rKTs


H459

(e-text produced by ACIP)

see text in transliteration
1b
༄##། །རྒྱ་གར་སྐད་དུ། ཤྲཱི་བཛྲ་མཎྜ་ཨ་ལཾ་ཀ་ར་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ། བོད་སྐད་དུ།་དཔལ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བླ་མ་དང་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨ་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དང ། ནོར་
2a
༄##། །བུ་དང ། རིན་པོ་ཆེ་དང ། པདྨ་དང ། ལས་ཀྱིས་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཡེ་ཤེས་རྣམ་པ་སྣ་ཚོགས་ཤིང་ཁྱད་པར་དུ་འཕགས་པ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་ཡེ་ཤེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་ཐུགས་སུ་ཆུད་ཅིང་ལས་སྣ་
2b
ཚོགས་མཛད་པ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་རྡོ་རྗེའི་ལས་མཛད་པ། ཐུགས་རྗེ་ཆེན་པོ་རྣམ་པར་སྣང་མཛད་ཆེན་པོ་རྟག་པ་དུས་གསུམ་དུ་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟེན་ཅིང་བསྔགས་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དང་ལྡན་པ། །ཁ་དོག་རྣམ་པ་སྣ་ཚོགས་པའི་དྲིལ་བུ་བཏགས་པ། རླུང་གིས་བསྐྱོད་པའི་དར་གྱི་འཕན་དང ། མེ་ཏོག་གི་ཆུན་པོ་དང ། དྲ་བ་དང་དྲ་བ་ཕྱེད་པས་ཀླུབས་ཤིང་ཉེ་བར་མཛེས་པ། ཆོས་ཀྱི་དབྱིངས་ཐམས་ཅད་ལེགས་པར་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་ཀྱི་ཁང་བཟང་འོད་མཐའ་ཡས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙུག་ལག་ཁང་ལ་མེ་ཏོག་གི་འཁྲི་ཤིང་མཆོག་གི་སྙིང་པོའི་རྒྱན་གྱིས་བཀོད་པ། འཇིག་རྟེན་གྱི་ཁམས་
3a
༄#། །ཀྱི་རྒྱུད་རྒྱ་མཚོ་རབ་ཏུ་བཀྲམ་པའི་སྤྲིན་ནམ་མཁའི་ཁམས་ཡོངས་སུ་ཁྱབ་པ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ། མཐའ་ལས་འདས་པའི་སངས་རྒྱས་འཁྲུངས་པའི་དབུས། རྣམ་པར་སྣང་མཛད་ཀྱི་སྙིང་པོ་འོད་གསལ་བའི་གཞལ་མེད་ཁང ། དེ་བཞིན་གཤེགས་པའི་གནས་རྡོ་རྗེ་སྙིང་པོའི་རྒྱན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ། དེ་བཞིན་གཤེགས་པ་མི་འཁྲུངས་མི་འགོག་འགོག་པར་མི་འགྱུར་བའི་ཡན་ལག་གི་སྤྱོད་ཡུལ་ཡང་དག་པའི་མཐའ་གསལ་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་བཟང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྐུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ས་ཆེན་པོའི་དམ་པ་ལ་བཞུགས་སོ། །དེ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་
3b
རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ཏེ་ཆོས་སྟོན་པར་མཛད་དོ། །ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བ།་ཆོས་ཐམས་ཅད་ཀྱི་ཚུལ་ཡོངས་སུ་དག་པའི་སྒོ་སྟོན་པར་མཛད་དོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཉི་མ། རྣམ་པར་རྒྱལ་བའི་དམ་ཚིག་འབྱུང་གནས་རྡོ་རྗེ་སྙིང་པོ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཡེ་ཤེས་མཉམ་པ་ཉིད་བརྙེས་པ། རྒྱ་མཚོ་ལྟར་ཟབ་པ། ལས་སྣ་ཚོགས་པའི་ཕྱག་རྒྱའི་ཡེ་ཤེས་ཐོབ་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནམ་མཁའ་ལྟ་བུ། སྐུ་ཆེན་པོ་རྡོ་རྗེའི་སྐུ། མཐའ་ལས་འདས་པའི་སྐུ། སྐུ་རིན་པོ་ཆེ་ཆོས་ཀྱི་སྐུ། སྤྲུལ་པའི་སྐུ། ཆོས་མཉམ་པ་ཉིད་ཀྱི་སྐུ། བྱང་ཆུབ་ཀྱི་སེམས་དོན་ཡོད་པ།་ཡོངས་སུ་བསྡུས་པ། དགེ་བ་འཕེལ་བ། རྒྱལ་པོ་ཆེན་པོ་སྣང་བའི་མེ་ཏོག་།བཞད་པ་པོ། ཆོས་དང་ལྡན་པ། ཤེས་རབ་ཀྱི་འཁོར་ལོ། སྐད་ཐམས་ཅད་པ། སྣ་ཚོགས་པ་
4a
༄#། །ཅན།་སྲུང་བ་པོ། གནོད་སྦྱིན་ཅན། མཚམས་སྦྱོར་བ། ཡང་དག་པའི་གཏེར། གཙུག་ཏོར་དུ་གྱུར་པ། མཆོག་ལྡན། རྡོ་རྗེ་ཅན། འཁོར་ལོ་ཅན། ཡེ་ཤེས་ཅན།་ཁྱབ་བདག་ཆེན་པོ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནམ་མཁའི་དབྱིངས་ཐམས་ཅད་དུ་ལེགས་པར་བཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གྲོང་པ་རྡོ་རྗེའི་དབྱིངས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་སེམས་དཔའ་ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེའི་བྱིན་རླབས་ཀྱི་ཡེ་ཤེས་སྙིང་པོ།་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་ཆེན་པོའི་དམ་ཚིག་ནམ་མཁའི་ཁམས་ཐམས་ཅད་དུ་སྤྲོས་པས་དེ་བཞིན་གཤེགས་པའི་མངོན་པར་ཤེས་པ་མངོན་པར་བྱང་ཆུབ་པར་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནམ་མཁའ་ཐམས་ཅད་ལ་ཁྱབ་པ་པོ། གཟུགས་ཐམས་ཅད་ཡོངས་སུ་མཐོང་བའི་ཡེ་ཤེས་ཀྱིས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་འདུལ་བའི་སྤྱོད་པ་མཆོག་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་དོན་ཡོད་པའི་བཀའ་ལུང་མཛད་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་བླ་ན་མེད་པའི་ལས་སྣ་ཚོགས་
4b
པ་ཅན།་རྣམ་སྣང་མི་འགྱུར་མི་བསྐྱོད་པ། །རིན་ཆེན་ཏོག་དེ་འོད་བྱེད་པ། །འོད་དཔག་མེད་པ་རྒྱལ་བའི་མགོན། །དོན་ཡོད་པ་ནི་ལས་ཀུན་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཡེ་ཤེས་ལ་རབ་ཏུ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོར་རྟོག་པའི་ཡེ་ཤས་གཉིས་སུ་མེད་པ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱ་བ་གྲུབ་པའི་ཡེ་ཤེས་ཡང་དག་པར་རྗེས་སུ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་ཅིང་མཉམ་པ་ཉིད་དམིགས་པའི་ཡེ་ཤེས་ཡོངས་སུ་དག་པ་མཐར་ཕྱིན་པ་ལ་གནས་པ། སྟོང་པ་ཉིད་དང ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། ཚངས་པའི་གནས་བཞི་པོ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ། སངས་རྒྱས་ཀྱི་ཡུལ་མཉམ་པ་ཉིད་ལ་དམིགས་པ། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཉིད་བྱིན་གྱིས་བརླབས་ནས་ཕྱོགས་དང་མཚམས་རྣམས་ལ་རྣམ་པར་གནས་སོ། །དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་
5a
༄#། །ཕྱུག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། ཁྱོད་ཀྱིས་སངས་རྒྱས་ཐམས་ཅད་དང ། རྡོ་རྗེ་འཛིན་པ་རྣམས་སྤྱན་དྲོངས་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གཞོན་ནུ་འཁོར་ལོས་བསྒྱུར་བ་ཆེན་པོ་རབ་ཏུ་དགྱེས་པའི་ཞལ་རས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང ། རྡོ་རྗེ་འཛིན་པ་རྣམས་སྤྱན་དྲང་བའི་དོན་དུ་རྡོ་རྗེ་སེ་གོལ་བརྡབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པ་ཆེན་པོའི་སྙིང་པོ་འདི་ཆེད་དུ་བརྗོད་པ། བུདྡྷ་ས་མཱ་ཛ་ཨཱཿ ་ཧཱཿ ་ཨོཾ་ཧཱུཾ་བཛྲ་ས་མཱ་ཛཿ ། དེ་ནས་དེ་སྐད་ཅེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་དང ། རྡོ་རྗེ་འཛིན་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱུད་རབ་འབྱམས་རྒྱ་མཚོའི་སྤྲིན་ཁྱབ་པར་མཐོང་ངོ ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང ། དེ་བཞིན་གཤེགས་པ་ཐམས་ཅད་ལྷན་ཅིག་ཏུ་མཛད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བློ་གྲོས་ཀྱིས་ཡེ་ཤེས་ཡོངས་སུ་བསྐྱེད་དེ་གནས་ཐམས་ཅད་དུ་རྣམ་པར་གནས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རང་བཞིན་རྣལ་འབྱོར་གྱི་དབང་ཕྱུག་གིས་དེ་བཞིན་གཤེགས་པ་ཐམས་
5b
ཅད་ཉིད་དུ་བདག་ཉིད་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་དང ། རྡོ་རྗེ་འཛིན་པ་རྣམས་ལ་བཀའ་སྩལ་པ། ཀྱེ་དེ་བཞིན་གཤེགས་པ་ཐམས་ཅད། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོའི་སྙིང་པོ་བདག་ལ་ཡོད་པ་དེ། ངས་བཤད་པར་བྱའི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག་།བྷཱུཾ། དེ་ནས་མི་བསྐྱོད་དེ་བཞིན་གཤེགས་པ་དང ། །རིན་ཆེན་འབྱུང་གནས་དེ་བཞིན་གཤེགས། །དེ་བཞིན་གཤེགས་པ་འོད་དཔག་མེད། །དོན་ཡོད་གྲུབ་པ་དེ་བཞིན་གཤེགས།། གཞན་ཡང་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དཔལ་གྱི་བེའུ་ལ་རབ་ཏུ་ཞུགས་སོ། །ཞུགས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་ཐམས་ཅད་ཀྱི་ཕྱིར་བྱིན་གྱིས་བརླབས་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་བཞིར་གྱུར་ཏེ། ཞལ་བཞི་པོ་རྣམས་ལས་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་མཐའ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཆོས་ཀྱི་ཚུལ་དབྱངས་གཅིག་གིས་ཆེད་དུ་བརྗོད་པ་འདི་ལྟ་སྟེ། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །ལྟ་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་
6a
༄#། །དཔའི་གནས་སོ། །དགའ་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་པའི་གནས་སོ། །སྲེད་པ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །འདོད་ཆགས་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །ཞེ་སྡང་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །གཏི་མུག་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །ང་རྒྱལ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །མི་ཁོམ་པ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །ཡིད་སིམ་པ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །སྣང་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །ལུས་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །ངག་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །ཡིད་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་
6b
ཆུབ་སེམས་དཔའི་གནས་སོ། །གཟུགས་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །སྒྲ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །དྲི་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །རོ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི།་འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །རེག་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །དངོས་པོ་ཐམས་ཅད་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི། རང་བཞིན་གྱིས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཆོས་ཐམས་ཅད་ཀྱི་དབང་ཕྱུག། གསང་སྔགས་ཐམས་ཅད་ཀྱི་འདྲེན་པ་པོ། །སྔགས་ཐམས་ཅད་ཀྱི་བླ་མར་གྱུར་པ། ཐམས་ཅད་གཙུག་ཏོར་འཁོར་ལོས་བསྒྱུར་བ། བསྟན་པ་ལ་རྫི་བ་མེད་པ། འཁོར་ལོས་བསྒྱུར་བའི་སྙིང་པོ་བཀའ་སྩལ་པ། བྷཱུཾ། འཇམ་དཔལ། གང་ལ་ལས་ཆོས་ཐམས་ཅད་ཀྱི་རང་བཞིན་བསྡུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདི་ལན་གཅིག་ཙམ་ཡང་ཐོས་ན། དེའི་
7a
༄#། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་པའི་བར་དུ་སྒྲིབ་པ་ཐམས་ཅད་ཆོད་པ་དང ། ཉོན་མོངས་པའི་སྒྲིབ་པ་དང ། ཆོས་ཀྱི་སྒྲིབ་པ་དང ། ལས་ཀྱི་སྒྲིབ་པ་ཆེན་པོ་ཐམས་ཅད་ཉེ་བར་བསགས་ཀྱང་ནམ་ཡང་དམྱལ་བ་ལ་སོགས་པའི་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །གཞན་ཡང་སྡིག་པ་རྣམས་བྱས་ན་ཡང་སྡུག་བསྔལ་མེད་ཅིང་ཟད་པར་འགྱུར་རོ། །གང་གིས་འདི་འཆང་བ་དང ། ཉི་མ་རེ་རེ་འདོན་པ་དང ། སྟོན་པ་དང ། རྒྱུན་མ་ཆད་པར་ཡིད་ལ་བྱེད་པ་དེ་ནི། སྐྱེ་བ་འདི་ཉིད་ལ་ཆོས་ཐམས་ཅད་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་སོ་སོར་ཐོབ་ནས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །ཆོས་ཐམས་ཅད་ལ་དགའ་ཞིང་མགུ་ལ་རབ་ཏུ་དགའ་བ་མྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་སྐྱེ་བ་བཅུ་དྲུག་ན་དེ་བཞིན་གཤེགས་པ་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ། །ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་སླར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞི་བའི་ཆོས་ཉིད་མངོན་པར་བྱང་ཆུབ་པ་མངོན་པར་སྒྲུབ་པ་འདི་སྟོན་པར་མཛད་དོ། །རྡོ་རྗེ་མཉམ་པ་ཉིད་མངོན་པར་བྱང་ཆུབ་པའི་བྱང་ཆུབ་ཆེན་པོ་རྡོ་རྗེ་ལྟ་བུར་སྲ་བ་དང ། དོན་གཅིག་པ་ཉིད་ཀྱིས་དོན་མཉམ་པ་ཉིད་མངོན་པར་བྱང་ཆུབ་པའི་བྱང་
7b
ཆུབ་ཆེན་པོ་དང ། རང་བཞིན་རྣམ་པར་དག་པས་ཆོས་ཉིད་མཉམ་པ་ཉིད་མངོན་པར་བྱང་ཆུབ་པའི་བྱང་ཆུབ་ཆེན་པོ་དང ། རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་ཉིད་ཀྱིས་ལས་ཐམས་ཅད་མཉམ་པ་ཉིད་མངོན་པར་བྱང་ཆུབ་པས་བྱང་ཆུབ་ཆེན་པོ་སྟེ། འཇམ་དཔལ། གང་ལ་ལས་ཆོས་ཀྱི་གནས་བཞི་པོ་འདི་ཐོས་ནས་ཉན་པ་དང ། འཛིན་པ་དང ། འདོན་པ་དང ། སྒོམ་པར་བྱེད་ན། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་ཐུག་གི་བར་དུ་སྡིག་པ་ཐམས་ཅད་ཡང་དག་པར་ལྡན་པ་ཡང་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཞིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱང་ཆུབ་པར་འགྱུར་རོ། །ཾ།་དེ་ནས་ཡང་བཅོམ་ལྡན་འདས་གདུག་པ་ཐམས་ཅད་འདུལ་བ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་རྒྱལ་བས་བསྡུས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པར་སྒྲུབ་པ་བཀའ་སྩལ་པ། འདོད་ཆགས་ཀྱི་སྤྲོས་པ་མེད་པའི་ཕྱིར་འདོད་ཆགས་ཀྱི་སྤྲོས་པ་མེད་པའོ། །ཞེ་སྡང་གི་སྤྲོ་བ་མེད་པའི་ཕྱིར་ཞེ་སྡང་གི་སྤྲོས་པ་མེད་པའོ། །གཏི་མུག་གི་སྤྲོས་པ་མེད་པའི་ཕྱིར་གཏི་མུག་གི་སྤྲོས་པ་མེད་པའོ། །ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་སྤྲོས་པ་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པར་རིག་པར་བྱའོ། །འཇམ་དཔལ།
8a
༄#། །གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཐོས་ནས་འཛིན་ཅིང་འདོན་ལ་ཀློག་པར་བྱེད་ན། དེས་འདུལ་བའི་དབང་ཉེ་བར་བཟུང་ནས་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་བསད་པར་གྱུར་ཀྱང་ངན་སོང་དུ་འགྲོ་བར་མི་འགྱུར་ཞིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ།། ཧཱུཾ།་དེ་ནས་བཅོམ་ལྡན་འདས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་བརྙེས་པའི་དེ་བཞིན་གཤེགས་པས་སླར་ཡང་ཆོས་ཐམས་ཅད་རྣམ་པར་གཟིགས་པའི་དབང་ཕྱུག་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། འཇིག་རྟེན་གྱི་འདོད་ཆགས་ཐམས་ཅད་རྣམ་པར་དག་པའི་ཕྱིར་ཡུལ་ཐམས་ཅད་རྣམ་པར་དག་པ་ཉིད་ཡིན་ནོ། །འཇིག་རྟེན་གྱི་ཞེ་སྡང་ཐམས་ཅད་རྣམ་པར་དག་པའི་ཕྱིར་སྡིག་པ་ཐམས་ཅད་རྣམ་པར་དག་པ་ཉིད་ཡིན་ནོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་ཡིན་ནོ། །འཇིག་རྟེན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་ཡིན་ནོ། །འཇིག་རྟེན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཉིད་
8b
ཡིན་ནོ། །འཇམ་དཔལ། གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་ཉན་པར་བྱེད་པ་འཛིན་ཅིང་འདོན་ལ་སྒོམ་པར་བྱེད་ན། དེ་འདོད་པ་ཐམས་ཅད་ཀྱི་ནང་ན་གནས་ཀྱང་པདྨ་ལྟ་བུར་འདོད་ཆགས་ཀྱི་སྐྱོན་གློ་བུར་བའི་དྲི་མས་གོས་པར་མི་འགྱུར་ཞིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །ཧྲཱིཿ ། དེ་ནས་བཅོམ་ལྡན་འདས་ཁམས་གསུམ་ཐམས་ཅད་པའི་བདག་པོ་དེ་བཞིན་གཤེགས་པས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་འབྱུང་གནས་ཡེ་ཤེས་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། དབང་བསྐུར་བྱིན་པས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་རྒྱལ་པོ་ཡོངས་སུ་ཐོབ་པར་འགྱུར་རོ། །དོན་གྱི་སྦྱིན་པས་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཀྱི་སྦྱིན་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །ཟང་ཟིང་གི་སྦྱིན་པས་ཐམས་ཅད་ཀྱི་ལུས་དང ། ངག་དང ། ཡིད་བདེ་བ་ཐོབ་པར་འགྱུར་རོ། །ཏྲཱཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བརྙེས་པ། ཐམས་ཅད་ཀྱི་ཁུ་ཚུར་འཆང་བ་དེ་བཞིན་གཤེགས་པ་རྟག་པས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྱག་རྒྱ་བྱིན་གྱིས་བརླབས་པ་རྡོ་རྗེ་ཞེས་བྱ་
9a
༄#། །བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ཡོངས་སུ་བཟུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་བ་དང ། གསུང་གི་ཕྱག་རྒྱ་ཡོངས་སུ་བཟུང་བས་ཆོས་ཐམས་ཅད་ཐོབ་པའི་དོན་དུ་འགྱུར་བ་དང ། ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་བཟུང་བས་ཏིང་ངེ་འཛིན་ཐམས་ཅད་ཐོབ་པའི་དན་དུ་འགྱུར་བ་དང ། རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བཟུང་བས་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེ་མཆོག་ཏུ་གྲུབ་པའི་དོན་དུ་འགྱུར་ཏེ། འཇམ་དཔལ།་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཐོས་ནས་འཛིན་ཅིང་འདོན་ལ་འཆད་ཅིང་སྒོམ་པར་བྱེད་ན། དེས་དངོས་གྲུབ་ཐམས་ཅད་དང ། ཕུན་སུམ་ཚོགས་པ་ཐམས་ཅད་དང ། ཡེ་ཤེས་ཐམས་ཅད་དང ། ལས་ཐམས་ཅད་དང ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་སེམས་དཔའ་མཆོག་གི་དངོས་གྲུབ་ཐམས་ཅད་སོ་སོར་ཡོངས་སུ་ཐོབ་པར་འགྱུར་ཞིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །ཱཿ ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་སླར་ཡང་རྡོ་རྗེའི་ཡི་གེ་ཡོངས་སུ་བསྒྱུར་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། རང་བཞིན་མེད་པའི་སྦྱོར་བའི་
9b
ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དང ། ཆོས་ཐམས་ཅད་མཚན་མ་མེད་པ་ཉེ་བར་གཟུང་བའི་ཕྱིར་ཆོས་ཐམས་ཅད་མཚན་མས་དབེན་པ་དང ། སྨོན་པ་ལས་ཉེ་བར་གྲོལ་བའི་ཕྱིར་ཆོས་ཐམས་ཅད་སྨོན་པ་མེད་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ། །ཱཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུས་པའི་ཁོང་དུ་ཆུད་པ་དེ་བཞིན་གཤེགས་པས་སླར་ཡང་འདུས་པ་ཆེན་པོར་འཇུག་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། རྡོ་རྗེ་མཉམ་པ་ཉིད་ལ་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུས་པར་འཇུག་པར་འགྱུར་བ་དང ། དོན་མཉམ་པ་ཉིད་ལ་ཞུགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོའི་འདུས་པར་འདུག་པར་འགྱུར་བ་དང ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཞུགས་ནས་དམ་པའི་ཆོས་ཀྱི་འདུས་པར་འཇུག་པར་འགྱུར་བ་དང ། ལས་མཉམ་པ་ཉིད་ལ་ཞུགས་ནས་འདུས་པ་ཐམས་ཅད་དུ་འཇུག་པར་འགྱུར་རོ། །ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་སྣོད་དེ་བཞིན་གཤེགས་པས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་དམ་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། བྱང་ཆུབ་
10a
༄#། །ཀྱི་སེམས་བསྐྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པ་དང ། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པ་དང ། ཆོས་ཐམས་ཅད་ཡོངས་སུ་བཟུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲི་བ་དང ། འབྲིར་འཇུག་པ་དང ། འཛིན་པ་དང ། འདོན་པ་དང ། བརྗོད་པ་དང ། སྒོམ་པ་མངོན་དུ་འགྲོ་བའི་ལས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའོ། །ོཾ། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་འདུལ་བར་ནུས་པའི་དེ་བཞིན་གཤེགས་པས་སླར་ཡང་སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བ་མཉམ་པ་ཉིད་དང ། སེམས་ཅན་འདུལ་བ་ཉིད་པས་ཁྲོ་བ་འདུལ་བ་ཉིད་དང ། སེམས་ཅན་ཐམས་ཅད་ཆོས་ཉིད་ཉིད་བས་ཁྲོ་བ་ཆོས་ཉིད་ཉིད་དང ། སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བ་རྡོ་རྗེ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བའི་བྱང་ཆུབ་སྟེ། ཧཿ ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཉམ་པ་ཉིད་ལ་རབ་ཏུ་གནས་པའི་
10b
དེ་བཞིན་གཤེགས་པས་སླར་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཆོག་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དང ། ཐམས་ཅད་ཀྱི་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉིད་དང ། ཆོས་ཉིད་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་མཉམ་པ་ཉིད་དང ། ཐམས་ཅད་ཀྱི་བྱ་བ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་ཉིད་དུ་རིག་པར་བྱའོ། །ཧྲཱིཿ ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་བདག་ཉིད་ཐམས་ཅད་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་དང ། རྡོ་རྗེའི་སྙིང་པོས་དབང་བསྐུར་བས་སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་དང ། རིན་པོ་ཆེ་ཐམས་ཅད་ཀྱིས་དབང་བསྐུར་བས་སེམས་ཅན་ཐམས་ཅད་རིན་པོ་ཆེའི་སྙིང་པོ་དང ། ངག་ཐམས་ཅད་ལ་རབ་ཏུ་འཇུག་པས་སེམས་ཅན་ཐམས་ཅད་ཆོས་ཀྱི་སྙིང་པོ་དང ། ལས་ཐམས་ཅད་བྱེད་པའི་སྦྱོར་བས་སེམས་ཅན་ཐམས་ཅད་ལས་ཀྱི་སྙིང་བོའོ། །ཧྲཱིཿ ། དེ་ནས་བཅོམ་ལྡན་འདས་མཐའ་ལས་འདས་ཤིང་མུ་མེད་པའི་མཐར་ཕྱིན་པའི་དེ་
11a
༄#། །བཞིན་གཤེགས་པས་སླར་ཡང་ཆོས་ཐམས་ཅད་ཡོངས་སུ་མི་གནས་པས་བྱིན་གྱིས་བརླབས་པ་རྡོ་རྗེ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་མེད་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མུ་མེད་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་གཅིག་པ་ཉིད་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་གནས་པའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་མི་གནས་པར་འགྱུར་བ་སྟེ། འཇམ་དཔལ། གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཐོས་ནས་ཉན་པར་བྱེད་འཛིན་ཅིང་འདོན་ལ་སྒོམ་པར་བྱད་ན། དེ་ནི། དག་ཅིང་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ངེས་པར་གནས་ནས་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་དེ་བཞིན་གཤེགས་པ་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་མྱུར་དུ་ཐོབ་པར་འགྱུར་རོ། །བྷྱོ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་བརྙེས་པ། ཆོས་ཐམས་ཅད་སྤྲོས་པ་མེད་པས་སླར་ཡང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པས་དམ་ཚིག་ཅེས་བྱ་བ་རྡོ་རྗེ་ཆོས་མཉམ་པ་ཉིད་ཤེས་རབ་ཀྱི་ཕ་
11b
རོལ་ཏུ་ཕྱིན་པའི་སྒོ་དམ་པ་ཐོག་མ་དང ། ཐ་མ་དང ། དབུས་ལས་གྲོལ་བའི་མཆོག་འདི་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཆེན་པོ་མཆོག་ཏུ་གྲུབ་པས་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་འགྱུར་བ་དང ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་མཆོག་ཏུ་གྲུབ་པར་འགྱུར་བ་དང ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མཆོག་ཏུ་གྲུབ་པས་བདུད་སྡེ་ཆེན་པོ་རབ་ཏུ་འཇོམས་པ་མཆོག་ཏུ་གྲུབ་པར་འགྱུར་བ་དང ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདུད་སྡེ་ཆེན་པོ་རབ་ཏུ་འཇོམས་པ་མཆོག་ཏུ་གྲུབ་པས་འཇིག་རྟེན་གསུམ་པོ་མཐའ་དག་གི་དབང་ཕྱུག་མཆོག་ཏུ་གྲུབ་པར་འགྱུར་བ་དང ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཇིག་རྟེན་གསུམ་པོ་མཐའ་དག་གི་དབང་ཕྱུག་མཆོག་ཏུ་གྲུབ་པས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྐྱོབ་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་མཆོག་ཤིན་ཏུ་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་འགྱུར་རོ། །སཝཾ་།དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་པ་མཆོག་རྣམས་གནས་གྱུར་པ། །དེ་སྲིད་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་
12a
༄#། །པའི་ཐབས། །ཡེ་ཤེས་བྱིན་གྱིས་བརླབས་ཀྱིས་འགྲུབ། །ལས་ནི་ཐམས་ཅད་རྣམ་དག་པའི། །སྲིད་པ་དག་པར་འགྱུར་ཕྱིར་རོ། །ཆགས་སོགས་རབ་ལྡན་འཇིག་རྟེན་ནི། །ཀུན་ནས་སྲིད་པར་སྡིག་བྱེད་པ། །དེ་དག་རྣམ་པར་སྦྱང་དོན་དུ། །དེ་རྣམས་འདོད་ཆགས་ཆེན་པོ་འཛིན། །ཇི་ལྟར་པདྨ་ལེགས་དམར་བ། །དམར་བའི་སྐྱོན་གྱིས་མ་གོས་ལྟར། །བག་ཆགས་སྐྱོན་གྱི་སྲིད་པ་རུ། །རྟག་ཏུ་འགྲོ་ཕན་གོས་མི་འགྱུར། །འདོད་ཆགས་ཆེན་པོ་རྣམ་དག་པ། །བདེ་བ་ཆེན་པོ་ནོར་ཆེན་པོ། །ཁམས་གསུམ་དབང་ཕྱུག་ཐོབ་ནས་སུ།། དེ་དག་དོན་ནི་བརྟན་པར་བྱེད། །ཧཿ ་འཇམ་དཔལ། གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཉིན་རེ་བཞིན་དུ་ནང་པར་ལངས་ཏེ་གང་འདོན་པ་དང ། ཉན་པ་དང ། འཛིན་པ་དང ། རྗོད་པར་བྱེད་ན། དེས་བདེ་བ་དང ། ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར་ཞིང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་དངོས་གྲུབ་མཆོག་ཏུ་གྱུར་པ་སྐྱེ་བ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །ཧཱུཾ། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། ཉི་ཤུ་རྩ་ལྔ་པོ་འདི་དག་ནི། ངེས་པར་ཤེས་རབ་ཀྱེ་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོ་སྟེ། འདི་ལྟར། ཨོཾ་ན་མཿ ་སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨོཾ་བོ་དྷི་ཙིཏྟ་བཛྲེ། ཨོཾ་ས་མནྟ་བྷ་དྲ་ཙཱ་རྱེ་དྷི། ཨོཾ་
12b
