rKTs


H631

(e-text produced by ACIP)

see text in transliteration
173a
རྒྱ་གར་སྐད་དུ། གྲ་ཧ་མཱ་ཏྲི་ཀ་ནཱ་མ་དྷ་ར་ཎཱི། བོད་སྐད་དུ།་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ན་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བདུད་དང ། ཉི་མ་དང ། ཟླ་བ་དང ། མིག་དམར་དང ། པ་བ་སངས་དང ། ཕུར་བུ་དང ། གཟའ་ལྷག་པ་དང ། སྤེན་པ་དང ། སྒྲ་གཅན་དང ། མཇུག་རིང་དང ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་ཏེ་མང་པོ་རྣམས་ཀྱིས་བསྟོད་ཅིང ། རྡོ་རྗེ་ཆེན་པོའི་དམ་ཚིག་གི་བྱིན་གྱི་རླབས་ཀྱིས་བརྒྱན་པའི་སེངྒེའི་ཁྲི་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་དུ་མ་དང་ཐབས་ཅིག་
173b
སྟེ།་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང ། བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་རྡོ་རྗེ་གཏུམ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྡེ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཞུ་ཅན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བདག་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་རྒྱན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་འོད་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གཟིགས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དཔལ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་ཏོག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞལ་རས་རྒྱས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་སྙིང་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་སྤྱན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་སེམས་
174a
༄#། །དཔའ་ཆེན་པོ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱིས་བསྐོར་ཅིང་མདུན་དུ་བལྟས་པ་ལ་ཆོས་སྟོན་ཏེ།་བཀོད་པ་ཆེན་པོ་རྒྱན་གྱི་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ།་མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཆོས་སྟོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་འཁོར་དེ་དག་ལ་བལྟས་ཏེ་ལངས་ནས་བདག་གི་རྫུ་འཕྲུལ་གྱི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས་སྤྱན་སྔར་འདུག་སྟེ་སྙེམས་པ་དང་བཅས་པའི་སྐྱིལ་མོ་ཀྲུང་ལེགས་པར་བཅས་ནས་འཁོར་དེ་དག་ལ་འགྱིང་བག་ཏུ་བལྟས་ཏེ་རྡོ་རྗེ་ཐལ་མོ་རང་གི་སྙིང་གར་བཞག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གཟའ་མི་བཟད་པའི་གཟུགས་ཅན། དྲག་ཤུལ་གྱི་སེམས་དང་ལྡན་པ། ཁྲོ་བའི་གཟུགས་ཅན་དག་སེམས་ཅན་རྣམས་ལ་འཚེ་བར་བགྱིད། མཐོ་འཚམ་པར་བགྱིད། མདངས་ཀྱང་འཕྲོག་པར་བགྱིད། ཁ་ཅིག་ནི། ནོར་རྫས་འཕྲོག་།ཁ་ཅིག་ནི། སྲོག་འཕྲོག་
174b
