rKTs


H571

(e-text produced by ACIP)

see text in transliteration
328a
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏྲི་ཤཱ་ཏྲི་ཤུ་ལ་ཤཱ་ཁི། ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། ཨཱཛྙཱ་པ་ཡ་ཏི། བ་རེ་ན། བུ་ཧ་ལ། མྲྀ་ད་དྷཱ་ཏུ་སཝཱཧཱ། ཆོ་ག་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་དཀྱིལ་འཁོར་བྱས་ཏེ་ཅི་འབྱོར་བས་མཆོད་པ་བྱས་ལ། ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཞག་ནས་ནང་བར་ཆུ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་དྲོ་ཁར་ཁ་ཟས་འོ་མ་དང་སྦགས་ཏེ་ཟོས་ན། ཞག་བདུན་ལོན་ན་ཉིན་གཅིག་ཀྱང་ཤླཽ་ཀ་སྟོང་ལོབས་པར་འགྱུར་རོ། །ཡིད་ཆེས་པའི་རྟགས་ཡོད་དོ། །ཤླཽ་ཀ་སྟོང་ལོབས་པའི་གཟུངས་རྫོགས་སོ།། །།