། །དེ་ནས་སློབ་དཔོན་སྔགས་རིག་པ། །དེ་ཉིད་བཅུ་སྦྱར་མཁས་པ་པོས། །གཡོན་པ་ཆོས་གོས་རྩེ་བཟུང་སྟེ། །ལག་པ་གཡས་ཆོས་ཕྱག་རྒྱ་ཅན། །གསང་བསྟོད་འཛུམ་པའི་འོད་མདངས་རྒྱས། །དང་ལྡན་པ་ནི་འདི་སྐད་བརྗོད། །ོཾ། བུ་ཤོག་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཕྱིར། །གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས། །ཁྱོད་ལ་ངེས་པར་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་སྔགས་རབ་བསྒོམས་པས། །མཚུངས་པ་མེད་པའི་ཡེ་ཤེས་རྣམས། །ཤཱཀྱ་སེངྒེ་དཔའ་བོས་ཀྱང ། །གསང་སྔགས་སྦྱོར་བ་མཉམ་མེད་ཀྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདིས་བཅོམ་མོ། །འཇིག་རྟེན་རྗེས་འདུལ་རྫོགས་བྱའི་ཕྱིར། །འཁོར་ལོ་བསྐོར་ནས་ 290b མྱ་ངན་འདས། །དེ་ཕྱིར་ཀུན་ཐོབ་བྱ་བའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།སྔགས་དང་རྫས་ཀྱི་སྲུང་བ་དང ། །ལྷ་ཡི་རྟེན་མིག་དེ་ལ་མཆོད། །ུ་དུམྦ་རའི་མེ་ཏོག་ལྟར། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག་།བརྒྱ་ལམ་ན་ནི་རེས་འགའ་ཞིག་།འབྱུང་འགྱུར་ཡང་ནི་མི་འབྱུང་ངོ ། །སྔགས་ཀྱི་སྤྱོད་ཚུལ་འབྱུང་བ་ནི། །དེ་བས་ཀྱང་ནི་ཆོས་དཀོན་ཏེ། །གང་གིས་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་དུ་མར་བསགས་པའི་སྡིག་།གང་ལ་སྡིག་ཁུར་ཅི་ཡོད་པ། །ལྷ་ཡི་དཀྱིལ་འཁོར་མཐོང་བ་དང ། །བྱིན་རླབས་ཙམ་གྱིས་བྱང་གྱུར་ནས། །བློ་གྲོས་དྲི་མ་མེད་པ་ཡིས། །སྤྱོད་ཚུལ་རླབས་པ་ཞུགས་ནས་ལྷ། །ངན་འགྲོ་སྡུག་བསྔལ་རྒྱུན་བཅད་ནས། །མཚན་ལྡན་སྐུ་ནི་གཞན་དོན་སྤྱོད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཚུངས་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པས། །བདག་ཉིད་ཆེན་པོ་ཁྱེད་རྣམས་ནི། །གང་དུ་སྐྱེས་ཀྱང་གཟུང་བའི་ཕྱིར། །དེང་ནས་ཁྱེད་རྣམས་ཐེག་ཆེན་རིགས། ཤ་སྟག་ཏུ་ནི་སྐྱེ་ངེས་ཏེ། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །དཔལ་དང་ལྡན་པའི་ལམ་མཆོག་འདི། །གང་དུ་རྒྱས་པར་ཁྲིད་ནས་ཀྱང ། །བདེ་བར་གཤེགས་ 291a ༄#། །པ་ཉིད་དུ་འགྱུར། །དེ་བས་སྤྲོ་ལ་བརྩོན་པར་གྱིས། །སློབ་མ་ཀུ་ཤ་དགེ་བ་ཡི། །སྟན་ལ་ཉལ་ནས་རྨི་ལམ་དྲི། །གསང་དང་སྦྱོང་བ་བྱས་ནས་ཀྱང ། །ཆུས་བཀྲུས་འདི་རྣམས་བཀླགས་པ་དང ། བཀྲ་ཤིས་དུ་མ་བཀླགས་བྱས་ཏེ། །གདོང་པ་དར་གྱིས་བཅིངས་ནས་ཀྱང ། །འབྲས་ཀྱི་མེ་ཏོག་ཕྲེང་བ་ནི། །ལྷ་ཡི་དཀྱིལ་འཁོར་དབུས་སུ་དོར། །སླར་བླངས་མགོ་ལ་བཅིང་བྱ་སྟེ། །པདྨ་ལྡན་རིགས་མཚན་གྱིས་བརྒྱན། །མིག་ཕྱེ་དེ་ལ་ལྷ་རྣམས་དང ། །བྱང་ཆུབ་ཕྱོགས་ཆོས་མཚན་མ་ཡི། །ཡོན་ཏན་ཡེ་ཤེས་སྟོབས་མངའ་བ། །མཆོད་རྟེན་ལྷ་ཚོགས་བཅས་པ་གདན། །ཡིད་ཆེས་དང་བ་མངོན་བྱས་ལ། །ཅི་འབྱོར་བ་ཡི་མཆོད་པ་བྱ། །དེ་ནས་དག་པའི་སྲས་དེ་ལ། །མར་མེ་ལ་ནི་མར་མེ་ལྟར། །འདོད་པའི་ལྷ་ནི་སྩལ་བར་བྱ། །བརྗོད་པ་དང་བཅས་འབྲེལ་བ་ཡིས། །རྩ་བའི་སྙིང་པོ་ཉེ་སྙིང་ཚོགས། །སྔགས་ཀྱང་གསལ་བར་སྦྱིན་པར་བྱ། །ཞི་བ་ཤེལ་གྱི་ཕྲེང་བ་སྟེ། །རྒྱས་པ་ལ་ནི་ཨ་རུ་ར། ། དབང་ལ་ལུང་ཐང་དམར་པོ་ཤིས། །དྲག་པོ་རཝའམ་རུ་རཀྵ། །བོ་དེ་ཙེས་ནི་ལས་ཀུན་བྱེད། །སྔགས་བཅས་སྩལ་ནས་མགོ་ལ་བཅིང ། །ཧཱུཾ་དང་བཅས་ 291b བའི་རྡོ་རྗེ་ཡང ། །ལག་པ་གཡས་སུ་གཞག་པར་བྱ། །སྟོད་གཡོགས་ཀྲྀཥྞ་ས་རི་སྟེ། །སྨད་གཡོགས་ཁ་དོག་སྔོན་པོའོ། །དབུ་རྒྱན་རིགས་ལྔའི་ཁ་དོག་སྟེ། ། ཞལ་ཟས་སྣོད་ནི་པདྨས་བརྒྱན། །སེམས་ཅན་ཀུན་དོན་སྤྱོད་པའི་རྫས། །ཐུབ་པས་བཀྲ་ཤིས་བཞེད་པའི་རྟགས། །གདུགས་ཉ་བུམ་པ་དཔལ་བེའུ་དང ། །རྒྱལ་མཚན་འཁོར་ལོ་པདྨ་སྩལ། །ནད་སེལ་བདེ་བྱེད་འཚོ་བའི་ཕྱིར། །འདོད་ཡོན་ཕྱོགས་རིགས་གྲུབ་པའི་རྫས། །གི་ཝང་དུར་བ་ལི་ཁྲི་ཞོ། །བིལ་བ་སྦྲང་རྩི་ཨ་རུ་ར། །ཀཱ་ར་བཱི་རའི་འབྲས་བུ་རྣམས། །ཧྲཱིཿ ་ཞེས་དག་པས་སྩལ་བར་བྱ། །གུར་གུམ་ག་པུར་གླ་རྩི་དང ། །བ་ཡི་འོ་མས་སྦྱར་བྱས་ནས། །ཚིག་འདྲིས་ལྕེ་ལ་གཞག་པར་བྱ། །ོཾ། ཡན་གར་ངེས་པའི་ཚིག་རིག་དང ། །མིང་གི་རྣམ་གྲངས་ཆོས་རིག་དང ། །དྲི་བ་ལན་ལྡོན་སྤོབས་པ་རིག་།ཕྱི་ནང་མཚན་ཉིད་དོན་རིག་ཤོག་།བཛྲ་དྷ་རྨ་བྲ་བེ་ཤ་།ོཾ་བཅས་བརྗོད་ཅིང་ལྕེ་ལ་ནི། །ལན་གསུམ་རྡོ་རྗེ་གཞག་པར་བྱ། །ཧྲཱིཿ ་ཡིག་དམར་པོ་མེ་འབར་བསམ། །གང་ལ་གོམས་པ་དེ་འབྱུང་ཞིང ། །གོམས་པ་གཞན་གྱི་དབང་མེད་ན། །རྟོག་པའི་འབྱུང་བ་ཆད་པའི་ཕྱིར། །ཀུན་རྟོག་ཕྱག་རྒྱ་ལ་དམིགས་བཤད། །དམིགས་པའི་ 292a ༄#། །རྟེན་གྱི་སྔགས་ལ་ཡང ། །བྱིན་རླབས་ཐ་དད་འབྱུང་བར་འགྱུར། །ས་ལ་དབང་བསྐུར་ཐོབ་འདོད་པས། །ཕྱག་ན་འཁོར་ལོ་འཆང་ལ་དམིགས། །ཏིང་འཛིན་བརྟན་ལ་རྡོ་རྗེ་སྟེ། །དཔལ་ཐོབ་འདོད་པས་རིན་ཆེན་དམིགས། །གཟུགས་བཟང་འདོད་པས་པདྨ་སྟེ། །སྤོབས་པ་འདོད་པས་རལ་གྲི་འོ། །གཞན་དོན་འདོད་པས་རྒྱ་གྲམ་སྟེ། །རྡོ་རྗེ་དཀར་པོས་སེམས་གསལ་འགྱུར། །ཤེས་རབ་འདོད་པས་གླེགས་བམ་མོ། །ཁང་བཟང་གིས་ནི་མིའི་རྒྱལ་པོ། །ཐུབ་གཟུགས་རྟག་ཏུ་སངས་རྒྱས་འཇམ། །ཐལ་སྦྱར་བས་ནི་འགྲོ་བས་བཀུར། །འཁར་གསིལ་བྱམས་དང་སྙིང་རྗེ་སྐྱེ། །ལྕགས་ཀྱུ་འཇིག་རྟེན་སྐྱོང་བས་སྲུང ། །རིན་ཆེན་ཟེའུ་འབྲུས་ལྕེ་བདེར་འགྱུར། །དྲིལ་བུས་སྐད་སྙན་བྱེད་པར་འགྱུར། །བགྲང་ཕྲེང་གིས་ནི་ལུང་བསྟན་འཐོབ། །ཁྲི་རྐང་གིས་ནི་ཉེ་དབང་འགྱུར། །ལྷ་སོགས་བདུག་པ་དུང་ཡིན་ཏེ། །མདུང་རྩེ་གསུམ་པ་གཡུལ་ལས་རྒྱལ། །པདྨ་དམར་པོས་ལྷ་རུ་སྟེ། །རིལ་བ་སྤྱི་བླུགས་ཚངས་རིས་སྐྱེ། །སྤྲིན་མདོག་ལྔ་ནི་དྲང་སྲོང་སྐྱེ། །མེ་ལོང་གིས་ནི་ལྷ་ཞལ་མཐོང ། །པདྨ་རཱ་གས་ཡེ་ཤེས་སྐྱེ། །པདྨ་སྔོན་པོས་དག་པའི་ཞིང ། ། 292b པདྨ་དཀར་པོས་དགེ་ཚོགས་འཕེལ། །རི་བོས་བུ་དང་བུ་མོ་འཕེལ། །དགྲ་སྟས་བདུད་ཀྱི་བར་ཆོད་སེལ། །འཁོར་དང་སེམས་མཐུན་བྷྲིངྒཱ་རས། །ཕུབ་ཀྱིས་དགྲ་དང་གཅན་གཟན་འཇོམས། །རྔ་ཡབ་དཀར་པོས་སྡིག་པ་འཕྱག། མེ་ཏོག་སྙེ་མས་ནད་སེལ་བྱེད། །རིན་ཆེན་མདངས་ནི་ཡིད་འོད་གྲོགས། །གཞུས་ནི་ནོར་དང་གོ་འཕང་རྙེད། །ཆུ་ཤེལ་དུག་དང་ཚ་རིམས་སེལ། །མི་འཇིགས་ཕྱག་གིས་འཇིགས་སྐྲག་འཇོམས། །དགྲ་ལ་རྡོ་རྗེ་གཏུན་ཤིང་སྟེ། །རྡོ་རྗེ་ནག་མོ་བདུད་འདུལ་འགྱུར། །རིན་ཆེན་རལ་གྲིས་རིག་སྔགས་ཟློག་།ལྟོ་བ་ན་ལས་ལྷུང་བཟེད་དེ། །རིམས་ནད་སེལ་བྱེད་ཞགས་པའོ། །འབྲུ་འདོད་པས་ནི་འབྲུའི་སྙེ་མ། །ནོར་དབྱིག་འདོད་པས་རིན་ཆེན་ཕུག་།ཡང་ན་ལུང་བསྟན་འདོད་པས་ན། །མགོ་ལ་སངས་རྒྱས་དམིགས་པར་བྱ། །མངོན་པར་ཤེས་པ་ལྔ་འདོད་ན། །སངས་རྒྱས་ལྔ་པོ་དམིགས་པར་བྱ། །དེ་ནས་མགོན་པོ་སྤྱན་རས་གཟིགས། །འཛུམ་པའི་མདངས་ཀྱིས་པདྨའི་ཞལ། །ས་ཡི་སྙིང་པོ་ལ་གཟིགས་ནས། །ས་ཡི་གོ་རིམ་འདི་གསུངས་སོ། །རིག་པ་འཛིན་པའི་རྟོག་པ་ནི། །གསང་སྔགས་ཐམས་ཅད་ས་གསུམ་སྟེ། །གསང་སྔགས་ས་དང་སྔགས་སྦྱར་ས། །རིག་འཆང་ས་དང་རིག་གསལ་ས། ། 293a ༄#། །རིགས་མཆོག་ས་དང་རིན་ཆེན་ས། །ཕྱག་རྒྱ་ཆེན་པོའི་ས་རྣམས་སོ། །གཙུག་ཏོར་ཆེན་པོའི་སངས་རྒྱས་ས། །གནས་སྐབས་དྲུག་ཏུ་རྒྱལ་བས་གསུངས། །ཀུན་ཏུ་འོད་དང་དད་པའི་སྤྱན། །ཡི་གེ་འཁོར་ལོ་ཚོགས་ཆེན་ས། །རྡོར་འཆང་ཡེ་ཤེས་བླ་མའི་ས། །རྫོགས་སངས་རྒྱས་བདེ་བ་ཆེན་པོའི་ས། ། སའི་སྙིང་པོས་གསོལ་པ། མགོན་པོ་འཕགས་པ་ཐུགས་རྗེའི་སྤྱན་རས་གཟིགས་དབང་ཕྱུག་།བྱིན་རླབས་ལྕགས་ཀྱུ་ལྟ་བུས་འཁོར་བའི་བཙོན་ར་ནས། ། ཀླུ་ཕྱུགས་འབྱུམ་ཕྲག་དྲངས་ལྟར་དགེ་བ་ཀུན་སློང་གིས། །བྱང་ཆུབ་རིན་ཆེན་ས་ལ་འཇོག་མཛད་ངོ་མཚར་ཆེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། བྱིན་རླབས་འབྱུང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཚང་བའི་འཇིག་རྟེན་དུ། །རབ་དགའི་ཚུལ་དུ་འཁྲུངས་པའི་ལྷ། །ཏིང་འཛིན་ཡང་པ་ཞེས་བྱ་བ། །རྟོགས་པ་རྒྱ་ཆེ་ཟབ་པ་ཞིག་།འཁོར་དང་བཅས་པ་བཞེངས་བྱས་ཏེ། །མེ་ཏོག་རིན་ཆེན་རིགས་བྱུང་བ། །སྟོན་པའི་ཕྱོགས་སུ་ཆར་བཞིན་ཕབ། །མཁའ་ལ་གདུགས་ཀྱི་བླ་རེས་བཀང ། །འཁོར་དང་བཅས་པ་མགྲིན་གཅིག་ཏུ། ། 293b གསང་བསྟོད་ནས་ནི་ཚིག་འདི་གསོལ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང ། །རྡོ་རྗེ་ཐེག་པ་བླ་མེད་པའི། །རྡོ་རྗེ་རིག་འཛིན་མཆོག་གྲུབ་པ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་ཕྱིར། །བདག་དང་སེམས་ཅན་ཀུན་ཏུ་ཡང ། །དངོས་གྲུབ་འབྱུང་རིམ་བཤད་དུ་གསོལ། །ལ་ལ་གཡེང་བར་གྱུར་པ་ཡིས། །བླ་མའི་རྒྱུད་དོན་བྲལ་མོད་ཀྱི། ། སྔགས་རྒྱུད་སྡིག་པ་འཆང་བྱེད་འབྱུང ། །སྙན་ཚིག་རྨོངས་རྣམས་ངོ་མཚར་སྐྱེ། །གདམས་ངག་མེད་པས་འགྲོ་བ་བསླུས། །དངོས་གྲུབ་མེད་པས་བསྟན་པ་ཞིག་།སྲེད་པས་ལན་གཅིག་སོགས་པར་འགྱུར། །གཉིས་པ་དམྱལ་ཚོགས་ངན་འགྲོར་འགྲོ། །ལ་ལ་ལས་ཀྱི་སྐྱེ་མཆེད་སྒོ། །དབང་པོ་རྟེན་ཁང་དམར་མྱུར་ལ། །གདམས་ངག་རྒྱུད་ཚུལ་ཡོད་མོད་ཀྱི། །ཆོས་ཚུལ་བཞིན་དུ་སྤྱོད་བྱེད་ཅིང ། །གང་ལ་དབང་དུ་གཟུང་བ་ཡི། །བུ་འདྲ་བས་ཀྱང་བརྙས་གྱུར་ནས། །སྡང་བ་འཕེལ་ནས་རྩོད་པར་འགྱུར། །དེས་ཀྱང་གཉིས་ཀ་དམྱལ་སོགས་འགྲོ། །ལ་ལ་ཐོས་ཆུང་ཤེས་རབ་དམན། །རྨོངས་པ་གཞན་རྐྱེན་ང་རྒྱལ་ཅན། །བསྟན་པ་དང་ནི་འཆང་བྱེད་ལ། །སྐྱོན་སྨོད་སྨྲ་བས་དམྱལ་སོགས་འགྲོ། །ལ་ལ་མི་དགེའི་བཤེས་གཉེན་གྱིས། །ལོག་ལམ་འཇུག་པའི་ངེས་འཛིན་ཅན། །ཡང་དག་ 294a ༄#། །ལམ་སྤྱོད་བརྩོན་པ་དོར། །ལོག་སྒྲུབ་ཅན་དེ་དམྱལ་བར་འགྲོ། །ལ་ལ་བསམ་མེད་སྔགས་བརྗོད་མེད། །མར་མེ་བདུག་སྤོས་གྲོར་མ་སོགས། །འབྱུང་པོས་བརླམས་ཏེ་བདག་ཉིད་དང ། །འཁོར་བཅས་ཚེ་ཐུང་ལོངས་སྤྱོད་འགྲིབ། །ལ་ལ་འདོད་སྲེད་གཏུམ་རྡབ་ཆེ། །མཁས་གཞན་དག་ལ་ཕྲག་དོག་གིས། །སྒྲོ་སྐུ་ཚུལ་འཆོས་ཆོས་ལ་སྨོད། །རང་ཉིད་ལྟ་ངན་སྒྲུབ་ལ་རྩོད། །ཐེར་ཟུར་བློ་ཡི་མུན་པ་ཅན། །འབྱུང་པོ་དྲག་པོའི་རིགས་སུ་སྐྱེ། །ལ་ལ་ ་སྣ་རབ་འཇུག་པས། །ལྷ་དང་བླ་མའི་ཚིག་གིས་བསྟོད། །ཟས་དང་ལོངས་སྤྱོད་རྒྱན་གོས་དང ། །མེ་ཏོག་བདུག་སྤོས་གཏོར་མ་སོགས། །ཉུང་དུ་མུག་ཚུལ་རྒྱུན་སྩོལ་ན། །ཟས་སྐོམ་དག་གིས་གདུངས་པ་ཡི། །ཡི་དྭགས་དམན་པའི་རིགས་སུ་ནི། །ཡང་ནས་ཡང་ན་སྐྱེ་བར་ངེས། ། དེ་ཕྱིར་དེ་དག་སྤངས་ནས་ནི། །ཡ་རབས་བསམ་པ་བཟང་ལྡན་པས། །ཚུལ་བཞིན་བླངས་ཏེ་ཐོས་བསམ་གྱིས། །གཏན་ལ་ཕབ་དོན་མ་འཁྲུལ་པར། ། བརྗོད་ཅིང་ཡིད་ལ་བྱེད་པ་དང ། །ཐེ་ཚོམ་མེད་པར་བརྩོན་བྱེད་པས། །འགྲོ་ཚོགས་སྒྲོལ་བྱེད་ཐབས་ཐོབ་ནས། །རང་དོན་འགའ་ཞིག་སྨོས་ཅི་དགོས། ། 294b དེ་ནས་ལག་ན་རྡོ་རྗེ་གཙོ། །ཡེ་ཤེས་མཐའ་ཡས་མངའ་བའི་སྐུས། །འགྲོ་ལ་སྙིང་བརྩེར་རབ་གཟིགས་ནས། །གསང་བའི་སྐད་ཀྱིས་འདི་སྐད་གསུངས། །ང་ལ་མཉན་པར་བརྩོན་བྱེད་པ། །ཤིན་ཏུ་ལེགས་སོ་ལྷ་ཡི་བུ། །ལྷ་དང་དངོས་གྲུབ་འབྱུང་འབྲེལ་བའི། །ཏིང་འཛིན་ང་ཡིས་བཤད་པར་བྱ། །ཁྱོད་ཉིད་རྩེ་གཅིག་ཡིད་ཀྱིས་ནི། །ལེགས་པར་ཉོན་ལ་ཡིད་ལ་ཟུངས། །ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི། །དམ་ཆོས་ཐོབ་པ་ཤིན་ཏུ་དཀའ། །རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན། ། སྤྱན་རས་གཟིགས་དབང་མགོན་པོ་གཙོ། །རང་གི་སེམས་ལ་བསྐྱེད་པར་བྱ། །ཤིན་ཏུ་གསལ་ན་དངོས་གྲུབ་འགྱུར། །དང་པོ་སྟོང་བའི་བྱང་ཆུབ་སེམས། ། གཉིས་པ་ཡི་གེའི་བྱང་ཆུབ་སེམས། །གསུམ་པ་སྒྲོ་བཏགས་མིང་ཚོགས་སེམས། །བཞི་པ་གཟུགས་བརྙན་ཕྱག་རྒྱའི་སེམས། །ལྔ་པ་བྱིན་རླབས་རྒྱས་འདེབས་སེམས། །སྒྲ་དང་བྲག་ཅའི་ཚུལ་འབྱུང་བར། །གཙོ་བོའི་འཁོར་གྱིས་ཁྱད་པར་གསོལ། །དབུས་སུ་ཡི་གེ་ཨོཾ་ལ་སྟེ། །ཤར་དུ་ཧཱུཾ་སྟེ་ལྷོ་རུ་སཝཱ། །ནུབ་ཏུ་ཧྲཱིཿ ་ཡིག་བྱང་དུ་ཧཱ། །རིགས་ཀྱི་རིགས་ནི་ཡང་ཡང་བསྐྱེད། །ལྷ་ནི་གང་དུ་འཕོ་འགྱུར་བས། །དཀྱིལ་འཁོར་དེ་ཡི་རིགས་འབྱུང་ཡིན། །རིགས་ཀྱི་ཕྱག་རྒྱ་དེ་ཉིད་ 295a ༄#། །ཀྱི། །རིག་པ་རིགས་ཀྱི་རྒྱས་འདེབས་ཤིང ། །རིགས་ཀྱི་ལྷ་ཚོགས་ཕོ་མོ་རྣམས། །ཉམས་དགའ་དབེན་པའི་ཚུལ་གྱིས་སུ། །ཕན་ཚུན་དུ་ནི་བལྟས་ནས་གནས། །ལྡེམ་བག་ན་བཟའ་འཆང་འཕྲུལ་དང ། །འཕུར་ལྡིང་སིལ་སྙན་རིན་ཆེན་ཚོགས། །དུ་མའི་ཚོགས་ཀྱིས་བརྒྱན་བྱ་སྟེ། །ལ་ལ་ལྡེམ་བཞེངས་འགྱིང་དང་བཅས། །ལ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅས། །ལ་ལ་པདྨའི་སྐྱིལ་ཀྲུང་སྟེ། །ལ་ལ་སེམས་དཔའི་སྐྱིལ་ཀྲུང་ཅན། །ལ་ལ་ཁྲོ་ཐབས་བརྐྱང་བསྐུམ་ཅན། །ལ་ལ་ཞལ་ཕྱག་ཞབས་ཀྱང་མང ། །ལ་ལ་ཞབས་ནི་གཉིས་ཡིན་ཏེ། །ལ་ལ་ཞལ་གཅིག་ཕྱག་ཀྱང་གཉིས། །ལ་ལ་པད་སྡོང་པདྨ་ཅན། །ལ་ལ་པདྨ་མི་འཇིགས་ཕྱག་།གུཎྡྷེ་བུམ་པ་འཁར་གདིལ་དང ། །རྔ་ཡབ་ལེགས་སོ་སྐྱབས་སྦྱིན་ཕྱག་།རྡོ་རྗེ་དྲིལ་བུ་མདའ་གཞུ་དང ། །འཁར་རྡ་ཤིང་རྡ་རྫ་རྔ་དང ། །ཟང་ལྕགས་རྡོ་དང་རུས་པའི་རྔ། །རིང་ཟླུམ་རྐེད་ཉག་ལེབ་ཕྱག་ཆེ། །ཆུང་ཕྲ་སྦོམ་ཡང་དོག་པ་དང ། །རལ་གྲི་ཆུ་གྲི་གྲི་རིང་དང ། །གྲི་ལེབ་གྲི་ཟླུམ་གྲི་ཀྱོག་དང ། །སྟ་ཟུར་སྟ་ལེབ་ཕྱག་སྟ་དང ། །སྟ་ཆུང་གཞོགས་སྟ་འབིགས་སྟག་དང ། །ཟླུམ་སྟ་ཕྲེང་སྟ་བཞར་སྟ་དང་ 295b མདུང་དང་རྩེ་གསུམ་འཕེན་མདུང་དང ། འཁོར་ལོ་ཁ་ཊྦཾ་གཏུན་ཤིང་སྐྱོགས། །སྙེ་མ་ཏིག་མུ་མེ་ཏོག་དང ། །སྟོང་བུ་ལོ་འདབ་ཡབ་ག་དང ། །བ་དན་པད་གདུགས་རྒྱལ་མཚན་སྤུངས། །རྒྱ་གྲམ་པདྨ་རིན་ཆེན་སྒྲོམ། །འཁོར་ལོ་གྲེགས་བམ་ཨུཏྤལ་ལོ། །དེ་ལ་སོགས་ཏེ་མཆོག་མཐའ་ཡས། །ཕྱག་རྒྱ་སྟོང་སྙེད་ཚངས་པ་འམ། །བརྒྱ་རྩ་བརྒྱད་དམ་བཞི་བཅུ་དྲུག་།ཉི་ཤུ་གཉིས་སམ་བཅུ་གཉིས་དྲུག་།བཞི་འམ་གཉིས་སོགས་མོས་པས་འབྱུང ། ། ཕྱག་རྒྱ་བཅིངས་ལྡན་ཕྱག་རྒྱ་སྟེ། །དེ་ནི་ལྷ་ལ་རྒྱས་འདེབས་བྱེད། །གོམས་པའི་སྟོབས་ཀྱིས་ཕྱག་རྒྱ་ཆེ། །སེངྒེའི་སྒྲ་ནི་སེངྒེ་ཞོན། །རྒྱལ་པོ་རོལ་པའི་སྟབས་ཚུལ་ཅན། །རྩེ་གསུམ་སྦྲུལ་དང་མི་འཇིགས་ཕྱག་།པདྨ་སྡོང་བ་ཅས་རལ་གྲི་འབར། །དཔལ་བོའི་ལྕགས་ཀྱུ་ཐོད་པ་ནི། །ནང་མ་བདུན་གྱི་ཆ་གནས་པ། །གཏུམ་པོ་དྲག་པོ་འོད་ལྡན་མ། །གཡོན་དུ་ཀླུ་དབང་ཕྱུག་མ། །པདྨ་དང་ནི་ཟླ་བའི་སྟེང ། །ཕྱོགས་མདོགས་སེམས་དཔའི་སྐྱིལ་ཀྲུང་ཅན། ། ཡིད་བཞིན་ནོར་བུ་རྟ་ལ་བཅིབས། །ཞལ་གསུམ་ཕྱག་དྲུག་འཁོར་ལོ་དང ། །རྡོ་རྗེ་པདྨ་རིན་ཆེན་ཕྱག་།སྐྱབས་གསོལ་མཆོག་སྦྱིན་ཕྱག་རྒྱ་ཅན། །འཁོར་ 296a ༄#། །ནི་སེམས་དཔའི་སྐྱིལ་ཀྲུང་སྟེ། །མདོག་བཟང་སྒེག་པའི་ལྷ་མོ་ནི། །ཡིད་མྱུར་རིན་ཆེན་བཟང་མོ་དང ། །པད་རྒྱལ་མོ་དང་རྟ་རྣ་མོ། །རིན་ཆེན་པདྨ་ཟླ་ཉི་ལ། །འཁོར་ལོ་གྲོགས་ཀྱི་ཚལ་དུའོ། །པདྨོ་འབྱུང་གནས་རྨ་བྱ་ཞོན། །ཞལ་གཅིག་ཕྱག་བཞི་ལྡེམ་བ་ག་ཅན། །པདྨ་སྐྱབས་སྦྱིན་ལྕགས་ཀྱུ་དང ། །རིལ་བ་སྤྱི་བླུག་ཕྱག་ན་འཆང ། །སྒེག་མོ་ཕྲེང་མ་གླུ་གར་མ། །པད་ཟླ་སེམས་དཔའི་སྐྱིལ་ཀྲུང་ངོ ། །མི་བསྐྱོད་པ་ནི་མཁའ་ལྡིང་བཅིབས། །རལ་གྲི་པདྨ་མདའ་གཞུ་དང ། །སྐྱབས་སྦྱིན་གང་བའི་བུམ་པ་ཐོགས། །བཟང་འཛིན་མ་དང་རྣམ་སྦྱངས་མ། །ས་སྲུང་མ་དང་རབ་བརྟན་མོ། །དེ་དག་གོང་གི་ཆ་བྱད་མཚུངས། །དོན་ཡོད་ཞགས་པ་ཀླུ་སྟེང་བཞུགས། །རིན་པོ་ཆེ་དང་ཞགས་པ་དང ། །སྐྱབས་སྦྱིན་ལྕགས་ཀྱུ་འཆང་བའོ། །སེངྒེ་མོ་དང་གླང་པོ་མ། །སྟག་གདོང་ཁྱུ་མཆོག་གདོང་ལྡན་མ། །པདྨ་ཟླ་བའི་གདན་ལ་འོ། །ཧ་ལ་ཧ་ལ་རུས་སྦལ་སྟེང ། །རྡོ་རྗེ་དྲིལི་བུ་སྐྱབས་སྦྱིན་དང ། །ཆོས་ཀྱི་ཟ་མ་ཏོག་འཆང་བའོ། །ཉི་འོད་མ་དང་ཟླ་འོད་མ། །ཆུ་དབང་མོ་དང་ནོར་ཕྲེང་མོ། །དགེ་བའི་མདངས་དང་ལྡན་པའོ། ། 296b མགོན་པོ་པདྨ་རྒྱན་ལུང་ཆེ། །ཆུ་སྲིན་སྟེང་དུ་རོལ་པའི་ཚུལ། །ཌཱ་མ་རུ་དང་བགྲང་ཕྲེང་དང ། །མི་འཇིགས་ཕྱག་དང་ལྕགས་སྒྲོག་གོ་།ལུ་གུ་རྒྱུད་མ་འཁོར་ལོ་མ། །གསང་བ་མོ་དང་རི་པ་བསྲེལ་མོ། །གླང་སོར་རྡོ་རྗེ་ཆོས་དབང་ཕྱུག་།ཆོས་ཀྱི་འཁོར་ལོ་ཆོས་འཆད་རྒྱ། །སྐྱབས་སྦྱིན་པདྨ་པོ་ཏིར་བཅས། །དགའ་བ་དགའ་སྐྱེས་སྣང་བྱེད་མ། །སིལ་སྙན་མ་རྣམས་པད་ཟླར་ནི། །ཕྱེད་ཀྲུང་ལྡེམ་བག་ཚུལ་དུ་འོ། །རྗེ་བཙུན་ཆོས་ཀྱི་གཙུག་ཏོར་ནི། །ཧ་རི་ཧ་རི་ཧ་རི་ཞོན། །ཞལ་གསུམ་ཕྱག་ནི་བརྒྱད་པ་ལ། །འཁོར་ལོ་རྡོ་རྗེ་མདའ་གཞུ་དང ། །པད་དཀར་བགྲང་ཕྲེང་སྐྱབས་སྦྱིན་དང ། །བདུད་རྩིས་བཀང་བའི་བུམ་པ་འཆང ། །མཁའ་ལྡིང་གདོང་མ་ཤཱ་རིའི་གདོང ། །ཉི་ཞལ་ཟླ་ཞལ་ལྷ་མོའོ། །མགྲིན་སྔོ་དགའ་བོ་ཉེ་དགའ་སྟེ། །ཞལ་གསུམ་ཕྱག་དྲུག་པདྨ་དང ། །པོ་ཏི་སྐྱབས་སྦྱིན་བགྲང་ཕྲེང་ཕྱག ། སེངྒེའི་གདོང་མོ་ཀླུ་ཞལ་མོ། །དགའ་བྱེད་མོ་དང་སྲོག་བྱེད་མོ། །པད་ཟླར་སེམས་དཔའི་སྐྱིལ་ཀྲུང་ངོ ། །དབུས་སུ་མགོན་པོ་གདོང་བཅུ་གཅིག་།གསང་འཛིན་མོ་དང་འཛིན་པ་མོ། །སྔགས་སྲུང་བ་དང་གྲུབ་སྲུང་མ། །གོང་ལྟར་ཆ་བྱད་ཕྱོགས་མདོག་གོ་།ཕྱོགས་བཞི་འཁོར་ལོའི་ཆ་ལ་ནི། །གཙོ་བོ་སེམས་དཔའ་བཞི་ 297a ༄#། །དང་བཅས། །ཤར་དུ་རྡོ་རྗེ་དབང་ཕྱུག་ནི། །ཐོགས་མེད་ཡིད་དང་གྲུབ་དབང་ཕྱུག་།རྡོ་རྗེ་ཕྱག་རྒྱ་གཏེར་སྒྲོམ་ཅན། །ཀུན་ཀྱང་པདྨ་ཟླ་བ་ལའོ། །ལྷོར་ནི་རིན་ཆེན་དབང་ཕྱུག་སྟེ། །གྲུབ་ཆེན་དབང་ཕྱུག་དང་ཕག་ཞལ། །གྲུབ་པའི་རྣལ་འབྱོར་དབང་ཕྱུག་དང ། །གྲུ་འཛིན་དབང་ཕྱུག་ཞེས་བྱའོ། །ནུབ་ཏུ་པདྨའི་དབང་ཕྱུག་ནི། །སྐྱེས་བུ་སེངྒེའི་ཞལ་དང་ནི། །པདྨའི་ཕྱག་དང་སྦྲུལ་ནག་ཕྱག་།རྩེ་བྲན་རྒྱས་འཛིན་ཞེས་བྱའོ། །བྱང་དུ་དམ་ཚིག་དབང་ཕྱུག་དང ། །འཁོར་ལོ་འཆད་དང་སྟག་ལྤགས་འཆང ། །ཀུན་གྲུབ་དབང་ཕྱུག་སྒྲ་དུང་འཕེལ། །ཕྱོགས་དང་ཕྱོགས་ཀྱི་མདོག་ཅན་ནོ། །འཇིག་རྟེན་སྐྱོད་བ་བཅུ་པོ་དང ། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །ཀུན་ཏུ་གྲགས་པའི་ལྷ་ཆེན་རྣམས། །བསྟན་ལ་དགའ་བ་དགོད་པར་བྱ། །འཇིག་རྟེན་འཇིག་རྟེན་འདས་དོན་དུ། །རིགས་བཟང་སྐྱེ་བ་བཞེས་དགོངས་པ། །བསྐལ་པ་བཟང་པོ་འདིར་འབྱུང་བའི། །སངས་རྒྱས་སྟོང་ཡང་དགོད་པར་བྱ། །དེ་ལྟར་རྒྱས་པར་སྤྲོས་པ་ནི། །ལྷ་རྣམས་གྲངས་ནི་རྒྱ་ཆེ་བར། །ཆིག་སྟོང་ཉིས་བརྒྱ་བཞི་བཅུ་བདུན། །འཇིག་རྟེན་འཇིག་རྟེན་འདས་པའི་ལྷ། །མགོན་ 297b པོ་གདོང་བཅུ་གཅིག་པ་ཡི། །ལྷ་གྲངས་དཀྱིལ་འཁོར་བཀོད་པའོ། །སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་བཅུ། །འཇིག་རྟེན་དབང་ནི་དཀྱིལ་འཁོར་ལྔ། ། རིག་པའི་ལྷ་མོའི་དཀྱིལ་འཁོར་ལྔ། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་བདུན། །དཀྱིལ་འཁོར་དེ་དག་རེ་རེ་ལ། །སེམས་ཀྱི་དཀྱིལ་འཁོར་ལྷ་མང་སྟེ། །རང་བཞིན་གྱིས་ནི་ཉི་ཤུ་ལྔ། །རྒྱུ་འབྲས་ཚུལ་དུ་རྣམ་པ་དགུ། །ཡེ་ཤེས་ཆ་ལ་ལྔ་ཡིན་ཏེ། །ཆོས་ཉིད་ངོ་བོས་གཅིག་ཏུ་རྒྱལ། །གང་གང་མོས་པ་དེ་དང་དེའི། ། དཀྱིལ་འཁོར་རྣམ་པར་སྤྲོ་བའམ། །གཅིག་ཏུ་མོས་པའི་སྦྱོར་བ་ཡི། །བྱང་ཆུབ་རྡོ་རྗེ་མཆོག་ཐོབ་ནས། །ཁམས་གསུམ་རྒྱལ་པོར་ལོངས་སྤྱོད་ཆེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །གཙང་སྦྲ་ཆེ་ཞིང་དད་སེམས་ཅན། །རྩེ་གཅིག་སྒྲུབ་ལ་ནན་ཏན་སྩོལ། །བློ་བཟང་འགྲོ་ལ་འཇུག་ཅིང་སྤྱོད། །དག་སྙད་དང་གིས་ཁྲོ་བ་མེད། །གཡོ་སྒྱུ་འདོད་བརྐམ་གཡེང་བ་མེད། །ལུས་ངག་དལ་ཞིང་ཐོས་པ་མང ། །ང་རྒྱལ་སེར་སྣ་ཆགས་པ་མེད། །གཏོང་ཕོད་སྙིང་རྗེ་དག་ལྡན་པས། །སྤྱན་རས་གཟིགས་ལ་གང་དམིགས་ནས། །དེ་ཡི་སྙིང་པོ་རྩ་སྔགས་ལ། །བར་ཆོད་མེད་པས་རབ་བརྗོད་ནས། །གཞན་ལ་ཕན་ 298a ༄#། །ཕྱིར་སྨོན་ལམ་བརྗོད། །སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །གང་ལ་འཇིགས་པ་བརྒྱད་སྣང་ཚེ། །ཁྲོ་བོ་ཆེན་པོ་རྫུ་འཕྲུལ་གྱིས། །དེ་དག་མྱུར་དུ་སེལ་བྱེད་ཤོག་།སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །གང་ལ་ནད་རིམས་གང་བྱུང་ཚེ། །གསོ་དཔྱད་སྨན་དང་སྨན་པར་ནི། །བདག་ཉིད་གྱུར་ནས་མྱུར་སེལ་ཤོག་།སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །མུ་གེའི་ནང་དུ་བྱུང་གྱུར་ཚེ། །ཕྱོགས་གཅིག་ནས་ནི་རྣམ་གཡོས་ནས། །ཟས་སྐོམ་རྒྱུན་ཆད་མེད་པར་ཤོག་།སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །གང་དུ་འཁྲུག་པ་ཆེ་བྱུང་ཚེ། །རང་དབང་གིས་ནི་སེམས་གྱུར་ནས། །བདེ་བས་ཕན་ཚུན་སྡུམ་པར་ཤོག་།སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །བྱོལ་སོང་གཅིག་ལ་གཅིག་ཟ་དང ། ། ཟས་སྐོམ་དཀོན་དང་གཞན་འཇིགས་ཚེ། །དེ་དག་སེལ་བའི་སྐྱབས་གྱུར་ཅིག་།སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །ཡི་དྭགས་ཟས་སྐོམ་གདུངས་པ་\?\། །ལོག་པར་ལྟ་བའི་གནས་ཞུགས་ཚེ། །ནད་བྲལ་བདུད་རྩི་ཀུན་སྣང་ཤོག་།སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །འགྲོ་བའི་ 298b སྐྱབས་དང་ཐབས་མཁས་དང ། །ཤེས་རབ་གྲུ་དང་ལྡན་ནས་ཀྱང ། །ཐབས་ཀྱི་སྡུག་བསྔལ་གྲོལ་བར་ཤོག་།སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། ཚུལ་ཁྲིམས་ཞགས་ལྡན་ལམ་ལ་རྟག་།མྱ་ངན་འདས་པའི་རི་བོ་འཇིག་།འདུས་མ་བྱས་ཀྱི་ཁྱིམ་འཇུག་ཤོག་།སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །ངན་སོང་གནས་རྣམས་མཐོང་ནས་ཀྱང ། །དེར་ཕྱིན་དེ་རྣམས་ཟད་པ་ཡི། །གཉེན་པོ་སོ་སོར་འབྱུང་བར་ཤོག་།སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ། །དམྱལ་རྣམས་ཚ་གྲང་བཅད་གཏུབས་ཚེ། །གོ་ཆ་ཆེ་དང་བསིལ་གྲིབ་དང ། །དྲོད་ཀྱི་འོད་དུ་གྱུར་པར་ཤོག་།རིག་སྔགས་ཡང་ཡང་བརྗོད་པ་ཡིས། ། ཡང་དག་ལམ་ཉིད་རྟོགས་པར་ཤོག་།ཀུན་འབྱུང་ས་བོན་རུལ་ནས་ནི། །སྡུག་བསྔལ་ཕུང་པོ་སྐམ་པར་ཤོག་།མགོན་པོ་མྱ་ངན་འདས་ཐོབ་ནས། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་འགྱུར། །དེ་ནས་ཡང་དག་བཤད་བྱ་བ། །བསྙེན་པས་བགེགས་ཀྱི་མཐུ་བཅོམ་ནས། །དངོས་གྲུབ་མྱུར་དུ་རྙེད་བྱའི་ཕྱིར། ། སྒྲུབ་པ་ལ་ནི་བརྩོན་པར་བྱ། །ཟླ་བ་དཀར་པོའི་ཚེས་གཅིག་ནས། །ཁྲུས་བྱས་གོས་གསར་གྱོན་བྱས་ནས། །སྐུ་གཟུགས་བཟང་པོའི་མདུན་འདུག་ནས། །མྱུར་ 299a ༄#། །བར་གནས་ནས་ཉིན་གཅིག་ལ། །དུས་གསུམ་སྔགས་འདི་བརྒྱ་རྩ་བརྒྱད། །བརྗོད་ཅིང་ཅི་འབྱོར་མཆོད་པར་བྱ། །ཚེས་བརྒྱད་ཐོ་རངས་དུས་ནས་ནི། །དབེན་པར་གདན་ཁྲི་བཟང་པོ་ལ། །སྐུ་གཟུགས་ནུབ་ཏུ་གཟིགས་ནས་བཞག་།བཟའ་བཏུང་མངར་བས་སྦགས་པས་མཆོད།། ཨ་ག་རུ་དང་དུ་རུ་སྐ། །བདུག་པ་རྒྱུན་དུ་བསྲེག་པར་བྱ། །འབྲུ་དཀར་འོ་མའི་ཟས་བཟའ་ཞིང ། །ཞག་གསུམ་བཟླས་པ་ཅི་ནུས་བྱ། །དེ་ནས་ཞག་གསུམ་བར་དུ་བདག་།འོ་མ་ཞོ་དང་འབྲས་ཅན་འཚལ། །ལྷ་ལ་མཆོད་པ་ཆེར་བསྐྱེད་ནས། །བྱང་ཆུབ་ཤིང་དྲུང་སྟོང་རྩ་བརྒྱད། །དུ་རུ་ཀ་ཡི་མར་དུ་སྦང ། །དུམ་བུ་རེ་རེ་སྔགས་རེ་དང ། །བྱང་ཆུབ་སེམས་དཔའི་དྲུང་དུ་བསྲེག་།ས་ཡང་གཡོ་ཞིང་སྐུ་ཡང་གཡོ། །སྟེང་ཞལ་ནས་ནི་སྙན་པའི་སྒྲ། །ལེགས་སོ་ལེགས་སོ་རིགས་ཀྱི་བུ། །ཁྱོད་ནི་ནན་ཏན་བརྩོན་འགྲུས་ཅན། །འདོད་སྨན་དོན་གཉེར་གང་ཡིན་པ། །མཁའ་ལ་འཕུར་རམ་རྐང་མགྱོགས་སམ། ། དྲང་སྲོང་རིག་འཛིན་རྒྱལ་པོ་ལ། །བདག་དང་སྐལ་མཉམ་འདོད་ན་ཡང ། །དེ་རིང་ཉིད་དུ་སྩལ་པར་བགྱིད། །བཅོ་ལྔའི་ཚེས་ལ་སྐུ་གཟུགས་ཏེ། ། 299b བདེ་གཤེགས་རིང་བསྲེལ་ཡོད་པ་ཡི། །མཆོད་རྟེན་ནང་ངམ་དྲུང་དུ་བཞུགས། །གསོ་སྦྱོང་བླངས་ནས་སྨྱུང་བ་ཡིས། །སྐྱ་སྣར་མེ་ཏོག་བརྒྱ་རྩ་བརྒྱད། ། སྔགས་རེ་བརྗོད་པས་སྐུ་ལ་བརྡེག་།དེ་ཚེ་མདུན་ཞལ་རྩ་བ་ནས། །འབྲུག་སྒྲ་ཆེན་པོ་ལྟ་བུ་འབྱུང ། །ས་ཆེན་རབ་ཏུ་གཡོ་བར་འགྱུར། །དེ་ཚེ་བདག་ཉིད་མ་སྐྲག་པར། །སྔགས་སྒྲུབ་རྗེས་སུ་དྲན་བྱ་སྟེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་།ཐུགས་རྗེ་ཆེ་དང་ལྡན་པ་ལ། །བདག་ཉིད་གུས་པས་ཕྱག་འཚལ་ལོ། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་རེ་གནས་གྱུར་ནས་ཀྱང ། །འགྲོ་བ་ཀུན་གྱི་རེ་འདོད་རྣམས། །ཚུལ་བཞིན་དུ་ནི་སྐོང་བར་ཤོག་།དེ་ཚེ་འདོད་པ་སྩོལ་པ་ལ། །ལྷ་ཀླུ་ཚོགས་ཀྱི་བར་ཆད་མེད། །སྔགས་ཀྱི་འདོད་དོན་ཀུན་གྲུབ་ཡིན། །བསོད་ནམས་རྫོགས་བྱེད་སྨོན་ལམ་མོ། །ཕྱག་འཚལ་རྟེན་ལ་བསྐོར་བ་དང ། །མཆོད་རྟེན་རྩིག་ཅིང་དཀྱིལ་འཁོར་ནི། །རྣལ་འབྱོར་ཡན་ལག་ལས་ལྡན་པས། །བདག་དང་གཞན་གྱི་དོན་གྱི་ཕྱིར། །རྒྱུན་ཆད་མེད་པར་བརྩོན་པ་ན། །དགེ་བྱེད་སྨོན་ལམ་རྒྱས་པ་ནི། །དེ་དག་མྱུར་དུ་འབྱུང་ 300a ༄#། །བར་འགྱུར། །དེ་ཕྱིར་སྨོན་ལམ་མཆོག་ཏུ་བཤད། །གང་ལ་དགེ་སྤྱོད་གཡེལ་བ་ཡི། །ལེ་ལོ་ཅན་ནི་བདུད་བཟུང་ནས། །གྱ་ཚོམ་སྨྲ་ཞིང་ཆོས་ལ་སྨད། །བསྟན་པ་འཇིག་པར་བྱེད་པར་འགྱུར། །དེ་ཕྱིར་སྨན་རིགས་གདོལ་པ་ཅན། །ལོག་སྤྱོད་ཅན་ནི་རིང་དུ་སོང ། །སེར་སྣ་ལེ་ལོ་ང་རྒྱལ་ཅན། །བག་མེད་གཡེང་དང་བཅས་པ་ནི། །བདུད་ཀྱི་འཆིང་ལམ་ལོག་ལམ་པ། །ཞུགས་དང་སླར་ལ་གཏང་བར་བྱ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། དངོས་གྲུབ་འབྱུང་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ནད་དང་གནོད་པ་སོགས། །སྔགས་བརྗོད་ཙམ་གྱིས་གསལ་བར་བཤད། །ནད་གདོན་གང་དང་གང་ལ་ཡང ། །སྔགས་པས་དྲག་ཏུ་གསལ་བཏབ་ལ། །རང་གི་རྩེ་གཅིག་སེམས་ཀྱིས་བཟླ། །དང་པོ་སྙིང་རྗེར་བཅས་པ་ཡི། །སྔགས་ཀྱིས་ནད་དང་གདོན་ལས་གྲོལ། །དེ་ཚེ་མཆོད་ལ་བརྩོན་པར་བྱ། །སྨྱོ་ནད་ཉིན་རེ་ལྡང་བ་དང ། །ཉིན་གཉིས་པའམ་ཉིན་གསུམ་པ། །ཉིན་བཞི་ཉིན་བདུན་ལྡང་བའི་རིམས། །འབྱུང་པོ་མཁའ་འགྲོ་ཤ་ཟ་འམ།། 300b སྨྱོ་བྱེད་བརྗེད་བྱེད་ལུས་སྲུལ་པོ། །འདྲེ་གདོན་དྲག་པོས་བགྱིས་མོད་ཀྱང ། །བརྒྱ་རྩ་བརྒྱད་ཀྱིས་སེལ་བར་འགྱུར། །ཡང་ན་སྲད་བུ་ཁ་དོག་ལྔ། །མདུད་རེ་སྔགས་རེ་བརྒྱ་རྩ་བརྒྱད། །མདུད་ལྡན་མགུལ་ལམ་དཔུང་པར་གདགས། །ཁ་ན་མ་ཐོ་བསགས་པ་ཡི། །སྒྲིབ་ཀུན་ཞི་ཞིང་བྱང་གྱུར་ན། །བགེགས་སོགས་ནད་ལྟ་སྨོས་ཅི་དགོས། །བདེ་རླབས་བསམ་གྱིས་མི་ཁྱབ་བོ། །སྐྲངས་དང་འབྲས་ཀྱི་ཕྲེང་བ་དང ། །ཤུ་བ་ཕོལ་མིག་རྨ་མཛེ་དང ། །མེ་དཔལ་ལྷོག་པ་གཡན་ལ་སོགས། །མ་རུངས་པ་ཡི་ནད་རྣམས་དང ། །རལ་གྲི་མདའ་མདུད་ལ་སོགས་པས། །མྱོས་སམ་དེ་ཡིས་ཞོན་པ་དང ། །སྤྲུལ་དང་སྡིག་པ་ཚངས་པ་དང ། །བུང་བ་མཆུ་རྣོན་ལ་སོགས་པའི། །གདུག་པ་རྣམས་ལ་ལན་བདུན་དང ། །བརྒྱ་རྩ་བརྒྱད་དང་སྟོང་དུ་བརྗོད། །ཡང་ན་ས་སེར་འཇིམ་པས་བྱུག་།དེ་ཡི་ནད་ལས་གྲོལ་བར་ངེས། །བགེགས་སམ་རླུང་ལ་སོགས་པ་ཡི། །གཞོགས་གཅིག་ཕྱོགས་སུ་ནད་ལངས་སམ། །རྣ་བ་འོན་ནམ་སྣ་\?\་ཁ་ན། །བརྒྱ་རྩ་བརྒྱད་དུ་བཟླས་པའམ། །འབྲུ་མར་ཞོ་དང་རུ་རྟ་དང ། །ལན་བདུན་བརྗོད་ན་བསྐུ་བྱུག་དང ། །ཟོས་ཤིང་རྣ་བ་སྣར་བྱུགས་ན། །སོས་པར་ 301a ༄#། །འགྱུར་བར་ཐེ་ཚོམ་མེད། །དེ་ནས་བྱང་ཆུབ་སེམས་དཔའ་ཆེ། །ཉི་འོད་ཀྱིས་ཀྱང་རིག་སྔགས་འཆང ། །སྲུང་དང་ལམ་འགྲོ་བསྐྱབ་པའི་ཕྱིར། །བྱིན་རླབས་ལྡན་པའི་ཚིག་འདི་གསུངས། །ན་མོ་བུདྡྷཱ་ཡ་གུ་རེ་བེ། ན་མོ་དྷརྨཱ་ཡ་ཏཱ་ཡི་ནི། ན་མཿ ་སཾ་གྷཱ་ཡ་མ་ཧཱ་ཏེ། ཏྲི་བྷྱོ་བི་སཝཱ་ཧཱ་ནཱ་མ། ཉིན་མཚན་དུས་སུ་འདི་བརྗོད་པས། །སྡིག་ཀུན་བྱང་ཞིང་ནད་རྣམས་ཞི། །ལམ་དུ་བགེགས་བདུད་མི་ཕྲད་ཅིང ། །རྟག་ཏུ་སེམས་དགའ་དམ་པ་འཐོབ། །བྱང་ཆུབ་སེམས་དཔའ་ཟླ་འོད་ཀྱང ། །སྲུང་བའི་དོན་དུ་སྔགས་འདི་གསུངས། །ཤ་མ་ཏེ་ཧེ་རུ་ཤ་ཧོ། །ཱ་ཛྙཱ་པ་ཏེ། སུ་རུ་ཏེ། ཤཾ་ཀི་ཊེ།་བ་ར་མ་བྱཱ་ཏེ། སུ་རུ་ཏེ། ཀཱ་ལ་ཊ་ཏེ། ཁི་མ་ཏེ་སཝཱ་ཧཱ། ཚོན་སྣ་ལྔ་ཡི་སྐུད་པ་ལ། །བདུན་བཟླས་མདུད་པ་ཉི་ཤུ་གཅིག་།ན་སར་བཏགས་ན་ནད་སེལ་འགྱུར། །གཞན་ཡང་ཡོན་ཏན་གྲངས་མེད་ཐོབ། །སྦྲུལ་གྱི་རྨ་ནི་སྒོ་ཕྱེ་ལ། །བདུན་བཟླས་རྨ་ཁར་བཏབ་ན་སོས། །སེངྒེ་སྟག་གཟིག་དོམ་དྲེད་ཀྱི། ། པགས་ལ་ཉི་ཤུ་རྩ་གཅིག་སྔགས། །བརྗོད་ནས་གྲ་ཁྲིམས་ཅན་ལ་བསྐོན། །དེ་མ་ཐག་ཏུ་རིམས་སེལ་འགྱུར། །གློ་བུར་ནད་ཀྱིས་ཉེན་པ་ལ། །ལན་ 301b བདུན་བརྗོད་པའི་གུ་གུལ་བདུག་།ལྡོང་རོས་ཡུངས་ཀར་ལན་ཚཝ་དཀར། །སྦྱར་ནས་ཉི་ཤུ་རྩ་གཅིག་བརྗོད། །ནད་པའི་མལ་བཞག་ནས་བདུགས་ན། །\?