rKTs


H542

(e-text produced by ACIP)

see text in transliteration
246b
རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨ་པ་ར་ཛི་ཏ་མ་ཧཱ་པྲ་ཏྱཾ་གི་ར་བ་ར་མ་སིདྡྷི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པེ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། འཕགས་པ་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་གཙུག་ཏོར་རྒྱལ་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུ་མ་ཅུ་
247a
༄#། །རྩ་གསུམ་པའི་ལྷའི་གནས་ཆོས་བཟང་ལྷའི་མདུན་ས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང ། ལྷའི་དབང་པོ་བརྒྱ་བྱིན་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ནས་གཙུག་ཏོར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་བྱུང་ངོ ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཉན་ཐོས་ཀྱི་དགེ་འདུན་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་གཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་མོད་པ་འདོར་བ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པའི་དྲང་སྲོང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་
247b
ལོ། །རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་བཅས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་པདྨའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གླང་པོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀླུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
248a
༄#། །རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལའི་དྲིའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་འདིས་འབྱུང་པོའི་གདོང་ཐམས་ཅད་ཚར་གཅོད་པར་བྱེད་པ། གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། དུས་མ་ཡིན་པར་
248b
འཆི་བ་ཐམས་ཅད་ཟློག་པ། གསོད་པ་དང ། བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་པ། སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཟློག་པ། གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་འཇིག་པར་བྱེད་པ། གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིག་པར་བྱེད་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། མ་རུངས་པ་དང ། སྡང་བ་དང ། རྨི་ལམ་ངན་པ་ཐམས་ཅད་འཇིགས་པར་བྱེད་པ། དུག་དང ། མཚོན་ཐམས་ཅད་དང ། མེ་དང་ཆུ་ལས་ཟློག་པ། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་སྟེ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་ཆེན་འབར་ཕྲེང་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་པའི་རྡོ་རྗེ་ཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེས་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེའི་མཆུ་ཅན་རྣམ་སྒེག་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །ཞི་བ་གསེར་གྱི་ཕྲེང་བ་ཅན། །དཀར་ཆེན་འབར་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང ། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེའི་རིག་གསེར་ཕྲེང ། །ལེ་བརྒན་རྩི་དང་རིན་ཆེན་ནམ། །རྣམ་སྣང་མཛད་རིགས་གཙུག་ཏོར་གྲགས། །ཕྱག་རྒྱ་དང་གསང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་འཁོར་དང་བཅས་པ་དང ། སེམས་ཅན་
249a
༄#། །ཐམས་ཅད་སྲུང་དུ་གསོལ། ཨོམ་སརྦ་ཏ་ཐཱ་ག་ཏོཥྞཱི་ ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ་ཧྲཱིཾཿ ཥྚོཾ། ཛཾ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾཿ ཥྚོཾ། །སྟཾ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿ ཥྚོཾ། མོ་ཧ་ན་ཀ་རཱིཧཱུཾ་དྲཱུཾ་ཧྲཱིཿ ་ཥྚོཾ། །སཾ་ ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿ ཥྚོཾ། །བྷནྡྷ་ན་ཀ་རཱི་ཧཱུམ་དྲཱུཾ་ཧྲཱིཿ ཥྚཾ། །བ་ར་བི་ ་བྷ་ཀཥ་ཎ་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿ ཥྚཾ། །སརྦ་དུཥྚ་དུཥྚ་ནཱ་སྟཾ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿ ཥྚཾ། །སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུམ་ཧྲའཿ ཥྚཾ། །སརྦ་པ་རི་བིདྱ་ཙྪ་ད་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿ ཥྚོ། །ཙ་ཏུ་རཱ་ཤི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ཎཱ་བི་དྷྭ་ས་ན་ཀ་རཱི་ཧཱུཾ་དྲཱུཾཿ ཥྚོ། ། ་བིཾ་ཤ་ཏཱི་ནཱ་ ་ཏྲཱ་ཎཱཾ་པྲ་སཱ་ད་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲྛིཿ ཥྚོཾ། །ཥྚྭ་ནཱ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿ ཥྚོཾ། །རཀྵ་རཀྵ་མཾ་སརྦ་སཏྭཱ་ཤྩ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བོ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག་།རྣམ་པར་བསྒྱིངས་པའི་རྡོ་རྗེ་དང ། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེ་སྒྲོས་དང་དཀར་མོ་དང ། །པདྨའི་སྤྱན་དང་ཟླ་འོད་དང ། །སངས་རྒྱས་དཔའ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་ཟླ་བ་རྡོ་རྗེ་འཛིན། །རིག་པ་དང་ཕྱག་རྒྱ་དང་གསང་སྔགས་ཀྱི་ཚོགས་དེ་
249b
