rKTs


H641

(e-text produced by ACIP)

see text in transliteration
207b
༄##། །རྒྱ་གར་སྐད་དུ། ཨཱརྱ་སཔྟ་བེ་ཏ་ཌ་ཀ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཕྱི་བཞིན་འབྲང་བའི་
208a
༄#། །དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཡང་ཐབས་ཅིག་གོ་།དེའི་ཚེ་ན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གནོད་པར་བྱ་བའི་ཕྱིར་རོ་ལངས་ཆེན་པོ་བདུན་བཏང་བར་གྱུར་ཏོ། །དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལས་དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་དོ། །དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་ནས་དེ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་དགའ་བོའི་ལུས་ལ་རེག་གོ་།རེག་མ་ཐག་ཏུ་ཀུན་དགའ་བོ་དེ་སྡུག་བསྔལ་མི་བཟོད་པ། དྲག་པ། ཚ་བ། ཤི་ལ་ཐུག་པའི་ཚོར་བ་རྣམས་དང་ལྡན་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། བདག་ནི། སྡུག་བསྔལ་མི་བཟད་པ། དྲག་པ། ཚ་བ། ཤི་ལ་ཐུག་པའི་ཚོར་བ་རྣམས་དང་ལྡན་ནོ། །བཅོམ་ལྡན་འདས་དེ་མ་དགོངས་སོ། །བདག་འདི་ལྟར་ཉམ་ང་བར་གྱུར་ན། དེ་བཞིན་གཤེགས་པས་མ་དགོངས་སོ་སྙམ་མོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐག་མི་རིང་བ་ཞིག་ན་འདུག་པར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོའི་ཉེ་བའི་ཉོན་
208b
མོངས་པ་དེ་ལྟ་བུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོས་ཐོས་སོ། །དེ་ནས་དེ་གཉིས་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ། སྡུག་བསྔལ་མི་བཟད་པ། དྲག་པ། ཚ་བའི་ཚོར་བ་མྱོང་ནས་བདག་ལ་དེ་བཞིན་གཤེགས་པས་མ་དགོངས་སོ་ཞེས་ཅི་དེ་སྐད་སྨྲའམ། དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་ཀུན་དགའ་བོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་།བདག་གི་ལུས་ལ་ཚོར་བ་དང་ལྡན་པ་ནི། དཔེར་ན། སོག་ལེས་མགོ་བོ་གཤེག་པ་ལྟར་ཀུན་དགའ་བོ་ལ་རེག་པ་ཡང་དེ་དང་འདྲའོ། །ཀུན་དགའ་བོ། མ་འཇིགས་ཤིག་།བདག་ཅག་གིས་ཁྱོད་ཁྲིའི་སྟེང་དུ་བཞག་སྟེ། དེ་བཞིན་གཤེགས་པའི་དྲུང་དུ་བཀུར་རོ། །བཅོམ་ལྡན་འདས་དེ་ཁྱོད་ལ་ཡོངས་སུ་སྐྱོབ་པ་མཛད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ཉལ་ཁྲིའི་སྟེང་དུ་བཞག་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་བཞག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཅི་སྡུག་བསྔལ་མི་
209a
༄#། །བཟད་པ། དྲག་པ། ཚ་བའི་ཚོར་བས་ཐེབས་སམ། བཙུན་པ་བཅོམ་ལྡན་འདས། དེ་ལྟ་ལགས་སོ། །ཀུན་དགའ་བོ། ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །ཀུན་དགའ་བོ། ཁྱོད་ལ་རེག་པའི་རོ་ལངས་ཆེན་པོ་སྟོབས་ཆེ་བ། གདུལ་དཀའ་བ། མཐོང་ན་གནོད་པ་བདུན་ཡོད་དེ། བདུན་གང་ཞེ་ན། འདི་ལྟ་སྟེ། ཕྲེང་བ་འཛིན་ཅེས་བྱ་བ་དང ། ནོར་བུ་འཛིན་དང ། གཏུམ་པོ་དང ། གདོལ་པ་དང ། རྨ་བྱའི་སྙིང་དང ། ཚེ་ཟད་དང ། ལ་བ་ཅན་ཏེ། རོ་ལངས་ཆེན་པོ་བདུན་པོ་དེ་དག་ནི་སྟོབས་ཆེ་བ། གདུལ་དཀའ་བ། བསྙེན་པར་དཀའ་བ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བའོ། །ཀུན་དགའ་བོ། རོ་ལངས་རེ་རེས་ཀྱང་འདོད་ན་རྐང་པ་གཡོན་པའི་མཐེ་བོས་རིའི་རྒྱལ་པོ་རི་རབ་ཀྱང་འཕེན་ཏོ། །རིའི་རྒྱལ་པོ་རི་རབ་ཡུངས་འབྲུ་ཙམ་དུ་རྣམ་པར་འཇིག་གོ་།སྟེང་དུ་བལྟས་ནས་འགས་པར་བྱེད་དོ། །ཕྱོགས་སུ་བལྟས་ན་འཆི་བར་འགྱུར་རོ། །ཕྱོགས་མཚམས་སུ་བལྟས་ན་མེས་སྲེག་པར་བྱེད་དོ། །དེ་དག་གིས་ཁྱོད་ལ་རེག་གོ་།དེ་ལྟ་མོད་ཀྱི་དེ་བཞིན་གཤེགས་པའི་མཐུ་དང ། ཆོས་ཐོས་པའི་གུས་པ་དང ། དེ་བཞིན་གཤེགས་པའི་བྱིན་གྱི་
209b
རླབས་ཀྱིས་ད་དུང་དུ་ཁྱོད་ཀྱི་ལུས་འཚོ་བ་ཡིན་ནོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། ལེགས་པར་བསལ་དུ་གསོལ། ཕྱིར་བཟློག་ཏུ་གསོལ། ཕྱག་རྒྱ་བཅིང་དུ་གསོལ། སྐུད་པས་བཅིང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བསྟན་པར་བྱའོ། །ཏདྱ་ཐཱ། ཧ་ར། མ་ཧཱ་གེ་རེ། གྷ་ས་ར་བ་ཏི། དྷ་ར་དྷ་རི། དྷ་ར་ཎི། ཚོ་ར་ཚོ་ར་ཎི། ཀ་རོ་ཏི་ཏི། ས་ཏོ་ཏ་ས་མཱ་དྷི་ཎི། ས་མ་ར་ས་ར་ཎི། ས་ར་ན་ཀོ་ཏ་མ་ཏི། ས་མ་བྷ་བེ། བྷ་བ་ན། ནཱ་ག་རེ། བྷ་དི་ན་ས་དྷ་ནི་ཏི་སཝཱ་ཧཱ། ཀུན་དགའ་བོ། གཟུངས་སྔགས་ཀྱི་ཚིག་འདི་དག་ལན་ལྔ་བཅུ་རྩ་གཉིས་བཟླས་བརྗོད་བྱས་ཏེ་མདུད་པ་ལྔ་བཅུ་རྩ་གཉིས་བོར་ན། བརྗེད་བྱེད་ཐམས་ཅད་དང ། འབྱུང་པོ་ཐམས་ཅད་ཀྱི་སྙིང་ལ་གནོད་པ་བྱས་པར་འགྱུར་རོ། །གདོན་ཐམས་ཅད་ཀྱིས་བྱས་པ་ལས་ཐར་བར་འགྱུར་རོ། ། བཅོམ་ལྡན་འདས། ལེགས་སོ། དེ་ལྟར་མཛོད་ཅིག་།སླར་ཡང་མི་མཆི་བར་མཛད་དུ་གསོལ། ཀུན་དགའ་བོ། དེའི་ཕྱིར་ཉོན་ལ་ལེགས་པར་ཡང་ཟུངས་ཤིག་།ཏདྱ་ཐཱ། བད་ཙ་ལེ་བ་ལེ། མ་ཧཱ་བད་ཙ་ལེ་བ་ལེ། བྷི་ལེ་བྷི་ལེ། མ་ཧཱ་བྷི་རི་ཎི། ནི་མི་རི་ནི། ཧ་ན་ཧ་ན་ཧ་ཏི་རི། མ་ཙ་ཐཱ། མ་བི་ཙ་ར་ཐཱ། སྟི་རི་སྠི་ར་མུ་ལེ། མ་
210a
༄#། །ཐ་ནི་རྨ་ཐ་ནི། ཙ་ལ་ནི། མཱ་ཀ་ནཱི། ཛཾ་བྷ་ནི། པཱི་དཱ་ནི། བ་ཡ་སཝ་ཀྲྀ་ཎྀ། བྷ་ག་བ་ཏི། ཏ་ཐཱ་ག་ཏ། བི་ཏ་ཐེ། ཏི་བེ་གྷ་དྷ་རེ། པ་ར་པྲ་དེ། ཧ་རེ་ཐིཥྛ།་ནཱི་ལཱ་བ་སི་ན་སཝཱ་ཧཱ། ཀུན་དགའ་བོ། རོ་ལངས་འདི་དག་ནི། འཚོག་པ། སྡང་བ། གཏུམ་པོར་གྱུར་པ། གསོད་པར་གྱུར་བའོ། །དེ་ལ་རིག་སྔགས་འདིས་ཀེ་མུ་རུ་ཀའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་མདུད་པ་ཉི་ཤུ་རྩ་གཅིག་པོར་རོ། །དེ་ནས་འབྱུང་པོ་ཆེན་པོ་ཤིན་ཏུ་འཁྲུག་པར་འགྱུར་རོ། །འདིས་ཐམས་ཅད་ཀྱང་སྤང་བར་འགྱུར། འཛེམ་པར་འགྱུར། ཞི་བར་འགྱུར་ཞིང ། འདིས་འབྱུང་པོ་ཐམས་ཅད་ཀྱང་དབང་དུ་འགྱུར། འདིས་འབྱུང་པོ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །ཀུན་དགའ་བོ། ཉོན་ཅིག་དང་བསྟན་པར་བྱའོ། །ཏདྱ་ཐཱ། ད་ར་ད་ར་ད་ར། ཀ་ར་ཀ་ར་ཀ་ར། མ་ཧཱ་ཀཀྐ་ར། ཙ་ར་ཙ་ར། ཙ་ད་ཙ་ར་མ་ཧཱ་ཙ་ད་ཙ་ར། ཧ་ལ་ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཧི་རེ་བི་རེ། ཧི་རི་ཀི་རི། བཻ་རཻ་བི་ཅི་ནི་ཀ་ར་ན་ཀ་རི། སརྦ་བྷཱུ་ཏཱ་ནཱན། པྲ་ཛཾ་བྷ་ནི། ནཱི་ལ་བ་ར་ས་ནི། ཙ་ཙྪུ། ཙ་ཀྲ་ཙ་ཀྲ། ཨཱ་ཡུ་དྷེ་སཝཱ་ཧཱ། ཀུན་དགའ་བོ། འདི་དག་ནི། གནོད་སྦྱིན་ཐམས་ཅད་དང ། སྲིན་པོ་ཐམས་ཅད་དང ། གསང་སྔགས་