ཙིན་\?\་མ་ཎི། ཨོཾ་ཨ་ནི་རོ་དྷེ། ཨོཾ་ཛཏྟི་བི་བྷ་ཏེ། ཨོཾ་ཛཱ་ཏི་པ་རི་ཝ་ར་ཏེ། ཨོཾ་མཧཱ་རཱ་གཱ་དྷརྨ་ཏེ། ཨོཾ་བཱིརྱ་ཀ་ཝ་ཙེ། ཨོཾ་སརྦ་གཱ་མི་ནི། ཨོཾ་བཛྲ་དྲྀ་ཌྷཿ ་ཀ་ཝ་ཙི་ཏེ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏེ། ཨོཾ་སཝ་བྷ་བི་ཤུདྡྷེ། ཨོཾ་པྲ་ཛྙཱ་པཱ་ར་མི་ཏཱ་ཛྙཱ་ན་བི་ཤུདྡྷེ། ཨོཾ་ཀརྨྨ་བི་ཤོ་དྷ་ནི་ཧཱུཾ། ཨོཾ་ནི་སུཾ་བྷ་བཛྲི་ཧཱུཾ་ཕཊ། ཨོཾ་ཀརྨྨ་རཱ་གེ། ཨོཾ་བཛྲ་ཧཱུཾ་བཛྲེ། ཨོཾ་ཧཱུཾ་སརྦ་གཱ་མ་ཎཱི་ཨོཾ་ཧྲཱིཿ ། ཨོཾ་ཨཱ་ཀཱ་རོ་མུ་ཁེ་ཨོཾ་པྲ་ཛྙཱ་པ་ར་མི་ཏེ། ཨོཾ་ཨ་མ་ཧཱུཾ་ཨོཾ་ཨཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་གྲེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བི་ཤོ་དྷ་ནེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲེ་ཨཿ ། ཨོཾ་སྥོ་ཊ་ཡ་སརྦཱ་པ་ཡ་བིགྷྣཾ་ནི་པྲ་མོཀྵ་ཡ་སརྦཱ་པ་ཡ་ག་ཏི་བྷྱཿ ་སརྦ་ས་མ་ཡ་བཛྲ་ཧཱུཾ་ཕཊ། སྡིག་པ་དྲལ་བའི་ཕྱག་རྒྱ་དང་སྔགས་སོ། །དེ་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་གི་དངོས་གྲུབ་རྡོ་རྗེ་འཛིན་པ་ཆེན་པོའམ། དེ་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་རོ། །འཇམ་དཔལ། འདི་ནི། དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲགས་པར་མི་འགྱུར་ཞིང་དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་གྱིས་བྲི་བ་དང ། བཀླག་པ་དང ། བརྗོད་པ་དང ། རིམ་གྲོ་བྱ་བ་དང ། བླ་མར་བྱ་བ་དང ། རྗེད་པར་བྱ་བ་དང ། མཆོད་པར་བྱ་བར་ཡང་ནུས་པ་མ་ཡིན་ནོ། །གཞན་དུ་ན་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཆུང་དུ་ན་ཡི་གེ་གཅིག་ཙམ་ཡང་ཐོས་ནས་སེམས་ཅན་དེ་སངས་རྒྱས་
13a
༄#། །མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པར་རིག་པར་བྱ་ན། སླར་ཡང་མཐའ་དག་མ་ལུས་པར་རྫོགས་པ་ལྟ་ཅི་སྨོས། འཇམ་དཔལ། སེམས་ཅན་གང་ལ་ལ་གངྒའི་ཀླུང་གི་བྱེ་མ་བརྒྱད་ཅུ་སྙེད་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ལ་ཕྱག་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ན། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པར་ནུས་སོ། །སའི་ཁམས་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེ་མཆོད་རྟེན་དུ་གྱུར་པ་སྟེ། ཕྱག་བྱ་བའི་གནས་སོ། །གང་ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བཟུང་བའམ། གླེགས་བམ་དུ་བྲིས་པར་གྱུར་ན། དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་སྐྱེ་བ་དྲན་པར་འགྱུར་རོ། །དེ་ལ་བདུད་སྡིག་ཏོ་ཅན་གྱིས་བར་དུ་མི་གཅོད་དོ། །རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང ། གཞན་ཡང་ལྷ་རྣམས་ཀྱིས་ཕྱི་བཞིན་རྗེས་སུ་འབྲངས་ཏེ། དེ་ལ་སྲུང་བ་དང ། སྐྱོབ་པ་དང ། སྦེད་པར་བྱེད་པར་འགྱུར་ཞིང་།ཚུལ་མ་ཡིན་པས་དུས་བྱེད་པར་མི་འགྱུར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོས་པར་འགྱུར་རོ། །མདོར་ན་སངས་རྒྱས་ཀྱི་ཞིང་གང་དང་གང་ཡིད་ལ་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། །འཇམ་དཔལ། འདི་ལྟ་བུའི་ཕན་ཡོན་མང་པོ་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་
13b
འབྱོར་གྱི་དབང་ཕྱུག་ཆེན་པོས་རྡོ་རྗེ་སྙིང་པོ་ཐམས་ཅད་ཀྱི་རྒྱན་ཐེག་པ་ཆེན་པོ་མངོན་པར་རྟོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཆེན་པོ། །མཆོག་ཏུ་གསང་བའི་དམ་ཚིག། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་དམ་པ། འཁོར་ལོས་བསྒྱུར་བ་ཆེན་པོ་བཞིས་ཡོངས་སུ་བསྐོར་བ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་སྙིང་པོ་འདི་ཕྱུང་ངོ ། །མཚན་ཉིད་གཅིག་པའི་ཕྱིར་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའོ། །ནམ་མཁའ་དང་མཉམ་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །སྤྲོས་པ་ཐམས་ཅད་སྤངས་པའི་ཕྱིར་ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པའོ། །ཐམས་ཅད་ཀྱི་སེམས་གསལ་བའི་མཚན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཡོངས་སུ་རྒྱས་པའོ། །ཿ ་བྷྲཱུཾ་ཏྲཱཾ་ཧྲཱིཿ ་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡི་གེའི་ཚིག་འདི་བརྗོད་པ་ཙམ་གྱིས་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་ཤིན་ཏུ་གསལ་བས་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་བསྡུ་བས་བྱོན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་གཤེགས་པ་ཐམས་
14a
༄#། །ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བ་བཤད་པར་བྱའི། ཉོན་ཅིག་།དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་ལ་ཞུགས་ལ།་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཆེན་པོ་ལ་རྡོ་རྗེའི་བྱིན་གྱིས་བརླབས་པར་བྱོས་ཤིག་།དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསོལ་བ་བཏབ་པའི་ཚིག་ཐོས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཞུགས་ཏེ་བྱིན་གྱིས་བརླབས་ནས་དེ་ལས་ཐོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་རྣམ་པར་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་གནས། རྡོ་རྗེ་སྙིང་པོའི་རྒྱན་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཆེན་པོ་སྙིང་པོའི་རྒྱན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །རྡོ་རྗེ་སྙིང་པོ་གསང་ཆེན་པོ། །དེ་བཞིན་གཤེགས་པ་ཀུན་ལྡན་དགེ། །རྡོ་རྗེ་སྙིང་པོ་དང་
14b
མཚུངས་པ། །ཁམས་རྣམས་ཐམས་ཅད་རྣམ་པར་སྤྲུལ། །སངས་རྒྱས་ཀུན་གྱི་བདུད་རྩི་དང ། །གཞན་ཡང་བཅུད་ལེན་དང་མཚུངས་པ། །དེ་བཞིན་གཤེགས་པ་ཀུན་གྱི་གསང ། །རྡོ་རྗེ་ཀུན་གྱི་རང་བཞིན་གྲོང ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཆུན་པོས་སྤྲས། །གྲ་ཡི་ཆ་ནི་ཐམས་ཅད་དང ། །སྒོ་འགྲམ་དང་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །ནང་གི་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡི་ཕྱི་རོལ་ཏུ་བྱ་བ། །དཀྱིལ་འཁོར་ཡང་ནི་རྣམ་པ་བདུན། །སྒོ་ཁྱུད་དུ་ནི་རིན་ཆེན་ནི། །མཆོག་ཏུ་རྨད་བྱུང་གཞག་པར་བྱ། །རྡོ་རྗེ་སྲད་བུ་དག་དང་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །རྡོ་རྗེ་ཀ་བའི་མདུན་བཞག་པ། །བུམ་པ་ལ་སོགས་དག་གིས་སྤྲས། །ཚད་མཛེས་པ་ཡི་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་སོགས་པས་བརྒྱན། །ར་བ་ར་བ་ཆེན་པོ་ནི། །རི་བོ་གཉིས་ཀྱི་ཕྱི་རོལ་ཏུ། །སྔགས་པས་ཀུན་ནས་ཡོངས་བསྐོར་བ། །ཁྱད་པར་ཇི་བཞིན་བྲི་བར་བྱ། །ནང་གི་དཀྱིལ་འཁོར་རྣམ་བཞིར་བྱ། །གྲུ་བཞི་པ་དང་ཟླུམ་པོ་དང ། །གྲུ་གསུམ་རྣམ་པ་ལས་བྱུང་དང ། །ཟླ་བ་ཕྱེད་པའི་ཚུལ་འདྲ་བ། །དཀྱིལ་འཁོར་ཡང་ནི་བཞི་པའོ།། དེ་ཡི་ནང་གི་ཆ་ལ་ནི། །པདྨ་ལོ་མ་བརྒྱད་པ་བྲི། །དེ་ལྟར་ཤེས་རབ་ཆེན་པོ་ཡི། །སློབ་དཔོན་རྡོ་རྗེ་འབྱུང་བས་བྲིས། །དེ་ཡི་རྗེས་སུ་ལྷ་རྣམས་ཀྱི། །གོ་རིམ་ཇི་བཞིན་བྲི་བར་བྱ། །གདུགས་དཀར་
15a
༄#། །རྒྱལ་བའི་གཙུག་ཏོར་དང ། །གཟི་བརྗིད་དྲ་བ་རྣམ་པར་རྒྱལ། །དམ་ཚིག་མཆོག་གི་རྣམ་པ་བཞི། །སླར་ཡང་འདབ་མའི་མཚམས་སུ་བྲི། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །དཀྱིལ་འཁོར་དག་ནི་བཞི་པོ་རུ། །མི་བསྐྱོད་ལ་སོགས་རྣམ་པ་བཞི། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་བྲི། །མི་བསྐྱོད་བ་ཡི་དཀྱིལ་འཁོར་ནི། །ཟླ་འོད་ལྟ་བུའི་མདོག་ཏུ་བྱ།། དེར་ནི་རྡོ་རྗེ་སེམས་དཔའ་སོགས། །ཀུན་མཆོག་ས་ཡི་དབང་ཕྱུག་རྣམས། །རྡོ་རྗེ་སློབ་དཔོན་སྟོབས་པོ་ཆེ། །ཤེས་རབ་ཆེན་པོས་དགོད་པར་བྱ། །རྡོ་རྗེ་རིན་ཆེན་སོགས་གང་བའི། ། རིན་ཆེན་འབྱུང་གནས་དཀྱིལ་འཁོར་ཡིན། །རྡོ་རྗེ་ཆོས་སོགས་གསང་བ་ཡི། །དཀྱིལ་འཁོར་ཚེ་དཔག་མེད་པའི་འོད། །རྡོ་རྗེ་ལས་ལ་སོགས་ལྡན་པ། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །དཀྱིལ་འཁོར་གསུམ་པ་བྲི་བར་བྱ། །རྣམ་གཟིགས་ལ་སོགས་སངས་རྒྱས་རྣམས། །དཀྱིལ་འཁོར་དེར་ནི་བྲི་བ་ཡིན། །རྡོ་རྗེ་སྙིང་པོ་རྒྱལ་པོ་ཆེ། །ཁྱབ་བདག་གསང་བའི་དབང་ཕྱུག་གཙོ། །འདོད་པའི་དོན་ཀུན་གྲུབ་པའི་ཕྱིར། །འབད་པ་ཡིས་ནི་བྲི་བར་བྱ། །བློ་གྲོས་རྒྱ་མཚོ་མི་ཟད་བློ། །བྱམས་པ་བདག་ཉིད་ཆེན་པོ་དང ། །ནམ་མཁའི་སྙིང་པོ་གྲགས་ཆེན་པོ། །ཀུན་ཏུ་བཟང་པོ་ཉིད་དག་དང ། །ཕྱག་ན་རྡོ་རྗེ་བདག་ཉིད་ཆེ། །ཀུན་ནས་འབར་བས་འཁྲིགས་པའི་འོད། །འཇམ་པའི་དབྱངས་ནི་རིགས་
15b
ཀྱི་མཆོག་།སངས་རྒྱས་སྲས་བཟང་དྲི་མ་མེད། །སྒྲིབ་པ་ཐམས་ཅད་ངེས་པར་སེལ། །དེ་ནང་ས་ཡི་སྙིང་པོ་མཆོག་།ནམ་མཁའི་མཛོད་ནི་མཛོད་དམ་པ། །ལག་ན་རིན་ཆེན་བླ་ན་མེད། ། མི་ཕན་པ་ཀུན་འཇོམས་པ་ནི། །དྲ་བ་ཅན་གྱི་འོད་ཅེས་བྱ། །དཔའ་བོ་འདི་དག་གསང་བ་ཆེ། །དཀྱིལ་འཁོར་འདི་དག་བྲི་བར་བྱ། །འཁོར་ལོ་དེ་ནི་དོར་ནས་ནི། །བློ་གྲོས་ལྡན་པས་ཕྱིར་སོང་སྟེ། །ཤར་དུ་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱ་གོ་རིམ་བཞིན་དུ་དགོད། །འཁོར་ལོ་མཛེས་པའི་དགེ་ལེགས་རིས། །རྡོ་རྗེ་དཔལ་བེའུ་པད་ཅེས་བྱ། །གཙུག་ཏོར་རྣམ་པ་སྣ་ཚོགས་པ། །རྡོ་རྗེ་པདྨས་རྣམ་པར་བརྒྱན། །ལྷུང་བཟེད་དང་ནི་འཁར་གསིལ་དང ། །ཆོས་གོས་ཀྱང་ནི་ཁྱད་པར་དུ། །འདི་དག་ཤཱཀྱ་སེངྒེ་སོགས། །སངས་རྒྱས་ཀུན་གྱིས་རབ་ཏུ་གསུངས། །གང་ཞིག་དངོས་གྲུབ་མཆོག་འདོད་པས། །དེ་རྣམས་བློ་ལྡན་བརྟན་པས་བྲི། །བྱང་དུ་འཇིག་རྟེན་དབང་ཕྱུག་གི་།ཕྱག་རྒྱའི་ཚོགས་མཆོག་དེ་བཞིན་ཏེ། །པདྨ་ཨུཏྤལ་ཉི་དང་ནི། །སྤྱི་བླུགས་པགས་པའི་གཡང་གཞི་དང ། །དབྱུག་གུའི་ཤིང་ནི་མཁས་པ་ཡིས། །མ་མྱོས་པ་རུ་བྲི་བར་བྱ། །སླར་ཡང་ལྷོ་རུ་སོང་ནས་ནི། །ཕྱག་ན་རྡོ་རྗེ་བདག་ཉིད་ཆེ། །སློབ་དཔོན་བདག་ཉིད་ཆེན་པོ་ཡི། །ཕྱག་རྒྱ་འབད་པས་བྲི་བར་བྱ། །རྡོ་རྗེ་པནྚི་ཤ་དང་ནི། །དྲིལ་བུ་རབ་ཏུ་མཛེས་པ་དང ། །དབྱུག་གུ་དང་ནི་ཐོ་བ་དང ། །དབྱུག་པ་རྡོ་རྗེས་མཚན་པ་དང ། །ལྕགས་སྒྲོ་
16a
༄#། །དང་ནི་རྩེ་གསུམ་ཡང ། །འདི་དག་དཔའ་བོའི་ཕྱག་རྒྱའོ། །དཀྱིལ་འཁོར་ནུབ་ཏུ་སོང་ནས་ནི། །འཇམ་དཔལ་དབྱངས་ནི་བློ་གྲོས་ཀྱི། །གསང་བའི་ཆོས་ནི་དམ་པའི་མཆོག་།བརྩོན་འགྲུས་ཆེན་པོའི་ཕྱག་རྒྱ་བྲི། །ུཏྤལ་འཁོར་ལོ་རྡོ་རྗེ་དང ། །རལ་གྲི་ཡང་ནི་ཁྱད་པར་དུ། །ཐོད་པ་དང་ནི་དགྲ་སྟ་དང ། །རྨ་བྱ་དང་ནི་སེངྒེ་ཉིད། །ཕྱག་རྒྱ་འདི་རྣམས་བརྩོན་འགྲུས་ཆེ། །མཁས་པ་ཡིས་ནི་དགོད་པར་བྱ། །འཁོར་ལོའི་གྲཝ་ནི་ལེགས་གནས་པར། །རྡོ་རྗེ་སྒེག་མོ་ལ་སོགས་བྲི། །ཕྱི་ཡི་འཁོར་ལོའི་གྲཝ་རུ་ནི། །རྡོ་རྗེ་བདུག་པ་ཞེས་བྱ་སོགས། །བདག་ཉིད་ཆེ་པོ་འབད་པ་ཡིས། །མཆོད་པ་འདི་དག་བྲི་བར་བྱ། །ཕྱི་ཡི་དཀྱིལ་འཁོར་གྲཝ་རྣམས་སུ། །གཟུགས་ཀྱི་རྡོ་རྗེ་ཞེས་བྱ་སོགས། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །ཁྱད་པར་དུ་ནི་རོ་དང་ཡང ། །རེག་དང་ཆོས་ཀྱི་དབྱིངས་དང་ནི། །མཁས་པ་ཡིས་ནི་དགོད་པར་བྱ། །སྒོ་ཡི་ནང་ནི་ཐམས་ཅད་དུ། །སྒོ་སྐྱོང་བ་ནི་དགོད་པར་བྱ། །དེ་བཞིན་དཀྱིལ་འཁོར་གཞན་པ་རུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །གོ་རིམ་བཞིན་དུ་སངས་རྒྱས་ཀྱི། །ཡུམ་རྣམས་འབད་པས་བྲི་བར་བྱ། །ནམ་མཁའི་སྤྱན་ཞེས་བྱ་བ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་དང ། །ཤེས་རབ་ཕ་རོལ་ཕྱིན་མ་དང ། །ཕྱག་རྒྱ་ཀུན་དང་ཡང་དག་ལྡན། །ཇི་སྲིད་དེ་བཞིན་གཤེགས་རིག་མ། །ཐམས་ཅད་ཤར་དུ་དགོད་པར་བྱ། །དེ་ནས་བློ་གྲོས་ལྡན་པ་
16b
ཡིས། །བྱང་གི་ཕྱོགས་སུ་སོང་ནས་ནི། །གོས་དཀར་མོ་དང་སྒྲོལ་མ་ཆེ། །ཁྲོ་གཉེར་ཅན་དང་གྲགས་འཛིན་མ། །ཁྱད་པར་དུ་ནི་དཔལ་བདུན་དང ། །མདའ་བདུན་དང་ནི་དབྱངས་ཅན་མ། །དེ་ལ་སོགས་པའི་ལྷ་མོ་རྣམས། །བྲན་དང་བྲན་མོར་ཡང་དག་ལྡན། །དེ་བཞིན་ཕོ་ཉ་ཕོ་ཉ་མོ། །གསང་བའི་ཕྱག་རྒྱ་ལྷན་ཅིག་བྲི། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ལྷོ་ཡི་ཕྱོགས་སུ་རབ་ཕྱིན་ལ། །མཱ་མ་ཀཱི་དང་ལྕགས་སྒྲོག་དང ། །ཁབ་རྩེ་རྡོ་རྗེ་མཚན་མཆོག་དང ། །དེ་ལྟར་བྲིས་ནས་བློ་ལྡན་གྱིས། །ནུབ་ཀྱི་ཕྱོགས་སུ་སོང་ནས་ནི། །དེར་ནི་ཕྱིན་ནས་ཤེས་ལྡན་གྱིས། །སྒྲ་གཅན་སྟོབས་ཆེན་བྲི་བར་བྱ། །དེ་བཞིན་འདམ་བུ་མདའ་རྒྱུ་དང ། །ལྷ་མོ་ཟླ་བའི་འོད་ཟེར་འདྲ། །དཀྱིལ་འཁོར་ཀུན་གྱི་མཚམས་སུ་ནི། །ལྷ་མོ་ཉེ་བའི་སྐྲ་ཅན་མ། །འབད་པ་ཡིས་ནི་བྲི་བར་བྱ། །རབ་བཀྲ་ནོར་གྱི་བློ་གྲོས་དང ། །འགུགས་བྱེད་ཕོ་ཉ་ལྔ་དང་ལྡན། །གྲ་ཡི་ཆ་རུ་བྲི་བྱ་བ། །རྡོ་རྗེ་མདུང་རྩེ་ཞེས་བྱ་སོགས། །སྒོ་ཡི་ནང་ནི་ཐམས་ཅད་བྱ། །སྒོ་སྐྱོང་བ་ནི་རྣམ་པར་བྲི། །གཞན་གྱི་མི་ཐུབ་ལྷ་མོ་ཆེ། །དེ་བཞིན་རལ་པ་གཅིག་མ་མཆོག་།རྡོ་རྗེ་དྲེགས་མ་ལྷ་མོ་ཆེ། །རྡོ་རྗེ་ཀུམྦྷི་ཡང་དག་བྲི། །དེ་ནས་བློ་ལྡན་དཀྱིལ་འཁོར་ནི། །ཐམས་ཅད་ལས་ནི་ཐོན་ནས་སུ།། ཤར་གྱི་ཆ་ནི་ཐམས་ཅད་དུ། །སྔགས་པ་མཉམ་པར་བཞག་པ་ཡིས། །ཁྲོ་ཆེན་གཞན་གྱིས་མི་ཐུབ་པ། །དེ་བཞིན་མི་གཡོ་ཞེས་བྱ་དང ། །ཁམས་གསུམ་རྣམ་རྒྱལ་སྙིང་པོ་ནི། །མངའ་
17a
༄#། །བདག་བརྒྱ་ཕྲག་ལྔ་ཡིས་བསྐོར། །ཤར་དུ་བྲིས་ནས་སྔགས་པ་ཡིས། །དེ་ནས་བྱང་གི་ཆར་སོང་སྟེ། །རྟ་མགྲིན་ཁྲོ་བོ་ཆེན་པོ་དང ། །སྐར་མའི་སྤྱན་ནི་ཁྱད་པར་དུའོ། །ཁྲོ་གཉེར་རིམ་པ་རྣམ་བསྒྱིངས་པ། །ཁྲོ་བོ་བློ་ལྡན་བརྩོན་འགྲུས་ཆེ། །ཕོ་ཉ་བྲན་རྣམས་ཐམས་ཅད་དང ། །མ་མོ་སྟོང་གིས་ཡོངས་བསྐོར་བར། །འཇིག་རྟེན་མགོན་གྱིས་བཀའ་སྩལ་ཏོ། །དེ་ནས་བློ་གྲོས་ལྡན་པ་ཡིས། །ལྷོ་ཡི་ཕྱོགས་སུ་སོང་ནས་ནི། །དེར་ནི་ཕྱིན་ཏེ་བརྩོན་ཆེན་པོ། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །རྡོ་རྗེ་མཚན་པས་ལེགས་མཚན་པ། །ཤེས་རབ་ཆེན་པོས་དགོད་པར་བྱ། །ཁྲོ་བོ་ཟླ་བའི་ཐིག་ལེ་དང ། །དེ་བཞིན་ཁྲོ་ཆེན་རྡོ་རྗེ་འཆང ། །སྒྲ་གཅན་ཁྲོ་བོ་སྟོབས་པོ་ཆེ། །ཁྲོ་བོ་བདུད་རྩི་འཁྱིལ་པ་དང ། །རྡོ་རྗེ་ས་འོག་ས་འོག་དང ། །དེ་བཞིན་འཇིགས་པའི་མིག་ཅན་དང ། །རྐང་པས་བསྣུན་པའི་རྡོ་རྗེ་མཆོག་།གསང་དང་རབ་གསང་རྗེས་འགྲོ་དང ། །བྲན་དང་ཕོ་ཉ་ཁྲོ་བོ་ནི། །སྟོང་ཕྲག་གསུམ་དང་ཕྱེད་ཀྱིས་བསྐོར། །དེ་ལྟར་བྲིས་ནས་བློ་ལྡན་གྱིས། །ནུབ་ཀྱི་ཕྱོགས་སུ་ཕྱིན་ནས་ནི། །དེར་ནི་སོང་སྟེ་བརྩོན་ཆེན་པོ། །གཤིན་རྗེ་མཐར་བྱེད་ཅེས་བྱ་བ། །གདོང་དྲུག་པ་ལ་ལག་དྲུག་པ། །ཁྲོ་བོ་ཡི་གེ་བདུན་ཞེས་བགྱི། །ཁྲོ་བོའི་གཙོ་བོ་སྟོང་ཕྲག་ནི། །བདུན་དག་གིས་ནི་ཡོངས་བསྐོར་བའོ། །དཀྱིལ་འཁོར་ཆ་ནི་ཐམས་ཅད་དུ། །ཁྲོ་བོ་གཏུམ་པོ་ཐམས་ཅད་བྲི། །དེ་ནས་བློ་ལྡན་འོངས་ནས་
17b
སུ། །རང་རྒྱལ་རྒྱལ་བ་ཐམས་ཅད་ཀྱི། །དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱ། །དེ་ནས་སྔགས་པ་འོངས་ནས་ནི། །རྒྱལ་བ་ཉན་ཐོས་བྲི་བར་བྱ། །དེ་ཡི་ཕྱི་རུ་ཚངས་སོགས་ལྷ། །དཀྱིལ་འཁོར་ཀུན་ཏུ་རྣམ་པར་བྲི། །དབང་ཕྱུག་ཆེ་དང་ཁྱབ་འཇུག་དང ། །ཟླ་བ་ཉི་མ་ཞེས་བྱ་དང ། །གཟའ་བརྒྱད་དང་ནི་འཇིག་རྟེན་སྐྱོང ། །རྒྱལ་ཆེན་རིགས་ནི་བཞི་པོ་དང ། །དེ་བཞིན་སུམ་ཅུ་རྩ་གསུམ་དང ། །མཐའ་བྲལ་རྣམས་དང་དགའ་ལྡན་དང ། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང ། །ཚངས་པ་མཐུན་ན་འདོན་པ་རྣམས། །ཚངས་ཆེན་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་བསྐྱེས་རྣམས་དང ། འབྲས་བུ་ཆེ་བ་རྣམས་དང ། མི་ཆེ་བ་རྣམས་དང ། མི་གདུང་བ་རྣམས་དང ། གྱ་ནོམ་སྣང་བ་རྣམས་དང ། ཤིན་ཏུ་མཐོང་བ་རྣམས་དང ། འོག་མིན་རྣམས་དང ། དག་པའི་གནས་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་མཚམས་སུ་དགོད་པར་བྱའོ། །དེ་ནས་དབང་ལྡན་དུ་དབང་ལྡན་དང ། དབང་པོར་དབང་པོ་དང ། །མེར་མེ་ལྷ་དང ། གཤིན་རྗེར་གཤིན་རྗེ་དང ། བདེན་བྲལ་དུ་བདེན་བྲལ་དང ། ཆུར་ཆུ་ལྷ་དང ། རླུང་དུ་རླུང་ལྷ་དང ། ལུས་ངན་དུ་ལུས་ངན་རྣམས་དང ། ཕྱི་རོལ་གྱི་ཤར་ཕྱོགས་སུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཕྱག་རྒྱ་
18a
༄#། །ཆེན་པོ་དགོད་པར་བྱའོ། །ལྷོར་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱ་ཆེན་པོ་དགོད་པར་བྱའོ། །ནུབ་ཏུ་ཁྲོ་བོའི་རྒྱལ་པོ་ཆེན་པོ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཆེན་པོ་དགོད་པར་བྱའོ། །བྱང་དུ་རྟ་མགྲིན་གྱི་ཕྱག་རྒྱ་ཆེན་པོ་རྣམ་པར་དགོད་པར་བྱའོ། །ཕྱི་རོལ་ཏུ་ར་བ་དག་གི་ནང་དུ་རྒྱ་མཚོ་ཆེན་པོ་བདུན་དགོད་པར་བྱའོ། །དེའི་ཕྱི་རོལ་ཏུ་འགྲོ་བ་ལྔ་པོ་གཞག་པར་བྱའོ། །དེ་ལྟ་བུའི་གྲུ་བཞི་པ། སྒོ་བཞི་པ་དཀྱིལ་འཁོར་ཆེན་པོ་དར་དང་མེ་ཏོག་གི་ཆུན་པོ་དང ། གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ། དྲ་བ་དང ། དྲ་བ་ཕྱེད་པས་སྒྲུབས་པ། དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོ་བྲིས་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་དབུས་སུ་རིའི་རྒྱལ་པོ་ལྷུན་པོའི་ཚད་དུ་དཔག་ཚད་བརྒྱ་སྟོང་ཕྲག་དུ་མར་རྒྱས་པ་དེའི་སྟེང་དུ་རྡོ་རྗེ་སེངྒེའི་ཁྲི་ལ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་བསམས་ནས་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་ཚོགས་མཆོད་ལ་མཉེས་པར་བྱས་ཏེ།་མཆོད་པ་དང ། དབང་བསྐུར་བ་དང ། བྱིན་གྱིས་བརླབ་པ་དང ། སྤྲོ་བ་དང ། བསྡུ་བ་ལ་སོགས་པ་བྱས་པས་ནམ་མཁའི་གནས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་རྣམ་པར་བསམས་ནས་སྤྱན་དྲངས་ཏེ་བཅུག་ལ་བཅིངས་ནས་དམ་ཚིག་ལ་རྣམ་པར་བཞག་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང ། རྡོ་རྗེ་སེམས་
18b
དཔའི་བདག་ཉིད་ནི། རྣམ་པར་སྣང་མཛད་ངའོ་སྙམ་དུ་སྙེམས་པ་བསྒོམ་པར་བྱའོ། །དེ་ནས་སྙིང་རྗེ་དང་བྱམས་པའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ལས་འདས་པ་ཐམས་ཅད་ཁྱབ་པའི་རྒྱ་མཚོའི་སྤྲིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་སྤྲིན་གྱིས་ཀུན་ནས་བཀང་སྟེ། དེ་བཞིན་གཤེགས་པའི་རིམ་པ་མཆོག་གིས་རྡོ་རྗེ་སེམས་དཔའ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་རང་གི་ལུས་ལ་ཞུགས་ནས་ཕྱོགས་ཐམས་ཅད་ཧཱུཾ་གི་ཡི་གེའི་སྒྲ་བརྗོད་ཅིང་བསྣུན་པ་བཞིས་རོལ་པ་དང་བཅས་པས་ཕྱག་བྱས་ལ་བཟླས་པ་བྱས་ཏེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཆོ་ག་བཞིན་དུ་རྡོ་རྗེ་སློབ་དཔོན་གྱིས་བཀུག་ནས་བཅུག་སྟེ་བཅིངས་ལ་དམ་ཚིག་ལ་བཞག་པ་བྱས་ནས་སེ་གོལ་གྱི་སྦྱོར་བ་དང ། ཀུན་ནས་འབེབས་པའི་ཕྱག་རྒྱས་བདག་ཉིད་ལ་དབབ་སྟེ་སྙིང་པོ་འདི་བཞིས་རོལ་པ་དང་བཅས། དེ་བཞིན་གཤེགས་པ་ཐམས་ཅད་དང་བདག་མཚུངས་སོ་སྙམ་དུ་བསམ་པར་བྱའོ། །དེ་ལ་དེའི་སྙིང་པོ་བཞི་པོ་ནི། ཨ་ཨཱ། ཨཾ་ཨཿ ་བདག་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་བརྗོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང ། བདག་མཚུངས་པ་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལྕགས་ཀྱུའི་སེ་གོལ་གཏོགས་ནས་སྙིང་པོ་འདིས་སངས་རྒྱས་ཐམས་ཅད་སྤྱན་དྲང་པར་བྱའོ། །དེ་ལ་སྙིང་པོ་ནི། འདི་ཡིན་ཏེ། བྷཱུཾ་ཏྲཱཾ་ཧྲཱིཿ ་ཧཱུཾ། ཨོཾ་བཛྲ་
19a
༄#། །ས་མཱ་ཛཿ ། ཨཱ་གཙྪ་ཨ་གཙྪནྟུ། སརྦ་ཏ་ཐཱ་ག་ཏ། སརྦ་བོ་དྷི་སཏྭ་པ་རི་བྲྀ་ཏཱ། པྲ་ཏྱེ་ཀ་རི་ཧ་ཧ་ཏེ་སཝཱཧཱ། ཨོཾ་བཛྲ་ས་མཱ་ཛཿ ། ཨཱ་གཙྪ་ཨཱ་གཙྪ། སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ཤཝ་ར། སཏྭ་ན་ཡེཿ ། སྲ་ཧཱ་ཨ་ཧཱཿ ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བཅས་པ། དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དང ། རྒྱུད་དང ། གཟུགས་རྣམས་དང་ལྷན་ཅིག་དཀྱིལ་འཁོར་དུ་འདུས་ནས་བྱོན་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བདག་ཉིད་རྣམ་པར་བསྒོམས་ནས་མིང་བརྒྱ་རྩ་བརྒྱད་པ་བཏོན་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་མཆོད་པ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བརྟན་པར་བྱས་ནས་སྒོ་བཞི་པོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ལས་བྱས་ཏེ། ལས་ཆེན་པོ་དམ་པའི་ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ། སུ་ར་ཏ་བཛྲ་བཛྲ་སཏྭ་ཛཿ ་ཧཱུཾ་བཾ་ཧོཿ ་ཨ་དྷི་ཏིཥྛནྟུ། སརྦ་ཏ་ཐཱ་ག་ཏ་མཧཱ་མཎྜ་ལཾ། དེ་ནས་གསང་བའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་གསོལ་བ་འདེབས་ལགས་ཀྱི་།དེ་བཞིན་
19b
གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དུ་གསོལ། བདག་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཇི་ལྟར་བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རབ་འབྱམས་རྒྱ་མཚོའི་སྤྲིན་རྣམས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཀུན་ནས་བཀང་སྟེ་བྱིན་གྱི་བརླབ་པར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནས་འདིར་རྡོ་རྗེ་སྙིང་པོའི་རྒྱན་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་སློབ་མ་གཞུག་པའི་ཆོ་ག་རྒྱས་པར་འགྱུར་བ་ནི། དེ་ནས་གོས་དམར་པོ་ཕྲག་པར་གཟར་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྔགས་འདིས་ཕྱག་འཚལ་བའི་ཐལ་མོ་སྦྱར་ནས་སྔགས་འདིས་སྙན་གསན་དབབ་པར་བྱ་སྟེ། ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། ས་མ་ཡ་བཛྲ་ཨ་དྷིཥྛ་ནཾ་ཀུ་རུ་མཱཾ། སརྦ་ཏ་ཐཱ་ག་ཏ་ས་མ་ཡེ་ཥུ་མེ་ཡ་དྷི་ཏིཥྛནྟུ་སརྦ་བུདྡྷ་མཱཾ་པྲ་བེ་ཤ་ཡནྟུ། པྲ་ཏི་པཱ་ལ་ཡནྟུ།་པཱུ་ཛཱཉྩ་མེ་པྲ་ཡནྟུ། པྲ་བིཥྚོསྠི། སརྦ་ཏ་ཐཱ་ག་ཏ་བཛྲ་མཎྜལ། ཨ་ལཾ་ཀཱ་རེ་མ་ཧཱ་བཛྲ་མཎྜ་ལེ་པྲ་ཏི་བ་ལ་ཡནྟུ་མཱཾ་སྟུ་ཛཱཉྩ་མེ་པྲ་ཡཙྪནྟུ། དེ་ནས་སློབ་དཔོན་གྱིས་དེའི་ཐལ་མོར་མེ་ཏོག་དཀར་པོའི་ཕྲེང་བ་སྔགས་འདིས་བཏགས་ནས་ནང་དུ་མེ་ཏོག་བཞི་དང ། སོར་མོའི་རྩ་མོར་མེ་ཏོག་རེ་རེ་བཅུག་ལ་དེ་ནས་སྔགས་འདི་བརྗོད་ཅིང་གཞུག་པར་བྱའོ། །ཧཱུཾ་དྷྭཾ་ཧྲཱིཾ་ཀྲུཾ་ཤྲུཾ་
20a
༄#། །ཛྲུཾ་བཿ ་ཀཿ ་པྲཾ་ཁིཾ་ཤྲིཾ་ཛྲུཾ་ཧཾ་མཾ། ཨ་དྷི་ཏིཥྛ་མཾ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སྟྭ་པྲ་བི་ཤཱ་མི། དེ་ནས་སློབ་དཔོན་གྱིས་དེའི་གདོང་གཡོགས་བཅིངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆོས་ཀྱི་དབྱིངས་ནམ་མཁའི་ཁམས་རབ་ཏུ་ཁྱབ་པའི་སྦྱོར་བས་དེ་བཅུག་ལ་སྔགས་འདིས་མེ་ཏོག་གཏོར་བར་བྱའོ། །སྔགས་ནི།་ས་མ་ཡོ་ཧཾ། ས་མ་ཡ་སྟྭཾ། ས་མ་ཡ་ཧཱུཾ། གང་ལ་མེ་ཏོག་རྣམས་ལྷུང་བ་དེ་ཉིད་དེའི་ལྷར་སྦྱིན་པར་བྱའོ། །དེ་ནས་ཆོ་ག་བཞིན་དུ་སྔགས་འདིས་དབབ་པར་བྱའོ། །ས་མ་ཡོ་ཧཾ། ས་མ་ཡ་སྟྭཾ། ས་མ་ཡ་ཧཱུཾ། ན་མཿ ་སརྦ་ཏ་ཐཱ་ག་ཏེ་བྷྱ། ཏ་ཊ་ཏ་ཊ། དྷ་མ་དྷ་མ། བཛྲ་ཧཱུཾ། བི་ཀྲྀ་ཏ་བི་དྱུ་ཛྫི་ཧཝཱ་དུར་དཱནྟ་ད་མ་ཀ། ཧ་སི་ཏ་ལམྦོ་ད་ར། ཀ་ཧ་ཀ་ཧ། ཙུ་ལུ་ཙུ་ལུ། མུཉྩ་མུཉྩ། ཨཊྚཱ་ཊྚ་ཧ་ས། ད་ར་བི་ད་ར། བཛྲ་བཛྲོད་ག་ཏ། བཛྲ་ནཻ་ཏྲ། བཛྲ་ཤྲོ་ཏྲ། བཛྲ་གྷྲ་ཎ། བཛྲ་དཾཥྚ་ཀིཉྩི་རཱ་ཡ་སི་པྲ་བི་ཤ། བཛྲ་པཱ་ཎི་ཧྲི་ད་ཡ་མཱ་བི་ཤ་མཱ་བི་ཤ་།གྷུརྞ་གུརྞ། པཱུརྞ་པཱུརྞ། གྷུརྞཱ་པ་ཡ་གྷུརྞཱ་པ་ཡ། བྷྲ་མ་ཡ་བྷྲ་མ་ཡ། པཱ་ཏ་ཡ་མོ་ཊ་ཡ། ཨ་བེ་ཤ་ཡ། ཛལྤ་ཛལྤཱ། ཛལྤཱ་ཡ་ཛལྦཱ་ཡ། ལ་གྷུ་ལ་གྷུ། སརྦ་ཏ་ཐཱ་ག་ཏ་ཛཱ་ཀ་ར་པྲ་བ་ར། དྷརྨ་ལཔྡྷ། བི་ཛ་ཡ། ཧེ་ཧེ་བཛྲ་ཛྷཾ་ཀཱ་ར་ཧཱུཾ་ཀྲྀ་ཏ་སཝཱཧཱ། དབབ་པའི་དམ་ཚིག་།དེ་ལྟར་བབས་ནས་ཀྱེ་ཁྱོད་ཀྱིས་གང་དགེ་བའི་མ་མི་དགེ་བ་མཐོང་ངམ་ཞེས་འདིའོ། །དེ་ནས་དེ་བཞིན་གཤེགས་པའམ། རྡོ་རྗེ་འཛིན་
20b
པའམ།་དགེ་བའམ། མི་དགེ་བ་བདག་གིས་འདི་ལྟ་བུ་མཐོང་ངོ ། །ཞེས་སྨྲ་བར་འགྱུར་རོ། །དེ་ནས་སློབ་དཔོན་གྱིས་དེ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རང་བཞིན་དུ་ཡོངས་སུ་བཞག་ལ་མིག་བཅིངས་པ་བཀྲོལ་ལ་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་དེའི་དབུས་སུ་ཁ་དོག་ཐམས་ཅད་ཀྱིས་པདྨ་ཆེན་པོ་འདབ་མ་བརྒྱད་པ་ཡིད་དུ་འོང་བའམ། སེངྒེའི་ཁྲི་རང་ཉིད་ཀྱིས་བྲིས་ཏེ། དེ་ནས་དེ་ལ་དར་གྱི་བགོ་བ་དང ། མེ་ཏོག་དང ། བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ལ་ཁྱད་པར་དུ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང་རེག་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། དུང་དང ། རྫ་རྔ་དང ། རྔ་བོ་ཆེ་དང ། དུང་ལ་སོགས་པ་དང ། གར་དང ། གླུ་རྣམས་ཀྱིས་ལེགས་པར་མཆོད་ནས་ཅོད་པན་ལྔའི་དབང་བསྐུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ལ་རབ་ཏུ་བཞག་པ་རིགས་དང་རྗེས་སུ་མཐུན་པའི་མིང་དུ་བྱས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་བྱ་སྟེ།་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲོཥྞཱི་ཥ་ཨ་བྷི་ཥིཉྩ་ཨོཾ་བཛྲ་སྟྭ་ཨ་བྷི་ཥིཉྕ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། ཨོཾ་བཛྲ་པདྨ་ཨ་བྷི་ཥིཉྩ། ཨོཾ་བཛྲ་བཛྲ་ཨ་བྷི་ཥིཉྩ། སྤྱི་བོ་དང ། དཔྲལ་བ་དང ། མགྲིན་པ་དང ། སྙིང་ག་དང ། ལྟེ་བ་དང ། རྐེད་པ་ནས་རྗེ་ངར་གྱི་བར་དུ་ཡི་གེའི་ཕྱག་རྒྱ་བཀོད་ལ། རང་གི་ལྷའི་གཟུགས་ཀྱི་སྦྱོར་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྡོ་རྗེའི་ཆོ་ག་རྣམས་བརླབ་
21a
