rKTs


H626

(e-text produced by ACIP)

see text in transliteration
147b
རྒྱ་གར་སྐད་དུ། ཨཱ་རྱ་མ་ཧཱ་མེ་གྷ་པཱ་ཏ་མཎྜ་ལ་སརྦ་ནཱ་ག་ཧྲྀ་ད་ཡཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་
148a
༄#། །འདས་རྒྱ་མཚོ་ཆེན་པོ་ན་ནོར་བུ་རིན་པོ་ཆེའི་རྩེ་མོ་ཅན་གྱི་ཁང་པ་བརྩེགས་པ་ན་ཀླུ་སྟོང་དུ་ཚང་བའི་ཀླུ་ཚོགས་ཆེན་པོ། ཀླུ་ཐམས་ཅད་ཀྱང་རྫུ་འཕྲུལ་ཆེ་ཞིང ། ཀླུའི་རྒྱལ་པོ་འཁོར་ཆེན་པོ་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང ། ཀླུའི་རྒྱལ་པོ་ཉེ་དགའ་བོ་དང ། ཀླུའི་རྒྱལ་པོ་ཡང་དག་སྤྲུལ་དང ། ཀླུའི་རྒྱལ་པོ་གློག་ཕྲེང་ཅན་དང ། ཀླུའི་རྒྱལ་པོ་གཟི་ཅན་དང ། ཀླུའི་རྒྱལ་པོ་གཟི་ཅན་ཆེན་པོ་དང ། ཀླུའི་རྒྱལ་པོ་བཏང་བཟུང་དང ། ཀླུའི་རྒྱལ་པོ་དུང་དང ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་དང ། ཀླུའི་རྒྱལ་པོ་མཚམས་བཟང་དང ། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་དང ། ཀླུའི་རྒྱལ་པོ་གློག་འབྱུང་དང ། ཀླུའི་རྒྱལ་པོ་སྣང་ལྡན་གཙུག་ཕུད་ཅན་དང ། ཀླུའི་རྒྱལ་པོ་སྤྲིན་ཆེན་རྣམ་པར་འཕྲུལ་དང ། ཀླུའི་རྒྱལ་པོ་སྤྲིན་ཆེན་རྒྱས་བྱེད་དང ། ཀླུའི་རྒྱལ་པོ་འབྲུག་སྒྲོག་དང ། ཀླུའི་རྒྱལ་པོ་ཆར་འབྱུང་དང ། ཀླུའི་རྒྱལ་པོ་སྐར་མདའ་གཏོང་དང ། ཀླུའི་རྒྱལ་པོ་དུས་མིན་སྒྲོག་དང ། ཀླུའི་རྒྱལ་པོ་འབྲུག་སྐད་དང ། ཀླུའི་རྒྱལ་པོ་གློག་རབ་ཏུ་གཏོང་བ་དང ། ཀླུའི་རྒྱལ་པོ་ས་འཛིན་དང ། ཀླུའི་རྒྱལ་པོ་སོག་མ་མེད་དང ། ཀླུའི་
148b
རྒྱལ་པོ་ལེགས་མཐོང་དང ། ཀླུའི་རྒྱལ་པོ་རྣམ་པར་སྣང་དང ། ཀླུའི་རྒྱལ་པོ་འབྲུག་ཆེན་སྒྲོག་དང ། ཀླུའི་རྒྱལ་པོ་འོད་ཆེན་ལམ་དང ། ཀླུའི་རྒྱལ་པོ་དཔལ་གྱི་གཟི་བརྗིད་དང ། ཀླུའི་རྒྱལ་པོ་མཐའ་ཡས་དང ། ཀླུའི་རྒྱལ་པོ་མདོངས་བུ་དང ། ཀླུའི་རྒྱལ་པོ་དཔལ་འཛིན་དང ། ཀླུའི་རྒྱལ་པོ་རྔ་སྒྲ་དང ། ཀླུའི་རྒྱལ་པོ་རྔ་སྒྲ་རྣམ་པར་སྒྲོག་པའི་སྐད་དང ། ཀླུའི་རྒྱལ་པོ་ཟླ་བ་དང ། ཀླུའི་རྒྱལ་པོ་འདྲེན་བྱེད་དང ། ཀླུའི་རྒྱལ་པོ་དཔལ་མགྲིན་དང ། ཀླུའི་རྒྱལ་པོ་དཔལ་བཟང་དང ། ཀླུའི་རྒྱལ་པོ་ཤ་ཤོ་སྒྲ་ཆེན་དང ། ཀླུའི་རྒྱལ་པོ་དིང་དིང་སྒྲ་དང ། ཀླུའི་རྒྱལ་པོ་རབ་འཇོམས་དང ། ཀླུའི་རྒྱལ་པོ་ཆ་ར་འབྱུང་དང ། ཀླུའི་རྒྱལ་པོ་རླུང་ཆེན་རྣམ་པར་འཕྲུལ་དང ། ཀླུའི་རྒྱལ་པོ་རླུང་རབ་ཏུ་གཏོང་དང ། ཀླུའི་རྒྱལ་པོ་འཇོག་པོ་དང ། ཀླུའི་རྒྱལ་པོ་དཔལ་ལྡན་དང ། ཀླུའི་རྒྱལ་པོ་སྨད་དཀྲིས་བཟང་དང ། ཀླུའི་རྒྱལ་པོ་བཀྲ་ཤིས་དང ། ཀླུའི་རྒྱལ་པོ་སྤྲིན་རྒྱས་དང ། ཀླུའི་རྒྱལ་པོ་སྤྲིན་གྱིས་དགའ་བྱེད་དང ། ཀླུའི་རྒྱལ་པོ་སྤྲིན་གྱིས་འགེབས་པའི་རིགས་དང ། ཀླུའི་རྒྱལ་པོ་ལེགས་པར་འགེབས་དང ། ཀླུའི་རྒྱལ་པོ་རྣམ་པར་རྩེ་དང ། ཀླུའི་རྒྱལ་པོ་ནིར་རྒྱས་ཀྱི་བུ་དང ། ཀླུའི་རྒྱལ་པོ་མ་དྲོས་པ་དང ། ཀླུའི་རྒྱལ་པོ་དོ་བཟང་དང ། ཀླུའི་རྒྱལ་
149a
༄#། །པོ་མཐོང་དགའ་དང ། ཀླུའི་རྒྱལ་པོ་དོན་ཡོད་དགའ་དང ། ཀླུའི་རྒྱལ་པོ་སྤྲིན་གྱི་དཀྱིལ་འཁོར་གྱིས་ལེགས་པར་འགེབས་དང ། ཀླུའི་རྒྱལ་པོ་གཞན་གྱིས་མི་ཐུབ་དང ། ཀླུའི་རྒྱལ་པོ་སྤྲིན་ལས་ཆུ་འབྱིན་དང ། ཀླུའི་རྒྱལ་པོ་བདེ་མཐོང་དང ། ཀླུའི་རྒྱལ་པོ་རླུང་འབྱུང་དང ། ཀླུའི་རྒྱལ་པོ་རླུང་འཁྲུག་པར་བྱེད་པ་དང ། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་དང ། ཀླུའི་རྒྱལ་པོ་ཆེན་པོ་དེ་དག་དང ། གཞན་ཡང་ཀླུའི་རྒྱལ་པོ་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱང་ཀླུའི་རྫུ་འཕྲུལ་ཆེན་པོ་དང ། ཀླུའི་རྣམ་པར་འཕྲུལ་པ་ཆེན་པོས་ནམ་མཁའ་ལ་དི་རི་དི་རི་སྒྲོག་ཅིང་རྫི་ཆར་ཆེན་པོ་རབ་ཏུ་འབེབས་ཏེ་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བ་དང ། ཆོས་ཉན་པའི་ཕྱིར་ལྷགས་སོ། །ཀྱེ་ཀླུ་ཆེན་པོ་དང ། ཀླུ་དག་ཚུར་ཤེག་།མུ་ལུ་མུ་ལུ། ཙ་ཏ་ཙ་ཏ། པ་ཊ་པ་ཊ། མ་ཊ་མ་ཊ་སཝཱ་ཧཱ། གློག་འབར་བ་རབ་ཏུ་ཕྱུང་ཞིང་རྫི་ཆེན་པོའི་རྒྱུན་ཐོང་ལ་ཆར་ཕོབ་ཅིག་།ཀྱེ་ཀྱེ་ཀླུ་ཆེན་པོ་དག་།སངས་རྒྱས་ཀྱི་བདེན་པ་དང ། ཆོས་ཀྱི་བདེན་པ་དང ། དགེ་འདུན་གྱི་བདེན་པ་དྲན་པར་གྱིས་ཤིག་།ཀྱེ་ཀླུ་ཆེན་པོ་དག་ཚུར་ཤེག་ཚུར་ཤེག་།འཛམ་བུའི་
149b
གླིང་དུ་ཆར་རབ་ཏུ་ཕོབ་ཅིག་།གྷུ་ཌཱུ་གྷུ་ཌུ། མུ་ཌུ་མུ་ཌུ། ཧི་ཧི་ཧི་ཧི་ཧི། ཙུ་ཌ་ཙུ་ཌ། མཧཱ་ནཱ་གཱ་ཧྲི་ད་ཡ། སརྦ་ནཱ་གཱ་ནཱ། ཨཱ་ཀཱ་ཌྜྷྱ་སྙྩོ་ད་ཡེ། ཤཱི་གྷྲཱནྡ་ར་སཝཱ་ཧཱ། སྤྲིན་ཆེ་ན་པོ་རྣམ་པར་འཕྲུལ་པའི་རྒྱན་བཀོད་པ་དག་གསེར་རྣམས་ཀྱི་མཐའ་རིན་པོ་ཆེ་ཐམས་ཅད་ཀྱི་ཚོན་གྱི་ལྡ་ལྡི་མཛེས་པ། མུ་ཏིག་གི་རྒྱན་ཕྲེང་རབ་ཏུ་འཕྱད་བ། རྒྱ་མཚོ་ཆེན་པོའི་སྤྲིན་དག་དང ། ལྷའི་རིན་པོ་ཆེས་མཛེས་པར་བྱས་པའི་གཞལ་མེད་ཁང་མེ་ཏོག་རབ་ཏུ་འཕྱང་བ་རྒྱ་མཚོ་ཆེན་པོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་རློབས་ལ་རིན་པོ་ཆེའི་སྤྲིན་རབ་ཏུ་ཕྱང་ཞིང ། །ལྷའི་རས་བཅོམ་བུ་མང་པོ་མུ་ཏིག་གི་རྒྱན་ཕྲེང་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཟབ་མོ་སྣ་ཚོགས་ཀྱིས་བྱིན་གྱི་རླབས་ཀྱིས་སྒྲ་སྒྲོག་པ་རྒྱ་མཚོའི་སྤྲིན་དག་དང ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་ཡང་དག་པར་སྟོན་པའི་རིན་པོ་ཆེ་བཀོད་པ་ཆེན་པོའི་རྒྱ་མཚོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ་སྤྲིན་ཆེན་པོ་རྣམ་པར་འཕྲུལ་པའི་སྒྲ་སྒྲོག་པ་རྒྱ་མཚོའི་སྤྲིན་དག་དང ། རིན་པོ་ཆེ་སྣ་ཚོགས་ཀྱི་ལྷའི་བླ་རེའི་དྲིལ་བུའི་སྒྲ་སྙམ་པར་སྒྲོག་པ་རྒྱ་
150a
༄#། །མཚོའི་སྤྲིན་རྣམས་དང ། བྱའི་ཚོགས་ཐམས་ཅད་སྐད་འབྱིན་ཅིང་མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་འབེབས་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང ། རྒྱ་མཚོ་སྤྲིན་ཆེན་པོ་སྒྲ་ཆེར་སྒྲོག་ཅིང་ལྷའི་རིན་པོ་ཆེ་རབ་ཏུ་འཕྱང་ལ། མུ་ཏིག་གི་ལྔ་ལྡི་རྣམ་པ་སྣ་ཚོགས་རབ་ཏུ་འཕྱང་བ་རྒྱ་མཚོའི་སྤྲིན་དག་དང ། གསེར་སྐུད་ཀྱིས་བརྒྱན་པའི་སྣང་བ་ཆེན་པོ་ཅན་གྱི་རྩེ་མོས་ནམ་མཁའི་ཀུན་ཏུ་ཁེབས་པར་བྱེད་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བའི་འོད་ཀྱི་དཀྱིལ་འཁོར་གྱིས་ནམ་མཁའ་ཀུན་ཏུ་ཁེབས་པར་བྱེད་པ་ལ་མཁས་པ་རྒྱ་མཚོའི་སྤྲིན་དག་དང ། སྣང་བ་དང་ལྡན་པའི་རྒྱ་མཚོ་ཆེན་པོའི་སྒྲས་ཀུན་ཏུ་ཁེབས་པའི་རྒྱ་ཆེན་པོའི་སྤྲིན་དག་གིས་ནམ་མཁའ་མངོན་པར་ཁེབས་པར་གྱིས་ཤིག་།ཀླུ་དང་ཀླུའི་རྒྱལ་པོ་ཐམས་ཅད་ཚུར་ཤེག་།སའི་སྟེང་འདིར་འབྲུག་སྒྲ་སྒྲོག་ཅིང་ཆར་ཕོབ་ཅིག་།ཆར་རབ་ཏུ་ཕོབ་ཅིག་།ཆར་ཀུན་ཏུ་རབ་ཏུ་ཕོབ་ཅིག་།དི་རི་རིར་སྒྲོགས་ཤིག་།གློག་ཆེན་པོ་སྣང་བ་རབ་ཏུ་ཕྱུང་ཞིག་།འདུ་ཤིང་ཀུན་ཏུ་འདུ་ལ་ཏོག་ཡར་དར་དིར་ཞིང་འདུག་སྟེ་ཀླུའི་སྐད་ད་ཆེན་པོ་ཡིད་དུ་འོང་པའི་སྒྲ་ཆེན་པོ་འབྱིན་
150b
ཅིང་དབྱངས་ཆེན་པོ་རབ་ཏུ་སྒྲོག་པ་དག་འཛམ་བུའི་གླིང་དུ་ཆར་རབ་ཏུ་ཕོབ་ཅིག་།གྷ་ཌ་གྷ་ཌ། གྷི་ཌི་གྷི་ཌི། ཧུ་ཌུ་ཧུ་ཌུ། གྷུ་ཌུ་གྷུ་ཌུ། ག་ཊ་ག་ཊ། གྷི་ཊི་གྷི་ཊི། མ་ཊ་མ་ཊ། ཙ་ཊ་ཙ་ཊ། ཀྱེ་ཀྱེ་ཀླུ་དང་ཀླུ་ཆེན་པོ་དག་ཚུར་ཚུར། ཚུར་ཤེག་།ཚུར་ཤེག་།དྷུ་དྷུ་དྷུ་དྷུ། ཧཱ་ཧཱ་ཧཱ་ཧཱ། ཧཱི་ཧཱི། ཧཱུཾ་ཧཱུཾ། འབྲུག་སྒྲ་ཆེན་པོ་སྒྲོག་ཅིང་རླུང་ཆེན་པོ་རབ་ཏུ་གཏོང་བ་དག་སངས་རྒྱས་ཀྱི་བདེན་པས་འཛམ་བུ་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱ་ཧཱ། ཀྱེ་ཀྱེ་ཀླུ་དང་ཀླུའི་རྒྱལ་པོ་དག་།ཀླུ་ཐམས་ཅད་ལ་ཡང་དག་པར་བསྐུལ་གྱི། འཛམ་བུའི་གླིང་དུ་ཆར་ཕོབ་ཅིག་།ཧཱུ་ཊུ་གྷུ་ཌུ། ཕཊ་ཕཊ། ཧཱ་ཧཱ། ཧེ་ཧེ། ཀླུ་ཆེན་པོ་དག་འདུས་ཤིག་།སའི་སྟེང་དུ་ཆར་རབ་ཏུ་ཕོབ་ཅིག་།གྷུ་ཌུ་གྷུ་ཌུ། ཀི་རི་ཀི་རི། ཙི་རི་ཙི་རི། མི་རི་མི་རི། དི་རི་དི་རི། ཀི་ལི་ཀི་ལི། ཞིང་ཐམས་ཅད་ཡོངས་སུ་དག་པར་བགྱིས་ཤིག་འབྲུ་དང ། ཤིང་ལྗོན་པ་དང ། རྩཝ་དང ། ཤིང་གེལ་བ་དང ། སྨན་ཐམས་ཅད་རབ་ཏུ་སྐྱེ་བར་གྱིས་ཤིག་།བྱམས་པའི་སེམས་ཀྱིས་ཚུར་ཤེག་།སངས་རྒྱས་ཀྱི་བདེན་པ་དང ། ཆོས་ཀྱི་བདེན་པ་དང ། དགེ་འདུན་གྱི་བདེན་པ་དང ། ལག་ན་རྡོ་རྗེའི་བདེན་པ་དང ། ཀླུ་ཐམས་ཅད་ཀྱི་བདེན་པས་ཀླུ་ཆེན་པོ་དག་ཚུར་ཤེག་
151a
༄#། །ཚུར་ཤེག་སཝཱཧཱ། ཀླུའི་རྒྱལ་པོ་མདོངས་བུ་ལ་ཡང་དག་པར་བསྐུལ་ལོ། །སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་དཔལ་གྱིས་གཟི་བརྗིད་ལ་ཡང་དག་པར་བསྐུལ་ལོ། །ཆོས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་མཐའ་ཡས་ལ་ཡང་དག་པར་བསྐུལ་ལོ། །དགེ་འདུན་གྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཡང་དག་པར་བསྐུལ་ལོ། །ལག་ན་རྡོ་རྗེའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་འཇོག་པོ་ལ་ཡང་དག་པར་བསྐུལ་ལོ། །ཚངས་པའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་དཔལ་མགྲིན་ལ་ཡང་དག་པར་བསྐུལ་ལོ། །དབང་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་ས་སྲུང་གི་བུ་ལ་ཡང་དག་པར་བསྐུལ་ལོ། །ཁྱབ་འཇུག་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་ཕྲེང་བ་ཅན་ལ་ཡང་དག་པར་བསྐུལ་ལོ། །དྲག་པོའི་བདེན་
151b
པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་གཟི་ཅན་ལ་ཡང་དག་པར་བསྐུལ་ལོ། །དྲང་སྲོང་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་སྐྲག་འབྲོས་བྱེད་ལ་ཡང་དག་པར་བསྐུལ་ལོ། །ལྷའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་གཟི་ཅན་ཆེན་པོ་ལ་ཡང་དག་པར་བསྐུལ་ལོ། །ཀླུ་ཐམས་ཅད་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་རབ་འཇོམས་ལ་ཡང་དག་པར་བསྐུལ་ལོ། །གནོད་སྦྱིན་གྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུའི་རྒྱལ་པོ་མ་དྲོས་པ་ལ་ཡང་དག་པར་བསྐུལ་ལོ། །སྲིན་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སཝཱཧཱ། ཀླུ་གོང་མ་ཐམས་ཅད་ཀྱི་བདེན་པས་ཆར་རབ་ཏུ་ཕོབ་ཅིག་ཆར་ཕོག་ཅིག་།མ་འཕྱི་བར་ཚུར་ཤེག་ཚུར་ཤེག་།ཀྱེ་ཀྱེ་ཀླུ་ཆེན་པོ་དག་།ཀླུ་ཐམས་ཅད་ཀྱི་སྙིང་པོ་ལ་ཡང་དག་པར་བསྐུལ་ལོ། །ཀུན་ནས་དྲང་ངོ ། །ས་ར་ས་ར། ཧཱ་ཧཱ། དྷུ་མ་དྷུ་མ། ཧཱ་ཧཱ་ཧཱ། ཧི་ཧི་ཧི་ཧི། ཨེ་ཧྱེ་ཧི། ཐ་ཐ་ཐ། ཅ་ཙ་ཙ་ར་ཏ། ཞིང་ཐམས་ཅད་ཀུན་གང་བར་གྱིས་ཤིག་།འབྲུ་ཐམས་ཅད་ཀྱི་ཆར་ཕོབ་ཅིག་།རླུང་ཆེན་
152a
༄#། །པོ་རབ་ཏུ་ཐོང་ཞིག་།དྲུཾ་དྲུཾ། གྷུཾ་གྷུཾ། པཱུཾ་པཱུཾ། ཊ་ཊ་ཊ། ནི་པཱ་ར་ཎི། སྟཾ་བྷ་ནི། མོ་ཧཱ་ནི། ཛཱཾ་གུ་ལི། པཱུ་ཀྐ་སི། པྲ་ཧཱ་ཎེ། མ་ཏཾ་གི་།ཛ་ཡེ་བི་ཛ་ཡེ། ཧཱ་ཧཱ་སཝཱཧཱ། དེ་བཞིན་གཤེགས་པ་སྤྲིན་ཆེན་སྙིང་པོ་དཔལ་གྱི་གཟི་བརྗིད་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་རབ་འཇོམས་དང ། དེ་བཞིན་གཤེགས་པ་སྤྲིན་འབྱུང་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་སྙིང་པོ་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་ཀུན་ཏུ་འགེབས་དང ། དེ་བཞིན་གཤེགས་པ་འབྲུག་ཆེན་སྒྲོག་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་རྒྱས་མཛད་དང ། དེ་བཞིན་གཤེགས་པ་འབྲུག་ཆེན་རྣམ་པར་སྒྲོག་པའི་སྒྲའི་རྒྱལ་པོ་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་འཇིགས་མཛད་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་སྲུང་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་རྔ་སྒྲ་དང ། དེ་བཞིན་གཤེགས་པ་འབྲུག་ཆེན་སྒྲ་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་དཔལ་གྱི་གཟི་བརྗིད་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་དབྱངས་སྙན་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་སྐར་མའི་རྒྱལ་པོ་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་ཚུབ་མའི་རྒྱལ་པོ་དང ། དེ་བཞིན་
152b
