རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཀལྤ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས། དཀོན་ 265b མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན། སངས་རྒྱས་གང་གཱའི་ཀླུང་གི་བྱེ་བ་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ། མཆེ་བ་གཙིགས་པ་དང་འཚམ་པ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན། ལག་པ་དང ། རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང ། ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ། སྦྲུལ་འབར་བའི་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དང ། དཔྲལ་བ་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྱུ་བ། གསུས་པོ་ཆེ་སྦྲུལ་ཟ་བ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟང་སྐེ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོག་པར་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་རྐང་བའི་པུས་མོར་ཕྱིན་པ། དབང་པོ་དང ། ཉི་མ་ཕྲག་པ་ལ་བཀུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པ། གད་རྒྱངས་ཆེན་པོ་སྒྲོགས་པས་ཀུན་ཏུ་འཁྲུགས་པར་བྱེད་པ། གཤིན་རྗེའི་གཟུགས་ཅན། ཁམས་གསུམ་པ་འཇིགས་པར་བྱེད་པ། ཀླུ་རྣམས་འཆི་བར་བྱེད་པ་ལ་ཕྱག་འཚལ་ལོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱ་ 266a ༄#། །མ་སྙེད་ཀྱིས་གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། བྷོ་བྷོ་པན་ནཱ་ག་། དྷི་པ་ཏ་ཡེ། ཨི་དནྣཱི་ལཱཾ་བར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡིན ། ཡ་ས་མཱ་ཏི། ཀྲ་མ་ཐ། ཨུཏ་ས་ད་ནམྦྷ་བི་ཥྱ་ཏི། ཏདྱཱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ། བི་བུདྡྷ། མཱ་ཏ་ཀྲི་མ་ཐ། ཧ་ར་ཧ་ར་ནཱ་ག་ནཱན། པྲ་ཧ་ར་པྲ་ཧར། ནཱ་ག་ནཱ་ན། ཚིནད་ཚིནྡ། ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ། ནཱ་ག་མརྨཱ་ཎི་བི་ཥེ་མཎྜ། ནཱ་ག་ཤ་རཱི་རཱ་ཎྀ། བཾ་སྥོ་ཊ་ཡ། ནཱ་ག་ན་ཡ་ནཱ་ནཾ། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་རཱ་ཡ་ཧཱུཾ་ཕཊ། ནཱ་ག་གོཏ་སཱ་ད་ནཱ་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཕཊ། པ་རཱ་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱན་ཏ་ཡ་ཕཊ། ཀྲྀ་ཏཱ་ནྟ་རཱུ་པཱ་ཡ་ཕཊ། རོ་ཥཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུསྨཎྜོ་ཏ་སཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ།་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་སྨཱར། བི་ནཱ་ཤ་ཀཱ་རཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཾ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲུཾ་སཾ་བརྟན་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱམྦ་ར་དྷ་ར། བཛྲ་པཱ་ཎི་རཛྙཱ་པ་ཡ་ཏི་སཝཱཧཱ། དེའི་ཆོ་ག་ལ། གནོད་སྦྱིན་གྱིས་ཟིན་པ་ལ་ནི། ཆུ་ལ་སྔགས་ཀྱིས་བཏབ་ལ་གཏོར་ན་བཏང་བར་འགྱུར་རོ། །ཀླུ་བཟློག་པར་བྱ་ན། སྨྱུག་ཤད་ཀྱི་ལྕུག་མའམ། བལ་པོ་སེའུ་ཡི་ལྕུག་མས་བྱའོ། །ཡི་དྭགས་དང ། བརྗེད་བྱེད་རྣམས་ལ་ནི་སྐུད་པས་བྱའོ། ། 266b རིམས་ནད་མེད་པར་བྱ་བ་དང ། གཞོགས་ཕྱེད་ན་བ་དང ། ཡི་ག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ནོར་འདོད་ན་ཞག་གཅིག་སྨྱུང་བ་བྱས་ཏེ། འོག་ཕོར་གྱིས་བདུགས་ན་རྨི་\?\་ལམ་དུ་དགེ་བ་དང ། མི་དགེ་བའི་དོན་ཐམས་ཅད་སྟོན་ལ་གསེར་གྱི་དོང་ཙེ་བདུན་སྟོང་སྦྱིན་པར་བྱེད་དོ། །རྒྱས་བཏབ་པ་དཀྲོལ་བར་འདོད་ན་ཐལ་བས་བྱའོ། །སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས་བྱའོ། །འཇིགས་པ་ཐམས་ཅད་ལས་སྲུང་བའི་ལས་ནི་མར་རྙིང་པའམ། ཐལ་བའམ། ཡུངས་ཀར་གྱིས་བྱའོ། །ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལས་བསྲུང་བའི་མདུད་པ་བྱས་ཏེ། མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །བྱིས་པ་གདོན་གྱིས་ཉེན་པ་ཐམས་ཅད་ལ་ནི་ཚོན་སྣ་ལྔའི་སྐུད་པ་མགུལ་དུ་བཏགས་ན་བསྲུང་པའི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་བཟློག་པར་འདོད་ན་སས་བྱའོ། །དུག་ལ་ནི་རྩ་ཀུ་ཤས་བྱབ་པར་བྱའོ། །བདག་བསྲུང་བ་ལ་ནི་ཡིད་ཀྱིས་སམ། ཆུས་བྱའོ། ། གཞན་བསྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ། །ལས་དེ་ཐམས་ཅད་ལ་སྔགས་བརྗོད་པ་ནི། སྔགས་ལན་གསུམ་མམ། བདུན་ནམ། བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་པར་བྱའོ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ། །མཆོད་རྟེན་སྐུ་གདུང་ལྡན་པའི་དྲུང་དུ། མེ་ཏོག་སྔོན་པོས་མཆོད་སྟེ། སྔགས་སྟོང་བཟླས་བརྗོད་བྱས་ན་ 267a ༄#། །འགྲུབ་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང།་ལོ་ཙྪ་བ་བནྡྷེ་ཀླུའི་དབང་པོས་བསྒྱུར།། |