210b
ཐམས་ཅད་དང ། ཡི་དྭགས་དང ། བྱད་དང ། སྡིག་པ་རབ་ཏུ་ཞི་བར་བྱེད་པའོ། །རྒྱལ་པོས་བཀྲབས་པ་དང ། ལ་གཅན་པ་ཕྱིར་ཟློག་པར་བྱེད་དོ། །དེ་ལ་རིག་སྔགས་འདི་སྐུད་པ་དམར་པོ་ལ་ལན་སུམ་ཅུ་རྩ་བདུན་བཟླས་བརྗོད་བྱས་ཏེ་མདུད་པ་སུམ་ཅུ་རྩ་བདུན་བོར་ན། ཐམས་ཅད་རེངས་པར་འགྱུར་རོ། །ཀུན་དགའ་བོ། གསང་སྔགས་ཀྱི་ཚིག་འདི་དག་ཟུངས་ཤིག་།ཆོངས་ཤིག་།ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་།རྗེས་སུ་སྦྱོར་བར་གྱིས་ཤིག་།དེ་ལྟ་བས་ན་ཀུན་དགའ་བོ། །ཁྱོད་ཀྱིས་དྲན་པ་དང་ལྡན་པས་གཟུང་བར་བྱའོ། །ཏདྱ་ཐཱ། དྷ་ར་དྷ། དྷ་དྷ་ར། ཁ་ར་ཁ་ར། མ་ཧཱ་ཁཱ་ར། མ་ཧཱ་བ་ལེ། བ་བ་ན་ཤ་ནི། གོ་ད་ཊ། ཀུཊྚ་ནི།་ཀུཊྚ་ནཱི། ས་མ་ཧཱ་རེ། ཀཱུ་ཊ་དཾ་ཥྚེ། ཀ་ཁ་ཁ་རེ། མ་ཀུ་ཊ། དྷ་རེ་ཎི། མུ་ལུ་ཀ་ཀ་།ཀྵ་ཎེ་ཀ་ནཱི་ཀེ་།ས་མེ་སྨྲ་ཤཱ་ནི། ཀི་ནི། གི་རི་ཎི། བྷོ་གི་ས་རེ། སཱ་སཱ་བེ་ཏ་ཌ།་ཀུ་མཱ་ར་ཀ་།ཀྲི་ཏི་སཝཱ་སི། ཀིན་ནི་བ་བུདྡྷ་སི། བི་བུདྷྱ། བི་བུདྷྱ་གྲི་ཧ་ན་བྷྱེ། ཀྲྀ་ཏ་བཻ་ར་བ། བི་ཀྲི་ཏེ་བྷཻ་ར་བ། མ་ཧཱ་བ་ཡེ། ཀྲྀ་ཏོ་ན། ཧ་ར་སི། ཀིན་ན་མཱ་ར་ཡ་སི་ཀི་ན་ནི་སརྦ་དེ་བ། ནཱ་ག་།ཡཀྵ། གནྡྷ་རྦ། ཨ་སུ་ར། སརྦ་ཨ་སུ་ར། སརྦ་བྷ་ཡ་ཤ་མ་ན། མ་ཏ་ས་ར་སཝཱ་ཧཱ། ཀུན་དགའ་བོ། རིག་སྔགས་འདི་སྦྱིན་
211a
༄#། །སྲེག་གམ། སྐུད་པས་བཅིངས་ན། འདོད་པའི་མཐར་གཏོགས་པ་ཐམས་ཅད་འཇིགས་པར་བྱེད། ལྟུང་བར་བྱེད། ཟ་བར་བྱེད་དོ། །ཀུན་དགའ་བོ། རོ་ལངས་ཐམས་ཅད་རེངས་བར་བྱེད་པའི་རིག་སྔགས་ཟུངས་ཤིག་།ཏདྱ་ཐཱ། སེ་མེ་ལེ། མ་ཧཱ་ཧ་ཧ་ལེ། ཧ་ར་དྷ་རེ། གྷོ་ར་དྷ་རེ། དྷ་རིཏྟི། རིཏྟི།་བི་རོཏྟི། ཀུ་ཎཏྟི། ཀུ་ཏ་ནི། སཾ་གོ་ཙ་ནི། ཀ་ཙ་རི། ཁ་ཙ་ར། ཁ་ཙ་རི། མ་ཧ་ཎེ། ཧུ་ཧུ། མ་རེ་ཎ། མ་ཧཱ་མཱ་ལ་དྷ་རེ། ན་ཡོ་ན་མ་ཏི་སཝཱ་ཧཱ། ཀུན་དགའ་བོ། གསང་སྔགས་ཀྱི་ཚིག་འདི་དག་དམོད་པ་དྲག་པོ་དང་མཚུངས་ཤིང་འདྲ་སྟེ། འབྱུང་པོ་ཐམས་ཅད་རྣམ་པར་བཤིག་པའི་ཕྱིར་བལ་གཙང་མའི་སྐུད་པ་ལ་ལན་ཉི་ཤུ་རྩ་བཞིར་བཟླས་བརྗོད་བྱས་ཏེ་མདུད་པ་ཉི་ཤུ་རྩ་བཞི་བོར་ན། ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ཀུན་དགའ་བོ། གསང་སྔགས་ཀྱི་ཚིག་འདི་དག་ཟུངས་ཤིག་།ལེགས་པར་རབ་ཏུ་གཟུང་བར་གྱིས་ཤིག་།ཀུན་དགའ་བོ། གསང་སྔགས་འདི་གང་ཡང་རུང་བས་གཟུང་བར་མི་ནུས་སོ། ། ཀུན་དགའ་བོ། དེ་ལྟ་བས་ན་ལེགས་པར་གཟུང་བར་གྱིས་ཤིག་།ཏདྱ་ཐཱ། ཙ་ཏ་ཙ་ར། མ་ཧཱ་ཙ་ཏ་ཙ་ར། ཙི་རི་ཙི་རི། བུ་རུ་བུ་རུ། མ་ཧཱ་བུ་རུ། སཾ་བྷ་ལེ།
211b
མ་ཧཱ་སཾ་བྷ་ལེ། མ་ཧཱ་བ་ལེ་སཝཱ་ཧཱ། ཀུན་དགའ་བོ། ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང ། བྲམ་ཟེ་དང ། སྐྱེ་རྒུར་བཅས་པའི་འཇིག་རྟེན་ན་གང་ཞིག་གསང་སྔགས་འདི་ལ་མི་སྤྲོ་བ་ནི། ངས་རྗེས་སུ་མ་མཐོང་སྟེ། སྲུང་བ་དང ། རྗེས་སུ་འབྲང་བ་ཡིན་ནོ། །གསང་སྔགས་འདི་ནི། མི་བཟད་པ་སྟེ། སྲེག་པར་བྱེད། འཚེད་པར་བྱེད། འཆིང་བར་བྱེད། འཇོམས་པར་བྱེད། འབར་བར་བྱེད་པ་ཡིན་ཏེ། རིག་སྔགས་ལན་དྲུག་ཅུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་མདུད་པ་དྲུག་ཅུ་རྩ་གཅིག་བོར་ན། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད། རིག་སྔགས་གཅོད་པར་བྱེད། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལེགས་སོ། །ལེགས་པར་བཟུང་ལགས་སོ། །མདུད་པ་བོར་དུ་གསོལ། ཕྱག་རྒྱ་གཞག་པར་མཛད་དུ་གསོལ། ཀུན་དགའ་བོ། དེའི་ཕྱིར། ཏདྱ་ཐཱ། བྷ་བྷ་རེ། བྷ་རེ། བྷ་ར་ཎི་ཧ་རེ། པྲ་ཧ་རེ། ཧ་ར་ཎི། ཀུ་ཐ་ནི་ཏ་ཌི། ལེད་ཚད་ད་ཏི། ཚངས་པས་བྱས་པའི་རིག་སྔགས་བཅད་དོ། །དབང་ཕྱུག་ཆེན་མོས་བྱས་པའི་རིག་སྔགས་བཅད་དོ། །ཁྱབ་འཇུག་གིས་བྱས་པའི་རིག་སྔགས་བཅད་དོ། །བརྒྱ་བྱིན་གྱིས་
212a
༄#། །བྱས་པའི་རིག་སྔགས་བཅད་དོ། །རྒྱལ་པོ་ཆེན་པོ་བཞིས་བྱས་པའི་རིག་སྔགས་བཅད་དོ། །གནོད་སྦྱིན་གྱི་སྡེ་དཔོན་གྱིས་བྱས་པའི་རིག་སྔགས་བཅད་དོ། །ཟླ་བ་དང་ཉི་མས་བྱས་པའི་རིག་སྔགས་བཅད་དོ། །གཟའ་དང་ཉི་མས་བྱས་པའི་རིག་སྔགས་བཅད་དོ། །གཟའ་དང་རྒྱུ་སྐར་གྱིས་བྱས་པའི་རིག་སྔགས་བཅད་དོ། །ཕྱོགས་ནས་བྱས་པའི་རིག་སྔགས་བཅད་དོ། །ཕྱོགས་མཚམས་ནས་བྱས་པའི་རིག་སྔགས་བཅད་དོ། །སྟེང་ནས་བྱས་པ་དང་འོག་ནས་བྱས་པའི་རིག་སྔགས་བཅད་དོ། །ལྷས་བྱས་པའི་རིག་སྔགས་བཅད་དོ། །ཀླུས་བྱས་པའི་རིག་སྔགས་བཅད་དོ། །གནོད་སྦྱིན་གྱི་བྱས་པ་དང ། ནམ་མཁའ་ལྡིང་གིས་བྱས་པའི་རིག་སྔགས་བཅད་དོ། །གྲུལ་བུམ་གྱིས་བྱས་པ་དང ། ཚོར་བ་པོས་བྱས་པ་དང ། དགེ་སྦྱོང་དང ། བྲམ་ཟེ་དང ། རྒྱལ་རིགས་དང ། རྗེའུ་རིགས་དང ། དམངས་རིགས་དང ། སྐྱེས་པ་དང ། བུད་མེད་དང ། གདོལ་པས་བྱས་པ་དང ། ཀླ་ཀློ་དང ། རི་ཁྲོད་པས་བྱས་པ་དང།་སེངྒེ་དང ། སྤྲུལ་གྱིས་བྱས་པ་དང ། འགྲོ་ལྡིང་བའི་ཡིད་ཀྱིས་བྱས་པ་དང ། གཡུང་པོས་བྱས་པ་དང ། ཏོང་ས་ལ་པས་བྱས་པ་དང ། མུ་ད་ག་རི་
212b
ཁྲོད་པས་བྱས་པ་དང ། སེམས་ཅན་ཐམས་ཅད་རིག་སྔགས་འཆང་པས་བྱས་པའི་རིག་སྔགས་བཅད་དོ། །ཏདྱ་ཐཱ། ག་ག་གཱ་ར་ལི་ཕུ། མ་ཧཱ་ག་ག་གཱ་རི་ལ་ཕུ། བི་ཤེ་ཕུ།་ཤ་པ་ར་སིངྡྷེ་ཕུ། ཙཎྜ་ལི་ཕུ། མ་ཧཱ་ཙཎྜ་ལི་ཕུ། ཙོ་གི་ཕུ། ཙི་མི་རེ་ཕུ། ཙི་ཙི་མི་རེ་ཕུ། ཙ་ཀྲེ་ཕུ། ཙཀྲ་དྷ་རེ་ཕུ། ཀྲྀཥྞ་ཕུ། ཀྲྀཥྞ་ཕུ། ཀྲྀཥྞ་རུ་པེ་ཕུ། ཙཎྜེ་ཕུ། སོ་གེ་ཕུ།་པཉྩ་པྲ་ལི་ཕུ། པཉྩ་ལེ་ཕུ། བྷི་མི་ཕུ། བྷི་པཱ་པ་ལེ་ཕུ། བིཾ་ག་ལེ་ཕུ། པིཾ་ག་ལ་ཨཀྵེ་ཕུ། ཨཱ་ནནྡེ་ཕུ། ས་མནྟེ་ཕུ། ནཱ་ཤ་ནི་ཕུ། ཙྪེ་ད་ནི་ཕུ། བི་ཙྪེ་ད་ནི་ཕུ་སཝཱ་ཧཱ།་ཀྲི་ས་ནི། བཀྵ་ནི། མཱ་ར་ནི། པནད་ནི། པིན་དྱ་ནན། བཀྵ་ཎི། ནཱ་ཤ་ནི། ཁཱ་ད་དྱ་ཀ་ནན། གཱ་ལ་བྷི་ན་ཤ་ནི། དཱ་ཧཱ་མ་སི། བྷསྨ། བྷསྨ་ནི། མ་ས་ནི། བནྡྷ་ནི་སཝཱ་ཧཱ། ཀུན་དགའ་བོ། ཉི་མ་འཆར་བའི་ཚེ་རོ་ལངས་ཆེན་པོ་གནོད་བྱེད་ཅེས་བྱ་བ་ཞིག་ཡོད་དེ། དེ་སྟོན་གྱི་དུས་ཀྱི་ཚེ་ཉི་མའི་འོད་ཟེར་གྱི་རྗེས་སུ་ཞུགས་ནས་གང་འོད་ཟེར་དེ་དག་གིས་གང་ལ་རེག་པ་འོད་ཟེར་གྱི་དྲ་བས་རེག་ནས་རིམས་སུ་འགྱུར་ཏེ། དེ་ཡང་བཅད་དོ། །ཀུན་དགའ་བོ། རོ་ལངས་ཁ་གཅིག་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ཡང་འདི་ཉིད་ཀྱི་ནང་དུ་བསྡུ་བར་བྱའོ། །ཀླུའི་རྒྱལ་པོ་ས་འཛིན་ཅེས་བྱ་བ་ཡང་འདི་ཉིད་ཀྱི་ནང་དུ་བསྡུ་བར་བྱའོ། །ཀླུ་ཐམས་ཅད་དང །
