rKTs


H597

(e-text produced by ACIP)

see text in transliteration
441a
རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ད་ཎྜ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་བེ་ཅོན་ཆེན་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟེང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་སྒྲ་གཅན་ཟིན་རྒྱལ་པོའི་ཁབ་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་གནས་ན་བུད་ཤིང་ཆེན་པོ་ལྟ་བུའི་ཕྱོགས་ན་
441b
འདུག་གོ་།དེར་འདི་ལྟ་སྟེ། ལྷའི་གདོན་རྣམས་དང ། ལྷ་མ་ཡིན་གྱི་གདོན་རྣམས་དང ། ཀླུའི་གདོན་རྣམས་དང ། གནོད་སྦྱིན་གྱི་གདོན་རྣམས་དང ། སྲིན་པོའི་གདོན་རྣམས་དང ། མི་འམ་ཅིའི་གདོན་རྣམས་དང ། ལྟོ་འཕྱེ་ཆེན་པོའི་གདོན་རྣམས་དང ། དྲི་ཟའི་གདོན་རྣམས་དང ། མིའི་གདོན་རྣམས་དང ། རླུང་ལྷའི་གདོན་རྣམས་དང ། ཡི་དྭགས་ཀྱི་གདོན་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། ཤ་ཟའི་གདོན་རྣམས་དང ། གྲུལ་བུམ་གྱི་གདོན་རྣམས་དང ། གཟིག་རྣམས་དང ། བྱ་རོག་རྣམས་དང ། འུག་པ་རྣམས་དང་།གྲོག་སྦུར་རྣམས་དང ། སྡིག་སྦྲུལ་རྣམས་དང ། གཞན་ཡང་མི་དང་མི་མ་ཡིན་པའི་སེམས་ཅན་རྣམས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་ཤིན་ཏུ་གཙེས་སོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་བྱ་རྒོད་ཕུང་པོའི་རི་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྦྱན་སྔར་དུས་ཏེ་མཆི་མ་བླགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ།་སྒྲ་གཅན་ཟིན། ཁྱོད་ཅིའི་ཕྱིར་ངའི་མདུན་ན་འདུག་ནས་མཆི་མ་བླག་།དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་འདི་
442a
༄#། །སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་རྒྱལ་པོའི་ཁབ་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་གནས་ན་བུད་ཤིང་ཆེན་པོ་ལྟ་བུའི་ཕྱོགས་ན་མཆིས་ན། དེར་ལྷའི་གདོན་རྣམས་དང ། ལྷ་མ་ཡིན་གྱི་གདོན་རྣམས་དང ། ཀླུའི་གདོན་རྣམས་དང ། གནོད་སྦྱིན་གྱི་གདོན་རྣམས་དང ། སྲིན་པོའི་གདོན་རྣམས་དང ། མི་འམ་ཅིའི་གདོན་རྣམས་དང ། དྲི་ཟའི་གདོན་རྣམས་དང ། ལྟོ་འཕྱེ་ཆེན་པོའི་གདོན་རྣམས་དང ། མིའི་གདོན་རྣམས་དང ། རླུང་ལྷའི་གདོན་རྣམས་དང ། ཡི་དྭགས་ཀྱི་གདོན་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། ཤ་ཟའི་གདོན་རྣམས་དང ། གྲུལ་བུམ་གྱི་གདོན་རྣམས་དང ། གཟིག་རྣམས་དང ། བྱ་རོག་རྣམས་དང ། འུག་པ་རྣམས་དང ། གྲོག་སྦུར་རྣམས་དང ། སྡིག་སྦྲུལ་རྣམས་དང ། གཞན་ཡང་མི་དང་མི་མ་ཡིན་པའི་སེམས་ཅན་རྣམས་ཀྱིས་བདག་ལ་ཤིན་ཏུ་གཙེས་ལགས་མོད། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ། སྒྲ་གཅན་ཟིན། ཁྱོད་ཀྱིས་བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་སྔགས་འཁོར་བཞི་པོ་དགེ་སློང་རྣམས་དང ། དགེ་སློང་མ་རྣམས་དང ། དགེ་བསྙེན་རྣམས་དང ། དགེ་བསྙེན་མ་རྣམས་བསྲུང་བ་དང ། བསྐྱབ་པ་དང ། སྦ་བ་དང ། ཡུན་རིང་པོའི་དོན་དང ། ཕན་པ་དང ། བདེ་བར་འགྱུར་བ་འདི་ཟུངས་ཤིག།
442b
ཏདྱ་ཐཱ།་ཨངྒཱ། བངྒཱ། ཏངྒཱ། ཏ་རངྒཱ། ས་རཱ་ས་རཱ། ཏ་རངྒཱ་སཝ། ས་ད་ད་ས། ཛ་དྷ་རཱ། ཨཀྐ་རེ། ཨ་ར་བཱི་རཱ། ཏ་ར་བཱི་རཱ། ཀ་ར་བཱི་རཱ། ཀརྐ་ར་བཱི་རཱ། ཙུ་རུ་བཱི་རཱ། ཙུ་རུ་ཙུ་རུ་བཱི་རཱ། ཨིནྡྲ། ཨིནྡྲ་ཀི། ས་ར་ཧ་ན་ས། ཧ་ན་ས་ཀི་ས་ར། མི་ཙི་རེ་ལཱ། མ་ཧཱ་མིཙྪ། བ་ཧཱ་མིཙྪ། བ་ཧི་ཥི་ཀཱ་ཀ་།ཀ་ལིཙྪ་ཀཱ་ཨཾ་གེ་ཛ་ཡི། ཛ་ཡེ་ལི་ཀཱ། ཨེ་ལཱ། ཙིནྟ། ལི་ལེ། ཏི་ལེ་ཏི་ལེ། སུ་མ་ཏི། བུ་སུ་མ་ཏི།་ཙུ་ལུ་ནནྚེ། ཙུ་ལུ་ཙུ་ལུ་ནནྚེ། ཙུ་ལ་ན་ཊེ། ཀུ་ན་ཏེ། ཧ་རཱ་ཊ་ཀི། ན་རཱི་ཊ་ཀི་ཏ། གཽ་རི། གནྡྷ་རི། དྷཱ་ར་ཎེ། དྷཱ་ར་ཎེ། ཨུཥྚ། པི་པཱི་ལི་ཀ་།ུཥྚ། པ་པི་ལ་ཀེ་།ཀ་རཱ་ཀརྛི་ཀེ། ཀ་ཀེ་ལེ། ཙ་ལ་ནནྚི། ཀ་གི་མ་ལེ་ལ་མ་ཏི། རཀྵ་མ་ཏི། བཱ་ལ་ཀུ་ལེ། བ་ཏ་ས་ལེ། ཨུ་ན་མི་ལེ། ཏ་ར་བཱི་རེ། ཏ་ར་ཏ་ར་བཱི་རེ། ཀུ་རུ་བཱི་རེ། ཀུ་རུ་ཀུ་རུ་བཱི་རེ། ཙུ་རུ་བཱི་རེ། ཙུ་རུ་བཱི་རེ། ཙུ་རུ་ཙུ་རུ་བཱི་རེ། མ་ཧཱ་བཱི་རེ། ཨི་ར་མ་ཏི། བ་ར་མ་ཏི། རཀྵ་མ་ཏི། སརྦ་ཨརྠ་སཱ་དྷ་ནི། པ་ར་མ་སུ་ར་སཱ་དྷ་ནི། ཨ་པྲ་ཏི་ཧ་ཏེ། རྒྱལ་པོ་དབང་པོ་དང ། རྒྱལ་པོ་ཟླ་བ་དང ། རྒྱལ་པོ་གཤིན་རྗེ་དང ། རྒྱལ་པོ་རླུང་ལྷ་དང ། རྒྱལ་པོ་གཟི་ཅན་དང ། རྒྱལ་པོ་ནོར་རྒྱས་ཀྱི་བུ་དང ། རྒྱལ་པོ་བེ་ཅོན་དང ། རྒྱལ་པོ་བེ་ཅོན་མོ་དང ། རྒྱལ་པོ་ཚངས་པ་སྟོང་ལྡན་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྗེ་དང ། ཆོས་ཀྱི་རྒྱལ་པོ་འཇིག་རྟེན་ལ་ཐུགས་བརྩེ་བ་བླ་ན་མེད་པས་བདག་ལ་སྲུང་དུ་གསོལ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་
