རྒྱ་གར་སྐད་དུ། ཨཱརྱ་བ་ཧུ་པུ་ཏྲ་པྲ་ཏི་ས་ར་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་བུ་མང་པོ་སོ་སོར་འབྲང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་རྦ་ན་བཞུགས་ཏེ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ 289a ༄#། །ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་དེང་འདིར་རྒྱལ་པོ་གསལ་རྒྱལ་དང་འཐབ་རྩོད་མཚང་བྲུས་ཏེ་བཀྱེ་བར་གྱུར་ན། བཅོམ་ལྡན་འདས། དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་།དེའི་ཕྱིར་ཁྱོད་ཀྱིས་བུ་མང་པོ་སོ་སོར་འབྲང་བ་ཞེས་བྱ་བའི་རིག་སྔགས་འདི་ཟུངས་ཤིག་།ཆོངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།ཏདྱ་ཐཱ། ད་ཌེ་བ་ཌ་ཌེ། ཨུ་པ་ད་ཌེ་ད་ཌེ། ཨུ་པ་ད་ཌེ་ད་ཌེ། གམྦྷི་རི། ཨ་བརྟེ་ནེ། ནི་བརྟེ་ནེ། དྷ་ཧཱ་དྷི་ཧཱི། མོ་ཧ་ནན། པྲ་མོ་ཧ་ནན། ཁྱིམ་བདག་།གང་ལ་ལ་ཀ་ནཱ་ན། པྲ་ཏྱ་མེ་ཏྲ་ན་ན། ཙ་ཀླུ་མོ་ཧ་ནཾ་ཀ་རོ་མི། ཤཝཏྲཱ་མོ་ ་རོ་མི། ཛ་ཧཱ་བྲ་ཧཱ་ནཾ་ཀ་རོ་མི། ཏདྱ་ཐཱ། ད་ཌེ། བ་ད་ཌེ། བྷ་ན་ན། མོ་ཧ་ན་ན། ཁྱིམ་བདག་།གང་ལ་ལ་ཞིག་བུ་མང་པོ་སོ་སོར་འབྲང་བའི་གཟུངས་འདི་སྐུད་པ་དམར་པོ་ལ་ལན་བདུན་བསྔགས་ཏེ་ལག་པ་གཡོན་པའི་སོར་མོ་གཅིག་ལ་བཅིང་སྣ། དེའི་ལུས་ལ་དུག་དང ། མཚོན་དང ། ནད་དང ། རིམས་ནད་དང ། རིམས་དྲག་པོས་མི་ཚུགས་སོ། །འཐབ་པ་དང ། མཚང་འདྲུ་བ་དང ། རྩོད་པ་རྣམས་ཀྱི་ལན་ཐེབས་པར་འགྱུར་རོ། །བཅོམ་ལྡན་ 289b ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སོ་སོར་འབྲང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། |