དག་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀུན་ནས་སྲུང་བར་མཛད་དུ་གསོལ། ཨོཾ་རྀ་ཥི་ག་ཎ་པྲ་ཤཱསྟ་སརྦ་ཏ་ཐཱ་ག་ཏོཥྞཱཾ་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ། ཛམྦྷ་ན་ཀ་རཱི་ཧཱུཾ་དྲཱུཾ། སྟཾ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ། མཧཱ་བིདྱཱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུཾ་དྲཱུཾ། པ་ར་བིདྱཱ་སཾ་བྷཀྵ་ཎ་ཀ་རི་ཧཱུཾ་དྲཱུཾ། སརྦ་དུཥྚ་ནཱཾ་སྟཾ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ། སརྦ་ཡཀྵ་རཀྵ་ས་གྲ་ཧཾ་ཎཱཾ་བི་བྷྭཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཙ་ཏུ་རཱ་ཤི་ཏཱི་ནཱཾ་གྲཾ་ཧ་ས་ཧ་སྲཱ་ཎཱཾ་བཾ་དྷཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚ་བིཾ་ཤ་ཏི་ནཱཾ་ནཀྵ་ཏྲ་ཎཱཾ་པྲ་སཱ་ད་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚ་མཧཱ་ཀྲ་ཧཱ་ཎཱཾ་བི་དྷཾ་ས་ན་ཀ་ར་ཧཱུཾ་དྲཱུཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། རཀྵ་རཀྵ་མཾ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེའི་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་བྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་རྒྱལ་པོའི་འཇིགས་པ་དང ། རྐུན་པོའི་འཇིགས་པ་དང ། མེའི་འཇིགས་པ་དང ། ཆུའི་འཇིགས་པ་དང ། དུག་གི་འཇིགས་པ་དང ། མཚོན་གྱི་འཇིགས་པ་དང ། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང ། མུ་གེའི་འཇིགས་པ་དང ། དགྲའི་འཇིགས་པ་དང ། ལྕེ་འབབ་པའི་འཇིགས་པ་དང ། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང ། ས་གཡོ་བའི་འཇིགས་པ་དང ། སྐར་མདའ་ལྟུང་བའི་འཇིགས་པ་དང ། རྒྱལ་པོའི་
250a
༄#། །ཆད་པའི་ལས་ཀྱི་འཇིགས་པ་དང ། ཀླུའི་འཇིགས་པ་དང ། གློག་གི་འཇིགས་པ་དང ། ནམ་མཁའ་ལྡིང་གི་འཇིགས་པ་དང ། གཅན་གཟན་ཁྲོ་བོའི་འཇིགས་པ་དང ། ལྷའི་གདོན་དང ། ཀླུའི་གདོན་དང ། ལྷ་མ་ཡིན་གྱི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། སྲིན་པོའི་གདོན་དང ། ཡི་དྭགས་ཀྱི་གདོན་དང ། ཤ་ཟའི་གདོན་དང ། འབྱུང་པོའི་གདོན་དང ། གྲུལ་བུམ་གྱི་གདོན་དང ། སྲུལ་པོའི་གདོན་དང ། ལུས་སྲུལ་པོའི་གདོན་དང ། སྐེམ་བྱེད་ཀྱི་གདོན་དང ། བརྗེད་བྱེད་ཀྱི་གདོན་དང ། སྨྱོ་བྱེད་ཀྱི་གདོན་དང ། གྲིབ་གནོན་གྱི་གདོན་དང ། གནོན་པོའི་གདོན་དང ། མཁའ་འགྲོ་མའི་གདོན་དང ། ནམ་གྲུའི་གདོན་དང ། གཤིན་རྗེའི་གདོན་དང ། བྱའི་གདོན་དང ། མ་མོ་དགའ་བར་བྱེད་པའི་གདོན་དང ། ཀུན་ཏུ་ཕྲེང་བའི་གདོན་དང ། ཚེར་མ་འདོན་པའི་གདོན་ལས་བདག་བདེ་ལེགས་སུ་གྱུར་ཅིག་།ཟས་སུ་མདངས་ཟ་བ་དང ། ཟས་སུ་མངལ་ཟ་བ་དང ། ཟས་སུ་ཁྲག་འཐུང་བ་དང ། ཟས་སུ་ཞག་ཟ་བ་དང ། ཟས་སུ་ཤ་ཟ་བ་དང ། ཟས་སུ་ཚིལ་ཟ་བ་དང ། ཟས་སུ་རྐང་ཟ་བ་དང ། ཟས་སུ་བཙས་པ་ཟ་བ་དང ། སྲོག་འཕྲོག་པ་དང ། ཟས་སུ་སྐྱུག་པ་ཟ་བ་དང ། ཟས་སུ་ཕྱི་ས་ཟ་བ་དང ། ཟས་སུ་གཅིན་འཐུང་བ་དང ། ཟས་སུ་སྟོར་ཁུང་ནས་འབབ་པ་ཟ་བ་དང ། ཟས་སུ་ལྷག་མ་ཟ་བ་དང ། ཟས་སུ་སྣབས་ཟ་བ་དང ། ཟས་སུ་ངར་སྣབས་ཟ་བ་དང ། ཟས་སུ་མི་
