རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་ཨུཥྞི་ཥ་སི་ཏཱ་ཏ་པ་ཏྲེ་ནཱ་མ་ཨ་པ་ར་ཛི་ཏ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་བའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ན་ཆོས་བཟང་ལྷའི་མདུན་ས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་དགེ་འདུན་དང ། ལྷའི་དབང་པོ་བརྒྱ་བྱིན་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ཏེ་གཙུག་ཏོར་རྣམ་པར་ལྟ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཆོ་ག་འདི་དག་བྱུང་ངོ ། །སངས་རྒྱས་དང་བྱང་ཆུབ་ 263a ༄#། །སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་གཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་དམོད་པར་འདོར་བ་དང་ཕན་འདོགས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་ལྷན་ཅིག་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་ལ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །པདྨའི་གདུང་ལ་ཕྱག་འཚལ་ལོ། །རྡོ་རྗེའི་གདུང་ལ་ཕྱག་ 263b འཚལ་ལོ། །ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །གླང་པོའི་གདུང་ལ་ཕྱག་འཚལ་ལོ། །གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །ཀླུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་ 264a ༄#། །པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལའི་བསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ཕྱིར་ཟློག་པ་ཆེན་པོ་འདིས་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པ། གཞན་གྱི་རིག་སྔགས་གཅོད་པ། དུས་མ་ཡིན་པར་འཆི་བ་ལས་ཟློག་པ། སེམས་ཅན་བཅིངས་པ་ཐམས་ཅད་འགྲོལ་བ།་སྡང་བ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་ཐམས་ཅད་ཟློག་པ། གདོན་བརྒྱད་ཁྲི་བཞི་སྟོང་འཇིགས་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིགས་པར་བྱེད་བ། དགྲ་ཐམས་ཅད་ཟློག་པ། མ་རུངས་པ་དང ། སྡང་བ་དང ། རྨི་ལམ་ངན་པ་ཐམས་ཅད་འཇིགས་པར་བྱེད་པ། དུག་དང ། མཚོན་དང ། མེ་དང ། ཆུ་ལས་སྒྲོལ་བ་སྟེ། གཞན་གྱིས་མི་ཐུས་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་ 264b དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེས་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཁར་བསྣམས་འཇོམས་པ་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་པ། །གཟུགས་ཞི་གཟི་བརྗིད་ཆེན་པོ་ཅན། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང ། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། ། ལག་ན་རྡོ་རྗེ་རིགས་གསེར་ཕྲེང ། །ལེ་བརྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེའི་གཙུག་ཏོར་གྲགས། །རྣམ་པར་བསྒྱིངས་མའི་རྡོ་རྗེ་དང ། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེ་སྒྲོས་དང་དཀར་མོ་དང ། །པདྨའི་སྤྱན་དང་ཟླ་འོད་དང ། །ཕྱག་རྒྱའི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་ལ་སྲུང་དུ་གསོལ། སྲུང་དུ་གསོལ། ཨོཾ་རི་ཥི་ག་ན་པྲ་ཤཱཔྟ་ས་ཡ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ། ཛམྦྷ་ན་ཀ་རི་ཧཱུཾ་དྲཱུཾ། སྟམྦྷ་ན་ཀ་རི་ཧཱུཾ་ཧཱུཾ། མ་ཧཱ་བིདྱཱ་སཾ་བྷཀྵ་ན་ཀ་རི་ཧཱུཾ་དྲཱུཾ། པ་ར་བི་དྱཱ་སཾ་བྷཀྵ་ན་ཀ་རཱ་ཧཱུཾ་དྲཱུཾ། སརྦ་དུཥྚཱ་ནཱཾ་སྟམྦྷ་ན་ཀ་རཱི་ཧཱུཾ་དྲཱུཾ། སརྦ་ཡཀྵ་རཀྵ་སགྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཙ་ཏུ་རཱ་ཤཱི་ཏ་ནཱིན། གྲ་ཧ་ས་ཧ་སྲཱ་ཎཱ་བི་དྷྭ་ན་ས་ན་ཀ་ར་ཧཱུཾ་དྲཱུཾ། ཨཥྚ་བི་ཤ་ཏི་ནཱན། ནཀྵ་ཏ་ཏྲཱ་ཎཱ་མི་པྲ་སཱ་ད་ན་ཀ་རི་ཧཱུཾ་དྲཱུཾ། ཨཥྚ་ནཱཾ་གྲ་ཧ་ཎཱཾ་བི་དྷྭ་ན་ས་ན་ཀ་རཱི་ཧཱུཾ་དྲཱུཾ།་རཀྵ་མཾ། སྲུང་དུ་གསོལ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་ 265a ༄#། །མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ་ཆེན་མོ་ཀུན་ནས་བདག་ལ་སྲུང་དུ་གསོལ། སྲུང་དུ་གསོལ། ཨོཾ་རྒྱལ་པོའི་འཇིགས་པ་དང ། ཆོམ་རྐུན་གྱི་འཇིགས་པ་དང ། མེའི་འཇིགས་པ་དང ། ཆུའི་འཇིགས་པ་དང ། དུག་གི་འཇིགས་པ་དང ། མཚོན་གྱི་འཇིགས་པ་དང ། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང ། མུ་གེའི་འཇིགས་པ་དང ། དགྲའི་འཇིགས་པ་དང ། ནད་ཀྱི་འཇིགས་པ་དང ། ལྕེ་འབབ་པའི་འཇིགས་པ་དང ། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང ། ས་གཡོ་བའི་འཇིགས་པ་དང ། སྐར་མདའ་ལྟུང་བའི་འཇིགས་པ་དང ། རྒྱལ་པོའི་ཆད་པའི་འཇིགས་པ་དང ། ལྷའི་འཇིགས་པ་དང ། ཀླུའི་འཇིགས་པ་དང ། གློག་གི་འཇིགས་པ་དང ། ནམ་མཁའ་ལྡིང་གི་འཇིགས་པ་དང ། གཅན་གཟན་ཁྲོ་བོའི་འཇིགས་པ་དང ། ལྷའི་གདོན་དང ། ཀླུའི་གདོན་དང ། ལྷ་མ་ཡིན་གྱི་གདོན་དང ། རླུང་ལྷའི་གདོན་དང ། ནམ་མཁའ་ལྡིང་གི་གདོན་དང ། དྲི་ཟའི་གདོན་དང ། མིའམ་ཅིའི་གདོན་དང ། ལྟོ་འཕྱེ་ཆེན་པོའི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། སྲིན་པོའི་གདོན་དང ། ཡི་དྭགས་ཀྱི་གདོན་དང ། མཁའ་འགྲོ་མའི་གདོན་དང ། ཤ་ཟའི་གདོན་དང ། འབྱུང་པོའི་གདོན་དང ། གྲུལ་བུམ་གྱི་གདོན་ 265b དང ། སྲུལ་པོའི་གདོན་དང ། ལུས་སྲུལ་པོའི་གདོན་དང ། སྐེམ་བྱེད་ཀྱི་གདོན་དང ། བརྗེད་བྱེད་ཀྱི་གདོན་དང ། སྨྱོ་བྱེད་ཀྱི་གདོན་དང ། གྲིབ་གནོན་གྱི་གདོན་དང ། གནོན་པོའི་གདོན་དང ། དེ་དག་ལས་ཀྱང་བདག་བདེ་ལེགས་སུ་གྱུར་ཅིག་།གཟི་བརྗིད་འཕྲོག་པ་དང ། མདངས་འཕྲོག་པ་དང ། ཟས་སུ་ཁྲག་འཐུང་བ་དང ། ཟས་སུ་ཤ་ཟ་བ་དང ། ཟས་སུ་ཚིལ་ཟ་བ་དང ། ཟས་སུ་རྐང་ཟ་བ་དང ། ཟས་སུ་བཙས་པ་ཟ་བ་དང ། སྲོག་འཕྲོག་པ་དང ། ཟས་སུ་སྐྱུག་པ་ཟ་བ་དང ། ཟས་སུ་མི་གཙང་བ་ཟ་བ་དང ། ཟས་སུ་གཅིན་འཐུང་བ་དང ། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང ། ཟས་སུ་ལྷག་མ་ཟ་བ་དང ། ཟས་སུ་མཆིལ་མ་ཟ་བ་དང ། ཟས་སུ་སྣབས་ཟ་བ་དང ། ཟས་སུ་ངར་སྣབས་ཟ་བ་དང ། ཟས་སུ་རྣག་ཟ་བ་དང ། ཟས་སུ་གཏོར་མ་ཟ་བ་དང ། ཟས་སུ་ཕྲེང་བ་ཟ་བ་དང ། ཟས་སུ་དྲི་ཟ་བ་དང ། ཟས་སུ་བདུག་པ་ཟ་བ་དང ། སེམས་འཕྲོག་པ་དང ། ཟས་སུ་མེ་ཏོག་ཟ་བ་དང ། ཟས་སུ་འབྲས་བུ་ཟ་བ་དང ། ཟས་སུ་ལོ་ཏོག་ཟ་བ་དང ། ཟས་སུ་སྦྱིན་སྲེག་ཟ་བ་ལས་བདག་བདེ་ལེགས་སུ་གྱུར་ཅིག་།དེ་དག་ཐམས་ཅད་དང ། གདོན་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཀུན་ཏུ་རྒྱས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཕྱུགས་བདག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། ། 266a ༄#། །སྲེད་མེད་ཀྱིས་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་བུས་གདབ་བོ། །ནག་པོ་ཆེན་པོ་དང ། མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །རྒྱལ་བར་བྱེད་པ་དང ། སྦྲང་རྩིར་བྱེད་པ་དང ། དོན་ཀུན་གྲུབ་པས་བྱས་བའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བྷྲིཾ་གི་རི་ཏི་དང ། དགའ་བྱེད་དབང་ཕྱུག་དང ། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་གཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ལ་སྲུང་དུ་གསོལ། སྲུང་དུ་གསོལ། ཨོཾ་ཨ་སི་ཏཱ་ན་ལཱརྐ་པྲ་བྷ་སྥུ་ཊ། བི་ཀ་སི་ཏཱ་ཊ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ 266b ཙྪིནྡ། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མ་གྷོ་ཕཊ། ཨ་པྲ་ཏི་ཏ་དྲཱ་ཕཊ། བ་ར་པྲ་ཏཱ་ཕཊ། ཧཾ་གི་ར་ཏི་ཕཊ། ཨ་སུ་ར་བི་དྲཱ་བ་ཀ་ཕཊ། སརྦ་དེ་བེ་བྷྱཿ ་ཕཊ། སརྦ་ནཱ་གེ་བྷྱཿ ་ཕཊ། སརྦ་ཨ་རུ་རེ་བྷྱཿ ་ཕཊ། སརྦ་མ་རུད་དེ་བྷྱཿ ་ཕཊ། སརྦ་ག་རུ་ཌེ་བྷྱཿ ་ཕཊ། སརྦ་གནྦྷ་རེ་བྷྱཿ ་ཕཊ། སརྦ་ཀིནྣ་རེ་བྷྱཿ ་ཕཊ། སརྦ་མ་ཧོ་ར་གེ་བྷྱཿ ་ཕཊ། སརྦ་ཡཀྵེ་བྷྱཿ ་ཕཊ། སརྦ་རཱཀྵ་སེ་བྷྱཿ ་ཕཊ། སརྦ་པྲེ་ཏེ་བྷྱཿ ་ཕཊ། སརྦ་བི་ཤཱ་ཙེ་བྷྱཿ ་ཕཊ། སརྦ་བྷུ་ཏེ་བྷྱཿ ་ཕཊ། སརྦ་ཀུམྦྷཎ་ཌེ་བྷྱཿ ་ཕཊ། སརྦ་པཱུ་ཏ་ནེ་བྷྱཿ ་ཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿ ་ཕཊ། སརྦ་སྐནྡྷེ་བྷྱཿ ་ཕཊ། སརྦ་ཨུནྨཱ་དེ་བྷྱཿ ་ཕཊ། སརྦ་ཙྪ་ཡེ་བྷྱཿ ་ཕཊ། སརྦ་ཨ་པསྨཱ་རེ་བྷྱཿ ་ཕཊ། སརྦ་ཨོ་སྟཱ་ར་ཀེ་བྷྱཿ ་ཕཊ། སརྦ་དུ་ར་ལཾ་གི་ཏེ་བྷྱཿ ་ཕཊ། སརྦ་དུཥྤྲེ་ཀྵེ་ཏེ་བྷྱཿ ་ཕཊ། སརྦ་ཛྭ་རེ་བྷྱཿ ་ཕཊ། སརྦ་ཀྲྀ་ཏྱ་ཀརྨ་ཀཱ་ཁོ་རྡེ་བྷྱཿ ་ཕཊ། ཀི་ར་ཎ་བི་ཏཱ་ཌེ་ཙིཙྖ་པྲེ་ཥ་ཀ་དུ་ཤཙྪེ་རྡི་ཏ་དུ་རྦྷུ་ཀྟེ་བྷྱཿ ་ཕཊ། དུ་ར་བྷུཀྟེ་བྷྱཿ ་ཕཊ། སརྦ་ཏཱི་རྠི་ཀེ་བྷྱཿ ་ཕཊ། སརྦ་ཤྲ་མ་ཎ་བྷྱཿ ་ཕཊ། སརྦ་བིདྱཱ་དྷ་རེ་བྷྱཿ ་ཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་ར་བྷྱཿ ་ཕཊ། སརྦ་ཨརྠ་སཱ་དྷ་ཀ་བྷྱོ་བིདྱཱ་ཙཱ་རེ་བྷྱཿ ་ཕཊ། ཙ་ཏུ་ར་བྷ་གི་ནི་བྷྱཿ ་ཕཊ། སརྦ་ཀཽ་མཱ་རཱི་ཡེ་བྷྱཿ ་ཕཊ། བིདྱཱ་ར་ཛྙཱི་ཡེ་བྷྱཿ ་ཕཊ། མཧཱ་པྲ་ཏྱཾ་གི་རེ་བྷྱཿ ་ཕཊ། བཛྲ་ཤྲཱི་ཁ་ལ་ཡ་པྲ་ཏྱ་གི་ར་རཱ་ཛཱ་ཡ་ཕཊ། མཧཱ་ཀཱ་ལཱ་ཡ་མཱ་ཏྲྀ་ག་ཎ་ན་མ་སྐྲི་ཏཱ་ཡ་ཕཊ། པིཥྞུ་བཱི་ཡེ་ཕཊ། པྲཧྨ་ཎཱ་ཡེ་ཕཊ། ཨགྣཱི་ཡེ་ཕཊ། མཧཱ་ཀཱ་ལཱི་ཡེ་ཕཊ། ཀཱ་ལ་དཎྜཱི་ཡེ་ཕཊ། ཨིནྡྲཱི་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། ཀཽ་མཱ་རཱ་ཡེ་ཕཊ། བ་རཱ་ཧཱི་ཡེ་ཕཊ། ཙ་ 267a ༄#། །མུཎྜི་ཡེ་ཕཊ། ར་ཏྲཱི་ཡེ་ཕཊ། ཀཱ་ལ་ར་ཏྲི་ཡེ་ཕཊ། ཡ་མ་དཎྜི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་ཏི་མུཀྟི་སྨ་ཤཱ་ན་བཱ་སེ་ནཱི་ཡེ་ཕཊ། སེམས་ཅན་གང་སུ་དག་བདག་ལ་སྡང་པའི་སེམས་དང་ལྡན་པ་རྣམས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། གཟི་བྱིན་འཕྲོག་པ་རྣམས་དང ། ཟས་སུ་མདངས་ཟ་བ་རྣམས་དང ། ཟས་སུ་མངལ་ཟ་བ་རྣམས་དང ། ཟས་སུ་ཁྲག་འཐུང་བ་རྣམས་དང ། ཟས་སུ་ཞག་ཟ་བ་རྣམས་དང ། ཟས་སུ་ཤ་ཟ་བ་རྣམས་དང ། ཟས་སུ་ཚིལ་ཟ་བ་རྣམས་དང ། ཟས་སུ་རྐང་ཟ་བ་རྣམས་དང ། ཟས་སུ་བཙས་པ་ཟ་བ་རྣམས་དང ། སྲོག་འཕྲོག་པ་རྣམས་དང ། ཟས་སུ་སྐྱུག་པར་བ་རྣམས་དང་ཟས་སུ་མི་གཙང་བ་ཟ་བ་རྣམས་དང ། ཟས་སུ་གཅིན་འཐུང་བ་རྣམས་དང ། ཟས་སུ་སྟོར་ཁུང་ནས་འབབ་བ་འཐུང་བ་རྣམས་དང ། ཟས་སུ་ལྷག་མ་ཟ་བ་རྣམས་དང ། ཟས་སུ་མཆིལ་མ་འཐུང་བ་རྣམས་དང ། ཟས་སུ་སྣབས་ཟ་བ་རྣམས་དང ། ཟས་སུ་ངར་སྣབས་ཟ་བ་རྣམས་དང ། ཟས་སུ་གཏོར་མ་ཟ་བ་རྣམས་དང ། ཟས་སུ་ཕྲེང་བ་ཟ་བ་རྣམས་དང ། ཟས་སུ་དྲི་ཟ་བ་རྣམས་དང ། ཟས་སུ་བདུག་པ་ཟ་བ་རྣམས་དང ། སེམས་འཕྲོག་པ་རྣམས་དང ། ཟས་སུ་མེ་ཏོག་ཟ་བ་རྣམས་དང ། ཟས་སུ་འབྲས་བུ་ཟ་བ་རྣམས་དང ། ཟས་སུ་ལོ་ཏོག་ཟ་བ་རྣམས་དང ། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང ། སྡིག་པའི་སེམས་དང་ལྡན་པ་རྣམས་དང ། སྡང་བའི་སེམས་དང་ལྡན་པ་རྣམས་དང ། 267b དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། ལྷའི་གདོན་རྣམས་དང ། ཀླུའི་གདོན་རྣམས་དང ། ལྷ་མ་ཡིན་གྱི་གདོན་རྣམས་དང ། རླུང་ལྷའི་གདོན་རྣམས་དང ། ནམ་མཁའ་ལྡིང་གི་གདོན་རྣམས་དང ། དྲི་ཟའི་གདོན་རྣམས་དང ། མིའམ་ཅིའི་གདོན་རྣམས་དང ། ལྟོ་འཕྱེ་ཆེན་པོའི་གདོན་རྣམས་དང ། གནོད་སྦྱིན་གྱི་གདོན་རྣམས་དང ། སྲིན་པོའི་གདོན་རྣམས་དང ། ཡི་དྭགས་ཀྱི་གདོན་རྣམས་དང ། ཤ་ཟའི་གདོན་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། གྲུལ་བུམ་གྱི་གདོན་རྣམས་དང ། སྲུལ་པའི་གདོན་རྣམས་དང ། ལུས་སྲུལ་པོའི་གདོན་རྣམས་དང ། སྐེམ་བྱེད་ཀྱི་གདོན་རྣམས་དང ། སྨྱོ་བྱེད་ཀྱི་གདོན་རྣམས་དང ། གྲིབ་གནོན་གྱི་གདོན་རྣམས་དང ། བརྗེད་བྱེད་ཀྱི་གདོན་རྣམས་དང ། གནོན་པོའི་གདོན་རྣམས་དང ། མཁའ་འགྲོ་མའི་གདོན་རྣམས་དང ། ནམ་གྲུའི་གདོན་རྣམས་དང ། གཤིན་རྗེའི་གདོན་རྣམས་དང ། བྱའི་གདོན་རྣམས་དང ། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང ། ཀུན་ཏུ་ཕྲེང་བའི་གདོན་རྣམས་དང ། ཚེར་མ་འདོན་པའི་གདོན་རྣམས་དང ། རིམས་ཉིན་གཅིག་པ་རྣམས་དང ། ཉིན་གཉིས་པ་རྣམས་དང ། ཉིན་གསུམ་པ་རྣམས་དང ། ཉིན་བཞི་པ་རྣམས་དང ། ཉིན་བདུན་པ་རྣམས་དང ། རྟག་པའི་རིམས་རྣམས་དང ། རིམས་མི་ཟད་པ་རྣམས་དང ། རིམས་ལྡང་དུབ་པ་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། རླུང་ལས་གྱུར་པ་རྣམས་དང ། མཁྲིས་པ་ལས་གྱུར་པ་རྣམས་དང ། བད་ཀན་ལས་གྱུར་ 268a ༄#། །བ་རྣམས་དང ། འདུས་པ་ལས་གྱུར་པ་རྣམས་དང ། རིམས་ནད་ཐམས་ཅད་དང ། ཀླད་བ་ན་བ་གསལ་དུ་གསོལ། གཞོགས་ཕྱེད་ན་བ་དང ། ཡིག་འཆུས་བ་དང ། མིག་ནད་དང ། སྣ་ནད་དང ། ཁ་ནད་དང ། མགུལ་ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། སྙིང་ན་བ་དང ། ཀླད་པ་ན་བ་དང ། རྩི་བ་ལོགས་ན་བ་དང ། རྒྱབ་ན་བ་དང ། ལྟོ་ན་བ་དང ། རྐེད་པ་ན་བ་དང ། ཆུ་སོ་ན་བ་དང ། བརླ་ན་བ་དང ། རྗེ་ངར་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བདག་བསལ་དུ་གསོལ། སྲུང་དུ་གསོལ། གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ནས་བྱུང་བ་ཕྱིར་ཟློག་པ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང ། རོ་ལངས་དང ། མཁའ་འགྲོ་མ་དང ། རིམས་དང ། ཤུ་བ་དང ། གཡའ་བ་དང ། འབྲུམ་བུ་ཕྲ་མོ་དང ། མཛེ་དང ། ཕོལ་མིག་དང ། བས་བལྡགས་དང ། མེ་དབལ་དང ། གཡན་པ་དང ། ལྷོག་པ་དང ། སྐེམ་པ་དང་སྐྲག་པ་དང ། དབྱིག་དུག་དེང ། དུག་སྦྱར་མ་དང ། བྱད་དང ། མེ་དང ། ཆུ་དང ། ་ངས་དང ། དགྲ་དང ། གནོད་པ་དང ། དུས་མ་ཡིན་པར་འཆི་བ་དང ། སྦྲང་དུ་ཏྲེ་མ་བུ་ཀ་དང ། ཏྲཻ་ལ་ཏ་དང ། སྡིག་པ་དང ། སྦྲུལ་དང ། སྲེ་མོང་དང ། སེངྒེ་དང ། སྟག་དང ། དོམ་དང ། དྲེད་དང ། སྤྱང་ཀི་དང ། ཆུ་སྲིན་དང ། བོང་བུ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་དེ་དག་ 268b ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་གྱི་རིག་སྔགས་བཅིང་བར་བགྱིའོ། །གདོན་ཐམས་ཅད་བཅིང་བར་བགྱིའོ། །ཏདྱ་ཐཱ། ཨོཾ་ཨ་ན་ལེ།། ཨ་ན་ལེ། བི་ཥ་དེ། བི་ཥ་དེ། བཻ་ར་བཻ་ར། བཛྲ་དྷ་རི། བནྡྷ་བནྡྷ་ནི། བཛྲ་པཱ་ཎི་ཧཱུཾ་ཕཊ། ཧཱུཾ་དྲཱུཾ་ཕཊ་ཕཊ་སཝཱཧཱ། ཧཱུཾ་དྲཱུཾ་ཕཊ། བནྡྷ་ཕཊ་ཕཊ་སཝཱཧཱ། སུ་ས་དེ་བཞིན་གཤེགས་པའི་གཏུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་འདི་གྲོ་གའམ། རས་སམ། ཤིང་ཤུན་ལ་བྲིས་ཏེ་ལུས་སམ་མགུལ་དུ་བཏགས་ན། དེ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། མེས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས་སོ། །དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །གདོན་ཐམས་ཅད་དང ། བགེགས་དང ། རྣམ་པར་ལོག་འདྲེན་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་བྱེད་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་དེ་ལ་སྲུང་བ་དང ། སྐྱོབ་པ་དང ། སྦེད་པར་བྱེད་དེ། དེ་རྣམས་ཀྱི་ཡིད་དུ་འོང་བ་དང ། དགའ་བར་འགྱུར་རོ། །བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་སྐྱེ་བ་དྲན་པར་འགྱུར་རོ། །ནམ་དུ་ཡང་གནོད་སྦྱིན་དང ། སྲིན་པོ་དང ། ཡི་དྭགས་དང ། སྲུལ་པོ་དང ། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །མི་དབུལ་པོར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་ 269a ༄#། །མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་འདི་འཆང་ན། ཚངས་པར་མི་སྤྱོད་པ་ཡང་ཚངས་པར་སྤྱོད་པར་འགྱུར་རོ། །ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར། མི་གཙང་བ་ཡང་གཙང་བར་འགྱུར། བསྙེན་གནས་མ་བྱས་པ་ཡང་བསྙེན་གནས་བྱས་པར་འགྱུར། སྨྱུང་བ་མ་བྱས་པ་ཡང་སྨྱུང་བ་བྱས་པར་འགྱུར། མཚམས་མེད་པ་ལྔ་བྱས་པའི་སྡིག་པ་ཡང་མ་ལུས་པར་བྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་ཟད་པར་འགྱུར་རོ། །བུད་མེད་བུ་འདོད་བ་གང་ལ་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་འདི་འཆང་ན། བུ་འདོད་པ་དེས་བུ་རྙེད་དེ། ཚེ་དང ། བསོད་ནམས་དང ། སྟོབས་ཀྱང་རབ་ཏུ་རྙེད་དོ། །འདི་ནས་ཤི་འཕོས་ན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ནད་དང ། ཕྱུགས་ནད་དང ། གནག་ནད་དང ། ཡམས་ཀྱི་ནད་དང ། འཚེ་བ་དང ། ནད་འགོ་བ་དང ། གནོད་པ་དང ། འཁྲུག་པ་ཐམས་ཅད་དང ། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་ 269b བཏགས་ཏེ་རིམ་གྲོ་ཆེར་མཆོད་པ་ཆེན་པོ་བྱས་ལ། གྲོང་ཁྱེར་ཆེན་པོའི་སྒོར་ཞུགས་ལ་གྲོང་ཁྱེར་རམ། གྲོང་ངམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་འདི་རིམ་གྲོ་ཆེར་བྱས་ཏེ་བཙུགས་མ་ཐག་ཏུ་གཡུལ་ཞི་བར་འགྱུར་རོ། །ཡམས་ཀྱི་ནད་དང ། འཚེ་བ་དང ། གནོད་པ་དང ། འཁྲུགས་པ་དང ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཥཊོཾ་བནྡྷ་བནྡྷ། བདག་ལ་སྲུངས་ཤིག་།སྲུངས་ཤིག་སཝཱཧཱ། རཀྵ་རཀྵ་མཾ། ཨོཾ་ཧཱུཾ་ཥཊོཾ་བནྡྷ་བནྡྷ་བཛྲ། བདག་ལ་སྲུངས་ཤིག ། རཀྵ་རཀྵ་མཾ། བཛྲ་པཱ་ཎི་ཧཱུཾ་ཕཊ་སཝཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་ཨ་བ་ལོ་ཀི་ཏེ་མུ་རྡྷ་ཏེ་ཛོ་རཱ་ཤི་།ོཾ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ་།ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁས་མེ་ཁས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ། ཨོཾ་སརྦ་ཏ་ཐཱག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སཝཱཧཱ། ཧཱུཾ་མ་མ་ཧཱུཾ་ནི་སཝཱཧཱ། སངས་རྒྱས་ཀྱི་རྣལ་འབྱོར་དུ་བྱའོ། །ཀླུའི་རྒྱལ་པོ་རྣམས་ཀྱང་དུས་དུས་སུ་ཆར་འབེབས་སོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་ 270a ༄#། །བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།གཙུག་ཏོར་ལྷ་ཡུལ་མ་ཆུང་པ་ཁ་ཆེའི་པཎྜི་ཏ་མ་ཧཱ་ཛྙཱ་ན་ས་རང་འགྱུར་དུ་མཛད་པའོ།། །། |