\་འབྲོས་ཏེ་ནད་ལས་གྲོལ། །ཏིལ་མར་ནང་དུ་རུ་རྟ་བཙོས། །བྱུགས་པས་གཞོགས་ནད་རྣ་ནད་དང ། །ཞཝ་གྲུམ་མྱུར་དུ་སེལ་བར་བྱེད། །ཡང་ན་རྩི་མར་ཉིད་ལ་བྱ། །ཏིལ་མར་ལྟེ་བར་བསྐུས་པ་ཡིས། །མྱུར་དུ་བུ་ཐོན་འགྱུར་བར་ངེས། །ལྕིམ་རྩས་ཤ་མ་ཐོན་པར་ངེས། །དུ་རུ་ཀ་དང་སྤྱི་མོང་སྦྱར། །སྙིང་ནད་དྲག་པོ་སེལ་བར་འགྱུར། །བ་རོག་མོ་ཡི་ལྕི་དྲོན་གྱིས། །རྨ་ཁར་བསླན་ན་མེས་ཚིག་སོས། །སྲིན་བུ་རིང་མོ་སྙིང་ལ་ཟ། །རྟ་དཀར་གཅིན་ལ་ཁྱོར་གང་འཐུང ། ། དེས་ནི་སྲོག་ཆགས་འབུད་པར་འགྱུར། །འབྲས་ལ་རམས་ཀྱི་ལོ་མ་ཡི། །ཁུ་བ་བསྐོལ་བས་བྱུག་པར་བྱ། །བོང་བུའི་རྟུག་པ་གསར་པ་བཙིར། །ཉལ་ཀར་མིག་དུ་བླུག་ན་སོས། །མཚན་མོ་སྐྲངས་ལ་སྐུད་དཀར་རོ། །དེ་ཀུ་ཉི་ཤུ་རྩ་གཅིག་བཟླས། །བརྒྱ་རྩ་བརྒྱད་བརྗོད་ཤུ་དག་དཀར། །དཔུང་པར་བཏགས་པས་གཡུལ་ལས་རྒྱལ། །ཕུག་རོན་རིལ་མ་ཉི་ཤུ་བརྒྱད། །བཟླས་བཅས་བསྐུས་པས་ལྕགས་སྒྲོག་དང ། །ཤིང་སྒྲོག་ལ་སོགས་གྲོལ་བར་ངེས། །ཐལ་ 302a ༄#། །བ་འམ་བྱེ་མ་ལ་ནི་སྔགས། །སྟོང་བཟླས་མེ་ཏོག་སྲིན་བུ་གྲོལ། །གདོན་དང་ཡམས་ནད་བཟློག་པ་ལ། །དྲི་བཟང་ཆུ་ལ་བཟླས་ནས་བཀྲུ། །བུད་མེད་བུ་འདོད་དོན་དུ་ནི། །སྟོང་བཟླས་པ་མར་བཏུང་བར་བྱ། །བྱི་བ་སྦྲུལ་དང་རུས་སྦལ་ཤ། །ཕྱེ་མ་གཏོར་ན་ཕྱུགས་རྣམས་རེངས། །མར་ག་ནི་དང་ཤུ་དག་དང ། །ལྒ་དང་གོ་སྙོད་སྦྲང་རྩི་སྦྱར། །སྔགས་འདི་ཡིས་ནི་ཤེས་རབ་འཕེལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཁཱ་ཧི་ཁཱ་ཧི། བ་ལི་ཏེ་སཝཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་པདྨེ་ཕུ། མ་ཧཱ་པདྨེ་ཕུ། པདྨ་ལོ་ཙ་ནེ་ཕུ། ཨ་མོ་གྷ་བེ་ཏེ། ན་མོ་ཨ་དོ་ཏ་ཀུ་ཏཱ་ཡ། ས་ར་ས་ར། གཙྪ་གཙྪ། ཨི་མཾ་མཀྵི་རོ་གཾ་ནཱ་ཤ་ཡ་སཝཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་ནས་ཀྱང ། །ཐལ་བས་མིག་ནི་ཕྱི་རོལ་བསྐུ། །མིག་ནད་ཐམས་ཅད་འཇོམས་པར་འགྱུར། །སྐུད་པ་དཀར་པོ་མདུད་པ་བདུན། །སྔགས་བདུན་བཟླས་པས་རྣ་བ་ཡི། །ནད་རྣམས་ཐམས་ཅད་འཇོམས་པར་ 302b འགྱུར། །གུར་གུམ་ཀ་ར་ཆ་མཉམ་པས། །སྣ་ཡི་ནད་ནི་སེལ་བར་བྱེད། ། རུ་ར་ཡི་ཕྱེ་མ་དང ། །སྦྲང་རྩི་བསྲེས་པའི་འདག་པ་ནི། །སོ་ཡི་ནད་དང་ལྕེ་ཡི་ནད།། ཐམས་ཅད་འཇོམས་པར་ཤེས་པར་བྱ། །ོཾ་ཧཱུཾ་ཤྲཱི་ཧཱུཾ་ཤུ་ཀྵེ་ཕུ། ཉི་ཤུ་རྩ་གཅིག་ཆུ་ལ་བཟླ། །འཐུངས་པས་མ་ཞུའི་གནོད་པ་སེལ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་རཏྣ་ཤེ། མ་ཧཱ་ཙཎྜ། ཨ་སུ་ར་མརྟ་ཀི་།ཛྭ་ལ་ཛྭ་ལ། ཙྪིནྡ་ཙྪིནྡ། ཧུ་རུ་ཧུ་རུ། ཀི་རི་ཀི་རི། ཧ་ན་ཧ་ན། སརྦ་ཛྭ་རེནྡྲེ་ཀ་།བནྡྷེ་ན། མཱ་ར་ཡ་མཱ་ར་ཡ། སརྦ་གྲ་ཧཾ་སཝཱ་ཧཱི། སྔགས་འདི་མཚལ་གྱིས་བྲིས་ནས་ཀྱང ། ། མགུལ་དུ་བཏགས་ན་ནད་རྣམས་སེལ། །གཞན་ཡང་རྩ་བའི་སྔགས་གང་གིས། །ལས་རྣམས་དེ་དང་དེ་ལ་སྦྱར། །སྦྲང་བུ་སྲིན་བུ་སྤྲུལ་ལྷོག་པ། །གཡན་པ་ཤུ་བ་སྐེ་ནད་ལ། །སྦྲང་རྩི་པི་པི་ལིང་གིས་བྱུག་།གང་ཞིག་བཙོན་དུ་ཞུགས་པ་ལ། །ཉི་ཤུ་རྩ་གཅིག་བཟླས་པ་ལ། །ཙནྡན་ལྔ་གུ་སྙིང་གར་བྱུག་གང་གི་མིག་ནད་སེལ་བ་ལ། །ཤིང་མངར་ཆུ་འམ་སྤོས་ཆུའམ། །བ་ལ་ཤ་ཡི་ཁུ་ཡིས་བྱ། །རྣ་བ་ལ་ནི་ཏིལ་མར་གྱིས། །གཞན་གྱི་ཡི་གེ་གསལ་བ་དང ། ། 303a ༄#། །འཐབ་མོ་ཤགས་འགྱེད་འགྱུར་བའི་ཚེ། །བུམ་པ་ཆུ་ཡིས་གདོང་པ་བཀྲུ། །གང་ཡང་བྱིས་པ་སྲུང་བ་ནི། །སེང་ལྡེང་ཕུར་བུ་སོར་བཞི་པ། །པདྨ་གར་གྱི་དབང་ཕྱུག་དང ། །དོན་ཡོད་ཞགས་པའི་སྔགས་རིང་དག་།སྟོང་རྩ་བརྒྱད་དུ་བཟླས་བཏགས་ན། །ཚེ་རིང་ཉིད་དུ་བདེ་བར་སྤྱོད། །བ་ལང་རཝ་དང་པོ་སོ་འཆའ། །ཤིང་ཀུན་དུང་སྦྲུལ་པགས་པ་དང ། །རས་བལ་ས་བོན་དྲུང་པོ་དང ། །དེ་བཞིན་དུ་ནི་སེར་པོ་གཉིས། །ནས་ཀྱི་ཕུབ་མ་གཡེངས་པའི་སྐྲ། །བྱི་ལའི་རྟུག་པ་བྲི་ཧ་ཏི། །ཤུག་པ་བྱ་རོག་སྒོ་ང་དང ། །བ་ལང་རྨིག་པ་ན་ལེ་ཤམ། །ད་དུ་ར་དང་ལྷན་ཅིག་སྦྱར། །དེ་རྣམས་བསྲེས་པའི་དུད་པ་ཡིས། །བགེགས་རྣམས་སེལ་ཕྱིར་རུ་ཏྲ་ཡི། །དུད་པ་བཅུ་དྲུག་ཞེས་བྱའོ། །པུ་ཤེལ་རྩེ་དང་བ་བླ་དང ། །བཙན་དུག་གི་ནི་སྤྲུལ་ཤུན་གྱིས། །བདུགས་ན་རིམས་ནད་ཐམས་ཅད་སེལ། །ནད་གཞན་དག་ཀྱང་སེལ་བར་བྱེད། །བ་ལང་ལྕི་བའི་ཁུ་བར་ནི། །སོ་མ་རཱ་ཛའི་ཕྱེ་མ་གདབ། །ཡི་གེ་ཧྲཱི་ཡིས་བྱིན་བརླབས་ནས། །མགྲིན་པ་སྔོན་པོའི་རྩ་བའི་སྔགས། །བརྒྱ་རྩ་བརྒྱད་བརྗོད་འཐུངས་པས་ནི། །དུག་དང་རིམས་ནད་སེལ་བར་བྱེད། །སྐྱེར་པ་ 303b བསྐོལ་བའི་ཁུ་བར་ནི། །སོ་མ་རཱ་ཛའི་ཕྱི་མ་སྦྱར། །རིལ་བུ་རྒྱ་སྲན་ཙམ་གྱི་ཚད། །ཡིད་བཞིན་ནོར་བུའི་སྔགས་བརྗོད་ནས། །ཟོས་པ་ཙམ་གྱིས་དུག་རིགས་རྣམས། །ཟོས་ཀྱང་ལུས་ལ་གནོད་པ་མེད། །འོ་མར་ཡུང་བ་སྲང་གཅིག་བསྐོལ། །སོ་མ་རཱ་ཛ་བླུགས་ཏེ་རླུང ། །སོ་སོའི་ཆང་ལ་ཧ་ལའི་སྔགས། །བརྒྱ་རྩ་བརྒྱད་སྔགས་གྲངས་ཚང་བ། །བརྗོད་དེ་བླུད་ན་སྐྱུགས་ནས་ནི། །དུག་ནིས་ཚུགས་པར་མི་འགྱུར་རོ། །ཁྱིམ་གྱི་དུད་པ་རྒྱམ་ཚཝ་དང ། །སྐྱེ་དུ་དམར་རྩ་ལོ་མར་བཅས། ། ཕྱེ་མ་མར་གསར་སྦྲང་རྩི་བཅས། །ཧ་རི་ཆེན་པོ་རྩ་བའི་སྔགས། །བརྒྱ་རྩ་བརྒྱད་ཀྱིས་བཏུང་བར་བྱ། །སྦྲུལ་ནད་ཐམས་ཅད་སེལ་བར་བྱེད། །ཤུ་དག་རུ་རྟ་ཨ་ག་རུ། ། ཡུང་བ་བོང་ང་དཀར་པོ་རྣམས། །དོན་ཡོད་ཞགས་པའི་སྔགས་ཀྱིས་མཉེ། །བྱུགས་པས་དུག་ནད་ཐམས་ཅད་སེལ། །རྒྱམ་ཚཝ་སྲང་གང་མར་སྲང་གཉིས། ། གཅིན་སྲང་བརྒྱད་དང་ལྷན་ཅིག་བསྐོལ། །རྡོ་རྗེ་ཆོས་ཀྱི་སྔགས་ཀྱིས་འཐུངས། །དུག་ནད་ཐམས་ཅད་སེལ་བར་བྱེད། །རྒྱམ་ཚཝ་ཚཝ་གསུམ་མར་སྲང་བཞི། །སྦྱར་ཏེ་མི་བཤོལ་སྔགས་བརྗོད་ནས། །བྱུགས་ན་རེག་པ་ཙམ་གྱིས་ནི། །སྡིག་པ་སྦྲུལ་གྱིས་ཟིན་པ་སེལ། །ཀུ་མ་རི་དང་སེར་པོ་གཉིས། །ལྕིམ་ཚཝ་མྱང་ཚ་སྦྱར་བཅས་ 304a ༄#། །ལ། །གར་དབང་སྔགས་དང་ཆུ་ཡིས་བཏུང ། །དུག་ནད་ཐམས་ཅད་སེལ་བར་བྱེད། །སེར་པོ་གཉིས་དང་ལྡོང་རོས་དང ། །གོ་ཐལ་གུར་གུམ་ལེ་བརྒན་རྩི། །པདྨ་རྒྱན་ལུང་སྔགས་ཀྱིས་བཏུང ། །དབྱིག་དུག་ཐམས་ཅད་འཇོམས་པར་བྱེད། །གང་ལ་གཟའ་དང་རྒྱུ་སྐར་གྱིས། །འཚེ་བ་བྱུང་ན་དེས་བསལ་ཕྱིར། །པདྨ་འདབ་བརྒྱད་མཎྜལ་གྱིས། །ཕྱོགས་དང་ཕྱོགས་མཚམས་དབུས་རྣམས་སུ། །མགོན་པོ་འཇམ་པའི་རྡོ་རྗེ་ནི། །མཁའ་ལྡིང་གཟུགས་སུ་གྱུར་པ་ལ། །སྤྱན་རས་གཟིགས་དབང་བཅུ་གཅིག་གིས། །གུས་པའི་ཚུལ་དུ་མཆོད་བྱེད་བཀོད། །ཉི་མ་ཟླ་བ་ལག་འཛིན་པའི། ། ཁྱབ་འཇུག་གིས་ནི་བྱི་བའི་གཟུགས། །མནན་པའི་མཁའ་ལྡིང་མིག་སྨན་མདོག་།ནོར་རྒྱས་བུ་གཉིས་ལྷ་ཡི་གཟུགས། །མིག་གསུམ་ལྡན་པ་བརྗིད་པའི་ལུས། །རིན་ཆེན་ལྔ་ཡི་སྡེར་གཤོག་ཅན། །རྡོ་རྗེ་མཆུ་རྣོ་ཁྲོ་དང་བཅས། །ཉི་མ་བྱེ་བས་བརྒྱན་པའི་འོད། །སྙིང་གར་ཉི་མ་འོད་འབར་ལ། །གཾ་ཡིག་ནག་པོ་སྔགས་ཀྱིས་བསྐུལ། །སྤུ་རྣམས་ཟིངས་ཀྱིས་གྱུར་ནས་ཀྱང ། །ཕྱོགས་བཅུར་རྡོ་རྗེ་ཁྱབ་པར་འཕྲོ། །གཟའ་དང་རྒྱུ་སྐར་མོག་བྱས་ཏེ། ། 304b གདོན་དང་ཀླུ་རྣམས་སྲེག་པར་བྱེད། །ཐུགས་རྗེ་མི་བཤོལ་བ་ཡི་སྔགས། །འབྲུག་སྒྲ་ལྟ་བུར་གསལ་བར་བརྗོད། །གང་ཡང་གྲངས་མེད་སྟོང་ཕྲག་ནི། ། ལས་རྣམས་ཐམས་ཅད་སྔགས་འདིས་འགྲུབ། །མཁའ་ལྡིང་དཀར་པོ་བརྗིད་པའི་ལུས། །ཀླུ་ཡི་གདོན་ལས་སྦྱར་བར་བྱ། །དེ་ལ་མགྲིན་པ་སྔོན་པོ་ཡི། ། རྩ་བའི་སྔགས་ཀྱིས་བསྐུལ་བ་ནི། །ས་སྟེང་གཏུམ་པོ་ཀླུ་ཡི་གདོན། །དུ་མ་ངེས་པར་སེལ་བར་བྱེད། །ཀླུ་དང་ཚངས་པའི་སྲིན་པོ་སྲེག་།འགྲོ་ལ་མཛེ་ནང་གཏོང་བར་བྱ། །མཁའ་ལྡིང་དམར་པོ་སྦྲུལ་ཟ་མ། །མེ་ཏོག་ཐོད་མ་ཁ་ཊྭཱཾ་ག་།གཡོན་ན་འཆང་སྟེ་གཡས་པ་ན། །རལ་གྲི་མེ་འོད་འབར་བ་འཆང ། མགོན་པོ་སེངྒེའི་སྒྲས་བསྐུལ་ནས། །དཔའ་རླབས་བསྐལ་པའི་མེ་དང་མཉམ། །སྦྲུལ་དང་རིན་ཆེན་དབྱུག་ཐོ་ཅན། །མཁའ་ལྡིང་ཤ་ཟའི་གདོན་ལ་ནི།། མགོན་པོ་ཧ་རིའི་སྔགས་ཀྱིས་བསྐུལ། །མཁའ་འགྲོའི་གདོན་ལ་མཁའ་ལྡིང་ནི། །ལྗང་གུ་རལ་གྲི་ཕུར་པ་འཆང ། །པདྨ་རལ་གྲི་སྔགས་ཀྱིས་བསྐུལ།། ལས་རྣམས་གང་དང་གང་ལ་ཡང ། །སྔགས་དང་ཕྱག་རྒྱ་ལྡན་སྦྱོར་བའོ། །ཇི་ལྟར་མོས་ཏེ་ཕྱག་རྒྱར་བཅས། །ལུས་ཀྱི་ཕྱག་རྒྱ་སེམས་ཀྱི་རྒྱ། །ངོ་བོ་ཉིད་ 305a ༄#། །ཀྱིས་མཚན་པ་ཡི། །སྔགས་དང་ཕྱག་རྒྱས་རྒྱས་འདེབས་འགྱུར། །ད་ནི་ཕྱག་རྒྱ་བཤད་པར་བྱ། །སྐུ་ཡི་མདུན་དུ་ལངས་ནས་ཀྱང ། །རྐང་པ་གཡས་པ་ཡུད་ཙམ་བསྐུམ། །ལག་གཉིས་སོ་སོར་ཐུང་དུ་བརྐྱང ། །གུང་སྲིན་སོ་སོར་མཐིལ་དུ་བཀུག་།མཐེབ་མཛུབ་དག་ནི་སོ་སོར་བརྐྱང ། །གྲུ་ཁུག་ལག་མཐིལ་མདུན་དུ་བརྟན། །འགྲོ་འམ་འདུག་ཀྱང་དགྲ་དཔུང་ལས། །རྒྱལ་ཕྱིར་སྔགས་འདི་བརྗོད་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་བ་ཏེ། བ་ར་བ་ཏེ། ཨེ་ཧྱེ་ཧི་སཝཱ་ཧཱ། ཡང་ན་སྔོན་ལྟར་ལུས་བསྲངས་ཏེ། །སྙིང་གར་ཐལ་སྦྱར་སྤྲོ་བ་བསྣོལ། །མཛུབ་མོ་གཉིས་བསྒྲེངས་རྩེ་མོ་སྤྲད། །མཐེབ་གཉིས་མཛུབ་ཚིགས་དང་པོར་བཀུག། ལག་མཐིལ་ཅུང་ཟད་མ་རེག་པ། །གཟུངས་སྔགས་གང་བརྗོད་ཕྱག་རྒྱའོ། །བགེགས་ཀྱི་འཚེ་བ་བྱུང་བའི་ཚེ། །སྔགས་དང་ཕྱག་རྒྱ་འདིས་བསལ་བྱ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་དྷརྨ་ཎི་མཎྜ་ལ་ཡ། ཨེ་ཧྱེ་ཧི་ 305b པ་རི་མ་ཤུདྡྷ་ས་ཏྭཱ་ཡ་སཝཱ་ཧཱ། ཡང་ན་སྒོམ་ལ་འཇུག་པས་ནི། །ཐོག་མར་ཕྱག་རྒྱ་འདི་བཅིང་ངོ ། །པུས་བཙུགས་སྤྱི་བོར་ཐལ་མོ་སྦྱར། །མཛུབ་གཉིས་བཀུག་ལ་རྩེ་སྤྲད་ནས། །དེ་ལ་མཐེབ་གཉིས་བཞར་བར་བྱ། །འདི་ནི་བདུད་ལས་རྒྱལ་བར་ངེས། །ཡང་ན་ལག་གཉིས་རྒྱབ་སྤྲད་ནས། །སོར་མོ་རྩེ་རྣམས་རེག་པར་བྱ།། མཐེབ་གཉིས་བརྐྱངས་ནས་མཛུབ་ནང་སྦྱར། །སྨིན་མཚམས་སུ་ནི་གཞག་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་དུ་ཥྚ་ན་མོ་བཛྲ་ཡ་མེ་སཝཱཧཱ། ཁྱད་པར་དུ་ནི་ལྷ་མཐོང་འགྱུར། །ཡང་ན་བསྒྲེངས་ཏེ་མཉམ་གཞག་རྒྱ། །སྙིང་གར་བཞག་ལ་སྔགས་འདི་བརྗོད། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་དེ་བ་ཨ་ན་ལེ་སཝཱ་ཧཱ། གློ་བུར་རྩོད་པ་རྒྱལ་བྱེད་ཡིན། །ཡང་ནི་བསྒྲེངས་ཏེ་རྟིང་པ་སྤྲད། །ལག་གཉིས་ཀྱིས་འཇིགས་བྱེད་ཚུལ་བྱ། །རྩ་སྔགས་གང་རུང་བརྗོད་པས་ནི། །ཏིང་འཛིན་ཡན་ལག་བརྟན་པར་འགྱུར། །ཡང་ནི་པདྨ་རྒྱན་ལུང་གི་།རྩ་བའི་སྔགས་ཀྱི་ཕྱག་རྒྱའོ། །ལག་གཉིས་ཐལ་སྦྱར་སྲིན་ལག་ 306a ༄#། །གིས། །མཐེ་བོའི་སེན་མོ་མནན་བྱས་ཏེ། །མཐེའུ་ཆུང་རྩེ་མོའི་གུང་མོ་སྤྲད། །གཤེགས་སུ་གསོལ་བའི་ཕྱག་རྒྱ་སྟེ། །དགུག་ན་མཛུབ་རྩེ་བསྐུལ་ཞིང་དགུག་།ཡང་ན་གཡས་པའི་མཛུབ་མོ་དགུག་།གཡོན་པ་སླར་གཏང་བྱ་བའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་ར་ཡ།་བོ་དྷི་སཏའྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་བྲཧྨ་ཨེ་ཧྱེ་ཧི་སཝཱ་ཧཱ། ཡང་ན་སོར་རྩེ་རྣམས་བསྐྱེད་ན། །མཛུབ་མོ་གཡས་པ་ལྷ་ཆེན་རྣམས། །ཡང་ན་ཕྱག་རྒྱ་འདི་བཅས་ལ། །ཉི་ཟླ་གཟས་བཟུང་དུས་སུ་ནི། །གཟུངས་སྔགས་བ་མར་ལ་བཟླས་ནས། །ཕྱག་རྒྱས་བཏབ་ནས་ཟོས་པས་ནི། །ཤེས་རབ་འཕེལ་དང་ཚེ་འཕེལ་ཞིང ། །ནད་མེད་གཟུགས་བཟང་ཐོབ་པར་ངས། །འགྲེང་སྟེ་རྐང་གཤིབས་ཐལ་སྦྱར་ནས། །མཐེབ་གཉིས་ལག་པའི་ནང་བཀུག་པ། །སྙིང་གར་གཞག་བྱ་སྤྱན་རས་གཟིགས། །ཡིད་བཞིན་ནོར་བུའི་འཁོར་ལོའི་རྒྱ། །མཆོད་སོགས་ལས་ཀྱི་སྔོན་འགྲོ་བའོ། ། དེ་བཞིན་གཤེགས་པ་ལ་ཡང་ངོ ། །མཛུབ་བཀུག་མཐེ་བོང་སེན་མོར་བཅས། །ལག་གཉིས་རྒྱབ་སྤྲད་གར་དབང་རྒྱ། །ཐལ་སྦྱར་མཐེབ་མཛུབ་སོ་སོར་ 306b བརྐྱང ། །མགྲིན་པ་སྔོན་པོའི་ཕྱག་རྒྱ་འོ། །མཛུབ་མོ་གཉིས་བཀུག་ལྷག་མ་བརྐྱང ། །མི་བཤོལ་བ་ཡི་ཕྱག་རྒྱ་འོ། །ལག་གཉིས་རྒྱབ་སྤྲད་མཐེབ་གཉིས་བརྐྱང ། །བདུག་པ་བཟང་ལ་སྔགས་འདི་བཟླ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། །བོ་དྷི་སཏྭ་ཡ། །མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ།་ན་མི་རཏྣ་ཤ་རི་ཙནྡྲ་ཨ་ལཾ་ཀཱ་ར་མརྒ་ཏེ་ཛ་སུ་པྲ་ཙ་ཀེ་ཤཝ་རཱ་ཛ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ། ཏ་ཏ་ཤ་རཏྣ་ཏ་ཏ་ཤ་རཏྣ། པྲི་ཏེ་མ་ཧེ་རཏྣེ་པྲ་བྷཱ་ཏེ། རཏྣ་གརྦྷེ་སཝཱ་ཧཱ།་སྔ་བར་བརྒྱ་རྩ་བརྒྱད་བརྗོད་དེ། །ནོར་ཡང་ཐོབ་པའི་གཏེར་རྙེད་འགྱུར། །འགྲོ་གཞན་བདག་ལ་བྱམས་འདོད་ན། །སོ་ཤིང་ལ་ནི་ཉི་ཤུ་གཅིག་།ལྡོབ་རྐྱེན་འདོད་པ་ཤུ་དག་ལ། །སྟོང་རྩ་བརྒྱད་བཟླས་སྙིང་གར་བསྐུ། །གང་བཤད་ཕྱག་རྒྱ་དང་བཅས་པས། །གདུག་པའི་སྔགས་འདིས་བགེགས་ཀྱང་འབྲོས། །ན་མཿ ་སརྦ་བུདྡྷ་དྷརྨ་སཾ་གྷཱ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། །ཏདྱ་ཐཱ། ན་མོ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། ཨོཾ་ཧུ་པོ་ཧུ་པི། ཀ་པ་དུ་པི། པྲ་གཱ་ཡ་ནི་སཝཱཧཱ། རྣམ་གྲངས་བདུག་པས་སངས་རྒྱས་བདུག་།ལྷ་རྣམས་དག་ཀྱང་མཆོད་པར་བྱ། །ཡན་ལག་ 307a ༄#། །གཡས་པའི་མཐེ་བོང་ནི། །ལག་མཐིལ་བཞག་ནས་སོར་མོ་དག་བ། །རྣ་ལྟག་ཕྱར་ནས་མཛུབ་མོ་ནི། །བརྐྱང་བསྐུམ་བསྐུལ་བས་སྤྲོ་བ་དང ། །གཡོན་པ་མི་འཇིགས་ཕྱག་རྒྱ་སྟེ། །དུས་མ་ཡིན་པར་འཆི་སོགས་ཟློག་།ལག་གཉིས་ཐལ་མོ་སྦྱར་ནས་ཀྱང ། །སོར་མོ་བསྣོལ་ཏེ་བཀོད་པ་ལས། །མཐེ་བོང་མཐེའུ་ཆུང་སོ་སོ་ནི། །སྤྲད་དེ་སྤྲད་པ་ཤེས་རབ་རྒྱ། །ོཾ་སརྦ་སོཾ་ཤོ་དྷ་ནི་སཝཱཧཱ། དེ་བཞིན་བསྣོལ་ཏེ་བཀན་པ་ཡི། །གུང་གཉིས་ནང་དུ་གཤིབས་བསྒྲེངས་པ། མར་མེའི་རྒྱ་སྟེ་སྔགས་འདི་འོ། །ོཾ་དིཔ་ལོ་ཙ་ན་སཝཱཧཱ། དེ་ཉིད་སྦུབས་ནས་གུང་མོ་གཉིས། །རྩེ་སྤྲད་བསྒྲེངས་པ་བདུག་སྤོས་སོ། །ོཾ་དྷཱུ་པ་དྷ་ཏ་སྭའྷཱ། རྟིང་སྤྲད་སོ་སོ་རྩེངས་སར་དགུག་།བྱུག་པའི་ཚུལ་ནི་བྱུག་པའི་རྒྱུ། །ཧོཾ་དྷ་ལི་བེ་ཏྱ་ཤཝཱཧཱ། རྟིང་སྤྲད་སོར་མོ་གྱེན་དུ་བགྲོད། ། ཞལ་ནས་འཐོར་ཚུལ་བཤོས་ཀྱི་རྒྱ། ཨོཾ་ནེ་ཝི་དྱཻ་པྲཀྵ་ཏཾ་སཝཱཧཱ། ལག་གཉིས་བཀུག་ནས་རྩེ་བརྒྱད་སྤྲད། །མཐེ་བོང་གྱེན་དུ་ཡན་པ་ནི། །ན་བཟའ་དམ་པའི་ཕྱག་རྒྱའོ། །ོཾ་བྷཱ་ས་ར་ཎི་སཝཱ་ཧཱ། །སྙིམ་པ་ཁ་པྱེ་བཏེག་པའི་ཚུལ། །རོ་མ་སྩལ་པའི་ཕྱག་རྒྱའོ། །ོཾ་ཨཱཾ་ཀྲཱུཾ་ཧྲཱིཿ ། ས་ཀ་ལ་གཎ་བ་རི་ཝ་རེ་ཎཾ།པ་རི་ 307b ཀེ་ར་ཨ་ཨ། ། བ་ཏ་རཾ་ཏེ། ཨ་བ་ཏ་རཾ་ཏེ། ཨ་བ་ཧ་རནྟུ། ད་ཤ་དིཀ་ལོ་ཀ་པ་ལ་ས་པ་རི་ཝཱ་རེ་བྷྱཿ ་ཨི་དཾ་བ་ལིཾ་གྲིཧྞནྟུ། །ཁཱ་དཾ་ཏུ། །པི་པཾ་ཏུ། །ཡ་ཐེ་བཾ་ཡ་ཐེཥྚཾ། ཛཿ ་ཧཱུཾ་བཾ་ཧོ། །སཾ་ཏྲིབྷཱུ་སརྦ་སཏྭ་ནི། ཤཱ་ནྟིཾ་ཀུ་རུ། །པུཥྚིཾ་ཀུ་རུ། །ཝ་ཤཾ་ཀུ་རུ། །ཱ་བ་ར་ཎ་ཀུ་རུ་གུ་བ་ཏི། ཀ་རོ་ཏ་ཀུརྦཾ་ཏུ། ཧཱུཾ་ཧཱུཾ་ཕཊ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤཝ་ར་སྱ།་ཨཱ་ཛྙཱ་པཡ་ཏི་སཝཱཧཱ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་རྨཱ་ཎཱཾ་ཨདྱ་ནུབ་ཏྭནྣ་ཏྭཱཏ་ཨོཾ་ཨཱཿ ་ཧཱུཾ་ཕཊ་སཝཱཧཱ། ཨོཾ་ཧྲཱིཿ ་ཛ་བྷ་ལ་ཛ་ལེནྡྲཱ་ཡ་སཝཱཧཱ། ལོངས་སྤྱོད་རྟག་ཕྱྲ་གནོད་གནས་ལ། །ཆུ་གཙང་རྟག་ཏུ་སྦྱིན་པར་བྱ། །ོཾ་ཨཱ་ཧྲཱིཿ ་ལོ་ཀེ་ཤཝ་ར་ནུ་ནུ་སྨྲྀ་ཏི་ཀ་རཱ་ཡ་སཝཧཱ། ཡི་དྭགས་རྣམས་ལ་ས་ར་ཟས། །ཅིག་ཕྱིར་ཆུ་དང་བཅས་པ་སྩལ། །རྣལ་འབྱོར་ལྡན་པའི་རྣལ་འབྱོར་གྲོགས། །ལྷ་དང་འཇིག་རྟེན་སྐྱོང་བ་དང ། །འབྱུང་པོ་ཡི་དྭགས་ཀུན་བརྩོན་འྒྲྱུར། །སེམས་ཀྱི་ལྕགས་ཀྱུ་ལྡན་བྱ་སྟེ། །ཉོན་མོངས་སེམས་ལ་རབ་དྲངས་ཏེ། །ལྷ་ཀླུ་འབུམ་ཕྲག་སེམས་དགའ་བའི། །ཀུན་སློང་བྱང་ཆུབ་རིན་ཆེན་གྱིས། །ལས་ལ་སྒྱུར་བའི་ལྷག་བསམ་བསྐྱེད། །མཛད་པ་རྒྱ་ཆེན་ཀུན་འགྲུབ་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བའི་རྒྱུད་ 308a ༄#། །ལས། སྔགས་ཀྱི་སྦྱོར་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཁོར་གྱི་དཀྱིལ་འཁོར་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཉི་མའི་སྙིང་པོ་ཞེས་བྱ་བ། །འཁོར་གྱི་ཚོགས་དང་བཅས་པ་ཞིག་།མཆོད་པའི་བཀོད་པ་ཆེན་པོ་དང ། །བསྟོད་པའི་དབྱངས་དང་བཅས་པ་ཡིས། །བཅོམ་ལྡན་འདས་ལ་མཆོད་པར་བྱས། །བསྐོར་བ་དུ་མ་བྱས་ནས་ཀྱང ། །ཕྱག་འཚལ་གསང་བསྟོད་ཕྱོགས་གཅིག་མཆོད། ། པུས་བཙུགས་ཐལ་སྦྱར་འདི་སྐད་གསོལ། །མགོན་པོ་ཡོན་ཏན་ཀུན་གྱི་རྒྱལ། །ཡེ་ཤེས་རྨད་ཀྱི་འབྱུང་གནས་གཙོ། །ཐར་པའི་ལམ་ཆེན་ཉི་ཤར་རྒྱལ། །འདྲེན་པ་རྒྱ་མཚོ་ཕྱག་འཚལ་ལོ། །མཚན་དཔེ་མཐར་ཐུག་མེད་པའི་སྐུ། །གཟི་བརྗིད་རྒྱ་ཆེ་མཁའ་ཁྱབ་ལ། །བློ་གྲོས་ཡངས་པའི་ནམ་མཁའ་ཅན། །སྐུ་ཡི་གསང་བ་ཕྱག་འཚལ་ལོ། །ཚངས་དབྱངས་དུ་མ་བསམ་མི་ཁྱབ། །ནམ་མཁའ་ཡངས་པའི་མཐའ་བཀང་ནས། །ཚད་མེད་ཡན་ལག་བཅུ་གཉིས་བྱུང ། །གསུམ་གི་གསང་པ་ཕྱག་འཚལ་ལོ། །ཏིང་འཛིན་རྣམ་ཐར་བསམ་གཏན་སྒོ། །བསམ་ཡས་བསམ་དུ་མེད་བསམས་པས། །བསམ་ 308b མི་ཁྱབ་པའི་ཤེས་རབ་དང ། །ཐུགས་རྗེའི་ཐུགས་ལ་ཕྱག་འཚལ་ལོ། །འགྲོ་བའི་ཉོན་མོངས་འཆིང་གཅོད་པའི། །མ་རིག་གཡུལ་ལས་རྒྱལ་བྱེད་པ། །ཀུན་རྟོག་དྲ་བ་སེལ་བ་ཡི། །སྒྲོན་མ་དེ་རིང་བཤད་དུ་གསོལ། །བྱིས་རྣམས་མུན་པའི་འོབས་སུ་ལྷུང ། །ཉན་ཐོས་འདོད་ཆགས་ཚོགས་ཀྱིས་སྐྲག་།རང་རྒྱལ་གསང་པའི་བཟད་དང་ལྡན། །བྱང་ཆུབ་སེམས་དཔའ་འཆིང་བས་འཇིགས། །ཉོན་མོངས་མངའ་བདག་གསང་སྔགས་ལ། །ཤེས་རབ་སྙིང་རྗེའི་སྦྱོར་བ་ཡིས། །བག་ཆགས་བཅས་པ་གཏན་སྤོང་པའི། །ཐབས་མཆོག་དུ་མ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །འོད་ཟེར་ཕྱོགས་བཅུར་རྒྱས་བྱས་ནས། །ཚངས་པའི་དབྱངས་ཆེན་གསུང་སྙན་པས། །ནམ་མཁའི་ཁམས་ཆེན་རབ་བཀང་ནས། །ཤེས་རབ་སྙིང་རྗེར་འབྲེལ་བ་ཡི། །སྦྱོར་བའི་ཆོ་ག་དུ་མ་གསུངས། །བསྡུས་པའི་དོན་དུ་བྱས་པ་འདི། །ཉི་མའི་སྙིང་པོ་ཉན་པ་ནི། །ལེགས་སོ་བྱང་ཆུབ་སེམས་དཔའ་ཆེན། །དཔལ་དང་དལན་པ་ཁྱོད་ལེགས་སོ། །རྩི་གཅིག་གུས་པ་ཡི། །སེམས་ཀྱིས་ལེགས་ཉོན་ཡིད་ལ་ཟུངས། །ཉམས་དགའ་བདེ་བའི་ས་ཕྱོགས་སུ། །ཤིན་ཏུ་དགའ་བའི་ས་ལས་ནི། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་བྱ། ། 309a ༄#། །གྲུ་བཞི་སྒོ་བཞི་རྟ་བབས་བཅས། །ཤར་རམ་ལྷོ་ཡིས་སྒོ་གཏོད་བྱ། །དཀར་པོ་སེར་པོ་དམར་པོ་དང ། ལྗང་གུའི་ཚོན་གྱིས་བྲི་བར་བྱ། །དབུས་སུ་པདྨ་འདབ་བརྒྱད་པ། །དཀར་པོའི་ལྟ་བ་འཚམ་པར་དམར། །མུ་ཁྱུད་གཉིས་དང་ལྡན་པ་འོ། །གསེར་དངུལ་ཟངས་སམ་ས་ཉིད་ལ། །བུམ་པ་ལྟོ་ཡངས་མགྲིན་པ་ཕྲ། །ཁ་གཡེལ་ཞབས་ཚོད་ཞུམ་པ་ལ། །ཤིན་ཏུ་གཙང་མར་བཀྲུས་ནས་ཀྱང ། །ག་པུར་གུར་གུམ་ཅུ་གང་དང ། །གླ་རྩི་གི་ཝང་ཆུ་ཡིས་བཀང ། །བྱཱ་གྷྲི་སིཾ་གྷྲི་ཧ་ས་དེར། །ཀ་རི་ཀར་ནི་དེ་པ་ཀོ་།ནས་འབྲས་ཏིལ་གྲོ་མོན་སྲན་དང ། །གསེར་དངུལ་བྱི་རུ་མུ་ཏིག་དང ། །མན་ཤེལ་ཡིན་ཏེ་རིན་ཆེན་ལྔ། །བུམ་པར་སྩལ་ནས་རས་དཀར་གྱིས། །མགུལ་པ་བཅིངས་ནས་ཁ་རྒྱན་ཡང ། །དྲི་ཞིམ་ཤིང་ལོ་མེ་ཏོག་གཞག ། མེ་ཏོག་ཕྲེང་དང་བཅས་པ་དེ། །པདྨའི་དབུས་སུ་བཞག་ནས་ཀྱང ། །རྒྱ་མཚོ་ཆེན་པོར་འཁྲུགས་པ་ནས། །དཔག་བསམ་ཤིང་ཆེན་འབྲས་བུར་བཅས། །འཇིག་རྟེན་དབང་གིས་གང་བ་ཡི། །སྔགས་ཀྱང་མཐའ་ཡས་ཁྱབ་དམིགས་ནས། །སྔགས་ཀྱི་མཐུ་ཡིས་སངས་རྒྱས་ནས། །དགོངས་པ་རྒྱ་ཆེན་སྐྱེས་གྱུར་ཏེ། ། 309b ལེགས་སོ་བཀྲ་ཤིས་འབབ་པར་འགྱུར། །རྒྱལ་སྲས་རྣམས་དང་རིགས་པ་ཡི། །ལྷ་མོ་ཚོགས་དང་གླུ་ལེན་དང ། །བཀྲ་ཤིས་དུ་མ་བརྗོད་པར་འགྱུར། །དེ་ཚེ་མཁའ་ལ་ཡེ་ཤེས་ཀྱི། །འོད་ཟེར་བྱེ་བ་ཕྲག་བརྒྱ་ཡིས། །ཤིང་ཆེན་ཡོངས་སུ་སྨིན་པ་ལས། །བདུང་རྩིའི་ཆར་ཆེན་འབེབས་པར་འགྱུར། །འཇིག་རྟེན་སྐྱོང་ལ་གཏོར་མ་སྦྱིན། །རྒྱལ་དང་རྒྱལ་སྲས་མཆོད་པར་བྱ། །སྐར་མ་ལ་སོགས་འབབ་པ་འམ། །ཚེས་གཅིག་ནས་ནི་ཉ་ཡི་བར། །སྔགས་ཀྱི་ཕྲེང་བ་བརྗོད་པར་བྱ། །ལྷ་ལ་ཡང་ཡང་བསྐོར་བ་བྱ། །ལས་རྣམས་གང་དང་གང་ལ་ཡང ། །ལྷ་ཡི་དབང་གྱུར་སྦྱར་བར་བྱ། །དེ་དང་དེ་ནི་ལས་རྣམས་ལ། །ཅི་བདེ་བར་ཡང་སྦྱར་བར་བྱ། །ཕྲན་ཚེགས་ལས་ལ་སྤྱན་མའི་སྔགས། །ལྷོག་པ་འབྲུམ་པ་ལ་སོགས་ལ། །མི་བཤོལ་བ་ཡི་སྔགས་ཀྱིས་སྦྱར། །གདོན་རིགས་ཟློག་ལ་གར་དབང་སྟེ། །བྱད་སྟེམས་རིག་སྔགས་ཟློག་པ་ལ། །དོན་ཡོད་ཞགས་པའི་སྔགས་ཀྱིས་བརྐུ། །ཤེས་རབ་འཕེལ་བ་རྡོ་རྗེ་ཆོས། །ཀླུ་ནད་ཧ་ལ་ཧ་ལས་སེལ། །ཚེ་འཕེལ་པདྨ་རྒྱན་ལུང་སྟེ། མགྲིན་སྔོན་སྔགས་ཀྱིས་དཔལ་འཕེལ་བྱེད། །ཧ་རི་ཆེན་པོས་བདུག་སྤོས་ཏེ། །གདོང་བཅུ་གཅིག་ 310a ༄#། །པས་གློ་བུར་སེལ། །སེངྒེ་སྒྲས་ནི་མཛེ་ནད་སེལ། །རྣལ་འབྱོར་ཡོ་བྱད་འདོད་པས་ནི། །ཡིད་བཞིན་ནོར་བུའི་སྔགས་ཀྱིས་བཀྲུ། ། བཀྲ་ཤིས་རོལ་མོ་དུ་མ་དང ། །གཙང་སྦྲ་གོས་སེར་ལྡན་པ་ཡིས། །སྙན་པའི་གདངས་དང་ལྡན་པས་བཀྲུ། །མྱུར་དུ་སྒྲིབ་པ་འབྱང་བ་དང ། ། འདོད་ཡོན་ཀུན་གྲུབ་སྔགས་ཕྲེང་ནི། །གང་གངྱང་སྦྱར་བར་འགྱུར། །ཕན་ཚོགས་གཞེན་ལྟ་སྨོས་ཅི་དགོས། །ཟླ་བ་གཟས་གཟུང་གྱུར་བའི་ཚེ། །མར་སྲང་གཅིག་ནི་དངུལ་གཞུག་།སྐུ་གཟུགས་མདུན་བཞག་སྔགས་བརྗོད་ནས། །ཟླ་བ་སོས་ནས་མར་བླངས་ཏེ། །ཟོས་སམ་ལུས་ལ་བྱུགས་པ་ཡིས། །ནད་རྣམས་ཞི་ཞིང་བདེ་བར་འགྱུར། །ལྡོང་རོས་གིའུ་ཝང་ཆ་མཉམ་པས། །སྐུ་ཡི་མདུན་བཞག་སྔགས་སྟོང་བཟླ། ། ཆུས་བཀྲུ་དཔྲལ་པར་ཐིག་ལེ་ནི། །ཁམས་གསུམ་མཐོང་ཞིང་འདོད་གསུམ་འགྲུབ། །ཆུ་དྲོན་སྦྱར་ནས་ལུས་བཀྲུས་ན། ནད་དང་བགེགས་རྣམས་དག་པར་འགྱུར། །བསེ་འབྲས་ལ་ནི་བརྒྱ་རྩ་བརྒྱད། །བཟླས་ནས་ཁྲོ་ཞལ་གཡས་ལ་བྱུག། །དགྲ་དབུང་ཕྱོགས་སུ་བསྟན་ན་ནི། །དགྲ་གཡུལ་ཤིན་ཏུ་ 310b ཉེས་པར་འགྱུར། །བལ་བུ་འབྲས་བུ་སྔགས་རེར་བཅས། །བལ་བུ་ལེ་ལ་བརྒྱ་རྩ་བརྒྱད། །སྐུ་ཡི་དྲུང་དུ་བསྲེགས་པས་ནི། །མི་ཡམས་ཕྱུགས་ནད་ཐམས་ཅད་འཆད། །སྐུད་པ་གཙང་མ་མདོག་དམར་པོ། །སྔགས་རེ་བཏབ་པའི་མདུད་པ་བདུན། །ཞལ་གཅིག་སྟེང་ཞལ་བཏགས་ནས་ནི། །ནད་པ་ལ་བཏགས་རིམས་ནད་ཞི། །སྔགས་རེ་མདུད་པ་ཉི་ཤུ་གཅིག་།མདུན་ཞལ་སྟེང་བཞག་བླངས་བཏགས་པས། །མཁའ་འགྲོ་འབྱུང་པོ་རོ་ལངས་གདོན། །དྲག་པོས་ཟིན་པ་འཇོམས་པར་བྱེད། །གལ་ཏེ་དེས་ཀྱང་མ་སོས་ན། །མདུད་རེ་བརྒྱ་བརྩ་བརྒྱད་བརྗོད་ནས། །ཞལ་གཅིག་མདུན་ཞལ་དབུར་བཏགས་ཏེ། །བླངས་ཏེ་བཏགས་ན་ངེས་པར་གྲོལ། །སྡུག་བསྔལ་ནད་པ་ཡུན་རིང་གདུངས། །ཁྱིམ་དུ་འདྲེ་གདོན་འཇིགས་ཞུགས་ནས། །འབྲུ་རེ་སྔགས་རེ་ཐང་འབྲོམ་འབྲས། །སྐུ་མདུན་བརྒྱ་རྩ་བརྒྱད་གྲངས་ཏེ། །གོང་ལྟར་བསྒྲུབས་པའི་སྐུད་པ་ཡང ། །ལུས་ལ་བཏགས་ན་ངེས་པར་གྲོལ། །མི་མཛའ་བ་དང་འཁྲུག་པ་དང ། །བྱད་སྟེམས་དྲག་པོ་ཟློག་པ་ལ། །སྐུ་ལ་སྤོས་དང་མེ་ཏོག་མཆོག་།བི་ན་ཡ་ཡི་གཟུགས་མདུན་དུ། །བྲ་བོའི་འབྲས་བུ་དགྲ་མིང་བསྲེག་།སྔགས་རེ་མདུད་པ་བརྒྱ་རྩ་ 311a ༄#། །བརྒྱད། །མདུང་ལྡན་གཡོན་གྱི་ཁྲོ་ཞལ་གདགས། །ཞག་བཞི་ལོན་ན་སྐུ་ལས་དགྲོལ། །མདུད་པ་རེ་རེའི་བར་དུ་ནི། ། སྔགས་རེ་བརྗོད་ཅིང་གཅད་པར་བྱ། །བདག་ལ་སྡང་བྱེད་སྐྱབས་སུ་འོང ། །རྫས་དང་སྔགས་ཀྱི་ནུས་པའོ། །བརྩོན་པའི་བར་ཆད་བསལ་བ་ནི། ། ཚོན་སྣ་ལྔ་ཡི་སྐུད་པ་ལ། །མདུད་པ་སྔགས་རེ་བརྒྱ་རྩ་བརྒྱད། །མདུད་ནས་མདུན་བཞག་སྟེང་བཏགས་པ། །ཞག་གཅིག་ལོན་དགྲོལ་ལུས་བཏགས་ན། །ལས་རྣམས་བཀྲ་ཤིས་ཚུལ་དུ་འགྲུབ། །གང་ཞིག་སྒྲིབ་པའི་གཤེགས་ལྡན་པས། །ལས་གང་འདོད་བཞིན་མི་འགྲུབ་ཅིང ། ། དུས་དུས་བཀྲ་མི་ཤིས་བྱུང་ན། །གཙང་སྦྲ་བུམ་ཆུ་བཟང་པོ་གཉིས། །བརྒྱ་རྩ་བརྒྱད་བགྲངས་རེ་རེ་བརྗོད། །དང་པོས་སྐུ་གཟུགས་བཀྲུ་བར་བྱ། ། གཉིས་པས་བི་ནཱ་ཡ་ཀ་བཀྲུས། །བརྒྱ་རྩ་བརྒྱད་ཀྱིས་སྔགས་བཏབ་ནས། །རང་ཉིད་དེ་ནས་བཀྲུ་བར་བྱ། །བར་ཆད་བྱང་ནས་འདོད་ཀུན་འགྲུབ། །ཇི་ལྟར་སྤྲུལ་པའི་གདོན་བསལ་ཕྱིར། །བྱི་ལའི་མགོ་རུས་ཐལ་བ་དང ། །ས་བཟང་ཆུ་ལྟར་སྦྲུས་པའི་ས། །བྱི་ལ་ཡི་ནི་གཟུགས་བྱས་ཏེ། །སྐུ་ཡི་ 311b མདུན་དུ་བཞག་ནས་ཀྱང ། །ཁྲོ་ཞལ་གཡོན་པར་སྲད་བུས་གདགས། །རྟ་མགྲིན་སྔགས་ནི་སྟོང་ཕྲག་བྲ་བ། །གཟུངས་བརྒྱ་བཟླས་པའི་རལ་གྲི་ཡིས་དུམ་བུ་བརྒྱ་རྩ་བརྒྱད་དུ་གཏུབ། །དུམ་བུ་རེ་རེ་སྔགས་རེ་དང ། །དོང་གི་ནང་དུ་དོར་བར་བྱ། །དེ་དག་གནོད་པ་གཏན་དུ་སེལ། །མིག་ནད་སྣ་ཚོགས་མ་རུངས་ལ། །འབྲས་བུ་གསུམ་པ་ཞིབ་ཏུ་བཏགས། །སྦྲང་དཀར་ཁྱེའུ་འཚོའི་ནུ་ཞོར་བཅས། །བུ་བཙས་གསར་པའི་བུད་མེད་དང ། །ཁྱི་ཕག་དག་གིས་མ་མཐོང་བྱས། །ཐུམ་པོ་འཛུམ་པའི་ཞལ་ལ་བཏགས། །སྔགས་སྟོང་བཟླས་ནས་སྦྱར་བ་དེས། །མིག་ཏུ་བླུགས་ན་མིག་འབྲས་སྐྱེ། །མིག་ནད་ཐམས་ཅད་སེལ་བར་བྱེད། །མིག་རྣོན་དག་ཀྱང་འཐོབ་པར་འགྱུར། །ལྷག་མ་མ་ཡིན་ཁྲོན་པའི་ཆུ། །གུ་གུལ་ག་བུར་ཆ་མཉམ་བསྐོལ། །ཁྱོར་གང་བལྡག་པར་གྱུར་པ་དེ། །རྩ་བའི་ཞལ་གདངས་སྔགས་སྟོང་བཟླས། །བཀྲོལ་ནས་རིལ་བུ་བྱས་མིད་ན། །ཧ་ལ་ཧ་ལའི་དུག་འཇོམས་འགྱུར། །གླང་པོ་དཀར་པོའི་གིའུ་ཝ་ནི། །མཐིད་བུམ་བཞག་ནས་སྐུ་ཡི་མདུན། །སྟོང་རྩ་བརྒྱད་བཟླས་ཡན་ལག་བསྐུལ། །དཔྲལ་བར་ཐིག་ལེ་བྱས་གྱུར་ན། །ལྷ་ཀླུ་འབྱུང་པོ་མི་རྣམས་ 312a ༄#། །དགའ། །ཁྱོ་ཤུག་མི་མཐུན་བརྟགས་པ་ལ། །དུར་བའི་མཇུག་སྒྲོ་སྐུའི་མདུན་དུ། །སྟོང་བཟླས་ལག་ཏུ་བླངས་ན་འདུམ། །ཆུ་བསྐམས་\?\་པ་འམ་ཆར་མེད་ན། །ལིངྒའི་དྲུང་དུ་སྐུ་བཞུགས་ལ། །ཆེར་མཆོད་ནས་ནི་སྐུའི་མདུན་དུ། །སྟོང་བརྗོད་ཆུར་སྐྱེས་ཆར་ཆེན་འབེབས། །གང་ཞིག་ཆར་ཆེ་རིང་འདོད་ནི། །འགེག་པར་སྙོམས་ཞུགས་ཕྱག་རྒྱ་བཅིང ། །སྐུ་ཡི་མདུན་དུ་རྟག་པར་ནི། ། ག་རུ་ནག་བདུག་པ་སོགས། །མཆོད་པས་རྒྱུན་དུ་མཆོད་བྱ་ཞིང ། །བརྒྱད་ནས་ཉ་བར་སྔགས་སྟོང་བརྗོད། །མིག་གི་མངོན་ཤེས་བསྒྲུབ་པའི་ཕྱིར། །དྲི་ཞིམ་དཀྱིལ་འཁོར་གྲུ་བཞི་ལ། །རྒྱལ་མཚན་བ་དན་ཁ་དོག་བཞི། །བླ་རེ་ཡོལ་བ་དཀར་པོ་ཡི། །དབུས་སུ་པདྨ་ལྔ་བྲིས་ཏེ། །རིང་བསྲེལ་ལྡན་པའི་སྐུ་གདུང་བཞུགས། །ཙནྡན་དཀར་པོའི་དྲི་ཆུ་དང ། ། བདུག་པས་རྒྱུན་དུ་མཆོད་པར་བྱ། །བ་མདོག་སེར་སྐྱའི་མར་གྱི་ནི། །སྒྲོན་མེའི་ཕྲེང་བས་མཆོད་པར་བྱ། །མན་ཤི་རི་ཀ་ཀུ་ཤུ་དང ། །པདྨ་དམར་དང་སྔོན་བོ་དང ། །རྒྱ་མཚོ་ཆབ་ཀྱི་དབུ་བ་དང ། །ཉ་རྐུན་ནག་པོའི་མྱུ་གུ་དང ། །མ་བརླབས་པ་དང་གུ་གུལ་དང ། །ཀུ་བན་ས་དང་གིའུ་ཝཾ་དང ། །གུར་གུམ་དམར་ 312b དང་སེར་པོ་དང ། །ཚ་བ་གསུམ་དང་ཆ་མཉམ་བརྡུངས། །དེ་རྣམས་ཕྱེད་ཚད་གླ་རྩི་དང ། །ག་བུར་སྩལ་ནས་རེ་རེའི་ཚད། །སྔགས་ནི་སྟོང་ཕྲག་རེ་རེ་གྲངས། ། སྐུ་ཡི་མདུན་དུ་བརྗོད་པར་བྱ། །དེ་ནས་དཀྱིལ་འཁོར་དབུས་བཞག་ནས། །སྔགས་ཁྲིར་བཅས་ཏེ་ཉ་ལ་ནི། །ཟངས་ཀྱི་ཟ་མ་ཏོག་ཏུ་སྩལ། །སྐུ་ཡི་སྟེང་ཞལ་བཏགས་ནས་ནི། །མཆོད་པ་བྱས་ནས་གསོལ་བ་གདབ། །འཁར་བའི་ཐུར་མས་མིག་ཏུ་སྩལ། །ལིང་ཐོག་གམ་ནི་མཆི་མ་འཇིག་།སྤྲིན་དཀར་སྤྲིན་དམར་གཡོས་པ་དང ། །ཀླད་པ་ན་དང་མིག་ནད་དང ། །གློ་བུར་ལོང་དང་ཐིབས་པ་སེལ། །ཉིན་གཉིས་བསྐུས་ན་ལུས་ཀྱི་ནད། །བཞི་བརྒྱ་རྩ་བཞི་སེལ་པར་འགྱུར། །གསུམ་པས་གདོན་རྣམས་འབྲོས་པར་འགྱུར། །བཞི་པས་སྒྲིབ་པ་ཐམས་ཅད་འབྱང ། །ལྔས་ནི་རྩོད་པའི་གཡུལ་ལས་རྒྱལ། །དྲུག་པས་རྨི་ངན་བྱད་སྟེམས་སེལ། །བདུན་པས་གློ་བུར་འཆི་བ་མེད། །བདུན་ཕྲག་གཉིས་ཀྱིས་དབང་ཕྱུག་འཐོབ། །གསུམ་གྱིས་འབྱུང་པོ་དབང་དུ་འགྱུར། །བཞི་པས་གནོད་སྦྱིན་ལྔ་པས་ཀླུ། །ལྔ་པས་ལྷ་མི་སྲིན་པོ་རྣམས། །དྲུག་པས་མཁའ་ལྡིང་རི་བདུན་ལྷ། །བདུན་པས་ནག་པོ་ཆེན་པོ་འགྲུབ། །བརྒྱད་པས་མ་མོ་ 313a ༄#། །དགུས་གཉེར་མཐོང ། །བཅུ་པས་འགྲོ་བའི་སྨན་པར་འགྱུར། །བཅུ་གཅིག་ལྷ་མིའི་ཁང་པར་ཕྱིན། །བཅུ་གཉིས་རིག་འཛིན་དྲང་སྲོང་ཁྱིམ། །བཅུ་གསུམ་ཀླུ་ཡི་ཁང་པར་ཕྱིན། །བཅུ་བཞི་སུམ་ཅུ་གསུམ་པའི་གནས། །བཅོ་ལྔ་མཚན་མོ་ཀུན་མཐོང་སྟེ། །བཅུ་དྲུག་ཁམས་གཏེར་མཐོང་བར་ངེས། །བཅུ་བདུན་རྡོ་རྗེ་ས་གཞི་དང ། །རླུང་གི་དཀྱིལ་འཁོར་ཐོགས་པ་མེད། །བཅོ་བརྒྱད་པ་ནི་ཉི་ལྟར་མགྱོགས། །བཅུ་དགུས་རྒྱལ་སྲས་ཀུན་མཐོང་འགྱུར། །ཉི་ཤུས་སྤྱན་རས་གཟིགས་ཉིད་ཀྱིས། །ལུང་བསྟན་དམ་ཆོས་བཤད་པར་འགྱུར། །ཉི་ཤུ་གཅིག་གིས་གཟུགས་ཁམས་ཕྱིན། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། །ལོ་གཅིག་གིས་ནི་སངས་རྒྱས་ཀྱི། །ཞིང་ཁམས་དུ་མར་ཕྱིན་པ་དང ། །དམ་ཆོས་ཉན་དང་ཞིང་སྤྱོད་འགྱུར། །མིག་སྨན་སྦྱོར་བ་བླ་མེད་འདི། །སངས་རྒྱས་མུ་སྟེགས་ཅན་ལ་གསང ། །དེ་ནས་གཞན་ཡང་བཤད་བྱ་བ། །སྣ་ཚོགས་སྨན་གྱི་སྦྱོར་བ་ཡིས། །བདག་དང་འགྲོ་བམ་ལུས་པའི། །འདོད་པའི་དོན་ཀུན་འགྲུབ་བྱེད་ཉོན། །ག་བུར་གླ་རྩི་གིའུ་ཝཾ་དང ། །གུར་གུམ་ཛཱ་ཏི་ལི་ཤི་དང ། །ཀ་ཏན་ལི་དང་སུག་སྨེལ་ 313b དང། །ཙནྡན་དཀར་དང་པདྨ་དང ། གསེར་གྱི་མེ་ཏོག་ཨུཏྤལ་སྔོ། །རེ་རེ་ལ་ཡང་སྔགས་སྟོང་བཟླ། །སྦྲང་རྩི་དཀར་པོ་ལྷན་ཅིག་བསྡུ། །དཀྱིལ་འཁོར་དབུས་སུ་སྐུ་ཡི་ཞལ། །དབུ་མ་ལ་ནི་གདགས་བྱ་སྟེ། །ཚེས་གཅིག་ནས་ནི་བཅུ་ཞིའི་བར། །ཉིན་རེ་སྔགས་སྟོང་བརྗོད་པར་བྱ། །མཆོད་པས་རྒྱ་ཆེར་མཆོད་པར་བྱ། །བསྟོད་དང་གསོལ་བ་གདབ་པར་བྱ། །དགེ་སློང་དགེ་ཚུལ་དགེ་བསྙེན་གང ། །བཅོ་ལྔའི་ཉིན་པར་ལྔ་སྟོང་བཟླ། །དེ་ནས་གཙང་མའི་སྣོད་བཞག་སྟེ། །དགོས་པ་གང་དང་གང་ལ་ཡང ། །ལྷ་ནི་དེ་དང་དེ་དག་སྦྱར། །གང་ལ་བགེགས་ཀྱིས་གནོད་གྱུར་ན། །པདྨ་གར་གྱི་སྔགས་ཀྱིས་བདུན། །མགོ་བོའི་ནད་ཡམས་བསལ་བ་དང ། །ཧ་ལ་ཧ་ལའི་སྔགས་བཟླས་པས། །གོས་ལ་སོགས་པ་བདུག་པར་བྱ། །གཞན་དག་དགའ་བར་འདོད་པས་ནི། །ཡིད་བཞིན་ནོར་བུའི་ཕྲེང་སྔགས་ཀྱིས། །མིག་གི་སྟེང་དུ་བྱུག་པར་བྱ། །རྒྱལ་པོ་རྒྱལ་མོ་ལ་སོགས་པ། །ཕོ་མོ་དབང་དུ་བྱ་འདོད་ན། །རྡོ་རྗེ་ཆོས་ཀྱི་ཕྲེང་སྔགས་ཀྱིས། །དཔྲལ་བར་ཐིག་ལེ་བྱ་བའོ། །མཛེ་ལ་སོགས་པའི་ནད་ལ་ནི། །སེངྒེ་སྒྲ་ཡི་ཕྲེང་སྔགས་ཀྱིས། །ལུས་ལ་རེག་པ་བདེ་བར་བྱུག་།ལོང་དུ་ཞུགས་པའི་ 314a ༄#། །ནད་ལ་ནི། །ཧ་རི་ཆེན་པོའི་སྔགས་དང་ཆུས། །རང་གི་ཁོང་དུ་བཏུང་བར་བྱ། །བྱད་སྟེམས་རིག་སྔགས་ཟློག་པ་ལ། །དོན་ཡོད་ཞགས་པའི་སྔགས་ཀྱིས་བདུག་།དུག་ནད་སེལ་ལ་མགྲིན་སྔོན་ཏེ། །སྒྲིབ་པ་སྦྱོང་བའི་དོན་དུ་ནི། །གདོང་བཅུ་གཅིག་པ་ཉིད་ཀྱིས་སྦྱར། །རྒྱལ་སྲིད་ཐོབ་པར་བྱེད་པ་ནི། །མགོན་པོ་པདྨ་རྒྱན་ལུང་ངོ ། །དེ་ནས་སྦྱོར་བ་བཤད་བྱ་བ། །འབྱུང་པོ་ཤ་ཟ་མཁའ་འགྲོ་དང ། །ལུས་སྲུལ་པོ་དང་བརྗེད་བྱེད་ཀྱིས། ། ཉིན་གཅིག་ནས་ནི་ཉིན་བདུན་པར། །གློ་བུར་པ་ཡི་རིམས་རྣམས་དང ། །རྟག་པའི་རིམས་དང་དྲང་པོའི་རིམས། །བརྟུན་བྱེད་ལ་སོགས་རིམས་རིགས་དང ། །གློ་བུར་བ་དང་རྟག་པའི་གདོན། །ནད་དྲག་པོ་ནི་ཇི་སྙེད་དང ། །དུག་རིགས་རིམས་དང་ཝ་བ་དང ། །འབྲས་དང་ལྷོག་པ་མེད་དཔལ་དང ། །ཤུ་བ་རྡོ་དང་འབྲུམ་བུའི་རིགས། །ཕོལ་མིག་མེ་དཔལ་བལ་ལྡག་སོགས། །མངོན་དུ་གང་དང་གང་སྣང་ལ། །སྔགས་སྟོང་བཟླས་པའི་འཇིམ་པ་ནི། །སྐུ་ཞལ་དབུས་ལ་བཏགས་ནས་ནི། །མཆོད་པས་མཆོད་དེ་སྔགས་ཁྲི་བརྗོད། །ཚེས་གཅིག་ནས་ནི་ཚེས་བརྒྱད་པར། །གསོལ་བ་ཡང་ནི་བཏབ་བྱས་ནས། །ཚེས་དགུའི་ 314b སྔ་དྲོ་དགྲོལ་བར་བྱ། །བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད། །བྱུག་པས་ནད་རྣམས་ཐམས་ཅད་སེལ། །ཆོ་ག་དེ་ལྟར་ལྡན་པས་ནི། །སྣ་ནད་རུ་རྟ་འབྲུ་མར་བྱུག་།ཡ་ན་གྲེ་བར་སྔགས་བཅས་གདགས། །བྱིས་པ་གདོན་གྱིས་ཉེན་བ་ལ། །འབྲུ་མར་རམ་ནི་སྲད་བུ་བྱ། །དུད་འགྲོ་ལ་ནི་ཆུ་ཉིད་དམ། །ཡང་ན་སྲད་བུ་བྱ་བ་སྟེ། །རྩི་མར་དག་གི་མཆོག་ཏུ་འགྱུར། །སྦྱོར་རྣམས་གང་དང་གང་ལ་ཡང ། །སྐུ་བྱད་མཚན་དཔེ་ལྡན་པས་ནི། །མེ་ལོང་ནང་གི་གཟུགས་ལྟར་དམིགས། །གསོལ་བ་བཏབ་པས་འགྲུབ་པར་འགྱུར། །དང་པོ་སྐྱེ་མཆེད་དྲུག་ལྡན་སེམས། །ཐུན་མོང་རིགས་ཅན་སྲ་བའི་ཁམས། །གཉིས་པ་མོས་དང་ལྡན་པ་ནི། །ཐུན་མོང་ཀུན་ཏུ་ཞུགས་པའི་རིགས། །གསུམ་པ་རིགས་པའི་རྟགས་ལྡན་པ། །རིག་འཛིན་གསང་སྔགས་འཆང་པའི་རིགས། །བཞི་པ་ལྷག་སེམས་མཐུན་ལྡན་ཞིང ། །གསང་སྔགས་སྔོན་དུ་གྱུར་པ་ཡིས། ལྔ་པ་བླང་དོར་མེད་པའི་སེམས། །དྲུག་པ་བདག་གཞན་དབྱེར་མེད་སེམས། །བདུན་པ་ཆོས་རྣམས་རྒྱལ་པའི་སེམས། །བརྒྱད་པ་འཕགས་པའི་བདེན་པའི་སེམས། །དགུ་པ་རྟེན་འབྲེལ་ཟ་བ་སྣང་སེམས། །བཅུ་པ་མཚན་བྲལ་གྲུབ་པའི་སེམས། །བཅུ་གཅིག་ 315a ༄#། །མཚན་བྲལ་སྣང་བའི་སེམས། །བཅུ་གཉིས་ཆོས་ཀྱི་སྒོ་ཡི་སེམས། །བཅུ་གསུམ་ལྷག་པར་འབྱུང་བའི་སེམས། །བཅུ་བཞི་ཤེས་བྱ་མཐར་ཐུག་སེམས། །རྒྱས་དང་གསལ་དང་ཁྱབ་པ་དང ། །རྟགས་དང་འགྱུར་མེད་གྱ་ནོམ་པའི། །གནས་སྐབས་བཅུ་བཞིར་རབ་ཏུ་རྟོགས་སེམས་རྟོགས་གྱུར་ན་སངས་རྒྱས་ཆོས། །རྒྱུད་ཀུན་དུ་ནི་རྒྱལ་བས་བཤད། །འོད་ཟེར་ལྕགས་ཀྱུ་ཁྱུ་མོ་རི་ཡི་བར། །སྤྲོས་པས་ལྷ་འབུམ་ཕྲག་དགེ་ཀུན་སློང་སེམས། །དཀར་པོ་སྐྱེས་ནས་བྱང་ཆུབ་རིན་ཆེན་གླིང ། །ཐོབ་མཛད་བློས་བསྒྱུར་འདི་ནི་ངོ་མཚར་ཆེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བཞེས་བྱ་བ་ལས། །སྐུ་ལ་བརྟན་པའི་སྦྱོར་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འཇིག་རྟེན་སྐྱོང་བའི་ཚོགས། །རྒྱ་ཆེན་རྣམས་ཀྱི་དཀྱིལ་འཁོར་གྱི། ཤར་ལྷོའི་མཚམས་ན་བཞུགས་པ་ཡི། །ཉ་ན་ཀ་ཞེས་ལ་སོགས་པ། །དྲང་སྲོང་ཚོགས་རྣམས་མགྲིན་གཅིག་ཏུ། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ོཾ། ཀུན་མཁྱེན་ཡེ་ཤེས་ཉི་ལྟར་ལྷ། །མཚན་དཔེ་དུ་མས་བརྒྱན་མཛད་པ། །བདུད་ལས་རྒྱལ་ 315b བ་རྐང་གཉིས་མཆོག་།འདྲེན་པ་རྣམས་ལ་ཕྱག་འཚལ་ལོ། །ཞི་བ་ཆགས་བྲལ་འོད་གསལ་བ། །རྒྱུན་ཆད་མེད་པས་འཁོར་ལོའི་ཚུལ། །སྐྱེ་རྒ་ན་འཆི་ལས་སྒྲོལ་ཞིང ། །རྣམ་དག་སྒྲུབ་གསུམ་ཆོས་ཕྱག་འཚལ། །ས་ཆེན་ས་ཆེན་གཞན་རྣམས་ཀྱང ། །ས་ལ་འདྲེན་མཛད་ཚོགས་ཆེན་རྫོགས། །རྒྱུན་མི་ཆད་དུ་སྐུ་འབྱུང་བ། །ཐལ་སྦྱར་པུས་བཙུགས་ཕྱོགས་གཅིག་འཁོད། །དེ་ནས་རྒྱལ་བ་ཀུན་གྱི་ཡབ། །དབང་ཕྱུག་ཆེན་པོའི་མཆོག་གི་ལྷ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །འགྲོ་ལ་ཐུགས་བརྩེའི་སླད་དུ་ནི། །རིག་སྔགས་བླ་ན་མེད་པ་གསུངས། །སྔགས་དེ་མྱུར་དུ་འགྲུབ་པ་དང ། །སྐོངས་དང་ངག་ལ་སེལ་བའི་ཕྱིར། །མེ་ཡི་ལས་ལ་བརྟེན་པའི་ཕྱིར། །སྦྱོར་བ་རིམ་པ་བཤད་དུ་གསོལ། །དེ་སྐད་གསོལ་ནས་དྲང་སྲོང་ཚོགས། །ཕྱག་འཚལ་བསྐོར་བ་བྱས་ནས་ཀྱང ། ། མཆོད་པའི་ཆར་ཆེན་ཕབ་པ་སྟེ། །ཐལ་སྦྱར་པུས་བཙུགས་ཕྱོགས་གཅིག་འཁོད། །དེ་ནས་རྒྱལ་སྲས་ཀུན་གྱི་ཡབ། །འགྲོ་བའི་གཉེན་གཅིག་འདྲེན་པའི་གཙོ། །སྦྱིན་སྲེག་ལས་ཀྱི་ཆོ་ག་འདི། །ནན་ཏན་དུ་ནི་བཀའ་སྩལ་ཏོ། །ས་བཟང་དྲི་བཟང་ཆུར་བཅས་པས། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །འབྲས་ 316a ༄#། །ཕྱེ་བ་མར་འབྲུ་བཟང་རྣམས། །ཤིང་རྩི་ཤི་འམ་བརྒྱ་རྩ་བརྒྱད། །བསྒྲགས་པས་ནད་ཡམས་གནོད་པ་ཞི། །ནད་ལ་མར་ལྷག་ཉུང་ཞིག་བཏུང ། །ནད་གཟེར་གང་ཡང་འཇོམས་པར་འགྱུར། །ཡང་ན་འབྲུ་མེན་ཕྱེ་མ་འམ། །ས་འམ་སྤྲ་ཚིལ་གཟུགས་བྱས་ཏེ། །སྲད་བུས་ཁྲོ་བོའི་ཞལ་བཏགས་ནས། །རིག་སྔགས་བརྒྱ་རྩ་བརྒྱད་བརྗོད་དེ། །རལ་གྲིས་གཏུབས་ནས་སྦྱིན་སྲེག་བྱ། །བརྒྱ་ཕྲག་ལྔས་ནི་སྡང་བྱེད་ཉམས། །ཡང་ན་དུག་གིས་གཟུགས་བརྙན་བཏུམ། །དུག་ཁྲག་ནིམ་པའི་ཤིང་ལ་བསྲེག་།དྲུག་ཅུ་རྩ་བཞིའི་གྲངས་ཀྱིས་ནི། །ཚར་བཅད་པ་ཡི་དབང་དུ་འགྱུར། །འབྱུང་པོ་དྲག་པོ་ཞེན་པ་ལ། །གུ་གུལ་ཡུངས་ཀར་དེ་ལྟར་བསྲེག་།བལ་པོ་སེའུ་ལྕུག་མ་ལ། །བུ་རམ་སྦྲང་རྩི་ཞོ་མར་སྔགས། །སྐུ་ཡི་མདུན་དུ་བསྲེགས་པས་ནི། །འགོ་བའི་ནད་ཡམས་འཆད་པར་འགྱུར། །གུ་གུལ་དཀར་པོ་ཉི་ཤུ་གཅིག་།བསྲེགས་ན་བྱང་ཆུབ་སེམས་དཔའ་འགུགས། །ཞོ་མར་སྦྲང་རྩི་ལུང་ཏང་ཤིང ། །ཉི་ཤུ་རྩ་གཅིག་སྐུ་མདུན་བསྲེག་།ས་ཆེན་རྒྱལ་སྲས་ཀུན་མཉམ་པའི། །རྫུ་འཕྲུལ་ཆེན་པོ་དེས་རྙེད་འགྱུར། །གང་གིས་བསོད་ནམས་ 316b རྒྱས་འདོད་ནི། །དྲི་བཟང་ཆུ་དང་ས་གཙང་ལ། །གྲུ་བཞི་ཁྲུ་གང་དཀྱིལ་འཁོར་བྱ། །དྲི་བཟང་ཤིང་ལ་ཁྲུ་གང་བརྩིག་།མཉྫུ་ཤ་ཀ་ཡུངས་ཀར་སྦྲང ། །འོ་མ་ཞོ་མར་ཨ་ག་རུ། །ཙནྡན་དཀར་པོ་དམར་པོ་དང ། །དྲི་ཞིམ་མཐོ་གང་ཚད་ཀྱི་ཤིང ། །འབྲུ་བཟང་ཚད་དང་བཅས་པ་དང ། །དང་པོར་སྔགས་སྟོང་འདས་ནས་ཀྱང ། །བརྒྱ་རྩ་བརྒྱད་དུ་བསྒྲགས་པ་ཡིས། །ཚེ་རིང་ནད་མེད་རྒྱལ་སྲིད་ཐོབ། །སྟོང་གིས་འཇིག་རྟེན་པ་དག་འགྲུབ། །ཁྲིས་ནི་འདོད་པའི་ལྷ་ཡིན་ཏེ། །འབུམ་གྱིས་གཟུགས་ཁམས་མངོན་དུ་འགྱུར། །ས་ཡས་རྒྱལ་སྲས་ཀུན་མཐོང་ཞིང ། །མངོན་ཤེས་དྲུག་དང་ལྡན་པར་འགྱུར། །བྱེ་བས་རྒྱལ་བ་ཀུན་མཐོང་ཞིང ། །ཞིང་ཁམས་དུ་མ་སྦྱོང་བར་འགྱུར། །གཞན་ཡང་ཕྲན་ཚེགས་ལས་རྣམས་ལ། །ཇི་སྲིད་ཉི་ཤུ་རྩ་གཅིག་ནས། །བརྒྱ་རྩ་བརྒྱད་ཀྱི་བར་དུ་སྦྱར། །སྔགས་དང་ལྷ་ལ་སེམས་བརྟེན་བྱ། །ནད་ཡམས་དྲག་པོ་བསལ་བ་ལ། །གཙོ་བོར་འབྲས་བུ་གསུམ་བསྲེག་གོ་།གདོན་ཆེན་རྣམས་ནི་བསལ་བ་ལ། །གུ་གུལ་སྒོག་པ་རྔ་མོའི་ཤ། །བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། །རྨི་ལམ་ངན་དང་མཚན་མ་ངན། །ཕྲ་མོ་ནད་དང་གདོན་རིགས་ལ། །དུར་བ་ཡུངས་ཀར་ 317a ༄#། །མཆོག་ཏུ་བཤད། །འབྲུ་རྣམས་གང་དང་གང་འདོད་ལ། །འབྲུ་རིགས་དེ་ཉིད་སྦྱིན་སྲེག་བྱ། །ཆར་པ་དབབ་པར་འདོད་པས་ནི། ། ཙམ་པ་ཀ་དང་རྣམ་གསུམ་དང ། །མངར་གསུམ་ནཱ་ག་གེ་སར་དང ། །དབང་པོ་ལག་གི་སྦྱིན་སྲེག་ནི། །ཅི་འདོད་ཆར་པ་འབབ་པར་འགྱུར། །གལ་ཏེ་གཅད་པར་འདོད་པ་ནི། །ཐལ་བ་དེ་ལྟར་ཡུངས་ཀར་གྱིས། །ནན་ཏན་ཕྱོགས་བཞིར་གར་དབང་གི་།སྔགས་ཀྱིས་ཡང་ཡང་གཏོར་བར་བྱ། །ཡུངས་ཀར་ཞོ་མར་སྦྲང་རྩི་དང ། །འབྲས་ཡོས་ཀྱིས་ནི་བྱིས་པ་སོས། །གདོན་ནམ་རིམས་ལས་འཇིགས་པ་དང ། །ཁྱིམ་སྲུང་བར་ནི་འདོད་པ་ཡིས། །པདྨ་དམར་པོའི་སྦྱིན་སྲེག་ནི། །ཉི་ཤུ་རྩ་གཅིག་ཁོ་ན་བྱ། །སེམས་བཟང་གཉུགས་རིང་འདོད་པས་ནི། །ཙནྡན་དཀར་པོའི་སྦྱིན་སྲེག་བྱ། །ཕྲན་ཚོགས་ཡམས་ནད་སེལ་བ་ལ། །ལོ་མ་ཙམ་གྱི་སྦྱིན་སྲེག་བྱ། །ཕྱུགས་ནད་སེལ་བར་འདོད་པའི་ཚེ། །འོ་མ་མེ་ཏོག་དཀར་བཅས་བསྲེག་།ནད་དང་གདོན་བཅས་སེལ་བ་ལ། །མངར་གསུམ་འབྲུ་བཟང་ག་པུར་བཅས། །དུར་བ་དཀར་པོའི་ཡམ་ཤིང་རྣམས། །དྲི་བཟང་འོ་མ་ཅན་རྣམས་ནི། །མེ་ཏོག་ 317b བཟང་པོའི་ཤིང་ལ་བསྲེག་།གདོན་ནད་ཞི་བར་འདོད་པས་ནི། །འབྲས་བུ་གསུམ་སོགས་ཤིང་རྣམས་བསྲེག་།གདོན་ཕྲན་ལ་ནི་མངར་གསུམ་དང ། །དུར་བ་དཀར་པོ་བསྲེགས་པས་ཞི། །རྨི་ལམ་ངན་དང་ལྟས་ངན་གང ། །འབྲས་ཕྱེ་མར་བསྔགས་སེལ་བར་བྱེད། །གོས་དང་སྣོད་བཅས་རྫས་དང་ལུས། །གཞན་གྲིབ་ངན་པས་གོས་པ་ལ། །འབྲས་ཕྱེ་མར་དང་སྤོས་དཀར་དང ། །མེ་ཏོག་དཀར་པོ་བསྲེག་པར་བྱ། །ཏིང་ལོ་བྱིད་ཀྱི་མེ་ཏོག་བསྲེག་།མིག་ནད་ཐམས་ཅད་སེལ་བར་བྱེད། །མ་སུ་ལི་མ་རྩ་བར་བཅས། །བསྲེགས་ན་རྣ་བའི་ནད་སེལ་འགྱུར། །ཙནྡན་གླ་རྩི་བ་མར་བསྲེག་།སྣ་ཡི་ནད་རྣམས་ཐམས་ཅད་སེལ། ། མུ་ཟི་གུ་གུལ་རིལ་བུ་བསྲེག་།སོ་དང་ལྕེ་ཡི་ནད་སེལ་འགྱུར། །སོ་ནམ་ཛ་དང་ཀ་ཀུ་ར། །བསྲེགས་པས་སྐེ་ནད་འཇོམས་པར་ངེས། །སྦྲང་རྩི་ཙནྡན་ཤ་ཀ་ར། ། བསྲེགས་པས་གློ་ནད་སེལ་བར་བྱེད། །འབྲས་བུ་གསུམ་དང་ཞོ་ཤ་ལྔ། །བསྲེགས་པས་སྙིང་ནད་སེལ་བར་བྱེད། །འུ་སུ་སྦྲང་དང་བྱི་དང་ཀ། །བསྲེགས་པས་མཆིན་པའི་ནད་སེལ་འགྱུར། །མེ་ཏོག་ཁ་དོག་ལྔ་བསྲེགས་ན། །ཕོ་བ་ལ་སོགས་ནང་གྲོལ་ནད། །མ་ལུས་ཐམས་ཅད་ཞི་བར་བྱེད། །ལུས་མཛེས་པ་ཡང་ 318a ༄#། །ཐོབ་པར་འགྱུར། །ནོར་འདོད་པས་ནི་སེང་ལྡེང་མེར། །བ་གསར་ཞོ་དང་མར་བསྲེག་བྱ། །གོས་མདོག་གང་དང་གང་འདོད་ལ། །དེ་དང་མཚུངས་པའི་མེ་ཏོག་དང ། །སྲད་བུ་སོར་ནི་བཅུ་གཉིས་པ། །ཤིང་མདོག་དེ་དང་མཐུན་པ་ཡི། །དྲི་ཞིམ་དག་ལ་བསྲེག་པར་བྱ། །རྙེད་འགྱུར་ཐེ་ཚོམ་མི་བྱ་འོ། །པྲི་ཡང་ཀུ་དང་ཀ་ལིངྐ། །པདྨའི་ཟེ་བ་ཡལ་སྡོང་ལ། །བསྲེག་ཅིང་གསོལ་བ་གདབ་པ་ནི། །གཏེར་གྱི་ལོངས་སྤྱོད་རྒྱས་པར་འགྱུར། །འབྲས་དང་མྱུ་གེའི་འབྲས་བུ་སོགས། །བསྲེག་ན་ལོངས་སྤྱོད་བརྟན་པར་འགྱུར། །དོནྜོཏྤ་ལ་འབྲས་བུ་གསུམ། །བརྒྱ་བསྲེགས་བུ་དང་བུ་མོ་འཕེལ། །འབྲས་ཡོས་འཕེལ་བར་འདོད་པས་ཀྱང ། །སྤྲི་ཀ་ཛཱ་ཏི་མེ་ཏོག་དཀར། །བ་དཀར་འོ་མ་ཞོ་མར་བཅས། །བསྲེགས་པས་འཁོར་དང་དམག་དཔུང་འཕེལ། །དེ་འབུམ་གྲངས་ཀྱིས་རྒྱལ་སྲིད་འཐོབ། །མངར་གསུམ་བིལ་པའི་འབྲས་བུ་ལ། །འབུམ་གྱིས་རང་ཉིད་རྒྱལ་པོར་འགྱུར། །སྔགས་མཐུ་རྒྱས་པའི་དོན་དུ་ནི། །ནིམ་པའི་ཤིང་ལ་མར་དང་ནི། །ཡུངས་ཀར་དཀར་པོ་སྦྲང་བཅས་ལ། །བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། །གང་གིས་རྒྱལ་པོ་སྲས་འཁོར་ 318b བཅས། །དབང་དུ་བྱ་བར་འདོད་པ་ཡིས། །ཡུངས་ཀར་རྒྱལ་བའི་ཡུངས་ཀར་བཅས། །བརྒྱ་སྲན་དྲུག་ཏུ་བསྲེག་པར་བྱ། །གནོད་སྦྱིན་མོ་རྣམས་དབང་འདོད་ན། །མྱ་ངན་མེད་པའི་ཡམ་ཤིང་ལ། །འབྲས་བུ་གསུམ་དང་གུར་གུམ་ནི། །སྟོང་ཕྲག་གཅིག་ཏུ་བསྲེག་པར་བྱ། །གནོད་སྦྱིན་ཚོགས་དབང་བྱེད་པ་ལ། །འབྲས་བུ་གསུམ་པའི་ཤིང་ལ་ནི། །འབྲས་བུ་གསུམ་དང་གུ་གུལ་ལ། །སྟོང་ཕྲག་གཉིས་སུ་བསྲེག་པར་བྱ། །ལྷ་རྣམས་དབང་དུ་བྱ་འདོད་པས།། ཨ་རུ་ར་ཡི་ཤིང་གསར་ལ། །འོ་མ་ཞོ་མར་སྦྲང་རྩི་ལ། །སུམ་སྟོང་བསྲེགས་པས་ལྷ་དབང་འགྱུར། །བུད་མེད་དབང་དུ་འདོད་པས་ནི། །ཏིལ་དང་འབྲས་སོགས་ཕུབ་མ་ལ། །འབྲས་དང་རང་བྱུང་བརྒྱ་རྩ་བརྒྱད། །བསྲེགས་པས་བཟང་མོ་དབང་དུ་འགྱུར། །བྱིས་པ་དབང་དུ་འདོད་པས་ནི། །པྲི་ཡང་ཀུ་ཡི་སྦྱིན་སྲེག་བྱ། །ལས་རྣམས་གང་དང་གང་ལ་ཡང ། །དེ་དང་མཚུངས་པའི་སེམས་ཀྱིས་སྦྱོར། །ཞི་བ་ཞི་བའི་ཡིད་ཀྱིས་ཏེ། །སྐལ་བཟང་བློ་ནི་རྒྱས་པ་ལ། །ཆགས་དང་འདུན་སེམས་ལྡན་པས་ནི། །དབང་དུ་འགྱུར་ལ་ཐེ་ཚོམ་མེད། །ཁྲོ་དང་བཅས་པའི་ཡིད་ཀྱིས་ནི། །དྲག་པོའི་ལས་སུ་འགྱུར་བ་ཡོད། །བརྟན་པོ་དལ་ 319a ༄#། །འབྱོར་ལྡན་པའི་བློ། །རྒྱུན་རྟགས་གསལ་བ་ཡོད་གྱུར་པས། །ཇི་ལྟར་བསམ་པ་དེ་འགྲུབ་ཀྱི། །གཞན་དུ་ཡང་ནི་དེ་ལྟར་མིན། །མིག་ལ་སྐྱོན་ཞུགས་ལུས་ཀྱི་ནི། །དངོས་གང་གསལ་བར་ལྟ་བ་ལྟར། །བླ་མ་དང་ནི་བྲལ་གྱུར་ན། །སྔགས་ཀྱི་བྱིན་རླབས་སྣང་བ་མེད། ། ལུས་ངག་ཡིད་ཀྱི་སྒོ་ནས་ཀྱང ། །རྣམ་པ་ཀུན་ཏུ་བླ་མ་ལ། །སྨོད་པ་འབད་དེ་སྤང་བར་བྱ། །སྨད་པས་དམྱལ་སོགས་ངན་འགྲོར་འགྲོ། །བླ་མའི་ངག་ལས་བྱུང་བ་དང ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་མཆོད། །ོཾ་རུ་རུ་སྤུ་རུ་ཛྭཱ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སཝཱ་ཧཱ། བསང་གཏོར་དང་ཀུ་ཤ་དགྲམ་པའི་སྔགས་སོ། །ོཾ་ཛྭཱ་ལ་ཛྭཱ་ལཱ་ན་ལཱརྐ་སཝཱ་ཧཱ། སྦར་བའི་སྔགས་སོ། །ན་མཿ ་ས་མཾ་ཏ་བུདྡྷ་ནཱཾ། །ོཾ་ཨགྣ་ཡེ་ཨཱ་དི་བྱ་ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་སཝཱ་ཧཱ། མཆོད་མར་གྱི་སྔགས་སོ། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སཝཱ་ཧཱ། ཏིལ་གྱི་སྔགས་སོ། །ོཾ་སརྦ་སཾ་པ་དེ་སཝཱ་ཧཱ། །ཞོ་དང་ཟན་དམ་པའི་འོ། །ོཾ་བཛྲ་བྷསྨི་ཀུ་རུ་ཀུ་རུ་སཝཱ་ཧཱ། ཨུཏྤ་ལའིའོ། །ོཾ་བཛྲ་པུཥྚ་ཡེ་སཝཱ་ཧཱ། འབྲས་ཀྱིའོ། །ོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲ་སཝཱ་ཧཱ། ཀུ་ཤའི་འོ། །ོཾ་ 