རྒྱ་གར་སྐད་དུ། ཨཱ་རྱ་དྷ་རྨཱ་སཱ་ག་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ 452b ལྡན་འདས་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་དང ། དགེ་སློང་དེ་དག་གིས་བཅོམ་ལྡན་འདས་ལ་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག། ངས་ནི། ཆོས་ཟབ་མོ་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། ཆ་ཕྲ་བ། བརྟག་པ་མཁས་ཤིང་ཤེས་པས་རིག་པར་བྱ་བ་རྟོགས་སོ། །ངས་ནི། སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེའི་དོན་དང ། ལྷ་དང ། མི་རྣམས་ལ་ཕན་པ་དང ། བདེ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ངས་ཐོགས་པ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ངེས་པ་ཁོ་ནར་བསྒྲུབ་པར་བྱའོ། །དགེ་སློང་དག་།ཆོས་ཀྱི་རྒྱ་མཚོའི་གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲན་པའི་བློ་དང་ལྡན་པ། བློ་གྲོས་དང་ལྡན་པ། རྟོགས་པའི་བློ་དང་ལྡན་པ། བརྟན་པའི་བློ་དང་ལྡན་པ།་ཤེས་རབ་ཀྱི་བློ་དང་ལྡན་པ། གསུང་གི་མཆོག་དང་ལྡན་པ། སྤོབས་པ་མཆོག་དང་ལྡན་པ། མཁྱེན་ཅིང་གཟིགས་པ་དག་གིས་བསྟན་ཅིང་བཤད་པ་ཡོད་དེ། 453a ༄#། །གང་དག་དེ་ཤེས་པ་དང ། གང་དག་དེ་འཛིན་པ་དེ་དག་གིས་ནི། མྱུར་བ་ཁོ་ནར་ཆོས་ལྔ་ཐོབ་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། ཐོས་པ་འཛིན་པའི་དྲན་པ་དང་ལྡན་པར་འགྱུར་རོ། །བརྗེད་ངེས་པ་མེད་པའི་དྲན་པ་དང་ལྡན་ཞིང་ཆོས་བཟུང་བ་རྣམས་ཆུད་ཟ་བར་མི་འགྱུར་བའི་བློ་གྲོས་དང་ལྡན་པར་འགྱུར་བ་དང ། རྣོན་པོ་ཐོབ་པའི་རྟོགས་པ་དང་ལྡན་པར་འགྱུར་བ་དང ། ཡི་གེ་དང་དོན་དང་ཚིག་ལ་འཇུག་པའི་སྤོབས་པ་ཐོགས་པ་མེད་པ་དང་ལྡན་པར་འགྱུར་བ་དང ། སེམས་ཅན་རྣམས་ཀྱི་རྒྱུའི་ལམ་མངོན་པར་ཤེས་ནས་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་མཁས་པར་འགྱུར་བ་སྟེ། ཆོས་ལྔ་པོ་འདི་དག་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཞག་གོ་།ད་ལྟར་ང་ཡང་འཇོག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཆོས་ཐམས་ཅད་ཀྱི་སྔོམ་གྱི་གཞི་བསྡུ་བ་ཁྱོད་ལ་བསྟན་པར་བྱ་སྟེ། དེས་ན་ཁྱོད་ཀྱིས་མ་ཐོས་པའི་ཆོས་རྣམས་ཐོས་པར་འགྱུར་རོ། །ཐོས་པའི་ཆོས་རྣམས་འཛིན་པར་འགྱུར་རོ། །བཟུང་བའི་ཆོས་རྣམས་ནི། ཉམས་སུ་ལེན་པར་འགྱུར་རོ། །ཉམས་སུ་བླངས་པའི་ཆོས་ནི། གཞན་དག་ལ་ཁོང་དུ་ཆུད་པར་བྱེད་དོ།། 453b ཚིག་གི་རབ་ཏུ་དབྱེ་བ་ལྔ་ནི། འདི་ལྟ་སྟེ། འདུ་བྱེད་ཀྱི་ཚིག་གི་རབ་ཏུ་དབྱེ་བ་དང ། དེ་བཞིན་དུ་མ་ཐོས་པའི་ཆོས་ཀྱི་ཚིག་གི་རབ་ཏུ་དབྱེ་བ་དང ། བླ་ན་མེད་པའི་ཚིག་གི་རབ་ཏུ་དབྱེ་བ་དང ། ས་ནས་ས་བརྟགས་པའི་ཡི་གེའི་ཚིག་གི་རབ་ཏུ་དབྱེ་བ་དང ། ངེས་པའི་ཚིག་དང་བརྡ་སྣ་ཚོགས་ཀྱི་ཚིག་གི་རབ་ཏུ་དབྱེ་བའོ། །དེ་ལ་འདི་དག་ནི། གཟི་བྱིན་བརྟན་པར་བྱེད་པའི་ཚིག་རིག་སྔགས་དང་ལྡན་པ་སྟེ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་གནོད་སྦྱིན་དང ། སྲིན་པོ་དང ། གྲུལ་བུམ་དང ། ཡི་དྭགས་དང ། ཤ་ཟ་འཛམ་བུའི་གླིང་དུ་ལྷགས་པ་ཐམས་ཅད་ཀྱིས་གང་ཟག་དེ་ལ་ཟས་ཀྱི་རྣམ་གྲངས་རྣམས་དང ། སྨན་རྣམས་སྦྱིན་པར་འགྱུར་རོ། །དེ་ལ་གསང་སྔགས་ཀྱི་ཚིག་ཆོས་ལས་བྱུང་བ། གཞན་དག་ལ་མི་གནོད་པ།་དེ་བཞིན་གཤེགས་པས་གསུངས་པ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་རྣམས་ཀྱིས་མནོས་པ། བསྟན་པ་ཡོངས་སུ་འཛིན་པ་ནི། འདི་དག་ཡིན་ཏེ། ཀུན་དགའ་བོ། གསང་སྔགས་ཀྱི་ཚིག་འདི་དག་ཉོན་ཅིག། ཁྱོད་ཕྱིས་འགྱོད་ཏ་རེ། སྱཱད་ཡ་ཐེ་དན། ཀརྨ་ཀེ་ཏ་མ་ནུད་ཙེ། ར་ཏི་རུ་ཏ་གྲནྡྲ་མ། ཐུ་མ་ན། ནཻ་ལ་ཏ། ཨ་སཾ་ཀུ་ལ་སྠཱ། བུ་མི་ཨ་ནུ་སྨ་རི།་ཨི་ཤཾ་ག་མ་ཨི་ཤསྠཱ། ཀླེ་ན་ཨ་ནུ་ག་ཏེ། ཡཱ་མུ་ལ་གུཾ་བྷེ། པ་བྷེ་མ་གུ་ར་བ་ཡ་བ། ཨ་སྱ་བཱཀྱ་སྱ་བི་ལཾ་ག་བེ་ལ་མ་ཐཱ་ཤྲཱི་བ་བ་རཱི་པཉྩ་ཀ་།པྲ་ས་ཏེ། ཨ་བ་བེ་ལ། ཨ་གྲ་བེ་ 454a ༄#། །ལ།་ནི་ཤི་ཁུ་ཨུ་ཙེ་ཛུ་མེ། ཨུ་ཛེ་ཛུ་མེ། ཀུན་དགའ་བོ། འདི་དག་ནི། གནོད་སྦྱིན་གྱི་དབང་པ་གྲུབ་པ་དང ། གནོད་སྦྱིན་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་ལ་བསྙེན་བཀུར་ཡང་བྱེད་བྱེད། རིམ་གྲོ་ཡང་བྱེད་བྱེད་པ་རྣམས་འཆིང་བ་སྟེ། ཀུན་དགའ་བོ། ཁྱོད་ཀྱིས་གནོད་སྦྱིན་དབབ་པ་གྲུབ་པ། དེ་བཞིན་གཤེགས་པས་གསུངས་པ་རྣམས་ཟུངས་ཤིག། ཀུན་དགའ་བོ། གང་ལ་ལ་གསང་སྔགས་ཀྱི་ཚིག་སྐྱོན་མེད་པའི་ཚིག་འདི་དག་འཛིན་པ་དང ། འཆང་བ་དང ། ཀུན་ཆུབ་པར་བྱེད་པ་དེ་ལ་ནི། རྒྱལ་པོ་ཆེན་པོ་བཞི་སེམས་བཞིན་དུ་གནས་སོ། །ཀུན་དགའ་བོ། གང་ལ་ལ་གསང་སྔགས་ཀྱི་ཚིག་འདི་དག་བཟུང་བས་ནི། དྲན་པ་དང་ལྡན་པར་འགྱུར་རོ། །སངས་རྒྱས་རྣམས་དང་བྲལ་བར་མི་འགྱུར་རོ། །ཀུན་དགའ་བོ། ཤར་གྱི་ལུས་འཕགས་པའི་གླིང་ན་ནི། གནོད་སྦྱིན་སྲིད་པ་སྣང་བྱེད་ཅེས་བྱ་བ་གནས་སོ། །ཀུན་དགའ་བོ། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ནི། གནོད་སྦྱིན་ཆེར་སྤྱོད་ཅེས་བྱ་བ་གནས་སོ། །ཀུན་དགའ་བོ། བྱང་གི་སྒྲ་མི་སྙན་གྱི་གླིང་ན་ནི། གནོད་སྦྱིན་རྣམ་གྲགས་ཞེས་བྱ་བ་གནས་སོ། །ཀུན་དགའ་བོ། འཛམ་བུ་གླིང་ན་ནི། གནོད་སྦྱིན་གྲགས་ཐོབ་ཅེས་བྱ་བ་གནས་ཏེ། ཀུན་དགའ་བོ། 454b གནོད་སྦྱིན་དེ་དག་གིས་ཀྱང་རྗེས་སུ་དྲན་པར་འགྱུར་རོ། །ཀུན་དགའ་བོ། གནོད་སྦྱིན་གཞན་གཟི་བརྗིད་ཟ་བ་གང་ཡིན་པ་དེ་དག་ཀྱང་དད་པ་ཐོབ་པར་འགྱུར་རོ། །དད་པ་ཐོབ་པར་གྱུར་ནས་ཀྱང་དད་པ་མི་ཕྱེད་པར་ཐོབ་པར་བྱ་བའི་ཕྱིར་འགྲོ་བར་བྱེད་དོ། །ཀུན་དགའ་བོ། དེ་ལ་འདི་དག་ནི། ཤེས་བཞིན་གྱི་ཚིག་དྲང་སྲོང་གིས་བསྟན་པ་དག་ཡིན་ཏེ། ཀུན་དགའ་པོ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་དྲང་སྲོང་གི་མཆོག་གི་ཚིག་གི་མཆོག་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་རྣམ་པར་མི་འཚེ་བའི་ཚིག་རྣམས་ཟུངས་ཤིག་དང་པས་བཤད་དོ། །ཀུན་དགའ་བོ། དེ་ལ་ངའི་ཕྱི་ན་འབྲང་བའི་གནོད་སྦྱིན་གང་ཡིན་པ་དེ་དག་གིས་ཀྱང་བར་ཆད་བྱེད་མི་ནུས་སོ། །སྱད་ཡ་ཐེ་དན། དནྡྷ་ར་མ་ཧཱ་ཧ་ར། ཧ་ར་མ་བ་ར་ན། རུད་དྲ་ཏྲ། ཀུ་མ་ཏི་དྲི་ཏྲ། ཨིནྡྲ་མནྟུ་ཀེ། ཨ་བ་ཏེ། ས་ཧཱ་རཱ། ས་དྷུ་མ་ཏི། ཨི་ལ་ལ་བ་མ་ཏི། ཨ་བ་ཏི། ཏ་ར་ད་ར། ཡི་བིཥྚ་ས་ད་བིཥྚ། ཨ་བ་ཏིཥྛ། པ་རི་བརྟ། ཨི་ཤ་བརྟ་ས་ད་བརྟ། ཀྲ་མ་ཀྲ་མ་ཏི་ར་ན། ཨ་སི་བ་ཙ་མ་ལ་བི་ན་ཧེ་ཐི། ཐ་ཤ་སུ་རེ། དྷུ་ར་དྷུ་ར། ཨུགྒྲ་མུགྒྲ། ཨུགྒྲ་བ་ཏི། པི་ས་ར་གྲ་མ་ཏི། ཐམས་ཅད་དང་ལྡན་པའི་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གནོད་སྦྱིན་དང ། འབྱུང་པོ་དང ། གྲུལ་བུམ་དང ། ཡི་དྭགས་དང ། སྲུལ་པོ་དང ། ཀླུ་དང ། དྲི་ཟ་དང ། ཤ་ཟ་གནས་པ་གང་ཡང་རུང་བ་དེ་ 455a ༄#། །དག་གིས་ཁྱིམ་གྱི་ནང་ན་གནས་པ་དང ། ལམ་དུ་ཞུགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པས་གསུངས་པའི་ཚིག་འདི་དག་ཐོས་ནས་དགའ་བར་འགྱུར་རོ། །ཀུན་དགའ་བོ། ཁྱོད་ཀྱིས་གཟུངས་སྔགས་ཀྱི་ཚིག་འདི་དག་ཟུངས་ཤིག་།ཕྱིས་འགྱོད་ཏ་རེ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གནོད་སྦྱིན་གྲུབ་པ་འདི་དག་ནི། །གླིང་བཞི་དག་ན་གཙོ་ཞེས་བྱ། །གསང་སྔགས་འདི་དག་སུ་འཆང་པ། །དེ་ཡི་དྲན་པ་འཕེལ་བར་འགྱུར། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི། །གནོད་སྦྱིན་དེ་དག་ལྷགས་ནས་ནི། །ཆོས་རྒྱལ་རྣམས་ཀྱིས་བསྟན་པ་དག་།ཉམས་པར་གྱུར་པ་དེ་ལ་སྟོན། །དཔག་ཚད་བརྒྱ་ཕྲག་མང་པོ་ཡང ། །མཐར་གྱིས་སུ་ནི་སོང་ནས་ཀྱང ། །ཟབ་ཅིང་དོན་དང་ལྡན་པ་ཡི། །ཚིག་འདི་དག་ནི་མཉན་པར་དྱ། །འདི་དག་ཆོས་ཀུན་རྩ་བ་སྟེ། །དེ་དག་མཁས་རྣམས་ཉན་པར་གྱིས། །དྲག་པོ་དག་གིས་ཐོས་ན་ཡང ། །ཕྱི་ནས་མཆོག་ཏུ་དགའ་བ་སྟེ། །གང་ལ་བདེ་དང་སྡུག་བསྔལ་མེད། །དེ་ལ་དེ་ནི་དགའ་བར་འགྱུར། །ས་འདི་ཆགས་པ་མེད་པ་སྟེ། །སངས་རྒྱས་ས་ནི་བསམ་མི་ཁྱབ། །ཆགས་པ་མེད་པར་བསྟན་པ་ཡི། །བསམ་ཡས་ས་དེ་ཐོབ་གྱུར་ནས། །ཉི་མ་སྤྲིན་ལས་བྱུང་བ་ལྟར། །དེ་ 455b ནི་ས་སྟེང་དེ་བཞིན་སྣང ། །འདི་ལ་སྐྱེ་མཆེད་ཕུང་པོ་རྣམས། །བདེན་དང་བྱང་ཆུབ་ཡན་ལག་དབང ། །དགེ་བའི་ཆོས་ནི་ཟབ་མོ་རྣམས། །སངས་རྒྱས་གསུངས་པ་ཅི་ཡང་ཡོད། ། དེ་ཡི་ཐོས་པའི་ཚོགས་རྣམས་གང ། །ནམ་ཡང་ཆུད་ཟར་མི་འགྱུར་ཏེ། །མ་ཐོས་ཆོས་རྣམས་དེ་དག་ཐོས། །ཉེས་དང་ཉེས་མིན་རྣམས་ལ་མཁས། །རྟོགས་པར་ཁོང་དུ་ཆུད་པའི་མཆོག། མིག་བཟང་རྣམས་ཀྱང་དག་པར་འགྱུར། །འཆང་བ་དང་ནི་སྟོན་བྱེད་པ། །དེ་ནི་རྟག་ཏུ་སངས་རྒྱས་བསྔགས། །སངས་རྒྱས་ཀྱི་ནི་ཆོས་རྣམས་ལ། །ཐེ་ཚོམ་མི་མངའ་བདེན་པ་གང ། །བདེན་དེས་བདག་ལ་ལུང་མནོས་པ། །ཅི་ཡོད་ཐམས་ཅད་གནས་གྱུར་ཅིག་།སངས་རྒྱས་རྣམས་ནི་འབྱུང་རྣམས་ལ། །བྱམས་པས་གནས་པའི་བདེན་པ་དེས། །རང་གི་སེམས་དང་གཞན་སེམས་ལ། །སྟོན་པར་རབ་ཏུ་གནས་གྱུར་ཅིག་།གླིང་བཞིའི་གནས་ཀྱི་གནོད་སྦྱིན་དག་།མ་དད་པ་དང་དད་པར་བསྟན། །གང་ལ་རྟོགས་པ་མི་སྣང་བ། ། དེ་ལ་དོན་ཀུན་དོན་སྟོན་འགྱུར། །གནོད་སྦྱིན་སྐར་གདོང་གང་ཡིན་དང ། །གླང་ཆེན་སྣང་དང་ཁྱད་པར་སྟོབས། །དྲག་པོ་དགའ་བྱེད་གསོད་བྱེད་དང ། །ཟླ་བ་མགོ་མེད་ལུས་གསོད་པ། །དཔའ་སྡེ་དང་ནི་ལག་དཔའ་དང ། །སྲིན་པོ་དང་ནི་ས་འཛིན་པ། །ལྗང་གུ་ཁ་དང་སྣ་བཟང་དང ། །རལ་གྲིའི་སྦུ་ཅན་བོང་བུ་རྣམས། །ཐམས་ཅད་གྲུབ་པར་བྱེད་པར་ 456a ༄#། །ཤོག་།གསང་སྔགས་འདི་དག་སུ་འཛིན་ལ། །གནོད་སྦྱིན་སྲིན་པོ་དེ་དག་ནི། །སྤྲོ་བར་གྱུར་ནས་འཛུད་པར་བྱེད། །རྟག་ཏུ་དེ་ནི་སྤོབས་པ་དང ། །ཚིག་རྣམས་དང་ནི་ལུང་བསྟན་དང ། །ངེས་པའི་ཚིག་དང་ཆོས་ཀུན་དང ། །ཡི་གེ་རྣམས་ལ་མཁས་པར་འགྱུར། །ལུང་མནོས་པ་ཡང་ཆུད་མི་ཟ། །རྟོགས་པ་མཐའ་ཡས་འཕེལ་བར་འགྱུར། །རྟག་ཏུ་དོན་དང་ཡི་གེ་ལ། །དེ་ཡི་ཤེས་པ་འཕེལ་བར་འགྱུར། །སུམ་ཅུ་རྩ་གསུམ་ལྷ་རྣམས་དང ། །མི་མཛེད་བདག་པོ་ཚངས་པ་ཡང ། །དེ་ཡི་ལེགས་བཤད་ཉན་པ་རྣམས། །དེ་ཡི་མོད་ལ་དྲན་པར་བྱེད། །སྱད་ཡ་ཐེ་དན། ཧུ་ཀུ་ན། མུ་ཀུ་ན། ཧ་ར་ན། བི་ཧ་ར་ན། ཨི་ཤ་སཾ་ཀྲ་མ་ན། ཨོཾ་སུ་མུ་ཁ། ཏ་ཀ་ཎ། ཨ་ག་ཎ། ཨ་པྲི་ཡ།་ཨུ་སྠ་མེ། ཀོ་བ་ཧ་རེ། ཨུ་རུ་པ། པྲ་བ་ཎ་ཏ་ན། སཾ་གྲ་མེ་བ་ཧ་ཛ་ག་རེ། པྲ་ཤི་ག་རེ། གུ་ཌྷ་པ་ནེ། ཨུཏྟ་ན། བི་ཀུ་ཎ། ཨི་ཤ་ཀུ་ནི། ཨ་ཏུ་ལ་ཏུ་ལ། ཨི་ཊི་བ་ཊི། བ་རི་ཙ་མོ་ཤ་།ཧ་ར། ཛ་ག་ཏ། ཨེ་པ་སཾ་པྲ་མུ་ཁེ། ཨ་ག་བྷ་རེ། ཋ་ཧུ་ས་ཧུ། ཨི་ཏི་ཡ། ཐཱ་ཧུ། ཙ་ཏུར་དྭཱི་བི་ཀ་ཡ་ན། ཋ་ཧུ་མ་ཧུ། ཨུགྒྲ་ཧུ། དྷ་ར་ས་ཧུ། སཾ་གྲ་ཧ། ཨ་བི་ན་གྲ་ཧ།་ཨ་བི་ན་གྲ་ཧ། པྲ་ཛྙཱ་བྲི་དྡྷ་ཡེ། ཋ་ཧུ་ས་ཧུ། ཀ་ར་ཀུ་རུ། དྷུ་ས་ཧུ། དེ་ལ་འདི་སྐད་ཅེས་བྱ་སྟེ། །གསང་སྔགས་ཀྱི་ནི་ཚིག་འདི་དག། གང་གི་ལག་དང་ལུས་ལ་ཡོད། ། 