པར་བགྱིད་ཅིང ། སེམས་ཅན་ཚེ་རིང་པོ་རྣམས་ནི། ཚེ་ཐུང་བར་བགྱིད་པ་སྟེ། དེ་ལྟར་སེམས་ཅན་ཐམས་ཅད་ལ་གནོད་པས་འཚེ་བར་བགྱིད་པ་དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་ཐམས་ཅད་སྲུང་བར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་གང་ཡང་ཁྱོད་ཀྱིས་སྙིང་རྗེ་བསྐྱེད་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བའི་ཕྱིར་གསང་ཆེན་པས་ཀྱང་ཆེས་གསང་བ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་དེ་ནི། ལེགས་སོ་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། གཟའ་མི་བཟད་པའི་གཟུགས་ཅན། ཤིན་ཏུ་ཁྲོ་བ་ཤིན་ཏུ་འཇིགས་པར་བྱེད་པ་རྣམས་ཀྱི་མཆོད་པ་དང ། མཆོད་ཡོན་དང ། བཟླས་བརྗོད་བཟང་པོ་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ། །དེ་དག་མཆོད་པས་མཆོད་འགྱུར་ཞིང ། །གནོད་པར་བྱེད་པ་གནོད་བྱེད་པས། །གཟའ་དེ་ཀུན་གྱི་ཁ་དོག་དང ། །ཇི་ལྟར་དགའ་བར་འགྱུར་བ་དང ། །ལྷ་རྣམས་དང་ནི་ལྷ་མིན་དང ། །མི་འམ་ཅིའམ་ཀླུ་དག་དང ། །གནོད་སྦྱིན་རྣམས་དང་སྲིན་པོ་དང ། །མི་རྣམས་དང་ནི་སྲུལ་པོ་དང ། །དྲག་པོ་གཟི་བརྗིད་ཆེན་པོ་དག་།ཁྲོས་པ་ཞི་
175a
༄#། །བར་བྱེད་པ་དེའི། །གསང་སྔགས་དང་ནི་མཆོད་པ་དག་།རིམ་པ་བཞིན་དུ་བཤད་པར་བྱ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཐུགས་ཀ་ནས་སྙིང་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་འོད་ཟེར་བཀྱེ་སྟེ་གཟའ་རྣམས་ཀྱི་སྤྱི་བོར་ཞུགས་སོ། །དེ་ནས་དེའི་མོད་དེ་ལ་ཉི་མ་ལ་སོགས་པ་གཟའ་ཐམས་ཅད་ལངས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལྷ་རྫས་ཀྱི་མཆོད་པ་རྣམས་ཀྱིས་མཆོད་པར་བྱས་ཏེ་ཕྱག་འཚལ་ནས་པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་སྨན་ཡོན་བཏགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་བདག་ཅག་རྣམས་ལ་སོགས་པས་ཆོས་སྨྲ་བ་རྣམས་སྲུང་བར་འགྱུར་བ་དང ། ཡོངས་སུ་བསྐྱང་བ་དང ། བདེ་ལེགས་སུ་འགྱུར་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་གསད་པ་དང ། མཚམས་གཅད་པ་དང ། ས་བཅིང་པ་རྣམས་བགྱིད་པར་འགྱུར་
175b
བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་མཆོད་པ་དང ། གསང་སྔགས་བཀའ་སྩལ་པ། ཨོཾ་མེ་གྷོལྐཱ་ཡ་སཝཱཧཱ། ཨོཾ་ཤཱི་ཏཱཾ་ཤ་བེ་སཝཱཧཱ། ཨོཾ་རཀྟཱཾ་ག་ཀུ་མཱ་རཱ་ཡ་སཝཱཧཱ། ཨོཾ་བུདྡྷཱ་ཡ་སཝཱཧཱ། ཨོཾ་བྷོ་གཱ་སྦ་དཱ་ཡ་སཝཱཧཱ། ཨོཾ་ཨ་སུ་རོཏྟ་མཱ་ཡ་སཝཱཧཱ། ཨོཾ་ཀྲྀཥྞ་བརྞ་ཡ་སཝཱཧཱ། ཨོཾ་ཨ་མྲྀ་ཏ་པྲ་ཡཱ་ཡ་སཝཱཧཱ། ཨོཾ་ཛྱོ་ཏེ་ཤྐེ་བེ་སཝཱཧཱ། ལག་ན་རྡོ་རྗེ། འདི་དག་ནི། གཟའ་དགུའི་གསང་སྔགས་ཀྱི་སྙིང་པོ་བཀླགས་པས་འགྲུབ་པ་ཡིན་ཏེ། ཁ་དོག་དང་མཐུན་པའི་སྤོས་ཀྱི་དཀྱིལ་འཁོར་སོར་བཅུ་གཉིས་བྱས་པའི་དབུས་སུ་མཆོད་པར་བྱའོ། །ཁམ་པའམ། ཟངས་ལ་སོགས་པའམ། གསེར་རམ། དངུལ་གྱི་སྣོད་དུ་མཆོད་ཡོན་ཕུལ་བས། རེ་རེ་ལ་ཡང་བཟླས་བརྗོད་བརྒྱ་རྩ་བརྒྱད་དོ། །ལག་ན་རྡོ་རྗེ། དེའི་འོག་ཏུ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་ལན་བདུན་བརྗོད་པར་བྱའོ། །དེས་ནི། གཟའ་ཐམས་ཅད་སྲུང་བ་བྱེད་པར་འགྱུར་རོ། །དབུལ་བའི་གདོན་ཐམས་ཅད་ལས་ཐར་པར་འགྱུར་རོ། །ཚེ་ཟད་པ་ལས་ཚེ་རིང་བར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་
176a