319b བཛྲ་བི་ཛཱ་ཡ་སཝཱ་ཧཱ། ལག་པན་གྱིའོ། །ོཾ་བཛྲ་མཱ་ལེ་པུཥྤ་ཡེ་སཝཱ་ཧཱ། མངར་གསུམ་དང་དཀར་གྱིའོ། །ོཾ་བཛྲ་མ་ཧཱ་བེ་གཱ་ཡ་སཝཱ་ཧཱ། ནས་ཀྱིའོ། །ོཾ་མ་ཧཱ་བ་ལཱ་ཡ་སཝཱ་ཧཱ། སྲན་མ་མ་ཤའི་འོ། །ོཾ་བཛྲ་གྷསྨ་རི་སཝཱ་ཧཱ། གྲོའི་འོ། །ོཾ་བཛྲ་ཨཱ་ཛྙཱ་སཝཱ་ཧཱ། ཨུ་དུཾ་བ་རའི་འོ། །ོཾ་ཏི་ཏི་པྲི་མི་སཝཱ་ཧཱ། བྱང་ཆུབ་ཤིང་གིའོ། །ོཾ་བཛྲརྠ་ཡ་སཝཱ་ཧཱ། ནྱ་གྲོ་དྷའི་འོ། །ོཾ་བཛྲ་ནཾ་ཀཱ་ཡ་སཝཱ་ཧཱ། ཨ་མྲའི་འོ། །ོཾ་ཨཱཿ ་ཧྲཱིཿ ་ཧཱུཾ། ཐམས་ཅད་དུ་བསང་བའི་འོ། །ཆུས་ནི་དག་པར་བྱེད་པ་དང ། །རྡུལ་སོགས་མུན་པ་ཞི་བར་བྱེད། །ཞི་བ་ཆུ་ཡི་དཀྱིལ་འཁོར་བར། །དཀར་པོ་ཟླུམ་པོ་ཁོ་ནའོ། །སས་ནི་རྩཝ་ཤིང་འབྲུ་མེ་ཏོག་།སྐྱེད་དང་དངོས་པོ་རྒྱས་པར་བྱེད།། རྒྱས་པའི་ས་ཡི་དཀྱིལ་འཁོར་ལྟར། །སེར་པོ་གྲུ་བཞི་པ་ནའོ། །རླུང་གིས་སྡུད་དང་འབྱེད་པ་དང ། །དབང་དུ་བྱས་ནས་གཡོ་བར་བྱེད། །དབང་ལ་རླུང་གི་དཀྱིལ་འཁོར་ལྟར། །ཟླ་གམ་དམར་པོའི་ཁ་དོག་གོ་།མེས་ནི་སྨིན་ཅིང་སྲེག་པ་དང ། །དྲག་ཤུལ་གྱིས་ནི་ཡལ་བར་བྱེད། །དྲག་པོ་གྲུ་གསུམ་མེའི་དཀྱིལ་འཁོར། །ནད་དམར་རྒྱབ་ནི་ནག་པོར་བྱ། །མཁའ་ལ་ཉི་མ་ཤར་བ་ནི། །མུན་པའི་སྒྲིབ་པ་ཞི་བར་བྱེད། །ཞི་ལ་ཤར་དུ་བལྟས་པ་སྟེ། །དཔལ་ལྡན་ 320a ༄#། །གོས་ཀྱང་དཀར་པོའོ། །ཉི་མ་བྱང་དུ་འགྲོ་བའི་ཚེ། །དངོས་པོ་རྒྱས་པར་འགྱུར་བའི་ཕྱིར། །རྒྱས་པ་བྱང་དུ་བལྟས་བྱ་བ། ། གོས་ནི་སེར་རམ་ལྗང་གུ་ཤིས། །ཉི་མ་ཐལ་ནས་མཚན་མོ་ནི། །དབང་དུ་དངོས་པོར་འབྱུང་བའི་ཕྱིར། །དབང་ལ་ནུབ་ཕྱོགས་བལྟས་པ་དང ། །གོས་ཀྱང་དམར་སེར་རབ་ཏུ་ཤིས། །ཉི་མ་ལྷོར་འགྲོའི་དུས་སུ་ནི། །ཤིན་ཏུ་གྲང་བའི་ཆུ་ཡིས་ནི། །རྩཝ་སོགས་དངོས་རྣམས་བསད་ནས་ཀྱང ། །དེས་དང་འཐོར་དང་དེངས་པ་དང ། །བསྐམས་དད་གཡེངས་དད་དུབ་པ་དང ། །རབ་ཏུ་གཡོས་དང་བཅས་པར་འགྱུར། །མངོན་སྤྱོད་ལྷོ་ཡི་ཕྱོགས་བལྟས་ནས། ། གོས་ཀྱང་སྔོ་དང་ནག་པོ་བྱ། །ཙམ་པ་ཀ་དང་པུ་ཏི་ཀ་།ལག་སྐྱེས་པདྨ་དཀར་པོ་དང ། །ཀུ་མུད་དཀར་པོ་ཟླ་སེང་རྣམས། །ཆུ་གཙང་དང་བར་བཅས་པ་དག་།ཞི་བའི་ལས་ལ་མཆོད་པར་བྱ། །མཉྫུ་ན་ག་བེ་ཤ་རི། །སུ་མུ་ལེ་དང་ཨ་སྤྲས་དང ། །གསེར་མདོག་ཆེན་པོ་ཆུ་དུང་དང ། །ཙེའུ་ལི་སེར་དང་པདྨ་སེར། །ཆུ་བོ་ཆེན་པོ་ཆུར་བཅས་པ། །རྒྱས་པའི་ལས་ལ་བསྔགས་པའོ། །མུ་ཙ་ན་དང་མནྡྷུ་དམར། །ལོ་ཡི་ཆེ་དང་ཉ་ཤ་རྣམས། །སིནྷུ་ར་ 320b དང་པདྨ་དམར། །ཀུ་མུ་ཏ་རིགས་དམར་པོ་རྣམས། །ལུ་མའི་ཆུ་དང་བཅས་པ་དང ། །དབང་གི་ལས་ལ་མཆོད་པར་བྱ། །ུཏྤལ་ཀེཥ་པ་ལ་ཀ་དང ། །ུད་ཁྱེད་པ་དང་མ་མི་ཤི། །ཛུ་མོང་སྦྱིན་ལ་མགོ་བོ་དང ། །ཕག་རྣ་དནྜོཏྤ་ལ་རྣམས། །ཁྲོན་པའི་ཆུ་དང་ལྷན་ཅིག་ཏུ། །མངོན་སྤྱོད་ལས་ལ་མཆོད་པར་བྱ། ། སཱ་ལུ་དཀར་པོ་ཟན་དང་ཞོ། །པྲི་ཀ་སྤོས་ནི་ཞི་བ་ལ། །སཱ་ལུ་དམར་པོའི་ཟན་འོ་མ། །ཙནྡན་དམར་པོ་དབང་ལ་འོ། །གྲོ་དང་མ་ཤ་སེར་བའི་ཟན། །ཧུ་ལུ་ཀ་ནི་རྒྱས་པ་ལའོ། །ནས་དང་བྲ་བོ་ཟན་གུ་གུལ། །བཙོས་པའི་ཤ་དང་ལྷན་ཅིག་སྟེ། །དྲག་པོའི་ལས་དེ་ཞལ་ཟས་དང ། །བདུག་སྤོས་བྱེ་བྲག་ཤེས་པར་བྱ། །རྩི་མར་དང་ནི་ཨ་བ་སེའི། །སྡོང་བུར་ལྡན་པའི་མར་མེ་ནི། །ཞི་བའི་ལས་ལ་ཤིན་ཏུ་ཤིས། །ཡང་ན་པད་དཀར་སྡོང་བུའོ། །ཏིལ་ལམ་ཤིན་ཏུ་དང་མ་དང ། །ས་རི་ཧི་ཡ་སྟོང་བུ་ནི། །རྒྱས་པའི་ལས་ལ་ཤིན་ཏུ་ཤིས། །ཡང་ན་བ་ཡི་ལག་གི་ཆ། །ན་ཀེ་ལ་ཡི་མར་དང་ནི། །པདྨ་དམར་པོའི་མར་དང་ནི། ། དབང་གི་ལས་ལ་ཤིན་ཏུ་ཤིས། །ཡང་ན་བ་ཡི་མར་དང་ངོ ། །ཡུངས་དང་རྩི་ལི་མར་དང་ནི། །ཙི་ཏྲའི་སྡོང་བུ་མར་མེ་ནི། །ཡང་ན་གསོ་མའི་ཤུན་པ་ཡིས།། 321a ༄#། །མདོག་དམར་དལ་ཞིང་གསལ་བ་ནི། །གངས་རིའི་རྩེ་ལྟར་དཀར་འབར་བ། །ཕར་པྲེ་སྨྲ་གུལ་སྤོས་དཀར་དྲི། །ཞི་བའི་ལས་ནི་འགྲུབ་པར་འགྱུར། །མདོག་དམར་གཡོ་ཞིང་མོག་པ་ལ། །ཉི་མ་ཐལ་ཀའི་རི་རྩེ་འདྲ། །ཤིབ་སྒྲ་མ་ལི་ཀ་ལའི་དྲི། །དབང་གི་ལས་འགྲུབ་ཐེ་ཚོམ་མེད། །མདོག་སེར་མིག་གཡོ་དང་བ་ལ། །ཉི་མ་ཤར་བའི་རི་ལྟར་འབར། །ལྷབ་སྒྲ་ཙམ་པ་ཀ་ཡི་དྲི། །རྒྱས་པའི་ལས་འགྲུབ་ཐེ་ཚོམ་མེད། །ལེ་བརྒན་མདོག་ལྡན་འཁྱིལ་ཞིང་སྨུག་།ཧུར་སྒྲ་རུལ་དྲི་བྲོ་བ་དང ། །ནགས་ཀྱི་རི་བོ་ལྟར་འབར་བ། །མངོན་སྤྱོད་ལས་ལ་འགྲུབ་པར་འགྱུར། །འཇིག་རྟེན་ཏིང་འཛིན་ལྡན་གྲུབ་པའི། །དྲང་སྲོང་རིགས་ལ་དཔག་མེད་ཀྱང ། །མེ་ཡི་ལྷ་ནི་བཞི་བཅུ་བཞི། །སྦྱིན་སྲེག་ལས་ལ་སྤང་བར་བྱ། །འཇིག་རྟེན་འདས་བའི་ཏིང་འཛིན་ཅན། །བཅུ་གཉིས་གྲངས་ནི་གཟུང་བར་བྱ། །གཉའ་ན་ཀ་དང་ས་བེ་ཀི། །ཏུཀྵུ་སེའུ་མྱ་སྱེ་ཏྲོ་དང ། །ལྟོ་བ་ཡིད་སྐྱེས་ཁྲོ་བོ་དང ། །དམར་པོ་མྲྀ་ཏ་ཆོ་མ་ལི། །བྷི་སུ་ཡ་ཀི་བཅུ་གཉིས་པོ། །ཕན་འདོགས་ལ་སོགས་ལས་ལ་སྦྱར། །ཞི་བའི་སྦྱིན་སྲེག་ཐལ་བས་ནི། །འབྱུང་པོ་ཕྲ་མོ་ཞི་བར་ 321b བྱེད། །དབང་གི་ཐལ་བས་འབྱུང་པོ་འཆིང ། །རྒྱས་པས་འདོད་པའི་ལས་སྦྱིན་བྱེད། །རི་བོའི་རྩེ་ལ་གཏོར་བར་བྱ། །དྲག་པོས་འབྱུང་པོ་སེལ་བར་བྱེད། ། ལམ་གྱི་གཞུང་དུ་གཏོར་པར་བྱ། །ཞི་དང་དབང་གི་ཞིང་ཕྱོགས་དང ། །ར་བ་སྐྱེད་མོས་ཚལ་དུ་གཏོར། །དག་པར་བྱེད་པས་ཆུ་བོ་ལྟར། །རྒྱས་པ་ཉི་མའི་དཀྱིལ་འཁོར་དང ། །གང་བར་བྱེད་པ་རྒྱ་མཚོ་ལྟར། །སྦྱིན་སྲེག་གི་ནི་ལྷ་མཉེས་ཤིང ། །སྔགས་སྒྲུབ་སྔགས་ཀྱི་ལས་རྣམས་འགྲུབ། །དྲང་སྲོང་ཚོགས་རྣམས་ཐམས་ཅད་དང ། །དྲི་ཟའི་ཚོགས་རྣམས་ཐམས་ཅད་དང ། །འབྱུང་པོའི་ཚོགས་རྣམས་ཐམས་ཅད་ནི། །སྦྱིན་སྲེག་གིས་ནི་རབ་དགའ་ནས། ། རྣལ་འབྱོར་གྲོགས་བྱེད་སྲུང་བ་དང ། །སྐྱོབ་ཕྱིར་ཚེ་རིང་དཔལ་འཕེལ་ཞིང ། །ནད་མེད་ལོངས་སྤྱོད་རྒྱས་པ་དང ། །བསམ་པ་བཞིན་དུ་འགྲུབ་པར་འགྱུར། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྟ་བའི་རྒྱུད་ཀྱི་རྒྱལ་པོ་པདྨའི་དྲ་བ་ཞེས་བྱ་བ་ལས། མེ་ལ་བརྟེན་པའི་སྦྱོར་བའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཆེ། །རྫུ་འཕྲུལ་འཁོར་ལོ་ཞེས་བྱ་བ། །མཁའ་ལ་ཡི་གེ་སྤྲུལ་ནས་ནི། །འགྲོ་དོན་སྣ་ཚོགས་མཛད་པ་ཞིག་།འཁོར་བཅས་ 322a ༄#། །དཀྱིལ་འཁོར་དེར་ལྷགས་ནས། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །མཆོད་པའི་སྤྲིན་གྱིས་རྒྱས་པར་མཆོད། །ཕྱོགས་གཅིག་འཁོད་ནས་སྟོན་པ་ལ། །མགྲིན་གཅིག་གསུང་ནི་སྙན་པ་ཡིས། །འདི་སྐད་ཚིག་ནི་གསོལ་བ་འདེབས། །ོཾ། མཚན་དང་དཔེ་བྱད་བརྒྱན་པའི་སྐུ། ། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་ཀྱི་ལོངས་སྤྱོད་ཇི་སྙེད་པ། །རྫོགས་པར་ལོངས་སྤྱོད་མཛད་ཕྱག་འཚལ། །གང་ལ་མཁོ་བ་དེའི་གཙོ་བོ།། འདྲེན་པ་གཟུགས་བརྙན་དུ་མ་འཆང ། །སྣ་ཚོགས་རྫུ་འཕྲུལ་མཛད་པའི་སྐུ། །བདེ་བ་ཆེ་ལ་ཕྱག་འཚལ་ལོ། །མི་འགྱུར་རྣམ་དག་བྱང་ཆུབ་ལམ། ། ཕྱོགས་ཆོས་བྱང་ཆུབ་སུམ་ཅུ་བདུན། །སྟོབས་དང་མི་འཇིགས་བརྩོན་མཛད་པ། །ཆོས་རྣམས་ལྷུན་འགྲུབ་སྐུ་ཕྱག་འཚལ། །རྣམ་དག་རྒྱ་མཚོར་ལྡན་རྣམས་ལ། །ཐུགས་རྗེ་རྒྱ་མཚོ་རྒྱུན་བྱུང་བས། །ཞིང་ཁམས་རྒྱ་མཚོ་སྦྱོར་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །སྔགས་དང་རྫས་དང་ཕྱག་རྒྱའི་རིམས། །སྣ་ཚོགས་ཀྱིས་ནི་དོན་མཛད་ཕྱིར། །ཐེག་པ་ཀུན་ལས་ཁྱད་པར་དུ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ནན་ཏན་སྒྲུབ་ 322b པ་སྨོས་ཅི་དགོས། །སྔགས་དང་ཕྱག་རྒྱ་འཆང་བས་ཀྱང ། །ནད་དང་གནོད་སེལ་བསྐལ་པ་ཡི། །སྒྲིབ་རྣམས་འབྱང་བས་ཁྱད་པར་འཕགས། །དབུལ་པོ་རིགས་དང་སྨན་པ་ཡང ། །ཞུགས་མ་ཐག་ནས་བདེ་ལྡན་ཞིང ། །ཅུང་ཟད་གྲུབ་ནས་ནུས་མཐུ་ནི། །དཔག་མེད་འབྱུང་བས་ཁྱད་པར་འཕགས། །མགོན་པོ་བཅོམ་ལྡན་རྡོགས་སངས་རྒྱས། །དཔལ་ཆེན་ཡེ་ཤེས་ཀུན་གྱི་མདོད། །འོད་ཟེར་ཉི་མ་འབུམ་གཟི་ཅན། །འགྲོ་བ་འདྲེན་གཏོ་དེད་དཔོན་གྱི། །མགོན་པོ་སྤྱན་རས་གཟིགས་དབང་གི། །སྔགས་དང་ཕྱག་རྒྱར་བཅས་པ་ཡིས། །འགྲོ་ལ་སྣ་ཚོགས་ཕན་དོན་དུ། །ཇི་ལྟར་འགྱུར་མཛད་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །པདྨའི་སྤྱན་གདངས་འཛུམ་མཛད་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འགྲོ་ལ་ཕན་ཕྱིར་འདི་སྐད་གསུངས། ། དགེ་བྱེད་ཕྱག་རྒྱ་སྔགས་དང་བཅས། །འགྲོ་ལ་ཕན་ཕྱིར་ཞུས་པ་ནི། །ལེགས་སོ་རྫུ་འཕྲུལ་འཁོར་ལོ་ཆེ། །ཤེས་རབ་འཆང་བ་ཁྱོད་ལེགས་སོ། །སེམས་དཔའ་ཆེན་པོ་དེ་ཕྱིར་ངས། །ཁྱོད་ལ་ངོ་མཚར་ལེགས་པར་བཤད། །ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན། །ལེགས་པར་ཟུངས་ལ་རྒྱ་ཆེར་སྤྲོས། །རས་སམ་ 323a ༄#། །གྲོ་ག་ཤིང་ཤུན་གང ། །འཇམ་ཤིང་ནག་རིས་མེད་པ་ལ། །གུར་གུམ་གིའུ་ཝཾ་སེན་རྩི་དང ། །ཙནྡན་གྱིས་ནི་ཕྱག་རྒྱ་བྲི། །པདྨ་འདག་བརྒྱད་མུ་ཁྱུད་བཅས། །འོད་དང་ལྡན་པ་བྲི་བར་བྱ། །དྷ་ར་དྷ་ར་དང་པོ་སྟེ། །གཉིས་པ་དྷི་རི་དྷི་རི་སྤྲོ། །གསུམ་པ་དྷུ་རུ་དྷུ་རུ་སྟེ། །ིཊྚེ་བིཊྚེ་བཞི་ལྔ་པ། །ཙི་ལེ་ཙ་ལེ་གཉིས་བྲིའོ། །པྲ་ཙ་ལེ་གཉིས་དྲུག་པར་རོ། །ཀུ་སུ་མེ་དང་ཀུ་སུ་མ། །བདུན་པར་བྲིས་ཏེ་བརྒྱད་པ་ལ། །པ་ལེ་ཨི་ལི་མི་ལི་བྲི། །ོཾ་མི་ཙི་ཏི་ཛྭ་ལཾ་དང ། ། སཝཱཧཱར་བཅས་པ་དབུས་སུའོ། །ཕྱག་འཚལ་བཅས་སྡགས་མཐའ་མར་བྲི། །རབ་རྫོགས་སྔགས་ཀྱིས་ལྷར་དམིགས་ནས། །གཙང་མའི་མཆོད་པས་མཆོད་བྱ་སྟེ། །སྔགས་སྟོང་བརྗོད་ནས་ལུས་ལ་གདགས། །འདི་ནི་སྲུང་བའི་མཆོག་ཏུ་འགྱུར། །ནད་དང་ཡམས་ནད་གདོན་རྣམས་དང ། །འཇིགས་པ་བརྒྱད་ལས་སྐྱོབ་པར་ངེས། །རིག་སྔགས་བཟློག་ནས་ཁྱད་པར་དུ། །རྡོ་རྗེ་དཀར་པོ་རྩེ་ལྔ་ལ། །འོད་ཀྱི་ར་བ་ཟླུམ་པོ་ཡི། །རི་མོ་གཉིས་དང་བཅས་པ་བྲི། །རཝ་རྣམས་ལ་ནི་ཧཱུཾ་གཉིས་པར། །རིག་སྔགས་བཟློག་དང་བཅས་པ་བྲི། །ལྟེ་བར་ཨོཾ་ཧྲཱིཿ ་སཝཱཧའཻ་བར། །བདག་ཉིད་བསྲུང་ཞེས་བྲི་བར་བྱ། །མུ་ཁྱུད་དང་བོར་བྲི་བར་ 323b བྱ། །གཟིགས་དབང་ཡིད་བཞིན་ནོར་སྔགས་སོ། །གཉིས་པར་གདོང་བཅུ་གཅིག་པའི་སྔགས། །གསུམ་པར་པདྨ་གར་དབང་གི་།སྔགས་རྣམས་གཡས་སུ་བསྐོར་བར་བྱ། །གལ་ཏེ་ནད་ཡམས་བཟློག་པ་ལ། །འདབ་བརྒྱད་པདྨ་མུ་ཁྱུད་གསུམ། །སྔོན་ལྟར་ཡི་གེ་བཀོད་པ་ལ། །མུ་ཁྱུད་གཉིས་པར་སྤྱན་གྱི་སྔགས། ། གསུམ་པར་རྟེན་འབྲེལ་སྔགས་པྲིས་ནས། །ལུས་སམ་མགུལ་དུ་ཐོགས་པས་ནི། །ནད་རིམས་དང་ནི་ལྷོག་འབྲུམ་སོགས། །རླུང་གིས་རྡུལ་བཞིན་སེལ་བར་འགྱུར། །དེ་ནས་ཚིག་དེ་ཐོས་མ་ཐག་།ལྷ་མིན་བུ་མོ་ནད་བདག་མོ། །ས་ཏུ་དེ་བི་ཞེས་བྱ་བ། །བཞེངས་ཏེ་ཐལ་མོ་སྦྱར་བྱས་ཏེ། །བུ་མོ་ཁྲིས་ནི་མགྲིན་གཅིག་ཏུ། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །རྗེ་བཙུན་འགྲོ་བའི་གཉེན་གཅིག་པུ། །མགོན་པོ་སངས་རྒྱས་བཅོམ་ལྡན་འདས། །བདག་གི་སྔགས་འདི་གང་འཛིན་པ། །གལ་ཏེ་འབྲུམ་ནད་བྱུང་ན་ནི། །བདག་ནི་སེམས་ཅན་དམྱལ་བར་འགྲོ། །དམ་བཅས་འདི་ནི་དྲན་པར་བྱ། །ཏྲེ་བ་ལ་བྱ་ཡི་ཀ་ཀ་བ་ནི་ཏེ། སུ་མ་ཡ་བི་ལཱ་ས་ཀ་ཀ་ར་ནི། ཀི་ཤུན་པཉྩ་ཏྲ་ལི་ཧེ་ད་ཡི། །ཀ་ན་ཀ་ཏ་ཙ་ར་ཎི། ཡ་མིརྞ་ན་ད་མ་ཙ། ཡ་མི་པ་ར་ནད་བུར་དྭ། དྭ་ཙ་པི་ཏ་ཏྲ་ཙནྟྲ་ 324a ༄#། །ནད་དམ། །སསྟུ་དེ་ཝི་མེ་བྷ་ཝ། །ལྷ་མོས་དེ་སྐད་གསོལ་མ་ཐག་།མགོན་པོས་འདི་སྐད་བཀའ་སྩལ་ཏོ། །ོཾ་ཨོཾ་བྷ་བི་ཏ་བི་ཏི་མི་ཏི། །ག་ཙནྡྲ་ཎི་ཨ་མུ་ཀ་སྱ་ཀ་བྱ། །ལོ་ཧི་ཏ་གཾ་དྷ་རྦ་རཀྶྵ་ཀུ་རུ་སཝཱཧཱ། །བྱིན་རླབས་ལྡན་པའི་སྣགས་དེ་ནི། །རྒྱུན་དུ་བཟླས་པས་འགྲུབ་པར་འགྱུར། །ོཾ་ཧ་ན་སེ་རཱུ་པ་དྷ་རི་སཝཱཧཱ། །སྲད་བུ་མ་ཉམས་དཀར་པོ་ལ། །ཉི་ཤུ་རྩ་གཅིག་མདུད་པར་བྱ། །བཞི་བརྒྱ་རྩ་བཞི་བཟླས་ནས་ཀྱང ། །ལུས་སམ་མགུལ་དུ་གདགས་པར་བྱ། །ཀྲཾ་ཧི་ཏི་ཀ་ཏི་ཀ་ཏྲ་ཐ་པྲ་ཀ་ཤི་ཀ་།ཏ་ཐཱ་ཡ་ཐཱ་ཙ་ལ་ཧེ་ཧུཾ་ཧཱུཾ་ཕཊ། སྲན་མ་རྡོག་པོ་རེ་རེ་ལ། །བརྒྱ་རྩ་བརྒྱད་བརྒྱད་བཟླས་པ་ཡི། །འབྲུ་བདུན་ཐུམ་པོར་བྱས་པ་ཞིག་།དྲི་བཟང་བཅས་ལ་མགུལ་དུ་ཐོགས། །ཡམས་ནད་ཀུན་དང་འབྲུམ་ནག་ནད། །ཤིན་ཏུ་གདུག་པ་ཀུན་སེལ་འགྱུར། །དེ་ནས་རིག་སྔགས་འཆང་བ་མོ། །དཔལ་ཕྲེང་མས་ནི་འདི་སྐད་གསོལ། །བདག་གི་རིག་སྔགས་འདི་ཟླས་པ། །རིམས་ནད་ཀུན་དང་བྲལ་བར་འགྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བཛྲ་མཱ་རི་བི་ཛ་ཡཱ་ཡ།། 324b ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏ་ཐ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བྫྲེ། །སརྦ་བྷིར་ཐཱ། ཧ་ན་ཧ་ན་བཛྲ། སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སཝཱཧཱ། མི་སྐྲ་མི་རུས་སླ་\?