རྒྱ་གར་སྐད་དུ། ཨཱརྱ་ཨཱཥྚ་དེ་བི་དྷཱ་རཱ་ཎཱི། བོད་སྐད་དུ། འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པའི་ཡུམ་སྡིག་པ་ཐམས་ཅད་བྱང་པར་མཛད་མ། ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་མ། བགེགས་ཐམས་ཅད་རབ་ཏུ་འཇིགས་པར་མཛད་མ། ཕུན་སུམ་ཚོགས་པ་ཐམས་ཅད་མཛད་མ། གཟུངས་སྔགས་ཆེན་མོའི་རྒྱལ་མོ་མཆོག་འདི་གསུངས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ། ཧེ་བུ་དྷི་མཱ་ཏ་ནི། སརྦ་པཱ་པ་ན་ཤ་ནི། གརྫ་གརྫ། བྷན་ཛ་བྷན་ཛ། མརད་མརྡ། ག་མ་རི་ག་མ་རི། ཧ་ས་ཧ་ས། ད་མ་ད་མ། མ་ཐ་མ་ཐ། བི་དྷྭ་ན་ས་ཡ་བི་དྷྭན་ 203a ༄#། །ས་ཡ།་སརྦ་ཤ་ཏྲུཾ་ཏ་ར་མ་ཏི། བི་མ་ལེ། པཱུ་ར་ཡ་པཱུ་ར་ཡ། པྲ་ཏི་ཛྙཱ་ན། སརྦ་བུདྡྷ་བརྱུ་བ་སི་ཏི། བྷ་ག་བ་ཏི། ག་ན་ག་ན། ཛ་ཧི་ཛ་ཧི། བི་མ་ས་ནི། ཀྲ་མ་ཎི་དྷ་བ་ནི་དྷ་བ་ནི་ར་མ་ཎི་མཱ་ཏངྒི་གེ་སཝཱཧཱ། བཅོམ་ལྡན་འདས་མ་ཡེ་ཤེས་ཆེན་པོར་དབང་བསྐུར་ལྡན་པ་ཞེས་བྱ་བའི་གཟུངས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ། ཨ་མ་རི། ཨ་མ་རི། ཏ་ཊ། བྷན་ཛ་བྷན་ཛ། ཛྷ་ཛྷ། མི་ཙི་མི་ཙི། སྥོ་ཊ་ཡ་སྥོ་ཊ་ཡ། མ་ཐ་མ་ཐ། དུར་དཱནྟ་ད་མ་ཀ་སཝཱཧཱ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ། ཧེ་ཧེ། ཀི་ན་དེ། སརྦ་ཏ་ཐཱ་ག་ཏ་བྷ་ནེ་ཀེ་།བྷོ་དྷི་ན་དད། ཏྲཱ་ཊ་ཏྲཱ་ཊ། ཧཱུཾ་ཧཱུཾ་ཕཊ་ཕཊ། གརྫ་གརྫ། བ་ར་མ་ཏི། བི་ཧཱུ་རི་ཀེ་སཝཱཧཱ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ། བྷ་ག་ཝ་ཏི་པྲཛྙཱ་པཱ་ར་མི་ཏེ་ཨ། སརྦ་པཱ་པ་ཀྵ་ཡཾ་ཀ་རི་ཛྙཱ་ན་ཨརྩི་སྥ་ར་ཎི། བྷན་ཛ་བྷན་ཛ། མ་ཐ་མ་ཐ། ད་མ་ད་མ། ཨཱ་ན་ཡ་ཨཱ་ན་ཡ། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ། སརྦ་བུདྡྷ། ཛ་ནི་ཏྲཱ་ཡེ་སཝཱཧཱ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ། གརྫ་གརྫ། མ་ཐ་མ་ཐ། དྷ་མ་དྷ་མ། བྷན་ཛ་བྷན་ཛ། དུནྟུ་བྷི། སརྦ་ནི་ར་གྷོ་ཥེ། ཧ་ན་ཧ་ན། བི་དྷྭན་ས་ཡ་བི་དྷྭ་ན་ས་ཡ། མོ་ཊ་ཡ་མོ་ཊ་ཡ། ད་ཧ་ད་ཧ། བི་ཕུ་ལ་ནི་རྨ་ལ་ནིརྫ་ཏེ། ཨཱ་ཧ་ར་ཨཱ་ཧ་ར། གཙྪ་གཙྪ། སརྦ་བུདྡྷ་པརྱུ་བ་སི་ཏི་མ། མ་བི་ལམྦ་ 203b སཝཱཧཱ།་བཅོམ་ལྡན་འདས་མ་རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི་གཟུངས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། ཨོཾ་བྷ་བ་ཏི། སརྦ་ཏ་ཐཱ་ག་ཏ་ཛ་ནི་ཀེ་།པཱུ་ར་ཡ་པྲ་ཏི་ཛྙཱ་ན། ཏ་ཊ་ཏ་ཊ། མརད་མརྡ། ཨཱ་ཧ་ར་ཨཱ་ཧ་ར། ཧཱུཾ་ཧཱུཾ་ཛ་ཏི་སཝཱཧཱ། བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོ་ཞེས་བྱ་བའི་གཟུངས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷ། སརྦ་ཐཱ།་ཧཱུཾ་ཧྲཱིཿ ་སརྦ་བུདྡྷ་མཱ་ཏི་རི། བྷན་ཛ་བྷན་ཛ། མ་ཐ་མ་ཐ། ད་མ་ནི་ད་མ་ནི། གརྒཱ་རི་གརྒཱ་རི་ཧྲཱི་སཝཱཧཱ། བཅོམ་ལྡན་འདས་མ་རྡོ་རྗེ་མི་ཕམ་ཞེས་བྱ་བའི་གཟུངས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ་སརྦ་ཐཱ། ཏྲཱ་ཏ་ཏྲཱ་ཏ། མུ་ཧུ་མུ་ཧུ། སརྦ་པཱ་པ་བི་ཤོ་དྷ་ནི་སཝཱཧཱ། བཅོམ་ལྡན་འདས་མ་སྡིག་པ་ཐམས་ཅད་སྤོང་བ་ཞེས་བྱ་བའི་གཟུངས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། དྷ་ཀ་དྷ་ཀ། མོ་ཊ་མོ་ཊ། ད་ཧ་ད་ཧ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ནརྫ་ཏེ་སཝཱཧཱ། བཅོམ་ལྡན་འདས་མ་གདུལ་དཀའ་མ་ཞེས་བྱ་བའི་གཟུངས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། ཧ་ཧ་མི་ཧུ་མི་ཧུ། ད་མ་ད་མ། ཁཱ་ཧི་ཁཱ་ཧི། དྷུ་ན་དྷུ་ན། མི་ཙི་མི་ཙི། དུར་ཏཱནྟ་ན་ད་མ་ནི་སཝཱཧཱ། བཅོམ་ལྡན་འདས་མ་བདུད་ཐམས་ཅད་རྣམ་པར་འཇོམས་མ་ཞེས་བྱ་བའི་གཟུངས་སོ། །ན་མཿ ་སརྦ་ཏ་ཐ་ག་ཏེ་བྷྱཿ ། སརྦ་མུ་ཁེ་བྷྱཿ ། སརྦ་ཐཱ། མི་ཙི་མི་ཙི། གརྫ་གརྫ། སྤོ་ཊ་ཡ་སྤོ་ཊ་ཡ། མ་ཐ་མ་ཐ། ད་མ་ད་མ་སཝཱཧཱ། བཅོམ་ལྡན་འདས་མ་སྒོ་མཐའ་ཡས་སྒྲུབ་པ་ཞེས་བྱ་བའི་གཟུངས་ 204a ༄#། །སོ། །འཇམ་དཔལ། ཡེ་ཤེས་ཆེན་པོར་དབང་བསྐུར་བའི་དཀྱིལ་འཁོར་འདི་གང་གི་ལག་ན་གནས་པ་དེ་ཉོན་མོངས་པ་དང་བྲལ་བར་འགྱུར། འཇིགས་པ་དང་བྲལ་བར་འགྱུར། དེ་གལ་ཏེ་ཆོམ་རྐུན་གྱི་ནང་ན་འདུག་གམ། སྲིན་པོའི་ནང་ན་འདུག་གམ། དགྲའི་ནང་ན་འདུག་གམ། འཐབ་པའི་ནང་ན་འདུག་ཀྱང་རུང་སྟེ། དེའི་ལུས་ལ་མཚོན་གྱིས་མི་ཚུགས་པར་འགྱུར། ཆོམ་རྐུན་གྱིས་ཆོམ་པར་མི་འགྱུར། སྲིན་པོ་ལ་སོགས་པས་གཙེ་བར་མི་འགྱུར། དེ་ལ་དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང་བར་འགྱུར། རྟག་ཏུ་དཔལ་དང་ལྡན་པར་འགྱུར། དེའི་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་དགེ་བའི་རྩ་བ་བསགས་པ་ཡང་དེ་ལ་ཉིན་གཅིག་བཞིན་མངོན་དུ་འགྱུར། འཆི་བའི་དུས་ཀྱི་ཚེ་ཡང་དེ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་ཟིན་པར་འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར་འགྱུར་ན། གང་འཛིན་པ་དང ། ཀློག་པ་དང ། ཡིད་ལ་བྱེད་པ་དང ། མི་གཏོང་བར་འཛིན་པ་ལྟ་ཅི་སྨོས་ཏེ། དེའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །དེ་སང་ན་སོང་གི་སྒོ་རྣམས་བཅད་པར་འགྱུར་རོ། །དེས་ངན་སོང་དང་ངན་འགྲོ་རྣམས་རྒྱང་བསྲིངས་པར་འགྱུར། གང་ཞིག་གནང་པར་ལངས་ནས་སུ། །ལན་གཅིག་ཀློག་པར་བྱེད་པའི་མི། །སྲིད་པ་ཉམ་ངར་གང་བྱས་པ། །སྡིག་པ་ཀུན་ 204b ལས་གྲོལ་བར་འགྱུར། །སྲིན་པོ་ལ་སོགས་ཆོམ་རྐུན་དང ། །མཚོན་དང་དགྲ་ཡིས་མི་ཚུགས་ཤིང ། །དུས་མིན་འཆི་ལས་རབ་ཏུ་ཐར། །རྟག་ཏུ་དཔལ་དང་ལྡན་པར་འགྱུར། །འཆི་བའི་དུས་ཀྱི་ཚེ་ན་ཡང ། །ངན་འགྲོ་རྣམས་ལས་བསྲིངས་འགྱུར་ཏེ། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ནས། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་སྐད་ཅེས་བཀའ་སྩལ་ནས་ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་སྟེ་མངོན་པར་བསྟོད་དོ། །འཕགས་མ་ལྷ་མོ་བརྒྱད་ཀྱི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། |