༄#། །པར་བྱ་སྟེ། དེ་ལ་རྡོ་རྗེའི་གནས་ཚིག་རྣམས་ནི། འདི་དག་སྟེ། རང་བཞིན་གྱིས་དབྱེར་མེད་པའི་ཕྱིར་རང་གི་ལུས་རྡོ་རྗེ་སེམས་དཔའི་གནས་ཏེ། རྡོ་རྗེའི་གནས་འདིས་ལྟ་བའི་ཐིབས་པོ་ཐམས་ཅད་ངེས་པར་འཇོམས་པར་འགྱུར་རོ། །མ་རིག་པ་རྡོ་རྗེའི་གནས་ཀྱི་རིག་པ་ལ་འཇུག་པ་སྟེ། རྡོ་རྗེའི་གནས་འདིས་དམིགས་པའི་དངོས་པོ་ཡོངས་སུ་ཤེས་པ་ལ་འཇུག་པར་འགྱུར་རོ། །ཧཱུཾ། མངོན་པར་འདུ་བྱེད་པའི་ཕྱིར་མཚམས་མེད་པའི་མཐའ་རྡོ་རྗེའི་གནས་འདིས་ལྟ་བ་ཐམས་ཅད་དུ་གྱུར་པའི་སེམས་ངེས་པར་རིག་པར་འགྱུར་རོ། །ོཾ། འདོད་ཆགས་ཀྱི་མཐའ་ཞི་བའི་ཕྱིར་འདོད་ཆགས་དང་བྲལ་བའི་མཐར་རྡོ་རྗེའི་གནས་འདོད་ཆགས་པ་དང་བྲལ་བར་འགྱུར་རོ། །ཧ། ཞེ་སྡང་གི་མཐའ་ཞི་བའི་ཕྱིར་བྱམས་པའི་མཐའི་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདིས་སྐྱོན་ཐམས་ཅད་ཀུན་ཏུ་འདྲལ་བར་འགྱུར་རོ། །མཻ། གཏི་མུག་གི་མཐའ་ཞི་བའི་ཕྱིར་ཤེས་རབ་ཀྱི་སྒྲོན་མ་རྡོ་རྗེའི་མཐའ་སྟེ། རྡོ་རྗེའི་མཐའ་འདིས་མུན་པ་བསལ་བར་བྱེད་པར་འགྱུར་རོ། །རཾ། སེམས་ཅན་ཐམས་ཅད་སེམས་ཅན་གཅིག་པ་སྟེ། རྡོ་རྗེའི་གནས་འདིས་སེམས་ཅན་མཉམ་པ་ཡིད་ལ་འཇུག་པའི་དོན་དང ། སེམས་ཅན་གྱི་རང་བཞིན་རྟོགས་པའི་དོན་དུ་འགྱུར་རོ། །ཧྲཱིཾ། སེམས་ཅན་ཐམས་ཅད་སེམས་གཅིག་པ་སྟེ། རྡོ་རྗེའི་གནས་འདིས་སེམས་ངེས་པ་
21b
ལ་འཇུག་པའི་དོན་དང ། སེམས་རང་བཞིན་གྱིས་འོད་གསལ་བ་མངོན་པར་རྟོགས་པའི་དོན་དུ་འགྱུར་རོ། །། སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་པ་སྟེ། རྡོ་རྗེའི་གནས་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་དོན་དང ། མཉམ་པ་ཉིད་ཀྱི་ཡེ་ཤེས་རྗེས་སུ་རྟོགས་པའི་དོན་དུ་འགྱུར་རོ། །ོཾ། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྡོ་རྗེའི་གནས་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྗེས་སུ་རྟོགས་པར་འཇུག་པའི་དོན་དང ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པའི་དོན་དུ་འགྱུར་རོ། །ཾ། བདུད་ཀྱི་ལས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཏེ། རྡོ་རྗེའི་གནས་འདིས་ལས་ཐམས་ཅད་རྗེས་སུ་རྟོགས་པ་ལ་འཇུག་པའི་དོན་དང ། ལས་ཐམས་ཅད་ལས་ཡོངས་སུ་འདས་པའི་དོན་དུ་འགྱུར་རོ། །ཧཱུཾ། ངག་ཐམས་ཅད་དེ་བཞིན་གཤེགས་པའི་གསུང་སྟེ། རྡོ་རྗེའི་གནས་འདིས་སྒྲ་ཇི་བཞིན་པ་ཐམས་ཅད་རྗེས་སུ་རྟོགས་པ་ལ་འཇུག་པའི་དོན་དང ། བརྗོད་པ་ལས་འདས་པའི་ཆོས་རྗེས་སུ་རྟོགས་པའི་དོན་དུ་འགྱུར་རོ། །པཾ། ཆོས་ཐམས་ཅད་མ་སྐྱེས་པ་སྟེ། རྡོ་རྗེའི་གནས་འདིས་འཆི་འཕོ་མེད་པ་ལ་འཇུག་པའི་དོན་དང ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བའི་ལམ་ལས་འདས་པའི་དོན་དུ་འགྱུར་རོ། །མཾ། ཆོས་ཐམས་ཅད་མ་བྱུང་བ་སྟེ། རྡོ་རྗེའི་གནས་འདིས་འགོག་པ་མེད་པ་ལ་འཇུག་པའི་དོན་དང ། ཆོས་ཐམས་ཅད་འགོག་པ་མེད་པའི་དོན་དུ་འགྱུར་རོ། །
22a
༄#། །ཁཾ། འདི་ལ་རྣམ་གནས་རྣལ་འབྱོར་པ། །བདག་གི་དེ་ཉིད་རབ་རྟོགས་ཏེ། །བདག་གི་དེ་ཉིད་དང་བརྟགས་ནས། །སངས་རྒྱས་ཀུན་མཚུངས་མཉམ་མེད་འགྱུར། ། དེ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དང ། ཕུན་སུམ་ཚོགས་པ་ཐམས་ཅད་དང ། གཏེར་ཐམས་ཅད་དང ། འཁོར་ལོ་ཐམས་ཅད་དང ། རྡོ་རྗེ་ཐམས་ཅད་དང ། རལ་གྲི་དང ། ཡིད་བཞིན་གྱི་ནོར་བུ་དང ། དངུལ་ཆུ་དང ། བཅུད་ལེན་རྣམས་དང ། གྱེན་དུ་འགྲོ་བ་དང ། རྐང་འོག་དང ། མི་སྣང་བ་དང ། རིག་པ་འཛིན་པ་དང ། འཁོར་ལོས་བསྒྱུར་བ་ཉིད་དང ། བརྒྱ་བྱིན་ཉིད་དང ། ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་ས་རྣམས་དེས་མྱུར་དུ་འགྲུབ་པར་འགྱུར་རོ། །ཧཱུཾ། ཡིད་ནི་རྩེ་གཅིག་གྱུར་པ་ཡིས། ། སངས་རྒྱས་རྗེས་དྲན་བསྒོམས་ནས་ནི། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །སངས་རྒྱས་སྐུ་གཟུགས་བསྒོམ་པར་བྱ། །སྦྱོར་བ་དེ་ཡི་བཀའ་དྲིན་གྱིས། །སངས་རྒྱས་ཀུན་མཚུངས་མཉམ་མེད་འགྱུར། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །འོད་ཀྱི་དཀྱིལ་འཁོར་རབ་གསལ་བའི། །ཀུན་ཏུ་བཟང་པོ་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །ཡོ་ནི་ཕྱེད་ཀྱི་སྦྱོར་བ་ཡིས། །ཀུན་ཏུ་བཟང་པོ་འདྲ་བར་འགྱུར། །རྡོ་རྗེ་རིན་ཆེན་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །རྒྱལ་པོའི་
22b
དབང་བསྐུར་ཉིད་དམ་ནི། །ཡང་ན་དབང་ཕྱུག་ཐོབ་པར་འགྱུར། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེ། །དེ་ནི་རང་གིས་བརྟན་པོར་བསྒོམ། །འཇིག་རྟེན་ཀུན་གྱི་དབང་ཕྱུག་ཀྱང ། །ཐོབ་ན་དངོས་གྲུབ་གཞན་ཅི་སྨོས། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་གང ། །དེ་བཞིན་ཉིད་ཀྱི་འོད་གསལ་བ། །རྡོ་རྗེའི་སྦྱོར་བས་དེ་བསྒོམས་པས། །རྡོ་རྗེའི་རྣལ་འབྱོར་བརྟན་པོར་འགྱུར། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་མཆོག་སྒོམ་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉིད་ཡིན་ནོ། །འཁོར་ལོས་བསྒྱུར་བའི་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །ཕྱག་རྒྱ་ཀུན་གྱི་བདག་ཉིད་ཀྱི། །དམ་པའི་དོན་ཉིད་ཐོབ་པར་འགྱུར། །གཟི་བརྗིད་དྲ་བ་ཕྱག་རྒྱ་ཆེ། །དམ་པའི་དོན་དུ་བསྒོམ་པར་བྱ། །གསང་བའི་རྒྱལ་པོ་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །གདུགས་དཀར་གཙུག་ཏོར་ཆེན་པོ་ནི། །དམ་པའི་དོན་དུ་བསྒོམ་པར་བྱ། །གཙུག་ཏོར་ཡེ་ཤེས་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །རྒྱལ་བའི་གཙུག་ཏོར་ཕྱག་རྒྱ་ཆེ། །དེ་ནི་ཡང་དང་ཡང་དུ་བསྒོམ། །ཆོས་ཀྱི་རྒྱལ་པོ་རྣམ་རྒྱལ་ཉིད། །མདོར་བསྡུས་པ་ནི་ཐོབ་པར་འགྱུར། །རྣམ་རྒྱལ་གཙུག་ཏོར་ཕྱག་རྒྱ་ཡི། །དམ་པའི་ཡི་གེ་བསྒོམ་པར་བྱ། །ལེགས་པར་རབ་གནས་འོད་ཟེར་ཅན། །དངོས་གྲུབ་ཡེ་ཤེས་ཐོབ་པར་འགྱུར། །དེ་ལ་སོགས་པ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །གཙུག་ཏོར་རྣམས་ཀྱིས་ལེགས་བཤད་པ། །ཕྱག་རྒྱ་
23a
༄#། །དེ་རྣམས་བདག་ཉིད་མཆོག་།དེ་ལྟར་རྣལ་འབྱོར་པས་བསྒོམས་ན། །ལྷག་པའི་ལྷ་ནི་གཅིག་བུ་ཉིད། །ཐོག་མ་ཐ་མ་མེད་ཞི་བ། །རང་བྱུང་མཆོག་ཏུ་མི་འགྱུར་བ། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་གོ་འཕང་མཆོག་།སངས་རྒྱས་ཡེ་ཤེས་དྲི་མ་མེད། །བདག་ཉིད་ཆེན་པོ་ཐོབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་སོ། །ད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡི་གེའི་རང་བཞིན་གྱི་ཡེ་ཤེས་དེ་ལ་བསླབ་པར་བྱའོ། ། ཞེས་བྱ་བ་ནི། རྣམ་པར་སྤྱོད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་ཤེས་པར་བྱའོ། །ོཾ་པཾ། ཨ་ཞེས་བྱ་བ་ནི། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་པར་བྱའོ། །ོཾ་ཨ་ཨཱ་ཨཾ་ཨཿ ། པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་སྒོ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བལྟ་བར་བྱའོ། །ོཾ་པཾ། ན་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་མིང་དང ། གཟུགས་དང ། ཤེས་རབ་དང ། ཆོས་དང་བཅས་པ་ཡོངས་སུ་ཤེས་པའི་དབང་དུ་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། །ོཾ་ནཾ། ད་ཞེས་བྱ་བ་ནི། འདུལ་བ་དང ། ཞི་བའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བརྗོད་དོ། །ོཾ་དཾ། ས་
23b
ཞེས་བྱ་བ་ནི། ཐོགས་པ་མེད་པ་ལས་ཡང་དག་པར་འདས་ཤིང་ཡོངས་སུ་ཉོན་མོངས་པ་དང ། རྣམ་པར་སྤོང་བ་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པའི་སྒོ་ནས་ཕུང་པོ་དང་།། ཁམས་དང ། སྐྱེ་མཆེད་ལ་སོགས་པ་དོན་དམ་པའི་བདེན་པ་ལ་གནས་ཏེ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ་།ོཾ་སྲུཾ། ཏ་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བའི་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་བལྟའོ། །ོཾ་ཏཾ། ཀ་ཞེས་བྱ་བ་ནི། ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་བགྲོད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་གསལ་བར་བྱའོ། །ོཾ་ཀཾ། མ་ཞེས་བྱ་བ་ནི། སྒྱུ་མ་ལྟ་བུ་ཉིད་དང ། དྲན་པ་མེད་ཅིང་སྙིང་རྗེ་ཆེ་བ་དང ། ཤེས་རབ་རྣོ་བ་ལས་བྱུང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་གསལ་བར་བཤད་དོ། །ོཾ་མཾ། ག་ཞེས་བྱ་བ་ནི། ཟབ་མོ་ལ་སྤྱོད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་གཾ། ཛ་ཞེས་བྱ་བ་ནི། སྐྱེ་བ་དང ། རྒ་བ་དང ། འཆི་བ་ལས་ཡོངས་སུ་རྒལ་བའི་རང་བཞིན་མི་ཕྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཛཾ། དྷ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཡོངས་སུ་མི་ཕྱེད་པའི་རྡོ་རྗེ་ཡོངས་སུ་རྫོགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་དྷི། ཤ་ཞེས་བྱ་བ་ནི། ཞི་གནས་དང་ལྷག་མཐོང་ཡོངས་སུ་རྫོགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཤཾ། ཥ་ཞེས་བྱ་བ་ནི།
24a
༄#། །གང་ཟག་དང་ཆོས་ཀྱི་བདག་མེད་པ་ནམ་མཁའ་ལྟར་གསལ་ཞིང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ་།ོཾ་ཁཾ། ཀྵ་ཞེས་བྱ་བ་ནི། གཡོ་བ་མེད་པས་མི་བཟད་པའི་ཡེ་ཤེས་སོ་སོར་དམིགས་ཏེ་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཀྵཾ། ང་ཞེས་བྱ་བ་ནི། ཆོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིའང་ཡུལ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་དཾ། ཐ་ཞེས་བྱ་བ་ནི། གནས་དང་གནས་མ་ཡིན་པ་ལ་མཁས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཐཾ། ཌྷ་ཞེས་བྱ་བ་ནི། སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པས་ཟད་པའི་ཡེ་ཤེས་མི་སྐྱེ་ཞིང་མཐར་ཐུག་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། །ོཾ་ཌྷཾ། ཛྷ་ཞེས་བྱ་བ་ནི། མྱུར་དུ་འཆི་བ་མེད་པ་རྗེས་སུ་དམིགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཛྷཾ། ཀ་ཞེས་བྱ་བ་ནི། ལུས་རྣམ་པར་སྤྱོད་པ་འདོད་ཆགས་དང་བྲལ་བས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་རྡོ་རྗེ་སྙིང་པོའི་ལུས་སོ་སོར་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ཀྱིས་སྒོར་བལྟ་བར་བྱའོ། །ོཾ་ཀཾ་།ཱ་ཞེས་བྱ་བ་ནི། སེམས་རྣམ་པར་སྤྱོད་པ་ཉེས་པ་དང ། རྨོངས་པ་དང ། བག་ལ་ཉལ་བ་རབ་ཏུ་སྤངས་ནས་བྱང་ཆུབ་ཀྱི་
24b
སེམས་བསྐྱེད་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཨཾ། བ་ཞེས་བྱ་བ་ནི། ངག་རྣམ་པར་སྤྱོད་པ་ངག་གི་སྤྲོས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་བཾ། ཚ་ཞེས་བྱ་བ་ནི། གྲིབ་མ་མ་དམིགས་ཤིང་རང་བཞིན་གྱིས་དང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཚཾ། གྷ་ཞེས་བྱ་བ་ནི། གཅིག་ཏུ་འདིས་པ་མ་དམིགས་པའི་དོན་དམ་པར་གཉིས་སུ་མེད་པར་གྱུར་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་གྷཾ། ཊ་ཞེས་བྱ་བ་ནི། ཅ་ཅོ་དང་བྲལ་བའི་རྡོ་རྗེ་སྙིང་པོ་འཛིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། །ོཾ་ཊཾ། ཕ་ཞེས་བྱ་བ་ནི། ཆོས་ཐམས་ཅད་དབུ་བ་གདོས་པ་ལྟ་བུའི་ཚུལ་གྱིས་གསང་བའི་ཡེ་ཤེས་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། །ོཾ་ཕཾ། ཌ་ཞེས་བྱ་བ་ནི། དགྲ་ཆེན་པོ་ལས་གྲོལ་བའི་མཁའ་ལ་འགྲོ་བ་གྲུབ་པས་སོ་སོར་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཌཾ། ཥ་ཞེས་བྱ་བ་ནི། ཚ་སྒོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཥཾ། ཨུ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ་།ོཾ་ཨཱུཾ། ཡ་ཞེས་བྱ་བ་ནི། རྒྱུན་དུ་བྱེད་པ་ངེས་པར་འབྱུང་བའི་དོན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་ཉེ་
25a
༄#། །བར་གནས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཡཾ། ཏ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་སྤྲོས་པ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ་།ོཾ་ཏཾ། ཧུ་ཞེས་བྱ་བ་ནི། མ་སྐྱེས་པའི་ཆོས་རྣམ་པར་གྲོལ་བའི་མཚན་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། །ོཾ་ཧཱུཾ།་ཧྲཱི་ཞེས་བྱ་བ་ནི། ཡོངས་སུ་གཟུང་བ་མེད་པ་འཐབ་པ་རྩོད་པ་སྤངས་པའི་ཆོས་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཧྲཱིཾ། ཀུན་ནས་ཉོན་མོངས་པ་མེད་པ་ནི།་མཚན་ཉིད་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཀ་ཁ་ག་གྷ་ང ། རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་གཟུང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་གནས་སོ། །ོཾ་ཙ་ཚ་ཛ་ཛྷ་ཉ། སྣང་བ་ནི། གསལ་ཞིང་འབར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ོཾ་ཊ་ཋ་ཌ་ཌྷ་ཎ། སྒོམ་པ་ནི། ཆོས་ཐམས་ཅད་གཉིས་སུ་མི་གནས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ོཾ་ཏ་ཐ་ད་དྷ་ན། གཞི་མེད་པ་ནི། ཆོས་ཐམས་ཅད་མ་འདྲེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ་།ོཾ་པ་ཕ་བ་བྷ་མ།་བྱང་ཆུབ་ནི། ཆོས་ཐམས་ཅད་དྲི་མ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཡང་ལ་ཝ། མྱ་ངན་ལས་འདས་པ་ནི། གློ་བུར་བ་ཐམས་ཅད་ངེས་པར་
25b
དོར་བའི་མཚན་ཉིད་དང ། ཆོས་ཀྱི་དབྱིངས་སོ་སོར་ཐོབ་ཅིང་མངོན་པར་ཤེས་པ་ལྔ་དང་ཡེ་ཤེས་མཁྱེན་པས་སངས་རྒྱས་ཀྱིས་ཡོངས་སུ་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། །ོཾ་ཤ་ཥ་ས་ཧ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྒོ་རྣམ་པར་ངེས་པའོ། །དེ་ནས་རིགས་ཐམས་ཅད་ཀྱི་གསང་བའི་ཆོ་ག་རྒྱས་པར་གྱུར་པ་ནི། སྔོན་བཞིན་ངེས་པར་བྱས་ནས་ནི། །ཕྱོགས་ཀུན་མཉམ་པ་ཉིད་བསྒོམས་ནས། །རི་རབ་ཆེན་པོ་གྲུ་བཞི་པ། །རིན་ཆེན་ཀུན་གྱིས་རྣམ་པར་བརྒྱན། །དེ་ཡི་སྟེང་དུ་རྡོ་རྗེ་ཆེ། །དེ་ཡི་སྟེང་དུ་པདྨ་བཞག་།འདབ་མ་བརྒྱད་པ་ཆེར་བཀྲ་བ། །རྣལ་འབྱོར་སྟོན་ཞེས་རྣམ་པར་བཤད། །སངས་རྒྱས་ཀུན་གྱི་ཕྱག་རྒྱ་ཆེ། །འོད་ཟེར་གསལ་བའི་དཀྱིལ་འཁོར་ཅན། །དབང་པོ་གཉིས་ནི་སྙོམས་འཇུག་པ། །ཡོངས་སུ་རྫོགས་པར་བདག་ཉིད་ཀྱིས། །རྣལ་འབྱོར་ཐམས་ཅད་བསྒོམ་པར་བྱ། །མཉམ་མེད་སངས་རྒྱས་ཀུན་དང་མཚུངས། །སངས་རྒྱས་ཀུན་བདག་བསྒོམས་ནས་ནི། །བསྐལ་མཐར་ཡང་ནི་དེ་གནས་འགྱུར། །བྷ་ག་ཆེན་པོ་རྣལ་འབྱོར་ཆེ། །རྣལ་འབྱོར་པ་གནས་མི་བཟད་པ། །སངས་རྒྱས་ཀུན་བདག་བསྒོམས་ནས་ནི། །སངས་རྒྱས་ཀུན་དང་མཚུངས་པར་འགྱུར། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །སེམས་ཅན་ཀུན་ལ་ཐམས་
26a
༄#། །ཅད་དུ། །གང་ཚེ་རྣལ་འབྱོར་པས་བསྒོམས་ནས། །དེ་ཚེ་དངོས་གྲུབ་ལག་ན་གནས། །རང་བཞིན་གྱིས་ནི་འོད་གསལ་ཆོས། །གདོད་ནས་དག་ཅིང་མ་འདྲེས་པ། །གང་ཚེ་ཡེ་ཤེས་མཐོང་བ་ནི། །དེ་ཡི་ཚེ་ན་དག་པར་འགྱུར། །སངས་རྒྱས་ཐམས་ཅད་མདོར་བསྡུས་པ། །སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །གང་ཚེ་རྣལ་འབྱོར་པས་བསྒོམས་ན། །སྣ་ཚོགས་ལས་ནི་བྱེད་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སོ། །འཁོར་ལོས་བསྒྱུར་བ་རྒྱལ་པོ་ཆེ། །ཀུན་མཆོག་ས་ཡི་དབང་ཕྱུག་ནི། །རྡོ་རྗེ་སྦྱོར་བས་བསྒོམས་ནས་ནི། །མཉམ་མེད་འཁོར་ལོས་བསྒྱུར་བ་མཚུངས། །གཟི་བརྗིད་ཕུང་པོ་ཕྱག་རྒྱ་ཆེ། །ལག་པར་མཉམ་པར་བཞག་པ་བསྒོམ། །འབར་བའི་ཕྲེང་བས་འཁྲུགས་ཤིང་མཛེས། །པདྨ་རཱ་ག་མཚུངས་པའི་འོད། །རྡོ་རྗེའི་སྦྱོར་བས་བསྒོམས་ནས་ནི། །རང་བཞིན་གཟི་བརྗིད་ཕུང་པོར་འགྱུར། །གདུགས་དཀར་རྒྱལ་བའི་གཙུག་ཏོར་གྱིས། །ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །འོད་ཟེར་གསལ་བའི་སྦྱོར་བ་ཡིས། །སེམས་ཅན་དག་པ་ཉིད་དུ་འགྱུར། །རྣམ་པར་གསལ་བའི་གཙུག་ཏོར་རྒྱ། །རལ་གྲི་འབར་བའི་འོད་ཀྱིས་འཁྲུགས། །ཟག་པ་མེད་པའི་སྦྱོར་བ་ཡིས། །མཉམ་མེད་གསལ་བའི་གཙུག་ཏོར་མཚུངས། །རྒྱལ་བའི་གཙུག་ཏོར་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་
26b
བཞག་པས་བསྒོམ། །རྒྱལ་བའི་གཙུག་ཏོར་སྦྱོར་བ་ཡིས། །དེ་ཡི་རྣམ་པའི་སྤྱོད་ཡུལ་འགྱུར། །རྡོ་རྗེ་དམ་ཚིག་ཡེ་ཤེས་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །ཀུན་ཏུ་བཟང་པོ་དམ་པའི་གཟུགས། །མཉམ་མེད་རྡོ་རྗེ་སེམས་དཔའ་མཚུངས། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །བྱང་ཆུབ་སེམས་དང་མཚུངས་པའི་འོད། །གཙུག་ཏོར་ལྔ་ལྡན་སྟོབས་པོ་ཆེ། །རྡོ་རྗེའི་སྦྱོར་བས་བསྒོམས་པ་ཡིས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ཆེ། །དེ་ཡི་དོན་དུ་བསྒོམས་ནས་ནི། །འགྲོ་བ་ཐམས་ཅད་འགུགས་བྱེད་ན། །སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས། །རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །སྐྱེ་རྒུ་ཐམས་ཅད་ཆགས་འགྱུར་ན། །བུད་མེད་གཞན་ལྟ་སྨོས་ཅི་དགོས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །དམ་པའི་དོན་དུ་བསྒོམས་པར་བྱ། །ལེགས་སོ་བ་ནི་རང་གསོལ་བས། །བུང་མེད་ཐམས་ཅད་ཚིམ་པར་བྱེད། །བྱང་ཆུབ་སེམས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །རྡོ་རྗེ་རིན་ཆེན་ཕྱག་རྒྱ་ཆེ། །འབར་བའི་ཕྲེང་བས་འཁྲུགས་པའི་འོད། །དཔྲལ་བའི་ཕྱོགས་སུ་གནས་པ་བསྒོམ། །དེ་ཡི་དར་ཐོད་དབང་བསྐུར་ཐོབ། །རྡོ་རྗེ་གཟི་བརྗིད་ཕྱག་རྒྱ་ཆེ། །ཉི་མའི་དཀྱིལ་འཁོར་མཚུངས་པའི་འོད། །སྙིང་གར་གནས་པ་བསྒོམ་པར་བྱ། །ཀུན་མཁྱེན་ཡེ་ཤེས་སྟེར་བར་བྱེད། །རིན་ཆེན་ཏོག་གི་
27a
༄#། །ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །སྦྱིན་པའི་ཕ་རོལ་ཕྱིན་པ་མཆོག་།སྒྲུབ་པོ་དམ་པས་རྫོགས་པར་བྱེད། །རྡོ་རྗེ་བཞད་པས་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །རྡོ་རྗེ་བཞད་པ་ལྟར་གྱུར་ཏེ། །དེ་ནི་སྐྱེ་རྒུ་དགའ་བྱེད་འགྱུར། །དབང་བསྐུར་བའི་ཕྱག་རྒྱའི་ཡེ་ཤེས་སོ། །པདྨ་ཡི་ནི་པདྨ་ཆེ། ། དག་པའི་ཆོས་ནི་མཉམ་བཞག་པས། །དམ་པའི་དོན་དུ་བསྒོམ་པར་བྱ། །མཉམ་མེད་རྡོ་རྗེ་ཆོས་དང་མཚུངས། །ཤེས་རབ་ཡེ་ཤེས་རྡོ་རྗེ་རྣོ། །བསྒོམས་པས་དེ་ནི་རྡོ་རྗེ་འཆང ། །ཤེས་རབ་ཕ་རོལ་ཕྱིན་དག་པ། །སྟོང་ཉིད་སྦྱོར་བས་བསྒོམས་ན་ནི། །དམ་པའི་དོན་དུ་བསྒོམ་བྱ་སྟེ། །མཉམ་མེད་འཇམ་དབྱངས་དང་ནི་མཚུངས། །རྡོ་རྗེ་རྒྱུ་ཡི་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་བསྒོམས་ནས། །ཆོས་ཀྱི་འཁོར་ལོ་ཀུན་མཆོག་རྩེ། །མདོར་བསྡུས་ནས་ནི་དེ་ཡིས་བསྐོར། །རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཆེ། །དམ་པའི་དོན་དུ་བསྒོམས་ནས་ནི། །རྡོ་རྗེ་བཟླས་པའི་ནུས་པ་ཡིས། །ལྡེམ་པོའི་ངག་ནི་དེ་ཡིས་འཆད། །ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེ། །དམ་པའི་དོན་དུ་བསྒོམས་ན་ནི། །ཀུན་ནས་ཀུན་ནས་རང་ཉིད་ཀྱིས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །རྡོ་རྗེ་སྲུང་བ་བྱམས་པ་ཆེ། །རྡོ་རྗེ་ཆོས་ཞེས་གྲགས་པ་སྟེ། །ཆོས་ཀྱི་སྦྱོར་བས་བསྒོམས་ན་ནི། །རྡོ་རྗེ་སྲུང་བ་དང་མཚུངས་འགྱུར། །རྡོ་རྗེ་
27b
གནོད་སྦྱིན་བརྩོན་འགྲུས་ཆེ། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །དམ་པའི་དོན་གྱི་བསྒོམ་པར་བྱ། །རྡོ་རྗེ་གནོད་སྦྱིན་དང་མཚུངས་འགྱུར། །རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཆེ། །ལུས་ངག་ཡིད་ཀྱི་དེ་བཞིན་དུ། །རྡོ་རྗེའི་སྦྱོར་བས་བསྒོམས་ན་ནི། །རྡོ་རྗེ་ཁུ་ཚུར་འཛིན་པར་འགྱུར། །ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །སྒེག་མོས་མངོན་པར་དགའ་བ་སྟེར། །ཕྲེང་བ་ཡང་ནི་དབང་བསྐུར་བ། །གླུ་མས་མཛེས་པའི་སྒྲ་དབྱངས་བྱེད། །གར་མས་རྫུ་འཕྲུལ་ཐོབ་པར་འགྱུར། །དྲི་མས་བཟང་པོའི་དྲི་ཡིན་ཏེ། །མེ་ཏོག་བྱང་ཆུབ་ཡན་ལག་ཉིད། །སྒྲོན་མས་མཐའ་དག་གསལ་བའོ། །བདུག་པས་བདུག་པ་དག་ལ་བརྩོན། །ལྕགས་ཀྱུས་དབང་ཕྱུག་འགུགས་བྱེད་ན། །སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས། །ཞགས་པས་དབང་པོའང་འཆིང་འགྱུར་ན། །གདུག་པའི་སེམས་ཅན་སྨོས་ཅི་དགོས། ། ལྕགས་སྒྲོག་གིས་ནི་འཕྲོག་བྱེད་དང ། །ཚངས་སོགས་དབང་ཕྱུག་ཆེན་པོའང་འཆིང ། །འབེབས་པས་ཐམས་ཅད་འབེབས་འགྱུར་ན། །དམན་པའི་མི་དག་སྨོས་ཅི་དགོས། །འདི་ཉིད་ཀྱི་ནི་སྦྱོར་བ་ཡིས། །ཆོས་ཀྱི་ཡི་གེ་དང་ལྡན་པའི། །ཕྱག་རྒྱའི་ཡེ་ཤེས་དང་བཅས་པས། །དེ་དག་ཐམས་ཅད་མྱུར་དུ་འགྲུབ། །འདི་ཡི་སྦྱོར་བ་ཤེས་པར་བྱའོ། །ཕྱག་རྒྱའི་འཁོར་ལོ་ཁྱད་པར་དུ། །སྤྱི་གཙུག་ནས་ནི་རྐང་པའི་བར། །ཡི་གེ་ཡིས་ན་ཡོངས་གང་བར། །གཟུགས་བརྙན་གཅིག་གིས་གོ་འཕང་གྱུར། །སེམས་ནི་རྩེ་གཅིག་འགྱུར་བར་བསམ། །སལ་རབ་
28a
༄#། །གནས་པདྨ་ནི། །དབང་ཆེན་གྱི་ནི་གནས་ཞེས་བཤད། །དབང་པོ་གཉིས་ནི་མཚུངས་སྦྱོར་བས། །དབང་ཕྱུག་ཀྱང་ནི་བསྒྲུབ་པར་བྱ། །དབང་ཆེན་དག་ནི་གྲུ་བཞི་པ། །དབང་ཆེན་གི་ནི་ལས་སུ་བཤད། །ཆུ་ནི་ཟླུམ་པར་ཤེས་པར་བྱ། །པདྨའི་འདབ་མས་རྣམ་པར་མཚན། །ཞི་བར་བྱེད་པའི་ལས་དང་ལྡན། །ཞི་བའི་དོན་དུ་དེ་བཤད་དེ། །མེ་ནི་གྲུ་གསུམ་ཤེས་པར་བྱ། །སུམ་མདོ་ཡི་ནི་གནས་སུ་བཤད། །དབང་དུ་བྱ་བ་བསྒྲུབ་དོན་དུ། །པདྨ་རཱ་ག་འདྲ་བའི་འོད། །མངོན་སྤྱོད་ལ་ནི་བརྩོན་འགྲུས་ཆེ། །རླུང་གི་དཀྱིལ་འཁོར་དམ་པ་སྟེ། །རལ་གྲི་ཡི་ནི་ཕྱག་རྒྱའི་དབྱིབས། །དབྱར་གྱི་སྤྲིན་དང་མཚུངས་པའི་འོད། །སེར་དང་དཀར་དང་དེ་བཞིན་དམར། །ནག་པོ་ཡང་ནི་ཁྱད་པར་དུ། །དང་པོའི་དཀྱིལ་འཁོར་ནས་སྦྱངས་ཏེ། །ཐ་མའི་བར་དུ་རབ་ཏུ་བརྟག་།དང་པོ་རྡོ་རྗེ་རབ་ཏུ་བཞག་།དེ་ཡི་རྗེས་སུ་རིན་ཆེན་ཏེ། །པདྨ་དང་ནི་ལས་རྣལ་འབྱོར། །གྲུབ་པའི་གོ་འཕང་རིམ་པར་བཤད། །ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་སོ། །དེ་ནས་བཅོམ་ལྡན་འདས་རྟག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཡེ་ཤེས་བཀའ་སྩལ་པ། །གཉིས་དང་གཉིས་སུ་མེད་པས་ཡོངས་སུ་དག་པས་ཆོས་ཐམས་ཅད་རྣམ་པར་གྲོལ་བའི་ཕྱག་རྒྱས་རྒྱས་བཏབ་པའོ། །རྟག་པ་དང་ཆད་པས་ཡོངས་སུ་དག་པས་ཆོས་ཐམས་ཅད་ཞི་བ་དང་མཐའ་མེད་པའི་ཕྱག་རྒྱས་རྒྱས་བཏབ་
28b
བའོ། །ཟད་པའི་སྒོ་དང་ཟད་པའི་མཐའ་དང་ཟད་པའི་མུར་ཐུག་པ་དང་ལྡན་པས་ཆོས་ཐམས་ཅད་ཟད་པ་དང་འདོད་ཆགས་དང་བྲལ་བའི་ཕྱག་རྒྱས་རྒྱས་བཏབ་པའོ། །མཉམ་པ་ཉིད་ཀྱི་མཐའ་རྣམ་པར་དག་པས་ཆོས་ཐམས་ཅད་ལ་སྐུར་པ་མི་འདེབས་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །མིག་ལྔ་ལས་ཡང་དག་པར་འདས་པས་ཆོས་ཐམས་ཅད་ནམ་མཁའི་ཕྱག་རྒྱས་རྒྱས་བཏབ་པའོ། །སེམས་ཅན་ཐམས་ཅད་ནམ་མཁའི་ཁམས་ཐམས་ཅད་དང་ལྡན་པའི་ཕྱིར་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་གྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཆོས་ཀྱི་དབྱིངས་ཡོངས་སུ་ཁྱབ་པས་ཆོས་ཐམས་ཅད་དབྱེར་མི་ཕྱེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་དད་ཐ་མི་དད་པས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཆོས་ཀྱི་དབྱིངས་མི་ཕྱེད་པའི་མཚན་ཉིད་ཡིན་པས་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །འཚེ་བ་མེད་པས་ཆོས་ཐམས་ཅད་བདག་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྐད་ཅིག་མ་ཉིད་པས་ཆོས་ཐམས་ཅད་མི་རྟག་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྐྱེ་བ་དང ། རྒ་བ་དང ། འཆི་བའི་མཐའ་དང་ལྡན་པས་ཆོས་ཐམས་ཅད་སྡུག་བསྔལ་གྱི་ཕྱག་རྒྱས་རྒྱས་བཏབ་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དེ་བཞིན་
29a
༄#། །ཉིད་པས་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །གདོད་མ་ནས་ཡོངས་སུ་དག་པས་ཆོས་ཐམས་ཅད་ཡང་དག་པའི་མཐའི་ཕྱག་རྒྱས་རྒྱས་བཏབ་པའོ། །འདུས་བྱས་དང་འདུས་མ་བྱས་མཉམ་པ་ཉིད་བས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །སྤྲོས་པའི་དམིགས་པ་རྣམ་པར་བྲལ་བས་ཆོས་ཐམས་ཅད་མཚན་མ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །རེ་བ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཆོས་ཐམས་ཅད་སྨོན་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ན་ཆོས་ཐམས་ཅད་མི་རྟག་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ཕུང་པོ་ལྔ་ཡོངས་སུ་འདུས་པའི་མཚན་ཉིད་ཀྱིས་ན་ཆོས་ཐམས་ཅད་སྡུག་བསྔལ་གྱི་ཕྱག་རྒྱས་རྒྱས་བཏབ་པའོ། །རང་བཞིན་གྱི་བདག་མེད་པས་ཆོས་ཐམས་ཅད་བདག་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ཤིན་ཏུ་མི་གཡོ་བའི་ཕྱིར་ཆོས་ཐམས་ཅད་ཞི་བའི་ཕྱག་རྒྱས་རྒྱས་བཏབ་པའོ།། དོན་དམ་པའི་བདེན་པས་ཡོངས་སུ་ཁྱབ་པའི་ཕྱིར་ཆོས་ཐམས་ཅད་བདེན་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །འཚོ་བ་རྣམ་པར་མི་གནས་པའི་ཕྱིར་ཆོས་ཐམས་ཅད་དྲི་མ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ཤིན་ཏུ་གདོན་མི་ཟ་བར་གནས་པའི་ཕྱིར་ཆོས་ཐམས་ཅད་འཁྲུག་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་བཅད་
29b
