rKTs


H506

(e-text produced by ACIP)

see text in transliteration
470b
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།་བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་བདག་གིས་རིག་པ་མཐོང་བར་བགྱི་སྟེ། རིག་པ་དམ་པ་འདི་སྨྲས་ན་ནི་ངོ་མཚར་དུ་འགྱུར་རོ། །ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ། ལེགས་སོ། །ལེགས་སོ། །འཇམ་དཔལ། ཁྱོད་ཀྱིས་རིག་པ་སྨྲོས་ཤིག་།བདག་གིས་བཅོམ་ལྡན་འདས་ཀྱི་གསུང་གིས་སྨྲ་བར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་སངས་རྒྱས་ཐམས་
471a
༄#། །ཅད་ཀྱི་སྙིང་པོ་ཆོས་ཐམས་ཅད་ལ་ཕྱག་བཙལ་ཏེ་མཆོད་པ་བྱས་ནས་རིག་པ་སྨྲས་སོ། །ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ་ན་མ་མཉྫུ་ཤྲཱི་ཡེ། བོ་དྷི་སཏྭ་ཡ་ཨོཾ་མཉྫ་བ་ར། མཉྫུ་གྷོ་ཥ། ཧ་ན་ཧ་ན། པ་ཙ་པ་ཙ། མ་ཏ་མ་ཏ། མ་ཐ་མ་ཐ། བི་དྷྭཾ་སཱ་ཡ། བི་དྷྭཾ་སཱ་ཡ། ཀ་ར་ཀ་ར། ཏྲུ་ཊ་ཏྲུ་ཊ། བྷཉྫ་བྷཉྫ། ཨ་བྷི་ས་ཨ་བྷི་ས། ཏུ་ཊ་ཏུ་ཊ་ཏྲུ་ཊ་ཏྲུ་ཊ། སྥུ་ཏ་སྥུ་ཏ། ཧྲྀ་ད་ཡཾ་བྷཾ་ནི། ན་མཿ ་སཾ་བོ་དྷ་ནི། པྲ་བྷེ་ས། པྲ་བྷེ་ས། ལོ་ཏ་ལོ་ཏ། ཀྲྀ་ཏ་ཀྲྀ་ཏ། ཀྲི་ད་ཀྲི་ད། ཀྲི་ཊ་ཀྲི་ཊ། ཧ་ས་ཧ་ས། པྲ་བན་དྷ། པྲ་བན་དྷ། ཨཱ་བི་ཤ་ཨ་བི་ཤ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སཝཱཧཱ། གང་ཞིག་གིས་ནམ་ཕྱེད་ན་ལན་གསུམ་བརྗོད། ཉི་མ་ལ་ཡང་ལན་བདུན་བརྗོད་པ་བྱས་ན། རིག་པ་ཆེན་མོ་ཐོབ་པར་འགྱུར་རོ། །མི་རྣམས་ཀྱིས་ཤོ་ལོ་ཀ་སུམ་བརྒྱ་འཛིན་པར་འགྱུར་རོ། །འདིའི་ཆོ་ག་ནི་ཙནྡན་གྱི་དཀྱིལ་འཁོར་བྱས་ཏེ་ཞུན་མར་གྱི་མར་མེས་ཀྱང་མཆོད་ནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར། མ་གྲུབ་ཀྱང་ཤོ་ལོ་ཀ་བརྒྱ་ཉི་མ་རེ་རེ་ལ་འཛིན་པར་འགྱུར་རོ། །བཅོམ་ལྡན་འདས། བདག་གིས་བསྟན་པ་འདིས་མ་གྲུབ་ན་གང་ཞིག་མཚམས་མེད་པ་ལྔ་བྱས་ན་བདག་ཀྱང་དེ་དང་འདྲ་བར་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། །འཕགས་པ་འཇམ་དཔལ་གྱིས་དམོད་བཙུགས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།