\་དང ། །གུ་གུལ་ཡུངས་ཀར་སྒོག་སྐྱ་དང ། །ཤིང་ཀུན་གླ་རྩི་འཁོར་ལོ་ནི། །རྩིབས་བརྒྱད་ཕྱོགས་བཞིར་ཧྲཱིཿ ་ཡིག་བྲི། །མཚམས་བཞིར་རིས་ཏེ་དབུས་སུ་མིང ། །སྔགས་འདི་མུ་ཁྱུད་དང་པོ་ལ། །གཉིས་གདོང་བཅུ་གཅིག་པ་ཡི་སྔགས། །བྲིས་ནས་ལུས་སམ་མགུལ་དུ་ཐོགས། །ནད་རིམས་ཐམས་ཅད་སེལ་བ་དང ། །རྣལ་འབྱོར་ཀུན་དང་ལྡན་པར་འགྱུར། །དེ་ནས་སྤྱན་རས་གཟིགས་དབང་གིས། །འགྲོ་བའི་དོན་དུ་འདི་སྐད་གསོལ། །རང་འབྱུང་ཅན་གྱི་རས་ལ་ནི། །སེན་རྩིས་འཁོར་ལོ་རྩིབས་བཞི་པ། །མུ་ཁྱུད་གསུམ་དང་ལྡན་པ་བྲི། །རྩིབས་བཞི་ཧྲཱིཿ ་ལ་གཡོན་བསྐོར་དུ། །ཧྲཱིཿ ་གི་ཝཾ་ཤིཾ་ཀུ་རུ་ཧྲཱི། མུ་ཁྱུད་དང་པོར་མགོན་པོ་ནི། །པདྨ་གར་དབང་སྔགས་བྲིའོ། །གཉིས་པ་ཨུཏྤལ་དམར་པོ་ཕྲེང ། །གསུམ་པ་ལྕགས་ཀྱུ་ཉི་ཤུ་གཅིག་།དབུས་སུ་བཾ་ཡིག་ཧྲཱིར་བཅས་བྲི། །ལྷ་དམ་ཉིད་ཀྱང་དམ་བྱེད་ན། །འགྲོ་བ་གཞན་ལྟ་སྨོས་ཅི་དགོས། །གསོལ་དང་བཀྲ་ཤིས་བརྗོད་པ་དང ། །བགེགས་ཀྱི་གནོད་པ་སེལ་ 325a ༄#། །འདོད་པས། །རྩེ་གསུམ་རྡོ་རྗེ་རྒྱ་གྲམ་སྟེ། །དབུས་སུ་སྤྱན་རས་གཟིགས་དབང་མགོན། །པདྨ་གཙུག་ཏོར་སྔགས་བྲིའོ། །རཝ་རྣམས་ཀུན་ལ་ཧཱུཾ་ཡིག་ནི། །བགེགས་མིང་ཨུ་ཙ་ཏ་ཡིས་བསྐོར། །མུ་ཁྱུད་དང་པོར་སྤྱན་རས་གཟིགས། །ཧ་ལ་ཧ་ལའི་སྔགས་བྲིའོ། །གཉིས་པར་ཁྲོ་བོ་རྟ་སྐད་སྔགས། །གསུམ་པར་བགེགས་དགྲའི་སྔགས་བྲིས་ལ། །དེ་རྒྱབ་མེ་ཡི་ཕུང་པོ་བྲི། །གང་ཞིག་འཁོར་ལོ་འདི་རིས་པས། །སྲེད་མེད་བུ་ལྟར་མཐུ་ཆེ་བའི། །གདུག་བ་ཅན་ཡང་འཐོར་བྱེད་ན། །ཕྲན་ཚེགས་འབྱོར་པ་སྨོས་ཅི་དགོས། །གང་ལ་སེར་སྣ་རྣམས་ཆགས་ཤིང ། །ལོངས་སྤྱོད་འཕེལ་བར་མི་འགྱུར་ན། །ཕུན་སུམ་ཚོགས་ལྡན་དཔལ་འཕེལ་ཕྱིར། །སྐྱོབ་པའི་ཕྱག་རྒྱ་བཤད་པར་བྱ། །རྒྱལ་པོ་འམ་ནི་དགེ་འདུན་ལ། །གཙང་ལྡན་རབ་བཟང་བླངས་ནས་ཀྱང ། །དག་པར་བཀྲུས་ཏེ་དྲི་བཟང་བྱུག་།ལེགས་པར་བརྒྱན་ནས་ཐིག་བཏབ་སྟེ། །གུར་གུམ་དང་ནི་གླ་རྩི་ཡིས། །པདྨ་འདབ་བཅུ་དྲུག་པ་བྲི། །ཕྱོགས་བཞིར་འདབ་མར་དཔལ་བེའུ་སྟེ། །མཚམས་བཞིར་ཡིད་བཞིན་ནོར་བུ་བྲི། །མཚམས་བརྒྱད་ལ་ནི་ཡི་གེ་གཾ་།ོཾ་དང་བཛྲ་ད་ཀེ་ཧཱུཾ། 325b ཡི་གེ་དྲུག་གིས་བསྐོར་བར་བྱ། །མུ་ཁྱུད་དང་པོར་མི་བཤོལ་སྔགས། །གཉིས་པར་གདོང་བཅུ་གཅིག་པའི་སྔགས། །གསུམ་པར་ཨུཏྤལ་ཕྲེང་བ་སྟེ། །ཡང་ཏོག་ཙེ་འམ་མཛོད་བཞག་ནས། །གསོལ་བཏབ་མཆོད་ན་ལོངས་སྤྱོད་འཕེལ། །བུད་མེད་གང་ཞིག་བུ་འདོད་པས། །དེ་བཞིན་པདྨ་འདབ་བརྒྱད་པ། །ཕྱོགས་བཞིར་ཧྲཱིཿ ་ནི་མཚམས་སུ་དྲང ། །དབུས་སུ་ཁྱེའུའི་གཟུགས་ཤིག་བྲི། །ཕྱོགས་བཞིར་ཡིད་བཞིན་ནོར་བུ་དྲི། །སྔགས་བུ་སྩོལ་བཅས་བྲི་བར་བྱ། །མཚམས་བཞིར་ཨོཾ་དང་ཨ་མ་ར། །ཛི་ཝ་ནྟི་ཡེ་སཝཱཧཱས་བསྐོར། །མུ་ཁྱུད་དང་པོར་སྤྱན་རས་གཟིགས། །པདྨ་རྒྱན་ལུང་ཅན་གྱི་སྔགས། །གཉིས་པར་གདོང་བཅུ་གཅིག་པའི་སྔགས། ། གསུམ་པར་ཨུཏྤལ་དམར་པོའི་ཕྲེང ། །འོད་འཕྲོ་རྟག་པར་མཆོད་པ་དང ། །ཕུལ་དུ་བྱུང་བའི་བསྟོད་པས་བསྟོད། །གསོལ་བ་འདེབས་ཤིང་སྔགས་བཟླས་ན། །བུ་སྩོལ་འགྱུར་ལ་ཐེ་ཚོམ་མེད། །སྲུང་དང་ནོར་འཕེལ་དབང་བྱེད་དང ། །བུ་སློང་བ་ཡི་ཕྱག་རྒྱ་ནི། །སྨིན་དྲུག་སྣར་མ་རྒྱལ་ལ་བྲི། །ལྷག་མ་རྣམས་ནི་ཅི་བདེར་བྲི། །གང་ཞིག་སེམས་སྟོར་ཡིད་མི་དགའ། །གློ་བུར་ཡི་མུག་སྐྱེ་འགྱུར་ན། །པདྨ་འདབ་མ་བཞི་པ་ཡི། །དབུས་སུ་རང་གཟུགས་མཚན་མ་བྲི། ། 326a ༄#། །འདབ་མར་རྡོ་རྗེ་མདོག་བཞི་པ། །གདོང་བཅུ་གཅིག་པའི་སྔགས་ཀྱིས་བསྐོར། །མུ་ཁྱུད་ལ་ནི་སྤྱན་རས་གཟིགས། །དོན་ཡོད་ཞགས་པའི་སྔགས་བྲི་འོ། །གཉིས་པར་རྡོ་རྗེ་ཕེང་བ་བྲི། །དེའི་རྒྱབ་འོད་ཀྱི་ཕྲེང་བ་བྲི། །རྟག་པར་མཆོད་ཅིང་གསོལ་བ་གདབ། །ནད་སེལ་ཚེ་རིང་བསོད་ནམས་འཕེལ། །གང་ཞིག་ཤེས་རབ་འདོད་པས་ནི། །དཔལ་བེའུ་རྒྱལ་པོའི་དུ་མར་ནི། །ཏྲི་ཡིག་རྒྱབ་ཏུ་སྔགས་འདིས་བསྐོར། །ོཾ་དང་ཀཱ་ལ་དེ་ཀ་ལ། །མ་ནི་སཝཱཧཱ་ཞེས་པ་བྲི། །དེ་རྒྱབ་མུ་ཁྱུད་འཁོར་བ་ལ། །མགྲིན་པ་སྔོན་པོའི་རྩ་སྔགས་བྲི། །དེ་རྒྱ་བ་འོད་ཀྱི་ར་བ་བྲི། །གང་གིས་འདི་འཆང་མཆོད་པ་ལ། །ནད་དང་གནོད་པ་ཀུན་བྲལ་ཏེ། །དུག་དང་རིམས་ནད་འཇོམས་པ་དང ། །ཤེས་རབ་མྱུར་དུ་འཕེལ་བར་འགྱུར། །ཡུལ་དུ་ལོ་ཏོག་ཉམས་པ་དང ། །ཐོག་འབྲུག་སེར་བ་རྒོད་པ་དང ། །ཀླུ་དང་ས་བདག་གནོད་པ་སྟེ། །དེ་གསལ་སྦྱོར་བ་བཤད་པར་བྱ། །ཤིང་ཤུན་དཀར་པོ་མ་ཉམས་པ། །ཉམས་དགའ་ཉི་རིམ་སྦྱོར་བ་ལ། །རྡོ་རྗེ་རྩེ་མོ་བཅུ་གཉིས་པ། །མིག་སྨན་གྱིས་ནི་བྲི་བར་བྱ། །གྲཝ་རྣམས་ལ་ནི་ཧཱུཾ་ཡིག་ལ། །ོཾ་དང་ཛི་ནི་ཏི་ཏི་ 326b ཏེ། །ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་བསྐོར། །མུ་ཁྱུད་དང་པོར་མགོན་པོ་ཆེ། །གདོང་བཅུ་གཅིག་པའི་སྔགས་ཕྲེང་བྲི། །གཉིས་པར་ཐུགས་རྗེ་ཆེན་པོ་མགོན། །མི་བཤོལ་བ་ཡི་སྔགས་ཀྱིས་བསྐོར། །གསུམ་པར་རྡོ་རྗེ་ཕྲེང་བ་དང ། །མེ་ཡི་འོད་དང་ལྡན་པར་བྲི། །ཕྱག་རྒྱ་འདི་ནི་བསྟན་ཙམ་གྱིས། །ཀླུ་ཡི་རྒྱལ་པོ་མཐུ་ལྡན་རྣམས། །འཁོར་དང་བཅས་ཏེ་ལུས་བསྐམས་འགྱུར། །གང་གི་ཁྱིམ་དུ་གདོང་པ་དང ། །མ་ཧེ་རྟ་སོགས་ཡམས་ནད་ཅན། །བསལ་བའི་ཐབས་ཀྱི་ཕྱག་རྒྱ་ནི། །བརྟན་པར་དྲང་སྲོང་ཚོགས་རྣམས་ཉོན། །ཀོ་པི་ད་རིའི་ཤིང་ལ་ནི། །ཁྲུ་གང་ཁྲུ་གཉིས་དབྱིབས་གྲུ་བཞི། །གས་གྲུགས་ཆག་སོགས་མེད་པ་ལ། །ཤིན་ཏུ་སྲབ་འཇམ་སོར་གཉིས་རྔམས། །ཤིང་དེ་ལ་ནི་རྟ་བབས་གཟུགས། །འཁོར་ལོ་གདུགས་དང་བཅས་པ་ཡི། །བརྩེགས་པའི་གཡས་ཟུར་དང་པོར་ནི། །རྡོ་རྗེ་སྔོན་པོ་རྩེ་ལྔ་སྟེ། །གཉིས་པར་ཨུཏྤལ་དམར་པོ་འོ། །གསུམ་པར་འཁོར་ལོ་རྩིབས་བརྒྱད་སེར། །བཞི་པར་པདྨ་དཀར་པོའོ། །གཡོན་ཟུར་དང་པོར་པདྨ་དམར། །གཉིས་པར་ཨུཏྤལ་སྔོན་པོའོ། །གསུམ་པར་ནོར་བུ་བཞི་རྒྱ་གྲམ། །ནང་ཁོང་དུ་ནི་པདྨ་བྱ། །འདབ་མ་བརྒྱད་ 327a ༄#། །པ་འོད་ལྡན་པ་འོ། །ལྟེ་བ་དང་ནི་འདབ་བརྒྱད་ལ། །ོཾ་དང་པི་ཤཱ་རྩི་པརྞ། །ཤ་པ་རི་སརྦ་བྱཱ་དྷི། །བྲ་ཤ་མ་ནི་སཝཱཧཱ་ཞེས། །པཾ་ཡིག་ལ་ནི་བསྐོར་བ་བྲི། །མུ་ཁྱུད་དང་པོར་སྤྱན་རས་གཟིགས། །གདོང་བཅུ་གཅིག་པའི་སྔགས་བྲི་འོ། །གཉིས་པར་ཆོས་ཀྱི་གཙུག་ཏོར་གྱི། །རྩ་བའི་ཕྲེང་སྔགས་བྲི་བར་བྱ། །རྒྱ་སྐྱེགས་དང་ནི་མཚལ་ཡིན་ཏེ། །དེ་ལ་ཤིང་སྦྱིན་བྱུག་པར་བྱ། །མཆོད་དང་གསོལ་གདབ་སྔགས་དག་ནི། །བདུན་སྟོང་རེ་རེ་བརྗོད་བྱས་ནས། །སྒོ་གོང་ལ་གདགས་འབྱུང་འཇུག་ཚེ། །འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །རྟ་ཕྱུགས་ཡམས་ནད་མ་ལུས་ལ། །རིག་པའི་ལྷ་མོའི་ཚོགས་བཅས་པའི། །འཇིག་རྟེན་མགོན་གྱི་རིག་སྔགས་མཐུས། །མྱུར་དུ་སེལ་བར་མནན་པ་དང ། །ཟློག་དང་བཅིངས་པར་མཛོད་ཅེས་བརྗོད། །ཕྱུགས་བདག་ཆེན་པོ་སྐྱོང་བ་ལྟར། །གླང་པོ་རྟ་བོང་མ་ཧེ་ཚོགས། །བརྟན་ཞིང་ནད་དང་གནོད་པ་མེད། །ཤིན་ཏུ་འཕེལ་ཞིང་རྒྱལ་བར་འགྱུར། །དེ་ནས་ཡང་དག་བཤད་བྱ་བ། །དམག་དཔུང་ཆེན་པོ་འཇིགས་པ་ལ། །ཁྱད་པར་དུ་ནི་སྐྱོབ་པ་ཡིས། །ཕྱག་རྒྱ་སྦྱོར་བ་མཉན་པར་གྱིས། །ཡུང་བས་རས་སམ་ཤིང་ལ་ 327b ནི། །པད་དཀར་སྟེང་དུ་ཁ་ཊྭཱཾ་དང ། །རལ་གྲི་འོད་མ་བྲི་བར་བྱ། །དེ་ལ་གདུ་བུ་གསུམ་གྱིས་བསྐོར། །དང་པོར་གདོང་བཅུ་གཅིག་པའི་སྔགས། །གཉིས་པར་སེངྒེ་སྒྲ་ཡི་སྔགས། །གསུམ་པར་ཧ་ཡ་ཆེན་པོའི་སྔགས། །དེ་རྒྱབ་མེ་ཡི་ར་བ་བྲི། །འདི་ལ་གསོལ་བ་བཏབ་ནས་ནི། །གཡུལ་ངོར་ཁྱེར་ཏེ་ཞུགས་པ་གང ། །དགྲ་དཔུང་ཆེན་པོ་འབྲོས་འགྱུར་ཏེ། །རང་ཉིད་གཡུལ་ལས་རྒྱལ་བར་འགྱུར། །ལོངས་སྤྱོད་སྤྱིར་ནི་བྱང་བལྟས་བྲི། །དབང་སྐྱེད་པ་ནི་ནུབ་ཏུ་སྟེ། །གཡུལ་ཟློག་པ་ནི་ལྷོར་བལྟས་བྲི། །ལྷག་མ་རྣམས་ལ་ཤར་བལྟས་བྲི། །དཀར་སེར་དམར་དང་སྔོ་བ་ཡི། །དབྱེ་བས་ཟས་དང་གོས་ཤེས་བྱ། །འཛུམ་དང་རྔམ་དང་དགོད་དང་ཁྲོ། ། བཞིན་གྱི་རྣམ་པ་བཤད་པ་ཡི། །སྔགས་དང་སྔགས་ཀྱི་འོད་ཕྲེང་དང ། །ལྷ་ཡི་ཁ་དོག་དབྱེ་བ་དང ། །སྣོད་ལ་སོགས་པའི་དབྱེ་བ་དང ། །རྒྱན་ཡང་དེ་ལྟར་ཤེས་པར་བྱ། །ཀུན་ཀྱང་རིན་ཆེན་པདྨའི་གདན། །ཁ་དོག་སྣ་ཚོགས་ལྡན་པར་ནི། །སྔགས་ཀྱི་ཡིག་འབྲུའི་ལྷ་རྣམས་བཞུགས། །སྔགས་རྫོགས་ནས་ནི་སྔགས་སུ་དམིགས། །གང་གིས་ཕྱག་རྒྱ་འཆང་བྱེད་ལ། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང ། །རིག་པའི་ལྷ་མོའི་ཚོགས་རྣམས་དང ། །འཇིག་རྟེན་འདྲེན་པའི་ 328a ༄#། །ཚོགས་བཅས་དང ། །སྤྱན་རས་གཟིགས་དབང་ཚོགས་ཆེན་དང ། །ཁྲོ་བོ་ཚོགས་བཅས་མ་ལུས་དང ། །འཇིག་རྟེན་སྐྱོང་བ་གྲགས་ལྡན་རྣམས། །ཅི་འདོད་ལས་རྣམས་མ་ལུས་པའི། །གྲོགས་དང་དཔུང་དུ་བྱས་ནས་ནི། །ཚུལ་བཞིན་དུ་ནི་སྒྲུབ་པ་ལ། །བརྩོན་འགྲུས་གང་དང་གང་གིས་ཀྱང ། །ཐེ་ཚོམ་དུ་ནི་མི་བྱ་འོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨའི་དྲ་བ་ལས། །ཕྱག་རྒྱ་ལ་བརྟེན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་མཁའ་ལ་གཤེགས་པ་ཡི། །རིག་པ་འཛིན་པའི་དྲང་སྲོང་མཆོག་།མཚན་དཔེ་དུ་མ་རྒྱས་པ་ཆེན། ། ཉི་མའི་གོང་བུ་ཞེས་བྱ་བ། །དྲང་སྲོང་རྗེ་དཔོན་ཚོགས་ཀྱི་མཆོག་།འགྲོ་དོན་རྫོགས་མཛད་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་མགོན་པོ་ལ། །སངས་རྒྱས་ཚིག་གིས་འདི་སྐད་གསོལ། །ོཾ། འོད་ཟེར་དུ་མ་ཐེར་ཟུག་གི། །སྲིད་འདབ་སྟུག་པོ་སེལ་བྱེད་རྒྱལ། །ཡོན་ཏན་ཡེ་ཤེས་ཀྱིས་བརྒྱན་སྐུ། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །གསུང་སྙན་ཡན་ལག་བརྗོད་བྲལ་ཆོས། །བག་ཆགས་རི་བོ་སྙིལ་མཛད་རྒྱལ། །སྐྱེ་འགག་བྲལ་སྟོན་སྡེ་སྣོད་གསུམ།། 328b མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །སྐྱེ་འགག་གནོད་བྲལ་མཉམ་བཞག་པ། །ཏིང་འཛིན་ཤེས་རབ་འཕེལ་མཛད་རྒྱལ། །ཡེ་ཤེས་གཟིགས་པ་མཐའ་ཡས་ཐུགས། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །སྣ་ཚོགས་སྨན་དང་སྔགས་སྦྱར་ནས། །ལྷ་ཡི་གོང་བུའི་རིལ་བུ་ནི། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་མ་ལུས་རྫོགས་པ་ཡི། །ཐུགས་རྗེའི་ཉི་མ་ལྷམ་མཛད་པའི། །མགོན་པོ་པདྨས་བཤད་དུ་གསོལ། །འགྲོ་རྣམས་མ་རིག་འདམ་ལ་ཞེན། །སྲིད་པའི་ཐག་པས་རྒྱ་གྲམ་བཅིངས། །འདོད་ཆགས་ཞེ་སྡང་མུན་པས་གཡོགས། །ང་རྒྱལ་ཕྲག་དོག་ཆུ་བོས་གཡེངས། །ངན་རྟོག་ལོག་ལམ་གཡང་སར་ལྷུང ། །བག་མེད་སེར་སྣའི་དུག་གིས་མྱོས། །སྡིག་པའི་གྲིབ་མས་རྣམ་པར་རྒྱལ། །བག་ཆགས་ཐུམ་པོའི་རི་བོས་མནན། །མགོན་ཁྱོད་ཐུགས་རྗེས་དལ་བ་མེད། །ཉེས་པའི་རྒྱ་མཚོ་བསལ་བའི་ཕྱིར། །ཤེས་རབ་ཐབས་འབྱུང་བཤད་དུ་གསོལ། །དེ་ནས་འཇིག་རྟེན་མགོན་པོ་རྗེ། །ཐུགས་རྗེ་ཐུགས་དཔལ་མངའ་བ་ཡི། །ཐུགས་དམ་རྫོགས་པའི་འབྲས་བུར་བཅས། །ཁྱད་པར་གཟུངས་འདི་བཀའ་སྩལ་ཏོ། །མཐའ་དག་གཟུགས་སྒྲ་ཐོས་པ་དང ། །རྫུ་འཕྲུལ་བསྒྱུར་དང་ 329a ༄#། །གཞན་སེམས་ཤེས། །འདས་དང་མ་འོངས་དོན་ཤེས་དང ། །མཐའ་ཡས་ཤེས་དྲུག་ལས་སྤྱོད་པ། །དངོས་དང་རྟགས་དང་ཆ་མཐུན་གྱིས། །རྣམ་པ་བཅོ་བརྒྱད་དག་ཏུ་འགྱུར། །ཕྲ་དང་ཡང་དང་མཆོད་པར་བྱ་བ་དང ། །བདག་པོར་གྱུར་དང་དབང་དུ་འགྱུར་བ་དང ། །གར་ཡང་ཕྱིན་ཡང་འདོད་རྒུར་ལྡན་པ་དང ། །དགའ་མགུར་གནས་ཏེ་དབང་ཕྱུག་ཡོན་ཏན་ནོ། །རྣམ་པ་བརྒྱད་ཀྱི་དཔེ་བྱ་ཡིས། །ལོངས་སྤྱོད་དབང་དང་ལུས་ལ་དབང ། །ཚེ་ལ་དབང་དང་རྐང་མགྱོགས་དང ། །ཆུ་ལ་མི་བྱིང་མཁའ་ལ་འགྲོ། །ས་འོག་འགྲོ་དང་མི་སྣང་བ། །ཞི་རྒྱས་དབང་དང་མངོན་སྤྱོད་སོགས།། དངོས་པོ་གང་དང་གང་བསྒྲུབ་རྣམས། །རིལ་བུ་ལས་ནི་འབྱུང་འགྱུར་གྱིས། །གཞན་ནི་མྱུར་དུ་འགྲུབ་མི་འགྱུར། །བྱང་ཆུབ་སེམས་དཔའི་རིལ་བུ་ནི། ། མཚམས་མེད་ལ་སོགས་བྱེད་པས་ཀྱང ། །རྙེད་མ་ཐག་ཏུ་དངོས་གྲུབ་འགྱུར། །ཉེ་དང་དབང་ལྡན་ལྷ་ཡི་སྲས། །མ་མོས་དབང་དུ་བྱས་གྱུར་ན། །འབྱུང་པོ་ཤ་ཟ་ལྷ་མིན་མི། །མ་མོ་མཁའ་འགྲོ་འབྱུང་པོ་ཀླུ། །དུད་འགྲོ་ལ་སོགས་རྫོགས་གཟུགས་ཅན། །སེམས་ཅན་གཞན་ལྟ་སྨོས་ཅི་དགོས། །དངོས་གྲུབ་ 329b བཟང་པོ་འདོད་པ་ཡིས། །ཁྱད་པར་རིལ་བུ་འདི་བསྒྲུབ་བྱ། །གིའུ་ཝཾ་དང་ནི་ལིག་པུ་མིག་།ལྡོང་རོས་བཟང་པོར་སྦྱར་བ་ཡིས། །རིལ་བུ་རྒྱ་སྲན་ཚད་བྱས་ནས། །སྣོད་གཙང་ནང་དུ་གཞག་པར་བྱ། །སྐུ་ཡི་མདུན་དུ་སྔགས་བརྗོད་ན། །སྔོན་ཆད་མ་མཐོང་སྣང་བ་འམ། །སྒྲ་ཐོས་སམ་ནི་བདེ་གཤེགས་གཟུགས། ། ཡིད་འོང་མངོན་དུ་བྱུང་བ་སོགས། །མར་ངོ་གསུམ་གྱིས་འབྱུང་བར་འགྱུར། །དེ་ནས་ཟླ་བ་གཟས་བཟུང་ཚེ། །ཅི་འབྱོར་མཆོད་དེ་སྙིམ་པར་བཅུག་།བཟླས་བརྗོད་བྱས་ནས་ཉི་ཤར་ན། དུ་བར་འཐུལ་དང་དྲི་ཅན་འགྱུར། །དུད་འཐུལ་ལུས་ལ་བྱུགས་པས་ཀྱང ། །སྣང་བ་དང་འོད་གཟུགས་ཅན་དང ། །འཛམ་གླིང་ཕྱོགས་རྣམས་རྒྱུ་བ་དང ། །ལོངས་སྤྱོད་ཆེ་དང་ལྡན་འགྱུར་ཏེ། །ཤི་འཕོས་དགའ་ལྡན་གནས་སུ་སྐྱེ། །དྲི་མ་ཙམ་གྱིས་ལུས་བྱུགས་ཀྱང ། །འགྲོ་བ་ཐམས་ཅད་དབང་བྱེད་ཅིང ། །ཐོས་པ་འཛིན་ཅིང་རྒྱུ་བཙལ་མཁས། །ཤི་ནས་འཛམ་གླིང་འདི་ཉིད་དུ། །ལྕང་ལོ་ཅན་གྱི་གནོད་སྦྱིན་ནི། །འཁོར་ལོ་གཞོན་ནུའི་རིགས་སུ་སྐྱེ། །ཡང་ན་མི་ཡི་རྒྱལ་པོ་འམ། །གླང་པོ་ཉིད་དུ་སྐྱེ་བར་ངེས། །འབར་བ་ལུས་ལ་བསྐུས་ན་ལྟ། །རིག་སྔགས་འཆང་ལུས་ཉིད་ཤར་མདོག་།བསྐལ་བར་ 330a ༄#། །གནས་ཏེ་འདོད་རྒུའི་སྤྱོད། །འཇིག་རྟེན་ཀུན་ཏུ་ཐོགས་མེད་རྒྱུ། །མཁའ་ལྡིང་ས་འོག་ཆུ་བྲན་འགྲོ། །སངས་རྒྱས་ཀུན་ནས་ཕྱིན་ནས་ཀྱང ། །དབང་པོར་གནས་ཏེ་རྒྱལ་པོར་གནས། །སྤྲུལ་བའི་རྫས་ཀྱིས་བདེ་གཤེགས་མཆོད། །འདོད་ནས་ཤི་འཕོས་འཇིག་རྟེན་ཁམས། །གཞན་འདས་སངས་རྒྱས་དག་ཏུ་སྐྱེ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བདག་ཉིད་ཡིད་དུ་འོང་འདོད་པས། །གུར་གུམ་ག་བུར་བླ་རྩི་དང ། །གིའུ་ཝཾ་བསྲེགས་ནས་སྔགས་སྟོང་བཟླས། །བརྡུངས་ཏེ་ཕྱེ་མར་བྱས་ནས་ཀྱང ། །སྔགས་སྟོང་བཟླས་ཏེ་ཆུ་གཙང་གིས། །རིལ་བུ་རྒྱ་སྲན་ཚད་བྱས་ནས། །རེ་རེ་ལ་ཡང་སྟོང་སྟོང་བརྗོད། །རླུང་དང་ཉི་མ་མ་རེག་པས། །བསྐམས་ནས་སྣོད་གཙང་གཞག་པར་བྱ། །རིལ་བུ་ཙམ་ཞིག་མུར་ན་ཡང ། །རྒྱལ་པོ་བློན་པོ་འཁོར་བཅས་ཀྱིས། །མཐོང་ན་བུ་བཞིན་གཟིགས་འགྱུར་ན། །ཐ་མལ་སྐྱེ་བོ་སྨོས་ཅི་དགོས། །ནོར་རྣམས་གཞན་གྱིས་སྟེར་བ་དང ། །བསྒོ་བ་ལ་ནི་ངག་བཙན་འགྱུར། །ག་པུར་གུ་གུལ་གིའུ་ཝཾ་དང ། །ཙནྡན་གནྡྷ་བརྡ་དང ། །གླ་རྩི་དག་སྟེ་ཆ་མཉམ་དུ། །རེ་རེ་སྔགས་སྟོང་བཟླས་ནས་སུ། །བརྡུངས་ཏེ་རིལ་ 330b བུ་བྱས་པ་དག་།གཡོན་པའི་ཞལ་ལ་གདགས་པར་བྱ། །མདུན་ནས་ཉ་ཡི་བར་དུ་ནི། སྔགས་བཟླས་པ་དང་མཆོད་པར་བྱ། །བདུགས་པས་ནད་དང་གདོན་རྣམས་སེལ། །མི་ག་ལ་བྱུགས་པས་རྒྱལ་པོ་དང ། །རྒྱལ་མོ་བུ་དང་བུ་མོ་དང ། །བློན་པོ་ལ་སོགས་དབང་དུ་འགྱུར། །ཁར་བཅུག་ཙམ་གྱིས་གྲོལ་བར་འོང ། ། གདམས་པ་ཐམས་ཅད་དོན་ཡོད་འགྱུར། །སྤྱི་བོར་བཏགས་ན་བྱད་སྟེམས་དང ། །གཡུལ་ལས་ཤིན་ཏུ་རྒྱལ་བར་འགྱུར། །གལ་ཏེ་ཕྱེ་མས་བདུག་པས་ཀྱང ། །སྡིག་པ་ཐམས་ཅད་བྱང་འགྱུར་ཏེ། །ཀུན་གྱིས་མཐོང་དང་དགའ་བ་དང ། །གཟི་བྱིན་འཕགས་པ་ཀུན་གྱིས་མཆོད། །ག་པུར་གླ་རྩི་གུར་གུམ་དང་།། ཙནྡན་གླ་རྩི་ཀ་ཀོ་ལ། །སྤོས་ཀྱི་རྒྱལ་པོ་པདྨ་དང ། །ུཏྤལ་སྔོ་དང་ཙནྡན་དམར། །རེ་རེ་ལ་ཡང་སྟོང་སྟོང་བཟླས། །ཆ་མཉམ་ཕྱེ་མ་གིའུ་ཝཾ་བཅས། །རིལ་བུ་ཙ་ན་ཀ་ཚད་བྱ། །གྲིབ་བསྐམས་བྱས་ནས་ལུས་ལ་འཆང ། །གྲིང་བཞི་ཀུན་ཁྱབ་རྒྱལ་སྲིད་འཐོབ། །ཀྲ་ཀུ་ལ་ཡི་ཐང་ཆུ་དང ། །ལྡོག་རོས་བེད་དང་ཨུཏྤལ་སྔོ། །རྒྱ་མཚོ་དབུ་བ་གིའུ་ཝཾ་དང ། །ཡུངས་དང་སྐྱེར་པ་གུར་གུམ་དང ། ག་པུར་དང་ནི་གླ་རྩི་གསུམ། །རེ་རེ་ལ་ཡང་སྔགས་སྟོང་བཟླ། །དེ་ནས་སྐུ་ 