པའི་ཕྱིར་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གྱི་ཕྱག་རྒྱས་རྒྱས་བཏབ་པའོ། །མི་རྣམས་ཀྱི་གཞི་གཞི་མེད་པའི་ཕྱིར་ཆོས་ཐམས་ཅད་སྒྲོ་འདོགས་པ་མེད་པའི་ཕྱིར་རྒྱས་རྒྱས་བཏབ་པའོ། ། བྱེད་པ་པོས་བྱས་པའི་ཕྱིར་ཆོས་ཐམས་ཅད་འཇིག་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །རང་བཞིན་གྱིས་མ་བྱུང་བའི་ཕྱིར་ཆོས་ཐམས་ཅད་འབྱུང་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་འགོག་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །འགག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །རྣམ་པར་སྤྱོད་པ་ཀུན་ཏུ་སྤྱོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །གཟུགས་རྣམ་པར་ལྟ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་མཚན་ཉིད་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །གནས་ཡོངས་སུ་བཅད་པའི་ཕྱིར་ཆོས་ཐམས་ཅད་ཉེ་བར་སྦྱོར་བ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །མི་མཐུན་པའི་ཕྱོགས་ཉེ་བར་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལ་སྐུར་པ་མི་འདེབས་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །མངོན་པར་འདུ་བྱེད་པ་ཐམས་ཅད་མེད་པའི་ཕྱིར་ཆོས་ཐམས་ཅད་ལས་ཀྱི་རྣམ་པར་སྨིན་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྐྱེ་བ་དང་གནས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཆོས་ཐམས་ཅད་འདུས་མ་བྱས་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །ནམ་མཁའ་དང་ཁྱད་པར་མེད་པའི་
30a
༄#། །ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །མཚན་ཉིད་གཅིག་པའི་ཕྱིར་ཆོས་ཐམས་ཅད་གཟུགས་དང ། ཚོར་བ་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྙིང་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ཕུང་པོའི་ཕྱག་རྒྱས་རྒྱས་བཏབ་པའོ། །སྙིང་པོ་དང་བཅས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཁམས་དང་སྐྱེ་མཆེད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་མཉམ་པ་ཉིད་ཐོབ་པས་ཆོས་ཐམས་ཅད་ཁམས་དང་སྐྱེ་མཆེད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །མཐའ་གཅིག་ཏུ་འཇིག་རྟེན་གྱི་ལམ་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་འཕགས་པའི་བདེན་པ་བཞིའི་ཕྱག་རྒྱས་རྒྱས་བཏབ་པའོ། །ལྷའི་རྗེས་སུ་བྱེད་པའི་ཕྱིར་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཕྱག་རྒྱས་རྒྱས་བཏབ་པའོ། །མཐའ་གཅིག་ཏུ་ཆོས་ལ་ཕན་འདོགས་པའི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཐམས་ཅད་ཀྱི་ལས་སྣ་ཚོགས་བྱེད་པའི་ཕྱིར་ཆོས་ཐམས་ཅད་ལས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཐམས་ཅད་དམ་ཚིག་ཐམས་ཅད་རྗེས་སུ་སྒྲུབ་པའི་ཕྱིར་ཆོས་ཐམས་ཅད་དམ་ཚིག་གི་ཕྱག་རྒྱས་རྒྱས་བཏབ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ཕྱིར་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །ཆོས་ཐམས་ཅད་འཇིག་རྟེན་
30b
ལས་འདས་པའི་ལམ་གྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། ཐེག་པ་ཆེན་པོའི་ཕྱག་རྒྱས་རྒྱས་བཏབ་པ་དང ། གསང་སྔགས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། ཕྱག་རྒྱའི་ཕྱག་རྒྱས་རྒྱས་བཏབ་པ་དང ། དཀྱིལ་འཁོར་གྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། མཉམ་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། ཡེ་ཤེས་ཐམས་ཅད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང ། ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །མུཿ ། འཇམ་དཔལ། ཕྱག་རྒྱའི་ཚིག་འདི་དག་ནི། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་ཀྱི་ཚིག་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ཚིག་།ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཐེག་པ་ཆེན་པོའི་ཚིག་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀྱི་ཕྱག་རྒྱའི་ཚིག་རྣམས་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་བཅོམ་ལྡན་འདས་རྣམས་དང ། ཆོས་ཀྱི་
31a
༄#། །ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང ། བྱང་ཆུབ་ཀྱང་བྱུང་བ་ཡིན་ནོ། ། ཨི་ཨཿ ཱཾ། སྔགས་པས་ཕྱག་རྒྱ་འདིས་རྒྱས་བཏབ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་དག་པར་འདུའོ། །ཧཱུཾ། མྱུར་དུ་མ་སྐྱེས་པའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཁཾ། དེ་ནས་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱོར་བ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་ཕྱག་རྒྱའི་ཡེ་ཤེས་སུ་གྱུར་པ་ནི། སྙིང་གི་དབུས་སུ་རྟག་ཏུ་བསྒོམ། །ཟླ་བའི་དཀྱིལ་འཁོར་དབུས་སོན་པར། །པདྨའི་ཕྲེང་བ་འཁྲིགས་པའི་འོད། །པདྨ་ཆེན་པོ་འདབ་བརྒྱད་པ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །དེ་ཡི་སྟེང་དུ་རྟག་སྒོམ་པ། །ཡི་གེ་ཡི་ནི་གཙོ་བོ་མཆོག་།ཐོག་མ་ཐ་མ་མེད་ཞི་བ། །ཁ་བ་བ་མོའི་འོད་འདྲ་འོད།། དཔའ་བོ་ཀུན་ད་ཟླ་ལྟར་དཀར། །ཉི་མའི་དཀྱིལ་འཁོར་ལྟར་འོད་གསལ། །ཞི་བའི་ཆོས་ཀྱི་རང་བཞིན་སྐུ། །ཀུན་མཁྱེན་ཡེ་ཤེས་ཀྱིས་གང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་།། ར་ས་ཡ་ན་དང་མཚུངས་མཆོག་།ཁ་ཡིག་མཁའ་འདྲར་ཤེས་པར་བྱ། །ཐིག་ལེ་ནཱ་དས་རྣམ་པར་སྤྲས། །གསང་བ་ཆེན་པོ་མཆོག་ཏུ་མཇེས། །ཐོག་མ་མཐའ་མ་མེད་པའི་བདག་།དེ་ཡི་སྟེང་དུ་རྡོ་རྗེ་ཆེ། །རྩེ་མོ་ལྔ་དང་ཡང་དག་ལྡན། །དེ་ཡི་སྟེང་དུ་སྒྲོན་མ་ཆེ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །དེ་ཡི་སྟེང་དུ་རྟག་བསམས་པ། །ཡི་གེ་མཆོག་གི་གོ་འཕང་
31b
ངོ ། །མན་ངག་མཆོག་ལས་ཤེས་བྱ་སྟེ། །གཞན་དུ་ན་ནི་ང་མི་སྨྲ། །སངས་རྒྱས་མཁས་པ་ཐམས་ཅད་ཀྱིས། །མདོར་བསྡུས་ནས་ནི་འདི་གསུངས་སོ། །རྣམ་པར་གྲོལ་བ་གསུམ་ཐོབ་ནས། ། ཐོབ་འགྱུར་འདི་ནི་གཞན་དུ་མིན། །ལྕེ་ནི་རྐ་ན་ལ་སྦྱར་བར་བྱ། །སྣ་ཡི་རྩེ་མོར་ཡི་གེ་ཧཱུཾ། །དབང་པོ་གཉིས་ནི་སྙོམས་འཇུག་པས། །ཕྱག་རྒྱའི་གོ་འཕང་ཚིག་གིས་ནི། །ཤེས་རབ་ལྡན་པས་རང་སེམས་བསྒོམ། །སྣང་བ་མེད་ཅིང་སྤྲོས་མེད་པ། །ཤིན་ཏུ་མཆོག་ཏུ་ཕྲར་ཤེས་བྱ། །ཁྱབ་བདག་བསོད་ནམས་ཡེ་ཤེས་དངོས། །བསམ་བྱ་བསམ་གཏན་བརྩོན་བྱས་ཏེ། །མིག་དང་སྒྲོན་མའི་འོད་བཞིན་དུ། །ཀུན་ཏུ་འབར་བ་དང་ལྡན་པ། །མགྲིན་པ་འབད་པས་བཅུམ་ནས་ནི། །དཀར་པོ་སེར་པོ་སྔོན་པོ་འོད། །དམར་པོ་ཡང་ནི་ཐམས་ཅད་དུ། །འབར་བ་འདི་དག་འབད་པ་ཡིས། །སྒྲུབ་པོ་དམ་པས་མཚོན་པར་བྱ། །སྙིང་གར་གསལ་བར་བྱས་ནས་སུ། །དེ་བཞིན་ཐམས་ཅད་སྤྱི་བོར་སོང ། །གནས་དེ་ལས་ནི་ཐོན་ནས་ཀྱང ། །དབང་པོ་ཐམས་ཅད་དགའ་བར་འགྱུར།། དེ་ལས་ཐོན་ནས་འཇིག་རྟེན་ནི། །མཚུངས་པར་ཀུན་ནས་ཐམས་ཅད་དུ། །སླར་ཡང་དེ་རུ་འོངས་ནས་ནི། །དེ་ནི་འཇིག་པ་རབ་ཏུ་བསམ། །ཡིད་ཀྱིས་དེ་ལྟར་བསྒོམས་ན་ནི། །རང་ཉིད་འཁོར་ལོས་བསྒྱུར་ལྟ་བུ། །དབང་པོ་གཉིས་ནི་རབ་སྦྱོར་བས། །ལེགས་པར་མཉམ་པར་བཞག་པས་བསྒོམ། །དབང་པོ་ལྔས་ནི་དམིགས་ནས་ཡང ། །མི་རྣམས་ལུས་ནི་དག་པར་འགྱུར། །ཇི་
32a
༄#། །སྙེད་བུད་མེད་ཡོན་ཏན་དང ། །ལྡན་པ་ཀུན་ཏུ་གནས་པ་ནི། །བཀུག་ནས་བཅུག་སྟེ་བཅིངས་ནས་སུ། །དབང་དུ་བྱ་སྟེ་བསྒྲུབ་པར་བྱ། །དེ་རྣམས་ལྷན་ཅིག་ཡོངས་བསྟེན་ནས། །སྔགས་པ་མཆོག་གི་དངོས་གྲུབ་ཐོབ། །གསང་བ་མཆོག་ཏུ་དགྱེས་པ་ན། །ཤེས་རབ་ཕ་རོལ་ཕྱིན་པ་ཆེ། །ཞི་བའི་ཆོས་ཀྱི་རིམ་པ་མཆོག། ཤིན་ཏུ་མཉམ་པར་བཞག་པས་བསྒོམ། །རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ། །དེ་འགྲུབ་གཞན་ལྟ་སྨོས་ཅི་དགོས། །མཆོག་ནི་རྟག་པར་ཤེས་པར་བྱ། །བར་མས་ཕུན་སུམ་ཚོགས་པ་སྟེ། །སྟོང་པ་ཉིད་དང་མཚན་མེད་མཆོག་།སྨོན་པ་མེད་པ་ཞེས་སུ་གྲགས། །ཆོས་ཀུན་བདག་མེད་པ་ཡི་མཆོག་།ཀུན་མཁྱེན་ཡེ་ཤེས་རྫོགས་པར་བྱེད། །ས་བཅུ་ཡི་ནི་སྟོབས་དག་གིས། །ཕ་རོལ་ཕྱིན་པ་ཐམས་ཅད་ཐོབ། །རྡོ་རྗེ་སེམས་དཔའ་མཆོག་བསྒོམས་ན། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །དེ་ཉིད་འདི་ནི་བཅུད་ཀྱིས་ལེན། །གཉིས་སུ་མེད་པའི་ཡེ་ཤེས་མཆོག་།ཐེག་ཆེན་མཆོག་ཏུ་ཡིད་འོང་བ། །སྟོང་ཉིད་སྒོམ་པའི་བདག་ཉིད་ཅན། །གཉིས་སུ་མེད་པའི་ཡེ་ཤེས་མཆོག་།གང་གིས་རྟག་ཏུ་སྒོམ་བྱེད་ན། །དེ་ཡང་རྡོ་རྗེ་འཛིན་རྒྱལ་པོ། །ཡོན་ཏན་མཆོག་ལས་སྐྱེ་བར་འགྱུར་བུད་མེད་གང་ཞིག་སྔོ་བསངས་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལུས་ངག་ཡིད་ཀྱི་སྦྱོར་བ་ཡིས། །ཡོངས་རེག་ཨཱ་ལིངྒ་ཙུམྤས། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར།།
32b
བུད་མེད་ཁ་དོག་ལྗང་གུ་གང ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་ཚེ་དེ་ནི་སྔགས་པས་བསྟེན། །མཉམ་མེད་གསང་བའི་ཡེ་ཤེས་མཚུངས། །བུད་མེད་གང་ཞིག་ཁ་དོག་དཀར།། པདྨའི་འདབ་མ་འདྲ་བའི་འོད། །དེ་དང་ལྷན་ཅིག་སྔགས་པས་བསྡད། །དམ་པའི་དངོས་གྲུབ་ཐོབ་པར་འགྱུར། །བུད་མེད་གང་ཞིག་ཁ་དོག་དམར། །ུཏྤ་ལ་ཡི་རྒྱན་འཆང་མ། །སྔགས་པས་དེ་དང་ལྷན་ཅིག་གནས། །ཤེས་རབ་ཕ་རོལ་ཕྱིན་མཚུངས་འགྱུར། །བུད་མེད་ཨིནྡྲ་ནཱི་ལ་མཚུངས། །གསང་བ་རྡོ་རྗེ་རྣལ་འབྱོར་གྱིས། །སྔགས་པ་ཆོ་ག་ཤེས་པས་བསྟེན། །རིག་འཛིན་རྣམས་ཀྱི་སྟོབས་ཆེན་འགྱུར། །གསང་ཆེན་མ་ར་ཀ་ཏ་མཚུངས། །གང་གིས་རྟག་ཏུ་བསྟེན་པ་ནི། །དེ་ཡང་རྡོ་རྗེ་འཛིན་རྒྱལ་པོ། །མྱུར་དུ་གསང་བའི་དམ་པར་འགྱུར། །བུད་མེད་པདྨ་རཱ་ག་འདྲ།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དབང་པོ་གཉིས་ནི་སྙོམས་འཇུག་པས། །རྡོ་རྗེ་འཛིན་མ་ལྟ་བུ་བསྒྲུབ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག། གང་གིས་རྟག་ཏུ་སྒོམ་པ་ནི། །མཉམ་མེད་སངས་རྒྱས་ཀུན་དང་མཚུངས། །དྲན་པ་ཉེ་བར་གཞག་པ་བཞི། །མཆོག་གི་གནས་ཀྱིས་བསྒོམས་ན་ནི། །རྣལ་འབྱོར་མཆོག་གིས་མི་རིང་བར།། རྡོ་རྗེ་འཛིན་པ་ལྟ་བུར་འགྱུར། །ཡང་དག་སྤོང་བ་རྣམ་པ་བཞི། །ལེགས་པར་མཉམ་པར་བཞག་པས་བསྒོམ། །དབང་པོ་གཉིས་ནི་སྙོམས་འཇུག་པས། །མཉམ་མེད་འཇིག་རྟེན་དབང་ཕྱུག་
33a
༄#། །མཚུངས། །སོ་སོར་ཡང་དག་རིག་པ་བཞི། །ཤིན་ཏུ་མཉམ་བཞག་བསྒོམས་ན་ནི། །ཞེན་མེད་རྡོ་རྗེ་སངས་རྒྱས་མཚུངས། །མཉམ་མེད་འཇམ་པའི་མཆོག་དང་འདྲ། །མི་འཇིགས་པ་ནི་རྣམ་པ་བཞི། །རྡོ་རྗེའི་སྦྱོར་བས་བསྒོམ་པར་བྱ། །དབང་པོ་གཉིས་ནི་སྙོམས་འཇུག་པས། །རྡོ་རྗེ་འཛིན་པ་ལྟ་བུ་སྟེ། །རྫུ་འཕྲུལ་གྱི་ནི་རྐང་པ་བཞི། །ཤིན་ཏུ་མཉམ་བཞག་བསྒོམས་ན་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །རྫུ་འཕྲུལ་ལྡན་པའི་མཆོག་ཏུ་འགྱུར། །ཚངས་པ་ཡི་ནི་གནས་བཞི་པོ། །ཚད་མེད་པ་ཡི་སེམས་ཀྱིས་ནི། ། རྡོ་རྗེ་སྦྱོར་བར་བདག་བསྒོམས་ན། །རྡོ་རྗེ་འཛིན་པ་ལྟ་བུར་འགྲུབ། །སྦྱོར་པའི་བདག་ཉིད་དབང་པོ་ལྔ། །དམ་པའི་དོན་གྱིས་བསྒོམས་ན་ནི། །དབང་པོ་གཉིས་ནི་སྙོམས་འཇུག་པས།། མཉམ་མེད་རྡོ་རྗེ་སངས་རྒྱས་མཚུངས། །ཡིད་ཀྱི་སྟོབས་ནི་རྣམ་པ་ལྔ། །ཤིན་ཏུ་མཉམ་བཞག་བསྒོམས་ན་ནི། །འཁོར་ལོས་བསྒྱུར་པ་བརྩོན་འགྲུས་ཆེ། །སྟོབས་འཛིན་ལྟ་བུ་ཉིད་དུ་འགྱུར། །བྱང་ཆུབ་ཡན་ལག་རིན་ཆེན་བདུན། །གསང་སྔགས་སྒོམ་པས་བསྒོམས་ན་ནི། །རྟོག་པའི་ཡེ་ཤེས་སྦྱོར་བ་ཡིས། །ཁྱབ་བདག་ཆོས་ཀུན་འཛིན་པར་འགྱུར། །འཕགས་པའི་ཡན་ལག་བརྒྱད་ཀྱི་ལམ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པ། །དེ་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་ཤེས་ལས་རབ་ཏུ་འདའ། །རྗེས་
33b
སུ་དྲན་པ་རྣམ་པ་དྲུག་།བདག་ཉིད་རྩེ་གཅིག་གིས་བསྒོམས་ན། །སྔགས་པ་རྡོ་རྗེ་འཛིན་པ་རུ། །སྔགས་པ་དུས་མི་རིང་བར་འགྱུར། །སྟོབས་བཅུ་པོ་ནི་ཡང་དག་བསྒོམ། །སྒོམ་པའི་རྣལ་འབྱོར་དེ་ཉིད་ཀྱིས། །བསོད་ནམས་ཡེ་ཤེས་ཡོངས་རྫོགས་ཏེ། །རྟག་ཏུ་སྟོབས་བཅུའི་དམ་པར་འགྱུར། །ཕ་རོལ་ཕྱིན་བཅུ་ཡོངས་སུ་རྫོགས། །སྟོབས་རྣམས་དང་ནི་དབང་རྣམས་དང ། །ས་རྣམས་ཀུན་ནི་དེས་བསྐྱེད་ནས། །མྱུར་དུ་མཚན་མ་དག་པར་འགྱུར། །བུད་མེད་ནུམ་ཤིན་ཏུ་བསྣུན། །རྗེ་ངར་རྗེ་ངར་དེ་བཞིན་དུ། །མཆུ་ཡིས་མཆུ་ནི་ཡོངས་སུ་བཟུང ། །འབད་པས་དམ་དུ་ཨཱ་ལིངྒ། །རྣམ་གྲོལ་གོས་ཀྱིས་བསྒྲིབས་ནས་སུ། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །རྡོ་རྗེ་ཡེ་ཤེས་བརྩོན་འགྲུས་ཆེ། །རྡོ་རྗེ་དབྱིངས་སུ་བདག་བསྟན་པས། །རྣམ་པ་སྣ་ཚོགས་ཀ་ར་ཎ། །རྣལ་འབྱོར་ཤེས་པ་དེ་བསྟེན་བྱ། །སྔར་བཞིན་ཐམས་ཅད་བྱས་ནས་སུ། །བུད་མེད་རྣམས་ཀྱི་དམ་ཚིག་འགྲུབ། །རྡོ་རྗེ་སེམས་དཔའ་མཚུངས་པར་འགྱུར། །བུད་མེད་རྣམས་ཀྱི་བྷ་གར་བསྣུན། །ལིངྒ་མྱུར་དུ་གང་བར་འགྱུར། །སྦྱོར་བ་འདི་ནི་མཁྱེན་པ་ཡིས། །སྟོབས་ཆེན་སངས་རྒྱས་རབ་ཏུ་གྲུབ། །གསང་བ་འདི་ནི་དམ་པ་སྟེ། །སངས་རྒྱས་ཀུན་གྱི་སྐྱོབ་པའོ།། གསང་བ་འདི་ཡི་སྦྱོར་བ་ཡིས། །ཡི་གེ་དམ་པ་འགྲུབ་པར་འགྱུར། །སངས་རྒྱས་རྣམས་ཀྱི་མ་འདྲེས་པའི། །ཆོས་སུ་གྲགས་པ་གང་ཡིན་པ། །དེ་རྣམས་སྒོམ་བྱེད་གཙོ་བོ་ནི། །དངོས་གྲུབ་
34a
༄#། །ཐམས་ཅད་རབ་རྫོགས་པ། །མ་འདྲེས་པ་ཡི་ཆོས་བཅོ་བརྒྱད། །སངས་རྒྱས་ཆོས་སུ་གྲགས་པ་སྟེ། །དེ་རྣམས་སྒོམ་པ་དང་ལྡན་པས། །སངས་རྒྱས་བྱང་ཆུབ་རབ་སྟེར་བྱེད། །བསམ་གཏན་བཞི་པོ་ཐོབ་ནས་ནི། །གཟུགས་མེད་པ་ཡི་རྟག་པར་ཡང ། །འགོག་པའི་སྙོམས་པར་འཇུག་ལྡན་པས། །སངས་རྒྱས་བྱང་ཆུབ་སྒྲུབ་པ་པོ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ཆོས་ནི་མཆོག་ཏུ་རྨད་བྱུང་བ། །དེ་རྣམས་སྒོམ་པ་དང་ལྡན་པས། །བྱང་ཆུབ་སེམས་དཔའི་སྐྱོབ་པའོ། །སྔགས་རྣམས་ཐམས་ཅད་རབ་འགྲུབ་ཅིང ། །སྦྱོར་བ་ཐམས་ཅད་ཐམས་ཅད་དུ་འོ། །དེས་ན་འབད་པ་ཐམས་ཅད་ཀྱིས། །སངས་རྒྱས་ཆོས་ཉིད་བསྒོམ་པར་བྱ། །འཇིག་རྟེན་འཇིག་རྟེན་འདས་པའི་ལམ། །ཡེ་ཤེས་རིན་ཆེན་རབ་རྙེད་དཀའ། །མཆོད་དང་དབང་བསྐུར་བྱིན་བརླབས་པས། །རྙེད་འགྱུར་གཞན་དུ་མ་ཡིན་ནོ། །ཞུ་ཞིང་གསོལ་བ་བཏབ་པ་དང ། །བདག་ཉིད་དབུལ་བ་དེ་བཞིན་ནོ། །སངས་རྒྱས་སོགས་ལ་ཡི་རང་ཞིང ། །དེ་བཞིན་ཡོངས་སུ་བསྔོ་བ་དང ། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཁྱད་པར་དུ་ནི་དུས་ཀུན་དུའོ། །ཐོག་མ་བར་དང་ཕྱི་མ་རེད་དུ། །ཇི་ལྟ་བཞིན་དུ་རྗེས་བསྒོམས་པས། །སངས་རྒྱས་ཐམས་ཅད་བསྒྲུབ་བྱ་སྟེ། །འདི་ལ་ཐེ་ཚོམ་ཡོད་མ་ཡིན། །འགྲོ་བ་སེམས་ཀྱིས་སྤྲོ་བ་ནི། །བརྟན་པའི་སྙིང་པོ་ལེགས་པར་བཤད། །སྟོང་ཉིད་དེ་བཞིན་ཉིད་ལས་བྱུང ། །རྡོ་རྗེ་སེམས་
34b
དཔར་དེ་བཤད་དོ། །འགྲོ་བ་ཐམས་ཅད་བཀུག་ནས་སུ། །སངས་རྒྱས་བྱང་ཆུབ་སྦྱར་བར་བྱ། །དོན་ཡོད་ཡེ་ཤེས་དག་པ་སྟེ། །རྡོ་རྗེ་རྒྱལ་པོ་མཆོག་ཅེས་བཤད། །རྡོ་རྗེ་ཆགས་པས་ཆགས་གྱུར་ནས། །རང་བཞིན་གྱིས་ནི་བརྟན་པར་འགྱུར། །འགྲོ་བ་མ་ལུས་ལུས་མེད་པ། །དེ་ཡི་སེམས་ནི་ཆགས་པར་བཤད། །ཆོས་རྣམས་ཀུན་ནི་རང་བཞིན་གྱིས། །རྣམ་པར་དབེན་ཞིང་གཉིས་སུ་མེད། །གང་ཚེ་དག་པའི་བདག་ཉིད་མཐོང ། །དེ་ཚེ་རྡོ་རྗེ་ལེགས་པར་བཤད། །རྡོ་རྗེ་སེམས་དཔའ་བཞི་པོ་ཡིས། །མིང་དང་བརྡ་ནི་སྦྱར་བའོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །སྡོམ་པ་མཆོག་ཏུ་དམ་པའོ། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །ཚོགས་གཉིས་རྫོགས་པར་བྱས་པ་སྟེ། །ས་དང་ཕ་རོལ་ཕྱིན་མཆོག་གཙོ། །རྡོ་རྗེ་དབང་བསྐུར་ལས་བྱུང་བ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ཏེ། །རྙོག་པ་མེད་ཅིང་ཡི་གེ་མེད། །འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་མཆོག་།བརྟན་པ་རྟག་པ་ཉིད་དུ་འགྱུར། །ནམ་མཁའི་མཛོད་ནི་མཛོད་ཆེན་པོ། །ཆོས་རྣམས་ཐམས་ཅད་ལེགས་གནས་པ། །ཡིད་བཞིན་ནོར་བུ་རྡོ་རྗེ་ཆེ། །རྡོ་རྗེ་ཏོག་ནི་བླ་ན་མེད། །ཡེ་ཤེས་སྣང་བ་རིན་ཆེན་ཆེ། །ཡོངས་སུ་སྐྱེ་བ་ཡོངས་སུ་བལྟ། །དེ་བཞིན་གཤེགས་ཀུན་གསང་བ་ནི། །རྡོ་རྗེ་བཞད་པ་ཞེས་སུ་བཤད། །ཆོས་ཀྱི་བདག་མེད་ལས་བྱུང་བ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག་།ཆོས་ཉིད་དམ་པ་བསམ་དུ་མེད། །རྡོ་རྗེ་ཆོས་ཞེས་རབ་ཏུ་གྲགས།།
35a
༄#། །རྡོ་རྗེ་བློ་གྲོས་སྣང་བ་ཆེ། །ཤེས་རབ་ཡེ་ཤེས་དྲི་མེད་མཆོག་།ཟག་མེད་ཤེས་རབ་ཆེན་པོ་པ། །དེ་ནི་རྡོ་རྗེ་རྣོན་པོར་བཤད། །སངས་རྒྱས་རྣམས་ཀྱི་ཆོས་འཁོར་ལོ། །གཉིས་སུ་མེད་ལས་བྱུང་བར་མཚོན། །ཡན་ལག་བཅུ་གཉིས་རྟེན་འབྲེལ་མང ། །རྡོ་རྗེ་རྒྱུ་ཞེས་ངེས་པར་བཤད། །དགོངས་པའི་སྐད་ནི་སྤྲོས་པའི་མཆོག་།ཡུལ་རྣམས་ཀྱིས་ནི་བཤད་པ་དེ། །སངས་རྒྱས་ཀུན་གྱི་བཟླས་པ་ཆེ། །དེ་ནི་རྡོ་རྗེ་སྨ་བར་བཤད། །སེམས་ཅན་ཀུན་གྱི་དོན་ལ་སྦྱར། །སངས་རྒྱས་ཀུན་གྱི་མཆོད་པ་ཆེ། །གདོད་ནས་དག་པའི་རྣལ་འབྱོར་ཆེ། །དེ་ནི་རྡོ་རྗེ་ལུས་སུ་བཤད། །བླ་ན་མེད་པའི་བྱམས་པ་ཆེ། །བསྲུང་བའི་བྱ་བ་གོང་ན་མེད། །དགའ་བའི་ཆོས་ནི་བརྩོན་ཆེན་པོ། །རྡོ་རྗེ་སྲུང་བ་ཞེས་སུ་གྲགས། །ཤེས་རབ་ཐབས་ཀྱི་ཁྲོ་བོ་ཆེ། །སངས་རྒྱས་ཀུན་དང་རྗེས་མཐུན་པ། །ཉོན་མོངས་ཐམས་ཅད་ཟ་བ་ཆེ། །དེ་ནི་གནོད་སྦྱིན་ཆེན་པོར་བརྗོད། །ལུས་ངག་ཡིད་ནི་ཡང་དག་སྦྱོར། །སྒྲིབ་པ་མེད་ཅིང་ཡི་གེ་བྲལ། །དེ་བཞིན་གཤེགས་པ་ཀུན་གྱི་གསང ། །དེ་ནི་རྡོ་རྗེ་མཚམས་སྦྱོར་བཤད། །རྡོ་རྗེ་ཡེ་ཤེས་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱིས་ཏོབས་པོ་ཆེ། །ཐོག་མ་མཐའ་མ་མེད་ཞི་བ། །རིག་པ་མཆོག་ཅེས་བྱ་བར་བཤད། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གླུས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་པར་མཆོད་ནས་གླུར་བླངས་
35b
པ། ཨོཾ་སརྦ་བུདྡྷ་པ་ར་མེ་ཤཝ་ར་བུདྡྷྱ་ཤུདྡྷྱ་ལ་ལི་ཧོ། །སུ་བྷ་ག་།སུ་ར་ཏ། མ་ཧཱ་མ་ཧཱ་ཨ་དྷི་མ་ཧཱ་བུདྡྷི་བུདྡྷ་བུདྡྷ། ཡོ་གཱ་ཤཝ་ར་ཏ་ཐཱ་ཏཱ་བྷཱ་བི་ཏྭཱ་ཏ་མ་ཀ་ཏ་ཐཱ་ག་ཏ། བྱང་ཆུབ་སེམས་བསྐྱེད་ལས་འཁྲུངས་པ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །མཆོག་གི་དབང་ཕྱུག་དམ་པའི་ཆོས། །གདོད་ནས་ཞི་བ་ལ་ཕྱག་འཚལ། །བྱང་ཆུབ་སེམས་དཔའ་སྐྱོབ་པ་པོ། །རྡོ་རྗེ་ཅན་ཀུན་ལ་ཕྱག་འཚལ། །དེ་བཞིན་གཤེགས་པ་རྡོ་རྗེ་ཆེ། །སངས་རྒྱས་བྱང་ཆུབ་ལ་ཕྱག་འཚལ། །མི་དམིགས་གོ་འཕང་ལ་གནས་པ། །མཐའ་ལས་འདས་པ་ལ་ཕྱག་འཚལ། །འདྲེན་པ་རྣམས་ཀྱི་སྟོབས་པོ་ཆེ། །ཧཱུཾ་གི་ཡི་གེ་མ་ལུས་པ། །ཐམས་ཅད་མཁྱེན་པ་མཐའ་དག་དང ། །ཤིན་ཏུ་ཡོངས་སུ་མྱ་ངན་འདའ། །འཇིག་རྟེན་དབང་ཕྱུག་མགོན་བཟང་པོ། །རྡོ་རྗེ་ཡེ་ཤེས་དྲི་མ་མེད། །རྣམ་པར་དག་བ་རྡོ་རྗེ་མཆོག་།དངོས་གྲུབ་ཐམས་ཅད་རབ་གསོལ་བྱེད། །རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་མཆོག། དུས་གསུམ་བསམ་པ་དབང་གྱུར་པ། །སེམས་ཅན་རྣམས་ལ་ཕན་དོན་དུ། ། ཁྱབ་པ་ཁྱོད་ལ་ཕྱག་འཚལ་འདུད། །རྡོ་རྗེ་སྙིང་པོ་རྒྱན་ལས། དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་སླ་ཟླ་ཡང་འདུས་པར་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གར་ཞུགས་ཏེ་བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེའི་སྙིང་པོའི་རྒྱན་གྱི་དཀྱིལ་འཁོར་
36a
༄#། །ཆེན་པོའི་ཕྱག་རྒྱའི་དོན་དུ་ཞུ་བ་ཞུས་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྡོ་རྗེ་སྙིང་པོ་ཞེས་གྲགས་པ། །སངས་རྒྱས་ཀུན་གྱི་སྐྱོབ་པའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་མཛེས། །སྒོ་ཁྱུད་རྡོ་རྗེའི་གཟུགས་བརྙན་དང ། །ཕྱག་རྒྱ་དང་ལྡན་རབ་ཏུ་མཛེས། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །འཁོར་ལོ་གཉིས་ནི་རབ་ཏུ་གནས། །རྩིབས་བརྒྱད་པ་དང་བཅུ་དྲུག་རྩིབས། །རྣམ་པར་དབྱེ་བ་ལེགས་པར་བརྟག་།དབུས་ཀྱི་དཀྱིལ་འཁོར་ནང་གི་ནི། །ལྟེ་བའི་གནས་སུ་ལེགས་བརྟག་པ། །པདྨ་ཆེན་པོ་འདབ་བརྒྱད་པ། །གེ་སར་བལྟམས་པས་རབ་ཏུ་མཛེས། །དེ་ཡི་ལྟེ་བའི་དབུས་སུ་ནི། །ཁྱབ་བདག་རྣལ་འབྱོར་དབང་ཕྱུག་ཆེ། །རྣམ་པར་སྣང་མཛད་བརྩོན་ཆེན་པོ། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དེ་ཡི་ཉེ་འཁོར་ཀུན་ཏུ་ནི། །དེ་བཞིན་གཤེགས་པ་བརྒྱད་རྣམས་དགོད། །ཤར་དུ་དགོད་བྱ་འཁོར་ལོ་ཅན། །གཙུག་ཏོར་དཀར་པོ་ནུབ་ཏུ་སྟེ། །གཟི་བརྗིད་ཕུང་པོ་ལྷོ་རུའོ། །རྣམ་པར་རྒྱལ་བ་བྱང་དུ་གནས། །དབང་ལྡན་རྣམ་པར་གསལ་བར་བྲི། །མེར་ནི་སྟེང་འགྲོ་དགོད་པར་བྱ། །སྟེང་འགྲོ་ཆེན་པོ་བདེན་བྲལ་དུ། །རླུང་དུ་རྒྱལ་བ་ཆེན་པོ་གནས། །སངས་རྒྱས་གཟུགས་བརྙན་འཛིན་པ་ཡི། །རྣལ་འབྱོར་ལྡན་པས་འདི་དག་བྲི། །མི་བསྐྱོད་པ་ནི་ཤར་དུ་དགོད། །ལྷོ་རུ་རིན་ཆེན་འབྱུང་ལྡན་ནོ། །
36b
ནུབ་ཏུ་འོད་དཔག་མེད་པར་འགྱུར། །བྱང་དུ་དོན་ཡོད་གྲུབ་པའི་མིང ། །ཟླ་བའི་དཀྱིལ་འཁོར་ལ་བརྟེན་པའོ། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བྲི། །ཐམས་ཅད་ཟླ་བའི་དཀྱིལ་འཁོར་གནས། །འཁོར་རྣམས་ཟླ་བའི་དཀྱིལ་འཁོར་ལའོ། །ཕྲེང་བ་རྣམ་པར་དགོད་བྱ་བ། །རང་གི་ཕྱག་རྒྱ་འོད་ཟེར་འབར། །རྡོ་རྗེ་སྒེག་མོ་ལ་སོགས་པའི།། ལྷ་མོ་འབད་པས་དགོད་པར་བྱ། །རྡོ་རྗེ་བདུག་པ་ལ་སོགས་བྲི། །དེ་བཞིན་གཟུགས་ཀྱི་རྡོ་རྗེ་སོགས། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ། །སྒོ་སྲུང་འབད་པས་བྲི་བར་བྱ། །ཕྱི་ཡི་དཀྱིལ་འཁོར་ལ་གནས་པ། །ཀུན་ཏུ་བཟང་སོགས་རིམ་བཞིན་བྲི། །རང་གི་ཕྱག་རྒྱའི་འཁོར་རྣམས་དང ། །ཕོ་ཉ་ཡི་ནི་འཁོར་དག་དང ། །ཁྲོ་བོ་རྣམས་དང་མངག་པ་དང ། །དེ་བཞིན་ཕོ་ཉ་ཕོ་ཉ་མོ། །རྒྱ་མཚོ་ཡི་ནི་དཀྱིལ་འཁོར་ནི། །འོད་ཀྱི་དཀྱིལ་འཁོར་གསལ་པའོ། །ཕྱི་རུ་ཕྱི་རོལ་རྡོ་རྗེའི་མིང ། །དཀྱིལ་འཁོར་ལ་ནི་འབད་པས་བྲི། །དབང་ལྡན་ཕྱོགས་ནས་བརྩམས་ནས་སུ། །འཇིག་རྟེན་སྐྱོང་བ་བརྒྱད་པོ་བྲི། །ཚངས་པོ་ཁྱབ་འཇུག་དབང་ཆེན་མིང ། །དབང་པོ་ལ་སོགས་ལྷ་ཐམས་ཅད། །མ་མོ་ཀུན་དང་སྲིང་མོ་རྣམས། །རྒྱལ་ཆེན་རྣམས་དང་ཀླུ་དང་བཅས། །དེ་བཞིན་ལྷ་རྣམས་ཐམས་ཅད་དང ། །བརྩོན་འགྲུས་ཆེན་པོ་ནམ་མཁའ་ལྡིང ། །འབད་པ་ཡིས་ནི་བྲི་བར་བྱ། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་སུ། །ཁྱད་པར་དུ་ནི་མཆོད་པར་བྱ། །མེ་ཏོག་བདུག་སྤོས་རོལ་མོ་དང ། །དེ་
37a
༄#། །བཞིན་བཟའ་དང་སྟོན་མོ་སོགས། །ཕྲེང་བའི་རྒྱན་ནི་སྣ་ཚོགས་ཀྱིས། །དེ་བཞིན་གཤེགས་རྣམས་མཆོད་པར་བྱ། །དཀྱིལ་འཁོར་ཀུན་གྱི་ཆོ་ག་ཡིས། །མཆོད་པ་ཀུན་གྱིས་ཐམས་ཅད་ནས། །འཁོར་ལོ་ཀུན་གྱི་ཆོ་ག་ཡིས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེ་ནས་སློབ་མ་ཐམས་ཅད་གཞུག་།ཡོངས་སུ་དག་པ་ཁྱད་པར་དུ། །བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །བྱང་ཆུབ་བསླབ་པ་རྗེས་སྤྱོད་པ། །ཆོ་ག་ཤེས་པའི་སྔགས་པས་གཞུག་།འདྲེན་པ་རྣམས་ལ་མཆོད་དུ་གཞུག་།རྡོ་རྗེའི་དབང་བསྐུར་སྦྱོར་བ་ཡིས།། དབང་བསྐུར་བ་ནི་དེ་ནས་སྦྱིན། །སེངྒེའི་ཁྲི་ཡི་སྟེང་དུ་ནི། །དར་དང་མེ་ཏོག་ཆུན་པོས་སྤྲས། །དཀར་པོའི་གདུགས་དང་རིན་ཆེན་ཆེ། །བླ་བྲེ་རྒྱ་ཆེ་འབར་བ་དང ། །དེ་ཡི་གཡས་ཀྱི་དྲུང་དུ་ནི། །མཁས་པ་ཡིས་ནི་གཞག་པར་བྱ། །བ་དན་རྣམ་པ་སྣ་ཚོགས་དང ། །སྣ་ཚོགས་རས་ལས་ཡང་དག་སྤྲུལ། །གཡོན་གྱི་དྲུང་དུ་ཐམས་ཅད་ནས། །འབད་པ་ཡིས་ནི་གཞག་པར་བྱ། །རིན་ཆེན་སྨན་ཀུན་གྱིས་གང་བའི། །བུམ་པ་ལེགས་པར་བཞག་བྱས་ཏེ། །རྡོ་རྗེ་ཆུ་སོགས་དབང་བསྐུར་གྱིས། །དེ་ལ་རང་གིས་དབང་བསྐུར་བྱ། །རྡོ་རྗེ་མིང་གིས་དབང་བསྐུར་བ། །མཁས་པ་ཡིས་ནི་སླར་ཡང་བྱ། །ཀུན་གྱི་ཅོད་པན་དབང་བསྐུར་གྱིས། །ཡང་དང་ཡང་དུ་དབང་བསྐུར་བྱ། །ཆོས་ཀྱི་ཅོད་པན་དབང་བསྐུར་དང ། །སངས་རྒྱས་ཀུན་གྱི་སྐྱོབ་
37b
པ་ནི། །སྣ་ཚོགས་ལས་ཀྱི་དབང་བསྐུར་སྦྱིན། །ཆོས་ཀྱི་དབྱིངས་དང་མཉམ་ཚུངས་པའོ། །ཆོས་ཀྱི་སྐུ་ཡི་དབང་བསྐུར་བ། །སངས་རྒྱས་ཀུན་གྱི་སྒྲོན་མ་སྦྱིན། །དེ་ལྟར་སློབ་མ་དབང་བསྐུར་བ། །ཁྱད་པར་དུ་ནི་སྔགས་པས་བྱ། །དེ་ལ་དམ་ཚིག་ཆོ་ག་ཡིས། །སྔགས་དང་ཕྱག་རྒྱས་སྦྱིན་པར་བྱ། །སློབ་དཔོན་བརྙས་པར་མི་བྱ་ཞིང ། །སྒྲུབ་པོ་ཀུན་ལ་སྨད་མི་བྱ། །སྔགས་ཀྱི་སྤྱོད་པ་ཐམས་ཅད་ལས། །འདའ་བར་མི་བྱ་སྨད་མི་བྱ། །འཇིག་རྟེན་པ་ཡི་ལྷ་རྣམས་དང ། །གྲུབ་མཐའི་རིགས་པ་ཐམས་ཅད་ལ། །སྨད་པར་མི་བྱ་བླང་མི་བྱ། །དེ་ལ་མངོན་པར་དགའ་བ་སྤང་།། སྡིག་པ་ཐམས་ཅད་རྣམ་སྤང་ཞིང ། །དེ་བཞིན་བསོད་ནམས་ཐམས་ཅད་བསྡུ། །བཟའ་དང་སྟོན་མོ་དུ་མ་ལ། །བཟའ་བར་མི་བྱ་སྨད་མི་བྱ། །འདོད་པས་བཅོམ་ལྡན་སེམས་དཔའ་སྟེ། ། སངས་རྒྱས་ཀུན་གྱི་སྲས་བདག་སྐྱེས། །ཐོག་མ་ཐ་མ་མེད་ཞི་བ། །ནམ་ཡང་དོར་བར་མི་བྱའོ། །སངས་རྒྱས་ཐམས་ཅད་ཆགས་ལས་འཁྲུངས། །དེ་བཞིན་ཞེ་སྡང་རྨོངས་ལས་འཁྲུངས།། མཉམ་དང་མི་མཉམ་ཆོས་ཀུན་དང ། །དབུ་མའི་གནས་ལ་གནས་ནས་སུ། །དེ་ཉིད་དམ་ཚིག་ཤེས་ནས་སུ། །སངས་རྒྱས་བྱང་ཆུབ་ཡོངས་མི་སྤོང ། །ལུས་ཅན་ཀུན་ལ་འཚེ་མི་བྱ། །ཁྱོད་ཀྱིས་སར་སྣ་མི་བྱ་སྟེ། །ཕྲག་དོག་བྱ་བར་མི་བྱའོ། །དམ་པའི་ཆོས་ནི་སྤང་མི་བྱ། །བྱང་ཆུབ་སེམས་ནི་མཆོག་ཏུ་བདེ། །ཆང་གི་བཏུང་བ་སྤང་བྱ་སྟེ། །ཕ་རོལ་བུད་མེད་རྣམ་པར་སྤང ། །ཐམས་ཅད་
38a
༄#། །མཁྱེན་པ་ཡོངས་མི་དོར། །རྟག་ཏུ་སྲོག་ཆགས་གསད་མི་བྱ། །སེམས་ཅན་རྣམས་ལ་སྙིང་རྗེ་དང ། །བྱམས་པ་ཡང་ནི་རྣམ་པར་བསྒོམ། །སེམས་ཅན་རྣམས་ལ་ཕན་པ་ནི། །ཡང་དང་ཡང་དུ་ཡོངས་སུ་བྱ། །སངས་རྒྱས་ཀུན་གྱི་རྗེས་སྐྱོབ་པ། །དམ་ཚིག་དེ་ཉིད་འདི་དག་ནི། །སློབ་མ་རྣམས་ལ་རྗེས་བརྩེ་བས། །མཁས་པ་ཡིས་ནི་བསྟན་པར་བྱ། །དེ་ནས་ཕྱག་རྒྱ་རྗེས་བཅིངས་པ། །གོ་རིམ་བཞིན་དུ་བསྟན་པར་བྱ། །ཕྱག་རྒྱ་འདི་དག་ཁྱད་པར་གྱི། །མཚན་ཉིད་ཡང་དག་རབ་བཤད་བྱ། །མེ་ཏོག་ཟུམ་པའི་ཚུལ་བཞིན་དུ། །ཐལ་མོ་ལེགས་པར་བསྡམ་པར་བྱ། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱི། །པདྨའི་ཐལ་མོ་ཞེས་སུ་བསྒྲགས། །སེམས་དཔའ་མཆོག་ནི་ལེགས་པ་རྐྱང་བ། །པདྨའི་ཕྱག་རྒྱ་ཞེས་སུ་བརྗོད། །རེ་རེའི་མཚམས་སུ་ངེས་བཅིངས་པ། །དེ་ནི་རྡོ་རྗེ་ཐལ་མོར་བརྟག་།སོར་མོ་ཐམས་ཅད་ངེས་བསྡམས་པ། །རྡོ་རྗེ་བསྡམས་པས་ལེགས་བཅིངས་པ། ། སོར་མོ་བརྐྱང་སྟེ་སྟེང་དུ་བསྟན། །སངས་རྒྱས་བྱང་ཆུབ་རབ་གསོལ་བྱེད། །ཁུ་ཚུར་ནང་དུ་བྱས་ནས་ནི། །གཉིས་ཀ་སྦྱར་བས་ཡོངས་སུ་བརྟག། འཁོར་ལོས་བསྒྱུར་སོགས་ཕྱག་རྒྱའོ། །དམ་པ་སྦྱིན་པ་ཡིན་པར་བཤད། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱི། །དམ་ཚིག་ཕྱག་རྒྱ་འདི་ཡིན་ནོ། །མིང་མེད་ནང་བཅུག་ཁུ་ཚུར་གྱིས། །ཀུན་གྱི་རྩེ་མོར་ཡོངས་སུ་
