རྒྱ་གར་སྐད་དུ། ཨཱ་རྱ་ཥ་ཊ་མུ་ཁི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཁོར་གྱི་ཁྱམས་གནས་གཙང་མའི་སྟེང་གི་ནམ་མཁའི་དཀྱིལ་ན་གནས་པ། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་ཕྱེ་བས་རྣམ་པར་སྤྲས་པ་ན་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ 458a ༄#། །སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག། ཁྱེད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི་ཟུངས་ཤིག། དེ་འདི་ལྟ་སྟེ། བདག་འཁོར་བ་ན་འཁོར་བའི་ཚེ་སྡུག་བསྔལ་གང་ཅི་ཡང་མྱོང་བ་དེ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་མི་ཤེས་པའི་མཚན་ཉིད་དུ་མ་གྱུར་ཅིག། བདག་གིས་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་བདེ་བ་གང་ཅི་ཡང་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་སྤྱོད་པར་གྱུར་ཅིག། བདག་གིས་སྡིག་པ་མི་དགེ་བའི་ལས་གང་ཅི་བྱས་པ་དེ། སོ་སོར་བཤགས་པ་བླ་ན་མེད་པས་སོ་སོར་མ་བཤགས་པར་མ་གྱུར་ཅིག། བདག་ལ་བདུད་ཀྱི་ལས་གང་དག་ཡོད་པ་དེ་དག་ཡོངས་སུ་ཤེས་པ་བླ་ན་མེད་པས་དངོས་སུ་མི་ཤེས་པར་མ་གྱུར་ཅིག། བདག་གི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་གང་ཡང་རུང་གང་ཅི་ཡོད་པ་དེ་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུར་གྱུར་ཅིག། བདག་གི་རྣམ་པར་གྲོལ་བ་གང་ཡིན་པ་དེས་སེམས་ཅན་ཐམས་ཅད་རྣམ་པར་ཐར་པར་གྱུར་ཅིག། འཁོར་བ་དང་མྱ་ངན་ལས་འདས་པ་ལ་བདག་གནས་པར་མ་གྱུར་ཅིག། ཏདྱ་ཐཱ། ཨོཾ་ཀྵ་མེ་ཀྵ་མེ་ཀྵ་མེ། ཀྵཱནྟེ་ཀྵཱནྟེ། ད་མེ་ད་མེ། ད་ནྟེ་ 458b དནྟེ།་བྷ་དྲེ་བྷ་དྲེ། སུ་བྷ་དྲེ་སུ་བྷ་དྲེ། སུ་བྷ་དྲེ་སུ་བྷ་དྲེ། ཙནྡྲེ་ཙྣྡྲེ། སུ་ཙྣྡྲེ་སུ་ཙེནྡྲེ། ཙནྡྲ་ཀི་ར་ཎེ། ཙནྡྲ་བ་ཏེ། ཏེ་ཛོ་བ་ཏི། དྷ་མྨཱ་བ་ཏེ། ཡ་ཤོ་བ་ཏི། བྲ་ཧྨ་བ་ཏི། སརྦྦ་ཀླེ་ཤ་བི་ཤོདྷ་ནི།་སརྦ་ཨ་རྠ་སཱ་དྷ་ནི། སརྦ་ ་པྲ་ཤ་མ་ནི། པ་ར་མཱརྠ་སཱ་དྷ་ནི། ཀཱ་ཡ་བི་ཤོ་དྷ་ནི། ཝཱ་ཀ་བི་ཤོ་དྷ་ནི། ན་མཿ ་སཾ་ཤོ་དྷ་ནི་སཝཱ་ཧཱ། རིགས་ཀྱི་བུ་དག་།རིགས་ཀྱི་བུའམ། རིགས་ཀྱི་པུ་མོ་གང་ལ་ལས་སྒོ་དྲུག་པའི་གཟུངས་འདི་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ན། དེ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང ། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །། |