250b
གཙང་བ་ཟ་བ་དང ། ཟས་སུ་གཏོར་མ་ཟ་བ་དང ། ཟས་སུ་ཕྲེང་བ་ཟ་བ་དང ། ཟས་སུ་དྲི་ཟ་བ་དང ། ཟས་སུ་མེ་ཏོག་ཟ་བ་དང ། ཟས་སུ་འབྲས་བུ་ཟ་བ་དང ། ཟས་སུ་ལོ་ཏོག་ཟ་བ་དང ། ཟས་སུ་སྦྱིན་སྲེག་ཟ་བ་སྟེ། གདོན་དེ་དག་ཐམས་ཅད་ཀྱི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཀུན་ཏུ་རྒྱུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཚངས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ།། སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །རྒྱལ་བར་བྱེད་པ་དང ། སྦྲང་རྩིར་བྱེད་པ་དང ། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་གཞིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བྷིཾ་གི་རི་ཏི་དང ། དགའ་བྱེད་དབང་ཕྱུག་དང ། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་
251a
༄#། །པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་མགོ་རེག་གིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་པའི་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ལག་ན་རྡོ་རྗེ་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཕོ་ཉ་དང ། ཕོ་ཉ་མོ་དང ། བྲན་ཕོ་དང ། བྲན་མོས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །དྲང་སྲོང་གི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ལྷའི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མི་འཕྲོད་པ་ཟ་བའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ལས་\?\་བྱུང་བའི་གདུགས་དཀར་པོ་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བདག་ལ་སྲུང་དུ་གསོལ། སྲུང་དུ་གསོལ། ཨོཾ་ཨ་སི་ཏ་ཨཱ་ན་ལཱརྐ་པྲ་བྷ་སྥུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ། ཨོཾ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བིནད་བིནྡ། བནྡྷ་བནྡྷ། ཧཱུཾ་ཧཱུཾ་ཕཊ་ཕཊ། སཝཱཧཱ། སྙིང་པོའོ། །ཧེ་ཧེ་ཕཊ། ཧོ་
251b
ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། བ་ར་དཱ་ཡ་ཕཊ། བ་ར་པྲ་དཱ་ཡ་ཕཊ། ཨ་སུ་ར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། པ་ར་བི་དྲཱ་བ་ཎཱ་ཀ་རཱ་ཡ་ཕཊ། སརྦ་དེ་བེ་བྷྱཿ ཕཊ། སརྦ་ནཱ་གེ་བྷྱཿ ཕཊ། སརྦ་ཡཀྵེ་བྷྱཿ ཕཊ། སརྦ་རཱཀྵ་སེ་བྷྱཿ ཕཊ། སརྦ་བྷཱུ་ཏེ་བྷྱཿ ་ཕཊ། སརྦ་པྲེ་ཏེ་བྷྱཿ ཕཊ། སརྦ་པི་ཤཱ་ཙེ་བྷྱཿ ཕཊ། སརྦ་ཀུམྦྷཎྜེ་བྷྱཿ ཕཊ། སརྦ་པཱུ་ཏ་ནེ་བྷྱཿ ཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿ ཕཊ། སརྦ་སྐནྡེ་བྷྱཿ ཕཊ། སརྦོ་ནྨཱ་དེ་བྷྱཿ ཕཊ། སརྦ་ཙྪེ་ཡེ་བྷྱཿ ཕཊ། སརྦ་ཨ་པསྨཱ་རེ་བྷྱཿ ཕཊ། སརྦོསྟཱ་ར་ཀེ་བྷྱཿ ཕཊ། སརྦ་ཌཱ་ཀི་ནཱི་བྷྱཿ ཕཊ། སརྦ་རེ་བ་ཏཱི་བྷྱཿ ཕཊ། སརྦ་ཡཱ་མ་ཀེ་བྷྱཿ ཕཊ། སརྦ་ཤ་ཀུ་ནི་བྷྱཿ ཕཊ། སརྦ་མཱ་ཏྲི་ནནྟི་ཀ་བྷྱཿ ཕཊ། སརྦ་ཀཾ་པཱུ་ཀི་མ་ནེ་བྷྱཿ ཕཊ། སརྦ་ཨ་ལཾ་བ་ཀེ་བྷྱཿ ་ཕཊ། སརྦ་ཀ་ཏ་ད་ནེ་བྷྱཿ ཕཊ། སརྦ་ཀཎྜེ་བྷྱཿ ཕཊ། སརྦ་གནྡྷ་རྦེ་བྷྱཿ ཕཊ། སརྦ་ཨ་སུ་རེ་བྷྱཿ ཕཊ། སརྦ་ཀིནྣ་རེ་བྷྱཿ ཕཊ། སརྦ་ག་རུ་ཌེ་བྷྱཿ ཕཊ། སརྦ་མཧོ་ར་གེ་བྷྱཿ ཕཊ། སརྦ་དུརླཾ་གི་ཏེ་བྷྱཿ ཕཊ། སརྦ་དུཿ པྲེཀྵེ་ཏེ་བྷྱཿ ཕཊ། སརྦ་ཛྭ་རེ་བྷྱཿ ཕཊ། སརྦ་བྷ་ཡེ་བྷྱཿ ཕཊ། སརྦོ་པ་དྲ་བེ་བྷྱཿ ཕཊ། སརྦོ་པ་སརྒེ་བྷྱཿ ཕཊ། སརྦ་ཤྲ་མ་ཎ་བྷྱཿ ཕཊ། སརྦ་ཏཱིརྠི་ཀི་བྷྱཿ ཕཊ། སརྦ་པཱ་ཏ་ཀ་བྷྱཿ ཕཊ། སརྦ་བིདྱཱ་དྷ་རེ་བྷྱཿ ཕཊ། ཛ་ཡ་ཀ་ར། མ་དྷུ་ཀ་ར། སིདྡྷི་ཀ་ར་སརྦ་ཨརྠ་སཱདྷ་ཀེ་བྷྱཿ ཕཊ། ཙ་ཏུར་བྷྱོ་བྷ་གི་ནཱི་བྷྱཿ ཕཊ། བཛྲ་ཀུ་མཱ་རཱི་ཡེ་བཛྲ་ཀུ་ལནྡྷ་རི་བྷྱཿ ཕཊ། སརྦ་མ་ཧཱ་པྲ་ཏྱཾ་གི་རི་བྷྱཿ ཕཊ། བཛྲ་ཤི་ཀ་ལཱ་ཡ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་མཱ་ཏྲི་ག་ཎན་མ་སྐྲྀ་ཏཱ་ཡེ་ཕཊ།
252a
༄#། །པྲཧྨ་ཎཱི་ཡེ་ཕཊ། བིཥྞུ་བཱི་ཡེ་ཕཊ། མ་ཧེ་ཤཝ་རཝ་ཡེ་ཕཊ། རུ་དྲཱི་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཙ་མུཎྜི་ཡེ་ཕཊ། ཀུ་མཱ་རཱི་ཡེ་ཕཊ། བ་རཱ་ཧི་ཡེ་ཕཊ། ཨིནྡྲཱི་ཡེ་ཕཊ། ཨགྣཱི་ཡེ་ཕཊ། ཡ་མཱ་ཡཻ་ཕཊ། ནཻ་རཱི་ཏཱི་ཡེ་ཕཊ། བ་རུ་ཎཱ་ཡེ་ཕཊ། མཱ་རུ་ཏཱི་ཡེ་ཕཊ། ས་མཱ་ཡེ་ཕཊ། ཨི་ཤཱ་ནཱི་ཡེ་ཕཊ། ཀཱ་ལ་དཎྜི་ཡེ་ཕཊ། ཀཱ་ལ་རཱ་ཏྲི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། ཡ་མ་རཱ་ཏྲི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་ཏི་མུཀྟི་ཤྨ་ཤཱ་ན་བ་སི་ནཱི་ཡེ་ཕཊ། ཨོཾ་ཥྚོཾ་བནྡྷ་བནྡྷ་རཀྵ་རཀྵ་མཱཾ་སཝཱཧཱ། སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་གདུག་པའི་སེམས་དང་ལྡན་པ་རྣམས་དང ། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང ། འཁྲུག་པ་དང་འཁྲུག་པའི་སེམས་དང་ལྡན་པ་རྣམས་དང ། སྡང་བ་དང་སྡང་བའི་སེམས་དང་ལྡན་པ་རྣམས་བྱམས་པའི་སེམས་དང་ལྡན་པར་གྱུར་ནས་བདག་དང་སེམས་ཅན་ཐམས་ཅད་སྲུང་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་གྱུར་ཅིག་།གནོད་སྦྱིན་དང་གདོན་གང་སུ་དག་ཟས་སུ་མདངས་ཟ་བ་རྣམས་དང ། ཟས་སུ་གཏོར་མ་ཟ་བ་རྣམས་དང ། ཟས་སུ་ཕྲེང་བ་ཟ་བ་རྣམས་དང ། ཟས་སུ་དྲི་ཟ་བ་རྣམས་དང ། ཟས་སུ་བདུག་པ་ཟ་བ་རྣམས་དང ། ཟས་སུ་མེ་ཏོག་ཟ་བ་རྣམས་དང ། ཟས་སུ་འབྲས་བུ་ཟ་བ་རྣམས་དང ། ཟས་སུ་ལོ་ཏོག་ཟ་བ་རྣམས་དང ། ཟས་སུ་སྦྱིན་སྲེག་ཟ་བ་
252b