གཤེགས་པ་སྤྲིན་ཆེན་ཤིན་ཏུ་བརྟན་པའི་རྒྱལ་པོ་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་སྤྲིན་བརྟན་པས་དགའ་པར་མཛད་པ་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་འུར་འུར་སྒྲ་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་འཇིགས་པས་འཇིགས་མཛད་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་ཐོག་ཏོག་རབ་འབེབས་དང ། དེ་བཞིན་གཤེགས་པ་སྤྲིན་ཆེན་རྣམ་པར་འཕྲུལ་པའི་རྒྱལ་པོ་དང ། དེ་བཞིན་གཤེགས་པ་སྤྲིན་བཀྲ་ཤིས་ཀྱི་ཆེད་དང ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་ཕྱིར་དེ་བཞིན་གཤེགས་པ་སྤྲིན་ཆེན་པོ་སྤྲིན་ཆེན་སྙིང་པོ་ཐམས་ཅད་ལ་ཡང་དག་པར་བསྐུལ་ལོ། །ཀླུ་ཐམས་ཅད་ཀྱི་བདེན་པས་ཀླུ་ཐམས་ཅད་ཀྱི་སྙིང་པོ་ལ་ཡང་དག་པར་བསྐུལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་ལུང་གིས་མྱུར་དུ་ཤེག་ཤེག་།ཀྱེ་ཀྱེ་ཀླུ་དང ། ཀླུ་ཆེན་པོ་དག་ཚུར་ཤེག་ཚུར་ཤེག་།ཧུ་ལུ་ཧུ་ལུ། སུ་རུ་སུ་རུ། དྷ་བ་དྷ་བ། གྷ་ར་གྷ་ར། བྷུ་རུ་བྷུ་རུ། མ་འཕྱི་བར་སངས་རྒྱས་ཀྱི་བདེན་པས་ཚུར་ཤེག་།ཆོས་ཀྱི་བདེན་པས་ཚུར་ཤེག་།དགེ་འདུན་གྱི་བདེན་པས་ཚུར་ཤེག་།ཀླུ་ཐམས་ཅད་དང ། ཀླུ་ཆེན་པོ་གོང་མ་གོང་མ་དག་གི་བདེན་པས་འཛམ་བུ་གླིང་འདིར་ཆར་ཕོབ་ཅིག་། ལ་ལ་ཞེས་གར་བྱེད་ཅིང ། ་ལ་ལ་ཞེས་གླུ་ལེན་པ་དང ། ་ལ་ལ་ཞེས་
153a
༄#། །ཀླུའི་རྣམ་པར་འཕྲུལ་པ་ཆེན་པོ་བྱེད་ཅིང་འདུལ་ཆར་གྱི་རྒྱུན་ཆེན་པོ་འབེབས་ཤིང ། ཀླུ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་སྒྲ་ཡིད་དུ་འོང་བ་སྟོན་པ་དག་།གུ་ལུ་གུ་ལུ། ནཱ་གེ་ནཱ་གེ་།ཙ་ཊ་ཙ་ཊ། ནཱ་ག་ནཱི། ཧཱ་ཧཱ། ཧི་ཧི་ནཱ་ག་ནཱ་གི་ནི་ནཱ་གེ་།སརྦ་ནཱ་གེ་བིཥྚ་མ་བྷ་ནི། མ་ར་ཎི། སརྦ་ནཱ་ག་བིཥྚ་མ་བྷ་ན།་མ་ར་ཎི་མ་རེ་ཏ་ར་ཎི་ཏ་ར་ཎི། ཏ་རེ། ཏ་ར་ཏ་ར། ཏ་རེ། ཀ་བི་ལ་ཀེ་ཤི་།བི་ཀྲྀ་ཏ་དཾ་ཥྚི། བྷ་ཡཱ་ནཱ་གེ་།ཱ་ཀ་ཌྜྷྱ་ཨཱ་ཀ་ཌྜྷྱ། མཱ་བི་ལ་མྦ་ཐ། བི་དྱུ་ད་རེ།་གྷོ་ར་རཱུ་བི་ཎི། ཀཱ་ལེ། ཨ་ཀཱ་ལེ། གརྫི་ཏེ། སརྦ་མེ་གྷ་བི་གུ་རྦ་ཎི། སཉྩོ་ད་ནི། སརྦ་ཀྵེ་ཏྲ་ན། ཨ་བཱུ་ར་ཎི་ཙ་ཀྲ། ཙཀྲ་བརྟ། ཧི་རི་ཧི་རི། བྷེ་གེ་བྷེ་གེ་།སྨ་ར་སྨ་ར། ཀའཱ་ལི་ཀཱ་ལི། མ་ཧཱ་ཀཱ་ལི། ཧྲྀ་ད་ཡཾ། པྲ་བི་ཤ་།ཥྚེ། མ་ཏྟེ། སརྦ་ནཱ་གཱ། ཨཱ་ཀ་ཪྵ་ཎི། བཱུ་ར་ཡ་བཱུ་ར་ཡ། ཧཱུཾ་ཧཱུཾ། རཏྣ་ཏྲ་ཡ།་བི་ཀུ་རྦི་ཏེ། བཛྲི་ཎི། བཛྲེ་བཛྲ་པའ་ཎི། ཀཱ་ལ་ཤོ་དྷི་རེ། ནཱ་ག་རཱུ་པི་ནི། སུ་རཱུ་བི། བྷོ་གི་བྷོ་གི་།མ་ཧཱ་བྷོ་གི་།མ་ཧཱ་བྷོ་གི་།མ་ཧཱ་བྷོ་གི། བྷོ་ག་ཪྵུ་པ་ཏ་ཡ། བ་ལེ་བཪྵ་ཎི།་སརྦ་ནཱ་ག་།སཉྩོ་ད་ནི་སཝཱཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པའ་ཎ་ཡེ། བནྡྷ་བནྡྷ། སུ་རུའུ་བི། ཀཱ་ལ་རཱུ་བི་ཎི་སཝཱཧཱ། ཆོས་སྨྲ་བས་ཐོག་