443a
༄#། །སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་པ་དང ། དུག་གསད་པ་དང ། དུག་གཞིལ་བ་དང ། མཚམས་གཅད་པ་དང ། ས་བཅིང་བ་མཛད་དུ་གསོལ། ཏདྱ་ཐཱ། ཨི་ལ་མེ་ལེ་ཏ་ས་ལཱ། ཨི་ར་མ་ཏི། བི་ར་མ་ཏི། ཙ་ལ་མ་ཏི། ཕུ་རུ་མ་ཏི། ཕུ་རུ་ཕུ་རུ། ཕུ་རུ་ཕུ་རུ། པ་ར་ཁུ་རུ་རུ། ཁུ་རུ་མ་ཏི།་བྷུ་མི་མཎྜེ། ཀ་ལི་ཀེ། ཙཎྜཱ་ལི། ཨ་ཀི་ས་རཱ་ལེ། ཨི་ཡཱ་སཱ། ས་ལ་མ་ཏོ་ཧུ་ལེ། སྠཱུ་ལེ། ཤ་ལེ་ཛ་ཡ། སྠཱུ་ལེ། ཙ་ལ་ནཱ་ཊི། ཙ་ལ་ནཱ་ཊི། ནཱ་གཱ་ནཱཾ་དྷ་ར་ཎི། གོ་ར་ཧི་ཎི། གོ་ལེ་ཧི་ཧེ།་ཨཎྜ་རེ། པཎྜ་རེ། ཀེ་ཡུ་རེ། ཀེ་ཏུ་མ་ཏི། བྷུ་ཏཾ་ག་མེ། དྷུ་ཏ་པ་ཏི། དྷེ་རྱ་མ་ཧཱ་བ་ལེ་། ཙུཎྜེ། ཨ་ཙུ་རུནྡྷེ། དྷ་རནྡྷ་ར། ཛ་ཡ་ལི་ཀཱ། ཛ་ལེ་གོ་རོ་ཧ་ནི་ཙ་ར། ཧུ་རུ་ཧུ་རུ། རུནྡྷུ་རུནྡྷུ། ཧུ་རུ། དྷུ་མ་ཏི། དྷ་རནྡྷ་དྷ་རེ། བི་ཤཝ་མ་ཏི། ནཱ་ཤ་ནི། བནྡྷ་ནི། མོ་ཙ་ནི། བི་མོ་ཙ་ནི། སཱ་དྷ་ནི། ཤོདྷ་ནི། བི་ཤོ་དྷ་ནི། སཾ་གི་ར་ཎི། མན་ཐཱི་ར་ཎི། ཨ་ཙྪཏྟ་ནི། ས་དྷུ་ཏ་ར་མ་ཎེ།་ཏ་ར་ཏ་ར་མ་ཎེ། ཧ་ར་ཧ་ར། བནྡྷུ་མ་ཏི་།ཧི་རི་ཧི་རི། གེ་ལི་རེ་ལེ། ཧུ་རུ་ཧུ་རུ། བངྒ་ལེ་སཝཱཧཱ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ། །སྒྲ་གཅན་ཟིན། བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་སྔགས་བརྒྱ་རྩ་བཅུ་པ་འདི་སྐུད་པ་ལ་མདུད་དེ་ལག་པ་ལ་བཏགས་སམ། མགུལ་དུ་བཏགས་ན། ཀུན་ནས་དཔག་
443b
ཚད་བཅུ་ཁོར་ཡུག་ཏུ་བེ་ཅོན་རྣམས་དང ། མེ་ཏོག་རྣམས་དང ། ཕྱག་རྒྱ་རྣམས་ཀྱིས་དེ་སྲུང་བ་བྱས་པར་འགྱུར་རོ། །དེ་ལ་མི་དང་མི་མ་ཡིན་པ་རྣམས་ཀྱིས་མི་ཚུགས་པར་འགྱུར་རོ།། མཚོན་དང ། དུག་དང ། ནད་དང ། རིམས་ནད་དང ། རིམས་དྲག་པོ་དང ། རིག་སྔགས་དང ། གསང་སྔགས་དང ། རོ་ལངས་དང ། ཁྲོ་གཏུམ་དང ། མེ་དང ། ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིག་སྔགས་དང ། གསང་སྔགས་དང ། སྦྱོར་བ་རྣམས་ལེགས་པར་སྦྱོར་བ་ཐམས་ཅད་ཀྱི་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའོ། །གྲུབ་པ་རྣམས་ཀྱང་ཆུད་མི་ཟ་བར་བྱེད་པའོ། །ཕ་རོལ་གྱི་སྦྱོར་བ་འཆིང་བའོ། །ཕ་རོལ་གྱིས་བཅིངས་པ་ལས་གྲོལ་བར་བྱེད་པའོ། །ནད་དང ། མྱ་ངན་དང ། བགེགས་རྣམ་པར་འཇིག་པར་བྱེད་པའོ། ། འཐབ་པའི་རྙོག་པ་རབ་ཏུ་ཞི་བར་བྱེད་པའོ། །གདོན་ཐམས་ཅད་ཟློག་པར་བྱེད་པའོ། །གདོན་གང་གིས་གཏོང་བ་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་མགོ་ཚལ་པ་བདུན་དུ་འགས་སོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེ་འབར་པ། ཀུན་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པས། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །རྒྱལ་པོ་ཆེན་པོ་བཞི་ཡང་ལྕགས་ཀྱི་འཁོར་ལོ་སྦུ་གྲིའི་སོ་ལྟ་བུའི་མཚོན་གྱིས་ཕུང་བར་བྱེད་དོ། །གནོད་སྦྱིན་གྱི་འཇིག་རྟེན་དེ་ནས་ཤི་
444a
༄#། །འཕོས་ནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གནས་པ་མི་འཐོབ་བོ། །སྒྲ་གཅན་ཟིན། རྒྱལ་པོ་དང ། མི་རྒོད་དང ། མེ་དང ། ཆུ་དང ། མཚོན་ཆ་དང ། འབྲོག་དང ། དགོན་པ་དང ། རི་དང ། མྱ་ངམ་དུ་སོང་བ་གང་གིས་བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་སྔགས་འདི་ལན་གཅིག་བརྗོད་ན། སྡིག་པ་ཐམས་ཅད་ལས་རབ་ཏུ་ཐར་བར་འགྱུར་རོ། །སྒྲ་གཅན་ཟིན། བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་སྔགས་འདི་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་དགུ་བཅུ་རྩ་གཅིག་གི་བྱེ་མ་སྙེད་ཀྱིས་གསུངས་པ།་གསུང་བ། གསུང་བར་འགྱུར་བ། གྲུབ་པ་མཆོག་ཏུ་གྱུར་པ། གཞན་གྱིས་མི་ཐུབ་པ། ལྷ་དང ། ཀླུ་དང ། དྲི་ཟ་ལ་སོགས་པས་བསྟོད་པ། འབྱུང་པོ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་སྟེ། བདག་དང་སེམས་ཅན་ཐམས་ཅད་གནོད་པ་ཐམས་ཅད་ལས་བདེ་བར་གྱུར་ཅིག་།ནད་མེད་པ་དང ། འཇིགས་པ་མེད་པར་གྱུར་ཅིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བེ་ཅོན་ཆེན་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་
444b
སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།