rKTs


H558

(e-text produced by ACIP)

see text in transliteration
319a
མཆོད་རྟེན་གཅིག་ཡན་ཆད། བྱེ་བ་མན་ཆང་གདབ་པའི་སྔགས་དང་བསམ་པའི་རྒྱུད་ནི།་ཀུན་ཀྱང་འདྲའོ། །དེ་ལ་མཆོད་རྟེན་གཅིག་བཏབ་ན། བྱེ་བ་བཏབ་པར་འགྱུར་བའི་སྔགས་དང་ཆོ་ག་ནི། འཇིམ་པ་ལ་སོགས་པ་ཡོ་བྱད་ཐམས་ཅད་ལ་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱན། ཛི་ནཱ་ནཱན། བནྡྷེ་རཏྣ་ཊ་ཡན་ཤུ་བྷ་ན། ཨཀྵོ་བྷྱ་ཨ་མི་ཏཱ་བན་ཙ་བན་དེ། ཨ་ཧཾ་ཨ་ལོ་ཀི་ཏཾ། ན་མ་སྟྲྱཻ་དྷཱ་ནུ་ག་ཏཱ་ནཱན།་སརྦ་ཏ་ཐཱ་ག་ཏཱ་ནཱན། སུཀྵྨེ་སུཀྵྨེ། ནཱ་ག་དེ། ཤཱནྟེ། དཱནྟ། ཤཱི་བ་ནི་རཱ་ཀུ་ལེ། ཡེ་ཤེས་ཡ་ཤོ་བ་ཏི། ཏེ་ཛེ་ཏེ་ཙོ་བ་ཏི། སྲྦ་བུདྡྷ་ཨ་དྷི་ཥྛི་ཏེ་སྭའྷཱ། མུ་དྲ་འདེབས་པའི་འཇི་
319b
བའམ།་སྔགས་བྲི་བའི་ཆེ་ལན་བདུན་གདབ་པའི་སྔགས་ལ། ན་མཿ ས་མནྟ་བུདྡྷ་ནཱན། ཨཱ་པྲ་ཏི་ཧ་ཏ། ཤཱ་ས་ནཱ་ནཱན། ཨོཾ་བཛྲ་ཨཱ་ཡུ་ཥེ་སཝཱཧཱ། འབི་འབིའི་སྔགས་ལ། ཨོཾ་བྫྲོད་བྷ་བཱ་ཡ་སཝཱཧཱ། ཙེ་ཏིའི་པོར་བུའི་ནང་དང ། ས་ཚའི་ནང་དུ་ཕྱེ་མ་བཏབ་པའམ། སྣུམ་གྱིས་བྱུག་པའི་སྔགས་ལ། ཨོཾ་བཛྲ་ཨ་ར་ཛེ་བི་ར་ཛེ་སཝཱཧཱ། ཕྱག་རྒྱའམ། སྔགས་གཞུག་པའི་སྔགས་ལ། ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སཝཱཧཱ། ཙེ་ཏིའི་ཕོར་བུར་འབི་འབི་གཞུག་པའི་སྔགས་ལ། ཨོཾ་བཛྲ་དྷཱ་ཏུ་གརྦྷེ་སཝཱཧཱ། ཐོ་བ་རྡེག་ཅིང་གདབ་པའི་སྔགས་ལ། ཨོཾ་བྫྲ་མུངྒ་ར་ཨ་ཀོ་ཊ་ཡ་ཧཱུཾ།་ཙེ་ཏིའི་ཕོར་བུ་ནས་ཕྱིར་དབྱུང་བའི་སྔགས་ལ། ཨོཾ་དྷརྨ་ཏེ་སཝཱཧཱ། འཁོར་ལོ་དང་དབུ་ཞུ་གསོལ་བའི་སྔགས་ལ། ཨོཾ་བྷྲ་མ་ཏ་ན་ཡེ་སཝཱཧཱ། ཙེ་ཏིའི་དཀྱིལ་འཁོར་ལ་བཞག་པའི་སྔགས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སཝཱཧཱ། ཆོ་ག་དེ་ལྟར་བྱས་ན། ཙེ་ཏི་གཅིག་བཏབ་པས་བྱེ་མ་སྙེད་བཏབ་པར་འགྱུར་རོ། །ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །དཀྱིལ་འཁོར་བྱས་པའི་ལག་པ་འཇི་བ་ཅན་གྱིས་གར་ན་བར་བསྐུས་ན། ནད་མཛེའི་རྣམ་པ་བཅོ་བརྒྱད་ལ་སོགས་པ་ཐམས་ཅད་མ་ལུས་པར་ཞི་བར་འགྱུར་རོ།། །།