rKTs


H585

(e-text produced by ACIP)

see text in transliteration
419b
རྒྱ་གར་སྐད་དུ། ཨཱ་ཡ་ཨོ་ཛ་པྲ་ཏྱཾ་ཧ་ར་ཎི་སཝཱཧཱ། བོད་སྐད་དུ། འཕགས་པ་མདངས་ཕྱིར་འཕྲོག་པ་ཞེས་བྱ་བའི་མདོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་མདངས་ཕྱིར་འཕྲོག་པའི་རིག་སྔགས་གཟུངས་ཤིག་།ཆོངས་ཤིག་།ལྷོགས་ཤིག་།ཀུན་
420a
༄#། །ཆུབ་པར་གྱིས་ཤིག་།ཀུན་དགའ་བོ། གང་ལ་ལ་ཞིག་མདངས་ཕྱིར་འཕྲོག་པའི་རིགས་སྔགས་འཆང་དམ། སྟོན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་ན། དེའི་མདངས་ཕྱིར་མི་འཕྲོག་ཅིང ། འཕྲོག་པར་མི་འགྱུར་རོ། །འཕྲོག་ན་ཡང་ཕྱིར་ཡང་དག་པར་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚོགས་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ཏདྱ་ཐཱ། ཕི་ལི་ཕི་ལི་མེ། ཕི་ལུ་མེཾ་གེ། ཕི་ལུ་མ་ཏི། བུ་ལུ་གུ་མཱ་ཏི། སཱ་ར་བ་ཏི། ཀིཥ་ར་བ་ཏི། ཀུ་རུ་མཱ་ཏི། ཨུ་ཏ་བ་ལ་ནི། གཽ་རི། གྣྡྷ་རི། ཙཽ་རི། ཙཎྜ་ལི། སྟུ་རེ། སྟུ་བ་རེ། ཨིནྡྲ་མཱ་ལི་ནཱི། ཛཱ་ལི་ནི། སོ་བཀ་ཀེ་ཀོཥ་ཥ་ཌེ། སཱ་ག་རེ། མ་ཧཱ་སཱ་ག་རེ། པུ་རུ་ཙེ། པ་རུ་ཙུ་རེ། ས་མ་ནེ། དེ་བ་བེ། ད་དཾ་བ་ཕེ། ཧུ་ལུ་ཧུ་ལུ་སཝཱཧཱ། རིག་སྔགས་འདི་བཀའ་སྩལ་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་པའི་བར་དུ་གྱུར་ཏོ། །གནོད་སྦྱིན་རྣམས་ཀྱང་ཀྱེ་མའོ་སྡུག་བསྔལ་ལོ། །ཀྱེ་མའོ་ཉམ་ཐག་གོ། ཞེས་དུ་ཞིང་སྐད་ཆེན་པོས་སྒྲ་ཆེན་པོ་འབྱིན་ཅིང་འཁོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་
420b
ངས་བདེན་པ་དང ། བདེན་པའི་ཚིག་གང་གིས་མདངས་ཕྱིར་འཕྲོག་པའི་རིགས་སྔགས་འདི་གསུངས་པའི་བདེན་པ་དང་བདེན་པའི་ཚིག་དེས་ངས་བསྲུང་བར་བྱའོ། །བདེ་ལེགས་སུ་འགྱུར་བའི་བར་དུ་བྱའོ། །དེའི་མདངས་དཔྲོག་པར་བྱའོ། །ཕྱིར་དབྲོག་པར་བྱའོ། །ཉེ་བར་བསྒྲུབ་པར་བ་ཡའོ། །གནོད་སྦྱིན་གྱིས་ཟིན་ཏམ། མི་དང་མི་མ་ཡིན་པས་ཟིན་ན་ནི།་དུས་དེ་དང ། ཚོད་དེ་དང ། ཡུད་ཙམ་དེ་ལ་མདངས་འཕྲོག་གོ། ཕྱིར་འཕྲོག་གོ། རྣམ་པར་འཇུག་གོ། གལ་ཏེ་འཕྲོག་ཅིང་ཕྱིར་འཕྲོག་པར་མི་བྱེད་དེ། གནས་ན་འདུག་བཞིན་དུ་རྣམ་པར་མི་འཇིག་ཅིང ། ཡང་འཇོམས་པར་འདོད་དམ་འཕྲོག་པར་འདོད་པར་གྱུར་ན། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉན་ཐོས་ཀྱི་ཚོགས་དང་བཅས་ཏེ་མི་མཉེས་པར་བྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མདངས་ཕྱིར་འཕྲོག་པ་ཞེས་བྱ་བའི་མདོ་རྫོགས་སོ།། །།