213a
༄#། །གྲུལ་བུམ་ཐམས་ཅད་དང ། ཡི་དྭགས་དང ། ཤ་ཟ་ཐམས་ཅད་ཀྱང་འདི་ཉིད་ཀྱི་ནང་དུ་བསྡུས། ནམ་མཁའ་ལྡིང་ཡང་འདི་ཉིད་ཀྱི་ནང་དུ་བསྡུས། ནོར་འཛིན་ཡང་འདི་ཉིད་ཀྱི་ནང་དུ་བསྡུས། རླུང་ལྷ་ཡང་འདི་ཉིད་ཀྱི་ནང་དུ་བསྡུས། སྒྱུ་མ་ལེན་གྱི་བུ་པ་ར་པ་ཌི་ཤེས་རུད་དྲོ་ཡང་འདི་ཉིད་ཀྱི་ནང་དུ་བསྡུས། ཕུང་པོ་འཛིན་དང ། མདུང་ཐུང་འཛིན་ཀྱང་དེ་བཞིན་དུ་བསྡུས། དེ་བཞིན་དུ་བློན་པོ་དང་བཅས་པ་དང ། འཁོར་དང་བཅས་པ་ཡང་འདི་ཉིད་ཀྱི་ནང་དུ་བསྡུས་སོ། །ཀུན་ནས་དཔག་ཚད་བརྒྱ་དག་ཏུ། །ང་ཡིས་ཆད་པ་དག་བྱས་པས། །ང་ལ་འབྱུང་པོས་བྱར་ཅི་ཡོད། །ང་ཡིས་སྡང་བ་ཐམས་ཅད་བཅོམ། །གསོད་པར་གྱུར་པ་སྟོབས་པོ་ཆེ། །རོ་ལངས་དག་གིས་བྱར་ཅི་ཡོད། །དེ་དག་ཀྱང་ནི་ངའི་ཞགས་པས། །ཀུན་ནས་ཡོངས་སུ་བསྐོར་བ་ཡིན། །ཞགས་པ་ཀུན་གྱིས་དེ་དག་ཀྱང ། །རྨུགས་ཤིང་ཤིན་ཏུ་རྨོངས་པར་བྱས། །འདི་ཡིས་བདག་གིས་ཀུན་འགྲུབ་ཅིང ། །གསང་སྔགས་ཚིག་རྣམས་གྲུབ་གྱུར་ཅིག་།ན་མཿ ་སིངྡྷ་ནཱན། སིདྡྷྱནྟུ་མནྟྲ་པཱ་དཱ་སཝ་སྟིར་མེ་སརྦ་སཏྭ་ནཉྩ་སཝཱ་ཧཱ། སངས་རྒྱས་ཀུན་གྱི་སྟོབས་གང་དང ། །དགྲ་བཅོམ་རྣམས་ཀྱི་སྟོབས་གང་དང ། །དམ་པའི་ཆོས་ཀྱི་གཟི་བརྗིད་ཀྱིས། །བདེ་
213b
ལེགས་སུ་ནི་རབ་གྱུར་ཅིག་།འཕགས་པ་སངས་རྒྱས་ཀྱི་གཟི་ཡིས། །རྟག་ཏུ་འཇིགས་པ་ཐམས་ཅད་ལ་སཝཱ་ཧཱ། ཆོ་ག་ནི། ལན་དྲུག་ཅུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་ཀེ་མེ་རུ་དང ། བལ་གཙང་མ་ལ་སོགས་པའི་སྐུད་པ་དམར་པོ་ལ་མདུད་པ་བོར་རོ། །དེ་བཞིན་དུ་བྱ་བ་ཡང་བྱའོ། །འབྱུང་པོ་ཐམས་ཅད་དང ། བརྗེད་བྱེད་དང ། སེམས་རྣམ་པར་གཡེང་བྱེད་ལ་སོགས་པ་དང ། དུག་བྱིན་པ་དང ། དུག་བྱས་པ་དང ། རྐང་གཉིས་པ་དང ། རྐང་བཞི་པ་རྣམས་ལ་ཀུན་ཏུ་འགྲོ་བ་གྲུབ་པའི་མཆོག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང ། བནྡྷེ་ཡེ་ཤེས་སྙིང་པོའི་སྡེས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིཾ་ཧ་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།