རྣམས་དང ། ཟས་སུ་རྣག་ཟ་བ་རྣམས་དང ། ཟས་སུ་ཕྱི་ས་ཟ་བ་རྣམས་དང ། ཟས་སུ་གཅིན་འཐུང་བ་རྣམས་དང ། ཟས་སུ་མཆིལ་མ་འཐུང་བ་རྣམས་དང ། ཟས་སུ་སྐྱུག་པ་ཟ་བ་རྣམས་དང ། ཟས་སུ་སྣབས་ཟ་བ་རྣམས་དང ། ཟས་སུ་ངར་སྣབས་ཟ་བ་རྣམས་དང ། ཟས་སུ་མི་གཙང་བ་ཟ་བ་རྣམས་དང ། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང ། སྡིག་པའི་སེམས་དང་ལྡན་པ་རྣམས་དང ། གདུག་པའི་སེམས་དང་ལྡན་པ་རྣམས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། འཁྲུག་པའི་སེམས་དང་ལྡན་པ་རྣམས་དང ། སྡང་བའི་སེམས་དང་ལྡན་པ་རྣམས་དང ། ལྷའི་གདོན་རྣམས་དང ། ཀླུའི་གདོན་རྣམས་དང ། ལྷ་མ་ཡིན་གྱི་གདོན་རྣམས་དང ། གནོད་སྦྱིན་གྱི་གདོན་རྣམས་དང ། སྲིན་པོའི་གདོན་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། ཡི་དྭགས་ཀྱི་གདོན་རྣམས་དང ། ཤ་ཟའི་གདོན་རྣམས་དང ། ཀུཾ་བྷཎྜའི་གདོན་རྣམས་དང ། སྲུལ་པོའི་གདོན་རྣམས་དང ། ལུས་སྤྲུལ་པོའི་གདོན་རྣམས་དང ། སྐེམ་བྱེད་ཀྱི་གདོན་རྣམས་དང ། སྨྱོ་བྱེད་ཀྱི་གདོན་རྣམས་དང ། གྲིབ་གནོན་གྱི་གདོན་རྣམས་དང ། བརྗེད་བྱེད་ཀྱི་གདོན་རྣམས་དང ། གནོན་པོའི་གདོན་རྣམས་དང ། མཁའ་འགྲོ་མའི་གདོན་རྣམས་དང ། ནམ་གྲུའི་གདོན་རྣམས་དང ། གཤིན་རྗེའི་གདོན་རྣམས་དང ། བྱའི་གདོན་རྣམས་དང ། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང ། ཀུན་ཏུ་ཕྲེང་བའི་གདོན་རྣམས་དང ། ཚེར་མ་འདོན་པའི་གདོན་རྣམས་ལས་བདག་སྲུང་
253a
༄#། །བར་མཛད་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག། སྟོན་བརྒྱ་མཐོང་བར་གྱུར་ཅིག་།རིམས་ཉིན་གཅིག་པ་རྣམས་དང ། ཉིན་གཉིས་པ་རྣམས་དང ། ཉིན་གསུམ་པ་རྣམས་དང ། ཉིན་བཞི་པ་རྣམས་དང ། ཉིན་བདུན་པ་རྣམས་དང ། རྟག་པའི་རིམས་དང ། རིམས་མི་བཟད་པ་རྣམས་དང ། འབྱུང་པོའི་རིམས་རྣམས་དང ། རླུང་ལས་གྱུར་པ་རྣམས་དང ། མཁྲིས་པ་ལས་གྱུར་པ་རྣམས་དང ། བད་ཀན་ལས་གྱུར་པ་རྣམས་དང ། འདུས་པ་ལས་གྱུར་པ་རྣམས་དང ། རིམས་ནད་ཐམས་ཅད་དང ། ཀླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང ། ཡི་ག་འཆུས་པ་དང ། མིག་ནད་དང ། སྣ་ནད་དང ། ཁ་ནད་དང ། མགུལ་ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། སྙིང་ན་བ་དང ། གནད་ན་བ་དང ། རྩི་བ་ལོགས་ན་བ་དང ། རྒྱབ་ན་བ་དང ། ལྟོ་ན་བ་དང ། རྐེད་པ་ན་བ་དང ། ཆུ་སོ་ན་བ་དང ། བརླ་ན་བ་དང ། རྗེ་ངར་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བ་བསལ་དུ་གསོལ། གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང ། རོ་ལངས་དང ། མཁའ་འགྲོ་མ་དང ། གནོད་སྦྱིན་དང ། སྲིན་པོ་དང ། རིམས་ནད་དང ། ཤུ་བ་དང ། གཡན་པ་དང ། འབྲུམ་བུ་ཕྲ་མོ་དང ། མཚན་པར་རྡོལ་བ་དང ། མཛེ་དང ། ཕོལ་མིག་