331a ༄#། །ཡི་མགུལ་བཏགས་ཏེ། །སྟོང་བཟླས་དྲིལ་ནས་རིལ་བུ་བྱ། །མིག་ནད་སེལ་ན་ཆུ་དང་སྦྱར། །སོ་ནད་ལ་ནི་ཀ་ཀ་རུ། །རྣ་བའི་ནད་ལ་རུ་རྟ་སྟེ། །ུཏྤལ་མུ་ཏིག་མིག་ནད་ལ། །གྲེ་བའི་ནད་ལ་བ་ཤ་ཀ། །གློ་ནད་ལ་ནི་བ་ལི་ཀ། །ཤ་ཀ་ར་ཡི་ཐང་དང་སྦྱར། །རླུང་ནད་ལ་ནི་མར་དང་སྦྱར། ། མཁྲིས་ནད་ལ་ནི་ཏིག་ཏ་དང ། །བད་ཀན་ལ་ནི་ལྒ་དང་སྦྱར། །མཛེ་ནད་ལ་ནི་དུག་མོ་ཉུངས། །མ་ཞུ་བ་ལ་ཁ་རུ་ཚཝ། །སྐྲངས་ནད་རྣམས་ལ་ཐུག་པོ་ཆེ། ། བགེགས་དང་ཡམས་ནད་སེལ་བ་ལ། །གུ་གུལ་དང་བཅས་བདུག་པར་བྱ། །རིལ་བུའི་ཡོན་ཏན་མཐའ་ཡས་ནི། །ནམ་ཡང་བརྗོད་པར་མི་ནུས་སོ། །གུ་གུལ་ལ་ནི་སྟོང་བཟླས་པའི། །རིལ་བུས་བགེགས་ཚོགས་སེལ་བར་བྱེད། །ཀེ་སུ་རྩ་དང་སྒེའུ་གཤེར་དང ། །བ་ལ་ཏ་ཀ་ཚ་བ་གསུམ། །སེར་པོ་མུ་ཟི་ཕྱེ་མ་རྣམས། །སྦྲང་རྩི་དང་བསྲེས་རིལ་བུ་བྱ། །པདྨ་གར་དབང་སྔགས་སྟོང་བཟླས། །ཟོས་པ་ཙམ་གྱིས་ལུས་རྒྱས་ཏེ། །ནད་དང་གདོན་དང་དགྲས་མི་ཚུགས ། འདོད་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཏ་ཀའི་རྩ་བ་བ་རུ་ར། །སྐྱུ་རུ་ར་དང་ཏིལ་ཏི་ལ། །མཉམ་བྱས་སྲིན་བྱའི་ཁྲག་དང་ནི། །རིལ་བུ་བྱས་ནས་མིག་ 331b ལ་བྱུགས། །ཀླུ་དང་ཡི་དྭགས་ཁང་པ་དང ། །ས་འོག་ཐམས་ཅད་མཐོང་བར་ངེས། །བྱིས་པ་ཟླ་བ་གསུམ་པའི་ལྕེ། །ཉིན་གཅིག་སྤོས་ཕོར་ནང་དུ་གཞུག་།གཉིས་པ་ར་འོ་གསུམ་དང་འབྱུང ། །བཞི་པ་རིལ་བུ་ཚིལ་ཆེན་བཙོ། །ལྔ་པ་སྦྲང་རྩིའི་ནང་དུ་སྟེ། །དྲུག་པ་དངུལ་ཆུའི་ནང་དུ་གཞག་།བདུན་པ་རིགས་ངན་ཐོད་པར་ནི། །ཕྱི་ལའི་ཁྲག་གིས་བསྐུས་ལ་གཞག་།བསྐམས་ནས་བྱ་དང་སྤྱང་ཀུའི་ཤ། །ལྷན་ཅིག་རང་གི་ཁར་བཅུག་ན། །དེ་མ་ཐག་ཏུ་མི་སྣང་འགྱུར། །གཞན་ཡང་ཡོན་ཏན་དཔག་ཏུ་མེད། །ལྡོང་རོས་གྱེན་དུ་བཅས་པ་དང ། །ཛཱ་ཏི་ལོ་མ་ས་བོན་བཅས། །རིལ་བུ་སྔགས་སྟོང་བཟླས་པ་ཡི། །བར་སྣང་ལ་ནི་འགྲོ་བར་ངེས། །པནྡུ་མ་དང་ཀི་རཾ་དང ། །མ་ཀ་རི་དང་སུ་མི་ཏཾ། །པྲ་པནྟ་མའི་རིལ་བུ་ནི། །ཉི་ཟླ་གཟས་བཟུང་དུས་སུ་མིད། །ཤེས་རབ་ཕུལ་དུ་འབྱུང་བ་སྟེ། །ཐོས་པ་འཛིན་འགྱུར་སྨོས་ཅི་དགོས། ། གིའུ་ཝཾ་སཝཱ་ཧཱ་ཙ་ནི་དང ། །སྲེ་ཏ་སྦྲང་གི་རིལ་བུ་བྱ། །སྔགས་སྟོང་བཟླས་ནས་ཁར་བཅུག་ན། །འདས་པའི་དོན་རྣམས་ཤེས་པར་འགྱུར། །གིའུ་ཝཾ་སུག་པ་ཕྱེ་མ་དང ། །བ་ར་སཝ་ཏ་ཧ་སུ་རི། །ཱ་ར་ཧུ་རི་སྦྲང་རྩིར་བཅས། །རིལ་བུ་བྱས་ནས་སྔགས་སྟོང་བཟླ། །མིད་པས་མ་འོངས་དོན་རྣམས་ཤེས། །གཞན་ཡང་ནད་འདོན་ 332a ༄#། །བྱེད་པ་ཡི། །རིལ་བུ་ཆེན་པོ་བཤད་པར་བྱ། །རྒྱལ་དང་རྣམ་རྒྱལ་ན་གུ་ལ། །ཀནྡྷ་ན་གུ་ལི་དང་ནི། །རུ་ཎི་ཨ་པ་ཡ་པ་ནི། །ི་པ་ཡ་ན་ཏ་ཀ་ར། །གནྡྷ་ཀ་དང་པྲི་ཡང་ཀུ། །འཁོར་ལོ་ཆེ་དང་འཁོར་ལོ་དང ། །བིཥྞུ་ཀ་ཊི་དེ་བཞིན་དུ། །སོ་མ་ར་ཙ་ཨུན་ན་ཏི། །རེ་རེ་ལ་ཡང་སྔགས་ཕྲེང་དང ། །བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ། །དེ་ནས་བརྡུངས་ཏེ་སྦྲང་དང་བཅས། །བྱིས་པ་ལ་ནི་དཔུང་པར་ཏེ། །བུ་འདོད་མོ་ལ་མགུལ་པར་གདགས། །འདི་བཏགས་པ་ཡི་དེ་མ་ཐག་།འཇིགས་པ་བརྒྱད་དང་ནད་ལས་གྲོལ། །བ་མར་ཤུ་དག་པ་ལྕིར་བཅས། །ལྕགས་ཀྱི་སྣོད་དུ་བཙོས་པ་ཡིས། །རིལ་བུ་ཨ་མྲའི་འབྲས་བུ་ཙམ།། སྔགས་འདི་སྟོང་ཕྲག་བརྒྱད་བརྗོད་དེ། །ཕྱིས་ནི་ཉི་ཤུ་གཅིག་བརྗོད་ནས། །སྔ་བར་མིད་པས་ཤེས་རབ་འཕེལ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ།་བོ་དྷི་སཝཱ་ཧཱ་ཡ། མ་ཧཱ་ཡ་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཤུདྡྷེ་མྲ་ཏཾ། བ་ལ་བཾ་དྷ་ནི་སཝཱ་ཧཱ། སྲོང་དང་ཐོ་རངས་དགེ་སྤྱོད་དང ། །དལ་སྨྲ་གསོང་པོ་དུལ་བག་ཅན། །ཁྲུས་ལ་དགའ་ཞིང་དྲི་བཟང་སྟེན། །སྤྱོད་ལམ་རབ་ཞི་ཁྲོ་བ་མེད། །རྟག་ཏུ་སྔགས་བརྗོད་བརྩེ་སེམས་ཅན། །སྤྱན་རས་གཟིགས་ 332b དབང་ལ་ཆེར་དད། །གདུང་བག་གདོང་ལ་མཆི་མ་ཅན། །ལུང་ཐོབ་བླ་མར་རབ་དགའ་བའི། །སྐྱེས་མཆོག་དེ་ལ་རབ་དག་ཞིང ། །འཇིག་རྟེན་སྐྱོང་གི་ལྷ་རྣམས་དང ། །འབྱུང་པོ་ལ་སོགས་སྨོས་ཅི་དགོས། །རྟག་པར་རང་གི་ཡིད་ལ་ནི། །སྙིང་པོ་གསང་སྔགས་བཅད་པར་བྱ། །ཉེ་བའི་སྙིང་པོ་ལུས་དག་པའི། །ལྷ་ཡང་རང་ལ་ཉེ་བར་བྱེད། །རྩ་བའི་སྔགས་རྣམས་བརྗོད་མང་བ། །ཁྲི་དང་འབུམ་དང་ས་ཡ་དང ། །ས་ཡ་གསུམ་དང་དྲུག་བརྗོད་དེ། །ཁ་ཅིག་ལ་ཡང་བཞི་དང་ནི། །ལྔ་ཙམ་གྱིས་ནི་དེ་གྲུབ་ཡིན། །ལས་ལ་སྦྱར་བ་བདུན་དང་ནི། །བཅུ་བཞི་ཉི་ཤུ་རྩ་གཅིག་དང ། །བརྒྱ་དང་དེ་བཞིན་སྟོང་གིས་རྫོགས། །དེ་མ་ཐག་ཏུ་ཆུ་ཡིན་ཏེ། །ཅུང་ཟད་པ་ནི་མར་གྱིས་བྱ། །བརྟན་པར་འགྱུར་བ་ཀ་ར་སྟེ། །ཆེས་བརྟན་པ་ལ་སྲད་བུ་ཡིན། །སྨན་དང་སྔགས་ཀྱིས་སེལ་བྱེད་དེ། །རིལ་བུས་རིང་དུ་སྐྱོང་བྱེད་ཡིན། །སྔགས་སྒྲུབ་པ་ལ་མི་མོས་པའོ། །མདུན་དུ་རྩོམ་ན་དེ་དག་རྣམས། །དེ་སྐད་གསུངས་པའི་དེ་མ་ཐག་།རྡོ་རྗེ་སྙིང་པོ་ཉི་འོད་དང ། །པད་དཀར་རིན་ཆེན་སྙིང་པོ་དང ། །པད་སྤྱན་གཟིགས་ཀྱི་སྙིང་པོ་དང ། །ཡེ་ཤེས་དབང་ཕྱུག་པད་དབང་ཕྱུག་།བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །རང་ 333a ༄#། །རང་སྡེ་དཔུང་སྡེར་བཅས་པ། །འཁོར་གྱི་དཀྱིལ་འཁོར་ཆེན་པོ་རྣམས། །འཇིག་རྟེན་དབང་ལ་ཆེར་དམིགས་ནས། །མཆོད་པའི་ཚོགས་རྣམས་བཀྲམ་བྱས་ཏེ། །རིན་ཆེན་རིགས་ལས་འཁྲུངས་པ་ཡིན། །མཆོད་པས་ནམ་མཁའ་གཏོས་པར་བཀང ། །རོལ་མོ་དུ་མ་ལྷབ་ལྷུབ་དང ། ། སིལ་སྙན་ལྷ་ཡི་ཚོགས་རྣམས་ཀྱིས། །སྤྲིན་མཛེས་ཚོགས་རྣམས་རབ་འཁྲིགས་ལྟར། །བཀོད་པ་མཐའ་ཡས་བཤམས་བྱས་ཏེ། །དེ་ནས་བྱང་ཆུབ་སེམས་དཔའི་ཚོགས། །མགོན་གྱུར་ཡེ་ཤེས་མངའ་བ་རྣམས། །སྤྱན་རས་གཟིགས་དབང་གསུང་སྙན་ལ། །ཡི་རང་སྐྱེས་ནས་མཚན་ཆེན་བརྗོད། །སྤྱན་རས་གཟིགས་དབང་མཆོག་བརྟན་ཆེ། །འཇིག་རྟེན་དབང་པོ་དབང་ཕྱུག་ཆེ། །པདྨ་སེམས་དཔའ་པད་འབྱུང་ཆེ། །རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །དག་པ་ཆེན་པོ་ཆོས་རྒྱལ་གཙོ། །བློ་གྲོས་ཆེན་པོ་སེམས་དཔའ་ཆེ། །པདྨ་འཆད་དང་པདྨ་དཔལ། །པདྨའི་མགོན་ཁྱོད་ཕྱག་འཚལ་ལོ། །པདྨ་ལས་བྱུང་དམ་པའི་ཡིད། །པདྨ་གསལ་མཛད་དགའ་མཛད་པོ། །པདྨའི་རྡོ་རྗེ་པདྨའི་སྐུ། །ཁྱོད་མཆོག་སྦྱིན་ལ་ཕྱག་འཚལ་ལོ། །སྣང་བ་ཀུན་ཆེན་ཐབས་པོ་ཆེ། །ཆེ་མཉམ་ 333b དགའ་བ་དགོངས་པ་ཆེ། །དཔའ་བོ་ཆེན་པོ་བརྟན་ཆེན་རྒྱལ། །བདེ་བ་ཆེན་པོ་ཁྱོད་ཕྱག་འཚལ། །བསམ་ཆེན་མཁྱེན་ཆེན་ཐེག་ཆེན་པོ། །རྣལ་འབྱོར་ཆེན་པོ་མེས་ཆེན་པོ། །བདེ་སྩོལ་བདེ་མཛད་དགའ་མཛད་ཆེ། །པདྨ་རྒྱས་ཞལ་ཕྱག་འཚལ་ལོ། །ཆོས་མངའ་དོན་མངའ་པདྨ་རྒྱལ། །དག་པ་ཆོས་མངའ་ཆོས་མཆོག་འཛིན། །རྨད་བྱུང་ཆེན་ལྡན་ཆོས་རབ་འཆང ། །ཆོས་ཀྱི་ཚོགས་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་སེམས་དཔའ་མཆོག་སེམས་དཔའ། །རིན་ཆེན་སེམས་དཔའ་ཆོས་སེམས་དཔའ། །དམ་ཚིག་སེམས་དཔའ་ལས་སེམས་དཔའ། །ཀུན་མཁྱེན་སེམས་དཔའ་ཁྱོད་ཕྱག་འཚལ། །འཇིག་རྟེན་དཔའ་བོ་དཔའ་བོ་མཆོག་།རྣམ་པར་གཟིགས་གཙོ་སྐྱོབ་མཛད་ཆེ། །འཇིག་རྟེན་གསལ་མཛད་འཇིག་རྟེན་དོན། །འཇིག་རྟེན་མགོན་ཁྱོད་ཕྱག་འཚལ་ལོ། །འཇིག་རྟེན་ཡི་གེ་ཁ་དོག་ཆེ། །ཡི་གེ་ཆེ་མཚུངས་ཡིག་དྲུག་མཆོག་།ཡི་གེའི་རང་བཞིན་ཡི་གེ་གཟིགས། །ཡི་གེ་འཁོར་ལོ་ཁྱོད་ཕྱག་འཚལ། །པདྨའི་ཕྱག་རྒྱ་པདྨའི་ལག ། ལེགས་སོ་སྦྱིན་མཛད་དབུགས་སྦྱིན་པའོ། །སངས་རྒྱས་ཚོགས་ཏེ་སངས་རྒྱས་ཆོས། །སངས་རྒྱས་ཆེ་ཁྱོད་ཕྱག་འཚལ་ལོ། །ཚད་མེད་ཆེ་སྐུ་སངས་རྒྱས་སྐུ། 334a ༄#། །གཟུགས་བཟང་འཆང་ལྡན་རྡོ་རྗེ་གཟུགས། །གཟི་བརྗིད་ཆེ་མཆོག་ཆོས་སྣང་བ། །སྣད་བར་མཛད་ཁྱོད་ཕྱག་འཚལ་ལོ། །གཙོ་མགོན་རྒྱལ་པོ་པདྨའི་དཔལ། །ཆོས་ཀྱི་དཔལ་མགོན་འདྲེན་མཛད་པ། །ཚངས་པའི་མགོན་ཆེན་ཁྱབ་འཇུག་མགོན། །ཚངས་པའི་སྲས་ཁྱོད་ཕྱག་འཚལ་ལོ། །ཆེར་གསལ་གཙོ་བོ་སྣང་བ་མཆོག་།འོད་ཆེན་མཛད་པ་རང་གསལ་མཛད། །སྣང་བ་ཆེན་པོ་ཀུན་གསལ་མགོན། །སྣང་བ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་ཅན་སྤྱན་པོ་ཆེ། །ཆོས་ཀྱི་སྤྱན་ནི་གཟིགས་པ་ཆེ། །ཏིང་འཛིན་ཆེན་པོ་ཡེ་ཤེས་མཚོ། །རྡོ་རྗེ་སྤྱན་ཁྱོད་ཕྱག་འཚལ་ལོ། ། འདྲེན་པའི་གཙོ་བོ་དབང་སྒྱུར་གཙོ། །མཁས་པ་ཆེན་པོ་སངས་རྒྱས་སྲས། །རྒྱལ་ཐབས་བརྙེས་པ་ཁྱུ་མཆོག་ཆེ། །སངས་རྒྱས་དཔག་མེད་ཕྱག་འཚལ་ལོ། །དྲག་པོ་ཆེན་པོ་རྟུལ་ཆེན་པོ། །ཧ་ལ་ཆེན་པོ་སེངྒེ་སྒྲ། །མགྲིན་སྔོན་གར་གྱི་དབང་ཕྱུག་གཙོ། །ཡེ་ཤེས་གཙུག་ཏོར་ཕྱག་འཚལ་ལོ། །དེ་ལྟར་མིང་བརྒྱ་རྩ་བརྒྱད་གང ། །འཆང་ལ་ནད་མེད་བ་གེགས་མེད་དེ། །དཔལ་འབྱོར་འཇིག་རྟེན་དབང་ཕྱུག་མཐོང ། །ཡང་ཡང་ལྷར་སྐྱེ་མྱ་ངན་འདའ། །དེ་སྐད་ 334b གསུངས་ནས་བློ་ལྡན་རྣམས། །རང་རང་གདན་ལ་རྣམ་པར་འཁོད། །དེ་ཚེ་ཕྱོགས་བཅུ་རྣམ་པར་གཡོས། །བདུད་རིགས་ཐམས་ཅད་མོག་པོར་གྱུར། །དེ་ནས་གཟུངས་ཀྱི་དབང་ཕྱུག་གིས། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །རྟོགས་པའི་ཡེ་ཤེས་ངོ་བོ་ཉིད། །ང་ཡི་མཚན་ཉིད་འདི་གསུངས་སོ། །ཀུན་ཏུ་བཟང་པོ་སྤྱོད་ཚུལ་ཅན། །དཀར་ལམ་བཅུ་པ་རྣམས་སྤྲོ་བ། །སེམས་ཅན་གང་དུ་འདོད་སྦྱོར་བའི། །རིགས་ནི་རིགས་ཆེན་ཐམས་ཅད་པའོ། །ལུས་དག་ཡིད་བཅུ་སྤྱོད་བཅུ་ནི། །རྒྱུན་མི་འཆད་དུ་སྦྱོར་མོད་ཀྱང ། །རགས་པ་ཡི་ནི་གཟུགས་བརྙན་མཐུས། །སྔགས་སྦྱོར་གསང་སྔགས་འཛིན་པ་ཡི། །ལྷ་ལ་གོམས་པ་ལྷ་མཐོང་ངམ། །མངོན་ཤེས་དང་པོ་སེམས་གསལ་བས། །མཁའ་མཉམ་སེམས་ཀྱི་རྫུ་འཕྲུལ་ཆེ། །སེམས་སྣང་རིག་པ་འཛིན་པའི་ས། །མཚན་མ་ཕྲ་མོ་ལ་སོགས་པའི། །མངོན་ཤེས་འཇིག་རྟེན་གསལ་མཐོང་ས། །འཇིག་རྟེན་འདས་པའི་སྙིང་པོ་སྟེ། །བརྟན་པའི་ཡེ་ཤེས་ལས་བྱུང་བའོ། །དམ་ཚིག་སྡོམ་པ་མཁའ་མཉམ་སྤྱོད། །སེམས་དང་སེམས་དཔའ་དབྱེར་མེད་དང ། །ཞི་ལམ་སྒྲོ་སྐུར་ཆད་པ་དང ། །སྡུག་བསྔལ་ཀུན་འབྱུང་འགོག་དང་ལམ། །བཞི་བཞི་ལྷུན་ 335a ༄#། །གྱིས་གྲུབ་པ་དང ། །རྟེན་འབྲེལ་ཟབ་དོན་མངོན་གྱུར་པ། །འཇིག་རྟེན་འདས་པའི་རིགས་ཀུན་མཆོག་།མཚན་མེད་ཏིང་འཛིན་ལ་གནས་ནས། །རྩོལ་བཅས་གཞན་དོན་སྒྲུབ་པ་དང ། །རྩོལ་མེད་ཤུགས་ཀྱིས་བདེ་འབྱུང་དང ། །ངེས་ཚིག་ཆོས་དོན་སྤྲོས་པའི་མཐའ། །རྫུ་འཕྲུལ་དུ་མ་སྤྱོད་ཡུལ་ལ། །རིགས་ཆེན་ཡོངས་སུ་གྲུབ་པའི་ས། །མཁའ་སྤྱོད་ཕུན་སུམ་ཚོགས་ལྡན་ཞིང ། །སེམས་ཀྱི་སྣང་བ་དུ་མར་བསྒྱུར། །དངོས་རྣམས་སྤྲོས་སྤངས་བསྡུ་སྤྱོད་པ། །རིག་འཛིན་ཕྱག་རྒྱ་ཆེན་པོ་ཡིས། །ཆོས་སྐུ་ཀུན་སྣང་ཀུན་ཏུ་འོད། །བདེ་སྐུར་སྣང་བ་པདྨའི་སྤྱན། །ཡི་གེ་འཁོར་ལོ་སྤྲུལ་ཚོགས་ཆེ། ། མཚོན་བྱ་མཚན་ཉིད་རྡོ་རྗེ་འཛིན། །ཟག་མེད་ཡེ་ཤེས་བླ་མའི་ས། །འདུ་འབྲལ་མེད་པའི་བདེ་ཆེན་ས། །དེ་ལྟར་དྲུག་ནི་སངས་རྒྱས་ཀྱི། །ས་ཆེན་བླ་མེད་མཐར་གནས་སོ། །ངོ་བོ་སྤྲོས་མེད་ཆོས་སེམས་པ། །གསང་སྔགས་སྒྲུབ་པའི་རྒྱུ་གཅིག་གོ་།སེམས་ཅན་སེམས་སྙོམས་བྱང་སེམས་འཛིན། །ངེས་པར་སྒྲུབ་པའི་རྒྱུ་གཉིས་སོ། །སེམས་ཅན་མི་གཏོང་ཚུལ་ཁྲིམས་སྲུང ། །སྔགས་དོན་མི་སྤོང་ཉིད་དང་གསུམ། །རང་གི་སྔགས་གྲུབ་གཞན་གྱི་སྔགས། །བར་ 335b མི་གཅོད་དང་འགྲོ་བ་ལ། །བྱམས་པ་སྒྲུབ་དང་སྙིང་རྗེ་སྒྲུབ། །སྒྲུབ་པར་བྱེད་པའི་རྒྱུ་བཞིའོ། །དབེན་པ་སྟེན་དང་འདུ་འཛི་སྤོང ། །ཐོས་པ་བསམ་ཞིང་དེ་དོན་སྤྱོད། །ཕྱི་རོལ་སྔགས་སྤོང་ཞེ་སྡང་སྐྱུང ། །དེ་དག་སྔགས་སྒྲུབ་རྒྱུ་ལྔ་འོ། །དད་པ་འདུན་པ་གསོལ་བ་དང ། །ཕྱི་ནང་སྔགས་ལ་མི་སྤྱོད་དང ། །སྤྲོས་མེད་སྟོན་པའི་གཞུང་འཇུག་དང ། །ཐེག་ཆེན་མདོ་གཞུང་འཛིན་པ་དང ། །སྔགས་གཞུང་ཚོལ་བ་མི་སྐྱོ་དང ། །དགེ་སྤྱོད་བརྩོན་དང་དྲུག་པའོ། །བཟླས་དང་སྦྱིན་སྲེག་མཆོག་གཏོར་བརྩོན། །ཕྱི་རོལ་བཀའ་ཐུབ་གདུང་མེད་དང ། །སྣོད་བཅུད་འོག་མིན་གནས་ལྷ་དང ། །བུ་མོ་ཕ་རོལ་ཕྱིན་ཡུལ་ལྷ། །འགྲོ་བ་མི་སླུ་ཆོས་མི་འབྱེད། །ཐེག་དམན་མི་ལེན་པ་དང་བདུན། །ཉན་ཐོས་རང་རྒྱལ་བློ་ལྡན་དང ། །རིག་འཛིན་རྫུ་འཕྲུལ་ཐེ་ཚོམ་མེད། །ལྷ་དང་བླ་མའི་བསྙེན་བཀུར་དང ། །དབང་བསྐུར་ལུང་ནོད་སྤྲོ་བ་དང ། །སེར་སྣ་མེད་དང་གཏོང་ལ་དགའ། །གསང་བ་དགའ་ཞིང་མི་གཡེང་དང ། །གཟི་བརྗིད་དབང་ཚེའི་ལུས་ཐོབ་དང ། །གྲགས་ཀུན་བློ་ལྡན་བརྒྱད་པོར་བལྟ། །སྐུར་བ་མེད་ཅིང་བདེན་པར་སྨྲ། །བག་ཡོད་ཚུལ་འཆོས་སྤངས་པ་སྟེ། །བརྒྱད་པ་དེ་ཡང་སྒྲུབ་པའི་རྒྱུ། །རྒྱུ་ 336a ༄#། །མེད་འབྲས་བུ་ག་ལ་སྲིད། །གང་ཞིག་ལྕགས་ཀྱུ་བཟུང་བས་གཉིས་རེ་ནས། །ཀླུ་ཕྲུག་འབུམ་ཕྲག་འདྲེན་ལྟར་དགེ་བའི་སེམས། ། ཀུན་སློང་བྱང་ཆུབ་རིན་ཆེན་ཐོབ་མཛད་རྒྱུ། །རྟག་པར་འཆང་ན་གནས་བསྒྱུར་བྱེད་པར་འགྱུར། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །བློ་ལྡན་རྣམས་ལ་བཀའ་སྩལ་པ། །ལེགས་སོ་ལེགས་སོ་སེམས་དཔའ་ཆེ། །གང་དག་དེ་དག་དེ་བཞིན་དུ། །བདེ་འདོད་རྣམ་པར་གཡེང་བ་དང ། །དེས་ནི་སྡུག་བསྔལ་མྱ་ངན་འདས། །གདུང་བ་ཆགས་སྡང་འཁྲུག་པ་དང ། །དེས་ནི་ལོག་པའི་ཆོས་འདིར་ཡང ། །དགེ་སྦྱོང་ལོག་ལྟས་ཚངས་པའི་གདོན། །སྔགས་ལོག་སྤྱོད་བྱེད་རིག་འཛིན་གདོན། །གདུལ་དཀའ་དག་ལ་རྒྱུན་རིང་ངོ ། །སྐྱེ་ངན་འཇིགས་ཕྱིར་བློ་ཟབ་སྤྱོད། །གང་གི་ཁྱིམ་ན་རྒྱུད་འདི་ཡོད། །བྲི་དང་བཀླག་དང་མཆོད་པ་དང ། །རིམ་གྲོ་ཆེད་དུ་གསལ་བྱེད་དང ། །བཀྲ་ཤིས་ཚེ་རིང་དཔལ་འབྱོར་བསྐྱེད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དེ་དང ། རིག་པའི་ལྷ་མོ་དང ། ཁྲོ་བོ་དུ་མ་དང ། ཉན་ཐོས་ཀྱི་ཚོགས་ཐམས་ཅད་ 336b དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། སྦྱོར་བ་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་རྫོགས་སོ།། །།རིག་པའི་འབྱུང་གནས་རིག་པའི་འོད་ཟེར་གྱིས་ཤེས་རབ་པདྨ་རྒྱས་པའི་ཁ་ཚེའི་ཡུལ་བདུད་རྩིའི་འབྱུང་བའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་ཆེན་པོ་སོ་མ་ཤྲཱི་བྷ་བྱ་ཞེས་བྱ་བ་དང ། བོད་ཀྱི་ལོ་ཙཱ་བ་སྐྱུ་ར་དགེ་སློང་ཚུལ་ཁྲིམས་འོད་ཟེར་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། |