153b
མ་ཁོ་ནར་སྲུང་བའི་ཆོས་ག་བྱས་ལ་ཆོས་གོས་ཀྱི་གྲཝར་ལན་བདུན་བཟླས་བརྗོད་བྱས་ཏེ་མདུད་པ་བོར་ནས་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་འདི་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་རྒྱུན་མ་ཆད་པར་བཀླག་པར་བྱའོ། །ཤར་ཕྱོགས་སུ་ནི། བ་ལང་གི་ལྕི་བས་ཀླུའི་རྒྱལ་པོ་མགོ་གསུམ་པ་ཞེས་བྱ་བ་འཁོར་དང་བཅས་ཏེ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི། ཀླུའི་རྒྱལ་པོ་རབ་ཏུ་རྒྱས་བྱེད་ཅེས་བྱ་བ་མགོ་ལྔ་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ། །ནུབ་ཕྱོགས་སུ་ནི།་ཀླུའི་རྒྱལ་པོ་སྣང་ལྡན་གཙུག་ཕུད་ཅན་ཞེས་བྱ་བ་མགོ་བདུན་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ། །བྱང་ཕྱོགས་སུ་ནི། ཀླུའི་རྒྱལ་པོ་སྤྲིན་སྐུལ་ཞེས་བྱ་བ་མགོ་དགུ་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ། །བླ་རེ་དང ། གོས་སྔོན་པོ་དང ། རྒྱལ་མཚན་སྔོན་པོ་དང ། ལྷ་བཤོས་ཐམས་ཅད་ཀྱང་སྔོན་པོར་བྱའོ། ། ཀླུ་ཐམས་ཅད་གནད་ལ་དབབ་པ་ནི། མངར་གསུམ་གྱིས་བྱའོ། །མངར་གསུམ་གྱིས་དགང་བླུགས་བདུན་ཡང་ཀླུའི་སྙིང་པོས་སྦྱིན་སྲེག་བྱའོ། །སྤྲིན་གྱི་རྒྱལ་པོ་རྣམས་ཀྱང་བྲིས་ཏེ་ཆར་གྱི་རྒྱུན་འབེབས་ལ་ཕན་ཚུན་ཐུག་ཅིང་མཐར་གློག་འགྱུར་བར་བྱའོ། །འདིར་དབབ་པ་ནི། འཁུར་བ་བཀྲ་ཤིས་ལྡན་དང ། བེན་ཙེ་དང །
154a
༄#། །ཤ་དང ། ཉ་ཤ་དང ། སྦྲང་རྩི་ལས་བྱས་པའི་ཟས་མཆོག་རྒྱས་པར་བྱའོ། །དེ་ནས་ཆོས་སྨྲ་བ་གཙང་ཞིང་གོས་གཙང་མ་བགོས་པས་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་བཀླག་པར་བྱའོ། །དེ་ནས་ཀླུ་རྣམས་དང་པོའི་ཉིན་མོ་ནས་བརྩམས་ཏེ་དི་རི་རིར་སྒྲ་སྒྲོག་པར་བྱེད་ཅིང ། སྒྲ་ཡིད་དུ་འོང་བ་དག་འབྱིན་པར་འགྱུར་ཏེ། ལེའུ་འདི་ལ་ཐེ་ཚོམ་དང་བརྙས་པར་མི་བྱའོ། །གལ་ཏེ་རྒྱ་མཚོ་དུས་ཚོང་ལས་ཡོལ་ན། འདི་ཡང་ཆར་ལས་ཡོལ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་སྒྲ་སྒྲོག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གདལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་བསྒྲགས་ལ་
154b
ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་ཀུན་ཏུ་སྟོན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་འཛག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་རྣམ་པར་རྒྱས་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་ཡན་ལག་མཛེས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་ལྟ་བུའི་ན་བཟའ་མནབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་འབྲུག་སྐྲུན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་འཐོར་ལ་ཕྱག་
155a
༄#། །འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་འཛིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱིས་བྱིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོས་པའི་སངས་རྒྱས་འབྲུག་སྒྲ་རྣམ་པར་སྒྲོག་ལ་ཕྱག་འཚལ་ལོ། །བཅོམ་ལ་ ་འདས་དེ་བཞིན་གཤེས་པ་དགྲ་བཅོམ་པ་ཡང་དག་པར་རྡེཟོགྶ་པའི་སངས་རྒྱས་སྤྲིན་གྱི་ཆུ་བ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲ་ཅོམ་པ་ཡང་དག་པར་རྫོས་པའི་སངས་རྒྱས་སྤྲིན་སྡུད་ལ་ཕྱག་འཚེལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
155b
པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་ངེས་པར་སྒྲོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག་།འབྱུང་པོ་ཐམས་ཅད་ལ་བྱམས་པར་གྱུར་ཅིག་།དུད་འགྲེར་གྱུར་པ་ཐམས་ཅད་འཇིགས་པ་མེད་པར་གྱུར་ཅིག་།ངན་འགྲོ་ཐམས་ཅད་ཞི་བར་གྱུར་ཅིག་།སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་ག་།སངས་རྒྱས་ཐམས་ཅད་ཀྱིས་གཟིགས་པའི་ཆོ་ག་འདི་གྲུབ་པར་གྱུར་ཅིག་།ཏདྱ་ཐཱ། སྤུཌ། སྤུ་ཌ་སྤུ་ཌ། སྤུ་ཊ་སྤུ་ཊ། སྤུ་ཊ་སཝཱཧཱ། ཆར་མི་འབབ་པའི་ཚེ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་གིས་མགོ་བཀྲུས་ཏེ་གོས་གཙང་མ་བགོས་ལ་བྱམས་པའི་སེམས་དང་ལྡན་པས། དེ་བཞིན་གཤེགས་པའི་མཚན་འདི་དག་ཡི་གེར་བྲིས་ནས་གདན་གཙང་མ་ལ་བཞག་སྟེ་པོག་ཕོར་བདུན་གྱི་ནམ་མཁའ་ལ་གྱེན་དུ་འདུག་ཅིང ། དེ་བཞིན་གཤེགས་པའི་མཚན་རྣམས་ལན་ལྔ་བཅུའི་བར་དུ་བརྗོད་ལ་མཆོད་པ་ཆེན་པོ་བྱས་ཏེ་ཞག་བདུན་གྱི་པར་དུ་རྒྱུན་མ་ཆད་པར་བྱས་ན། ཆར་འབབ་པར་འགྱུར་
156a
༄#། །རོ། །འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང ། སུ་རེནྡྲ་པོ་དྷི་དང ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།