38b
བརྟག་།རྡོ་རྗེའི་རྣམ་པར་ལེགས་པར་སྦྱར། །རྡོ་རྗེ་ཆེན་པོ་ཞེས་སུ་བསྒྲགས། །མཐེའུ་ཆུང་སྲིན་ལག་ཁུ་ཚུར་ལས། །གུང་མོ་ལེགས་པར་བརྐྱངས་ནས་སུ། །མཛུབ་མོས་མཐེ་བོང་ཡོངས་སུ་སྦྱར། །འཁོར་ལོས་བསྒྱུར་བ་ཉིད་གསོལ་བྱེད། །བརྐྱང་བའི་རྩེ་མོ་སྦྱར་བ་ནི། །གདུགས་དཀར་ཞེས་ནི་རབ་ཏུ་གྲགས། །སྲིན་ལག་དང་ནི་མཐེ་བོང་སྦྱར། །གུང་མོ་གཉིས་ནི་བརྟག་པར་བྱ།། གཟི་བརྗིད་ཕུང་པོའི་ཕྱག་རྒྱ་ཆེ། །གཟི་བརྗིད་ཕུང་པོ་ཉིད་གསོལ་བྱེད། །དེ་ཉིད་རལ་གྲི་ལྟ་བུར་སྦྱར། །རྣམ་པར་རྒྱལ་བ་ཞེས་སུ་གྲགས། །དེ་ཉིད་རྒྱལ་བ་ཞེས་བྱ་བ། །རྡོ་རྗེ་ལྡན་པ་དེ་བཞིན་གཤེགས། །ཁུ་ཚུར་སྙིང་པོ་ལྡན་བྱས་པས། །གཙུག་ཏོར་རྣམ་པའི་འབྱུང་གནས་ཏེ། །ཐུབ་དཀའ་སངས་རྒྱས་ཐམས་ཅད་ཀྱིས། །སྟེང་དུ་འགྲོ་བ་ཞེས་སུ་བཤད། །རྡོ་རྗེ་བསྡམས་པ་ཡོངས་སུ་སྦྱར། །དམ་ཚིག་ཀུན་གྱི་འབྱུང་གནས་ཏེ། །གུང་མོའི་རྩེ་མོ་མཆོག་ཏུ་སྦྱར། །མཐེའུ་ཆུང་དང་ནི་མཐེ་བོང་བརྐྱང ། །ལྕགས་ཀྱུ་མདའ་ཡི་སྦྱོར་བ་ཡིས། །ལེགས་སོ་བ་ནི་སྦྱར་བར་བྱ།། གུང་མོ་རྡོ་རྗེ་རིན་ཆེན་རྩེ། །ཕྱེ་བ་གཟི་བརྗིད་མཆོག་གི་མཆོག་།རྒྱལ་མཚན་གནས་སུ་ངེས་པར་སྦྱར། །བཞད་པའི་གནས་སུ་སྦྱར་བར་བྱ། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེ། །དབུ་མ་པདྨ་ལྟ་བུར་བསྐུམ། །རལ་གྲིའི་ཆོས་ནི་འཇམ་པའི་དབྱངས། །འཁོར་ལོས་བསྒྱུར་བའི་འཁོར་ལོ་འདྲ། །ཁ་རུ་ཕྱེ་བའི་ཕྱག་རྒྱ་ཆེ། །རྡོ་རྗེ་སྨྲ་བ་ཉིད་དུ་འགྱུར། །ལས་ཀྱི་རྡོ་རྗེའི་ཕྱག་རྒྱ་ཆེ། །གར་
39a
༄#། །མཚུངས་རྡོ་རྗེ་སྣ་ཚོགས་ཅན། །ཆོས་ཡོངས་སྡུད་པའི་སྦྱོར་བ་ཡིས། །རྡོ་རྗེ་སྲུང་བར་བརྟག་པར་བྱ། །མཆེ་བ་གཉིས་ནི་རྣམ་པར་གཙིགས། །རྡོ་རྗེ་གནོད་སྦྱིན་ཞེས་སུ་བཤད། །ཁུ་ཚུར་བཅངས་པ་ཁུ་ཚུར་གྱིས། །རྡོ་རྗེ་ཐལ་མོ་སྙིང་གར་བཞག་།རྡོ་རྗེ་སྒེག་མོ་ཞེས་སུ་གྲགས། །ཡོངས་སུ་སྦྱར་བ་སྤྱི་བོར་བཞག་།རྡོ་རྗེ་ཕྲེང་བ་ཞེས་སུ་བརྗོད། །ཐལ་མོ་སྦྱར་བ་གདོང་དུ་སྒྲོལ། །རྡོ་རྗེ་གླུ་མར་རྗེས་སུ་བསྒྲགས། །འགྱེད་ཅིང་འདུད་པའི་སྦྱོར་བ་ཡིས། །དེ་ནི་རྡོ་རྗེ་གར་མར་བཤད། །པདྨའི་ཐལ་མོ་གདོང་དུ་དབྱེ། །སྤྱི་བོར་ཡོངས་སུ་སྦྱར་ལ་བཞག་།སྙིང་གར་མཐེ་བོ་བསྙམས་པ་དང ། །རབ་ཏུ་བརྐྱང་པ་བྱུག་པའོ། །ལག་པ་སྟེང་དུ་ཡོངས་བརྐྱང་པ། །གཟུགས་ཀྱི་ཕྱག་རྒྱ་ཉིད་དུ་འགྱུར། །ལག་གཉིས་རྣ་བའི་ལམ་དུ་བཞག་།སྒྲ་ཡི་ཕྱག་རྒྱ་ཉིད་དུ་བཤད། །དྲི་ནི་བྱུག་པའི་སྦྱོར་བ་ཡིས། །དྲི་ཡི་ཕྱག་རྒྱ་ཞེས་སུ་བརྗོད། །གདོང་དུ་སྙིམ་པ་ཕྱེ་བ་ནི། །རོ་ཡི་ཕྱག་རྒྱ་ཞེས་སུ་བསྒྲགས། །མཁའ་ལ་མྱུར་བའི་སྦྱོར་བ་ཡིས། །རེག་པ་རེག་པ་ཞེས་སུ་བཤད། །མཐེའུ་ཆུང་གཉིས་ནི་ཡོངས་སུ་སྦྱར། །མཛུབ་མོ་ལྕགས་ཀྱུའི་སྦྱོར་བ་ལས། །དེ་ཉིད་ཞགས་པའི་དབྱིབས་དང་ནི།། ལུ་གུ་རྒྱུད་ཀྱི་རྣམ་པར་བརྟག་།བཞི་པ་རྡོ་རྗེ་དྲིལ་བུ་ཞེས། །རྡོ་རྗེ་འབེབས་པར་རྣམ་པར་བརྟག་།ཕྱག་རྒྱ་ཀུན་དང་ཉེ་བའི་རྒྱ། །བློ་གྲོས་ལྡན་པ་རང་གིས་བརྟག་།ཐལ་མོ་ཡོངས་སུ་
39b
སྦྱར་ལ་བསྡམ། །མཛུབ་མོ་གཉིས་པོ་བསྐུམས་ནས་ནི། །རིན་པོ་ཆེ་ཡི་རྣམ་པར་བཅིང ། །ཀུན་ཏུ་བཟང་པོ་བློ་ལྡན་གྱིས། །དེ་ལས་རྩེ་མོ་རྩེ་མོ་བསྐུམ། །སེམས་ཀྱིས་བྱམས་པ་བསྒོམས་ནས་སུ། །མཛུབ་མོ་སྦྱར་ལ་བཅུག་ནས་ནི། །རལ་གྲིའི་རྣམ་པར་བརྟག་པ་སྟེ། །འདི་ནི་ནམ་མཁའ་ཧི་སྙིང་པོ་ཡི། །ཕྱག་རྒྱར་སངས་རྒྱས་ཀུན་གྱིས་བསྔགས། །དེ་ནས་རལ་གྲིའི་མཚོན་ཆ་ཡི། །རྣམ་པ་རུ་ནི་ཉེར་གནས་པ། །ཕྱག་རྒྱ་འདི་ནི་རྣམ་འགོག་པར། །ཐམས་ཅད་ཀྱིས་ནི་ཡོངས་སུ་བརྗོད། །གར་ནི་སྡུད་པའི་སྦྱོར་བ་ཡིས། །རྡོ་རྗེ་ཐལ་མོ་རབ་ཏུ་བརྐྱང ། །པདྨའི་ལྟ་བུར་རྣམ་པར་བརྟག་།པདྨའི་ལག་པ་བློ་ལྡན་གྱིས། །དེ་ཉིད་མེ་ཏོག་ཟུམ་ཚུལ་དང ། །ུཏྤལ་རྣམ་པ་ལྟར་མཛེས་པ། །འདི་ནི་པདྨ་སྒྲོལ་བའི་རྒྱ། །པདྨའི་མགོན་པོ་ཞེས་སུ་གྲགས། མཆེ་བ་གཙིགས་པ་དང་ལྡན་པའི། །ཁ་དང་འདྲ་བར་ལེགས་པར་བརྟག། འདི་ནི་རྟ་མགྲིན་ཕྱག་རྒྱ་སྟེ། །ཁ་ཡི་ཕྱོགས་སུ་རབ་ཏུ་བརྟག་།པདྨའི་ཐལ་མོ་དཔྲལ་བ་ཡི། །བློ་གཉེར་དུ་ནི་ཉེ་བར་སྦྱར། །རྡོ་རྗེ་ཐལ་མོ་འབེབས་པ་ཆེ། །དཔལ་གྱི་སྙིང་པོ་རིན་ཆེན་ལྡན། །ཡིད་བཞིན་ནོར་བུའི་རྣམ་པ་གཟུང ། །ཐལ་མོ་ལེགས་པར་རབ་ཏུ་བརྐྱང ། །མི་བཟད་བློ་གྲོས་ཕྱག་རྒྱ་ཆེ། །སངས་རྒྱས་ཀུན་གྱིས་རབ་ཏུ་བརྟག། གར་ནི་སྡུད་པའི་སྦྱོར་བ་ཡིས། །རིན་ཆེན་རྡོ་རྗེ་སྙིང་གར་བཞག་།ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྟེ། །ནམ་མཁའི་མཛོད་ཉིད་སྟེར་
40a
༄#། །བར་བྱེད། །རྡོ་རྗེ་ཆེན་པོ་ལེགས་པར་བརྐྱང ། །མཐེ་ཆུང་མཐེ་བོང་ངེས་པར་བཅིང ། །ལག་པ་གཉིས་ནི་ངེས་པར་བརྟག། བློ་གྲོས་རྒྱ་མཚོའི་ཕྱག་རྒྱར་འགྱུར། །རྡོ་རྗེ་ཐལ་མོ་སྟེང་དུ་བསྒྲེང ། །མཛུབ་མོ་གཉིས་པོ་སྦྱར་བར་བྱ། །འདི་ནི་རྡོ་རྗེ་སྙིང་པོའི་རྒྱ། །རྡོ་རྗེ་སྙིང་པོས་བཀའ་སྩལ་ཏོ། །ཁུ་ཚུར་ནང་དུ་བྱས་ནས་སུ། །མཛུབ་མོ་གཉིས་པོ་རྩེ་མོ་སྦྱར། །འདི་ནི་འཇམ་དཔལ་ཕྱག་རྒྱ་སྟེ། །རྡོ་རྗེ་རལ་གྲི་ཞེས་སུ་བརྟག། དེ་ཉིད་ཤཀྟིའི་རྣམ་པ་ནི། །འཇམ་པའི་དབྱངས་ནི་བློ་ལྡན་གྱིའོ། །གཤིན་རྗེ་མཐར་བྱེད་མདུང་རྩེར་འགྱུར། །མདུང་རྩེ་ཆེན་པོར་རབ་ཏུ་བརྟག་།མཛུབ་མོ་བསྐུམ་པར་བྱས་ནས་ནི། །གུང་མོའི་སྟེང་དུ་ཡོངས་སུ་བཞག་།ཞགས་པའི་རྣམ་པ་རབ་ལྡན་པས། །གཤིན་རྗེ་ཡང་ནི་འཇིགས་པར་བྱེད། །དེ་ཉིད་རལ་གྲིར་བྱས་པ་ནི། །སྐྲ་ཅན་གྱི་རུ་རབ་ཏུ་བཤད། །ཁུ་ཚུར་ཐམས་ཅད་ངེས་བཅིངས་ཏེ། །མཛུབ་མོ་གཅིག་ནི་བསྐུམ་པར་བྱ། །འདི་ནི་ཉེ་བའི་སྐྲ་ཅན་རྒྱར། །འཇམ་པའི་དབྱངས་ཀྱིས་བཀའ་སྩལ་ཏོ། །རྡོ་རྗེ་བསྡམས་པ་སྟེང་བཅིངས་ཏེ། །དབུ་མ་གཉིས་ནི་རྣམ་པར་སྤང ། །མཛུབ་མོ་རྡོ་རྗེའི་རྣམ་པར་བྱ། །མཐེ་ཆུང་དང་ནི་མཐེ་བོང་བརྐྱང ། །འདི་ནི་རྡོ་རྗེ་འཛིན་ཆེན་པོའི། །ཕྱག་རྒྱ་དོན་ཀུན་སྒྲུབ་བྱེད་ཡིན། །མཛུབ་མོ་མཐེ་བོང་བསྡམས་པ་ནི། །མཱ་མ་ཀཱིར་ནི་ཡོངས་སུ་བཤད། །མཛུབ་མོ་ལྕགས་སྒྲོག་
40b
རྣམ་པ་ལས། །གུང་མོའི་དབུ་མ་རྡོ་རྗེར་བྱ། །འདི་ནི་རྡོ་རྗེ་ལྕགས་སྒྲོག་རྒྱ། །རྡོ་རྗེ་ལྟ་བུར་ཡོངས་སུ་བཤད། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །ཁྲོ་བོ་གཟེགས་མར་རྣམ་པར་བཤད། །མཆོག་གི་རྩེ་མོ་རྩེ་གཅིག་བྱ། །རྡོ་རྗེ་རྩེ་མོ་ཉིད་ཀྱིར་བཤད། །ལག་ན་རིན་ཆེན་ཕྱག་རྒྱ་ནི། །ལག་གཉིས་ལེགས་པར་བརྐྱང་བར་བྱ། །སོར་མོ་པདྨའི་དབྱིབས་སུ་བྱ། །སྐུལ་བྱེད་ལྷ་མོར་ཡོངས་སུ་བཤད། ། ཐལ་མོ་ཡོངས་སུ་སྦྱར་བ་ལས། །མཛུབ་མོ་དང་ནི་མཐེ་བོང་དག་།མིག་གི་ཚུལ་དུ་སྦྱར་བར་བྱ། །སངས་རྒྱས་སྤྱན་གྱི་རྣམ་པར་བཤད། །བཀྲ་ཤིས་ཀྱི་ནི་སྐྱིལ་ཀྲུང་བཅའ། །རྣལ་འབྱོར་རིག་པས་ལུག་བསྲང་སྟེ། །ལག་གཉིས་ལྷུང་བཟེད་འཛིན་འདྲ་བ། །བསམ་གཏན་ཕྱག་རྒྱར་རབ་ཏུ་བཤད། །འདི་ནི་རྣམ་པར་སྣང་མཛད་རྒྱ། །སངས་རྒྱས་ཀུན་གྱི་དོན་མཛད་པའི།། མི་བསྐྱོད་པ་ཡི་ས་ལ་རེག་།རིན་ཆེན་ཏོག་གི་མཆོག་སྦྱིན་བཤད། །བསམ་གཏན་ཕྱག་རྒྱ་འོད་དཔག་མེད། །ངོ་བོ་ཉིད་ཀྱི་དོན་རྟོགས་བྱེད། །དོན་ཡོད་གཟིགས་པའི་ཕྱག་རྒྱ་ནི། །མི་འཇིགས་པ་ནི་མེད་པ་སྦྱིན། །བློ་ལྡན་རྣལ་འབྱོར་སྐྱིལ་ཀྲུང་གནས། །སངས་རྒྱས་ཀུན་གྱི་རང་བཞིན་བདག་།མཉམ་པར་བཞག་པས་ཕྱག་རྒྱ་ཀུན། །འཆིང་བ་འམ་ནི་འཆིང་དུ་གཞུག། འཇིག་རྟེན་པ་ཡི་ཕྱག་རྒྱ་ལ། །ལག་པ་གཅིག་ནི་རབ་རྐྱང་སྟེ། །དབང་ལྡན་གྱི་ནི་རྩེ་གསུམ་པ། །མཐེ་བོང་མཐེ་ཆུང་མནན་པར་བྱ། །ལྷ་ཡི་དབང་པོའི་རྡོ་རྗེར་གྱུར། །ལག་པ་གཡས་
41a
༄#། །པས་བཏེག་པར་བྱ། །མེ་ཡི་ཨོཾ་ཡིག་ལག་པ་དག་།མཐེ་བོང་གུང་མོ་ཉིད་ལ་བཞག། གཤིན་རྗེའི་རྡོ་རྗེ་དབྱུག་པ་སྟེ། །མཛུབ་མོ་དང་ནི་མཐེ་བོང་སྦྱར། །དེ་ཉིད་ཁྱབ་འཇུག་འཁོར་ལོ་སྟེ། །འཁོར་ལོའི་ཡི་གེ་དགོད་པར་བྱ། །ལག་པ་གཅིག་གིས་ཐོད་པ་ནི། །མ་མོ་རྣམས་ཀྱིར་ཡང་དག་བཤད། །སོར་མོ་གཉིས་བསྒྲེང་རལ་གྲི་ནི། །སྲིན་པོའི་བདག་ཉིད་ཆེན་པོའི་འོ། །མཛུབ་མོ་མཐེ་བོང་སྦྱར་བ་ནི། །ཆུ་ལྷའི་ཞགས་པ་ཉིད་དུ་བཤད། །མཛུབ་མོ་དང་ནི་གུང་མོ་དག། རྒྱལ་མཚན་ལྟ་བུར་ལེགས་པར་བརྐྱང ། །རླུང་ལྷ་རྒྱལ་མཚན་ཕྱག་རྒྱ་ནི། །ལག་པ་གཉིས་ཀྱིས་རབ་ཏུ་བརྟག་།དབུ་མ་གཅིག་པུ་ལེགས་བརྐྱང་བ། །དབྱུག་ཐོའི་ཕྱག་རྒྱར་རབ་ཏུ་བཤད། །གནོད་སྦྱིན་ཀུན་གྱི་དབང་ཕྱུག་ནི། །ལུས་ངན་བདག་ཉིད་ཆེན་པོ་འོ། །མཆོད་ཕྱིར་ཐོགས་ཀྱི་ཕྱག་རྒྱ་ནི། །ཚངས་པ་ཡི་རུ་ལེགས་པར་བཤད། །དྲག་པོའི་གསལ་ཤིང་ཤེས་བྱ་སྟེ། །ལྷ་མོའི་པཊྚི་སེ་རུ་བརྗོད། །ཚོགས་བདག་གི་ནི་སྣ་རུ་བཤད། །ཟླ་བའི་བདུད་རྩིའི་དཀྱིལ་འཁོར་རོ། །ཉི་མའི་འོད་ཟེར་སྟོང་ཕྲག་ནི། །ལག་པ་གཉིས་ཀྱིས་བསྟན་པར་བྱ། །འོད་ཀྱི་དཀྱིལ་འཁོར་སྦྱོར་བ་ཡིས། །དབང་པོའི་རྡོ་རྗེ་མཚོན་ཆ་ལྟར། །འདི་ནི་ལྷ་རྣམས་ཀུན་གྱི་རྒྱ། །དཔའ་བོ་ཀུན་གྱིས་རབ་ཏུ་གནད། །དྲི་ཟ་རྣམས་ཀྱི་ཕྱག་རྒྱ་ནི། །གླུ་ལེན་ལྟ་བུར་རབ་ཏུ་བསྒྲགས། །དགའ་བྱེད་དབང་ཕྱུག་ཕྱག་རྒྱ་
41b
ཆེ། །རྫ་རྔའི་སྒྲ་དབྱངས་རབ་ཏུ་འབར། །སངས་རྒྱས་ཐམས་ཅད་རབ་མཆོད་ཕྱིར། །ལྷ་ཆེན་པོས་ནི་རབ་ཏུ་བརྟག་།ཏིང་ཏིང་ཤག་འཛིན་སྦྱོར་བ་ཡིས། །དྲི་ཟ་རྣམས་ཀྱིར་རབ་ཏུ་བསྒྲགས། ། པི་ཝང་བསྒྲེང་བའི་སྦྱོར་བ་ཡིས། །དབྱངས་ཅན་གྱིར་ནི་རྣམ་པར་བཤད། །རྟག་ཏུ་དུནྡུ་བྷི་སྒྲོག་པ། །རིག་པ་འཛིན་པ་རྣམས་ཀྱིར་བརྗོད། །ལག་གཉིས་གདེངས་ཀའི་ཚུལ་བྱས་པ། །ཀླུ་རྣམས་ཀྱིར་ནི་ལེགས་པར་བཤད། །གར་ནི་སྡུད་པའི་སྦྱོར་བ་ཡིས། །འགྱེད་དང་འདུད་པའི་དེ་བཞིན་ནོ། །ལག་པའི་ཞགས་པ་ངེས་བཅིངས་པ། །དེ་ནི་ཕྱག་རྒྱར་རབ་ཏུ་བཤད། །འདི་རྣམས་དམ་ཚིག་ཕྱག་རྒྱ་རུ། །དེ་བཞིན་གཤེགས་རྣམས་ལེགས་པར་གསུངས། །ལས་ཀྱི་སྦྱོར་བ་འབད་པ་ཡིས། །འདི་རྣམས་ཀྱང་ནི་ཕྱག་རྒྱར་བཤད། །ཕྱག་རྒྱ་དོར་ནས་སེམས་ཀྱི་ནི། །རིན་ཆེན་ཡང་དང་ཡང་དུ་བསམ། །རྣམ་པར་རྟོག་མེད་གདོད་ནས་ཞི། །ཆོས་དབྱིངས་མཉམ་ཞིང་མི་མཉམ་པ། །སྟོང་པ་མཁའ་འདྲར་ཤེས་ནས་སུ། །མཁས་པ་ཡིས་ནི་བསྒོམ་པར་བྱ། །འདི་དག་ཐམས་ཅད་མ་སྐྱེས་ཤིང ། །རྨི་ལམ་ལྟ་བུར་རབ་ཏུ་གནས། །དྲི་ཟའི་གྲོང་ཁྱེར་ལྟ་བུར་སྣང ། །འཚོ་བའི་འཇིག་རྟེན་ཡང་དང་ཡང ། །མིག་འཕྲུལ་ལྟ་བུར་ཤིན་ཏུ་ནི། ། འགྲོ་བ་ཐམས་ཅད་རབ་ཏུ་གསལ། །མི་རྟག་སྡུག་བསྔལ་སྟོང་པ་རུ། །སྲིད་པ་ཐམས་ཅད་མདོར་བསྡུས་པ། །བདག་མེད་པ་ཞེས་མཐོང་ནས་ནི། །སངས་རྒྱས་ཀུན་དང་དཔའ་བོ་ཡིས། །སྒྱུ་
42a
༄#། །མ་སྨིག་རྒྱུ་བྲག་ཅ་དང ། །ལྦུ་བ་ཆུ་ཡི་ཆུ་བུར་དང ། །གཟུགས་བརྙན་ལྟ་བུར་འཇིག་རྟེན་ནི། །དེ་ལྟར་སངས་རྒྱས་རྣམས་ཀྱིས་དགོངས། །ཐམས་ཅད་མགལ་མེའི་འཁོར་ལོ་ལྟར། །ཟོ་ཆུན་ཁྱུད་མོ་ཇི་བཞིན་དུ། །གར་གྱི་གནས་ཀྱི་ཚུལ་འདྲ་བར། །ཟླ་བ་གཉིས་དང་མཚུངས་པར་བལྟ། །རྟག་ཏུ་གློག་གི་ཕྲེང་བ་འདྲ། །སྦྲང་བུའི་སྒྲ་དང་མཚུངས་པར་བཤད། །འཁོར་བ་ཤིན་ཏུ་བསླད་པ་སྟེ། །རྒོད་མའི་ཁ་དང་འདྲ་བར་གནས། །འདི་ལྟར་ཤེས་ཤིང་རྟོགས་ནས་ནི། །སྒོམ་པའི་སྟོབས་ཀྱིས་རང་ཉིད་ཀྱི། །སེམས་ནི་ལེགས་སྒྲུབ་རྣལ་འབྱོར་པ། །དེ་ལ་ཕྱག་རྒྱ་རབ་ཏུ་བཤད། །སྟོང་པ་མཚན་མ་མེད་པ་དང ། །སྨོན་པ་མེད་པའི་རང་བཞིན་ལུས། །ལུས་དང་ངག་དང་ཡིད་ཀྱིས་ནི། །དམ་ཚིག་གསུམ་ནི་བརྟགས་པ་འོ། །ཕྱག་རྒྱ་སྔགས་དང་ལྷ་ཉིད་དང ། །དེ་ཉིད་གསུམ་ནི་རབ་ཏུ་གནས། །བདག་ཉིད་སྦྱོར་བའི་རྣལ་འབྱོར་གྱིས། །མཚན་ཉིད་གཅིག་ཏུ་རྣམ་པར་གནས། །དེ་འདི་དམ་པའི་ཕྱག་རྒྱ་རུ། །སངས་རྒྱས་རྣམས་ཀྱིས་བཀའ་སྩལ་ཏོ། །ཕྱག་རྒྱ་ཡི་གེ་བྲལ་བ་སྟེ། །རྣམ་པ་མེད་ཅིང་སྣང་བ་སྟེ། །དངོས་པོ་མེད་པའི་ཆོས་རྣམས་ལ། །དངོས་པོའི་དེ་ཉིད་ཉིད་དུ་བཤད། །དངོས་མེད་དངོས་པོའི་རང་བཞིན་ཡིན། །དངོས་མེད་ཉིད་ཀྱང་དངོས་པོ་ཡིན། །དངོས་དང་དངོས་མེད་རྣམ་པར་གྲོལ། །རྣལ་འབྱོར་ཡེ་ཤེས་མཆོག་ཏུ་བདེ། །རྟོག་གེ་མེད་ཅིང་
42b
སྣང་པ་མེད། །འཁྲུལ་པ་མེད་ཅིང་ཡི་གེ་མེད། །སྟོང་པ་ནམ་མཁའ་མཚུངས་པའི་སེམས། །གང་ཚེ་དེ་ལྟར་ཉིད་གྱུར་པ། །དེ་ཚེ་ཕྱག་རྒྱ་རྣམས་དང་སྔགས། །ལྷ་ཉིད་དུ་ཡང་རབ་ཏུ་བརྟག། སྔགས་ལས་ཕྱག་རྒྱ་མ་མཐོང་ཞིང ། །ཕྱག་རྒྱ་ལས་ཀྱང་སྔགས་མིན་ཅིང ། །རང་ཉིད་ལྷ་ཡི་རྣལ་འབྱོར་ནི། །གཉིས་མེད་སྔགས་དང་ཕྱག་རྒྱར་བརྟག་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཕྱག་རྒྱའི་རིམ་པར་ཕྱེ་བའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་དག་གིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས་འོག་མིན་གྱི་གནས་ནས་བྱོན་ཏེ་དགའ་ལྡན་གྱི་གནས་སུ་བཞུགས་ནས་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་རྣམས་ལ་ཆོས་བསྟན་ནས་ཟས་གཙང་གི་རིགས་ལ་མངོན་པར་གཟིགས་ཏེ་མངོན་པར་བྱུང་བར་མཛད་ནས་བྱང་ཆུབ་ཀྱི་སྙིང་པོ་དག་ལ་ཉེ་བར་གནས་ནས་ཉེ་བར་འཁོད་དེ་བདུད་བཞི་ལས་རྣམ་པར་རྒྱལ་བར་བསྟན་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པར་གྱུར་ཏེ། བཞུགས་ནས་ཀྱང་ཀུན་ནས་འཕྲོ་བའི་ཏིང་ངེ་འཛིན་སྔོན་དུ་
43a
༄#། །འགྲོ་བའི་ཏིང་ངེ་འཛིན་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེ་གོལ་གྱི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་ཅིང་གསང་སྔགས་འདི་གསུངས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛ་ཨཱ་ཀཪྵ་ཡ་སརྦ་ཏ་ཐཱ་ག་ཏཱན་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་པའི་དཀྱིལ་འཁོར་ཆེན་པོ་རྣམས་ལེགས་པར་བྱོན་ཏེ། ཆོས་ཀྱི་དབྱིངས་སུ་སྤྲོས་ནས་ཕྱོགས་བཅུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པའི་རྒྱ་མཚོའི་སྤྲིན་རྣམས་བཀང་སྟེ། ནམ་མཁའི་ཁམས་ན་གནས་པ་ཐམས་ཅད་ཏིལ་གྱི་གང་བུ་ལྟར་འཛམ་བུའི་གླིང་དུ་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་གིས་བཀུག་ཅིང་བཅུག་སྟེ་བཅིངས་ནས་དབང་དུ་མཛད་དེ། དེ་ཉིད་ཀྱི་ཐུགས་ཀར་རབ་ཏུ་བཞག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་གཉིས་སུ་མེད་པའི་སྦྱོར་བས་བྱིན་གྱིས་བརླབས་ཏེ་སྔགས་འདིས་རང་གི་སེམས་སོ་སོར་རྟོགས་པར་མཛད་དོ། །ོཾ་ཙིཏྟ་པྲ་ཏི་བེ་དྷི་ཀཱ་རོ་མི། དེའི་རྗེས་ཐོགས་ཉིད་ལ་སངས་རྒྱས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ལོངས་སྤྱོད་རྫོགས་པ་དང ། སྤྲུལ་
43b
པའི་སྐུ་ལས་ཆོས་སྐུ་རང་བཞིན་གྱིས་འོད་གསལ་བ་སེམས་རིན་པོ་ཆེ་ངེས་པར་ཕྱུང་སྟེ་སྤྲོས་པར་མཛད་དོ། །དེ་ཉིད་སེམས་འོད་གསལ་བ། ཐུགས་རྗེ་ཆེན་པོས་ཁྱབ་པ། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་མཚན་ཉིད། གཟུང་བ་དང་འཛིན་པའི་རྙོག་པ་སྤངས་པ། ནམ་མཁའ་ལྟར་གདོད་ནས་ཞི་བ་དེ་ལས་ཐུགས་རྗེ་ཆེན་པོ་ལ་མངོན་པར་ཕྱོགས་པར་བྱས་ནས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་རྣམ་པར་གཟིགས་ཏེ་མི་ཤེས་པས་རྒ་བ་དང ། འཆི་བས་རྣམ་པར་ཁྱབ་པའི་འཇིག་རྟེན་ལ་གཟིགས་ནས་སླར་ཡང་སྔགས་འདིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉེ་བར་བསྟན་པ། ཨོཾ་བོ་དྷི་ཙིཏྟ་ཨུད་པཱ་ད་ཡཱ་མི། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་སེམས་འོད་གསལ་བ་དེ་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་ལྟར་བྱིན་གྱིས་བརླབས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་རྣམ་པར་བཞག་གོ། ལེགས་པར་རྣམ་པར་དག་པའི་ནམ་མཁའ་ལྟར་དྲི་མ་མེད་པ། སྤྲོས་པ་ཐམས་ཅད་སྤངས་པ་མེ་ལོང་ལྟ་བུར་བརྟན་པར་བྱས་ནས་གནས་ཏེ་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སྔགས་འདི་བརྗོད་དོ། །ོཾ་ཛྙཱ་ན་རསྨི་བི་སྲྀ་ཛཿ ཧཱུཾ། དེའི་རྗེས་ཐོགས་ཉིད་ལ་འོད་ཟེར་རྣམ་པ་སྣ་ཚོགས་པ་ཟླ་བའི་དཀྱིལ་འཁོར་ལས་རྣམ་པར་བྱུང་ངོ ། །དེ་ཕྱུང་ནས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཞུགས་ཏེ་ཤེས་
44a
༄#། །བྱའི་དཀྱིལ་འཁོར་ཐམས་ཅད་གསལ་བར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རི་བོའི་རྩེ་མོ་བསྙིལ་ཏེ་རབ་ཏུ་རྟོགས་པར་བྱས་ནས་གཅིག་ཏུ་འདྲེས་ཏེ་རྡོ་རྗེའི་སྐུ་ཆེན་པོ་རྣམས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་རྗེས་སུ་ཞུགས་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རབ་ཏུ་གནས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་སྔགས་འདི་བྱིན་གྱིས་བརླབས་སོ། །ོཾ་ཏིཥྛ་བཛྲ་པ་ར་ད་བྷུ་ཡ་པཉྩ་མུ་དྷ། སླར་ཡང་སྔགས་འདིས་སྤྲོས་པ། ཨོཾ་སྥ་ར་བཛྲ། སླར་ཡང་སྔགས་འདིས་བསྡུས་སོ། །ོཾ་སཾ་ཧ་ར་བཛྲ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་རྡོ་རྗེའི་སྙིང་པོ་འདི་ཆེད་དུ་བརྗོད་པ། ཨོཾ་ཛྙཱ་ན་བཛྲ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་སྔགས་འདིས་བྱིན་གྱིས་བརླབས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་མཉམ་པ་ཉིད་བརྙེས་པས་སྔགས་འདིས་བྱིན་གྱིས་བརླབས་པ། ཨོཾ་བཛྲ་ཨཱཏྨ་ཀོཉཧཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བརྟན་པ་ཉིད་དུ་ཉེ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་གཟིགས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་
44b
མཛད་དོ། །ོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་རྒྱུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་བདག་ཉིད་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ངེས་པར་བསྟན་ཏོ། །དེ་ནས་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཐོང་ནས་ལྷ་དང་མི་རྣམས་ཀྱིས་མངོན་པར་བྱང་ཆུབ་པས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པ་ཞེས་སྒྲ་བ་སྒྲགས་སོ། །དེ་ནས་ཚངས་པས་གསོལ་བ་བཏབ་སྟེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ནས་དེ་དང་ངེས་འདུལ་བའི་སྐྱེ་བོ་བཏུལ་ཏེ་གང་གིས་སླར་ལྡོག་པ་མེད་པ་ཉིད་དུ་གྱུར་ཏོ། །འདི་རྣམས་ནི། སངས་རྒྱས་ཀྱི་བྱང་ཆུབ་སྒོམ་པའི་རིམ་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཏིང་ངེ་འཛིན་དེ་ལས་བཞེངས་ནས་སངས་རྒྱས་ཀྱི་བྱང་ཆུབ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཉེ་བར་བསྒྲུབས་ནས་དེའི་ཐུགས་ཀ་ལས་རྡོ་རྗེ་ཕྱུང་སྟེ་ཉིད་ཀྱི་ཕྱག་ཏུ་བཞག་པར་གྱུར་ཏོ། །དེ་ནས་འོད་ཟེར་རྣམ་པར་ཕྱུང་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་མཛད་ནས་སླར་ལོག་སྟེ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུར་བྱིན་གྱིས་བརླབས་ཏེ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་དང་ཕྲེང་བས་དབང་བསྐུར་བ། ཟླ་བའི་ཁ་དོག་ལྟ་
45a
༄#། །བུའི་འོད་ཟེར་ཅན་དུ་བྱིན་གྱིས་བརླབས་ཏེ་རྣམ་པར་གནས་སོ། །དེ་ནས་ཐུགས་ཀ་ནས་ཕྱུང་ནས་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་དང ། རྒྱབ་དང ། དྲུང་དུ་རྡོ་རྗེ་སེམས་དཔའ་དང ། རྡོ་རྗེ་ཆོས་དང ། རྡོ་རྗེ་རིན་ཆེན་དང ། རྡོ་རྗེ་ལས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་འི་ཕྲེང་བ་རྣམ་པར་གནས་སོ། །དེ་བཞིན་དུ་སྒེག་མོ་ལ་སོགས་པ་རྣམས་དང ། བདུག་པ་ལ་སོགས་པའི་ལྷ་ཁྱད་པར་དུ་ངེས་པར་བསྐྱེད་ཅིང་གཟུགས་ལ་སོགས་པ་རྣམས་དང ། ལྕགས་ཀྱུ་ལ་སོགས་པའི་ལྷ་རྣམས་བསྐྱེད་དེ་འདི་དག་གི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །རྡོ་རྗེ་སྙིང་པོ་ཞེས་སུ་གསུངས། །གྲུ་བཞི་པ་ལ་སྒོ་བཞི་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །སྒོ་ལོགས་དང་ནི་ཁ་ཁྱེར་དང ། །རྟ་བབས་ཀྱིས་ནི་སོ་སོར་སྤྲས། །དེ་ཡི་དབུས་སུ་ཁྲི་ཆེན་པོ། །ཀུན་ནས་ཡོངས་སུ་གྲུ་བཞི་པ། །དེ་ཡི་སྟེང་དུ་པད་ཆེན་པོ། །གེ་སར་ལྡན་ཞིང་རབ་མཛེས་པ། །དེ་ཡི་ལྟེ་བའི་དབུས་སུ་ནི། །སངས་རྒྱས་སྐུ་གཟུགས་དགོད་པར་བྱ། །སངས་རྒྱས་ཀྱི་ནི་དྲུང་ཀུན་དུ། །སངས་རྒྱས་ཐམས་ཅད་དགོད་པར་བྱ། །སངས་རྒྱས་ཀུན་གྱི་ཉེ་འཁོར་དུ། །འཁོར་ལོས་བསྒྱུར་བ་ལ་སོགས་བྲི། །ཕྱི་ཡི་གནས་ནི་ཐམས་ཅད་དུ། །སངས་རྒྱས་
45b
སྲས་པོ་རྣམ་པར་དགོད། །ཁ་དོག་སེར་པོ་གཟི་བརྗིད་ཆེ། །དབང་ཆེན་དཀྱིལ་འཁོར་རབ་འབར་བ། །ཐམས་ཅད་རྣམ་པ་སྣ་ཚོགས་བརྒྱན། །བརྒྱན་པ་དེ་དག་དགོད་པར་བྱ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། དབང་ཆེན་གྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སླར་ཡང་ཆུའི་ལྷའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །ཆོས་ཀྱི་འཁོར་ལོ་འདྲ་བས་ན། །ཆོས་ཀྱི་འཁོར་ལོ་ཞེས་སུ་བརྗོད། །དེ་ཡི་ཕྱི་རོལ་གཉིས་པ་ལ། །ཟླུམ་པོ་རུ་ནི་རྟོགས་པར་བྱ། །རི་མོ་རྣམ་པ་སྣ་ཚོགས་པས། །སྒོ་དང་སྒོ་ལོགས་བརྟག་པར་བྱ། །རྟ་བབས་རྣམ་པ་སྣ་ཚོགས་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །དེ་ཡི་དབུས་སུ་པད་ཆེན་པོ། །གེ་སར་ལྡན་ཞིང་རབ་མཛེས་པ། །འདབ་མ་བརྒྱད་ཀྱི་ཀ་བ་ལ། །དཀྱིལ་འཁོར་རྒྱན་གྱིས་བརྒྱན་པ་འོ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །རྒྱལ་བ་ཐམས་ཅད་དཀར་པོ་མཆོག་།ཁ་བ་བ་ཞོ་ལྟར་དཀར་གསལ། །ཤེལ་དང་ཟླ་བ་ལྟ་བུའི་འོད། །ཀུན་ད་ཟླ་བ་ལྟར་དཀར་བསྟན། །ཟླ་བའི་དཀྱིལ་འཁོར་དབུས་སོན་པར། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། ། སངས་རྒྱས་སྲས་པོ་རྣམ་པར་དགོད། །ཐམས་ཅད་ཟླ་བ་ལྟར་དཀར་ཞིང ། །ཟླ་བའི་དཀྱིལ་འཁོར་ལ་གནས་པ། །མཚོན་ཆ་སྣ་ཚོགས་ཟླ་བ་འདྲ། །ཟླ་བ་འབར་མཚུངས་མཉམ་མེད་པ།།
46a
༄#། །ཆུ་ཡི་མིང་ཞེས་བྱ་བ་ཡི། །དཀྱིལ་འཁོར་དམ་པ་ཉིད་དུ་འདོད། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། ཆུ་ལྷའི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་མེ་ལྷ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །རྡོ་རྗེ་ཡེ་ཤེས་གཟི་བརྗིད་མཚུངས། །རྡོ་རྗེ་གཟི་བརྗིད་ཅེས་སུ་བརྗོད། །གྲུ་གསུམ་རྣམ་པ་ཉིད་དུ་བྱ། །ཤིང་རྟའི་རྣམ་པ་དང་མཚུངས་ཤིང ། །འབར་བའི་ཕྲེང་འཁྲུགས་འཇིགས་པ་འོ། །ཁ་དོག་དམར་པོ་སྟོབས་པོ་ཆེ། །འཇིག་པའི་དུས་ཀྱི་མེ་འདྲ་བ། །རྟག་ཏུ་པདྨ་རཱ་ག་མཚུངས། །དེ་ཡི་དབུས་སུ་གཟི་བརྗིད་ཆེ། །ཉི་མའི་ཁ་དོག་སྟོབས་པོ་ཆེ། །རྡོ་རྗེ་རྩེ་གསུམ་སྣ་ཚོགས་པ། །ཤིང་རྟའི་སྙིང་གར་གཞག་པར་བྱ། །བལ་པོ་སེའུའི་མེ་ཏོག་མཚུངས། །ཡ་བའི་མེ་ཏོག་དག་དང་འདྲ། །པདྨ་པདྨ་རཱ་ག་མཚུངས། །སངས་རྒྱས་དཔའ་བོ་ཡང་དག་འབར། །བཟང་པོ་མཚལ་དང་མཚུངས་འདྲ་བ། །རྒྱ་སྐྱེགས་བཅུད་དང་འདྲ་བར་གནས། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །དེ་བཞིན་སངས་རྒྱས་སངས་རྒྱས་སྲས། །ཁྲོ་བོ་དང་ནི་མངག་པ་དག་།མཁས་པ་ཡིས་ནི་དགོད་པར་བྱ། །དེ་དག་ཐམས་ཅད་ཁ་དོག་དམར། །གཟི་བརྗིད་ཁམས་ལ་འོད་ལྡན་པ། །འོད་ཟེར་དམར་པོ་རབ་འཕྲོ་བ། །ཉི་མའི་དཀྱིལ་འཁོར་
46b
དབུས་སོན་པར། །ཐམས་ཅད་དམར་པོའི་མཚོན་ཆ་ཅན། །དམར་པོའི་རྒྱན་གྱིས་རྣམ་པར་བརྒྱན། །དམར་པོའི་གོས་ཀྱིས་བཀབ་པའི་ལུས། །ཕྲེང་བ་དམར་པོ་མཆོག་འཛིན་པ། །འདི་ནི་གཟི་བརྗིད་གཏེར་ཞེས་བྱ། །དཀྱིལ་འཁོར་མཆོག་ཏུ་འབར་བ་འོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། མེ་ལྷ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སླར་ཡང་རླུང་ལྷའི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །རླུང་གི་ཁམས་དང་འདྲ་བས་ན། །རླུང་གི་དཀྱིལ་འཁོར་ཞེས་སུ་བཤད། །ཟླ་བ་ཕྱེད་པའི་རྣམ་པ་འདྲ། །དབྱར་གྱི་སྤྲིན་གྱི་འོད་དང་མཚུངས། ། ཏ་སི་ཡི་མེ་ཏོག་འདྲ། །ིནྡྲ་ནཱི་ལའི་འོང་དང་མཚུངས། ། དེ་ཡི་དབུས་སུ་པང་ཆེན་པོ། །བཻ་ཌཱུརྱ་ཡི་འོད་དང་འདྲ། །ཤིན་ཏུ་ནག་པའི་མིག་སྨན་མཚུངས། །སྔོ་དམར་གྱི་ནི་རྣམ་པར་གནས། །དེ་ཡི་ལྟེ་བའི་དབུས་སུ་ནི། །སངས་རྒྱས་དཔའ་བོ་རབ་འབར་བ། །རྒྱལ་པོ་འཁྱིལ་བ་འབར་བའི་གཟི། །མཚོན་མོ་ནག་མོ་ལྟ་བུར་གནས། །ུཏྤལ་སྔོན་པོ་འདབ་མའི་ཚུལ། །སྟོང་པ་ནམ་མཁའ་ལྟ་བུར་གནས། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །རྒྱལ་དང་རྒྱལ་བའི་སྲས་རྣམས་བྲི། །ཁྲོ་བོ་རྣམས་དང་མངག་པ་དང ། །དེ་བཞིན་ཕོ་ཉ་ཕོ་ཉ་མོ། །ཐམས་ཅད་སྣ་ཚོགས་རྒྱན་གྱིས་བརྒྱན། །དེ་བཞིན་ནག་པོའི་གོས་གྱོན་པ། །བ་
47a
༄#། །དན་རྣམ་པ་སྣ་ཚོགས་བསྔམས། །ཁ་དོག་ནག་པོ་ཐམས་ཅད་དུ། །གདུགས་ནི་རྣམ་པ་དུ་མའི་དབྱིབས། །ཁ་དོག་སྣ་ཚོགས་ལེགས་འབར་བ། །བླ་རེ་རྒྱས་པ་མཉམ་པ་ནི། །ཁ་དོག་ནག་པོ་སྣ་ཚོགས་པ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །མདོར་བསྡུས་ནས་ནི་བསྒོམ་པར་བྱ། །དཀྱིལ་འཁོར་ཆེན་པོ་འདི་ལྟ་བུ། །སངས་རྒྱས་ཀུན་གྱིས་རྗེས་སྐྱོབ་པ། །བྲིས་ནས་ཤེས་རབ་ཅན་གྱིས་བསྒོམ། །གལ་ཏེ་དངོས་གྲུབ་རང་འདོད་ན། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། རླུང་ལྷའི་དཀྱིལ་འཁོར་གྱི་ཆོ་གའོ།། །། དེ་ནས་བཅོམ་ལྡན་འདས་རྣམས་ཀྱིས་སླར་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ཐབས་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་རྣམས་ཀྱིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས་སྒྲུབ་པའི་ཐབས་ཀྱི་ཆོ་ག་མཆོག་ཏུ་གསང་བ་ཆེན་པོ་བཀའ་སྩལ་པ། སྒེག་མོ་སོགས་པས་མཆོད་པ་ཀུན། ། ཡང་དག་མདོར་བསྡུས་བྱས་ནས་ནི། །སངས་རྒྱས་ཀུན་གྱི་སྐུ་ཆེན་པོར། །བདག་གིས་རྟག་ཏུ་བསྒོམ་པར་བྱ། །སྔགས་ཀྱི་ཡི་གེ་ཡང་དག་ལྡན། །འདོད་པ་སྟེར་བའི་སྐུ་རུ་བྱ། །སྒྲ་དང་
47b
