rKTs


H595

(e-text produced by ACIP)

see text in transliteration
436b
རྒྱ་གར་སྐད་དུ། ཨཱརྱ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་ར་ནཱ་མ་དྷཱ་ར་ཎི། བོད་སྐད་དུ།་འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་
437a
༄#། །གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་ལས་ཕམ། རབ་ཏུ་ཕམ་ནས་དེ་རྟབ་ཅིང་རིངས་པའི་གཟུགས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་འདི་ལྟར་ལྷ་མ་ཡིན་དང་གཡུལ་བཀྱེ་བ་ལས།་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ལས་ཕམ། རབ་ཏུ་ཕམ་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ཕམ་རབ་ཏུ་ཕམ་ན། བཅོམ་ལྡན་འདས། བདག་ཅག་གིས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ། ཁྱོད་ཀྱིས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་ཟུངས་ཤིག། ངས་ཀྱང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ལས་འདི་མནོས་སོ། །མནོས་ནས་ཀྱང་གཞན་ལ་རྒྱ་ཆེར་ཡང་དག་པར་བཤད་དོ། །མངོན་པར་དྲན་ཏེ། དེ་ཚུན་ཆད་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་
437b
བྱེད་པའམ། ཐ་ན་སྐད་ཅིག་ཡུད་ཙམ་ཡང་ལུས་ལ་གནོད་པ་བྱུང་མ་མྱོང་ངོ ། །བཅོམ་ལྡན་འདས། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བགྱི་བ་གཞན་གྱིས་མི་ཐུབ་པའི་གཟུངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏདྱ་ཐཱ། ཨོཾ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་བ་ཧི་ཎི། ཤངྐ་རི་ཤངྐ་རི། པྲ་བྷངྐ་རེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སརྦ་ཤ་ཏྲཱུཾ། ཛམྦྷ་ཡ་ཛམྦྷ་ཡ། སྟམྦྷ་ཡ་སྟམྦྷ་ཡ། མོ་ཧ་ཡ་མོ་ཧ་ཡ། བྷ་ག་བ་ཏི། ཛ་ཡ་བཱ་ཧི་ནི། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། གྲ་ས་གྲ་ས། ཧ་ས་ཧ་ས།་ཧཱུཾ་ཧཱུཾ། ལ་ཧཱུཾ་ལ་ཧཱུཾ། ལམྦོ་དྷ་རི། ཏྲེ་ནེ་ཏྲེ། ཙ་ཏུ་ར་བྷ་ག་ཏྲེ། ཙ་ཏུར་དཾཥྚེ། ཙ་ཏུར་བྷུ་ཛེ། ཨ་སི་མུ་ས་ལ། ཙཀྲ་ཏྲི་ཤུ་ལ། བཛྲ་ཀ་པ་ཙ་དྷ་ཎི། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་།སྲུངས་ཤིག་།ོཾ་བྷ་ག་ཝ་ཏི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ། བྷཉྫ་བྷཉྫ་པ་ར་སེ་ནྱཾ། བི་དྷྭཾ་ས་ཡ། སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ། དྷྭ་ཛ་ཨ་གྲ་ཀེ་ཡཱུ་རེ། ཏྲི་ཊ་ཏྲི་ཊ་ཏྲི་ཊ། བྷྲི་ཊ་བྷྲི་ཊ། ཨུ་ལ་ཀཱ་མུ་ཁི། ཨུ་ལ་ཀཱ་དྷཱ་ར་ཎི། ཏྲཻ་ལོཀྱ་མ་ཐཱ་ནཱི། བི་དྷྭཾ་ས་ཡ་པ་ར་སེ་ནྱཾ། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག། \?\་སྲུངས་ཤིག། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀཾ་པ་ཀཾ་པ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུཉྫ་མུཉྫ། མཊྚ་
