། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ།་འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་ཁང་བུ་བརྩེགས་པ་ན་ 2a ༄#། །བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་འཁོར་འདུས་པ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང ། ནམ་མཁའི་སྙིང་པོ་དང ། སའི་སྙིང་པོ་དང ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང ། འཇམ་དཔལ་དང ། སྤྱན་རས་གཟིགས་དབང་ཕྱུག་དང ། ལག་ན་རྡོ་རྗེ་དང ། བྱམས་པ་ལ་སོགས་པ་ས་བཅུ་པ་འབའ་ཞིག་དང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་ 2b པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཛམ་བུའི་གླིང་འདི་ན་གནས་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ཤ་ཟ་མ་རུངས་པ་དག་གིས་མི་ནད་དང ། ཕྱུགས་ནད་དང ། ཡམས་ནད་དང ། རྣམ་པར་འཚེ་བ་དང ། དུས་མ་ཡིན་པའི་འཆི་བ་དང ། སྡང་བ་དང ། རྨི་ལམ་ངན་པ་དང ། དུས་མ་ཡིན་པའི་རླུང་དང ། སེར་བ་དང ། ས་གཡོས་པ་ལ་སོགས་པ་བྱུང་སྟེ། དེ་དག་ཞི་བར་མཛད་དུ་གསོལ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཅང་མི་གསུང་བར་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། 3a ༄#། །སྐུའི་བ་སྤུའི་ཁུང་བུ་ནས་འོད་ཟེར་མེ་ལྕེ་རབ་ཏུ་འབར་བ་བྱུང་སྟེ། འདོད་པ་དང ། གཟུགས་དང ། གཟུགས་མེད་པ་ལ་ཐུག་པ་མེ་ལྕེ་འབར་བ་གཅིག་ཏུ་གྱུར་ཏོ། །དེའི་ཚེ་ཉི་མ་དང་ཟླ་བ་ལ་སོགས་པའི་འོད་ཀྱང་ལྷམ་མེ་དང ། ལྷན་ནེ་དང ། ལྷང་ངེ་མ་ཡིན་ཏེ། ལྷ་རྣམས་ཀྱི་འོད་ཀྱང་ལྷམ་མེ་དང ། ལྷན་ནེ་དང ། ལྷང་ངེ་མ་ཡིན་ནོ། །ཀླུ་དང ། གནོད་སྦྱིན་དང ། ཤ་ཟ་ལ་སོགས་པ་རྣམས་ནི། རླུང་དྲག་པོས་བདས་པའི་ཤིང་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་མཉམ་པའི་ཕྱག་རྒྱ་བཤིག་ནས་ཞབས་ཀྱི་པུས་མོ་ས་ལ་བརྡབས་ 3b པས་ཐུགས་ཀྱི་བདག་ཉིད་ཀྱི་བརྟན་པའི་སྐུ་ཅན་གྱི་ཁྲོ་བོ་ཞབས་བརྐྱང་བསྐུམ་དུ་བཞུགས་པ་དག་བྱུང་སྟེ། ཐབས་ལས་བྱུང་བའི་ཁྲོ་བའི་སྤྲུལ་པ་དཔག་ཏུ་མེད་པ་དང་བཅས་ནས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པའོ། །འོད་ཀྱི་དཀྱིལ་འཁོར་དག་ན་བཞུགས་པ་ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་དང ། དྲག་པོ་ཆེན་པོ་བཞི་པོ་དག་ཧ་ཧཱུཾ་ཧྲི་ཞེས་བྱ་བས་སྐྲག་པར་བྱེད་པ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། སེར་སྣ་དག་འཇོམས་པ། ཀླུ་དང ། གནོད་སྦྱིན་དང ། ཤ་ཟ་ཡི་དྭགས་ལ་སོགས་པ་ཧཱཾ་མཾ་ཞེས་བརྗོད་པས་སྐྲག་པར་མཛད་པ་དག་སྤྲུལ་ཏོ། །གསུང་གི་བདག་ཉིད་ཀྱི་བརྟན་པའི་སྐུ་ཅན་ཞབས་ཕྱེད་ས་ལ་པུས་མོ་དང་མཐེ་བོང་བཙུགས་པ། ཞབས་གཅིག་ལངས་ཏེ་པུས་མོ་བཙུགས་པས་བཞུགས་པའི་ཁྲོ་བོ་བརྟན་པའི་སྐུ་ཅན། ཤེས་རབ་ཀྱི་བདག་ཉིད་རལ་གྲི་མེ་འོད་དང་བཅས་པས་འོད་ཀྱིས་འགེངས་པ་དག་སྤྲུལ་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ལས་བྱུང་བའི་ཁྲོ་བོ་དག་གི་སྤགས་སྨྲས་པ། ན་མཿ ་སནྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཙནྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ་བཛྲ་དྷརྀ་ཀ་ཁཌྒ། ཧཱུཾ་མཾ་ཧཱུཾ་མཾ་ཞེས་བརྗོད་དོ། །ཕྱག་རྒྱ་ནི། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་སྲིན་ལག་དང་མཐེའུ་ཆུང་གཉིས་བསྒྲེངས་ 4a ༄#། །པ་ནི། རལ་གྲིའི་ཕྱག་རྒྱ་སྟེ། གཡས་བསྐོར་དུ་མཚམས་གཅད་དོ། །ན་མཿ ་ས་མནྟ་བཛྲ་ནཱཾ། ཨ་ཙ་ལ་ཀ་ན་ཙཎྜ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུཾ། ཨ་མྲྀ་ཏ་ཧཱུཾ་ཧཱུཾ་ཞེས་བརྗོད་དོ། །ཕྱག་རྒྱ་ནི། ལག་པ་སོར་མོ་རྣམས་བརྐྱང་སྟེ་མཐེའུ་ཆུང་མཐེ་བོས་མནན་པ་ནི། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སྟེ། གཡས་ནས་བསྐོར་ལ་བགེགས་བསྐྲད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་སྲུང་བ་གསུངས་པ་ནི། དམར་པོའི་ཡི་གེ་རཾ་སྤྱི་བོར་བསམ་སྟེ། རྣམ་པར་དག་པའི་ཡི་གེ་འདིས་བརྟན་པར་བྱས་ནས་རྡོ་རྗེ་དང་རལ་གྲིས་ལུས་མེ་འོད་དང་བཅས་པར་བསྒོམ་སྟེ། ན་མཿ ་ས་མནྟ་བཛྲ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎྜ་མ་ཧཱ་རོ་ཥ་ཎ་ཀ་ཏེ་བྷྱ། སརྦ་བི་ག་ཏེ་བྷྱོ། བི་ཤཝ་མུ་ཁེ་བྷྱཿ ། སརྦ་ཏ་ཐཱ་ག་ཏ་ཧཱཾ་མཾ་རཀྵ་ཞེས་བརྗོད་དེ། ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་སྦྱར་ཏེ་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་ཏེ་སྨིན་མཚམས་སུ་བཅའ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་རིག་པ་ཆེན་པོའི་སྲུང་བ་གསུངས་པ་ནི། ཧཱུཾ་དང་གཞིའི་རྣམ་པས་བལྟས་ཏེ། ན་མཿ ་ས་མནྟ་བཛྲ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎྜ་མ་ཧཱ་རོ་ཥ་ཎ་ཀ་ཏེ་བྷྱཿ ། སརྦ་བི་ག་ཏེ་བྷྱོ། བི་ཤཝ་མུ་ཁེ་བྷྱཿ ། སརྦ་ཐཱ་ག་ཏ་ཧཱཾ་མཾ། རཀྵ་མ་ཧཱ་བ་ལེ། 4b སརྦ་ཏ་ཐཱ་ག་ཏ་པྲ་མེ་ནི་རྒ་རྫ་ཧཱུཾ་ཧཱུཾ་ཕཊ་ཊྲ་ཐ་ཊྲ་ཐ། ཨ་པྲ་ཏི་ཧ་ཏེ་སཝཱ་ཧཱ་ཞེས་བརྗོད་དེ། ཕྱག་རྒྱ་ནི། རྡོ་རྗེའི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ནང་དུ་བཀུག་ལ་གུང་མོ་རྩེ་སྤྲད་དེ་སྲིན་ལག་གཉིས་བརྐྱང་ནས་མཐེའུ་ཆུང་གཉིས་ཅུང་ཞིག་བཀུག་ལ་སྙིང་གར་བཅས་ཏེ་སྲུང་བ་ནི། ཡུམ་གྱི་སྟེ། བགེགས་དང ། ལོག་འདྲེན་དང ། མ་རུངས་པ་ཐམས་ཅད་དྲན་པ་ཙམ་གྱིས་འབྱེར་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཁ་ཟས་ཀྱི་བྱེ་བྲག་བཟའ་བ་དང ། བཅའ་བ་དང ། གཞིབ་པ་དང ། བཏུང་བ་དང ། བལྡག་པ་ལ་སོགས་པ་དང ། གཟུགས་དང ། སྒྲ་དང ། དྲི་དང ། རོའི་བྱེ་བྲག་ལ་བྱིན་གྱིས་བརླབ་པ་མཛད་དེ། ཨོཾ་སརྦ་དྷརྨ་ཏཱ་སི་ཏ་ཧཱུཾ་ཞེས་བྱ་བས་དག་པར་བྱས་ཏེ། ཨོཾ་ཨ་མྲྀ་ཏ་ཨོཾ་ཧཱུཾ་ཧྲཱིཿ ་ཞེས་བྱ་བས་ནི། འདོད་པའི་དོན་དུའོ། །ོཾ་ན་མཿ ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སམྦྷ་ར་ཧཱུཾ་ཞེས་བྱ་བས་ལན་བདུན་བདུན་བཏབ་སྟེ་བསྔོས་པས་ཚིམ་པར་འགྱུར་རོ། །ཕྱག་རྒྱ་ནི། མཆོག་སྦྱིན་གྱི་ཕྱག་རྒྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ལྡང་བར་འདོད་ན། སྔགས་འདི་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲཱ་ཡཱ་ཡ། ན་མཿ ་ཙཎྜ་བཛྲ་པཱ་ཎ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཌཾ་ཥྚོ་ཏ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་ 5a ༄#། །མུ་ས་ལ་པ་ར་ཤུ་པཱ་ཤཱ་ཧསྟ་ཡ། ཏཌྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གྲིཧྞ་གྲིཧྞ། གརྫ་གརྫ།་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བི་གྷྣཾ་བི་ནཱ་ཡ་ཀཱ་ནཱཾ་མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་ར་ན་སཝཱ་ཧཱ་ཞེས་བྱ་བ་བརྗོད་དོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་ཁ་ནང་དུ་བསྟན་ཏེ་མཛུབ་མོ་བསྒྲེངས་ལ་བྲང་དུ་བསྣོལ་ལ་ཕྱག་རྒྱ་བཅིངས་ཏེ་གཏོར་མ་བཏང་ཞིང་འཆག་པའི་དུས་སུ་ཡང་དེ་བཞིན་ནོ། །ཉེ་རེག་བྱ་བ་དང་ཁྲུས་བྱ་བ་ནི། རིན་པོ་ཆེའི་བུམ་པར་དྲི་ཞིམ་པོའི་ཆུ་ལ། ན་མཿ ་ས་མནྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཡ་ཨ་མྲྀ་ཏ་ཞེས་ལན་བདུན་བདུན་བཏབ་སྟེ་ལག་པ་གཡོན་པས་བུམ་པ་བཟུང་ནས་གཡས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་ཙམ་བཀུག་ལ་རི་མོ་ཅན་གྱི་ནང་དུ་ཨ་བསམ་ལ་ཆུ་བླུགས་ཏེ། ཨོཾ་ཤུདད་དུནྟེ་ཤོ་དྷ་ན་ཡེ་སཝཱ་ཧཱ། ཞེས་བྱ་བས་ཁྲུས་བྱའོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་བྱམས་པ་ལའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང ། སུམ་ཅུ་རྩ་གསུམ་གྱི་ལྷ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་མེ་ཏོག་དང ། རྔ་དང ། 5b བདུག་སྤོས་དང ། ལྷའི་ཞལ་ཟས་དང ། ལྷའི་བུ་ཕོ་དང ། བུ་མོ་དག་རིན་པོ་ཆེའི་རྒྱན་དང་བཅས་པས་ཤིང་རྟ་དཔག་ཏུ་མེད་པ་དང ། མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་དང ། བསྐོར་བ་རྒྱ་ཆེན་པོ་དག་བྱས་ཏེ་བྱང་ཆུབ་སེམས་དཔའ་བྱམས་པ་དང་ཐབས་ཅིག་ཏུ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་སྤྲོ་པ་དང་ལྡན་པས་བཅོམ་ལྡན་འདས་ལ་བལྟའོ། །བཅོམ་ལྡན་འདས་ཀྱིས་བྱམས་པའི་བསམ་པ་མཁྱེན་ནས་བསམ་གཏན་དང་པོ་ལ་མཉམ་པར་བཞག་སྟེ་འདོད་པའི་བདེ་བ་སྤངས་ཏེ། དགའ་བར་རྟོག་པ་ཙམ་མོ། །དེ་ནས་བསམ་གཏན་དང་པོ་ནས་གཉིས་པ་ལ་མཉམ་པར་བཞག་སྟེ། རྩེ་གཅིག་པའི་རྟོག་དཔྱོད་སྤངས་ཏེ། དགའ་བདེ་ཙམ་མོ། །བསམ་གཏན་གཉིས་པ་ནས་གསུམ་པ་ལ་མཉམ་པར་བཞག་སྟེ། རྟོག་པ་དང་དཔྱོད་པ་སྤངས་ཏེ། བདེ་བ་ཙམ་མོ། །དེ་ནས་བསམ་གཏན་གསུམ་པ་ནས་བཞི་པ་ལ་མཉམ་པར་བཞག་སྟེ། ཚོར་བ་ཉེ་བར་ཞི་བའི་བདེ་བ་ཙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཏིང་ངེ་འཛིན་དེ་དག་དང་ལྡན་ན། རྣམ་པར་དག་པའོ། །བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཀྱིས་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་སྤེལ་བའོ། །དེ་བཞིན་དུ་ 6a ༄#། །ཆོས་ཐམས་ཅད་ནི། ནམ་མཁའ་ལྟར་མཐའ་བཞི་ལས་རྣམ་པར་གྲོལ་བའོ། །ན་མཿ ་ས་མནྟ་བཛྲཱ་ཎཱཾ། དྷརྨ་དྷཱ་ཏུ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་བརྗོད་དེ། ཕྱག་རྒྱ་ནི། འདིའོ། །ལག་པ་གཉིས་སོ་སོར་ཁུ་ཚུར་བཅངས་ཏེ་མཐེ་བོང་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་བསྒྲེང་བའོ། །འཕགས་པ་མི་གཡོ་བའི་གཟུངས་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཐུགས་ཀྱི་ས་བོན་གྱི་འོད་ཀྱིས་ནམ་མཁའ་ཀུན་ཁེངས་པར་བསམས་ཏེ། ས་བོན་དེ་ལས་ཆོས་ཐམས་ཅད་ཚིག་གི་ལམ་དང་བྲལ་བའོ། ཞེས་བྱ་བའི་སྒྲ་དང་བཅས་པས་འཕེལ་བ་དང་འགྲིབ་པའི་སྒྲ་འོད་ཟེར་འཕྲོ་འདུ་དང་བཅས་པའོ། །དེ་ནས་སྣ་ཚོགས་པའི་གདན་འདམ་ནས་སྐྱེས་པ་དྲི་མ་མེད་ཅིང་ཡོངས་སུ་རྒྱས་པར་ཚོགས་ཀྱི་བདག་པོའི་སྟེང་དུ་རྟ་བདུན་པ་ཀུན་ནས་འོད་འཕྲོ་བ། འདམ་སྐྱེས་དང་ལྡན་པ་དག་གི་སྟེང་དུ་ནམ་མཁའི་མདོག་ཅན་གྱི་ཐུགས་ཀྱི་ས་བོན་དང་བདག་ཉིད་གཅིག་པའོ། །ནམ་མཁའི་ཁམས་ཀུན་ཏུ་ཁྱབ་པར་འོད་ཀྱི་ས་འགེངས་པའི་ཤེས་རབ་ཀྱི་རལ་གྲི་སྔོན་པོ་དག་ཏུ་གྱུར་ཏེ་དེ་དག་ལས་བདུད་དང་ 6b མ་རུངས་པ་མཐའ་དག་འཇོམས་པའི་ཁྲོ་བོ་ཆེན་པོ་རྣམ་རྟོག་ཐམས་ཅད་ཡོངས་སུ་བཅོམ་པ། དྲི་མ་མེད་ཅིང་གཞོན་ནུའི་སྐུའོ། །དེ་ཡང་གཞོན་ཞིང་སྐུའི་ཤ་རྒྱས་པ་ནི། དཔེར་ན།་བུས་པ་གཞོན་ནུ་ལང་ཚོ་ལ་བབ་པའི་ལུས་ལྟ་བུ་སྟེ། དེའི་སྐུ་མདོག་ནི། མཐིང་ནག་ཏུ་གནས་ཏེ། དཔེར་ན། དབྱར་གྱི་ཆར་སྤྲིན་ནག་པོའི་མདོག་བཞིན་དུ་གནས་པའོ།། ནམ་མཁའ་མ་ལུས་པ་ཐམས་ཅད་དུ་འོད་ཀྱིས་འགེངས་པ་ནི། དཔེར་ན། རྟ་བདུན་པའི་འོད་ཀྱིས་གླིང་ཀུན་ཏུ་ཁྱབ་པ་བཞིན་ནོ། །དབུ་སྐྲ་གཅིག་ཏུ་བཅིངས་ཤིང་འཕྱར་བ་ནི། དཔེར་ན། ཤིང་ཨ་ལ་ཀའི་འབྲས་བུ་བཞིན་ནོ། །སྐུ་ཅུང་ཞིག་འགྱིང་པ་དང ། གཡོ་བ་ནི། དཔེར་ན། དཔག་བསམ་གྱི་ཤིང་ཡོངས་འདུ་ས་རྟོལ་བཞིན་ནོ། །ཞབས་བརྐྱང་བསྐུམ་དུ་བཞུགས་པ་ནི། དཔེར་ན། གྱད་ཀྱི་འགྲོས་བཞིན་ནོ། །སྤྱན་གསུམ་ཤིན་ཏུ་དམར་བ་ནི། དཔེར་ན། པ་ལ་ཤའི་མེ་ཏོག་བཞིན་ནོ། །སྤྱན་སྟེང་འོག་ཏུ་བལྟ་བ་ནི། སྟེང་འོག་གི་བགེགས་སྲེག་པ་སྟེ། དཔེར་ན། ལྷ་མ་ཡིན་གྱི་བྱ་གཏོར་མ་ཟ་བ་བཞིན་ནོ། །མཆེ་བ་གཙིགས་པ་ནི། དཔེར་ན། ཟླ་བ་ཕྱེད་པ་བཞིན་ནོ། །ལྗགས་ཤིན་ཏུ་འཁྱུག་པ་ནི། དཔེར་ན།་ནམ་མཁའི་ཡོག་\?\་བཞིན་ནོ། །སྨིན་མ་ཁྲོ་གཉེར་དུ་བསྡུས་པ་ནི། དཔེར་ན། ཤིང་པ་ལཀྵཱི་ལོ་མ་བཞིན་ནོ། །ཕྱག་གཡས་ན་རལ་གྲི་བསྣམས་པ་ནི། དཔེར་ན། གཟར་ 7a ༄#། །ཆེན་པོའི་འོད་ལྟུང་བ་བཞིན་ནོ། །སྤྲུལ་གྱི་ཞགས་པ་གཡོན་ན་བསྣམས་པ་ནི། དཔེར་ན། རྒྱ་མཚོའི་མཆིང་བཞིན་ནོ། །དེ་ལྟ་བུའི་སྐུ་དེས་ནི།་ཚངས་པ་དང ། བརྒྱ་བྱིན་དང ། རྒྱལ་པོའི་ཆེན་པོ་བཞི་དག་དང ། ཕྱོགས་སྐྱོང་བ་ལ་སོགས་པ་བརྣམས་དབང་དུ་སྡུད་པ། ལྷ་དང ། ཀླུ་མ་རུང་པས་དང ། སྲིན་མོ་དང ། ཤ་ཟ་དང ། གྲུལ་བུམ་དང ། ལྟོ་འཕྱེ་ལ་སོགས་པ་འཇོམས་པར་བྱེད་པ་དག་གོ། དེའི་སྔགས་བཅོམ་ལྡན་འདས་ཀྱིས་གསུངས་པ། ན་མཿ ་ས་མནྟ་བཛྲཱ་ཎཱཾ།་ཏྲ་ཊ། ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཡ་ཏྲ་མ་ཡ་ཧཱུཾ། ཏྲ་ཏ་ཧཱཾ་མཾ་ཞེས་བརྗོད་པར་བྱའོ། །དེས་ནི། འཚེ་བ་དང ། རྣམ་པར་འཚེ་བ་དང ། སྡང་བ་དང ། རྣམ་པར་སྡང་བ་དང ། ལོག་འདྲེན་དང ། རྣམ་པར་ལོག་འདྲེན་དང ། སྲིན་པོ་དང ། ལྷ་དང ། ཀླུ་དང ། གྲུལ་བུམ་དང ། ཤ་ཟ་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར་རོ། །རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། བད་ཀན་ལས་གྱུར་པ་དང ། འབྲས་དང ། ཤུ་བ་དང ། གཡན་པ་དང ། མཛེ་དང ། འབྲུམ་བུ་དང ། འབྲུམ་བུ་ཕྲ་མོ་དང ། རིམས་ཉིན་གཅིག་པ་དང ། ཉིན་གཉིས་པ་དང ། ཟླ་བ་ཕྱེད་པ་དང ། ལྡང་དུབ་པ་དང ། ཡུད་ཙམ་པའི་རིམས་དང ། རྟག་པའི་རིམས་ 7b ལས་ཐར་པར་འགྱུར་རོ། །སེངྒེ་དང ། སྟག་དང ། དོམ་དང ། དྲེད་དང ། སྤྱང་ཀི་དང ། སྦྲུལ་དུག་ཅན་དང ། སྦྲང་བུ་དང ། ཤ་སྦྲང་དང ། བུང་བའི་གནོད་པ་ལས་ཐར་རོ། །རྒྱལ་པོའི་ཆད་པ་དང ། དམག་དཔུང་གི་འཇིགས་པ་ལས་ཐར་རོ། །རྐུན་པོ་དང ། བྲན་དང ། བཟའ་མི་འཐབ་ཅིང་རྩོད་པ་ལས་ཐར་རོ། །ཆུ་ཡིས་འཇིགས་པ་དང ། མེ་ཡིས་འཇིགས་པ་དང ། ས་གཡོ་བས་འཇིགས་པ་དང ། ལྕེ་འབབ་པས་འཇིགས་པ་ལས་ཐར་རོ། །རལ་གྲི་དང ། ཤཀྟི་དང ། དགྲ་སྟ་དང ། མདུང་དང ། མདའ་དང ། མདའ་བོ་ཆེ་དང ། འཁོར་ལོ་དང ། མཚོན་ཆའི་འཇིགས་པ་ལས་ཐར་རོ། །འཆི་བ་དང་དུས་མ་ཡིན་པར་འཆི་བ་ལས་ཐར་རོ། །མཆམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཀུན་དག་པར་འགྱུར་རོ། །སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། དུད་འགྲོའི་སྐྱེ་གནས་དང ། ཡུལ་མཐའ་འཁོབ་དང ། དབང་པོ་མ་ཚང་བ་དང ། ལྷ་ཚེ་རིང་པོ་དང ། ལོག་པར་ལྟ་བར་འཛིན་པ་དང ། སངས་རྒྱས་འབྱུང་བ་ལས་མཉེས་པ་མེད་པ་དག་ཏུ་མི་འགྱུར་རོ། །གཟུངས་སྔགས་འདི་ནི། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཏེ། ལན་གཅིག་བརྗོད་པས་ཀྱང་སྡིག་པ་ཐམས་ཅད་འདག་པར་འགྱུར་རོ། །འདི་བརྗོད་པའི་གང་ཟག་དེས་ནི། ཆོས་ཉིད་ཀྱི་ལམ་རྡོ་རྗེ་ལྟ་བུ་ 8a ༄#། །མྱུར་བ་ཉིད་དུ་ཐོབ་པར་འགྱུར་རོ། །དེ་ནས་རྟ་བདུན་པའི་སྟེང་དུ་རྣམ་པར་དག་པའི་ཡི་གེ་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ་བསམས་ཏེ་བྱམས་པའི་ལྟ་བས་ལྟ་བའི་ཕྱིར་ཧཾ་སེར་པོ་མིག་ཏུའོ། །སྲོག་གི་ལམ་དུ་ནི། །མཾ་ནག་པོ་བསམ་པར་བྱའོ། །སྤྱི་བོར་ཆོས་ཉིད་རྣམ་པར་དག་པའི་ཡི་གེ་བསམས་ཏེ་སྔགས་འདི་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བཛྲཱ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཞེས་བརྗོད་དེ་ལག་པ་ཐལ་མོ་སྦྱར་ཏེ་གུང་མོ་བསྒྲེངས་པའི་རྒྱབ་ཏུ་མཛུབ་མོ་ཅུང་ཟད་བཀུག་པ། སྲིན་ལག་ཀྱང་དེ་བཞིན་བྱ་སྟེ། རྡོ་རྗེའི་ཕྱག་རྒྱའོ། །འདིའི་བྱིན་གྱི་རླབས་ཀྱིས་མ་རིག་པ་འཇོམས་ཤིང་ཡེ་ཤེས་ཀྱི་སྐུ་ཉིད་དུ་བྱིན་གྱིས་བརླབས་པའོ། །གསེར་ལ་སོགས་པའི་སྣོད་དུ་ཁ་ཟས་ཀྱི་བྱེ་བྲག་ནས་དང ། འབྲས་དང ། གྲོ་དང ། སོ་བ་དང ། ཏིལ་ལ་སོགས་པ་དང ། ཞོ་དང ། འོ་མ་དང ། སྦྲང་རྩི་དང ། ཁར་དང ། གསེར་དང ། དངུལ་དང ། ཟངས་དང ། མུ་ཏིག་དང ། བྱི་རུ་དག་བླུགས་ཏེ་འབྲུ་གསུམ་པའི་སྔགས་ཀྱི་བྱིན་གྱིས་བརླབས་ནས་སྔགས་འདི་བརྗོད་པར་བྱའོ། །ན་མཿ ་ས་མནྟ་ཏ་ཐཱ་ག་ཏེ་བྷྱོཿ ་བི་ཤཝ་མུ་ཁེ་བྷྱཿ ། སརྦ་ཐཱ་ཁཾ་ཨུད་ག་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཞེས་བརྗོད་པར་བྱའོ། །ཕྱག་རྒྱ་ནི། མཆོག་སྦྱིན་གྱི་ཕྱག་རྒྱའོ།། 8b ན་མཿ ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་ཧཱུཾ་ཞེས་བྱ་བས་འབྱུང་པོ་ཀུན་ལ་མཆོད་པར་བྱའོ། །དེ་ནས་གསང་སྔགས་འདི་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡ། སརྦ་པཱ་པཾ་སཝ་ཧཱ། ཕྱག་རྒྱ་ཐལ་མོ་སྦྱར་ལ་གསོལ་བ་གདབ་སྟེ། དམ་ཚིག་གསོ་བའོ། །འཕགས་པ་མི་གཡོ་བའི་གཟུངས་ལས།་ལེའུ་གཉིས་པའོ།། །།དེ་ནས་དམ་ཚིག་ནི། འདི་ཡིན་ཏེ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ནི། འབྲས་བུ་དང ། ལམ་དང ། སྒྲུབ་པའི་ཁྱད་པར་ཏེ། གང་ནས་བརྩམས་ཏེ་ཁྱད་པར་གྱིས་མཆོད་ཅིང་ནམ་དུ་ཡང་མི་འབྲལ་བར་བྱའོ། །ཚད་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་རྟག་ཏུ་བསྒོམ་ཞིང་སྨོན་ལམ་རྒྱ་ཆེན་པོར་གདབ་པར་བྱའོ། །སྔགས་དང ། ཕྱག་རྒྱ་དང ། སྔགས་དང ། ཕྱག་རྒྱའི་རྟེན་རྒྱུན་དུ་བཅང་ཞིང་བྲལ་བར་མི་བྱའོ། །ལྷ་དང ། བླ་མ་དང ། བྱང་ཆུབ་ཀྱི་གྲོགས་ལ་ཁོང་ནས་འཁྲུག་པའི་སེམས་སྤང་ངོ ། །སྲོག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང ། སྙིང་རྗེ་སྔོན་དུ་སོང་བས་གནོད་པ་དང ། རྣམ་པར་འཚེ་བ་སྤངས་ཏེ་ནམ་ཡང་དོར་བར་མི་བྱའོ། །སེར་སྣ་སྤངས་ཏེ་སེམས་ཅན་ལ་སྦྱིན་པ་སྦྱིན་པར་བྱའོ། །སེམས་ཅན་ལ་གནོད་པ་དང ། རྣམ་པར་འཚེ་བ་སྤངས་པའི་ 9a ༄#། །ཚུལ་ཁྲིམས་བསྟེན་པའོ། །རང་ལ་རྣམ་པར་འཚེ་བ་ལ་བཟོད་པར་བྱའོ། །རང་དང་གཞན་གྱི་དོན་སྒྲུབ་པ་ལ་བརྩོན་པ་དོར་བར་མི་བྱའོ། །རྣམ་པར་གཡེང་བ་སྤངས་ཏེ་བསམ་གཏན་ལ་མཉམ་པར་གཞག་གོ། །ཉལ་བ་དང་ལྡང་བ་ཀུན་ཏུ་རང་བཞིན་གྱིས་རྣམ་པར་དག་པའི་དོན་ལ་མ་གཡེང་བར་བྱའོ། དམ་ཚིག་མེད་ཅིང་མི་གནས་པ་ལ་བསམ་གཏན་དང ། ཏིང་ངེ་འཛིན་དང ། སྔགས་དང ། ཕྱག་རྒྱ་ལ་སོགས་པ་ཀུན་བསྟེན་ཅིང་བཤད་པར་མི་བྱའོ། །སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ཕྱིན་ཅི་ལོག་པ་དང ། བརྫུན་དུ་སྨྲ་བ་ནི། ཚངས་པར་སྤྱོད་པ་དང ། སྤྱད་པར་འདོད་པས་སྤང་པར་བྱའོ། །དགེ་སློང་རྣམས་དང ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། དམ་ཚིག་དང་ལྡན་པ་གུས་པར་བྱ་ཞིང་བརྙས་པར་མི་བྱའོ། །ཐུན་མཚམས་ཀྱི་སྦྱོར་བ་དང་ལྡན་པར་བྱའོ། །ཁྲོ་བ་དང་བབ་ཅོལ་དུ་སྨྲ་བ་དང ། ལད་ལུད་དང ། བཤང་གཅི་འདོར་བ་དང ། དྲི་མ་འཁྲུ་བ་དང ། སྐྲ་དང ། སེན་མོ་ལ་སོགས་པའི་མི་གཙང་བ་དེ་དག་དང ། དྲི་ང་བ་དང ། དྲི་མི་ཞིམ་པ་བཀུ་ཞིང་མནམ་པ་དང་ལྡན་པ་ཐམས་ཅད་སྤང་བར་བྱའོ། །ཁང་པ་ནི། སྤོས་ཀྱི་ཁང་པ་ཡིད་དུ་འོང་བ་གཙང་ཞིང་དྲི་མ་མེད་པ་དག་བཀྲ་ཤིས་པའི་ 9b སྒོ་ཤར་དུ་བསྟན་པ། གསེང་སྐར་དང་བཅས་པའི་ཁང་པའམ། བྲམ་ཟེའི་ཁྱིམ་མམ། དགེ་འདུན་གྱི་ཀུན་དགའ་ར་བའམ། ལྷ་ཁང་ངམ། རི་བོའི་རྩེའམ། བྱ་སྐད་སྒྲོག་པའི་སའམ། དགོན་པའམ། བས་མཐའམ། སྤང་ལྗོངས་དག་ཏུ་དྲི་ཞིམ་པོའི་ཆུས་སྐྱང་ནུལ་བྱས་ལ་རྩཝའི་སྟན་བཏིང་སྟེ་གནས་པར་བྱའོ། །ཁྲི་ལ་འདུག་པ་སྤང་བར་བྱའོ། །ཞོ་དང ། འོ་མ་དང ། མར་དང ། ལ་དུ་དང ། ལ་བན་དང ། སྣུམ་འཁུར་དང ། འཁུར་སྐྱ་དང ། འབྲས་དང ། འབྲས་ཟན་ལ་སོགས་པ་དག་སྨྱུང་བ་དང་ལྡན་པས་བཟའ་བར་བྱའོ། །ཤ་དང ། ཆང་དང ། སྒོག་པ་ལ་སོགས་པ་དཀུ་བའི་ཟས་རྣམས་ཀུན་ཏུ་སྤང་བར་བྱའོ། །ཟླ་བ་དང ། སྐར་མ་དང ། ཚེས་གྲངས་ལ་སོགས་པ་ནི། ཡར་གྱི་ངོ་དག་ལ་དཀོན་མཆོག་ལ་གསོལ་བ་བཏབ་པ་བསྒྲུབ་པར་བྱའོ། རེ་བ་དང ། རྔ་མ་དང ། རྩུབ་པ་དག་ནི། མ་ཡིན་ནོ། །འདོད་པའི་དོན་དུ་འཇམ་ཞིང་གནག་པ་ལ་ནི། འགལ་བ་མེད་དོ། །དུས་རྟག་ཏུ་ཡི་དམ་ལ་དང་བ་བསྐྱེད་པའི་ཕྱིར་བྱམས་པའི་བསམ་པ་དང་ལྡན་པས་བསྒྲུབ་པར་བྱའོ། །སྤྲུལ་པའི་ཁྲོ་བོ་རྡོ་རྗེ་ཤུགས་ཅན་ནི། ཁ་དོག་ཤིན་ཏུ་ནག་པ་སྟེ། ང་དང་ང་ཡིར་འཛིན་པའི་བདག་ཉིད་གནམ་ལྕགས་ཀྱི་འཁོར་ལོ་བསྣམས་པའོ། །རྡོ་རྗེ་ཆགས་ཆེན་ནི། མདོག་ 10a ༄#། །དམར་པོ་ཆགས་པ་དང་ཆགས་པར་བྱེད་པའི་བཞིན་གྱི་མདའ་གཞུའོ། །རྡོ་རྗེ་རྣོན་པོ་ནི། ལྗང་གུ་སྟེ། འཛིན་ཅིང་ཡོངས་སུ་འཛིན་པའི་བདག་ཉིད་ལྕགས་ཀྱུ་འཛིན་པའོ། །རྡོ་རྗེ་འབར་བ་ནི། མདོག་དམར་པོ་སྟེ། མི་ཤེས་པ་དང་མི་ཤེས་པ་འཇོམས་པའི་བདག་ཉིད་རྡོ་རྗེའི་གྲགས་འཛིན་པའོ། རྡོ་རྗེ་ཁྲོ་བོ་ནི། སེར་པོ་སྟེ། ཁྲོ་བ་དང་ཁྲོ་བོའི་བདག་ཉིད་ཀྱི་རལ་གྲི་འབར་བ་བསྣམས་པའོ། །རྡོ་རྗེ་གཏུམ་ཆེན་ནི། མདོག་ལྗང་ནག་སྟེ། བཏང་སྙོམས་དང་བཏང་སྙོམས་སུ་གྱུར་པའི་བདག་ཉིད་ཀྱི་སྤྲིན་གྱི་ཞགས་པ་འཛིན་པའོ། །རྡོ་རྗེ་ཐབས་བདག་ནི། དུ་བའི་མདོག་ཅན་བྱ་བ་དང་བྱེད་པའི་བདག་ཉིད་ཀྱི་རྡོ་རྗེ་བསྣམས་པའོ། །རྡོ་རྗེ་སྟོབས་ཆེན་པོ་ནི། མཐིང་ག་སྟེ། དམན་པ་དང་དམན་པའི་རང་བཞིན་ཅན་གྱི་གནམ་ལགས་ཀྱི་འཁོར་ལོ་འཛིན་པའོ། །རྡོ་རྗེ་རྒྱུའི་སྟོབས་ནི། དམར་ནག་སྟེ། རྟེན་འབྲེལ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་བདག་ཉིད་ཀྱི་བེ་ཅོན་འཛིན་པའོ། །རྡོ་རྗེ་རབ་འབྱེད་ནི། སྣ་ཚོགས་འཕྲིན་ལས་མདོག་ཅན་མཐའ་དང་མཐའ་ལས་གྲོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེ་རྩེ་གཅིག་པ་བསྣམས་པའོ། །དེ་དག་ནི། ས་བཅུའི་བདག་ཉིད་ཅན་མེ་འབར་བའི་སྐུ་ལས་རབ་ཏུ་འཕྲོ་བའོ། །འཕགས་ 10b པ་མི་གཡོ་བ་ཞེས་བྱ་བའི་གཟུངས་ལས། ལེའུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཐུན་མོང་དུ་དེ་དག་པའི་ཕྱིར་དེའི་ཆོ་ག་གསུངས་པ། གནས་ཁང་ཡིད་དུ་འོང་བར་དྲི་ཞིམ་པོ་དང་ལྡན་པའི་ས་ལ་མཎྜལ་མདའ་གང་བ་བྱས་ཏེ་བའི་རྣམ་ལྔའི་སྐྱང་ནུལ་བྱས་ལ་མེ་ཏོག་སྔོན་པོ་དགྲམ་པར་བྱའོ། །དེ་ནས་བུམ་པ་གསེར་རམ། དངུལ་ལམ། ཟངས་ལས་བྱས་པའི་ལྷུང་བཟེད་ཀྱི་ཆེད་དུ་བྱས་ཏེ། དེར་རིན་པོ་ཆེ་གསེར་དང ། དངུལ་དང ། ཟངས་དང ། བྱི་རུ་དང ། མུ་ཏིག་དང་རྣམ་པར་ལྔ་གཞུག་པར་བྱའོ། །སྦྲང་རྩི་དང ། བུ་རམ་དང ། ཁ་ར་དང ། ཞོ་དང ། འོ་མ་དང ། མར་རྣམས་གཞུག་པར་བྱའོ། ། ནས་དང ། འབྲས་དང ། སོ་བ་དང ། ཏིལ་དང ། གྲོ་དང ། ཅུ་རྩེ་རྣམས་གཞུག་པར་བྱའོ། །ཅུ་གང་དང ། གུར་གུམ་དང ། ཛཱེ་ཏི་དང ། སུག་མེལ་དང ། ཀ་ཀོ་ལ་དང ། ལི་ཤི་རྣམས་གཞུག་པར་བྱའོ། །ཙནྡན་དང ། ་ག་རུ་དང ། དུ་རུ་ཀ་དང ། གླ་རྩི་དང ། རྒྱ་སྤོས་དང ། ག་བུར་ལ་སོགས་པའི་དྲི་རྣམས་ཀྱང་གཞུག་པར་བྱའོ། །མཚོ་དང ། རྫིང་དང ། ལྟེང་ཀ་དང ། འབབ་ཆུ་དང ། ལུ་མ་བཀོད་པ་རྣམས་ཀྱི་ཆུ་ཡང་བླུགས་ལ། བ་བླའམ་རས་ལ་དྲིའི་ཆུས་བསང་བས་མགུལ་པ་བཅིངས་ཏེ་གཞག་པར་བྱའོ།། 11a ༄#། །དྲི་དང ། མེ་ཏོག་དང ། འབྲས་བུ་དང་བཅས་པའི་ཤིང་ལ་ཁ་རྒྱན་བྱས་ཏེ་དྲི་དང ། སྤོས་དང ། མེ་ཏོག་དང ། མར་མེ་དང ། བྱུག་པ་དང ། ལྷ་བཤོས་དང ། རོལ་མོའི་སྒྲ་དག་ཀྱང་བཤམ་པར་བྱའོ། །འབྱུང་པོ་ཐམས་ཅད་པའི་གཏོར་མ་ཡང་ཆ་བདུན་ནམ་ལྔ་ལ་སོགས་པ་བྱའོ། །ན་མཿ ་ས་མནྟ་བཛྲ་ཎཱཾ། ཨ་ཙ་ལ་ཙཎྜ་མ་ཧཱ་རོ་ཥ་ཎ། སརྦ་བིགྷྣཾ་སྥོ་ཊ་ཡ། བཛྲ་ཌྷརྀ་ཀ་ཁཌྒ་ཧཱུཾ་ཞེས་བྱ་བས་མཚམས་རྣམས་བཅིང་བར་བྱའོ། །དེ་བཞིན་དུ་སྲུང་བའི་ཆོ་ག་རྫོགས་པར་བྱ་སྟེ། བུམ་པ་ལ་གཟུངས་ཀྱི་ཐག་པ་བཏགས་ནས་རྣམ་པར་དག་པའི་ཡེ་ཤེས་ཡོངས་སུ་བསྒྱུར་བའི་བུམ་པ་ལ་བྷྲུཾ་ཞེས་བྱ་བའི་ས་བོན་ལས་ཁ་དོག་དང ། ཚད་དང་ལྡན་པའི་བུམ་པའོ། །ཐུགས་ཀྱི་ས་བོན་ལས་བྱུང་བའི་བཅོམ་ལྡན་འདས་དོན་དེ་ཁོ་ན་ཉིད་ལས་མཉམ་པར་བཞུགས་པ། བྱང་ཆུབ་སེམས་དཔའ་དང ། རང་སངས་རྒྱས་དང ། འཕགས་པའི་གང་ཟག་དང་བཅས་པ་གདན་སེངྒེའི་སྟེང་ན་སྣ་ཚོགས་པའི་གདན་པདྨ་དང་ཟླ་བའི་སྟེང་ན་བཞུགས་པའོ། །ཆོས་ཉིད་དང་ལྡན་པའི་རྣམ་པ་དྲུག་གིས་བཅོམ་ལྡན་འདས་བསམ་པར་བྱའོ། །ཆོས་ཉིད་དང ། སེམས་དང ། སེམས་ཀྱི་རྣམ་པ་དང ། སྒྲ་དང ། སྒྲ་བརྙན་དང ། གཟུགས་དང ། གཟུགས་ 11b བརྙན་དང་བཅས་པའི་སྐུར་ཉི་མའི་གདན་པདྨ་དང་ཚོགས་ཀྱི་བདག་པོ་གླང་སྣའི་སྟེང་དུ་བསམ་སྟེ། ཐུགས་ཀྱི་ས་བོན་ལས་རལ་གྲི་མེ་འོད་དང་བཅས་པས་ནམ་མཁའ་ཀུན་ཏུ་ཁེབས་པའོ། །དེ་ལས་བདུད་ཚར་གཅོད་པའི་བཅོམ་ལྡན་འདས་ཀྱི་སྐུར་བསམས་ཏེ་མཆོད་པས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཨོཾ་ཨཱཿ ་ཧཱུཾ།་པྲ་བ་ར་སཏ་ཀ་ར་པྲ་ཏཱི་ཙྪ་ཧཱུཾ་ཞེས་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཨོཾ་ཨཱཿ ཧཱུཾ། སརྦ་དེ་བ་ཏཱ་ཨ་ཙི་ན་ཏྱ་ཨ་མྲྀ་ཏ་དྷ་རཱ་ཡ་སཝཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཨོཾ་ཧ་ར་བྷ་ག་ཝ་ན། སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སཝཱ་ཧཱ། ཞེས་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཨོཾ་ཨཱཿ ་ཧཱུཾ། དྷརྨ་དྷ་ཏུ་ཨ་ནུ་ག་ཏེ་དྷཱུཾ་པེ་ཧཱུཾ་སཝཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཨོཾ་ཨཱཿ ་ཧཱུཾ། མ་ཧཱ་མཻ་ཏྲི་བྷྱོ་ག་ཏེ་པུཥྤེ་ཧཱུཾ་ཞེས་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཨོཾ་ཨཱཿ ་ཧཱུཾ། སརྦ་ཐཱ་ག་ཏ་ཨ་ཙི་པྲ་ཎ་ཨ་བྷཱ་བ་ག་ག་ན་བྷྱ་ནི་རྱ་ཨཱ་ལོ་ཀེ་ཧཱུཾ་སཝཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཨོཾ་ཨཱཿ ་ཧཱུཾ། ག་ག་ན་ས་མ་ཡ་གནྡྷེ་ཧཱུཾ་སཝཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཨཱ་ཧཱ་ར་སརྦ་ཏ་ཐཱ་ག་ཏེ་ནཻ་ཝི་དྱཻ་པཱུ་ཛ་ན་སྥ་ར་ཎ་ཡེ་ཧཱུཾ་སཝཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཨ་བྷི་སྨ་ར་ཡ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཤཱ་ 12a ༄#། །ཡ་ས་མནྟཱ་ཡ། སརྦ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་མཎྟ་ལེ་མ་མ་པྲ་ཎི་དྷི་པཱུ་ཛ་ན་མ་བེ་ལེན་དྷརྨ་དྷ་ཏུ། ཨ་དྷིཥྛ་ན་པ་ཙ་ཧཱུཾ་སཝཱ་ཧཱ་ཞེས་བརྗོད་དོ། །རྡོ་རྗེ་དང་དྲིལ་བུ་གསིལ་བར་བྱའོ། །ཐལ་མོ་བཀན་ལ་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་ཅུང་ཞིག་བཀུག་པ་སྦྱར། སྲིན་ལག་དང་མཐེའུ་ཆུང་བསྣོལ་ལ་མཐེ་བོང་ཅུང་ཞིག་བཀུག་པ་ནི། ཡོན་ཆབ་ཀྱི་ཕྱག་རྒྱའོ། །སོར་མོ་རྣམས་གུང་མོ་ལ་བརྟེན་ཏེ་ཅུང་ཟད་བཀུག་ལ་གུང་མོ་བསྒྲེང་བ་ནི། བདུག་སྤོས་ཀྱི་ཕྱག་རྒྱའོ། །སོར་མོ་རྣམས་ཕན་ཚུན་བསྣོལ་ཏེ་ནང་དུ་བཅུག་ནས་མཛུབ་མོ་མཐེ་བོས་མནན་པ་ནི། མེ་ཏོག་གི་ཕྱག་རྒྱའོ། །མཐེ་བོང་དང་གུང་མོའི་སོར་མོ་རྩེ་སྤྲད་དེ་ལྷག་མ་ཁུ་ཚུར་བཅངས་པ་ནི། མར་མེའི་ཕྱག་རྒྱའོ། །མི་འཇིགས་པའི་ཕྱག་རྒྱ་ལག་པ་གཡོན་པས་མཁྲིག་མ་བཏེག་པ་ནི། དྲིའི་ཕྱག་རྒྱའོ། །ཐལ་མོ་བཀན་པའི་ཟུར་སྦྱར་ཏེ་མཐེའུ་ཆུང་གཉིས་གཤིབས་ནས་བསྒྲེང་བ་ནི། ལྷ་བཤོས་ཀྱི་ཕྱག་རྒྱའོ། །སྤྱི་བོར་ལག་པ་བསྐོར་ཏེ་ཐལ་མོ་ཁོང་སྟོང་སྦྱར་ནས་དཀྲོལ་བ། རྒྱ་ཆེན་པོའི་མཆོད་པ་སྟེ།་མཆོད་པའི་རྫས་རྣམས་རང་བཞིན་གྱིས་དག་པའི་ལྷ་མོས་རྫས་སྦྱངས་པའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཨ་བྷཱ་བ་སཝ་བྷཱ་བ་མུད་ག་ཏཱ་ནཱཾ། ནཱ་མ་པྲ་ཏྱེ་ཀ་བུདྡྷ་ཨཱརྱ་ 12b ཤྲ་བ་ཀ་ནཱཾ། ན་མོ་བོ་དྷི་སཏྭ་ནཱཾ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ་ཤ་ར་ཎཱཾ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ནཱཾ། ཏདྱ་ཐཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་དུཥྚ་སཝཱ་ཧཱ། ཀཱ་མ་ཀྲ་ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟ་ཡ། ཙ་ཏུརྦྷཱུཛ། ཙ་ཏུརྨུ་ཁ། ཥ་ཊ་ཙ་ར་ཎ། གཙྪ་ཡ། སརྦ་བིགྷྷྣཾ་གྷཱ་ག་བི་ཀྲྀ་ཏཱི་ནཱཾ། སརྦ་བྷུ་ཏ་བྷ་ཡཾ་ཀ་ར་ཨཊྚ་ཧཱ་ས་ནི་རི་ཏེ་བྱཱ་གྷྲ་ཙརྨ་ནི་བ་ས་ནི། ཀུ་རུ་ཀུ་རུ་སརྦ་དྷརྨཱ་ནཱཾ། ཙྪིནྡ་ཙྪིནྡ་སརྦ་མནྟ། བྷིནྡ་བིནྡ། པ་ར་མནྟ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། སརྦ་བྷུ་ཏ། ནིརྨ་ཏ་ནིརྨ་ཐ། སརྦ་དུཥྚ་ན། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། མཎྜལ་མ་དྷྱེ་བྷྱེ་བ་ས་ཏྱ་ཛཱི་བི་ཏི་ན། ཀ་ར་ཀ་ར་ཀུ་རུ་ཀུ་རུ་མ་མ་སརྦ་ཀཱརྱཾ། ད་ཧ་ད་ཧ། པ་ཙ་པ་ཙ། མ་བི་ལམྦ། ས་མ་ཡཾ། ཨ་ནུ་སྨ་ར་ཧཱུཾ་ཧཱུཾ། སྥོ་ཊ་ཡ། སྥོ་ཊ་ཡ། སརྦ་ཥ་ཊ་པ་རི་པཱུ་ར་ཀ་།ཧེ་བྷ་ག་ཝཱན། ཀིཉྩི་རཱ་ཡ་སི།་མ་མ་སརྦ་རྠཾ་སརྦ་སཱ་དྷ་ཡ། ཨ་མོ་གྷ། ཙཎྜ་གྷ། ཙཎྜ་མ་ཧཱ་རོ་ཥ་ཎཱ་སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཏྲ་མ་ཧཱཾ་མཾ་ཞེས་པ་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བར་དམིགས་ལ་ལས་དང ། རྣམ་པར་སྨིན་པ་དང ། འཇིགས་པ་དང ། གནོད་པ་དང ། རྣམ་པར་འཚེ་བ་དང ། ནད་ལ་སོགས་པ་ཞི་བར་དམིགས་ཏེ་བཟླ་བར་བྱའོ། །དེ་ནས་གཏོང་བར་འདོད་པས་ཟློས་པའི་ཚེ་གདམས་པའི་ཚུལ་གྱིས་དབུལ་བར་བྱའོ། །འཕགས་པ་མི་གཡོ་བའི་ 13a ༄#། །གཟུངས་ལས། ལེའུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རས་རིས་ཀྱི་ཆོ་ག་གསུངས་པ། ཤིང་བལ་ཤིན་ཏུ་དྲི་མ་མེད་པ་ལ་བྲམ་ཟེའམ་གཙང་སྦྲ་དང་ལྡན་པའི་ཁྲུས་བྱས་ཏེ་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ལ་བརྟག་པར་བྱའོ། །རིགས་ངན་དམངས་རིགས་ལ་སོགས་པའི་རས་དག་ནི། སྤང་བར་བྱའོ། །རས་དེ་གུར་གུམ་དང ། གླ་རྩི་དང ། ་ག་རུ་ལ་སོགས་པའི་ཆུས་བཀྲུས་ཏེ་དག་པར་བྱའོ། །དེ་ནས་སྔགས་འདི་གྲོ་གའམ་རས་ལ་བྲིས་ནས་གདགས་པར་བྱའོ། ། ཨཱ། ཨི་ཨཱི་ཨུའི་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། །ཀ་ཁ་ག་གྷ་ང ། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་དང ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཥ་ཥ་ས་ཧཿ ་ཀྵཿ ་ཞེས་བྱ་བ་བྲིས་ཏེ་དགོད་པར་བྱའོ། །དེ་ནས་སྔགས་འདི་ལན་བདུན་བརྗོད་པར་བྱའོ། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ཙཎྜ་མཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུཾ། ཏྲ་ཐ་ཧཱཾ་མཾ། ཨོཾ་ཝཱ་ཀྱེ་དཾ་ན་མཿ ་ཞེས་བྱ་བ་ལས་ཐམས་ཅད་འགྲུབ་པ་སྟེ། གུར་གུམ་དང ། ཙནྡན་དང ། གླ་རྩིའི་ཆུ་ལ་བསྔགས་ཤིང་གཏོར་བར་བྱའོ། །དེ་ནས་རི་མོ་མཁན་ཁྲུས་དག་པར་བྱས་ཏེ་བྲམ་ཟེའི་རིགས་ཀྱིས་བྲི་བར་བྱའོ། །ཚོན་ནི། གསེར་དང ། དངུལ་དང ། 13b ཟངས་དང ། ལྕགས་རང་གིས་བྲི་བར་བྱ་བའམ། ཡང་ན་དཀར་རྩི་དང ། མཚལ་དང ། ལྡོང་རོས་དང ། བ་བླ་དང ། སྤང་མ་དང ། མཐིང་ཤུན་དང ། རྒྱ་སྐྱེགས་དང ། རྡོ་སོལ་དང ། སྣག་ཚ་དང ། དེ་ལ་སོགས་པའི་མཚོན་རྣམས་ལ་ཨ་ག་རུ་དང ། དུ་རུ་ཀ་དང ། ཙནྡན་དང ། གླ་རྩི་དང ། རྒྱ་སྤོས་ལ་སོགས་པ་རྣམས་དང་སྦྱར་ལ་སྔགས་འདི་ལན་བདུན་བརྗོད་དེ་བྲི་བར་བྱའོ། །ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཏ་ཡ་ཧཱཾ། ཏྲ་ཐ་ཧཱཾ་མཾ། ཝཱ་ཀྱེ་ཧཱུཾ། ཨོཾ་ཨཱཿ ་བི་ར་ཧཱུཾ། ཁེ་ཙ་ར་མཾ་ཞེས་བརྗོད་ལ་བྲི་བར་བྱ་སྟེ། ཁྱད་པར་བཟང་པོ་འཛོམས་པའི་དུས་སུ་ཚུལ་ཁྲིམས་དང་ལྡན་ཞིང་དག་པ་ལ་ཁ་ཟས་བྱིན་ཏེ་སྤྱན་དབྱེ་བར་བྱའོ། ། བྲི་བ་ཡང་དེ་བཞིན་ཏེ། སྤྱན་འབྱེད་པའི་དུས་སུ་སྔགས་འདི་བརྗོད་དོ། །ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཙནད་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་ཐ་ཧཱུཾ་མཾ། ག་ག་ན་བ་ར་ལ་ཀྵ་ཎ། ཀ་རུ་ཎ་མ་ཡ། སརྦ་ཏ་ཐཱ་ག་ཏ་ཙཀྵུཿ ་ཨོཾ་ཨཱཿ ་ཧཱུཾ་སཝཱ་ཧཱ་ཞེས་སྦྲང་རྩི་གསེར་གྱི་ཐུར་མ་ལ་བྱུགས་ལ་ལན་གསུམ་དུ་བྱུག་པར་བྱའོ། །བྲིས་སྐུ་ཚད་དང་ལྡན་པ་ཡོངས་སུ་ཟིན་པ་དང ། འབྲི་མཁན་ལ་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་པར་བྱ་སྟེ། གསེར་རམ། དངུལ་ལམ། ཟངས་སམ། རཝའམ། རྡོ་བ་དག་ལས་བྱེད་ན་ཡང་དེ་བཞིན་དུ་ 14a ༄#། །བྱའོ། །གཟུགས་དང་སྐུའི་ཁྱད་པར་གྱི་རང་བཞིན་དང་རང་བཞིན་མ་ཡིན་པས་ཁྱད་པར་ཐ་དད་པ་དག་ཏུ་བྱ་སྟེ། རང་བཞིན་དང ། ལྡན་པ་ལ་བར་ཆད་ཞི་བར་བྱ་བའི་ཕྱིར་གཟུགས་སྐུ་ལས་ནི། ཡོངས་སུ་བསྒྱུར་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཁྱད་པར་བཟང་པོའི་དུས་སུ་ཁང་པ་བའི་རྣམ་ལྔས་བྱུགས་པར་བྱས་ཏེ་རས་རིས་དང ། ཐང་ག་དང ། པོ་ཏི་དང ། གླེགས་བམ་ལ་སོགས་པ་མཎྜལ་གྱི་སྟེང་དུ་བཞུགས་སུ་གསོལ་ཏེ། སྤོས་དང ། མེ་ཏོག་དང ། མར་མེ་དང ། དྲི་དང ། ལྷ་བཤོས་ལ་སོགས་པའི་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་བཤམས་ཏེ། གཏོར་མ་ཡང་དེ་བཞིན་དུའོ། ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། བླ་རེ་ལ་སོགས་པ་ཡང་བྲི་བར་བྱའོ། །དེ་ནས་ཁྲོ་བོའི་སྐུ་དང་ལྡན་པས་སྔགས་བརྗོད་པར་བྱ་སྟེ། ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཨ་མོ་གྷ་ཨེ་ཧི། ཨ་པྲ་ཏི་ཧ་ཏ་ཨ་ཙ་ལ་ཙེ་ཏ་ཨེ་ནཾ་ཏ་ཀ་ནཱཾ། ཏིཥྛ་ཏིཥྛ། ཙུ་རུ་ཙུ་རུ། ཏ་དི་ཏ་དི། ཏ་ཊ་ཏ་ཊ། བིགྷྣཾ་གྷ་ཏ་ཡ། མཱ་ར་ཡ། ཁཱ་ད་ཡ།་སྥོ་ཊ་ཡ། ས་ཏཾ་ཙ་མེ། ཨ་ནུ་བནྡྷ་ཡ། ཨ་ཛྷཱཾ་ཀུ་རུ། ཨ་དྷ་ཧ་དྷ་ཧ་ནཾ་ཀྲ། ཀ་ཏ་ཀ་ཏ། མ་ཏ་མ་ཏ། ཧཾ་ཧཾ་མཾ་མཾ། ཨེ་ཏ་པ་ལ་ཨེ་ཏེ་བ་ལ། ཨེ་ཧི་མ་ཧཱ་ནུ་ནི་ 14b བི་ཤ་ན།་ནཊྚ་ནཊྚ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཟ་ཙ་ལེ་ཙེ་ཧ། ཏ་ཊ་ཏ་ཊ། ད་མ་ད་མ། ཕཊ་ཕཊ་ཅེས་འབུམ་བརྗོད་པར་བྱ་སྟེ། ལྷའི་སྐུ་གཉེས་ལ་ནི། བྱེ་བའོ། །ཞི་བ་ནི།་སྦྲུལ་པའི་སྐུ་སྟེ། སྔོན་དུ་ནི། དེ་བཞིན་ཤེས་པར་བྱའོ། ། ག་རུ་དང ། དུ་རུ་ཀ་དང ། ཙནྡན་དང ། ག་བུར་དང ། གླ་རྩི་དང ། རྒྱ་སྤོས་ཀྱི་ཆུ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ།་ན་མཿ ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏེ་བྷྱཿ ། ཨརྷ་ད་བྷྱཿ ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། མུ་ནི་མུ་ནི་མ་ཧཱ་མུ་ནི། ཨོཾ་ཛ་ཡེ་ཛ་ཡེ། ཝཱ་ཀྱེ་ཤེ་སཝཱ་ཧཱ། ཨོཾ་བཱ་ཀྱེ་བཾ་ཛ་ཡ། ཨོཾ་ཝཱ་ཀྱེ་ནིཥྚེ་ཡེ། ཨོཾ་བཱ་ཀྱེ་ན་མ། ཨོཾ་བཱ་ཀྱེ་དཾ་ན་མཿ ་ཨོཾ་ཨཱཿ ་ཧཱུཾ་ཧཱཾ་མཾ་ཞེས་བྱ་བས་སྐུ་ཁྲུས་བྱའོ། །དེ་ནས་རོལ་མོ་བསྒྲག་པར་བྱ་སྟེ། རྫས་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ནས།་ན་མཿ ་ས་མནྟ་བུདྡྷ་ནཱ། ཧཾ་མཾ། ཨོཾ་ཨཱ་དྱ་ནུཏྤན་ན་ཏྭཏ་པྲ་བྷ་སཝ་ར་སུ་བི་ཤུདྡྷ། དྷརྨ་དྷ་ཏུ། སཝ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་མཆོད་པ་དཔག་ཏུ་མེད་པས་མཆོད་དེ། འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཏུ་བརྗོད་པའི་གཟུངས་སྔགས་སོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཾ་ཙཎྜ་ཙཎྜ། བ་ལ་བ་ལ། བ་ཏྲ་བ་ཏྲ། ཤཱནྟེ་ཤཱནྟེ། ཧ་ལ་ཧ་ལ། བ་ར་བ་ར། མ་རཱ་ཎ་མ་རཱ་ཎ། བཛྲ་ད་ལ་སྥོ་ཊ་མ། ལི་ཏི་ཏ་ཤི་ཁ་ར། ས་མནྟ་བཛྲཱ་ཎི་ཛྭ་ལ་ཛྭ་ལ། 15a ༄#། །ན་མོསྟུ་ཏེ། ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་ས་སཾ་ར་ཎ་ར་ཎ། ཧཾ་ཧཱུཾ་ལ་བཛྲ་སྥོ་ཊ་མཾ་སཝཱ་ཧཱ། ན་མསྟྲཻ་ཡ་དྷྭི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ་སརྦ་ཏྲ་ཡ་པྲ་ཏི་ཧ་ཏ་ཏཱཔྟཱ་དྷརྨ་ཏཱ་བ་ལཱི་ནཱཾ། ཨཾ་ཨ། ས་མ་ས་མནྟོ་ཨ་ནཱཾ་ཏ་ཏཱཔྟཱི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། པི་ཀ་ཏ་རཱ་ག་།བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ།་ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སཝཱ་ཧཱ། ན་མཿ ་ས་མནྟ་བུདྡྷཱ་ཡ། ན་མཿ ་སརྦ་བུདྡྷ་བོ་དྷི་ས་ཏྭ་ནཱཾ། ཨོཾ་ཨ་ར་ཛེ་བི་ར་ཛེ། མ་ཧཱ་བི་ར་ཛེ། མ་ཧཱ་བི་ར་ཛེ།་སཝ་ར་ཏེ་སཝ་ར་ཏེ། ཏྲ་ཡི་ཏྲ་ཡི། བི་དྷ་མི་ན། སཾ་བྷཾ་ཛ་ནི་ར་མ་ཏི། སིདྡྷ་ཨ་ཏྲེཾ་ཏྲེཾ་སཝཱ་ཧཱ་ཞེས་བརྗོད་དོ། །འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་རྣམ་པར་དག་པའི་གཟུངས་ཏེ། ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང་ལྷ་དང ། སྔགས་དང ། ཕྱག་རྒྱ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་གཤེགས་པའི་དམ་ཚིག་གསུམ་དང་ལྡན་པའི་གཟུངས་འདིས་ལྷ་དང ། སྔགས་དང ། ཕྱག་རྒྱ་བཅིངས་པ་རྣམས་ནུས་པ་དང་ལྡན་པར་འགྱུར་རོ། ། ལྷ་དང ། སྔགས་དང ། ཕྱག་རྒྱ་རྣམས་ཀྱིས་ལྟས་དང་མཚན་མ་བར་ཆད་མེད་པར་འགྱུར་རོ། །སྲོད་དང་ཐོ་རངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ 15b གི་གཟུངས་འདི་རྗེས་སུ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གསུམ་པ་བཀོད་པའི་ཁྲུས་འདི་ལ་བརྩོན་པར་བྱའོ། །ན་མཿ ་ས་མནྟ་དུ་དྷ་ནཱཾ། ཏདྱ་ཐཱ། ཨོཾ་ཨི་ཧོ་ཤུདྡྷེ་ཤུདྡྷེ། མཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཨཾ་ཤུདྡྷེ་ཤུདྡྷེ། ཨ་ཤུ་མཾ་བི་ཤུདྡྷེ་ཤུདྡྷེ་ས་མ་ཡ་སཝཱ་ཧཱ་ཞེས་བརྗོད་དོ། །འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གསུམ་བཀོད་པའི་གཟུངས་ཏེ། ཆུ་ལ་སྔགས་བཟླས་ནས་ཁྲུས་བྱས་ན། སྡིག་པ་ཀུན་འདག་པར་འགྱུར་རོ། །རྨི་ལམ་ངན་པ་དང ། ལྟས་ངན་པ་དང ། མཚན་མ་ངན་པ་དང ། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིམས་དང ། འབྲུམ་བུ་དང ། ལྷ་གོར་དང ། འབྲས་དང ། ཤུ་བ་དང ། འོག་བའི་ནད་དང ། འཚེ་བ་ལས་ཐར་བར་འགྱུར་རོ། །འཕགས་པ་མི་གཡོ་བའི་གཟུངས་ལས། ལེའུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཚར་གཅོད་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་གསུངས་པ། དང་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཨེའི་རྣམ་པ་ཅན་གྱི་ནམ་མཁའོ། །རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་ཅན་ཡཾ་ལས་བྱུང་བའོ། །ཆུའི་དཀྱིལ་འཁོར་གངས་ལྟར་དཀར་བའི་ 16a ༄#། །ཟླུམ་པོ་བུམ་པ་ཅན་བཾ་ལས་སོ། །སའི་དཀྱིལ་འཁོར་གསེར་གྱི་མདོག་ཅན་གྲུ་བཞི་རྡོ་རྗེ་ཅན་ལཾ་ལས་བྱུང་བའོ། །དེའི་སྟེང་དུ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཚད་དང་ལྡན་པ་ཨོཾ་ལས་བྱུང་བའོ། །མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་འབར་བ་དང་བཅས་པ་རཾ་ལས་སོ། །དེའི་ནང་དུ་བྷྲུཾ་ཁ་དོག་སྣ་ཚོགས་ལས་བྱུང་བའི་ཁང་བུ་བརྩེགས་པ་གྲུ་བཞི་དང་བཅས་པའི་རིན་པོ་ཆེ་སྨྲ་ལྔ་ལས་གྲུབ་པ་ནི། ཤེལ་དང ། བཻ་ཌཱུརྱ་དང ། བྱི་རུ་དང ། ིནྡྲ་ནཱི་ལ་དང ། གསེར་ལས་གྲུབ་པའོ། །དེའི་ནང་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པའི་གདན་ནོ། །ཤར་གྱི་འདབ་མ་ནི། ཤེལ་ལས་གྲུབ་པའོ། །ལྷོའི་འདབ་མ་ནི། བཻ་ཌཱུརྱ་ལས་གྲུབ་པའོ། །ནུབ་ཀྱི་འདབ་མ་ནི། ཕྱི་རུ་ལས་གྲུབ་པའོ། །བྱང་གི་འདབ་མ་ནི། ཨིནྡྲ་ནཱི་ལ་ལས་གྲུབ་པའོ། །མཚམས་རྣམས་ཀྱང་ཤེལ་དང ། བཻ་ཌཱུརྱ་དང ། བྱི་རུ་དང ། ིནྡྲ་ནཱི་ལ་ལས་གྲུབ་པའོ། །དབུས་སུ་ནི། ཚོགས་བདག་གླང་སྣའི་སྟེང་དུ་སྣ་ཚོགས་པའི་འདམ་སྐྱེས་དང་ཉི་མའི་གདན་ནོ། །ཤར་དུ་བརྒྱ་བྱིན། ལྷོར་ལྷ་ཆེན་པོ། །ནུབ་ཏུ་ཁྱབ་འཇུག་།བྱང་དུ་ཐགས་བཟང་རིས་སོ། །ཤར་ལྷོ་མཚམས་སུ་ཚངས་པ། ལྷོ་ནུབ་མཚམས་སུ་གཞོན་ནུ། ནུབ་བྱང་དུ་དགའ་བྱེད། བྱང་ཤར་དུ་ཀུན་ 16b རྒྱལ་བ་སྟེ། ལྷ་ཆེན་པོ་བརྒྱད་ཀྱི་སྟེང་དུ་པདྨ་དང་ཉི་མའི་གདན་ནོ། །ཡི་གེ་རཾ་ལས་བྱུང་བའི་ཉི་མ་དང ། མཾ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་མཾ་དང་ལྡན་པ་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བདག་ཉིད་ཀྱི་མི་གཡོ་བ་ནམ་མཁའི་མདོག་ཅན། ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པའོ། །རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ། ཕྱག་གཡས་ན་རལ་གྲི་པ་སྣམས་པ། གཡོན་ན་ཀླུའི་རྒྱལ་པོའི་ཞགས་པ་བསྣམས་པ། ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པའོ། །ཤར་དུ་བཅོམ་ལྡན་འདས་རྡོ་རྗེའི་རིགས་ཡི་གེ་ཙཾ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་ཙམ་དང་ལྡན་པ་ལས་བཅོམ་ལྡན་འདས་རྡོ་རྗེའི་རིགས་ཀྱི་བདག་ཉིད་ཅན་གྱི་མི་གཡོ་བ་ཤེལ་གྱི་མདོག་ཅན། ཉི་མའི་སྙིང་པོ་ལ་བུས་མོ་རེག་ཅིང་བཞུགས་པ། རིན་པོ་ཆེའི་རྒྱན་དང་ལྡན་པའོ། །བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུ་ནོར་རྒྱས་བསྣམས་པ། ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་བའོ། །ལྷོར་བཅོམ་ལྡན་འདས་རིན་པོ་ཆེའི་རིགས་ཡི་གེ་དྷཱི་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་དྷཱི་དང་ལྡན་པ་ལས་བཅོམ་ལྡན་འདས་རིན་པོ་ཆེའི་རིགས་ཀྱི་བདག་ཉིད་ 17a ༄#། །མི་གཡོ་བ་བཻ་ཌཱུརྱའི་མདོག་ཅན། ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པ། རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུའི་རྒྱལ་པོའི་ཞགས་པ་བསྣམས་པ། ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པའོ། །ནུབ་ཏུ་བཅོམ་ལྡན་འདས་པདྨའི་རིགས་ཡི་གེ་མཾ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་མཾ་དང་ལྡན་པ་ལས་བཅོམ་ལྡན་འདས་པདྨའི་རིགས་ཀྱི་བདག་ཉིད་ཅན་གྱི་མི་གཡོ་བ་བྱི་རུའི་མདོག་ཅན། ཉི་མའི་སྙིང་པོ་ལ་ཕུས་མོ་རེག་ཅིང་བཞུགས་པ། རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ། གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུ་ཆུ་ལྷ་བསྣམས་པ། ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པའོ། །བྱང་དུ་བཅོམ་ལྡན་འདས་ལས་ཀྱི་རིགས་ཡི་གེ་ཧཾ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་ཧཾ་དང་ལྡན་པ་ལས་བཅོམ་ལྡན་འདས་ལས་ཀྱི་རིགས་ཀྱི་བདག་ཉིད་ཅན་གྱི་མི་གཡོ་བ་ཨིནྡྲ་ནཱི་ལའི་མདོག་ཅན། ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པ། རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་ 17b འགེངས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུ་རིགས་ལྡན་བསྣམས་པ། ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པའོ། །ཤར་ལྷོ་མཚམས་སུ་རཾ་ལས་བྱུང་བའི་ཏྲི་ཤཱུ་ལ་རཾ་གྱིས་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་པའི་ཁམས་གསུམ་རྣམ་པར་རྒྱལ་བ་གཡས་ཀྱི་དང་པོ་ན་ཏྲི་ཤཱུ་ལ། གཡོན་གྱི་དང་པོ་ན་ཀླུ་མཐའ་ཡས་ཀྱི་བུ།་གཡས་གཡོན་གྱི་འོག་མ་ན་རྡོ་རྗེ་དང་ཐོད་པ་བསྣམས་པའོ། །ལྷོ་ནུབ་མཚམས་སུ་ཥཾ་ལས་བྱུང་བའི་དབྱུག་ཐོ་ཥཾ་གྱིས་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་པའི་གཤིན་རྗེའི་གཤེད་པོ་བཻ་ཌཱུརྱའི་མདོག་ཅན། གཡས་ཀྱི་དང་པོ་ན་རྡོ་རྗེའི་དབྱུག་ཐོ། གཡོན་གྱི་དང་པོ་ན་ཀླུ་དགའ་བོ་བསྣམས་པའོ། །གཡས་གཡོན་གྱི་འོག་མ་གཉིས་ན་ཐོ་བ་ཕུར་བུ་བསྣམས་པ། ནུབ་བྱང་མཚམས་སུ་ཎ་ལས་བྱུང་བའི་ཁ་ཊྭཱཾ་ག་ཎས་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་པའི་རྟ་མགྲིན་བྱི་རུའི་མདོག་ཅན། གཡས་ཀྱི་དང་པོ་ན་ཁ་ཊྭཱཾ་ག་།གཡོན་གྱི་དང་པོ་ན་ཀླུ་པདྨ་ཆེན་པོ་བསྣམས་པ། གཡས་གཡོན་གྱི་འོག་མ་ན་ལྕགས་སྒྲོག་བསྣམས་པའོ། །བྱང་ཤར་མཚམས་སུ་ཧཱུཾ་ལས་བྱུང་བའི་བེ་ཅོན་ཧཱུཾ་གིས་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་པའི་བདུད་རྩི་འཁྱིལ་བ་ཨིནྡྲ་ནཱི་ལའི་མདོག་ཅན། གཡས་དང་པོ་ན་ 18a ༄#། །བེ་ཅོན། གཡོན་གྱི་དང་པོ་ན་ཀླུ་སྟོབས་ཀྱི་རྒྱུ་བསྣམས་པ། གཡས་གཡོན་གྱི་ཐ་མ་གཉིས་བསྣོལ་ནས་བསྡིགས་པའོ། །ཤར་ལྷོའི་གྲུ་ཆད་ལ་ལྷ་མོ་བདུག་པ་མ་མདོག་མཐིང་ག་པོག་ཕོར་འཛིན་པ་དང་ལྡན་པ། ལྷོ་ནུབ་ཏུ་ལྷ་མོ་མེ་ཏོག་མ་མདོག་དཀར་མོ་མེ་ཏོག་འཛིན་པ་དང་ལྡན་པའོ། །ནུབ་བྱང་དུ་ལྷ་མོ་མར་མེ་མ་དམར་མོ་མར་མེ་འཛིན་པ། བྱང་ཤར་དུ་ལྷ་མོ་དྲི་ཆབ་མ་ལྗང་གུ་དྲི་ཆུ་བསྣམས་པའོ། །དེ་དག་ནི། གཞོན་ནུ་ལང་ཚོ་ལ་བབ་པ། མཛེས་པའི་ཚུལ་ཅན་ཧཱུཾ་ལས་བསྐྱེད་པར་བྱའོ། །ཤར་ཕྱོགས་སུ་ལྷ་མོ་རྟའི་གདོང་ཅན་ཁ་དོག་དཀར་པོ་ལྕགས་ཀྱུ་བསྣམས་པའོ། །ལྷོ་ཕྱོགས་སུ་ལྷ་མོ་གསེར་གྱི་མདོག་ཅན་ཞགས་པ་འཛིན་པའོ། །ནུབ་ཕྱོགས་སུ་ལྷ་མོ་དམར་མོ་ལྕགས་སྒྲོག་འཛིན་པའོ། །བྱང་ཕྱོགས་སུ་ལྷ་མོ་ལྗང་གུ་དྲིལ་བུ་འཛིན་པའོ། །དེ་དག་ནི། ཅུང་ཞིག་ཁྲོས་པའི་ཚུལ་ཅན་གྱི་ཕཊ་ལས་བསྐྱེད་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ཡོངས་སུ་གནས་པར་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བརྗོད་པའི་གཟུངས་འདི་གསུངས་སོ། །ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ན་མཿ ་ས་མནྟ་བཛྲཱ་ནཱཾ། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། 18b ན་མཿ ་ས་མནྟ་བཛྲཱ་ཎཱཾ། ཨ་ཀྲོ་དྷེ་ཀ་ཡ་མནྟ་ཀ་ཧཱུཾ་ཕཊ། ན་མཿ ་ས་མནྟ་བཛྲཱ་ཎཱཾ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ན་མཿ ་ས་མནྟ་བཛྲཱ་ཎཱཾ། ཏྲ་ཐ་ཨ་མོ་གྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ།་ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཏྲ་ཐ་བཛྲ། ཨ་ཙ་ལ་ཙེ་ཏ་ད་ཧ་ད་ཧ་ཧཱུཾ་ཕཊ། ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཏྲ་ཐ་རཏྣ་ཨ་ཙ་ལ་པ་ཙ་ཧཱུཾ་ཕཊ། ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཏྲ་ཐ་པདྨ་ཨ་ཙ་ལ་ཙ་ལ་བནྡྷཱ་ཧཱུཾ་ཕཊ། ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཏྲ་ཐ་ཨ་མོ་གྷ་ཀརྨ་ཨ་ཙ་ལ་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་བྱ་བ་གསུངས་ཏེ། ལྷ་དང ། ལྷ་མ་ཡིན་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ལྷ་དང ། ཀླུ་དང ། མ་རུངས་པ་དང ། སྡང་བ་རྣམས་ཞི་བར་བྱེད་ཅིང་སྡིག་པ་དམན་པའི་ལས་རྣམས་འདག་པར་འགྱུར་རོ། །འཕགས་པ་མི་གཡོ་བའི་གཟུངས་ལས། ལེའུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ནང་དུ་གཟུངས་སྔགས་འདི་བཀའ་སྩལ་ཏོ། །ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་ཙ་ལ་ཀ་ན། ཙཎྜ་ཙཎྜ། ན་ཏ་ན་ཏ། མ་ཏ་ཊ་མ་ཏ་ཊ། མོ་ཊ་ཏ་མོ་ཊ་ཏ། ཤ་ཏ་ཤ་ཏ། ཊ་ཏ་ཊ་ཏ། ཧ་ན་ཧ་ན། ད་ཧ་ད་ཧ། མོ་ཧ་མོ་ཧ། མོ་ཧ་སརྦ་པཱ་པཾ་ཀ་ར། ཧ་ས་ཧ་ས། བཛྲ་ཧ་ས་ཨ་མོ་གྷ་ཀུ་རུ། ཧ་ས་ཧ་ས། མརྟ་མརྟ། གརྫ་གརྫ། བནྡྷ་བནྡྷ། ཧ་ན་ཧ་ན། ཏིཥྛ་ཏིཥྛ། ཨཱ་བི་ཤ་ཡ་ཨཱ་བི་ཤ་ཡ། མ་ཧཱ་ 19a ༄#། །མནྟྲ་པ་ལ་ཀ་།དུ་ན་དུ་ན། ཏི་ནི་ཏི་ནི། ཁ་ད་ཁ་ད། སརྦ་བིགྷྣཱཾ། མཱ་ར་ཡ་མཱ་ར་ཡ། སརྦ་དུཥྚཱཾ། བྷཀྵ་བྷཀྵ། སརྦ་བིགྷྣཱཾ། ཀུ་རུ་ཀུ་རུ། མ་ཧཱ་བི་ཤཝ།་སརྦ་པཱ་པཾ། མ་ཧཱ་བཛྲ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱིཿ ་བ་ལི་ཏ་ར་གྷ་ན་ཏ་ཀ། ཧཱུཾ་ཧཱུཾ་མཾ་མཾ་ཧཾ་ཧཾ། ན་མཿ ་ས་མནྟ་བུདྡྷཱ་ནཱཾ། མ་ཧཱ་ཙཎྜ་མ་ཧཱ་རོ་ཥ་ཎཱ་ཡ། ཨ་མོ་གྷ་ཨེ་ཧི། ཨ་པྲ་ཏི་ཧ་ཏ་ཨེ་ཧི། ཨ་ཙ་ལེ་ཙེ་ཏ་ཨ་ནནྟ་ཀ་ནཱཾ། ཏིཥྛ་ཏིཥྛ། ཙ་རུ་ཙ་རུ། ཏ་དི་ཏ་དི། ཏ་ཊ་ཏ་ཊ། བིགྷྣཱ་གྷཱ་ཏ་ཡ། མཱ་ར་ཡ། ཁཱ་ད་ཡ། སྥོ་ཊ་ཡ། ས་ཙ་མེ། ཨ་ནུ་བནྡྷ་ཨཱ་ཛྙཱ་ཀུ་རུ་ཀུ་རུ། ཨ་ཧ་ས། ཨ་ད་ན། ཀྲ་ཀ་ཏ་མ་ཊ། མ་ཊ་མ་ཊ། ཧཾ་ཧཾ། ཨ་ཏི་པ་ལ་ཨི་ཏི་མ་ཧཱ་གུ་ཎ་བ་ཤི་ན། ནཊྚ་ནཊྚ་ཏ། ཨཱ་བི་ཤ་ཡ། ཨ་ཙ་ལ་ཙེ་ཏ། སརྦ་ཏྲ་ཨ་ནུཏྟ་རེ། ཀ་ཙེ་ཏ་ཏ་ཊ་ཏ་ཊ། ཌ་མ་ཌ་མ། ཧཾ་ཧཾ་མཾ་མཾ་ཕཊ་ཕཊ་ཧཱུཾ། ན་མཿ ་ས་མནྟ་བཛྲ་ཎཱཾ། ཏྲ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཡ་ཏྲ་མ་ཡ་ཧཱུཾ་ཏྲ་ཊ། ཧཾ་མཾ།་ཨོཾ་བ་ལི་ཏཾ་ཏེ་ཛོ་བ་ལིཾ་སཝཱ་ཧཱ། ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ། ཨ་ཙ་ལ་ཙེ་ཏ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ། ཨ་ས་མནྟི་ཀ་ཏྲ་ཏ། མ་ཧཱ་པ་ལ། ཥ་ཊ་པཱ་ར་མནྟྲཾ།་ཨཾ་ཨཾ་ཧཱུཾ་ཧཾ། ཤུདྡྷ་ཏྲཻ་ལོ་ཀྱ་ཏུ་ཤྱེཾ་ཏུ་བཛྲ། ཨ་པྲ་ཏ་ཧ་ཏེ་བི་ལི་བྷྱཿ ་ན་མོ་ཛ་ལ་ཡ་ཏྲ་ཏ། ཨཊྚ་ཧ་ས་ན་མཾ་ཧཱཾ་སཝཱ་ཧཱ་ཞེས་གསུངས་མ་ཐག་ཏུ་འཛམ་བུ་གླིང་ན་ 19b གནས་པའི་ལྷ་དང ། ལྷ་མ་ཡིན་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། མི་འམ་ཅི་དང ། ལྟོ་འཕྱེ་ལ་སོགས་པ་ཐམས་ཅད་སྲེག་ཅིང་ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་ཆོ་ག་གསུངས་སོ། །ལྕགས་སྣ་ལྔ་ལས་བྱས་པའི་རལ་གྲི་ཁྲུ་ཚད་གསུམ་པ་བྱས་ཏེ་སྔགས་ཀྱི་ཕྲེང་བ་མཾ་ཧཾ་ཞེས་བྱ་བ་བཀོད་ལ། ཁྲུ་དོ་དང་ལྡན་པའི་སྤོས་ཀྱི་མཎྜལ་བྱས་ཏེ་མཆོད་པའི་རྫས་དང་ལྡན་པའི་དྲི་བཞག་སྟེ་གཟུངས་སྔགས་འདི་ཁྲི་ཕྲག་ཏུ་བརྗོད་ཅིང་བཟླས་ན། རལ་གྲི་ནམ་མཁའ་ལ་འཕགས་པར་འགྱུར་རོ། །དེ་ནས་གཡུལ་དུ་ཞུགས་ན་དཔག་བསམ་གྱི་ཤིང་ཡང་དུམ་བུ་དུམ་བུར་གཅོད་པར་འགྱུར་ཏེ། གཡུལ་ལས་རྒྱལ་བར་བྱེད་དོ། །ལྕགས་སྣ་ལྔ་ལས་བྱས་པའི་ལྷུང་བཟེད་བྱས་ཏེ་མཾ་ཧཾ་ཞེས་བྱ་བའི་ཡི་གེ་བཀོད་དེ། གསེར་དང ། དངུལ་དང ། ཟངས་ལས་བྱས་པའི་བུམ་པར་གདུགས་དང ། རྒྱལ་མཚན་དང ། དཔལ་བེའུ་དང ། མེ་ཏོག་དང ། འཁོར་ལོ་དང ། ཉ་དང ། དུང་གཡས་སུ་འཁྱིལ་བ་རྣམས་དང ། བྱི་རུ་བཅུག་པའམ། ཡང་ན་ཟངས་ལ་བྱི་རུ་བཅུག་པར་བྱས་ལ་གཟུངས་སྔགས་འདི་གྲོ་གའམ་རས་ལ་བྲིས་ཏེ་ཁོང་པའམ་མགུལ་དུ་བཏགས་ནས་གཟུངས་སྔགས་བྱེ་བ་བཟླས་ན། ལྷུང་བཟེད་ནམ་མཁའ་ལ་འཕགས་ཏེ། གསོལ་བ་ 20a ༄#། །བཏབ་ན་འདོད་པའི་ཡོན་ཏན་ཅི་འདོད་པ་འབྱུང་སྟེ། ལྗོན་པའི་ཤིང་བཞིན་ནོ། །ནམ་མཁའི་ཏྲི་ཏའི་ལྕེ་དང ། འུག་པའི་མིག་དང་གཉིས་ཆ་མཉམ་པ་དང ། ལྕགས་སྣ་གསུམ་གྱི་ཕྱེ་མ་ལ་ཁཝ་ཏའི་ཁྲག་གིས་རིལ་བུ་བདུན་ནམ་ཉི་ཤུ་རྩ་གཅིག་བྱས་ཏེ་ཐོད་པ་དུམ་བུ་གཅིག་པར་བཅུག་ལ་གཟུངས་སྔགས་ཧཾ་མཾ་ཞེས་བྱས་པས་པདྨ་ལ་བསྐོར་ཏེ་གཟུངས་སྔགས་བྱེ་བ་བཟླས་ན་པདྨ་ནམ་མཁའ་ལ་འཕགས་ཏེ། དེ་མི་དབུགས་དང་བྲལ་མ་ཐག་ཏུ་སྙིང་གི་ཁྲག་རླངས་དང་སྦྱར་ཏེ། མིག་ནི་སྣང་བྱེད་དུ་བསམ་ཞིང་རལ་གྲིའི་ཕྱག་རྒྱས་མིག་དང་རྣ་བ་ལ་བསྐུས་ན། ཐམས་ཅད་མཐོང་ཞིང་ཐོས་ལ། ཁར་བཅུག་ན་རང་ཉིད་སུས་ཀྱང་མི་མཐོང་བར་འགྱུར་རོ། །ན་མཿ ་ས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་བྱ་བ་ལོ་ཀི་ཏེ་ཛ་ཡ་ཛ་ཡ། བཱ་ཀྱེ་དཾ་ན་ཝ་ནི་ཙཀྵུ་ར་བི་ཤོ་དྷ་ཡ་སཝཱ་ཧཱ། རྔ་ལྤགས་ལ་བྱ་རྒོད་ཀྱི་ཚིལ་བུ་བྱུགས་ནས་མཉེས་ཏེ་ལྷམ་བྱས་ལ། ཧཾ་དང་མཾ་རང་གི་རྐང་མཐིལ་ལ་ཕྲིས་ཏེ་གཟུངས་སྔགས་བྱེ་བ་བཟླས་ན་ལྷམ་ནམ་མཁའ་ལ་འཕགས་ཏེ་རྐང་པ་ལ་བྱ་རྒོད་ཀྱི་ཚིལ་བུ་བྱུགས་ནས་གོ་ན་ན་གར་འདོད་པར་ཕྱིན་ནོ། །ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ཨོཾ་བྲུཾ་མ་ཧཱ་ཡེ་གྲྀ་ཏ་སཝཱ་ཧཱ་ཞེས་བྱ་བས་ནམ་མཁའ་ལ་འགྲོ་ཞིང་འཕགས་ཏེ་བྱ་རྒོད་བཞིན་དུའོ། །སྐྱེ་བ་བདུན་ 20b བའི་ཤ་དང ། བྱ་རྒོད་ཀྱི་ཤ་དང ། རྩངས་པའི་ཤ་དང ། སྦྲང་རྩི་རྣམས་སྦྱར་ལ་ལྡེ་གུ་བྱས་ཏེ་གཟུངས་སྔགས་བྱེ་བ་བརྗོད་དེ་ལུས་ལ་བྱུགས་ནས་རམ་ཉེ་བ་དང ། ཉེའུ་ཤིང་པ་དང ། བྲ་མ་ཀ་རའི་མར་དང་སྦྱར་བའི་ལྡེ་གུ་རྣམས་ནང་རེ་ལ་སྲང་རེ་ཆ་སྦྲང་རྩི་དང ། བ་སེར་སྐྱའི་འོ་མ་རྣམས་བཏང་སྟེ་ཟླ་བ་གཅིག་ཏུ་བསྒྲུབས་ན། ནམ་མཁའ་ལ་ཐོགས་པ་མེད་དོ། །རྟ་ནག་པོ་མིག་གཉིས་དཀར་པོ་འམ། བྱི་བ་ནག་པོ་རྣ་བ་གཉིས་དཀར་པོའམ། ཕ་བང་དཀར་པོ་རྣམས་མི་མངལ་ནས་སྐྲ་དཀར་པོའི་སྲོག་ཆགས་ལ་རྨ་བྱའི་ཆུ་ཁམ་ཕོར་དུ་བླུགས་པ་ལ་གཟུངས་སྔགས་བྱེ་བ་བཟླས་ཏེ་བླུད་ལ། དེའི་མིག་གཉིས་མ་ནོར་བར་བཏོན་པ་གྲིབ་མ་ལ་བསྐམས་ནས་མ་རུལ་པའི་ཕྱེ་མ་ལ་སྔགས་འདི་བཏབ་ཏེ་གཡས་གཡོན་མ་ནོར་བར་བྱུགས་ན། ཐམས་ཅད་མཁྱེན་པར་འགྱུར་རོ། །འཕགས་པའི་སྤྱན་དང་ལྡན་པར་འགྱུར་རོ། །མོན་སྤོས་དང ། གིའུ་ཝང་དང ། སྟག་མའི་ཤུན་པ་དང ། ཉ་མཁྲིས་དང ། རུ་རྟ་དང ། ཕུག་རོན་གྱི་མིག་དང ། ལྕེ་དང ། གོ་རོ་ཙ་ན་དང ། རྟུག་པ་རྣམས་ལ་རིལ་བུ་བྱས་ཏེ་ཁམ་པའི་གའུར་རིལ་བུ་རེ་རེ་ལ་གཟུངས་སྔགས་ཧམ་མམ་ཞེས་བྱ་བ་བརྗོད་དེ་གའུ་ནམ་མཁའ་ལ་འཕགས་ནས། ན་མཿ ་ས་མནྟ་བུདྡྷཱ་ནཱཾ། ན་མ།་ཡཾ་ན་མ་ཧཱ་རི་བི་ནི་ནཏྟི་ཧྲཱིཿ ་ཞེས་ལན་བདུན་བཏབ་ནས་ 21a ༄#། །བྱིན་ན།་གང་འདོང་པ་དེ་དབང་དུ་འགྱུར་རོ། །བྱ་རྒོད་དང ། བྱ་གག་དང ། ཁྲ་དང ། སྟག་དང ། སྤྱང་ཀི་དང ། ཝ་དང ། དེ་རྣམས་ཀྱི་མཆེ་བ་དང ། སྡེར་མོ་དང ། བྲམ་ཟེའི་རུས་པའི་ཐལ་བ་ལ་གཟུངས་སྔགས་བཟླས་ཏེ་སྒྲུབ་པ་བྱས་ནས་དུས་མ་ཡིན་པའི་སྤྲིན་དང ། སེར་བ་དག་ལ་གཏོར་ན་སྤྲིན་རྣམས་འཐོར་ཞིང ། སེར་བ་དང ། འབྲུག་དང ། ཐོག་ལ་སོགས་པ་ཞི་བར་འགྱུར་རོ། །གཅན་གཟན་ཐམས་ཅད་དང ། ཤ་ཟ་ཐམས་ཅད་དང ། ཁྱི་དང ། ཕག་དང ། རྔ་མོའི་རྟུག་པ་དང ། གུ་གུལ་དང་སྦྱར་ཏེ་དུད་པས་བདུགས་ན། དོམ་ཀུན་འབྲོས་པར་འགྱུར་རོ། །འཕགས་པ་མི་གཡོ་བའི་གཟུངས་ལས། ལེའུ་བདུན་པའོ།། །།ོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གཟུངས་སྔགས་འདི་ནི། སྔགས་ཀྱི་རྒྱལ་པོ་སྟེ། ལན་གཅིག་བརྗོད་པས་ཀྱང་འཛམ་བུའི་གླིང་གི་ལྷ་དང ། ཀླུ་དང ། གནོད་སྦྱིན་ལ་སོགས་པ་ཀུན་ཞི་བར་འགྱུར་རོ། །རིམས་ཉིན་གཅིག་པ་དང ། ཟླ་བ་ཕྱེད་པ་དང ། ཟླ་བ་གཅིག་པ་དང ། ལྡང་དུབ་པ་དང ། རྟག་པའི་རིམས་དང ། ཡུད་ཙམ་པ་ལས་ཐར་རོ། །འབྲུམ་བུ་དང ། ལྷ་གོར་དང ། ཤུ་བ་དང ། མེ་དཔལ་དང ། གཡན་པ་དག་ཞི་བར་འགྱུར་རོ།། 21b ལན་གཅིག་བརྗོད་པས་ཀྱང་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཞི་བར་འགྱུར་རོ། །རིག་བྱེད་ཚིག་གི་དང་པོ་དང ། །གཉིས་པའི་དང་པོར་བཅས་པ་ནི། །གསུམ་པ་དག་ནི་ལྔ་པར་ལྡན། །བཞི་པ་ཡི་ནི་བཞི་པ་དང ། །ལྔ་པ་དག་གི་ལྔ་པའོ། །ུཥྨའི་རྣམས་ཀྱི་བཞི་པ་དང ། །མཐར་གནས་པ་ཡི་གཉིས་པ་ནི། །ོ་ཡིས་མཚན་པ་བྲི་བྱ་སྟེ། །ུཥྨ་རྣམས་ཀྱི་གཉིས་པ་དང ། །བཞི་པའི་ཡི་གེ་ལྔ་པ་དང ། །ུཥྨའི་ཡི་གེ་བཞི་པ་ལ། །ུ་ཡིས་བརྒྱན་ཅིང་ཐིག་ལེར་བཅས། །སྡེ་ཚན་ལྔ་པ་དག་གི་ནི།། དང་པོའི་ཡི་གེ་སྤངས་པ་དང ། །བཞི་པ་དང་པོར་བཅས་པ་ནི། །སྙིང་པོའི་ཡི་གེ་བཅུ་པ་དག་།འཁོར་ལོ་རྩིབས་བཅུ་པ་བསྒྲུབ་བྱའི་མིང་དང་བཅས་པ་བྲིས་ཏེ་ཁྱི་ནག་པོའི་ཐོད་པའི་ནང་དུ་བཅུག་ལ་གཟུངས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཉུངས་ཀར་གྱིས་བྲབ་པར་བྱའོ། །དེ་ནས་ཀླུ་ཡོད་པའི་གནས་སུ་ཁྱེར་ལ་རང་གི་ལུས་ལ་གླ་རྩིས་བྱུགས་ཏེ་ཆུ་མིག་ཏུ་ཐོད་པ་བཅུག་ལ་གཟུངས་སྔགས་འདི་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ་ཤྩཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ན་མོ་བྷ་ག་ཏེ་བུདྡྷ་བཱ་རཱི་ཡ། ཏདྱ་ཐཱ། ཕུ་ཊ་ཕུ་ཊ། བྷ་ར་བྷ་ར། མི་ལི་མི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ། ཕྱག་རྒྱ་ནི། སོར་མོ་རྣམས་བརྐྱང་སྟེ་མཐེའུ་ཆུང་བཀུག་ལ་མཐེ་བོས་མནན་ཏེ་བསྐོར་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ 22a ༄#། །ཡ།་ན་མཤྩཎྜ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ན་མི་མི་ལི་ཙི་ལི་དྷོཾ། །བནྡྷ་ཡ། ཀྲོ་དྷ་ཡ། བཛྲ་ལ་མ་ཡ། མ་ཀ་ན་ཡ། ཨོཾ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ།་སྥུ་ཊ་སྥུ་ཊ། སརྦ་ན་ག་བནྡྷ་བནྡྷ། ནཱ་ག་ན་སི་ར་ས་ར། བི་ས་ར་སརྦ་དུ་ཥྚཱཾ་ཧྲི་ད་ཡ། ཤོ་ཥ་ཎ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཕྱག་རྒྱ་ནི། ལག་པའི་ཟུར་གཉིས་གཤིབས་ཏེ་སྲིན་ལག་གཉིས་རྒྱབ་ཏུ་བསྣོལ་ལ་མཛུབ་མོ་གཉིས་ཀྱིས་མནན་ནས་མཐེའུ་ཆུང་གཉིས་གཤིབས་བསྒྲེང་ལ་གུང་མོ་དང་མཐེ་བོང་གཉིས་གཤིབས་ཏེ་སྤྱི་བོར་བཞག་ནས་སྔགས་ལན་བདུན་བརྗོད་དེ་ལྡང་བར་བྱའོ། །གུ་གུལ་དང ། ཡུངས་ཀར་དང ། ཤིང་ཀུན་དང ། དྲི་ཆེན་དང ། ཉའི་མཁྲིས་པ་དང ། སྒོག་སྐྱ་དང ། ཤུ་དག་རྣམས་སྦྱར་ཏེ་ལུས་ལ་བྱུགས་ན་རྫས་ཀྱིས་སྲུང་བའོ། །རྒྱ་སོལ་གྱི་མེ་ལ་བསྲེགས་ཏེ་བདུགས་ན། སེར་བ་དང ། དུས་མ་ཡིན་པའི་རླུང་རྣམས་ཞི་བར་འགྱུར་ཞིང་གདོན་རྣམས་འབྲོས་པར་འགྱུར་རོ། །ཞོ་དང ། འོ་མ་དང ། མར་དང ། སྦྲང་རྩི་དང ། བུ་རམ་དང ། ཁ་ར་དང ། འབྲས་ཡོས་དང ། དུང་དང ། མཚལ་དང ། རྒྱ་མཚོའི་ལྦུ་བ་ལ་སོགས་པ་དག་འཁར་གཞོང་དུ་བླུགས་ཏེ་ཡུངས་ཀར་ལ་གཟུངས་སྔགས་འདི་བརྗོད་ཅིང་ཀླུ་མཆོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ 22b ཤྩཎྜ་བཛྲ་ཀྲོ་དྷཱ་ཧཱུཾ་ཧཱུཾ། ཏདྱ་ཐཱ། ཨོཾ་ཨ་ནནྟ་ཀ་།ཏཀྵ་ཀ། ཤཾ་ཁ་པཱ་ལ། བཱ་སུ་ཀི་།མཧཱ་པཏྨ། ཨོཾ་ག་ཏ་པ་ལ་ཝ་ཏ། ཀརྐོ་ཊ་ཕུ་སཝཱཧཱ་ཞེས་བརྗོད་པས་ཀླུ་རྣམས་བདེ་བ་དང་ལྡན་པར་འགྱུར་རོ། །ཆར་དབབ་པར་འདོད་ན། དྲི་ཞིམ་པོའི་ཆུས་མཎྜལ་བྱས་ཏེ་སྤྲ་ཚིལ་ལ་ཀླུའི་གཟུགས་སོར་མོ་ཉི་ཤུ་རྩ་ལྔ་པ་བྱས་ནས་མཎྜལ་གྱི་སྟེང་དུ་མེ་ཏོག་གཏོར་ལ་གཟུངས་ཐག་བཏགས་ཏེ་གཞག་པར་བྱའོ། །སྙིང་གར་གོང་གི་དེ་གྲོ་ག་ལ་གིའུ་ཝང་གིས་བྲིས་ལ་བཞུགས་པར་བྱས། ཉིན་མཚན་དུ་མཆོད་ཅིང་བལ་པོ་སེའུའི་ལྕུག་མས་ཁྱབ་པར་བྱས་ནས་གཟུངས་འདི་བརྗོད་པར་བྱའོ། །ོཾ་སུཾ་སུ་པྲ་ཏི་བཛྲ་དུནྟེ་མི་ལི་མི་ལི་བ་རི་ཤ་ཡ་སཝཱཧཱ་ཞེས་བརྗོད་དེ། རང་སྨྱུང་བར་གནས་པར་བྱའོ། །གལ་ཏེ་ཀླུ་རྣམས་ཀྱིས་ཆར་མི་འབེབས་ན། ཀླུ་རྣམས་ཀྱི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་འགས་པར་འགྱུར་རོ། །སྤོས་ཀྱི་མཎྜལ་བྱས་ཏེ་རྒྱ་སྤོས་ཀྱི་མེ་ལ་གཟུགས་བསྲོ་ཞིང་གཟུངས་སྔགས་བརྗོད་པ་ནི། སྤོགས་པའི་ཆོ་གའོ། །དྲི་ཞིམ་པོའི་མེ་ལ་བུ་རམ་དང ། སྦྲང་རྩི་དང ། ཁ་ར་དང ། ཏིལ་ལ་སོགས་པའི་དགང་བླུགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པར་བྱ་སྟེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཤཱནྟིཾ་ཀུ་རུ་སཝཱཧཱ་ཞེས་བྱ་བས་མཆོད་པར་བྱའོ། །འཕགས་པ་མི་གཡོ་བའི་གཟུངས་ལས། 23a ༄#། །ལེའུ་བརྒྱད་པའོ།། །།དེ་ནས་འདམ་སྐྱེས་པདྨ་སྣ་ཚོགས་པའི་འདབ་མ་ཅན་གྱི་སྟེང་དུ་ཨ་ལས་བྱུང་བའི་ཆུའི་དཀྱིལ་འཁོར།་དེའི་སྟེང་དུ་མུ་གྱི་ས་བོན་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་མུཾ་དང་ལྡན་པ་ལས་འཕགས་པ་འཇམ་དཔལ་མགོན་པོའི་སྐུ་བྱིས་པ་ལོ་བརྒྱད་གཉིས་ལོན་པ་ལྟ་བུ། གསེར་བཙོ་མའ་མ་གུར་གུམ་གྱི་ཁ་དོག་འདྲ་བ། ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བྯྮུགྶ་པ། ཕྱག་གཡས་པ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པས་པོ་ཏི་ཐུགས་ཀར་འཛིན་པའོ། །ཤར་གྱི་པདྨའི་འདབ་མ་ལ་འཇམ་དཔལ་དཔའ་བོ་སྐུ་མདོག་ཁ་བ་ལ་གུར་གུམ་གྱིས་གཏོར་བ་འདྲ་བའི་ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་པ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པ་ན་ཨུཏྤ་ལའི་སྡོང་བུ་དང་བཅས་པ་ཐུགས་ཀ་ན་འཛིན་པའོ། །ལྷོའི་པདྨའི་འདབ་མ་ལ་འཇམ་དཔལ་གསུང་གི་དབང་ཕྱུག་སྐུ་མདོག་མཐིང་ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་པ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པ་ན་འཁོར་ལོ་ཐུགས་ཀ་ན་འཛིན་པའོ། །ནུབ་ 23b ཀྱི་པདྨའི་འདབ་མ་ལ་འཇམ་དཔལ་རྣོན་པོ་སྐུ་མདོག་བྱི་རུ་བཅག་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ན་ཨུཏྤལ་\?\་གཉིས་བསྣམས་པའོ། །བྱང་གི་པདྨའི་འདབ་མ་ལ་འཇམ་དཔལ་ཤེས་རབ་རལ་གྲི་སྐུ་མདོག་ལྗང་གུ། ཞལ་གཅིག་ཕྱག་བཞི་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ།་ཕྱག་གཡས་ཀྱི་དང་པོ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་གྱི་དང་པོ་ན་ཨུཏྤ་ལ་སྡོང་བུ་དང་བཅས་པ་ཐུགས་ཀར་འཛིན་པའོ། །གཡས་ཀྱི་འོག་མ་ན་མངའ་འཛིན་པ།་གཡོན་གྱི་འོག་མ་ན་རིན་པོ་ཆེའི་གཞུ་འཛིན་པའོ། །སྐུ་དེ་དག་ནི། མ་རིག་པའི་མུན་པ་ཐམས་ཅད་བསལ་བའི་ནམ་མཁའ་མ་ལུས་པའི་འོད་ཀྱིས་འགེངས་པའི་སྐུའོ།། ཨོཾ་དྷརྨ་དྷཱ་ཏུ་ཝཱ་གི་ཤཝ་རི་མུཾ་ཞེས་བརྗོད་པས་ཤེས་རབ་ལྡན་ཞིང་ཐོས་པ་འཛིན་པ་དང ། ཡིད་གཞུངས་པར་འགྱུར་རོ། །རིན་པོ་ཆེའི་བུམ་པ་ཅུ་གང་དང ། གུར་གུམ་དང ། ་ག་རུ་དང ། ཙནྡན་དཀར་པོ་དང ། གླ་རྩི་ལ་སོགས་པ་དྲི་ཞིམ་པོའི་ཆུ་བླུགས་ཏེ། ན་མཿ ་ས་མཎྟ་ཏ་ཐཱ་ག་ཏེ་བྷྱཿ ། ཨརྟ་ཏེ་བྷྱཿ ། ས་མྱཀྶཾ་བུདྡྷེ་བྷྱཿ ། ཏདྱ་ཐཱ། ཨོཾ་ཀུ་མཱ་ར་བྷཱུ་ཏཱ་ཡ། དྷཱ་ར་ཎི།་བི་ཤཝ་སཾ་བྷ་བ། ཨ་གྩྪ་ཡ་ཨ་གཙྪ་ཡ། ཧུ་ལུ་ཧུ་ལུ། བྲུཾ་བྲུཾ་བྲུཾ། ཧཱུཾ་ཧཱུཾ་ཛི་ན་ཛི་ཀ་།མཉྫུ་ཤྲི་ཡེ། སུ་ཤྲི་ཡེ། ཏ་ར་ཡ་མཾ་ཧཾ། སརྦ་དུཿ ་ཁེ་བྷྱཿ ་ཕཊ་ཕཊ། ཨ་མྲྀ་ཏོད་བྷ་བ་ས་ 24a ༄#། །མ་ཡ་ས་མ་ཡ། ཨུད་བྷ་བེ། སརྦ་པཱ་པཾ་མེ་ནཱ་ཤ་ཡ་སཝཱཧཱ་ཞེས་གཟུངས་སྔགས་འདི་བུམ་པའི་ཆུ་ལ་ལན་བདུན་བརྗོད་དེ། ཁྲུས་བྱས་རྣ། སྡིག་པ་ཐམས་ཅད་འདག་པར་འགྱུར་རོ། །དབང་པོ་རྣོ་ཞིང་ཐོས་པ་འཛིན་པར་འགྱུར་རོ། །ན་མཿ ་སརྦ་ཐ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་བྷྱཿ ། སམྱཀྶཾ་བུདྡྷཱ་ཡ། ན་མོ་ ་ཤྲི་ཡེ། བོ་དྷི་སཏྭཱ་ཡ། མ་ཧཱ་སཙཝཱ་ཡ། ཏདྱ་ཐཱ། ཨོཾ་མཉྫུ་བྷོ་ཥ། ཧ་ན་ཧ་ན། བ་ཙ་པ་ཙ། མ་ཊ་མ་ཊ། མ་ཐ་མ་ཐ། བིདྷྭཾ་ས་ཡ། ཀ་ར་ཀ་ར། ཏུ་ཏྲ་ཏུ་ཏྲ། བྷཉྫ་བྷཉྫ། ཨཱ་བི་ཤ་ཡ་ཨཱ་བི་ཤ་ཡ། ཏུ་ཏྲ་ཏུ་ཏྲ། ཏུ་ཊ་ཏུ་ཊ། སྥུ་ཊ་ས་སྥུ་ཊ་ས། ཧྲྀ་ད་ཡ་སཱདྷཱ་ནི། ན་མཿ ་སཾ་བོ་དྷ་ནི་པྲ་བི་ཤ་ཡ། ལཽ་ཧུ་ཏ་ལཽ་ཧུ་ཏ། ཀྲཻ་ཏེ་ཀྲཻ་ཏེ། པྲ་བནྡྷ་པྲ་བནྡྷ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཧཾ་མཾ་སརྦ་བིགྷྣཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ་ཞེས་བྱ་བས་ནད་པ་ལ་འབྲས་ཀྱི་སྙེ་མའམ། ཏིལ་ལ་བཏབ་སྟེ་ཁྲུས་བྱའོ། །གཟུངས་བཟླས་པའི་ཁྲུས་བྱས་པས། ལས་དང ། ཉོན་མོངས་པ་དང ། རྣམ་པར་སྨིན་པའི་སྡུག་བསྔལ་ལས་ཐར་པར་འགྱུར་རོ། །ཀ་རའི་ཤིང་གི་མེ་ལ་སྦྱིན་སྲེག་བྱས་ན་ཡང་ཞི་བར་འགྱུར་རོ། །རལ་གྲི་ལ་བཏབ་ནས་གཡུལ་དུ་ཞུགས་ན་གཡུལ་ལས་རྒྱལ་བར་འགྱུར་རོ། །སྨྱུང་བ་དང་ལྡན་པས་སྐུ་གཟུགས་ཀྱི་མདུན་དུ་བསྒྲུབ་པར་བྱ་ཞིང་འཕགས་པ་ 24b ལ་གསོལ་བ་གདབ་པར་བྱའོ། །གྲོ་གའམ་རས་ལ་བྲིས་ཏེ་སྡུག་བསྔལ་གྱིས་ཉེན་པ་ལ་གདགས་པར་བྱའོ། །སྐུད་པ་ལ་གཟུངས་སྔགས་བཏབ་སྟེ་མདུད་པ་བྱས་ལ་སྲིད་ཀྱིས་གདུངས་པ་ལ་བཏགས་ཏེ་འཕགས་པ་ལ་གསོལ་བ་གདབ་པར་བྱའོ། །རིགས་ཀྱི་བུའམ། བུ་མོ་དག་སྨྱུང་བས་འདུག་སྟེ་ཡི་དམ་དུ་འདོན་ན། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ཡི་དྭགས་དང ། ཤ་ཟ་ལ་སོགས་པའི་གནོད་པ་མི་འབྱུང་ངོ ། །གཟའ་དང ། རྒྱུ་སྐར་དང ། ལྕེ་འབབ་པ་དང ། དུས་མ་ཡིན་པའི་འཆི་བ་དག་ལས་གྲོལ་བར་འགྱུར་རོ། །སྟག་དང ། དོམ་དང ། དྲེད་ལ་སོགས་པའི་དུད་འགྲོ་དག་གི་གནོད་པ་དང ། རླུང་དང ། སེར་བ་དང ། དུས་མ་ཡིན་པའི་ས་གཡོ་བ་རྣམས་ཞི་བར་འགྱུར་རོ། །ཡིད་གཞུངས་ཤིང་ཐོས་པ་འཛིན་པ་དང ། ཉོན་མོངས་པའི་བག་ཆགས་སྤོང་བ་ལ་གཞོལ་བར་འགྱུར་རོ། །འཕགས་པའི་སྐུ་ཐམས་ཅད་ཐོགས་པ་མེད་པའི་སྤྱན་གྱིས་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དག་གིས་འདི་ལན་གཅིག་གམ། ལན་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་དུ་རྗོད་པར་བྱེད་ན། དེའི་ལུས་ལ་མཛེ་དང ། ཕོལ་མིག་དང ། འབྲས་དང ། ཤུ་བ་དང ། གཡན་པ་དང ། ལྐོག་མའི་ལྷ་གོར་ན་བ་དང ། མིག་དང་རྣ་བ་དང ། སོན་པ་ལ་ 25a ༄#། །སོགས་པ་དག་མི་འབྱུང་ངོ ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ་རྣམ་པར་ཐར་པའི་སྒོ་ཀུན་ནས་འཇུག་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། དུད་འགྲོ་དང ། གླིང་བཞིའི་མིའི་འཇིག་རྟེན་དུ་འོད་ཀྱིས་ཁྱབ་པར་མཛད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང ། སུམ་ཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་པའི་གནས་མན་ཆད་ཁྱབ་པར་མཛད་དོ། །བསམ་གཏན་དང་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ་།བསམ་གཏན་དང་པོ་ནས་ལངས་ཏེ་བསམ་གཏན་གཉིས་པ་ལ་མཉམ་པར་བཞག་གོ་།གཉིས་པ་ལས་ལངས་ཏེ་བསམ་གཏན་གསུམ་པ་ལ་མཉམ་པར་བཞག་གོ་།གསུམ་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་མཉམ་པར་བཞག་གོ་།བསམ་གཏན་བཞི་པ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་བཞག་གོ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་བཞག་གོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་ 25b ཅི་ཡང་མེད་པའི་སྐྱེ་མཆེད་ལ་མཉམ་པར་བཞག་གོ་།ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་ནས་ཡོད་མིན་མེད་མིན་སྐྱེ་མཆེད་ལ་མཉམ་པར་བཞག་གོ་།དེ་ལས་ལངས་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ་།དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང ། ནམ་མཁའི་སྙིང་པོ་དང ། སྒྲིབ་པ་རྣམ་པར་སེལ་བ་དང ། འཇམ་དཔལ་དང ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང ། ཕྱག་ན་རྡོ་རྗེ་དང ། བྱམས་པ་ལ་སོགས་པ་རྣམས་མངོན་པར་དགའོ། །ལྷ་དང ། མི་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མི་གཡོ་བའི་གཟུངས་ལས། ལེའུ་དགུ་པའོ།། །།འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་སྟེ་གཏན་ལ་ཕབ་པ། |