གཟུགས་དང་དེ་བཞིན་སྦྱོར། །ཡི་གེའི་ཕྲེང་བ་དེ་བཞིན་ཏེ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །སྔགས་པས་ཐམས་ཅད་རྣམ་པར་བསམ། །ཧཱུཾ། སྔགས་པས་སྙིང་གར་སོན་པ་བསྒོམ། །གསང་སྔགས་དགེ་བ་བརྗོད་ནས་སུ། །དེ་བཞིན་གཤེགས་པའི་རིགས་དག་པ། །དུང་གི་སྒྲ་རུ་རབ་ཏུ་བརྗོད། །དྲིལ་བུའི་སྒྲ་ནི་རབ་གསལ་བ། །པདྨོ་རྣལ་འབྱོར་དབང་ཕྱུག་གོ། དུས་མིན་སྤྲིན་གྱི་ཧཱུཾ་གི་སྒྲ། །ཙ་ཊ་ཙ་ཊའི་སྒྲ་འཕྲོ་བ། །རྡོ་རྗེ་རིན་ཆེན་དབང་ཕྱུག་གིས། །སྒྲ་རུ་དེ་བཞིན་གཤེགས་རྣམས་གསུངས། །ནོར་བུ་ལས་ཀྱི་རིགས་ཀྱི་ཡང ། །རྔ་ཆེན་སྒྲ་རུ་རབ་ཏུ་བཤད། །པི་ཝང་གླིང་བུ་དེ་བཞིན་གླུ། །གར་གྱི་རྒྱན་གྱི་སྒྲ་དང་ནི། །རྫ་རྔའི་ངར་སྒྲ་ཧཱུཾ་གི་སྒྲ། །སྤྱི་ཡི་ཉིད་དུ་རབ་ཏུ་བཤད། །རྟོག་པ་ཀུན་ལ་རྣམ་པར་སྦྱར། །སྒྲུབ་པའི་ཐབས་ཀྱི་ལས་རྣམས་དང ། །དེ་ནས་གཟུགས་ཀྱི་བཟླས་ལ་མཆོག་།གོ་རིམ་ཇི་བཞིན་རབ་ཏུ་བཤད། །དགུག་དང་གཞུག་དང་བཅིང་བ་དང ། །ལྷ་རྣམས་དབང་དུ་བྱ་བ་སྟེ། །དེ་ལ་རང་གི་ཚུལ་རབ་སྦྱར། །སྔགས་དང་ཕྱག་རྒྱ་རབ་ཏུ་སྦྱར། །དེ་རྗེས་རྣམ་པ་ཀུན་གྱི་མཆོག་།རྟག་ཏུ་ལུས་ཅན་བསམ་བྱ་བསམ། །ལྷ་ཡི་སྐུ་གཟུགས་བསྒོམ་པར་བྱ། །ལག་པའི་ཕྱག་རྒྱ་རབ་ངེས་པའི། །ཕྱག་རྒྱའང་སྙིང་གར་སོན་ཞེས་བྱ། །རང་གི་རིགས་རིམ་ཆོ་ག་ཡིས། །དེ་ཡི་ལུས་ནི་འོད་གསལ་ཞིང ། །སྒྲོན་མའི་འོད་ལྟར་གསལ་བའི་ཁྱིམ། །དེ་ལྟར་ཀུན་ནས་ཐམས་ཅད་དུ། །ཀུན་ནས་བ་སྤུའི་རྩེ་
48a
༄#། །དག་ནས། །འོད་ཟེར་འབར་པའི་ཕྲེང་དགེ་བས། །གཟུགས་ཀྱི་བཟླས་པ་ཞེས་སུ་བཤད། །དེ་ནས་སྦྱོར་བའི་བཟླས་པ་ཡིས། །གསང་སྔགས་སྒྲུབ་པ་བརྩམ་པར་བྱ། །མཆོད་དང་བྱིན་རླབས་དབང་བསྐུར་མཆོག་།སྤྲོ་ལ་སོགས་རིམ་ཐམས་ཅད་དུ། །སྦྱོར་བའི་བཟླས་པ་གཙོ་བོ་འདི། །འབད་པ་ཡིས་ནི་རབ་ཏུ་བཤད། །སྙིང་ག་མགྲིན་པ་མཆུ་ལྕེ་མིན། །རྐན་དང་སྤྱི་བོ་ཉིད་མ་ཡིན། །ནང་མིན་ཕྱི་དང་གཉིས་པར་མིན། །ཆོས་ནི་འབའ་ཞིག་ཁོ་ན་ལ། །བཟླས་བའི་སྒྲ་ཡང་འབྱུང་མ་ཡིན། །འདི་ནི་བཅོམ་ལྡན་རྣལ་འབྱོར་ཆེ། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །སྒོམ་པའི་སྔགས་པ་དེ་ཉིད་ནི། །རྣལ་འབྱོར་པ་ཡི་གནས་སུ་བཤད། །དེ་ནས་རྗེས་སུ་མདོར་བསྡུས་ཏེ། །སྙིང་གའི་དཀྱིལ་འཁོར་རབ་ཟླུམ་པ། །ཟླ་བ་གང་བ་ལྟར་བསམ་བྱ། །དྲི་མ་མེད་ཅིང་ལེགས་པར་གནས། །དེ་ལ་ཡི་གེ་རྣམ་པར་དགོད། །ཚིག་གི་ཕྲེང་བ་མ་ཚང་བ། །མུ་ཏིག་ཕྲེང་བ་ལྟར་བརྒྱུས་པ། །ཆར་སྤྲིན་གྱི་ནི་མེ་འདྲའི་འོད། །དེ་ཚེ་ཐམས་ཅད་གསལ་བར་བྱེད། །ལྷ་ཡི་ལུས་ནི་སྣང་བྱེད་ཅིང ། །ཇི་ལྟ་ཇི་ལྟར་ཡི་གེའི་ཕྲེང ། །མཆོག་གི་ལུས་ལ་རབ་འཇུག་པ། །དེ་ལྟ་དེ་ལྟང་སྔགས་ཀྱི་ལུས། །ལྷ་ཡི་བདག་ཉིད་ཉིད་དུ་འགྱུར། །མཐུ་སྟོབས་ལྷ་དབང་ཐམས་ཅད་ནི། །ཚངས་པ་ཁྱབ་འཇུག་ལས་ཆེར་ལྷག་།བཟླས་པའི་དེ་ཉིད་མཆོག་འདི་ནི། །སངས་རྒྱས་
48b
ཀུན་གྱིས་བསྔགས་པའོ། །ཇི་ལྟར་རྣམ་པར་སེམས་ནི་སྒོམ་པ་ཡི། །དེ་ལྟར་དངོས་གྲུབ་མཆོག་ཏུ་འགྱུར། །རྡོ་རྗེའི་སྙིང་པོ་རྒྱན་གྱི་རྒྱུད་ཆན་པོ་ལས། བཟླས་པའི་དེ་ཁོ་ན་ཉིད་ཀྱི་ལེའུའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པ་རིན་པོ་ཆེ་བཀའ་སྩལ་པ། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆལ་འང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང ། །སྨོན་ལམ་གྲུབ་པ་འགོག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང ། །ཆད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་བ་མི་གཡོ་འགགས་པར་ཡོང་མི་འགྱུར། །ེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་
49a
༄#། །སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང ། །གསང་སྔགས་ཐམས་ཅད་འགྲུབ་བར་འགྱུར། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །དེ་བཞིན་གཤེགས་དེ་ཀུན་བསྟོད་ན། །རབ་ཡངས་དངོས་གྲུབ་སྩོལ་འགྱུར་ཏེ། །བསྐལ་པར་གནས་ཤིང་བསྐལ་པར་བསྐུལ། །ལུས་ནི་གཡོ་བ་མེད་པ་རུ། །བདག་ཉིད་བརྟན་པར་བྱས་པ་ཡིས། །མགོན་པོ་ཆེན་པོ་རྣམ་སྣང་མཛད། །མི་བསྐྱོད་རིན་ཆེན་འབྱུང་གནས་དང ། །རྒྱལ་བ་དག་པ་འོད་དཔག་མེད། །དོན་ཡོད་རྒྱལ་བ་ཐམས་ཅད་དུ། །དངུལ་ཆུ་བཅུད་ལེན་དེ་ཉིད་དང ། །མཆོག་ཀྱང་རབ་ཏུ་སྩོལ་བར་བྱེད། །དངོས་གྲུབ་ཡིད་ཀྱི་མ་ལུས་ལ། །རྒྱས་པའི་དོན་དང་ཕུན་སུམ་ཚོགས། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །ཡིད་ལ་འདོད་པ་སྟེར་བར་བྱེད། །ཡེ་ཤེས་ཚེ་དང་སྟོབས་དང་ཤུགས། །མཆོག་ཏུ་དགེ་བ་སྩོལ་བར་མཛད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པའི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་
49b
གྲུབ་ཀྱི་ཆོ་ག་རྒྱས་པ་བཀའ་སྩལ་པ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །སྨྱུང་བར་གནས་པའི་ཆོ་ག་མེད། །ཇི་ལྟར་བཤད་པ་ཆོ་གས་བསླབ་པའི་གནས་ཉེ་བར་བཟུང་སྟེ་གང་ཡང་རུང་བའི་ཡིད་དགའ་བར་ཇི་ལྟར་རུང་བའི་དཀྱིལ་འཁོར་བྱས་ཏེ་མེ་ཏོག་སིལ་མ་བཀྲམ་ལ་བདུག་སྤོས་ཀྱིས་བདུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཇི་ལྟར་ནུས་པའི་མེ་ཏོག་ལ་སོགས་པའི་མཆོད་པ་བྱས་ཏེ་སྔགས་འདིས་ཡིད་ཀྱིས་ཀྱང་སྡིག་པ་བཤགས་ཏེ། ཨོཾ་སརྦ་པཱ་པཾ་ཏ་ཀཱ་ཡི་ཀཱ་བཱཀྩི་ཏྟ་ཀ་མ་ན་སོཏྟ་བྷཱ་ཏཱཾ་རཱ་ག་དྭེ་ཥ་མོ་ཧ་མ་ད་མཱ་ན་དྷཱིཥྛེ་ན་ཡ་ད་ཀྲྀ་ཏཾ་ཏན་ཏྲ་ཀཱ་ལི་ཀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། སརྦ་པཱ་པཾ་སྥོ་ཊ་ཡཱ་མི་སཝཱཧཱ། ཨོཾ་སརྦ་པཱ་པཾ་པྲ་ཏི་དེ་ཤ་ཡཱ་མི་སཝཱཧཱ། དེའི་རྗེས་ཐོགས་ལ་བདག་ཉིད་ཀྱི་དངོས་པོ་དབུལ་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱན་ཨཱཏྨ་བྷ་བ་ནི་ནི་རྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏཿ པྲ་ཏི་གྲྀཧྣནྟུ་མཱཾ་སཝཱཧཱ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པུནྱ་ཛྙཱ་ན་སཾ་བྷ་རཱ་ན་ཨ་ནུ་མོ་ད་ཡཱ་མི་སཝཱཧཱ། ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རང་བཞིན་གྱིས་གྲུབ་པའི་སྔགས་ཀྱིས་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ་བྷ་དྲ་མ་ཧཱ་བཛྲ་ས་མ་ཡཾ་མཧཱ་བོ་དྷི་ཙཏྟི། ཨུཏྤཱ་ད་ཡཱ་མི་སཝཱཧཱ།་དེ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ཐོགས་ལ་ཟླ་བའི་ཁ་དོག་ཅན་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ས་བཅུའི་
50a
༄#། །དབང་ཕྱུག་ནོར་བུ་རིན་པོ་ཆེ་ཆེན་པོའི་པདྨའི་སྙིང་པོ་སེངྒེའི་ཁྲིའི་སྟེང་དུ་བདག་ཉིད་བསམ་པར་བྱའོ། །ོཾ་ཤུདྡྷོཉྷཾ། སྔགས་འདིས་བདག་ཡོངས་སུ་དག་པར་རྒྱས་ཏེ།་ཨོཾ་སཝ་བྷཱ་ཝ་ཤུདྡྷ་སརྦ་ཏ་ཐཱ་ག་ཏཱཿ སཝ་བྷཱ་ཝ་བི་ཤུདྡྷོཉཧཾ། སྔགས་འདིས་བདག་ཉིད་ཆོས་ཀྱི་དབྱིངས་ཡངས་པ་འོང་གསལ་བའི་སྣང་བར་ཤིན་ཏུ་གནས་པར་བྱ་སྟེ། ཨོཾ་དྷརྨཱ་དྷཱ་ཏུ་སཝ་བྷཱ་ཝ་ཨཱཏྨ་ཀོ་ཉཧཾ། དེ་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུར་བདག་ཉིད་སྔགས་འདིས་གནས་པར་བྱ་སྟེ། ཨོཾ་པྲ་བྷེ་ཤཝ་ཀོཉཧཾ། དེ་བཞིན་དུ་རིམ་པ་འདིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་སྤྲོས་ནས་བདག་ཉིད་སངས་རྒྱས་ཉིད་དོ། །ཞེས་ང་རྒྱལ་བསྐྱེད་ལ་བདག་སྐྱེ་རྒུ་མ་ལུས་པའི་དཔུང་གཉེན་དུ་བྱས་ལ་ཆོས་ཀྱི་དབྱིངས་རང་བཞིན་གྱི་འོད་གསལ་པར་ལྷག་པར་གནས་པར་བྱས་ཏེ་ཉེ་བར་ཐུན་མཚམས་བཞིར་བཟླས་བ་བསམ་པར་བྱ་སྟེ། ཡི་གེ་ལ་རྗེས་སུ་གཞོལ་བའི་ཡིད་ཀྱིས་འབུམ་ཕྲག་ཉི་ཤུ་བཟླ་བར་བྱ་ཞིང ། ཉི་མ་རེ་རེར་སྟོང་ཕྲག་བརྒྱད་པ་ལ་སྟོང་ཕྲག་རེ་བཟླས་ཏེ་ཇི་སྲིད་མཚན་མ་ཐོབ་པ་དེ་སྲིད་དུའོ། །ཙནྡན་དང ། ག་བུར་དང ། གུར་གུམ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་བྱས་ཏེ་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་པ་བྱས་ནས་ཆོ་འཕྲུལ་
50b
གྱི་ཟླ་བའམ། ས་གའི་ཉ་གང་བ་ལ་མར་གྱི་མར་མེ་སྟོང་ཕྲག་བརྒྱད་སྦར་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ཏེ་སྣ་མའི་མེ་ཏོག་གམ་མེ་ཏོག་པདྨས་དེ་བཞིན་གཤེགས་པ་ཐམས་ཅད་དང ། མཆོད་རྟེན་ལ་མཆོད་དེ་ཇི་སྲིད་འབྲུག་གི་སྒྲ་སྒྲོག་པ་མ་ཐོས་པ་དེ་སྲིད་དུ་བཟླ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་བདག་ལ་གསལ་བར་འགྱུར་བར་ཤེས་པར་བྱའོ། །དེ་ནས་སྲེག་བླུགས་འབུམ་ཕྲག་གཅིག་དགང་བར་བྱས་པས་མཚན་མ་ཐམས་ཅད་གསལ་བར་འགྱུར་རོ། །བྱེ་བ་ཕྲག་བཞི་བཟླས་པས་དབང་ཕྱུག་ཆེན་པོ་ལ་སོགས་པའི་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དེ་ནས་སྒྲུབ་པ་ཆེན་པོ་བྱེད་པར་འདོད་པས་དེ་བཞིན་གཤེགས་པའི་མཐོ་གང་བའི་ཚད་ཀྱིས་དེ་བཞིན་གཤེགས་པའི་མཆོད་རྟེན་བྱས་ལ་མཆོད་རྟེན་རེ་རེའི་མདུན་དུ་སྟོང་ཕྲག་རེ་རེ་བཟླས་པའམ། ཡང་ན་དྲིའི་མཆོད་རྟེན་གྱི་དྲུང་དུ་འབུམ་ལྷག་པའི་བྱེ་བ་ཕྲག་བདུན་བཟླའོ། །བདེ་བར་གཤེགས་པའི་མཐོ་གང་བའི་ཚད་ཀྱིས་མཆོད་རྟེན་ཉི་མ་རེ་རེ་ལ་རེ་རེ་ཇི་སྲིད་བྱེ་བ་ཕྲག་བདུན་བཟླས་པ་རྫོགས་པ་དེ་སྲིད་དུ་བྱའོ། །ཐ་མ་ཡང་མཆོད་རྟེན་འབར་བའི་འོད་དེས་སྒྲུབ་པའི་ལུས་ལ་ཞུགས་པས་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ལ་སོགས་ནས་ཇི་སྲིད་དག་པའི་གནས་ཀྱི་རིས་ཀྱི་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་མེ་ཏོག་གི་ཆར་འབེབས་པར་འགྱུར་རོ། །ལྷ་དང ། ཀླུ་དང ། གནོད་
51a
༄#། །སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་ལ་སོགས་པ་འོངས་ནས་ཀྱང་བསྟོད་པར་བྱེད་ཅིང་ཇི་སྲིད་ཨ་བི་ཙི་མནར་མེད་པའི་བར་གྱི་སེམས་ཅན་དམྱལ་བ་ཐམས་ཅད་བསིལ་བར་འགྱུར་རོ། །ཡི་དྭགས་རྣམས་ཀྱང་ཡི་དྭགས་ཀྱི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྡུག་བསྔལ་བ་རྣམས་ཀྱིས་སེམས་ཅན་རྣམས་ལ་གདུང་བར་མི་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་གཟིགས་པར་འགྱུར་རོ། །དེའི་རྗེས་ལ་ལུས་ངང་པ་གསེར་གྱི་མདོག་ལྟ་བུ་དང ། ལོ་བརྒྱད་གཉིས་ཀྱི་རྣམ་པ་ཅན་དང ། ཏིང་ངེ་འཛིན་དང ། ཡེ་ཤེས་ཐོབ་པ་དང ། ཁ་དོག་དང ། ཚེ་དང ། སྟོབས་དང ། ཤུགས་དང ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང ། འཁོར་ལོས་བསྒྱུར་བ་ལྟར་ཆེ་བ་དང ། སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་སྟེང་དུ་འགྲོ་བ་དང ། རིག་པ་འཛིན་པའི་རྒྱལ་པོར་འགྱུར་བ་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བ་དང ། ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྫུ་འཕྲུལ་གྱིས་འགྲོ་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་ལེགས་\?\་པར་མཆོད་ཅིང་གྲུབ་པ་ཐམས་ཅད་འོད་ཀྱིས་
51b
ལྟུང་བར་འགྱུར་རོ། །བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བའི་སྟན་ཕྱེད་སྟེར་བར་འགྱུར་རོ། །གཟི་བརྗིད་དང ། གཟུགས་དང ། དཔའ་བོས་རིག་པ་འཛིན་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་ཡང་སོ་སོར་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་འདུལ་བ་ལ་མཁས་པར་འགྱུར་རོ། །ཕྱི་མའི་མཐར་ཚེ་བྱིན་གྱིས་བརླབས་ཏེ་སངས་རྒྱས་ཐམས་ཅད་བསྐྱེད་པར་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱ་བ་ངེས་པར་སྟོན་པར་འགྱུར་རོ། །མཆོད་པའི་སྤྲིན་ཐམས་ཅད་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང ། བྱམས་པ་དང ། འཇམ་དཔལ་དང་མཚུངས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་སྒྲུབ་པའི་ཐབས་ཞེས་བྱ་བ་སྟེ་དང་པོའོ།། །།སྒྲུབ་པའི་ཐབས་གཉིས་པ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱས་ཏེ། པི་ཝང་ངམ་ལྡོང་རོས་པདྨའི་སྣོད་དུ་བཞག་ལ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་བྱུང་བ་དེ་སྲིད་དུ་བཟླ་བར་བྱའོ། །སེམས་ཅན་ཐམས་ཅད་དབང་དུ་འགྱུར་བ་དང ། མི་སྣང་བ་དང ། རིག་པ་ཐམས་ཅད་འཛིན་པ་ཉིད་དོ། །རིག་པ་འཛིན་པར་གྱུར་ནས་\?\་ཉི་མ་སྟོང་ཤར་བའི་ཁ་དོག་དང ། ལོ་བརྒྱད་གཉིས་ཀྱི་རྣམ་པར་སྐྲ་ལི་ཞིང་འཁྱིལ་བ་དང ། གདུ་བུ་དང་ལྡན་ཞིང་ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་རིག་པ་འཛིན་
52a
༄#། །པའི་གྲུབ་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་དང ། བསྐལ་པ་ཆེན་པོའི་མཐར་གནས་པ་དང ། རིག་པ་འཛིན་པ་ཐམས་ཅད་ཀྱི་དབང་ཕྱུག་ཏུ་འགྱུར་རོ། ། རིམ་པ་འདིས་རྩེ་གསུམ་བསྒྲུབས་ན་དབང་ཕྱུག་ཆེན་པོར་འགྱུར་རོ། །མཆོད་ཕྱིར་ཐོགས་བསྒྲུབས་ན་ཚངས་པར་འགྱུར་རོ། །འཁོར་ལོས་ཁྱབ་འཇུག་ཏུ་འགྱུར་རོ། །གྲོག་མཁར་གྱི་རྩེ་མའི་ས་བཟུང་སྟེ་ས་སྲུང་གི་བུ་བྱས་ལ་དེ་ལ་ཞོན་ཏེ་བཟླས་ན་དབང་པོར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་བྱས་ཏེ་དེའི་སྟེང་དུ་བསྡད་ན་ཉི་མ་དང་མཚུངས་པར་འགྱུར་རོ། །ཟླ་བའི་དཀྱིལ་འཁོར་གྱི་ཟླ་བའི་སྟེང་འདི་ཉིད་ཀྱིས་ལྷའི་བྱེ་བྲག་གང་གི་མཚན་མར་བཟུང་སྟེ། དེས་དེའི་ལོངས་སྤྱོད་ལ་སྤྱོད་པར་འགྱུར་རོ། །དེ་བཞིན་དུ་རིམ་པ་འདིས་དངུལ་ཆུའམ་བཅུད་ལེན་གང་བསྒྲུབས་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་དེའི་ཚེ་སྒྲུབ་པ་ལན་བདུན་བྱའོ། །བདུན་བྱས་པས་ཅི་ནས་ཀྱང་འགྲུབ་པར་འགྱུར་རོ། །ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བསྒྱུར་པས་བཀའ་སྩལ་པ། འབུམ་ཕྲག་གསུམ་བཟླས་པས་རི་བོ་ལྷུན་པོའི་ཚད་ཙམ་གྱི་རི་བོ་ཡང་ཧཱུཾ་ཞེས་བརྗོད་པས་ལྷུང་བ་དང ། རྒྱ་མཚོ་སྐེམ་པ་དང ། ལྗོན་པ་དྲུང་ནས་འབྱིན་པ་དང ། བུམ་པ་ནམ་མཁའ་ལ་འཕེན་པ་དང ། གླང་པོ་ཆེ་རེངས་པར་བྱེད་པ་དང ། ཕ་རོལ་གྱི་སྡེ་མངོན་པར་འཇོམས་པར་བྱེད་པ་དང །
52b
བར་སྣང་ན་གནས་པ་ཐམས་ཅད་ལྟུང་བར་བྱེད་པའོ། །སེམས་ཅན་ཐམས་ཅད་འབེབས་པར་བྱེད་དོ། །སྒྲུབ་པ་པོ་ལས་གང་དང་གང་སྒྲུབ་པར་འདོད་པ་དེ་དང་དེ་ཐམས་ཅད་བྱེད་དོ། །ཡང་ན་ཟླ་བ་གཅིག་ཙམ་མི་སྨྲ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་བདག་ཉིད་བསྒོམས་ན། སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ། །སྒྱུ་འཕྲུལ་དྲ་བ་ཐམས་ཅད་སྟོན་པར་འགྱུར་རོ།། ནམ་མཁའ་ལ་གནས་ཤིང་འཆག་པར་བྱེད་དོ། །མེ་འབར་བ་དང་གློག་འགྱུ་བ་ལ་སོགས་པ་སྟོན་པར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སྟོང་ཕྲག་ཀྱང་གཡོ་བར་བྱེད་དོ། །སྒྲུབ་པ་པོས་བྱེ་བ་ཕྲག་བདུན་བཟླས་ནས་འདི་དག་ཐམས་ཅད་བསྒྲུབ་པར་བྱའོ། །རིམ་པ་འདིས་ལྷུང་བཟེད་དང ། ཆོས་གོས་དང ། སྣམ་སྦྱར་དང ། འཁར་གསིལ་ལས་གང་ཡང་རུང་བ་བཟུང་ནས་ཇི་སྲིད་རིག་པ་འཛིན་པར་གྱུར་པ་དེ་སྲིད་དུ་བཟླ་བར་བྱའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་དང ། སྤྲུལ་པ་དུ་མ་བྱེད་པ་དང ། འདོད་ན་འཆི་བ་དང ། སྐད་ཅིག་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེ་བར་གནས་པར་བྱེད་དོ། །སངས་རྒྱས་ཀྱི་གཟུགས་ཀྱིས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ཀྱང་བྱེད་དོ། །སྒྲུབ་པའི་ཐབས་གཞན་ཡང་བདེ་བར་གཤེགས་པའི་མཐོའི་ཚད་ཀྱི་མཆོད་རྟེན་འབུམ་ཕྲག་གཅིག་བྱས་ཏེ་རྨ་མེད་པའི་རལ་གྲི་བླངས་
53a
༄#། །ལ་ཆོ་འཕྲུལ་གྱི་ཟླ་བ་ཕྱེད་ལ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་དེ་བརྒྱད་པའམ། བཅུ་བཞི་པའམ། ཉ་གང་བ་ལ་སྐྱིལ་ཀྲུང་བཅས་ཏེ་ཇི་སྲིད་དུ་རལ་གྲི་འབར་བ་དེ་སྲིད་དུ་བཟླ་བར་བྱའོ། །དེའི་རྗེས་ཐོགས་ཉིད་ལ་རྔ་བོ་ཆེ་རྣམས་ཀྱི་སྒྲ་གྲག་གོ་།སྟེང་ནས་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །ལྷན་ཅིག་པ་ཇི་སྙེད་པ་དང་བཅས་པ་སྟེང་དུ་འགྲོའོ། །རིག་པ་འཛིན་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་རོ། །རལ་གྲིའི་རིག་པ་འཛིན་པ་ཆེན་པོའི་འཁོར་ལོས་བསྒྱུར་བ་རྣམ་པ་སྣ་ཚོགས་པའི་ཆོས་གོས་དང་རྒྱན་འཆང་བ། འདོད་རྒུར་རྒྱུ་བ། སྐད་ཅིག་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་སྤྱོད་པ་དང ། རྒ་ཤི་མེད་པ་དང ། ཉི་མ་རེ་རེ་ཞིང་སངས་རྒྱས་ཀྱི་བདག་ཉིད་ཆེ་བ་མཐོང་བ་དང ། མཆོད་པའི་སྤྲིན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མཆོད་པའི་ཆར་འབེབས་པ་དང ། བསྐལ་པ་ཆེན་པོ་སྟོང་ཕྲག་ཏུ་འཚོ་བར་འགྱུར་རོ། །དེ་ནས་སྒྲུབ་པའི་ཐབས་གཞན་ཡང་འཁོར་ལོའམ་པ་ཊི་ས་བླངས་ཏེ་འབུམ་ཕྲག་ཉི་ཤུ་བཟླས་པ་ཡོངས་སུ་རྫོགས་པ་དང་དཔལ་གྱི་སྒོར་སོང་སྟེ་ནིམ་པའི་ལོ་མ་ཚ་བའི་མར་ཁུ་ལ་བཏབ་པ་འབུམ་ཕྲག་གཅིག་སྲེག་བླུགས་བྱའོ། །ལྷ་མ་ཡིན་གྱི་འཁྲུལ་འཁོར་ཐམས་ཅད་འབྱེད་པར་འགྱུར་རོ། །ལྷ་མ་ཡིན་གྱི་བུ་མོ་
53b
ཐམས་ཅད་འོང་བར་འགྱུར་རོ། །གལ་ཏེ་མ་གྲུབ་ན་འབུམ་ཕྲག་གཉིས་སམ་གསུམ་དུ་སྲེག་བླུགས་བྱའོ། །ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་བསྲེགས་བཞིན་དུ་འོང་བར་འགྱུར་རོ། ། འོངས་ནས་ཀྱང་སྒྲུབ་པ་པོ་ལ་ཞུ་བར་བྱེད་དེ། ཀྱེ་སྐྱེས་བུ་དཔའ་བོ་འཇུག་ཏུ་གསོལ་ཞེས་སྨྲའོ། །དེ་ནས་གྲོགས་དང་བཅས་ནས་འཇུག་པར་བྱའོ། །རལ་གྲིའམ་འཁོར་ལོ་དེ་བཟུང་ནས་ལྷ་མ་ཡིན་གྱི་རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །ས་འོག་གི་རྫས་རྣམས་ཀྱི་མངའ་བདག་།ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་ཀྱི་བདག་པོ། གསང་སྔགས་གྲུབ་པ་གཞན་ཐམས་ཅད་དང་ལྷ་མ་ཡིན་གྱི་རིག་པ་འཛིན་པ་རྣམས་ཀྱི་དབང་ཕྱུག་ས་འོག་ཐམས་ཅད་ཀྱི་བདག་པོ། ལྷ་མ་ཡིན་ཆེན་པོའི་སྤྲུལ་པ་བྱེད་པ་པོ་བསྐལ་པ་ཆེན་པོར་གནས་པ། ཁྱབ་འཇུག་གི་འཁོར་ལོ་ཧཱུཾ་ཞེས་བྱ་བ་བརྗོད་པ་ཙམ་གྱིས་བརླག་པར་བྱེད་པ། ཁྱབ་འཇུག་ཀྱང་ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་བརླག་པར་བྱེད་ན། གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། སྒྲུབ་པའི་ཐབས་གཞན་ཡང་བདེ་བར་གཤེགས་པའི་མཆོད་རྟེན་འབུམ་ཕྲག་སུམ་ཅུ་བྱས་ཏེ་མཆོད་རྟེན་རེ་རེའི་མདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླ་བར་བྱའོ། །ཐམས་ཅད་ལ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ལ་ཐ་མར་མེ་ཏོག་ཅན་གྱི་ལྕགས་ལ་འཁོར་ལོ་རྩིབས་དྲུག་པ་མཐོ་གང་ཙམ་པ་བཟུང་ནས་ཆོ་འཕྲུལ་གྱི་ཟླ་བ་ཕྱེད་པ་ལ་སྐྱིལ་ཀྲུང་བཅས་ཏེ་ཇི་སྲིད་འབར་བ་དེ་སྲིད་དུ་
54a
༄#། །བཟླ་བར་བྱའོ། །དེ་བླངས་པས་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་ཀྱི་མངའ་བདག་།དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཐམས་ཅད་འདུལ་བར་བྱེད་པ། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་འཚོ་བ་དང ། འཇིག་རྟེན་གྱི་ཁམས་སྟོང་རྫུ་འཕྲུལ་གྱིས་གནོན་པ་དག། མཆོད་པའི་སྤྲིན་བརྒྱ་སྟོང་ཕྲག་གིས་མཆོད་པར་བྱེད་པ་དང ། སངས་རྒྱས་སྟོང་ཕྲག་མཐོང་བར་འགྱུར་རོ། །དེ་རྣམས་ལ་ཉི་མ་རེ་རེ་ཞིང་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པར་བྱེད་དོ། །སྒྲུབ་པའི་ཐབས་རྒྱས་པ་གཞན་ཡང་མཆོད་རྟེན་འབུམ་ཕྲག་དྲུག་ཅུ་བྱས་ཏེ་སྔོན་དུ་བསྙེན་པ་བྱས་ལ་བྱེ་བ་བཟླ་བའོ། །དེ་ནས་མཚན་ཉིད་དང་ལྡན་པའི་རོ་བླངས་ལ་ཁྲུས་བྱས་ནས་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་དེ་ཇི་སྲིད་མ་ལངས་པ་དེ་སྲིད་དུ་བཟླ་བར་བྱའོ། །ལངས་ནས་དངུལ་ཆུ་དང ། བཅུད་ལེན་དང ། མི་སྣང་བ་ལ་སོགས་པ་ཐམས་ཅད་དེས་སྟེར་བར་བྱེད་དོ། །གལ་ཏེ་མི་སྟེར་ན་ཇི་སྲིད་ཁ་ལས་ལྕེ་མ་བྱུང་བ་དེ་སྲིད་དུ་བཟླ་བར་བྱའོ། །དེ་ནས་མཚོན་རྣོན་པོས་དེ་གཅད་པར་བྱའོ། །དེ་བཟུང་བས་ཉི་མ་སྟོང་གི་གཟི་བརྗིད་ཅན། རིག་པ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་སྟོང་ཕྲག་དྲུག་ཅུའི་འཁོར་ཅན། ཚེ་བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་འཚོ་བ། སངས་རྒྱས་
54b
གྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་དང ། རི་བོ་ལྷུན་པོ་བྱེ་བ་ཕྲག་སྟོང་སྒུལ་བ་དང ། གླིང་སྟྔ་ཕྲག་འཕེན་པ་དང ། རྒྱ་མཚོ་སྟོང་ཕྲག་སྐམ་པ་དང ། ལྷའི་འཇིག་རྟེན་བརྒྱ་སྟོང་ཕྲག་བསྡིགས་པ་དང ། ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ལྷུང་བ་དང ། སྐྲ་ལི་ཞིང་འཁྱིལ་པ་དང ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་དང ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྟེ། བསྲེག་པའི་བསྐལ་པ་ན་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་ཞིང་རྒ་བ་དང་འཆི་བ་མེད་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་དང ། དཔག་བསམ་གྱི་ཤིང་དང ། བུམ་པ་བཟང་པོ་དང ། ནོར་གྱི་ཆར་པ་དང ། ནམ་མཁའ་མཛོད་ཀྱི་ཏིང་འཛིན་ཆེན་པོ་དང ། རིན་པོ་ཆེ་ཆེན་པོའི་ལག་པ་དང ། ནོར་རྒྱུན་གྱི་རྟོག་པ་ཆེན་པོ་དང ། སེམས་ཅན་གྱི་རེ་བ་ཐམས་ཅད་རྗེས་སུ་འགེངས་པ་དང ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དང ། རིན་པོ་ཆེ་ཐམས་ཅད་ཀྱང་བསྒྲུབ་པར་བྱའོ། །དེ་ལ་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། བསྙེན་བཀུར་བ་རིན་པོ་ཆེའོ། །དེ་ནས་སྒྲུབ་པའི་ཐབས་གཞན་ཡང་ཙནྡན་དཀར་པོ་ལས་པདྨ་སོར་དྲུག་པའི་ཚད་བྱས་པ་པདྨ་དེ་ལག་པར་བཟུང་
55a
༄#། །ནས་ཟླ་བ་དྲུག་ཏུ་སྐྱིལ་ཀྲུང་བཅས་ཏེ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ནས་ཐུན་མཚམས་གསུམ་མམ་བཞིར་གྲངས་མི་གཟུང་བར་བཟླ་བར་བྱའོ། ། ཟླ་བ་དྲུག་ཡོངས་སུ་རྫོགས་པ་དང་པདྨ་འབུམ་ཕྲག་བདུན་སྲེག་བླུགས་བྱའོ། །ཟླ་བ་ཉ་ནས་སྒྲུབ་པ་བརྩམ་པར་བྱ་སྟེ། ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ལ་སྐྱིལ་མོ་ཀྲུང་བཅས་ནས་མཚན་ཐོག་ཐག་བཟླ་བར་བྱའོ། །ཐོ་རངས་ཀྱི་ཚེ་རིག་པ་འཛིན་པར་འགྱུར་རོ། །སྐྲ་ལི་ཞིང་འཁྱིལ་བ་དང ། ལོ་བརྒྱད་གཉིས་ཀྱི་རྣམ་པར་རྒྱན་གྱི་ཚོགས་ཐམས་ཅད་ཀྱིས་བརྒྱན་པ། ཉི་མ་སྟོང་ཕྲག་ཤར་བའི་འོད་དང་མཚུངས་པ། རིག་པ་འཛིན་པ་བྱེ་བ་ཕྲག་དུ་མའི་འཁོར་ཅན། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ། ཚངས་པ་ལ་སོགས་པའི་ལྷ་རྣམས་མངག་གཞུག་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐད་ཅིག་ཙམ་གྱིས་རྣམ་པར་རྒྱུ་བ་དང ། མཆོད་པའི་སྤྲིན་དུ་མས་དེ་བཞིན་གཤེགས་པ་རྣམས་རྣམ་པར་མཆོད་པར་འགྱུར་རོ། །དེ་བཞིན་དུ་ཨུཏྤ་ལའི་སྒྲུབ་པ་དང ། ཙནྡན་དམར་པོ་པདྨའི་སྒྲུབ་པ་ཡང་ངོ ། །སྒྲུབ་པ་གཞན་ཡང་བསྒྲུབ་པར་བྱ་བ་ནི། ཤེལ་དང ། པདྨ་རཱ་ག་དང ། མུ་ཏིག་གི་འབྲས་བུའམ་རིན་པོ་ཆེ་ཡོངས་སུ་རྟོག་པར་བྱེད་པ་པོས་ཡོངས་སུ་བརྟགས་པ་ལ་བདེ་བར་གཤེགས་པའི་མཐོའི་ཚད་ཙམ་པའི་མཆོད་རྟེན་འབུམ་ཙམ་བྱས་ཏེ་
55b
གང་ཡང་རུང་བའི་གྲངས་མི་གཟུང་བར་ཇི་སྲིད་བདག་ཡོངས་སུ་དག་པར་མཐོང་བ་དེ་སྲིད་དུ་བཟླ་བར་བྱའོ། །དེའི་རྗེས་སུ་མངར་གསུམ་གྱིས་སྦགས་པའི་པདྨ་འབུམ་དང ། སྣ་མའི་མེ་ཏོག་འབུམ་ཕྲག་གསུམ་དང ། ་ག་རུའི་ཡམ་ཤིང་འབུམ་དང ། ཙནྡན་གྱི་ཡམ་ཤིང་འབུམ་ཕྲག་གསུམ་དང ། ཏིལ་དང་འབྲས་འབུམ་ཕྲག་བཞི་དང ། ཞོ་ཟན་འབུམ་དང ། མར་གྱི་སྲེག་བླུགས་སྟོང་ཕྲག་གསུམ་དང ། སྨན་ཐམས་ཅད་པའི་སྲེག་བླུགས་འབུམ་ཕྲག་གཅིག་བྱས་ལ། སྦྱིན་སྲེག་ཡོངས་སུ་རྫོགས་པ་དང ། དཀར་པོའི་ཚེས་བཅོ་ལྔ་ལ་བསྒྲུབ་པར་བྱའོ། །སྐྱིལ་མོ་ཀྲུང་བཅས་ཏེ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ལ་ཇི་སྲིད་ནོར་བུ་རིན་པོ་ཆེ་འབར་བ་དེ་སྲིད་དུ་བཟླ་བར་བྱའོ། །འབར་ནས་ཀྱང་རིག་པ་འཛིན་པ་གཞོན་ནུ་གདོང་དུ་འགྲོ་བར་འགྱུར་རོ། །སྐྲ་ལི་ཞིང་འཁྱིལ་བ་དང ། ལོ་བརྒྱད་གཉིས་ཀྱི་རྣམ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱོགས་བཅུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་རྒྱས་པར་གསལ་བར་བྱེད་པ། རིག་པ་འཛིན་པ་ཐམས་ཅད་ཀྱི་བླ་མ་འཁོར་ལོས་བསྒྱུར་བ་ཆེན་པོར་འགྱུར་རོ། །ཡིད་བཞིན་ནོར་བུའི་དངོས་གྲུབ་བྱང་ཆུབ་སེམས་དཔའ་ཆེན་པོའི་རིག་པ་འཛིན་པ་ཞེས་བརྗོད་དོ། །སངས་རྒྱས་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བར་བྱེད་དོ། །སྐད་ཅིག་ཙམ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་བསྐོར་ནས་སླར་དེ་ཉིད་དུ་འོང་བར་འགྱུར་རོ། །གལ་ཏེ་
56a
༄#། །འདོད་ན་བྱང་ཆུབ་སེམས་དཔའི་ཚོགས་མངོན་པར་རྫོགས་པར་བྱས་ཏེ་ལུས་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་བཞིན་དུ་སྒྲུབ་ཐབས་ཀྱི་ལེའུ་ལ་བྲིས་སྐུ་དང ། ཤིང་ལྷམ་དང ། མུ་ཏིག་གི་ཕྲེང་བ་ཡང་ཡིད་བཞིན་གྱི་ནོར་བུའི་ཆོ་གས་བསྒྲུབ་པར་བྱའོ། །ཐམས་ཅད་དུ་འགྲུབ་པར་འགྱུར་རོ། །སྒྲུབ་པའི་ཐབས་གཞན་ཡང་མཆོད་རྟེན་བྱེ་བ་ཕྲག་སྟོང་བྱས་ཏེ་འབུམ་ཕྲག་བདུན་བཟླ་བར་བྱའོ། །ཡོངས་སུ་རྫོགས་པ་དང ། མེ་ཏོག་ཅན་གྱི་ལྕགས་སམ་ལྕགས་ལྔའི་རང་བཞིན་གྱི་རྡོ་རྗེ་རྩེ་མོ་ལྔ་པ་སོར་བཅུའི་ཚད་དམ། བདེ་བར་གཤེགས་པའི་མཐོའི་ཚང་ཙམ་ཆོ་འཕྲུལ་གྱི་ཟླ་བ་ཕྱེད་ལ་མཚན་ཐོག་ཐག་ཁྲིའི་སྟེང་དུ་ལག་པ་བཀབ་ལ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླ་བར་བྱའོ། །དེ་བཟུང་ནས་རྡོ་རྗེའི་རིག་པ་འཛིན་པ་འཁོར་ལོས་བསྒྱུར་བ་ཆེན་པོ་ཉི་མ་བྱེ་བ་བརྒྱ་ཕྲག་དང་རྗེས་སུ་འཚམ་པ། རྡོ་རྗེ་འཆང་བ་ལྟར་གཟི་བརྗིད་དང་ལྡན་ཞིང་འོད་གསལ་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་ཞིང་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ལ་ཅི་བསྒོ་བ་ཉན་པར་འགྱུར། །ལྷ་མ་ཡིན་རྣམས་སྐྲག་པ་དང ། སྲིན་པོ་རྣམས་འཇོམས་པ་དང ། སེམས་ཅན་ཐམས་ཅད་དེའི་ཅི་བསྒོ་བ་བྱེད་པར་འགྱུར་བར་བཅོམ་
56b
ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫས་ཀྱི་བྱ་བ་སྒྲུབ་པ་ཞེས་བྱ་བའི་ལེའུ་ཡོངས་སུ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་སླར་ཡང་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ཀ་ཀྵ་སྦྱར་བ་སྟེ། མཐའ་ཡས་པ་ཁ་སྦྱར་བ་ཞེས་བྱ་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་གསང་སྔགས་ཀྱི་ཀ་ཀྵ་པུ་ཊ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །སངས་རྒྱས་ཀུན་གྱིས་རྗེས་སུ་སྐྱོབ། །གསང་སྔགས་ཀ་ཀྵ་སྦྱར་ཞེས་བྱ་།གསང་ཆེན་མཆོག་ཏུ་རྨད་དུ་བྱུང་།། གྲུ་བཞི་པ་ལ་ཚད་མཛེས་པ། །ཀུན་ནས་ཡོངས་སུ་བཟང་ཞིང་དག་།རེ་མིག་བཞི་བཅུ་ཞེ་དགུ་པ། །མདོར་བསྡུས་ནས་ནི་སྔགས་པས་བྱ། །དང་པོའི་ཕྲེང་བཟང་གཉིས་ལ་ནི། ། སོགས་བློ་གྲོས་ལྡན་པས་དགོད། །ཀ་སོགས་ལྷག་མའི་ར་མིག་ལ། །སྔགས་པས་མདོ་རུ་བསྡུས་ཏེ་བྲི། །སྦྱོར་བ་ཇི་བཞིན་ཡི་གེ་ཀུན། །གོ་རིམ་བཞིན་དུ་དགོད་པར་བྱ། །རེ་མིག་སྟོང་པ་