438a
༄#། །ཧཱ་སཾ།་བི་དྷྭཾ་ས་ཡ་པ་ར་སེནྱཾ། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་།སྲུངས་ཤིག་།ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་ཡ་བྷྲ་མ་ཡ། བུདྡྷ་ས་ཏྱེ་ན། དྷརྨ་ས་ཏྱེ་ན།་སཾ་གྷ་ས་ཏྱེ་ན། ས་ཏྱ་བ་ཏི་ནཱཾ། ས་ཏྱེ་ན་བུདྡྷ་ས་ཏྱེ་མ་ཏི་ཀྲ་མ། དྷརྨ་ས་ཏྱེ་མ་ཏི་ཀྲ་མ། སཾ་གྷ་ས་ཏྱེ་མ་ཏི་ཀྲ་མ། ས་ཏྱ་བ་ཏི་ནཱཾ། ས་ཏྱེ་མ་ཏི་ཀྲ་མ། ལམྦོ་དྷ་རི། ལམྦོ་དྷ་རི།་ཀུ་ཊ་ཀུ་ཊ། ཀུཊྚ་ཀུཊྚ་ཀུཊྚ། ཀུཊྚ་པ་ཡ་ཀུཊྚ་པ་ཡ། རུ་དྲ་མ་ནཱ་ཡ། བིཥྞི་མ་ནཱ་ཡ། ཙནྡྲ་སཱུརྱ་བྲཧྨ་ན་ཡ། ཏྲཻ་ལོཀྱ་ཨ་དྷི་པ་ཏི་མ་ནཱ་ཡ། སརྦ་དེ་བ་ཨ་དྷི་པ་མ་ནཱ་ཡ། སརྦ་ཡཀྵ་རཀྵ་ས་གནྡྷ་རྦ། ཀུམྦྷ་ནྜེ། མ་ཧོ་ར་གཱ་དྷི་པ་ཏི་མ་ནཱ་ཡ། བི་དྷྭཾ་ས་ཡ་པ་ར་སེ་ནྱཾ། རངྒ་རངྒ། རངྒ་པ་ཡ་རངྒ་པ་ཡ། ཛྭཱ་ལ་ཛྭཱ་ལ། པུཥྤ་མཱ་ལི་ནི། རུནྡྷ་རུནྡྷ། རི་ཏི་རི་ཏི།་ཙི་ཏི་ཙི་ཏི། བྷྲི་ཏི་བྷྲི་ཏི། བྷརྀ་ཀུ་ཊི་མུ་ཁ་པ་ར་སེ་ན་ཀུ་ལོད་སཱ་དྷ་ནི་ཀ་རི། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཧེ་ཧེ། རི་ཎི་རི་ཎི། རི་ནི་མ་ཏི། ཛམྦྷ་དྷྭ་ཛེ། སརྦ་བུདྡྷ་ཨཱ་བཱ་ལོ་ཀི་ཏེ། བདག་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག། སྲུངས་ཤིག་།སརྦ་ཏ་ཐཱ་ག་ཏ་ཨཱ་བ་ལོ་ཀི་ཏེ་སཝཱཧཱ། གུ་ཎ་རཱ་ཛ་པྲ་བྷཱ་སོད་ཏ་མེ་སཝཱཧཱ། སཱུརྱ་ཨརྐ་བ་མི་ལེ་སཝཱཧཱ།་ཙནྡྲ་ཨརྐ་བི་མ་ལེ་སཝཱཧཱ། སརྦ་གྲ་ཧ་ནཀྵ་ཏྲ་དྷེ་མཱི་ཀ་ར་ཎེ་སཝཱཧཱ། བདག་འཇིགས་པ་དང ། གནོད་པ་དང ། ནད་འགོ་བ་དང ། འཁྲུག་པ་ཐམས་ཅད་ལས་
438b
སྲུངས་ཤིག་།སྲུངས་ཤིག་སཝཱཧཱ། ལྷའི་རྒྱལ་པོ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་འདིས་ཁྱོད་གཡུལ་སྤྲོད་པའམ། འཐབ་པའམ།་རྩོད་པའམ། འགྱེད་པའམ། གང་དུ་འགྲོ་ཡང་རུང་སྟེ། མི་འཇིགས་ཤིང་ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོའམ་མགུལ་དུ་བཏགས་ན། མིའི་རྒྱལ་པོ་དང ། སྐྱེས་བུ་དཔའ་བོ་ཐམས་ཅད་ལ་སྲུང་བར་བྱེད་དོ། །བུད་མེད་ཀྱི་གཟུགས་ལྟ་བུར་བསྒྱུར་ནས་མདུན་དུ་འདུག་སྟེ་མི་འཇིགས་པ་སྦྱིན་ཞིང་སྲུང་བར་བྱེད་དོ། །དཔལ་སྐྱེད་པར་བྱེད། ཕ་རོལ་གྱི་སྡེ་སྤ་ཀོང་བར་བྱེད་དོ། །བཀྲ་ཤིས་པ་དང ། གཙང་བ་དང ། གྲགས་པ་དང ། དཔལ་དང ། ཕུན་སུམ་ཚོགས་པ་ཀུན་ཏུ་གནས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷའི་དབང་པོ་བརྒྱ་བྱིན་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛ་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་བབ་པ།