rKTs


H642

(e-text produced by ACIP)

see text in transliteration
213b
རྒྱ་གར་སྐད་དུ། སུ་རཱུ་བ་ན་མ་དྷ་ར་ཎི། བོད་སྐད་དུ། སུ་རཱུ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་
214a
༄#། །ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མཿ ་སུ་རཱུ་པཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཾརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏ་དྱ་ཐཱ། ཨོཾ་སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སནྟར་པ་ཡ། སནྟར་པ་ཡ། སརྦ་པྲེ་ཏ་ནཱམ་སཝཱ་ཧཱ། གཟུངས་འདིས་ཆུ་དང་བཅས་པའི་ཟན་ལ་ལན་བདུན་ཡོངས་སུ་བཟླས་ཏེ་ལག་པ་གཡོན་པས་སེ་གོལ་གྱི་སྒྲ་ལན་གསུམ་དུ་བྱས་ནས་ཡི་དྭགས་ཐམས་ཅད་ལ་དབེན་པའི་ས་ཕྱོགས་སུ་སྦྱིན་པར་བྱ་ཞིང ། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། སྐབས་ཚོལ་པ་དང ། གླགས་ལྟ་བ་རྣམས་དེངས་ཤིག་།འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ཡི་དྭགས་རྣམས་ལ་བཟའ་བ་འདི་བདག་གིས་སྦྱིན་པར་བགྱིའོ། །ཞེས་པའོ། །ཟས་མ་ཟོས་པའི་སྔོན་རོལ་ཉིད་དུ་སྦྱིན་པར་བྱའོ། །དེ་ལྟར་ན་ཡི་དྭགས་ཐམས་ཅད་ལ་འབྲས་བྲེ་བོ་ཆེ་རེ་རེའི་བཟའ་བ་སོ་སོར་བྱིན་པར་འགྱུར་རོ། །དེ་ལྟར་བྱས་ན། སྐྱེ་བ་ནས་སྐྱེ་བར་ཡང་ཉམ་ཆུང་བར་མི་འགྱུར་རོ། །དབུལ་པོར་མི་འགྱུར་རོ། །སྟོབས་ཆེ་བ་དང ། མཛེས་པ་དང ། མཐོང་ན་དགའ་བ་དང ། ཕྱུག་ཅིང་ལོངས་སྤྱོད་ཆེ་བར་འགྱུར་རོ། །ཚེ་རིང་ཞིང་ནད་མེད་པ་དང ། མྱུར་དུ་བླ་
214b
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། ། གཟུགས་ལེགས་ཞེས་བྱ་བའི་གཟུངས་རྫོགས་སོ།། །།