57a
༄#། །དག་ལ་ནི། །ཀྵ་ཡིག་དང་ནི་རྡོ་རྗེ་བྲི། །རིམ་པ་དེ་དག་བཀོད་ནས་ནི། །རང་སྡེའི་འོག་ཏུ་འབར་བ་མཆོག་།དང་པོ་དབྱངས་ལ་དེའི་རྗེས་སུ། །ཡི་གེ་ཕྱག་རྒྱ་མདོར་བསྡུས་པ། །ཀ་ཙ་ཊ་ཏ་པ་ཡ་ཤ། དག་ཅིང་ཆུ་ཡི་དཀྱིལ་འཁོར་ལྡན། །འདི་རྣམས་མྱུར་དུ་འགྲུབ་པར་བྱེད། །པདྨའི་རིགས་ཀྱི་ལྷའི་ཉིད་དོ། །དོན་ཀུན་གྲུབ་པར་ཡང་དག་ལྡན།། མེ་ཡི་དཀྱིལ་འཁོར་ཞེས་སུ་བཤད། །འབར་བའི་མེ་དང་མཚུངས་པའི་འོད། །ཁ་ཚ་ཋ་ཐ་ཕ་ར་ཥ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ལྡན། །ག་ཛ་ཌ་ད་བ་ལ་ས། །དངོས་གྲུབ་ཀུན་བྱེད་རླུང་གཟུགས་ལྡན། །དབྱར་གྱི་སྤྲིན་ལྟར་ཤིན་ཏུ་འཇིགས། །གྷ་ཛྷ་ཌྷ་དྷ་བྷ་ཝ་ཧ། །སྟེང་འགྲོས་དངོས་གྲུབ་བྱེད་པར་བརྗོད། །སླར་ཡང་ང་ཉ་ཎ་ན་མ། །ཆོས་ཀུན་དབང་དུ་བྱེད་པ་མཆོག་།ཐོག་མའི་དབྱངས་ཡིག་གང་ཡིན་པ། །དེ་ན་དེ་བཞིན་གཤེགས་སྟོབས་བཅུ། །ཁྱད་པར་ཡན་ལག་བཅུ་གཉིས་བཤད། །དེ་བཞིན་གཤེགས་པའི་ས་བཅུ་གཉིས། །མ་ནིང་ཡི་གེ་བཞི་པོ་སྤོང ། །རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བ། །དབྱངས་དང་ས་བོན་དེ་བཞིན་སྔགས། །དེ་དག་ཡི་གེ་རུ་ཡང་བཤད། །དབང་དུ་བྱེད་པའི་སྡེ་ཚན་ཀུན། །ཐིག་ལེ་སྒྲ་གཙུག་ཟླ་ཕྱེད་ཅེས། །སྣ་ལྡན་གྱི་ནི་ཕྲེང་ཞེས་བཤད། །སངས་རྒྱས་དེ་བཞིན་བྱང་སེམས་ཀྱི། །ཡི་གེར་བརྗོད་པ་དེ་བཞིན་ཞིང ། །གསལ་བྱེད་ཅེས་གྱིས་གསལ་བའོ། །དེ་བཞིན་
57b
ཡ་ར་ལ་ཝ་རླུང ། །མེ་དང་དབང་ལྡན་བདག་པོ་སྟེ། །འབྱུང་བ་ཆེན་པོའི་ཁམས་རྣམས་སོ། །རླུང་མེ་བདུད་རྩིའི་བཅུད་ཅེས་བཤད། །མཉམ་དང་མི་མཉམ་ཆ་དབྱེ་བས། །ཐམས་ཅད་ཉིད་ཀྱི་ལམ་ཞེས་བྱ། །ཕྱག་རྒྱ་དང་ནི་དཀྱིལ་འཁོར་སྔགས། །ཏིང་འཛིན་མདོར་བསྡུས་བཤད་པའོ། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཆོས་རྣམས་ཀུན་གྱི་སྡོམ་དུ་བརྗོད། །སྟོང་པ་མཚན་མེད་སྨོན་མེད་པ། །རྣམ་པར་ཐར་པ་གསུམ་དུ་བཤད། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །མཁས་པ་ཡིས་ནི་ཤེས་པར་བྱ། །དེ་ནི། སྔགས་གྱི་ཀ་ཀྵའི་སྦྱོར་བ་ལ་རབ་ཏུ་བཏུས་པ་སྦྱར་བ་དང ། ཕྲལ་བ་བཤད་པར་བྱའོ། །ཡི་གེ་རྣམས་ཀྱིས་བྱང་ཆུབ་སྤྱོད། །སངས་རྒྱས་ཉིད་ཀྱང་མྱ་ངན་འདས། །ལྷན་ཅིག་ཉིད་དུ་སྦྱར་བར་བྱ། །དབྱངས་རྣམས་ཀྱི་ནི་བསྡུས་པ་བཤད།། མཚན་ཉིད་ཀྱང་ནི་རབ་བཤད་བྱ། །དབྱངས་ནི་བྱང་ཆུབ་གཟུགས་ཉིད་དེ། །གཞན་དང་ལྷན་ཅིག་སྦྱར་བར་བྱ། །དེ་ལ་ངེས་པར་སངས་རྒྱས་ཉིད། །སྟེར་བ་ཉིད་དུ་ལེགས་པར་བཤད། །ཐོག་མར་སངས་རྒྱས་ཐམས་ཅད་ཀྱི། །གསང་སྔགས་དྲི་མ་མེད་འབྱུང ། །ཐོག་མར་དབྱངས་ནི་ཐིག་ལེར་ལྡན། །རྡོ་རྗེའི་སྟེང་དུ་ཡང་དག་གནས། །འབར་བའི་ཕྲེང་ཅན་རབ་ཞི་བ། །རྣམ་པར་འཕྲོ་བ་ཉིད་དུ་གནས། །ཟླ་བའི་དབུས་སུ་བསྒོམ་བྱ་བ། །ཀུན་གྱི་ཡེ་ཤེས་འོད་པོ་ཆེ། །ཀུན་ཏུ་འགྲོ་བ་རབ་ཏུ་ཐོབ། །ཐམས་ཅད་དུ་ཡང་རྙེད་པར་དཀའ། །དེ་ནི་གདོད་ནས་གནས་རྟག་པ། །ཡི་གེ་
58a
༄#། །མེད་ཅང་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བཤད། །དུང་དང་ཀུན་ད་ཟླ་ལྟར་དག་།གཉིས་པའི་སྒྲ་དང་ཡང་དག་ལྡན། །དེ་ནི་ཤིན་ཏུ་རིང་པོར་ཤེས། །སངས་རྒྱས་ཀུན་གྱི་སྤྱོད་པ་སྟེ། །ས་དང་ཕ་རོལ་ཕྱིན་པ་རྣམས། །སུ་སྨ་རྣམས་ཀྱི་རྣམ་པ་ནི། །མྱ་ངན་འདས་པ་ཞེས་སུ་སྒྲགས། །དབྱངས་དང་ཡི་གེ་ཁྱད་པར་ཅན། །མཆན་ཉིད་རབ་ཏུ་སྦྱར་བར་བྱ། །རང་གི་ཕྱག་རྒྱ་སོགས་ལྡན་པའི། །སངས་རྒྱས་བྱང་ཆུབ་རབ་སྩོལ་བྱེད། །ད་ནི་སངས་རྒྱས་ཐམས་ཅད་ཀྱི། །སྔགས་ཀྱི་དེ་ཉིད་འདིར་བཤད་བྱ། །ཐོག་མར་སྦྱོར་བ་བྱས་ནས་ནི། །གཉིས་པ་སྨྲ་བ་པོ་རུ་བཤད། །བཞི་པའི་དབྱངས་ཀྱིས་ཀུན་ནས་མནན། །གསུམ་པ་མ་ཡི་མིང་ཅན་ནོ། །རྒྱུ་མེད་པས་ཏེ་ཅུང་ཟད་པ། །བཞི་པ་ཡིས་ནི་གསལ་བར་བྱས། །དྲུག་པའི་སྒྲ་དང་ལྡན་པ་ལ། །དེ་ཡི་སྟེང་དུ་ཐིག་ལེ་གནས། །ཆོས་ཀུན་ནམ་མཁའ་དང་མཚུངས་པར། །ཡང་དང་ཡང་དུ་བཤད་པ་ཡིན། །དེ་ནི་ལྔ་པར་ཤེས་པར་བྱ། །ཡི་གེ་ལྔ་པ་སྟོབས་པོ་ཆེ། །ཡི་གེ་ལྔ་ཡི་སྟོབས་ལྔའི་བདག་ཉིད་ལས་སྐྱེས་གཙོ། །མཐུ་སྟོབས་ཆེན་པོ་ཁྱབ་བདག་སྲིད་པའི་བདག་ཉིད་སྐྱེས། །མཐུ་སྟོབས་ཆེན་པོ་སྲིད་གསུམ་ལས་རབ་གྲོལ་བྱེད་པ། །ཡི་གེ་ལྔ་ནི་འགྲོ་བ་དྲུག་ལས་གྲོལ་བའི་བདག་།མངོན་ཤེས་དྲུག་ཀྱང་རབ་ཏུ་སྟེར་བྱེད་དྲི་མ་མེད། །དེ་ཉིད་བཅོམ་ལྡན་སྤྱོད་པ་སྟེ། །མི་བསྐྱོད་པ་ཞེས་རབ་ཏུ་གྲགས་
58b
བྱང་སེམས་རྡོ་རྗེ་སེམས་དཔའ་སྟེ། །བརྟན་པའི་སེམས་དཔར་རང་བྱུང་བ། །ཆོས་ཀུན་གྱི་ནི་དེ་བཞིན་ཉིད། །གང་བསྒྲགས་དེ་ནི་ཐམས་ཅད་དུ། །མེ་ཡི་ས་བོན་དང་ལྡན་པ། །སྤྱོད་པ་ཡི་ནི་སྟེང་དུ་གནས། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི། །རིན་ཆེན་འབྱུང་ལྡན་ཞེས་སུ་བཤད། །ཆོས་རྣམས་ཀུན་གྱི་བྱེད་པ་ནི། །མེད་པ་ཉིད་དུའང་བཤད་པའོ། །མེ་ཡི་ས་བོན་ཡང་དག་ལྡན།། བཞི་པའི་དབྱངས་ཀྱིས་སྤྱི་བོ་རུ། །མནན་པ་རྒྱལ་བ་འོད་དཔག་མེད། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི། །སྣ་ཚོགས་དེ་བཞིན་གཤེགས་པ་ཀུན། །དྲུག་པའི་དབྱངས་དང་ཡང་དག་ལྡན།། དོན་ཡོད་པ་ཡི་སྙིང་པོར་གྲགས། །སྡེ་ལྔ་པ་ཡི་བཞི་པ་ནི། །དངོས་དང་དངོས་མེད་རབ་རྟོགས་བྱེད། །མེ་ཡི་ས་བོན་རབ་ཏུ་ལྡན། །འཁོར་ལོའི་དབུས་སུ་རབ་ཏུ་གནས། །དྲུག་པའི་དབྱངས་དང་ཡང་དག་ལྡན། །ཐིག་ལེ་སྒྲ་ཡིས་རྒྱུས་པར་སྤྲས། །འཁོར་ལོས་བསྒྱུར་བ་ཡེ་ཤེས་ཆེ། །རྣམ་པར་རྒྱལ་བའི་ནོར་སྟེར་བྱེད། །གང་ཞིག་སྡེ་ལྔ་པ་ཡི་མཐའ། །སྒྱུ་མའི་ཆོས་ལ་རབ་ཏུ་གནས། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི། །གདུགས་དཀར་ཞེས་སུ་བཤད་པའོ། །བརྒྱད་པའི་དབྱངས་དང་ཡང་དག་ལྡན། །བྱམས་པ་ཞེས་ནི་གྲགས་པ་སྟེ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་\?\། །སྤྱི་བོར་ཐིག་ལེས་མནན་པའོ། །འཇམ་པའི་དབྱངས་དང་ཡེ་ཤེས་ཆེ། །མཱ་མེ་བཱི་རུ་དེ་བསྒྲགས་སོ། །ལྔ་ཡི་དབྱངས་དང་ཡང་དག་ལྡན། །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས།
59a
༄#། །སྤྱོད་པའི་གར་མཁན་རབ་རྟོགས་མིང ། །སྡིག་པ་ཐམས་ཅད་རེངས་བྱེད་དེ། །རྣམ་པར་སེལ་བ་ཞེས་བྱ་བ། །སྡིག་ཀུན་རྣམ་པར་སྦྱོང་བྱེད་པ། །སྡེ་ཚན་ལྔ་པའི་གསུམ་པ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་དང ། །གཤིན་རྗེ་མཐར་བྱེད་ཁྲོ་བོ་ཆེ། །ཡི་གེ་གསུམ་ནི་སྟོབས་ཆེན་པོ། །ཐོག་མར་དགུ་པ་ཡི་ནི་དབྱངས། །དེ་ཡི་དབུས་སུ་སྤྱོད་པ་བཞག་།ཐ་མར་སྣ་ཚོགས་ཞེས་བྱ་སྦྱར། །སྐུ་གསུམ་དུ་ནི་རྣམ་པར་བསྒོམ། །ཐ་མའི་སྡེ་ཚན་གསུམ་པ་ནི། །གང་ཡིན་ཀུན་ཏུ་བཟང་པོར་བཤད། །སྡེ་ཚན་དང་པོའི་གསུམ་པ་ནི། །སངས་རྒྱས་སྤྱན་ཞེས་བྱ་བའོ། །དེ་ཉིད་བཅོམ་ལྡན་མགོན་པོ་ནི། །ནམ་མཁའི་མཛོད་ཅེས་རབ་ཏུ་གྲགས། །རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། །དེ་ཉིད་རབ་ཏུ་གྲགས་པའོ། །འདི་ཀུན་ཐམས་ཅད་སྟོང་པ་སྟེ། །རྒྱུ་ནི་རབ་ཏུ་སྤངས་པའོ། །དབྱངས་ལྔ་དང་ནི་ཡང་དག་ལྡན། །རྡོ་རྗེ་ཧཱུཾ་མཛད་ཧཱུཾ་མཛད་དོ། །གང་ཞིག་བཞི་པའི་སྡེ་དང་པོ། །མེ་དང་རབ་ཏུ་ལྡན་པ་དང ། །བཞི་པའི་དབྱངས་དང་ཡང་དག་ལྡན། །གཟི་བརྗིད་ཕུང་པོ་སྟོབས་པོ་ཆེ་དེ་ཉིད་གང་དང་མ་སྦྱར་བ། །སྒྲོལ་མ་ཞེས་སུ་རབ་ཏུ་གྲགས། །བཞི་པ་ཡི་ནི་གཉིས་པ་དང ། །ཤེས་རབ་ཕ་རོལ་ཕྱིན་པར་ངེས། །ཐིག་ལེ་ལྷན་ཅིག་ཡང་དག་ལྡན། །སྒྲ་དང་ལྡན་པའི་མཆོག་ཏུ་གྱུར། །སྡེ་ཚན་གཉིས་པའི་གསུམ་པ་གང ། །མེ་ཉིད་དང་ནི་ཡང་དག་ལྡན། །བཞི་པའི་དབྱངས་ཀྱིས་ཡང་དག་མནན། །ཁམས་གསུམ་རྣམ་པར་རྒྱལ་བའི་མཆོག། །དེ་ཉིད་
59b
བཅོམ་ལྡན་ཞེས་བྱ་བར། །སྤྱོད་པའི་གར་མཁན་ཞེས་བྱའི་མཚན། །དེ་ཡི་རྗེས་ཉིད་ལ་ནི་མེ། །དགུ་པའི་དབྱངས་དང་ཡང་དག་ལྡན། །གསུམ་པའི་དབྱངས་ཀྱིས་མནན་པ་ཡི། །སྡེ་ཚན་དང་པོའི་དང་པོ་སྟེ། །དེ་ཉིད་བཅོམ་ལྡན་མགོན་པོ་ནི། །འཇིག་རྟེན་མགོན་པོ་ཐུབ་པ་ཆེ། །ཡེ་ཤེས་རྒྱ་ཆེ་བསྒྲུབ་པར་བྱ། །སངས་རྒྱས་བྱང་ཆུབ་རབ་སྩོལ་བྱེད། །སྡེ་ཚན་ལྔ་ལ་རིན་ཆེན་མཆོག་།བཞི་པའི་ས་བོན་དམ་པ་སྟེ། །འོག་ཏུ་མེ་ཡི་ཡན་ལག་ལྡན། །ཁྲོ་གཉེར་ཅན་ཞེས་རབ་ཏུ་གྲག་པ། །དབང་ཆེན་ཡི་གེ་དག་པ་ལ། །ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན། །སངས་རྒྱས་སྤྱན་ཞེས་རྣམ་གྲགས་པ། །སྡིག་པ་ཐམས་ཅད་འཕྲོག་པར་བྱེད། །སྡེ་ཚན་དང་པོའི་གསུམ་པ་ནི། །ནམ་མཁའི་སྤྱན་ཞེས་བརྗོད་པའོ། །སྒྱུ་མའི་ཆོས་ལ་རབ་གནས་ནས། །གསོད་བའི་དོན་དུ་རབ་ཏུ་གསལ། །མཱ་མ་ཀཱི་ཞེས་བྱ་བའི་མིང ། །རིག་པ་མཆོག་ཏུ་གསང་བ་སྟེ། །རྒྱུ་མི་དམིགས་པའི་ཆོས་རྣམས་ཀྱིས། །དྲི་མ་མེད་པ་སྩོལ་བར་བྱེད། །གཉིས་པའི་དབྱངས་དང་ཡང་དག་ལྡན། །འཕགས་པ་མི་གཡོ་བ་ཞེས་བྱ། །དབང་ཆེན་ས་བོན་ཡང་དག་ལྡན། །འགྲོ་བའི་རྡོ་རྗེ་རངས་བྱེད་ན། །གདུག་པ་གཞན་ཀུན་སྨོས་ཅི་དགོས། །རླུང་གི་དཀྱིལ་འཁོར་སྦྱར་བྱས་པ། །རང་གི་ས་བོན་གནས་ཤིང་འཕྲོ། །འགྲོ་བ་ཐམས་ཅད་སྐྲོད་བྱེད་ན། །གདུག་སེམས་ཅན་གདན་སྨོས་ཅི་དགོས། །དེ་ཉིད་མེ་དང་ལྡན་པས་ན། །དབང་དང་དགུག་པའི་ལས་
60a
༄#། །རྣམས་དང ། །འགེགས་དང་དགྲ་རྣམས་ཞི་བ་ནི། །ཁྱད་པར་མི་གཡོ་བ་ཡིས་བྱེད། །དོན་དམ་བདེན་པའི་བྱིན་གྱིས་བརླབས། །རྣམ་པར་སྣང་མཛད་གནས་ལས་བྱུང ། །གཞན་གྱི་དམག་དཔུང་འཇོམས་པ་ནི། །མེ་དང་ལྡན་པ་ཉིད་ཀྱིས་བྱ། །དྲུག་པའི་དབྱངས་དང་ཡང་དག་ལྡན། །ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན། །རླུང་གི་དཀྱིལ་འཁོར་གྱིས་དྲངས་པས། །འགྲོ་བ་ཐམས་ཅད་འགུགས་པར་བྱེད། །ཏི་སེ་མནྡྷ་ར་ལ་སོགས། །དེ་ཡིས་ཕྱེ་མར་རློག་པར་ངེས། །རྡོ་རྗེ་ལ་གནས་འཁོར་ལོ་ཡི། །དབུས་ནས་འགྲོ་ཀུན་རེངས་པར་བྱེད། །གནས་ནས་བསྐྱོད་པར་བྱས་པ་ཡིས། །འབྱུང་པོ་རྣམས་ནི་དབང་དུ་བྱེད། །རྟག་པའི་གཟུགས་སུ་གནས་ནས་ནི། །མི་གཡོ་བ་ཡི་སྙིང་གར་སོན། །ཆོས་ཀྱི་དབྱིངས་མཚུངས་ཐོབ་ནས་ནི། །བདག་གི་བདག་ཉིད་བསྒོམ་པར་བྱ། །རླུང་གི་ས་བོན་རིན་པོ་ཆེ། །སྤྱོད་པའི་སྟེང་དུ་ཡང་དག་ལྡན། །མེ་ལས་བྱུང་བ་མེ་ལ་གནས། །འགྲོ་བ་ཐམས་ཅད་འབེབས་པར་བྱེད། །སྡེ་ཚན་དང་པོའི་དང་པོ་གང ། །ས་ཡི་ཡི་གེ་སྟེང་དུ་མནན། །སྡེ་ཚན་ལྔ་པའི་ཐ་མ་ནི། །དྲུག་པའི་སྒྲ་ཡི་སྟེང་དུ་གནས། །འོག་ཏུ་མེ་ཡི་ས་བོན་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་སྟེ། །ས་གསུམ་ཐམས་ཅད་འབར་བར་བྱེད། །མེ་ཡི་ཕྱོགས་སུ་གནས་ནས་ནི། །ཕྱག་རྒྱའི་བདག་ཉིད་ཐམས་ཅད་བསྒོམ། །རླུང་ལྷ་མེ་ལྷ་ཡང་དག་སྦྱོར། །རྒྱུ་ནི་བྱེད་
60b
པ་མཚུངས་པའོ། །རྣམ་པར་སྣང་མཛད་ཡེ་ཤེས་ཆེ། །དེ་ཉིད་ཁོ་ན་བསྒྲུབ་པར་བྱ། །དབང་ཆེན་མེ་ནི་སྦྱོར་བ་ལས། །འཁོར་ལོས་བསྒྱུར་བའི་གོ་འཕང་གནས། །ཡེ་ཤེས་རྒྱ་ཆེན་བསྒྲུབ་པར་བྱ་ཡང་ན་ཕུན་སུམ་ཚོགས་པའི་དོན། །རིག་པ་འཛིན་དང་སངས་རྒྱས་ཉིད། །རྣལ་འབྱོར་ཡེ་ཤེས་ཕུན་སུམ་ཚོགས། །སྐྱེ་བ་འདི་ལ་འགྲུབ་འགྱུར་ཏེ། །འདི་ལ་ཐེ་ཚོམ་མི་བྱའོ། །དབྱངས་དང་ཡི་གེ་ཐམས་ཅད་ལ། །སྦྱོར་བའི་དབྱེ་བས་རྣམ་པར་གནས། །ཚིག་དང་ངག་གི་ཚད་རྣམས་དང ། །ཏིང་ངེ་འཛིན་རྣམས་ཐམས་ཅད་དུ། །སློབ་དཔོན་མན་ངག་ཤེས་བྱ་སྟེ། གཞན་དུ་བྱ་བ་མ་ཡིན་ནོ། །རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཆེན་པོ་ལས། རྡོ་རྗེ་ཀ་ཀྵའི་སྦྱོར་བ་མདོར་བསྡུས་ཏེ་བསྟན་པ་སྟེ། རྒྱས་པར་སློབ་དཔོན་གྱིས་མངོན་པར་སྤྱད་པར་བྱའོ།། །། དེ་ནས་བཅོམ་ལྡན་འདས་རྣམས་སླར་ཡང་འདུས་པར་གྱུར་པས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསུང་གི་དཀྱིལ་འཁོར་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་རྣམས་ཀྱིས་གསོལ་བ་བཏབ་པའི་ཚིག་གི་རྗེས་ཉིད་ལ་འབྲུག་གི་སྒྲ་མཐའ་ཡས་པའི་ལེགས་པར་བསྒྲགས་པ་ནམ་མཁའི་མཛོད་ཀུན་ནས་རྡོ་རྗེ་རྒྱ་ཆེ་བ་ཚངས་པ་ཆེན་པོའི་སྒྲ་ཡོངས་སུ་རྫོགས་པའི་དོན་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་འཁོར་ལོའི་དཀྱིལ་འཁོར་སོ་སོར་ཡོངས་སུ་རྟོགས་པའི་དོན་དུ་དེ་བཞིན་
61a
༄#། །གཤེགས་པ་ཐམས་ཅད་ཀྱི་གསུང་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །གསུང་གི་འཁོར་ལོའི་དཀྱིལ་འཁོར་ཆེ། །ཟླུམ་པོ་ཀུན་ནས་བཟང་པོ་སྟེ། །ཟླ་བའི་དཀྱིལ་འཁོར་ལྟ་བུར་གནས། །དེ་ཡི་སྟེང་དུ་པད་ཆེན་པོ། །འདབ་མ་བརྒྱད་ལ་གེ་སར་ཅན། །དེ་ཡི་ལྟེ་བའི་དབུས་སུ་ནི།། ཡི་གེ་མཆོག་གི་གོ་འཕང་ཉིད། །བདག་གི་དངོས་གྲུབ་བསྒོམ་པར་བྱ། །ངག་གི་དབང་ཕྱུག་འོད་ཆེན་པོ། །སྙིང་གར་ཟླ་བ་དེར་པདྨ། །དེ་ཡི་སྟེང་དུ་དུང་བརྟག་བྱ། །དུང་གི་དབུས་སུ་ལྕེ་ཡིན་ཏེ། །རྡོ་རྗེའི་རང་བཞིན་དགེ་བ་འོ། །དེ་ཡི་སྟེང་དུ་རིན་ཆེན་པད། །ཡང་ན་སངས་རྒྱས་གཟུགས་བརྙན་ཡང ། །འབར་ཞིང་རྐན་གྱི་མཐར་ཁྱབ་པ། །བདུད་རྩིའི་རྒྱུན་ནི་རབ་འབབ་པ། །པ་ཡི་ཡི་གེ་སྤྱི་ཚུགས་པ། །སངས་རྒྱས་ཀྱི་ནི་སྟེང་དུ་གནས། །བདུད་རྩིའི་ཐིགས་པ་འཛག་པ་ནི། །གོ་རིམ་བཞིན་དུ་བསམ་པར་བྱ། །ཟླ་བ་ཕྱེད་དང་ཟླ་བ་གཅིག་།ཡང་ན་ཟླ་བ་བཞི་འམ་ནི། །ཟླ་བ་བརྒྱད་དུ་རབ་མཆོག་བསྒོམ། །དཀྱིལ་འཁོར་བཟང་པོ་བསྒྲུབ་པར་བྱ། །སྐྱིལ་ཀྲུང་གིས་ནི་ཉེར་གནས་ཏེ། །དང་པོའི་སྦྱོར་བའི་དབང་ཕྱུག་སྐྱེས། །ཆོས་ཀྱི་དབྱིངས་ནི་མཐའ་དག་ཏུ། །ཐམས་ཅད་དུ་ནི་ཡོངས་སུ་གང ། །སངས་རྒྱས་གཟུགས་བརྙན་བསྒོམ་པར་བྱ། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །སངས་རྒྱས་ཀུན་གྱི་རྗེས་སྐྱོབ་
61b
པའི། །ཇི་སྙེད་རིག་པ་ཐམས་ཅད་ནི། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །ཕྱག་རྒྱ་དེ་རྣམས་བདག་ཉིད་མཆོག་།དེ་རྣམས་ཐམས་ཅད་བདག་ཉིད་ཀྱི། །ལུས་ཀྱི་འཁོར་ལོ་ལ་འཇུག་བསམ། །དུང་གི་སྒྲ་ནི་གསལ་བ་བསམ། །པདྨའི་ཁམས་ལ་ཡང་དག་བརྟེན། །པདྨའི་གེ་སར་ཐིག་ལེ་ལས། །སྒྲ་ཡི་རང་བཞིན་རྡུལ་ཕྲན་རྣམས། །མགྲིན་པར་སོན་ནས་སྒྲ་གྱུར་ཏེ། །དེ་ལས་ཀྱང་ནི་ཇི་ལྟར་གྱུར། །སླར་ཡང་ལྕེ་རུ་སོན་པ་དང ། །ཡི་གེ་མཆོག་ཏུ་ངག་བ་འོ། །ལྕེ་ཡི་ཡི་གེ་ཆེར་འབར་བ། །གཅིག་ནས་གཅིག་ཏུ་རྡོ་རྗེའི་ཚུལ། །ཀུན་ནས་རབ་ཏུ་འོད་གསལ་བ།། རྡོ་རྗེའི་ངག་ནི་དམ་པའི་དོན། །སྒྲ་ཡིས་ནམ་མཁའ་ཀུན་གང་བར། །སྒྲུབ་པོས་མདོ་རུ་བསྡུས་ཏེ་བཟླ། །དེ་བཞིན་དུ་ནི་སྙིང་གར་སྒྲ། །ལྕེ་ལ་འོད་ཟེར་ངེས་འཕྲོས་ནས། །མཆུ་འམ་སོ་ལས་རབ་བཀྲ་བའི། །གལ་ཏེ་འོད་ཟེར་མཐོང་ན་ནི། །དེ་ཚེ་གྲུབ་པར་རྣམ་པར་ཤེས། །གྲུབ་པའི་ངག་ནི་དམ་པའི་དོན། །ཡང་ན་ལྷ་ནི་གཞན་པ་ཡིས། །ངག་གི་སྒྲུབ་ཐབས་ཆེན་པོ་མཆོག། །རང་ལྕེ་རྡོ་རྗེའི་རང་བཞིན་བསམ། །བདག་ཉིད་རྡོ་རྗེ་སེམས་དཔའ་ཡང ། །འབར་བའི་སྒྲོན་མ་དང་མཚུངས་པ། །རང་གི་སྙིང་གི་དབུས་ཀྱི་ཆ། །ཡི་གེ་མཆོག་ཏུ་ཕྲ་བ་ཡིས། ། ཡི་ཡི་གེ་མངའ་བདག་མཆོག་།རྣམ་པར་བཀྲ་བ་ཉི་མ་བཞིན། །རང་གི་སྡེ་པའི་མཐར་ཐུག་མཚུངས། །ཡི་གེ་ཡི་གེར་ཡོངས་སུ་གཞོལ། །ཕྲ་མོ་མཉམ་པའི་མཐར་ཐུག་ནི། །འབར་ཞིང་ཐིག་ལེ་དང་
62a
༄#། །མཚུངས་ཤིང ། །སྙིང་གི་དཀྱིལ་འཁོར་གསལ་བྱེད་པ། །དེ་ཡི་འབར་བ་རབ་ཕྲ་བ། །ཇི་སྲིད་རྐན་གྱི་བར་དུ་སོན། །སླར་ཡང་ཡི་གེ་ཐམས་ཅད་ནི། །ཡང་དང་ཡང་དུ་གསལ་བྱེད་ཅིང ། །རྡོ་རྗེ་འབར་བ་སྟོང་ཕྲག་དང ། །ཡང་དང་ཡང་དུ་རྣམ་པར་འདོན། །འཇིག་རྟེན་ཀུན་ཏུ་དེ་སོང་སྟེ། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཡི་གེའི་རང་བཞིན་རྣམ་བཀྲ་བ། །རང་གིས་འགྲོ་བ་རྣམ་བྱས་ཏེ། །སླར་ཡང་འོངས་ནས་རང་གནས་སུ། །འཇུག་པ་རུ་ནི་ཡོངས་སུ་བརྟག་།དེ་ནས་སྒྲ་དང་ཡི་གེ་ནི། །ལྟེ་བར་སོང་སྟེ་ཡོངས་སུ་གནས། ། ལྟེ་བ་རུ་ནི་པདྨ་མཆོག། པདྨར་རྡོ་རྗེ་དྲི་མེད་མཛེས། །དེ་ཡི་སྟེང་དུ་དུང་ཆེན་པོ། །རབ་ཏུ་འཕྲོ་བ་ཉིད་དུ་གནས། །དེ་ལས་འབར་བའི་རྣམ་པའི་སྒྲ། །བྲང་གི་གནས་ནས་ཡོངས་སུ་བྱུང་སླར་ཡང་མགྲིན་པར་སོང་ནས་སུ། །རྡོ་རྗེ་ལྕེ་ལ་ཡང་དག་རེག་།འགྲམ་པ་སྦྱར་བའི་དབུས་སུ་ནི། །སངས་རྒྱས་གཟུགས་བརྙན་དྲི་མ་མེད། །ཁ་བ་བ་ཞོ་ལྟར་དཀར་འོད། །བཅུད་ལེན་བདུད་རྩིའི་ཐིགས་པ་འདྲ། །རྡོ་རྗེ་ལྕེ་ནི་མཐའ་དག་རྣམས། །ཡང་དང་ཡང་དུ་གསལ་བར་བྱེད། །ཏིང་ངེ་འཛིན་གྱི་རྩེར་སོན་ཏེ། །སླར་ཡང་སྙིང་ག་ཉིད་དུ་སོང ། །ཐིག་ལེ་ལས་ནི་གུག་སྐྱེད་གྱུར། །གྲུབ་སྐྱེད་རི་མོ་རིང་བོ་ཅན། །ཆ་ཤས་རྣམ་བཞི་འདུས་པ་ལས། །དེ་ནི་ཡི་གེར་རྣམ་པར་ཤེས། །ཡི་གེ་ལས་ནི་སྒྲ་སྐྱེ་ཞིང ། །སྒྲ་ལས་ནཱ་ད་དེ་ལས་དབྱངས། །
62b
དབྱངས་ལས་ངག་ཏུ་རྣམ་པར་འགྱུར། །ཡི་གེ་ལས་ནི་ཆ་ཤས་ཚོགས། །ཚིག་རྐང་དང་ནི་ངག་ཏུ་འགྱུར། །ཚིག་རྐང་ལས་ནི་ཚིགས་བཅད་དང ། །དེ་བཞིན་དུ་ནི་བཱ་ཐཱ་དང ། །ཕྲེང་འཛིན་རྒྱུན་ཆགས་དེ་བཞིན་ཏེ། །འདི་ལྟར་སྔགས་དང་རིག་སྔགས་དང ། །རང་གི་སྙིང་པོར་རབ་ཏུ་འགྱུར། །དེ་ནས་བཟླས་པའི་རྣལ་འབྱོར་ཆེ། །བློ་གྲོས་ལྡན་པས་བརྟན་བྱས་ཏེ། །དགུག་དང་གཞུག་དང་བཅིང་བ་དང ། །དབང་དུ་བྱས་ཏེ་བསྒྲུབ་པར་བྱ། །བཟླས་པ་འདི་ཡི་སྦྱོར་བ་ཡིས། །ཐམས་ཅད་དུ་ནི་བརྟན་པར་བྱ། །ཡིད་བཞིན་གྱི་ནི་ངག་འགྲུབ་བོ། །རྨད་བྱུང་མཆོག་ཏུ་རྙེད་དཀའ་བའི། །ཡང་ན་ལྷ་ནི་གཞན་པ་ཡི། །ངག་འགྲུབ་ཐམས་ཅད་སྐྱོབ་རྣམས་ཀྱི། །ཡི་གེ་གཅིག་པ་གསང་ཆེན་པོ། །ངག་གི་སྒྲུབ་ཐབས་མཆོག་ཏུ་དགེ་།སངས་རྒྱས་ཀུན་གྱི་བདག་ཉིད་ནི། །ལེགས་པར་མཉམ་པར་བཞག་པས་བསྒོམ། །རང་སྙིང་ཟླ་བར་རྡོ་རྗེ་ཆེ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །དེ་ལས་བསྟན་བཅོས་ཐམས་ཅད་ནི། །ངེས་པར་གདོན་པ་ཉིད་དུ་བྱ། །ངག་གྲུབ་པ་ཡི་ཡེ་ཤེས་འདིས། །ཐམས་ཅད་མཁྱེན་པ་ཐོབ་པར་བྱེད། །བསྟན་བཅོས་ཐམས་ཅད་རབ་འདོན་ཅིང ། །དེ་ཉིད་ཀྱང་ནི་འཆད་པར་བྱེད། །སེམས་ཅན་ཀུན་གྱིས་ཐམས་ཅད་དུ། །དངོས་པོ་ཅུང་ཟད་གང་བསམས་པ། །དེ་དག་ཐམས་ཅད་རྣམ་ཤེས་ཏེ། །སྐད་ཅིག་ཙམ་ལ་སྨྲ་བར་བྱེད། །རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བ་ལས། ངག་གི་
63a
༄#། །སྒྲུབ་པའི་ཐབས་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་རྣམས་ཟླར་ཡང་འདུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཆོག་གི་དབང་ཕྱུག་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ཀྱི་མཛོད་ཀྱི་ཆོ་ག་རྒྱས་པའི་སྒྲུབ་པའི་ཐབས་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གིས་དེ་དག་གིས་གསོལ་བ་བཏབ་པ་ཉེ་བར་གསན་ནས་དེ་དེ་བཞིན་ནོ། །ཞེས་བཀའ་སྩལ་ནས་དེ་ནས་བཅོམ་ལྡན་འདས་ཀུན་ནས་འཁོར་ལོའི་དབང་ཕྱུག་གི་རྒྱལ་པོ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ཀྱི་མཛོད་ཀྱི་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བའི་ཆོ་ག་རྒྱས་པ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །འཁོར་ལོས་བསྒྱུར་བའི་སྒྲུབ་པའི་ཐབས། །འཁོར་ལོ་རྩིབས་བརྒྱད་རྣམ་པར་བྲི། །ཡང་ན་བཅུ་དྲུག་རྩིབས་ཀྱང་བྲི། །ལྟེ་བར་དེ་བཞིན་གཤེགས་པ་དགོང ། །འཁོར་ལོའི་ཕྲེང་བས་རྣམ་བར་བརྒྱན། །མཐའ་རུ་རིན་ཆེན་རྣམ་པ་བདུན། །མཁས་པ་ཡིས་ནི་སྤེལ་པར་བྱ། ། དེ་ཡི་ལྟེ་བར་བདག་ཉིད་ནི། །འཁོར་ལོས་བསྒྱུར་བ་སྟོབས་པོ་ཆེ། །སངས་རྒྱས་ཀུན་གྱི་སྐུ་ཆེན་པོ། །ཆོས་ཀྱི་དབྱིངས་དང་མཚུངས་པའི་མཆོག་།དེ་ཡི་ཕྱག་རྒྱ་བགྲང་ལས་འདས་
63b
སྐད་ཅིག་མ་ནི་ཉིད་ལ་ཐོན། །འགྲོ་བ་ཐམས་ཅད་སྣང་བྱས་ནས། །སྔགས་ཀྱི་དབང་ཕྱུག་ཉིད་ལ་གཞུག་།འཁོར་ལོའི་དངོས་གྲུབ་གཟི་བརྗིད་ཆེ། །འཁོར་ལོས་བསྒྱུར་བར་བདག་ཉིད་འགྱུར། །ཆུང་དང་ཆེ་དང་དབང་ཕྱུག་དང ། །རང་དབང་འདོད་རྒུར་སྤྱོད་པ་དང ། །ཀུན་ཏུ་འགྲོ་བ་ཉིད་དང་ནི། །ཀུན་གྱི་དབང་ཕྱུག་ཕུན་ཚོགས་འབྲས། །རྒ་དང་འཆི་བ་མེད་ཐོབ་ཅིང ། །ངེས་པར་འཁོར་ལོས་བསྒྱུར་དང་མཚུངས། །གསེར་གྱི་འཁོར་ལོ་རིན་པོ་ཆེ། །དེ་བཞིན་དངུལ་དང་ཤེལ་ཉིད་དང ། །མེ་ཏོག་ཅན་གྱི་ལྕགས་ཀྱང་རུང ། །རང་གི་ལག་གིས་བཟུང་ནས་སུ།། དབང་ཆེན་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །འཁོར་ལོས་བསྒྱུར་བ་གཟི་བརྗིད་ཆེ། །མཚན་རྣམས་ཀྱིས་ནི་རྣམ་པར་བརྒྱན། །དེ་ལྟར་བདག་ཉིད་བསྒོམ་ན་ནི། །འཁོར་ལོས་བསྒྱུར་བ་ཉིད་དུ་འགྱུར། །དེ་ལ་དེའི་སྔགས་ཀྱི་ཚིག་ཏུ་གྱུར་པ་ནི། །ོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་བ་ལོ་ཀི་ཏེ། མུཎྚི་ཙཀྲ་ཝརྟི་ཛྭ་ལ་ཛྭ་ལ་དྷུ་ན་བི་དྷུ་ན་ཏྲཱ་ས་ཡ་མཱ་ར་ཡ། ཨུཙྪ་ཊ་ཡ་ཧ་ན་བྷཉྫ་བྲོཾ་ཁི་ནི་ཀུཎྚ་ལི་ནི་ཨ་པ་རཱ་ཛི་ཊཱསྟྲ་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། རྩ་བའི་སྔགས་སོ། །ོཾ་ཨོཾ་ཨ་པ་རཱི་ཛ་ཏ་དྷི་ཀ་སཝཱཧཱ། སྙིང་པོའོ། །ན་མཿ ་སནྟ་བུདྡྷ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཾ་ཨ་པ་རཱ་ཛི་ཏ་དྷི་ཀ་སཝཱཧཱ། མཆོག་གི་སྙིང་པོའོ། །འཁོར་ལོས་བསྒྱུར་བར་རང་གྲུབ་སྟེ། །སངས་རྒྱས་ཉིད་ནི་ཐོབ་ནས་ནི། །ཡེ་ཤེས་ཚེ་དང་སྟོབས་དང་
64a
༄#། །ཤུགས། །ཡང་ན་དབང་ཕྱུག་དམ་པ་ཀུན། །དཔའ་བོ་ཐམས་ཅད་སྟེར་བྱེད་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །འཁོར་ལོས་བསྒྱུར་བའི་སྒྲུབ་ཐབས་སོ། ། ཉི་མའི་དཀྱིལ་འཁོར་བྲི་བར་བྱ། །ནམ་མཁའ་ལ་ནི་ཡོངས་སུ་བསྒོམ། །གཟི་བརྗིད་ཕུང་པོ་ཡེ་ཤེས་ཆེ། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །གཉིས་སུ་མེད་འབྱུང་སེམས་ཀྱི་མཆོག་།དཀྱིལ་འཁོར་མཆོག་ཏུ་རྨད་བྱུང་བ། །དེ་ནི་མེ་ཡིར་ཤེས་པར་བྱ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད། །དེ་ཡང་འཁོར་ལོ་འཛིན་རྒྱལ་པོ། །འཁོར་ལོས་བསྒྱུར་བ་ལེགས་འབར་བ། །དེ་ལ་དེ་བཞིན་རིན་ཆེན་བདུན། །འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན། །འཁོར་ལོའི་དཀྱིལ་འཁོར་དབུས་གནས་པར། །ཉི་མ་རེ་རེར་བཀྲ་ཤིས་བསྒོམ། །གཟི་བརྗིད་ཕུང་པོ་སྐུ་ཆེན་པོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །འབར་བའི་ཕྲེང་འཁྲུགས་དཔའ་བོ་ནི། །སྣང་བ་ཤར་བ་ལྟ་བུར་གནས། །དེ་ཡི་ཕྱག་རྒྱ་རྟག་ཏུ་བསམ། །ནམ་མཁའི་རྣམ་པར་ལེགས་པར་གནས། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ། །འོད་ཟེར་ཕྲེང་བས་རྣམ་པར་ཁྱབ། །དེ་དང་བདག་ཉིད་རྡོ་རྗེར་བསྒོམ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད། །ཀུན་ཏུ་ཀུན་ནས་ཐམས་ཅད་དུ། །དངོས་པོ་ཀུན་ལས་འབྱུང་བར་འགྱུར། །ཡེ་ཤེས་ཚེ་དང་སྟོབས་དང་ཤུགས། །ཀུན་ཏུ་འགྲོ་བ་ཉིད་དང་ནི། །སངས་རྒྱས་ཐམས་ཅད་ཉིད་དག་དང ། །རྡོ་རྗེ་ཅན་ཀུན་
64b
ཉིད་དང་ནི། །གཟི་བརྗིད་མཆོག་ཀུན་ཐོབ་གྱུར་ནས། །གཟི་བརྗིད་ཕུང་པོ་འདྲ་བར་འགྱུར། །དེ་ལ་སྔགས་ཀྱི་ཚིག་ཏུ་གྱུར་པ་ནི། །ོཾ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་བ་ལོ་ཀི་ཏེ་མུརྟི་ཏེ་ཏེ་ཛོ་རཱ་ཤི་ཛྭ་ལ་ཛྭ་ལ།་དྷ་ཀ་དྷ་ཀ་།དྷ་ར་དྷ་ར། བི་དྷ་བི་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། རྩ་བའི་སྔགས་སོ། །ོཾ་ཏེ་ཛོ་རཱ་ཤི་སཝཱཧཱ། སྙིང་པོའོ། །ོཾ་ཛྭཱ་ལ་ཏེ་ཛོ་ར་ཤི་ཧཱུཾ་ཕཊ་སཝཱཧཱ། ཉེ་བའི་སྙིང་པོའོ། །དག་པའི་གསང་སྔགས་འདི་རྣམས་ཀྱིས། །ཉི་མའི་ཡེ་ཤེས་རབ་ཏུ་གསལ། །ཀུན་ཏུ་འགྲོ་བ་འགྲུབ་པར་བྱ། །རིག་པ་འཛིན་པ་ཉིད་ཐོབ་འགྱུར། །གཟི་བརྗིད་ཕུང་པོ་གསང་སྔགས་ཀྱི་སྒྲུབ་པའི་ཐབས་སོ། །ཀུན་ནས་སྣང་བ་ཞེས་བྱ་མཆོག་།ཡི་གེ་གསུམ་པ་སྟོབས་པོ་ཆེ། །གསེར་གྱི་ཁ་དོག་ལེགས་འབར་ཞིང ། །གཙུག་ཏོར་སྟེང་ན་འོད་གསལ་བ། །སྔགས་པ་རང་བདག་གིས་བསྒོམ་བྱ། ། ཀུན་ནས་སྣང་བ་ལྟ་པུར་འགྱུར། །ོཾ་ཨཱཿ ་ཧཱུཾ། གསང་སྔགས་རྩེ་མོ་དམ་པ་འདི། །བསྒོམ་པ་ཙམ་གྱིས་ཐམས་ཅད་དུ། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་ཀུན་ཀུན་ནས་སྣང་བར་འགྱུར། །ཀུན་ནས་སྣང་བའི་གཙུག་ཏོར་གྱི་སྒྲུབ་བའི་ཐབས་སོ། །ཆོས་ཀྱི་འཁོར་ལོ་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །སངས་རྒྱས་ཀུན་ཉིད་ཀུན་གྱི་མཆོག། ཆོས་ཀྱི་འཁོར་ལོ་རབ་བསྐོར་བྱེད། །འཁོར་ལོ་འདི་ནི་རྩིབས་བཅུ་གཉིས། །རྣམ་པ་བཅུ་གཉིས་ཡོངས་སུ་གནས། །རྣམ་གསུམ་གསུམ་ནི་ཡོངས་བསྐོར་བ། །བྱ་བའི་དོན་དུ་དག་པ་
65a
༄#། །སྟེ། །སངས་རྒྱས་རང་བཞིན་སྐུ་ཆེན་པོ། །ནམ་མཁའི་ཁམས་ན་གནས་པ་སྟེ། །ཆོས་ཀྱི་དབྱིངས་ནི་ཁྱབ་པ་ནི། །ལེགས་པར་མཉམ་པར་བཞག་པས་བསྒོམ།། འགྲོ་བ་བརྟན་དང་གཡོ་བ་ནི། །འདི་ཀུན་རྟེན་ཅིང་འབྲེལ་འབྱུང་བ། །འདི་ནི་ཆོས་ཀྱི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད། །དེ་ཡི་སྔགས་སུ་གྱུར་པ་ནི། ཨོཾ་དྷུ་ན་པཱ་ཏ་ཡ་ཙྪིནྡ་ཙཀྲེ་ཎ་བཛྲ་ཎི་ཧཱུཾ། གསང་སྔགས་འདི་ནི་དཔལ་ལྡན་མཆོག་།ཆོས་ཀྱི་འཁོར་ལོ་གཉིས་མེད་འཆར། །སྐད་ཅིག་ཙམ་གྱིས་ཐམས་ཅད་དུ། །དམ་པའི་ཆོས་ནི་བསྐོར་བར་བྱེད། །ཆོས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས་སོ། །པདྨ་རཱ་གའི་རྣམ་པ་འདྲ། །སངས་རྒྱས་སྐུ་གཟུགས་ལེགས་འབར་བ། །རྣལ་འབྱོར་སྦྱོར་བའི་མཆོག་བསྒྲུབས་ན། །ཉོན་མོངས་རྡོ་རྗེ་འདྲ་བར་འགྱུར། །སྙིང་ནས་རྡོ་རྗེ་གཟུགས་བརྙན་འདྲ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །དེ་ཡི་སྙིང་ལ་རྡོ་རྗེ་མེ། །དྲི་མ་མེད་པ་སྐྱེ་བར་འགྱུར། །ཉོན་མོངས་རྟག་ཏུ་ཡོངས་ཟད་ཅིང ། །དགྲ་རྣམས་ཀུན་ལས་རྒྱལ་བར་བྱེད། །བདེན་པ་བཞི་ནི་རྟོགས་པས་ན། །བདེན་པའི་ཡེ་ཤེས་ཐོབ་པར་འགྱུར། །སྔགས་ནི། ཨོཾ་ཀཱེ་ཤ་ཨ་ཤ་ནི་ཧཱུཾ་ཕཊ། འདི་ནི་ཉོན་མོངས་རྡོ་རྗེའི་སྔགས། །དྲག་ཅིང་དྲག་པོའི་གཞན་གནོན་པའོ། །སངས་རྒྱས་ཉིད་ཀྱང་སྟེར་བྱེད་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཉོན་མོངས་རྡོ་རྗེ་སྒྲུབ་པའི་ཐབས། །དབང་ཆེན་