456b དེ་ནི་ཐོས་ལ་རྨོངས་པ་མེད། །དེ་ནི་ཤེས་རབ་མེད་མི་འགྱུར། །སྐར་མདའ་ཇི་བཞིན་ཉི་མ་བཞིན། །ཟླ་བ་ཇི་ལྟར་སྣང་བ་བཞིན། །དེ་ལྟར་ཐོས་དང་དོན་གྱིས་ཀྱང ། །མྱ་ངན་འདས་པའི་བར་ལ་རེག་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གསང་སྔགས་འདི་དག་བཀའ་སྩལ་ཏོ། །སྱཱད་ཡ་ཐེ་དན། ཙ་ར་དྷེ། བི་ཙ་ར་དྷེ། ཨ་མཾ་ཀུ་ཏེ། ཨ་ཏི་མི་ཏི། པ་ར་ཧ་རེ། གྷ་ཎ་བྷེ།་ཧི་པ་ར་མེ། མཱ་ཧཱ་པྲ་ཏི་བ་ཧཱ་ནེ། ཛ་ཡ་ཛ་ཡ། ཨ་ནུ་ཀེ་།པ་ལ་པ་ལེ། ཨུགྒྲ་བ་ཏི། སཝ་ར་སཝ་ར། ཨ་བི་ས་རེ། གུ་གུནྟེ། པྲ་བི་བ་དྷེ། ས་མེ། ཨ་ཛ་ཏ་ཛ་ཡེ། ནུ་པ་ལ་སུ་ཁོ་མ་སུ་སིདྡྷ་ནི་ཀུ་མ་ནོ། །སཀྵེ། ཙཱ་པེ་ཙཱ་པེ། ཙུ་པེ་ཙུ་པེ། ཙུ་ལུ་ཙུ་ལུ། པུ་ལུ་པུ་ལུ། བྱ་བ་པྲ་ས་ར། ཀ་ར་ཀ་བྷི་ནྡྷེ། བི་ཛྭ་བི་ཛེ། ཨ་པྲ་ཏི་སནྡྷི། ནཱ་ནཱ་ནུ་མ་ཏི། པྲ་ནཱ་ནུ་མ་ཏི། ། རི་དེ་སི། ཛེ་ཥྛ་ནུ་པ་ནི་དེ། ཨ་སཾ་གྲ་ཨ་པ་ཏི། རིག་སྔགས་བསྡུས་པའི་གསང་སྔགས་ཀྱི་ཚིག་འདི་དག་ལུས་ལ་ཐོགས་ཏེ་འཆང་ན། གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནོད་སྦྱིན་དང ། སྲིན་པོ་དང།་གྲུལ་བུམ་དང ། ཡི་དྭགས་དང ། ཤ་ཟ་གནས་པ་དེ་དག་ཐམས་ཅད་དབང་དུ་འགྱུར་ཞིང ། དབང་དུ་མ་གྱུར་པ་རྣམས་ཀྱང་དབང་དུ་འགྱུར་རོ། །གདོན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་གནང་བ་བཞིན་དུ་འཆོ་བའི་མཐར་ཐུག་གི་བར་དུ་འཆི་བར་མི་འགྱུར། དེ་ལ་ཆོ་ག་ནི། འདི་ཡིན་ཏེ། དགོན་པར་འདུག་ལ་གཟུངས་ལགས་འདི་ 457a ༄#། །དག་ཐམས་ཅད་ཞག་བདུན་གྱི་བར་དུ་བརྗོད་དེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་དྲན་པར་བྱའོ། །དེ་ནས་ཞག་བདུན་ལོན་པའི་འོག་ཏུ་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང།་མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རནྡྲ་བོ་དྷི་དང ། པྲ་ཛྙཱ་ཝ་རྨ་དང ། ཞུ་ཆེན་གྱི་ལོ་ཙ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། |