༄#། །མ་དང ། གཞན་ཡང་སེམས་ཅན་གྱི་རིགས་གང་ཡིན་པ་དང ། གང་དག་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ལག་ན་རྡོ་རྗེ། གཟའ་རྣམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མཆོད་པ་བྱས་ཏེ་ཉིན་གཅིག་བཞིན་དུ་ཀྲོག་པར་བྱེད་པའི་ཆོས་སྨྲ་བ་གང་ཡིན་པ་དེ་ལ་གཟའ་ཐམས་ཅད་བདག་ཉིད་ཀུན་གྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་དང་རིགས་གཅིག་པ་རྣམས་ཀྱི་དབུལ་བ་ཡང་སེལ་བར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས་བཀའ་སྩལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །པདྨ་འཆང་ལ་ཕྱག་འཚལ་ལོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཟའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སྐར་རྣམས་ལ་ཕྱག་འཚལ་ལོ། །གཟའི་ཁྱིམ་བཅུ་གཉིས་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བུདྡྷེ་བུདྡྷེ། བཛྲེ་བཛྲེ། པདྨེ་པདྨེ། ས་ར་ས་ར། སཝ་ས་ར། སཝ་ས་ར། སྨ་ར་སྨ་ར། བི་ཀྲི་ཊ། བི་ཀྲི་ཌ། མཱ་ར། མཱ་ར། མརད་མརྡ། གྷཱ་ཏ་ཡ། གྷཱ་ཏ་
176b
ཡ།་སརྦ་བིགྷྣཱན། ཀུ་རུ་ཀུ་རུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཀཥཱ་པ་ཡ་ཀྵཱ་པ་ཡ། ཤཱནྟེ། དཱནྟེ། དཱ་པ་ཡེ། བཅོམ་ལྡན་འདས་མ། བདག་ཉིད་མྱུར་དུ་བསྟན་དུ་གསོལ། བཅོམ་ལྡན་འདས། སྒྱུ་འཕྲུལ་ཆེན་པོ་རྣམས་འདུལ་དུ་གསོལ། བདག་གི་སྡིག་པ་རྣམས་པར་སྐམ་དུ་གསོལ། ཙཎྜི། སུ་མུ་སུ་མུ། མུ་ཙུ་མུ་ཙུ། བྷ་བ་བྷ་བེ། ཨུ་གྲེ། རཱུ་པེ། པཱུ་ར་ཡ་པཱུ་ར་ཡ། མ་མ་སརྦ་སཏྭནཱཉྩ་མ་ནོ་ར་ཐི། སརྦ་ཏ་ཐཱ་ག་ཏ། ཨ་དྷིཥྛི་ཏ་ས་མ་ཡེ་སཝཱཧཱ། ཨོཾ་སཝཱཧཱ། བྲུཾཿ ་སཝཱཧཱ།་ཧྲཱིཿ ་སཝཱཧཱཿ ་དྷུ་སཝཱཧཱ། དྷི་སཝཱཧཱ། པདྨ་དྷ་རཱ་ཡ་སཝཱཧཱ། ཨ་དི་ཏྱ་ཡ་སཝཱཧཱ། སཽ་མཱ་ཡ་སཝཱཧཱ། དྷཱ་ར་ཎཱི་སུ་ཏཱ་ཡ་སཝཱཧཱ། བུདྡྷཱ་ཡ་སཝཱཧཱ། བྲི་ཧ་སྤ་ཏཱ་ཡ་སཝཱཧཱ། ཤུ་ཀྲཱ་ཡ་སཝཱཧཱ། ཀྲྀཥྞཱ་བརྞཱ་ཡ་སཝཱཧཱ། རཱ་ཧ་བེ་སཝཱཧཱ། ཀེ་ཏ་བེ་སཝཱཧཱ། བུདྡྷཱ་ཡ་སཝཱཧཱ། བཛྲ་དྷ་རཱ་ཡ་སཝཱཧཱ། པདྨ་དྷ་རཱ་ཡ་སཝཱཧཱ། ཀུ་མཱ་རཱ་ཡ་སཝཱཧཱ། ནཀྵ་ཏྲ་ཎཱན་སཝཱཧཱ། དྭཱ་ད་ཤ་རཱ་ཤཱི་ནཱ་སཝཱཧཱ། སརྦ་ཨུ་པ་དྲ་པཱ་ནི་སཝཱཧཱ། ཨོཾ་སརྦ་བི་དྷྱེ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ཕྱག་ན་རྡོ་རྗེ། འདི་ནི། གཟའ་རྣམས་ཀྱིས་ཡུམ་ཞེས་བྱ་བའི་གཟུངས་སྔགས་ཀྱི་ཚིག་འདི་དག་སྟོན་ཟླ་ཐ་ཆུང་གི་ཡར་ངོ་ཚེས་བདུན་ནས་བརྩམས་ཏེ་གསོ་སྦྱོང་དང་ལྡན་པར་བྱས་ནས་ཚེས་བཅུ་བཞིའི་བར་དུ་གཟའ་རྣམས་ལ་མཆོད་པ་བྱས་ཏེ་
177a
༄#། །གཟུང་བར་བྱའོ། །དེ་ནས་ཟླ་བ་ཉ་བའི་ཉིན་མཚན་ཐོག་ཐག་བཀླགས་ན། དེ་ལ་ལོ་དགུའི་བར་དུ་འཆི་བའི་འཇིགས་པ་མེད་པར་འགྱུར་རོ། །གཟའི་འཇིགས་པ་དང ། སྐར་མདའི་ལྟུང་བ་དང ། ཟླ་བ་དང ། རྒྱུ་སྐར་གྱི་གནོད་པས་འཇིགས་པར་མི་འགྱུར་རོ། །ཚེ་རབས་དྲན་པར་འགྱུར། གཟའ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར། གཟའ་ཐམས་ཅད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་གཟའ་རྣམས་ཀྱིས་ཕྱག་འཚལ་ཏེ་ལེགས་སོ་ལེགས་སོ། །ཞེས་གསོལ་ནས་མི་སྣང་བར་གྱུར་ཏོ། །གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།