rKTs


H528

(e-text produced by ACIP)

see text in transliteration
174b
རྒྱ་གར་སྐད་དུ། ཨཱརྱ་ཛཾ་གུ་ལི་ནཱ་མ་བི་དྱཱ། བོད་སྐད་དུ། འཕགས་བ་དུག་སེལ་བ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མངོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།སྔོན་བྱུང་བ་བྱང་ཆུབ་སེམས་དཔར་གྱུར་པ་ན། གངས་ཀྱི་རི་ཡི་བྱང་ངོས་ན།། སྦོས་དང་ལྡན་བའི་རི་བོ་ལ། །རི་རྒྱལ་དེ་ཡི་སུལ་གནས་ཚེ། །གཞོན་ནུ་བསོད་ནམས་བརྒྱ་ཡི་མཚན། །ེ་ན་ཡ་ཡི་པགས་གྱོན་ལ། སྦྲུལ་གྱིས་བརྒྱན་པའི་སྐ་རགས་ཅན། །གདུག་པའི་སྦྲུལ་གྱིས་མགོ་རྒྱན་བྱས། །མཐོང་ན་གདུག་པའི་རྣ་རྒྱན་ཅན། །དུག་གི་མེ་ཏོག་རྣམས་ཟ་ཞིང ། །མ་ལུ་ཏ་ཡི་ལྕུག་ཁུ་འཐུང ། །ང་ལ་དེ་འབོད་འབོད་དུ་འཇུག་།བུ་ཁྱོད་ཚུར་ཤོག་བ་ལ་ཉོན། །ང་ལ་དུག་སེལ་ཅེས་བྱ་བ། །དུག་འཇིག་རིག་སྔགས་དམ་པ་ཡོད། །དུག་རྣམས་གང་ཡིན་དེ་ཀུན་ནི། །ང་ཡི་མིང་གིས་འཇིག་པར་འགྱུར། །ཏདྱ་ཐཱ། ཨོཾ་ཨི་ལི་མིཏྟེ།
175a
༄#། །ཏི་ལི་མིཏྟེ། ཨི་ལི་ཏི་ལི་མིཏྟེ། དུམྦེ། དུ་མཱ་ལཱི་ཡེ། དུ་སེ། དུ་ས་ལ་ཡེ། ཏཀྐེ། ཏ་ཀ་ཀརྞེ། མརྨེ། མརྨེ་ར་ཎེ། ཀཤྨ་རེ། ཀཤྨ་ར་མུ་ཀ་ཏེ། ཨ་གྷ་ཎེ། ཨ་གྷ་ན་གྷ་ཎེ།་ཨི་ལི་ཨ་ལི་ཡེ། ཨ་ཁཱ། ཨཱི་ཨེ། ཨ་བྱཱ་ཨི་ཨེ། ཤཝེ་ཏེ། ཤ་ཏ། ཏུནྟེ། ཨ་ནུ་རཀྟེ་སཝཱཧཱ། དགེ་སློང་དག་།ངའི་དུག་སེལ་གྱི་རིག་སྔགས་འདི་ནི། སྦྱིན་པ་ཐམས་ཅད་དཀར་པོ་སྟེ། སུས་རིག་སྔགས་འདི་ལན་གཅིག་ཐོས་པ་དེ་ལ་ལོ་བདུན་གྱི་བར་དུ་སྦྲུལ་གྱིས་མི་ཟའོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །སྦྲུལ་གང་ཞིག་དེ་ལ་འཛིན་པ་དེའི་མགོ་ཤིང་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །གསང་སྔགས་ཀྱི་ཚིག་འདི་སྤྲུལ་གྱི་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྦྲུལ་དེ་འཆི་བའི་ཕྱིར་རོ། །ཏདྱ་ཐཱ།་ཨི་ལ་ལཱ། ཙི་ལ་ལཱི། ཙཀྲ། བགྒོ། ཀོཊ། ཀོ་ཊེ་ཊཾ། ཀུ་ར་ཊ། ཀུ་ར་ཊེ་ཏི། སྥོ་ཊ། སྥོ་ཊེ་ཏི། བུ་རུ་ཊ། པུ་རུ་ཊེ་ཏི། མ་ཊ། མོ་ཊེ་ཏི། ནི་ཀུ་རུ་ཊ། ནི་ཀུ་རུ་ཊེ་ཏེ། མུ་རུ་ཊེ་ཏི། ནི་མ་མུ་རུ་ཊེ་ཏི། པུ་རུ་ཊེ།་ཕུཊྚ་ཧ་རེ། ཕུཊྚ། ཌཾ་ཊ་ཧ་རེ། ནཱ་ག་ཧ་རེ། ནཱ་ག་ཊ་ཏཾ། ཌ་ཧ་རེ། སརྦ་ཧ་རེ། སརྦ་ཊནྚན་ཊ་ར་ཧེ། ཨཱཙྪི། ཨཱཙྪ་ལེ། ཚ་ལེ། ཚ་ལེ། བི་ཤེ། ཤཱ་ཏེ། ཤཱི་ཏ། བ་ར་ཏ་ལ། མཱ་ཏ་ལེ། ཧ་ལེ་ཧེ་ལེ། ཧ་ལ་ཧ་ལ། ཧ་ལ་ལེ། ཨི་ལ་ལེ། ཀི་པ་ཙ་ལེ། མི་ལ་ལེ། ཏནྚི་ཏནྚི། ཏ་ཊ་ཏ་ཊ། སྤུཊ་སྤུཊ། ཕཊ་ཊ་ཕཊ་ཊ། ཧ་ར་བི་ཥ་སཝཱཧཱ། དགེ་སློང་དག། དེ་ལྟར་ན། དུག་སེལ་གྱི་
175b
འབྱུང་པོ་འདུས་པ་ཐམས་ཅད་ལ་རིག་སྔགས་གང་བརྗོད་ཅིང་བསྙད་པ་དེ་དག་ཐམས་ཅད་ནི། དེ་བཞིན་ནོ། །གཞན་མ་ཡིན་པ་དེ་བཞིན་ནོ། །ཡང་དག་པའོ། །བདེན་པའོ། །མ་ནོར་བའོ།། ཕྱིན་ཅི་མ་ལོག་པའོ། །དུག་འདི་མི་འདུག་པར་གྱུར་ཅིག་།སྦྱིན་བར་བྱེད་པའི་གན་དུ་སོང་ཞིག། འཛིན་པའི་གན་དུ་སོང་ཞིག་།མེའི་ནང་དུ་སོང་ཞིག་།ཆུའི་ནང་དུ་སོང་ཞིག་།ཐང་ལ་སོང་ཞིག་།ཀ་བའི་ནང་དུ་སོང་ཞིག་།རྩིག་བའི་གན་དུ་སོང་ཞིག་།ནམ་མཁའ་ལ་སོང་ཞིག་།སའི་ནང་དུ་སོང་ཞིག་།ཞི་བར་གྱུར་ཅིག་སཝཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དུག་སེལ་ཅེས་བྱ་བའི་རིག་སྔག་རྫོགས་སོ།། །།