253b
དང ། བས་བལྡགས་དང ། མེ་དབལ་དང ། ལྷོག་པ་དང ། ལུད་པ་ལུ་བ་དང ། དབུགས་མི་བདེ་བ་དང ། མི་དྲན་པ་དང ། དབྱིག་དུག་དང ། དུག་སྦྱར་མ་དང ། བྱད་དང ། བདུད་དང ། འཆིང་བ་དང ། དགྲ་དང ། དགོན་པ་དང ། དུས་མ་ཡིན་པར་འཆི་བ་དང ། སྦྲང་བུ་ཏྲེ་མ་བུ་ཀ་དང ། ཏྲཻ་ལ་ཏཱ་ཀ་དང ། སྡིག་པ་དང ། སྦྲུལ་དང ། སྲེ་མོང་དང ། སེངྒེ་དང ། སྟག་དང ། དོམ་དང ། དྲེད་དང ། གཟིག་རྒོད་དང ། ཆུ་སྲིན་ལ་སོགས་པའི་སྲོག་ཆགས་རྣམས་བསལ་དུ་གསོལ། དེ་དག་ཐམས་ཅད་ཀྱིས་རིག་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བྱའོ། །ཏདྱ་ཐཱ། ཨོཾ་ཨ་ལེ་ཨ་ན་ལེ། ཁས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། པི་ཥ་དེ་བི་ཥ་དེ། བཱི་རེ་བཱི་རེ། དེ་བི་བཛྲ་དྷཱ་རི་བནྡྷ་ནི་བཛྲ་པཱ་ཎི་ཕཊ། ཨོཾ་ཧཱུཾ་དྲཱུཾ་ཧྲཱིཿ ཥྚོཾ་ཕཊ་སཝཱཧཱ། ཨོཾ་བཛྲ་པ་ཎི་བནྡྷ་བནྡྷ་བཛྲ་པ་ཤ་ན་མ་མ་སརྦ་དུཥྚ་བི་གྷྣཾ་བི་ནཱ་ཡ་ཀཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཉེ་བའི་སྙིང་པོའོ། །སུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་གྲོ་གའམ། རས་སམ། ཤིང་ཤུན་ལ་བྲིས་ཏེ་ལུས་སམ་མགུལ་དུ་ཐོགས་སམ།་ཀློག་པར་བྱེད་ན། དེ་ལ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མེ་དང་ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་
254a
༄#། །ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །གདོན་ཐམས་ཅད་དང ། བགེགས་དང ། ལོག་འདྲེན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་དང ། གྲུབ་པའི་ལྷ་མོ་རྣམས་ཀྱིས་ཀྱང་དེ་ལ་རྟག་ཏུ་མཐུན་པར་སྲུང་བ་དང ། སྐྱོབ་པ་དང ། སྦེད་པར་བྱེད་དོ། །དེ་རྣམས་ཀྱི་ཡིད་དུ་འོང་བ་དང ། དགའ་བར་ཡང་འགྱུར་རོ། །བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་སྐྱེ་བ་དྲན་པར་འགྱུར་རོ། །རྡོ་རྗེའི་རིགས་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་ཡང་རྟག་པར་ཕྱི་བཞིན་ཡོངས་སུ་སྐྱོང་བར་འགྱུར་རོ། །ནམ་དུ་ཡང་ཡི་དྭགས་དང ། ཤ་ཟ་དང ། སྤྲུལ་པོ་དང ། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །མི་དབུལ་པོར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་སྲུང་བ་དང ། སྐྱོབ་པ་དང ། སྦེད་པར་མཛད་ཅིང ། དེ་དག་གི་ཐུགས་སུ་བྱོན་པ་དང ། དགྱེས་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུག་དཀར་པོ་ཅན་ཞེས་བྱ་བ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ན། ཚངས་པར་མི་སྤྱོད་པ་ཡང་ཚངས་པར་སྤྱོད་པར་འགྱུར་རོ། །ཐུབ་
254b
པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་རོ། །མི་གཙང་བ་ཡང་གཙང་བར་འགྱུར་རོ། །སྨྱུང་བ་མ་བྱས་པ་ཡང་སྨྱུང་བ་བྱས་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པ་ཡང་བྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་བྱང་བར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བུ་འདོད་པ་གང་ལ་ལས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཕྱིར་ཟློག་པ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ངམ་ཀློག་ན། བུ་འདོད་པ་དེས་བུ་རྙེད་དེ། ཚེ་དང ། བསོད་ནམས་དང ། སྟོབས་ཀྱང་རབ་ཏུ་རྙེད་དོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ནད་དང ། ཕྱུགས་ནད་དང ། ཡམས་ཀྱི་ནད་དང ། འཚེ་བ་དང ། གནོད་པ་དང ། ནང་འགོ་བ་དང ། འཁྲུག་པ་དང ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་གྲོ་ཆེར་བྱས་ཏེ་མཆོད་པ་ཆེན་པོ་བྱས་ལ་གྲོང་ཁྱེར་ཐམས་ཅད་ཀྱི་སྒོའམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ།་དགོན་པའི་གནས་སུ་གཟུགས་སོ། །འཕགས་པ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་རིམ་གྲོ་ཆེར་བྱས་ཏེ་བཙུགས་ན། བཙུགས་མ་ཐག་
255a
༄#། །ཏུ་གཡུལ་ཞི་བར་བྱས་པར་འགྱུར་རོ། །ཡམས་ཀྱི་ནད་དང ། འཚེ་བ་དང ། གནོད་པ་དང ། ནད་འགོ་བ་དང ། འཁྲུག་པ་དང ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཥྚོཾ་བནྡྷ་བནྡྷ་མ་མ་རཀྵ་རཀྵ་སཝཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞི་ཥ་ཨ་ན་ལེ་ཨ་ཝ་ལོ་ཀི་ཏེ་ཙུརྞ་ཏེ་ཛོ་རཱ་ཤི། ཨོཾ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ ། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བིནད་བིནྡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཥྞི་ཥ་ཧཱུཾ་ཕཊ་སཝཱཧཱ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་ཨ་དྷེཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་ཧཱུཾ་མ་མ་ཧཱུཾ་ནི་ཧཱུཾ་སཝཱཧཱ། ཀླུའི་རྒྱལ་པོ་མཐའ་ཡས་དང ། ཀླུའི་རྒྱལ་པོ་དུང་སྐྱོང་དང ། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་རྣམས་དུས་དུས་སུ་ཆར་འབེབས་སོ། །དུས་དུས་སུ་སྤྲིན་སྡུད་པ་དང ། དུས་དུས་སུ་འབྲུག་གི་སྒྲ་སྒྲོག་པར་འགྱུར་རོ། །ཉེ་བར་འཚེ་བ་ཐམས་ཅད་ལ་སངས་རྒྱས་ཀྱི་རྣལ་འབྱོར་དུ་བྱས་ནས་ལན་གསུམ་བཟླ་བར་བྱའོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་
255b
གཞན་གྱིས་མི་ཐུབ་པ་ཆེན་མོ་ཕྱིར་ཟློག་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།པཎྜི་ཏ་པ་རི་ཧ་ཏ་བྷ་དྲ་དང ། ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་ཁ་ཆེའི་བདུད་རྩི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དཔེ་རྙིང་ལ་གཏུགས་ནས་གཏན་ལ་ཕབ་པ།