65b
དཀྱིལ་འཁོར་ལ་གནས་བའི། །སངས་རྒྱས་རང་བཞིན་སྟོབས་པོ་ཆེ། །བདུང་བཞི་ལས་ནི་རྣམ་རྒྱལ་བ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །བདེན་པ་བཞི་ཡི་ཁུ་ཚུར་ཆེ། ། ལུས་དང་ངག་དང་དེ་བཞིན་ཡིད། །ཁུ་ཚུར་སངས་རྒྱས་ཐམས་ཅད་ཀྱི། །གཉིས་མེད་སྐྱེ་བའི་མཚན་ཉིད་དོ། །རྡོ་རྗེའི་དབུས་སུ་བསྒོམ་པར་བྱ། །རང་ཉིད་སངས་རྒྱས་ཡིན་ནོ་ཞེས། ། བརྟན་དང་གཡོ་བའི་འགྲོ་བ་ནི། །འདི་དག་ཐམས་ཅད་མ་སྐྱེས་པར། །རྡོ་རྗེ་ཁུ་ཚུར་བསྒོམས་ན་ནི། །རྡོ་རྗེ་ཁུ་ཚུར་འདྲ་བར་འགྱུར། །དེ་ལ་སྔགས་སུ་གྱུར་པ་ནི། །ོཾ་བི་ཛ་ཡེ་ཧཱཿ ། དེ་བཞིན་གཤེགས་པའི་ཁུ་ཚུར་ཆེ། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །སྔགས་པས་རྟག་ཏུ་བསྒོམས་ན་ནི། །ཤེས་རབ་ཕ་རོལ་ཕྱིན་པ་འཐོབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་སྒྲུབ་པའི་ཐབས་སོ། །དངོས་གྲུབ་ལས་བྱུང་འོད་གསལ་བ། །གདོད་ནས་ཞི་ཞིང་མཚན་ཉིད་མེད། །སངས་རྒྱས་རང་བཞིན་སྐུ་ཆེན་པོ། །དཀྱིལ་འཁོར་ཆེན་པོའི་དབུས་སུ་འོ། ། རྡོ་རྗེ་རྡོ་རྗེའི་བདག་ཉིད་བསྒོམ། །འབར་བ་ལྟ་བུའི་གཟི་བརྗིད་ཀྱིས། །འདི་ཡིས་འཇིག་རྟེན་ཐམས་ཅད་ཀྱི། །འཁོར་ལོས་བསྒྱུར་བ་ཉིད་དུ་ནི། །འཇིག་རྟེན་ཀུན་གྱི་ཐམས་ཅད་དུ། ། ཀུན་ནས་ཕུན་སུམ་ཚོགས་པ་ཀུན། །བཀུག་ནས་གུས་པས་སྦྱིན་པར་བྱ། །སྔགས་ནི། ཨོཾ་བཛྭ་ལ་ཛྭ་ལ་དཱི་བྱ་དཱི་བྱ་ཨུད་ག་ཏོཥྞཱི་ཥི་དྷུ་ན་དྷུ་ན་ཧཱུཾ། སྟེང་འགྲོའི་གཙུག་ཏོར་ཞེས་བྱ་
66a
༄#། །བར། །སངས་རྒྱས་དཔའ་བོ་ཀུན་གྱིས་གསུངས། །འདི་ནི་བསྒྲུབས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་ཀྱང་རྙེད་དཀའ་མིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ། །སངས་རྒྱས་རང་བཞིན་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །ཚད་སྐྱོབ་གདུགས་དཀར་ཆེན་པོ་ནི། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཟླ་བའི་ཁ་དོག་ཆེར་འབར་ཞིང ། །ཆུ་ཡི་དཀྱིལ་འཁོར་རྣམ་དག་པ། །དྲི་མེད་པུཎྜ་རཱི་ཀར་གནས། །རི་མོ་བདུན་གྱིས་ཡོངས་སུ་གང ། །བཅུད་ཀྱིས་ལེན་གྱི་མཆོག་ལྟ་བུར། །སངས་རྒྱས་ཀུན་བདག་བསྒོམ་པར་བྱ། །དངོས་གྲུབ་འདི་ཡི་སྦྱོར་བ་ཡིས། །སེམས་ཅན་རྣམས་ལ་ཐམས་ཅད་དུ། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །འདི་ནི་གཙུག་ཏོར་གདུགས་དཀར་ཆེ། །སྔགས་ནི། ཨོཾ་མ་མ་མ་མ་ཧཱུཾ་ནི། འདི་ནི་བསྒྲུབས་པ་ཙམ་གྱིས་ནི།། ཡེ་ཤེས་ཆེ་དང་སྟོབས་མགྱོགས་འགྲོ། །དཔའ་བོ་ཐམས་ཅད་འཐོབ་འགྱུར་ཞིང ། །སངས་རྒྱས་ཉིད་ཀྱང་རྙེད་དཀའ་མིན། །གདུགས་དཀར་པོའི་སྒྲུབ་པའི་ཐབས་སོ། །ཟླ་བའི་དཀྱིལ་འཁོར་ལ་གནས་པར། །འབར་བའི་ཕྲེང་འཁྲུགས་རལ་གྲི་ནི། །སྔགས་པས་སྙིང་གར་བསྒོམ་པར་བྱ། །རང་གི་བདག་ཉིད་སངས་རྒྱས་ཞེས། །སངས་རྒྱས་རང་བཞིན་
66b
སྤྲིན་ཆེན་པོས། །ནམ་མཁའི་མཐོངས་རྣམས་ཡོངས་གང་བ། །བདག་ཉིད་གཉིས་མེད་ངོ་བོ་ཡིས། །རྣལ་འབྱོར་གཅིག་ཏུ་བསྒྲོམ་པར་བྱ། །སྔགས་ཀྱི་ཡི་གེ་འཁོར་ལོ་ཆེ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །སྔགས་པས་སྙིང་གར་བསྒོམ་པར་བྱ། །རྒྱལ་བ་དམ་པ་ཉིད་དུ་འགྱུར། །སྔགས་ནི། ཨོཾ་ཛྭེ་ལ་ཛྭ་ལོཥྛྞི་ཥ་ཛྭ་ལ་ཛྭ་ལ་བནྡྷ་བནྡྷ་ད་མ་ད་མ་དྲུ་མ་དྲུ་མ་ད་ཧ་ད་ཧ་ན་ཧཱུཾ། རྒྱལ་བའི་གཙུག་ཏོར་རལ་གྲི་ཆེ། །ཤེས་རབ་ཡེ་ཤེས་དྲི་མ་མེད། །སྔགས་པས་ཀུན་ནས་བསྒོམ་ན་ནི། །རྒྱལ་བའི་གཙུག་ཏོར་འདྲ་བར་འགྱུར། །རྒྱལ་བའི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །སེངྒེའི་ཁྲི་ཡི་སྟེང་དུ་བསམ། །ཡང་ན་རྡོ་རྗེའི་གདན་ལ་གནས། ། ཀུན་ཏུ་གཙུག་ཏོར་ཆེར་འབར་བ། །སྙིང་གར་ཡོངས་སུ་བསྒོམ་པར་བྱ། །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །ཡི་གེ་དམ་པ་ཡི་ནི་གནས། །ཐོག་མ་ཐ་མ་མེད་ཞི་བ། །ཆོས་ཀྱི་སྐུ་ནི་མཆོག་ཏུ་ཆེ། །འདི་ནི་བསྒྲུབ་པ་ཙམ་གྱིས་ནི། །ཀུན་ཏུ་གཙུག་ཏོར་སྟོབས་པོ་ཆེ། །སྐད་ཅིག་དེ་ལ་འགྲུབ་འགྱུར་ཏེ། །རྡོ་རྗེ་སངས་རྒྱས་ཀུན་གྱི་བཀའ་བཞིན་ནོ། །སྔགས་ནི། ཨོཾ་བཛྲ་བནྡྷ་ཧཱུཾ། གསང་སྔགས་འདི་ནི་དམ་པ་གཙོ། །སངས་རྒྱས་ཐམས་ཅད་དབང་བསྐུར་བྱེད། །རྟག་ཏུ་རྣལ་འབྱོར་པས་བསྒོམ་ན། །དེ་ནི་ཀུན་གྱིས་དབང་བསྐུར་རོ། །རྡོ་རྗེ་སྙིང་པོ་
67a
༄#། །རྒྱན་ཅེས་བྱ་བའི་རྒྱུད་ཆེན་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་ཆོ་ག་རྒྱས་པའི་རིམ་པར་ཕྱེ་བ་ཡོངས་སུ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་སླར་ཡང་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ལ་གསོལ་པ་བཏབ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་སྔགས་ཀྱི་སྒྲུབ་པ་རྒྱས་པ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་དག་གིས་གསོལ་བ་བཏབ་པའི་ཚིག་གསན་ནས་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་བྱིན་གྱིས་བརླབས་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་སྔགས་ཀྱི་རིམ་པར་ཕྱེ་བ་བཀའ་སྩལ་པ། ཤེས་རབ་ཡེ་ཤེས་རྡོ་རྗེ་ཆེ། །སྙིང་གར་ཡོངས་སུ་བསྒོམས་ནས་སུ། །རལ་གྲི་འབར་བ་གཟི་བརྗིད་ཆེ། །མཐའ་ཀླས་པ་ལ་རྣམ་པར་གནས། །འཇམ་དབྱངས་ཞེས་བྱ་བསྒོམ་པར་བྱ། །གུར་གུམ་གྱི་ནི་རྣམ་པ་འདྲ། །གཙུག་ན་ཟུར་ཕུད་ལྔ་ལྡན་པ། །གཞོན་ནུ་བྱིས་པའི་གཟུགས་ཅན་ནི། །མཐའ་ཡས་རྒྱས་པའི་རླབས་ཆེ་བའི།། རྣམ་པར་འཕྲོ་བ་ལྟ་བུར་གནས། །ུཏྤལ་སྔོན་པོ་ཕྱག་ན་བསྣམས། །དབང་ཆེན་དང་ནི་མེ་ལས་འཁྲུངས། །ཡེ་ཤེས་ཆེན་པོ་གཟི་བརྗིད་ཆེ། །འཁྲུལ་པ་མེད་ཅིང་ཡི་གེ་བྲལ། །
67b
སངས་རྒྱས་ཀུན་བདག་ཤེས་རབ་མཆོག་།ཉོན་མོངས་ཐམས་ཅད་ཟད་པར་བྱེད། །རྡོ་རྗེ་ཀུན་བདག་བཀོད་པ་པོ། །ཀུན་ཏུ་འགྲོ་བའི་དམ་པའི་དོན། །དབྱེར་མེད་མཆོག་ཏུ་གསང་བ་པོ། ། རིག་པ་མཆོག་གི་བདག་ཉིད་འདི། །ཞལ་དྲུག་པ་ལ་ཕྱག་དྲུག་མཆོག་།མངོན་ཤེས་དྲུག་ལྡན་ཡི་གེ་དྲུག་།རྗེས་དྲན་དྲུག་གི་སྦྱོར་བ་ཡིས། །ཕྱག་དྲུག་དམ་པ་སྟོབས་པོ་ཆེ། །གཟི་བརྗིད་ཡང་ན་སྟོབས་ཀྱིས་ཀྱང ། །ཀུན་ནས་ཡོངས་སུ་གསལ་བ་པོ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ནམ་མཁའི་ཁམས་ན་རྣམ་པར་གནས། །ཡང་ན་ཕྱག་གཉིས་ཤེས་པར་བྱ། ། ཏིང་ངེ་འཛིན་གནས་སྡིག་པ་བཅོམ། །དཔའ་བོ་པདྨ་ལ་གནས་པ། །ཟླ་བའི་མདོག་ཅན་འོད་པོ་ཆེ། །རྣལ་འབྱོར་པ་ཡི་ཡེ་ཤེས་ཕྲ། །ཤེས་རབ་ཕ་རོལ་ཕྱིན་པ་འབར། །གདོད་ནས་མ་སྐྱེས་པ་ཞེས་བསམ། །སངས་རྒྱས་བྱང་ཆུབ་རབ་སྩོལ་བྱེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག་།འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །དེའི་སྔགས་ནི། ཨོཾ་བཱ་ཀྱེ་དཾ་ན་མཿ ། གསང་སྔགས་འདི་ནི་མཆོག་ཏུ་གསང ། །གསང་ཆེན་གྱི་ནི་དམ་པར་བཞེད། །རྣམ་ཐར་གསུམ་གྱི་སྒོ་ལ་གནས། །ཕ་རོལ་ཕྱིན་དྲུག་རབ་ཏུ་གསལ། །རང་ཉིད་ཤེས་རབ་ཡིན་ནོ་ཞེས། ། སྔགས་པས་རྟག་ཏུ་བསྒོམ་པར་བྱ། །དབང་པོ་དྲུག་ནི་རབ་བསྒྱུར་ཏེ། །སངས་རྒྱས་ཉིད་ནི་རྣལ་འབྱོར་ལས། །པདྨ་རཱ་ག་ལྟ་བུའི་མདོག། སྟོན་ཟླ་ལྟ་བུར་ཆེར་གསལ་བ། །སེམས་དཔའ་
68a
༄#། །ཆེན་པོ་གསེར་གྱི་མདོག་།སྟོབས་པོ་ཆེ་ནི་བསྒོམ་པར་བྱ། །འདི་ནི་འྶྒྲུབ་པ་ཙམ་གྱིས་ནི། །ཤེས་རབ་དྲི་མ་མེད་པར་འགྱུར། །བསྟན་བཅོས་ཐམས་ཅད་རབ་སྨྲ་ཞིང། །དབང་ཕྱུག་ཐམས་ཅད་མདུན་ན་གནས། །ཀུན་གྱི་རྒྱལ་པོ་སྔགས་པ་ཉིད། །རང་ཉིད་ཀུན་གྱི་རྒྱལ་པོ་མཚུངས། །རིག་པ་འཛིན་པ་ཐམས་ཅད་དང ། །བྱང་ཆུབ་ཀུན་གྱི་ཕ་རོལ་སོན། །དབང་ཕྱུག་ཀུན་དང་བདེ་པ་ཆེ། །ཆོས་རྣམས་ཀུན་གྱི་ཡོན་ཏན་མཆོག་།རྡོ་རྗེ་འཛིན་པ་ཐམས་ཅད་དང ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི། །ཀུན་ཏུ་འགྲོ་བ་ཐོབ་འགྲུབ་ན།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དངུལ་ཆུ་བཅུད་ལེན་དེ་ཉིད་དང ། །རྐང་པས་སྤྱོད་པ་དེ་ཉིད་མཆོག་།རིལ་བུ་དང་ནི་མི་སྣང་བ། །ཐམས་ཅད་དུ་ནི་སྟེར་བར་འགྱུར། །དཔལ་ལྡན་འཇམ་པའི་མཆོག་འདི་ནི། །ཆོས་ཀྱི་གསུང་གི་མཆོག་ལས་འཁྲུངས། །སངས་རྒྱས་རྣམས་ཀྱི་ཚངས་པའི་དབྱངས། །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །འདི་ནི་བསྒྲུབ་པ་ཙམ་གྱིས་ནི། །བསམས་པའི་ཕུན་སུམ་ཚོགས་ཀུན་གྱིས། །སངས་རྒྱས་ཀུན་ཏུ་བརྟན་འགྲོ་ན། །གཞན་པའི་ལྷ་ལྟ་སྨོས་ཅི་དགོས། །འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས་སོ། །སྙིང་གར་པདྨ་ཆེན་པོ་ལ། །ཟླ་བའི་དཀྱིལ་འཁོར་ཡོངས་སུ་གནས། །འཇིག་རྟེན་དབང་ཕྱུག་དཔའ་བོ་ཆེ། །ཐུགས་རྗེ་ཆེན་པོའི་ཐུགས་ལྡན་པ། །ཕྱག་བཞི་པ་ལ་ཞལ་བཞི་
68b
པ། །དུང་དང་ཀུན་ད་ཟླ་ལྟར་དག་།ཆོས་ཀྱི་དབྱིངས་ལས་ཡང་དག་བྱུང ། །ཆུ་ཡི་དཀྱིལ་འཁོར་ཆེན་པོ་ལ། །བདག་ཉིད་འཇིག་རྟེན་དབང་ཕྱུག་ཆེས། །དེ་ལ་གནས་པ་དགེ་བ་བསྒོམ།། རང་བཞིན་གྱིས་ནི་འདི་ཀུན་དག་།གདོད་ནས་མ་སྐྱེས་མ་བྱུང་བ། །གསང་སྔགས་ཆེན་པོ་འདི་ཡིས་ནི། །སྙིང་གར་ཡོངས་སུ་བསྒོམ་པར་བྱ། །འཇིག་རྟེན་དབང་ཕྱུག་འཁོར་ལོ་ཆེ། ཀུན་ཏུ་རྣམ་པར་འཕྲོས་པ་ཡི། །འབར་བའི་ཕྲེང་བས་འཁྲིགས་ཤིང་ཞི། །རལ་པའི་ཐོར་ཚུགས་འཛིན་པ་པོ། །རལ་པའི་དབུས་སུ་དཔའ་བོ་ཆེ། །འོད་དཔག་མེད་པ་ལྡན་པའི་བདག་།སྟོན་ཀའི་ཟླ་བ་ལྟ་བུར་གསལ། །ཀུན་ཏུ་ནམ་མཁའ་ཡོངས་གང་བ། །གསང་སྔགས་སྦྱོར་བདག་བསྒོམ་པར་བྱ། །རང་ཉིད་འཇིག་རྟེན་གསུམ་རྣམ་རྒྱལ། །ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པ། །པདྨའི་ལུས་ཀྱིས་ཡང་དག་གད། །ཀུན་ཏུ་པདྨ་རྣམས་ལ་ནི། །ཟླ་བའི་དཀྱིལ་འཁོར་ཡང་དག་གནས། །ཁམས་གསུམ་རྣམ་པར་རྒྱལ་བའི་སྐུ། །ཁྱད་པར་དུ་བདག་དགང་བར་བྱ། ། འགྲོ་བ་བརྟན་དང་གཡོ་བ་ཀུན། །སྣང་དང་མི་སྣང་དངོས་པོ་ནི། །ཡང་དང་ཡང་དུ་བལྟ་བར་བྱ། །གདུལ་བྱ་མ་ལུས་སེམས་ལ་ནི། །སྟོབས་པོ་ཆེས་ནི་དགང་བར་བྱ། །ཁ་དོག་དབྱིབས་ནི་འདི་བཞིན་དུ། །སྣ་ཚོགས་གཟུགས་ལ་ཆེར་འབར་བ། །ཀུན་ནས་ཡོངས་སུ་བསྡུས་ནས་ནི། །སྔགས་པའི་མདུན་དུ་གཞག་པར་བྱ། །དེ་ནས་སྔགས་པས་དེ་མ་ཐག་།སླར་ཡང་རྩེ་གཅིག་
69a
༄#། །སེམས་ཀྱིས་ནི། །དགུག་དང་གཞུག་དང་བཅིང་བ་དང ། །དབང་དུ་བྱ་བ་བསྒྲུབ་པར་བྱ། །འཇིག་རྟེན་དབང་ཕྱུག་ཐུབ་ཆེན་པོ། །བཅོམ་ལྡན་རྣལ་འབྱོར་ཅན་གྲུབ་ན།། དཔའ་བོ་ཐམས་ཅད་སྩོལ་འགྱུར་ཞིང ། །རང་གི་དངོས་གྲུབ་མཆོག་རྣམས་དང ། །རྣལ་འབྱོར་ཐམས་ཅད་འཛིན་ཉིད་དང ། །རྣམ་པར་རྒྱས་པའི་ནོར་སྟེར་འགྱུར། །རིག་པ་འཇིན་དང་འཁོར་ལོ་ཅན། །ས་དང་ཕ་རོལ་ཕྱིན་སོགས་དང ། །སངས་རྒྱས་རྣམས་ཀྱང་སྩོལ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེའི་སྔགས་ནི། །ོཾ་ཨཱ་རོ་ལི་ཀ་།གསང་སྔགས་དཔལ་ལྡན་མཆོག་འདི་ནི། །རང་ཉིད་ཁམས་གསུམ་རྣམ་པར་རྒྱལ། །ལོངས་སྤྱོད་ཐམས་ཅད་བཀུག་ནས་ནི། །སྐད་ཅིག་ཙམ་གྱིས་རྣམ་པར་སྟེར། །པདྨའི་སྒྲུབ་པའི་སྦྱོར་བ་ཡིས། །བདག་ཉིད་འཇིག་རྟེན་དབང་ཕྱུག་བསྒྲུབ། །འཇིག་རྟེན་གསུམ་གྱི་རྒྱལ་རྣམས་ནི། །སྲིད་པར་བཀུག་ནས་རྣམ་པར་སྟེར། །འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས་སོ། །ཐམས་ཅད་རྡོ་རྗེའི་རང་བཞིན་གཟུགས། །མེ་ཡི་དཀྱིལ་འཁོར་དགེ་བ་སྟེ། །དེ་ཡི་དབུས་སུ་བྱ་བ་ནི། །དཀྱིལ་འཁོར་རླུང་དང་རབ་མཚུངས་པ། །དེ་ཡི་དབུས་སུ་དེ་འདྲ་བསམ། །ཉི་མ་ཡི་ནི་དཀྱིལ་འཁོར་རོ། །དེ་ཡི་དབུས་སུ་གཟི་བརྗིད་ཆེ། །འབར་བ་ལྟ་བུའི་གཟི་བརྗིད་ཅན། །རྡོ་རྗེའི་ལག་པ་གཟི་བརྗིད་ཆེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་
69b
བརྒྱན། །ཚངས་པའི་ཡུལ་ས་ཐམས་ཅད་དུ། །ཀུན་ནས་ཡོངས་སུ་གསལ་བར་བྱེད། །ཧཱུཾ་གི་ཡི་གེ་སྒྲ་ཟབ་མོ། །དབྱར་གྱི་སྤྲིན་དང་མཚུངས་པའི་འོད། །རྒྱལ་པོ་འཁྱིལ་བ་དང་མཚུངས་པ། །ཟར་མ་ཡི་ནི་མེ་ཏོག་འདྲ། །འབར་བ་དམར་པོས་འཁྲིགས་ཤིང་འཇིགས། །བསྐལ་པའི་མེ་དང་འདྲ་བར་གནས། །ཞལ་བཞི་པ་ལ་མཆེ་བ་བཞི། །འཇིགས་པའི་དུས་ཀྱི་ཐལ་བ་འདྲ། །ཧཱུཾ་གི་ཡི་གེ་བཞི་དང་ལྡན། །སྤྲིན་འཁྲུགས་པ་དང་རབ་ཏུ་འདྲ། །རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །སྔགས་ཀྱི་ཚིག་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་ཡ་གྲྀཧྞ་པ་ཡ་ཧཱུཾ། ། ན་ལ་ཧོ་བྷ་ག་ཝཱན། བིདྱཱ་རཱ་ཛ་ཧཱུཾ་ཕཊ། རྡོ་རྗེ་འཛིན་པའི་རྒྱལ་པོ་འདི། །ཀུན་མཆོག་སྲིད་པའི་དབང་ཕྱུག་གིས། །འཇིག་རྟེན་གསུམ་ཡང་འགུགས་བྱེད་ན། །བུད་མེད་གཞན་ལྟ་སྨོས་ཅི་དགོས། །ཚངས་པ་ཁྱབ་འཇུག་དབང་ཆེན་སོགས། །ཆུང་མ་དང་བཅས་ཕྱག་རྒྱར་བཅས། །དེ་དག་ཐམས་ཅད་འགུགས་བྱེད་ན། །སྡུག་བསྔལ་ཅན་གཞན་སྨོས་ཅི་དགོས། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེའི་གཟུགས་བརྙན་སྙིང་གར་སོན། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །རྡོ་རྗེ་ཅན་གྱི་སྔོན་དུ་བསྒྲུབ། །བསམ་བ་ཐམས་ཅད་རྫོགས་བྱེད་པ། །བཅོམ་ལྡན་འདས་རྡོ་རྗེ་ཅན་འགྲུབ་འགྱུར། །རྒྱལ་པོ་ཐམས་ཅད་སྦྱིན་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །སྔགས་ནི། འདིར། ཨོཾ་ཊིཀྐ་ཧཱུཾ་ཛཿ །
70a
༄#། །གསང་སྔགས་འདི་ཡི་སྦྱོར་བ་ཡིས། །དམ་པའི་དོན་དུ་བསྒྲུབ་པར་བྱ། །ལོངས་སྤྱོད་ཇི་སྙེད་ཐམས་ཅད་རྣམས། །དེ་སྙེད་ཐམས་ཅད་རྣམ་པར་སྟེར། །རྡོ་རྗེ་འཛིན་པའི་སྒྲུབ་པ་འོ། །དབང་ཆེན་དཀྱིལ་འཁོར་ལ་གནས་པའི། །བྱམས་པ་ཆེན་པོའི་བདག་ཉིད་སྐུ། །སྙིང་གར་ཟླ་བའི་གཟུགས་བརྙན་འོད། །རྡོ་རྗེ་འབར་བའི་ཕྲེང་བ་ལྡན།། འཇིག་རྟེན་ཁམས་ནི་འབྱམས་ཀླས་པ། །རབ་བཞིན་གཅིག་ཏུ་བྱས་ནས་ནི། །རྡོ་རྗེ་ཡིས་ནི་སྤྲོ་བ་དང ། །དབང་བསྐུར་པ་ཡི་རང་བཞིན་དགེ་།གསེར་གྱི་ཁ་དོག་ལེགས་འབར་བ།། རལ་པའི་ཐོར་ཚུགས་འཛིན་པ་པོ། །རལ་པའི་དབུས་སུ་མཆོད་རྟེན་ཆེ། །དུང་དང་ཀུན་ད་ཟླ་འོང་བཟང ། །བསྒོམས་ནས་སེམས་ཅན་ཐམས་ཅད་ལ། །བརྟན་པའི་དོན་དུ་དབང་བསྐུར་བྱ། །ཡང་ན་སེམས་ཅན་ཐམས་ཅད་ལ། །བུ་གཅིག་ལྟ་བུར་རྣམ་པར་སྤྲོ། །སྒོམ་པའི་སྦྱོར་བས་བསྒོམས་ན་ནི། །གཉིས་མེད་མ་རྒྱལ་བ་ལས་རྒྱལ། །སྤྲོ་བ་དང་ནི་བསྡུ་བ་དང ། །གནས་སོགས་དབྱེ་བས་རྣམ་པར་དབྱེ། །བྱམས་པས་ཀུན་ཏུ་རྣམ་པར་སྤྲོ། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཐམས་ཅད་བདག་དང་བདག་གི་བར། །ཤིན་ཏུ་དྲི་མ་མེད་པར་གནས། །རི་རབ་ལྟ་བུར་བརྟན་བའི་སེམས། །འཁྲུལ་པ་མེད་ཅིང་ཡི་གེ་བྲལ། །དེ་ལྟར་སེམས་ནི་བརྟན་བྱས་ནས། །མཉམ་མེད་སེམས་ཅན་ཀུན་དང་མཉམ།།
70b
བདག་ཉིད་བྱམས་པ་ཡིན་ནོ་ཞེས། །དགའ་ལྡན་གནས་པའི་ཚུལ་འཛིན་པ། །ཅུང་ཟད་ལི་ཞིང་འཁྱིལ་བའི་སྐྲ། །པདྨ་རཱ་ག་མཚུངས་པའི་འོད། །རིན་ཆེན་སེམས་ནི་རྣམ་དག་པས། །བདག་ཉིད་ཀྱིས་ནི་བསྒོམ་པར་བྱ། །འདིའི་གསང་སྔགས་རང་བཞིན་གྱིས་གྲུབ་པ་ནི། ཨོཾ་ཨ་ཛི་ཏཉྫ་ཡ་སརྦ་སཏྭཱ་ས་མ་ཡཱནུ་ག་ཏ་སཝཱཧཱ། གསང་སྔགས་བདག་ཉིད་རྒྱལ་པོ་འདི། །བྱམས་པ་ཞེས་ནི་གྲགས་པ་སྟེ། །ཆོས་ཀྱི་དབྱིངས་དང་མཚུངས་པར་ཁྱབ། །བྱམས་པའི་ཐུགས་ནི་ཡིད་དུ་འོང ། །དང་པོའི་སྦྱོར་བའི་རྣལ་འབྱོར་གྱིས། །སྒྲུབ་པའི་ཐབས་མཆོག་བསྒོམ་པར་བྱ། །ོཾ་མཻ་ཏྲེ་ཡ་ཏྲི། འདི་ནི་བསྒྲུབ་པ་ཙམ་གྱིས་ཀྱང ། །དགའ་ལྡན་དུ་ནི་གནས་པར་འགྱུར། །སྒྲིབ་པ་ཀུན་དང་བྲལ་བའི་བདག་།རང་ཉིད་ལྷ་ཡི་བུ་དང་མཚུངས། །བྱམས་པའི་སྦྱོར་བས་བསྒོམ་ན་ནི། །འདི་ནི་བྱམས་པ་ལྟ་བུར་འགྱུར། །བྱམས་པའི་སངས་རྒྱས་ཞིང་དུ་ནི། །རང་བཞིན་གྱིས་ནི་སྐྱེ་བར་འགྱུར། །དེ་མདུན་ཆོས་ནི་ལེགས་ཉན་ནས། །ས་དང་ཕ་རོལ་ཕྱིན་པ་དང ། །དབང་དང་ཏིང་འཛིན་ཐོབ་ནས་ནི། །དེ་ནི་བྱང་ཆུབ་སེམས་དཔར་འགྱུར། །མཐར་ཡང་སངས་རྒྱས་ཐམས་ཅད་ནི། །བྱམས་པའི་ཡིད་ཀྱིས་ཐོབ་པར་འགྱུར། །བྱམས་པའི་སྒྲུབ་པའི་ཐབས་སོ། །རང་གི་ལུས་ནི་ཐམས་ཅད་ནི། །ནམ་མཁའ་མཚུངས་པ་ཉིད་དུ་བསྒོམ། །ཆོས་བདག་མེད་པས་བསྐྱེད་ནས་ཀྱང ། །རང་ཉིད་
71a
༄#། །ནམ་མཁའི་སྙིང་པོར་འགྱུར། །གསང་སྔགས་འདི་ཡི་སྦྱོར་བ་ཡིས། །མཁའ་མཚུངས་དཔེ་ལས་རྣམ་པར་འདས། །ནམ་མཁའི་འོད་ཟེར་གྱུར་པ་ཡིས། ། སེམས་ཅན་རང་གི་སེམས་ལས་སྤྲོ། །ཐམས་ཅད་སེམས་ལས་སྤྲོས་ནས་ནི། །སླར་ཡང་རིམ་གྱིས་བསྡུ་བར་བྱ། །ནམ་མཁར་ས་མཉྫ་རཱ་བལྟ། །རང་གི་དེ་ཉིད་ཀྱིས་སྦྱར་བྱ། །རིན་ཆེན་དཀྱིལ་འཁོར་དབུས་གནས་པར། །རིན་ཆེན་ཁ་དོག་འོད་པོ་ཆེ། །རྒྱན་རྣམས་ཀུན་གྱིས་ལུས་བརྒྱན་པ། །ལག་ན་རིན་ཆེན་སྟོབས་པོ་ཆེ། །རིན་ཆེན་སྦྱོར་བས་བསྒོམས་པ་ཡིས། །ནམ་མཁའི་དམ་པ་འགྲུབ་པ་ཡིན། །སྔགས་ནི། ཨོཾ་ཨཱ་ཀ་ཤ་གརྦྷ་ཡ་སཝཱཧཱ། ནམ་མཁའི་སྙིང་པོ་སྟོབས་པོ་ཆེ། །བཅོམ་ལྡན་རྣལ་འབྱོར་འགྲུབ་པར་འགྱུར། །རང་གི་དངོས་གྲུབ་ཐམས་ཅད་ནི། །སྟེར་བར་འགྱུར་ཏེ་དཔྱད་མི་དགོས། །དཔའ་བོ་སངས་རྒྱས་ཐམས་ཅད་ཀྱིས། །དངོས་གྲུབ་ཇི་སྙེད་བཀའ་སྩལ་པ། །ནམ་མཁའི་སྙིང་པོ་བསྒྲུབས་པ་ཡིས། །དེ་དག་ཐམས་ཅད་མྱུར་དུ་སྟེར། །ནམ་མཁའི་སྙིང་པོ་སྒྲུབ་པའི་ཐབས་སོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡིས། །ཀུན་ཏུ་བཟང་པོའི་འོད་བཟང་བ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་པས་རྟག་ཏུ་བསྒོམ་པར་བྱ། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །རང་གི་ལུས་ནི་ཇི་སྙེད་པའི། །རང་གི་ཕྲ་
71b
རབ་རྡུལ་རྣམས་ཀྱིས། །དེ་དག་ཐམས་ཅད་མཚུངས་པར་བྱ། །སངས་རྒྱས་སྐུ་ཡི་སྐུ་ཉིད་དུ། །ཡང་ན་བ་སྤུའི་ཁུང་རྣམས་སུ། །རང་གི་འཁོར་ལོས་ཡོངས་བསྐོར་ནས། །སངས་རྒྱས་ཀུན་དང་མཚུངས་བྱས་ཏེ། །བདག་ནི་ཀུན་ཏུ་བཟང་པོ་ཞེས། །ཡི་གེ་ལྔ་པ་ཞེས་སུ་བཤད། །འདི་ཡི་སྔགས་ཆེན་བཟླ་བར་བྱ། །ཡང་ན་འདིར་ནི་ལྷ་གཞན་གྱིས། །རྟག་ཏུ་སྔགས་སུ་གྱུར་པ་འོ། ། ོཾ་སཱཾ་ཧྲཱིཿ ཀཱ་ཡ་སཝཱཧཱ། གསང་སྔགས་རྒྱལ་པོ་ཆེ་གསང་ཞིང ། །གདོད་ནས་ངག་ཅིང་རང་འབྱུང་བ། །གྲུབ་པ་གསང་སྔགས་འདི་ཡིས་ནི། །དེ་ཡི་ཤེས་རབ་དྲི་མེད་ཅིང ། །གཟུགས་མཛེས་པ་ནི་དེ་དང་མཚུངས། །བསྟན་བཅོས་ཐམས་ཅད་རབ་སྨྲ་བ། །ཀུན་བཟང་མཆོག་ཏུ་བདག་འགྱུར་རོ། །ཀུན་ཏུ་བཟང་པོའི་སྒྲུབ་པའི་ཐབས་སོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དམ་པའི་དོན་དུ་བསྒོམས་པར་བྱ། །གསང་སྔགས་འདི་ཡི་སྦྱོར་བ་དང ། །བཅུད་ཀྱི་ལེན་གྱིས་བདེ་བླག་ཏུ། །རིང་པོ་ཉིང་དུ་མི་ཐོགས་པར། །སྒྲིབ་པ་རྣམ་སེལ་མཚུངས་པར་འགྱུར། །སྔགས་འབྱུང་བ་ནི། ཨོཾ་སརྦ་ནི་ཝ་ར་ཎ་བིཥྐཾ་བྷི་ནི་སཝཱཧཱ། ཨོཾ་ན་སི་རཱ་ཡ་སཝཱཧཱ། གཙོ་བོ་གསང་སྔགས་འདི་འཛིན་ལ། །རྣམ་པར་སེལ་བར་གྲགས་པ་སྟེ། །ཐམས་ཅད་སྒོམ་པའི་སྦྱོར་བ་ཡིས། །ཕྱག་རྒྱ་ཀུན་གྱིས་ཐམས་ཅད་དུ། །གདོད་ནས་སྐྱེ་མེད་རང་བཞིན་གྱིས། །གདོད་ནས་དག་ཅིང་
72a
༄#། །འགྱུར་བ་མེད། །དེ་ལྟར་ཆོས་འདི་ཤེས་ནས་ནི། །ལྷ་ཉིད་དང་ནི་མཉམ་བྱས་ནས། །རྙོག་པ་མེད་ཅིང་ཟག་མེད་པའི། །རྗེས་སུ་རྣལ་འབྱོར་གྱིས་བསྒྲུབ་བྱ། ། ུཏྤལ་སྔོན་པོའི་འདབ་མ་ལྟར། །གསལ་བའི་རྣམ་པར་གནས་པའོ། །དབང་ཆེན་དཀྱིལ་འཁོར་ལ་བཞུགས་པའི། །མེ་ཡིས་ཡོངས་སུ་བསྐོར་བ་ཡི། །ཕྱག་ན་རལ་གྲི་གཟི་བརྗིད་ཆེ། །ཡང་ནས་ཡང་དུ་སེམས་བྱེད་ཅིང ། །དངོས་གྲུབ་འདི་ནི་གཟི་བརྗིད་ཆེ། །རྣམ་སེལ་མཆོག་གི་དབང་ཕྱུག་ནི། །མཐའ་ལས་འདས་པའི་དངོས་གྲུབ་མཆོག་།ཐམས་ཅད་ནས་ནི་སྩོལ་བ་ཉིད། །རྣམ་པར་སེལ་བ་སྒྲུབ་པའི་ཐབས་སོ། །དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །རྡོ་རྗེ་ཡི་ནི་དབུས་ན་བཞུགས། །གསེར་གྱི་མདོག་ཅན་སྐུ་ཆེན་པོ།། འབར་བ་ལྟ་བུའི་གཟི་བརྗིད་ཅན། །སྙིང་གར་རྡོ་རྗེའི་ཕྱག་རྒྱ་གནས། །ས་སྙིང་ཞེས་བྱར་བདག་ཉིད་བསྒོམ། །རང་གི་ལྷག་པའི་ལྷར་སྦྱོར་བ། །རང་གི་གསང་སྔགས་བརྗོད་པར་བྱ། །ས་སྙིང་ཞེས་བྱར་བདག་བསྒོམ་ནས། །སྔགས་ཀྱི་ཡི་གེ་མཆོག་བདེ་འདི། །ོཾ་ཀཥི་ཧཿ རཱ་ཛཿ སཝཱཧཱ། བསམ་ཡས་སྔགས་མཆོག་འདི་ཡིས་ནི། །དངོས་གྲུབ་ཐམས་ཅད་རབ་སྩོལ་མཛད། །ས་ཡི་སྙིང་པོ་ཞེས་གྲགས་པ། །དམ་པའི་དོན་དུ་རྣལ་འབྱོར་པས། །སའི་སྙིང་པོའི་སྒྲུབ་བའི་ཐབས་སོ། །ཟད་པ་མེད་ཅིང་འཁྲུལ་པ་མེད། །ཟད་མེད་
72b
མཆོག་གི་ཤེས་རབ་ཅན། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཤེས་རབ་རྡོ་རྗེའི་བདག་ཉིད་དགེ་།བློ་གྲོས་མི་ཟད་རྙེད་དཀའ་བ། །འབད་པ་ཡིས་ནི་བསྒོམ་པར་བྱ། །མེ་ཡི་དཀྱིལ་འཁོར་དབུས་སུ་ནི། །གསེར་གྱི་མདོག་དང་ལྡན་པའི་གཟུགས། །རྒྱལ་པོ་ཆེན་པོ་ཟླ་བའི་འོད། །འོད་ཀྱི་དཀྱིལ་འཁོར་རབ་ཏུ་གསལ། །སྔགས་ནི། ཨོཾ་ཨཀྵ་ཡ་མ་ཏི་སཝཱཧཱ། སྔགས་ཀྱི་ཡི་གེ་གསང་བ་འདི། །ཐམས་ཅད་བློ་གྲོས་གསལ་བར་བྱེད། །ཡེ་ཤེས་མི་ཟད་འདོད་པ་ཡིས། །འབད་པ་ཡིས་ནི་བསྒྲུབ་བྱ་སྟེ། །དངོས་གྲུབ་ཀུན་གྱི་མཆོག་ཅེས་བྱ། །ཤེས་རབ་ཡེ་ཤེས་དྲི་མེད་མཛེས། །སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །བློ་གྲོས་མི་ཟད་པའི་སྒྲུབ་པའི་ཐབས་སོ། །ཀུན་ནས་ཤེས་རབ་ཆེན་པོ་ཅན།། ཟླ་བའི་དཀྱིལ་འཁོར་ལ་བརྟེན་པར། །གསེར་གྱི་ཁ་དོག་གཟི་བརྗིད་ཆེ། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པའི། །གཞོན་ནུའི་གཟུགས་ཅན་རྟག་ཏུ་བསམ། །རེ་བ་ཐམས་ཅད་རྫོགས་པར་མཛད། །རང་གི་ལྷག་པའི་ལྷར་སྦྱོར་བ། །ནམ་མཁའི་བདག་པོ་བདག་ཡིན་ཞེས། །ལུས་ངག་ཡིད་ཀྱིས་ཐམས་ཅད་དུ། །ཐམས་ཅད་རིག་པས་བརྟན་པར་བྱ། །ཤིན་ཏུ་དྲི་མེད་བྱང་ཆུབ་སེམས། །རང་སྙིང་མེ་ལོང་ལྟ་བུར་བསམ། །དེ་ནས་ཡི་གེའི་ཚིག་བཀོད་དེ། །མཁའ་མཛོད་བདག་ཅེས་བདག་ཉིད་ཀྱིས། །བསྒོམས་ནས་རྡོ་རྗེ་རྡོ་རྗེའི་བདག་།མཁའ་ལ་རིན་ཆེན་འབྱུང་
73a
༄#། །གནས་དང ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང ། །དེ་བཞིན་བུམ་པ་བཟང་པོ་སོགས། །འཇིག་རྟེན་ཀུན་གྱི་དབང་ཕྱུག་གི་།ཉེ་བར་མཁོ་བ་ཐམས་ཅད་འབབ། །འཇིག་རྟེན་ཀུན་གྱི་རྫས་ཐམས་ཅད། །ཇི་སྙེད་ཡོད་པ་དེ་དག་ཀུན། །འདིར་ནི་སྐད་ཅིག་ཙམ་ཉིད་ལ། །དངོས་གྲུབ་དམ་པ་སྩོལ་བར་འགྱུར། །ོཾ་ག་ག་ན་གཉྩ་གམ་སཝཱཧཱ། ནམ་མཁའ་མཛོད་ཀྱི་དངོས་གྲུབ་ཆེ། །ནོར་གྱི་རྒྱུན་གྱི་རབ་འབེབས་པ། །ནམ་མཁའ་མཛོད་ནི་སྟོབས་པོ་ཆེ། །སྐད་ཅིག་མ་ལ་བྱད་པར་འགྱུར། །ནམ་མཁའ་མཛོད་ཀྱི་སྒྲུབ་པའི་ཐབས་སོ། །རིན་ཆེན་དཀྱིལ་འཁོར་ལས་བྱུང་བ། །རིན་ཆེན་ཕུང་པོ་ཆར་རབ་འབེབས། །རིན་ཆེན་གཟི་བརྗིད་མཆོག་ཏུ་རོལ། །ལག་ན་རིན་ཆེན་དེ་བསྒྲུབ་བྱ། །ལག་ན་རིན་ཆེན་ཕྱག་རྒྱ་ཆེ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་སྦྱོར་བས་བསྒོམ་པར་བྱ། །བདག་ཉིད་རིན་ཆེན་ཞེས་བྱ་དང ། །རིན་ཆེན་ཐམས་ཅད་སྩོལ་བར་མཛོད། །ཐམས་ཅད་རྡོ་རྗེ་བཞིན་བདག་ཉིད། །པྲི་ཡང་སྐུ་མདོག་སྔོ་བསངས་འོད། །དབང་ཆེན་དང་ནི་མེ་ལས་བྱུང ། །ཕྱག་ན་རིན་ཆེན་ཆེར་གསལ་བ། །རབ་ཏུ་འབད་དེ་བསྒོམ་པར་བྱ། །ོཾ་རཏྣ་པཱ་ཎི་ར་མཿ སཝཱཧཱ། གསང་སྔགས་འདི་ནི་བརྩོན་འགྲུས་ཆེ། །རབ་ཏུ་འབད་དེ་བསྒྲུབས་ན་ནི། །འགྲོ་བ་ཀུན་གྱི་ལག་ཏུ་ནི། །རིན་ཆེན་ཐམས་ཅད་རབ་སྩོལ་བྱེད། །ལག་ན་རིན་པོ་ཆེ་སྒྲུབ་
73b
པའི་ཐབས་སོ། །ཆོས་ཀྱི་དབྱིངས་དང་མཚུངས་པའི་སེམས། །བདུད་རྩི་ཆུ་ཡིས་རབ་གང་བ། །སྟོང་གསུམ་ཞེས་ནི་བསམ་པར་བྱ། །པདྨ་གཅིག་གི་སྟེང་ན་གནས། །དེ་ཡི་སྟེང་དུ་གཟི་བརྗིད་ཆེ། །ཆུ་ལྷ་ཡི་ནི་གཟུགས་ཀྱི་མཆོག། དེ་སྟེང་དུ་ཡང་གསང་ཆེན་པོ། །མེ་ཡི་དཀྱིལ་འཁོར་དམ་པ་ཡིན། །དེ་ཡི་སྟེང་དུ་བརྩོན་འགྲུས་ཆེ། །རྩེ་མོ་བརྒྱ་པའི་རྡོ་རྗེ་བྱུང ། །དེ་ཡི་སྟེང་དུ་པད་ཆེན་པོ། །འདབ་མ་བརྒྱ་པ་འོད་གསལ་བ། །དེ་སྟེང་རྟག་ཏུ་བསམ་པ་ནི། །བྱང་ཆུབ་སེམས་དཔའ་སྟོབས་པོ་ཆེ། །རྒྱ་མཚོའི་བློ་གྲོས་ཞེས་གྲགས་པ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །དུང་དང་ཀུན་ད་ཟླ་བའི་མདོག་།རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་ཡི་ལག་ན་ཕྱག་རྒྱ་ཆེ། །རྡོ་རྗེ་དུང་དུ་རབ་ཏུ་གྲགས། །རང་གི་ལྷག་པའི་ལྷ་སྦྱོར་བས། །རང་ཉིད་རྡོ་རྗེ་ཡིན་ནོ་ཞེས། །རྒྱ་མཚོའི་བློ་གྲོས་ཤེས་རབ་ཆེ། །སླར་ཡང་གསང་སྔགས་བཟླ་བར་བྱ། །སྔགས་ནི། ཨོཾ་སཱ་ག་ར་མ་ཏི་ས་ར་སཝཱཧཱ། སྔགས་འདི་མཆོག་དང་གཙོ་བོ་སྟེ། །ཤེས་རབ་ཡེ་ཤེས་དྲི་མེད་མཛེས། །རྡོ་རྗེའི་སྦྱོར་བས་མྱངས་ནས་ནི། །ཤེས་རབ་རྒྱ་མཚོའི་བློ་གྲོས་མཚུངས། །རང་ཉིད་སངས་རྒྱས་འཇམ་པའི་དབྱངས། །ཐུགས་རྗེ་འཇིག་རྟེན་དབང་ཕྱུག་རྒྱལ། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །རྒྱ་མཚོའི་བློ་གྲོས་ཀྱི་སྒྲུབ་པའི་ཐབས་སོ། །དབང་ཆེན་དཀྱིལ་འཁོར་ལ་གནས་པའི། །ུཏྤལ་སྔོན་པོའི་འདབ་འདྲའི་འོད། །རྡོ་རྗེ་སྙིང་
74a
༄#། །པོ་བརྩོན་འགྲུས་ཆེ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཇི་སྙེད་ས་སྟེང་མཐའ་དག་ཏུ། །ཁྱབ་ལ་སྡུག་ཅིང་མཐོ་བ་ཡིས། །ས་ཞིང་སྙིང་པོ་རྣམ་དག་པའི། ། མཆོག་གི་ཡི་གེ་འགྱུར་མེད་པའི། །ས་བཅུའི་དབང་ཕྱུག་མགོན་པོ་ནི། །ཆོས་ཀྱི་སྤྲིན་ལ་སྤྱོད་མཛད་པ། །བསམ་ཡས་ས་ནི་ཡང་དག་བརྙེས། །ེནྡྲ་ནཱི་ལ་མཚུངས་པའི་འོད། ། དེ་ཡི་སྔགས་གྱུར་མཛེས་པ་ནི། །ཡི་གེ་མཆོག་ནི་སྟེང་དུ་འབར། །ཐུགས་ཀར་རྡོ་རྗེ་ཆེར་གསལ་བ། །རང་ཉིད་རྣམ་པར་འཕྲོ་བ་བཞིན། །སྔགས་ནི། ཨོཾ་བཛྲ་གརྦྷ་ཧཱུཾ། འདི་ནི་སྔགས་མཆོག་གཙོ་བོ་སྟེ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད། །ཡེ་ཤེས་ཡངས་པ་སྩོལ་མཛད་ཅིང ། །རྣམ་པ་ཀུན་ཏུ་ཕུན་ཚོགས་ཀུན། །སངས་རྒྱས་ཉིད་ཀྱང་སྩོལ་མཛད་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དགུག་དང་གཞུག་དང་བཅིང་བ་དང ། །དབང་དུ་བྱ་བ་སྒྲུབ་པར་བྱེད། །བདག་ཉིད་རྡོ་རྗེ་ཡིན་ནོ་ཞེས། །ང་རྒྱལ་རབ་ཏུ་བསྐྱེད་ནས་ནི། །རྡོ་རྗེ་སྙིང་པོ་བཞིན་དུ་གཞན། །བདག་གི་རྣལ་འབྱོར་བསྒོམ་པར་བྱ། །ཐུགས་ཀྱི་རྡོ་རྗེ་ཉིད་གྱུར་ནས། །ཆོས་ཀྱི་དབྱིངས་དང་མཉམ་པ་ཐོབ། །དེས་ན་རྣམ་པ་ཐམས་ཅད་ཀྱིས། །རྡོ་རྗེ་སྙིང་པོས་ཡང་དག་\?\་བྱང་\?\། །རྡོ་རྗེ་སྙིང་པོ་མཁའ་རྡོ་རྗེ། །སྦྱིན་པ་བྱེད་པ་དེ་ཡིས་སྒྲུབ། །རྡོ་རྗེ་སྙིང་པོ་སྒྲུབ་པའི་ཐབས་སོ། །དབང་ཆེན་མེ་ལས་ཡང་དག་བྱུང ། །ནོར་བུ་རིན་ཆེན་འདྲ་བའི་ལུས།།
74b
ཟླ་བའི་དཀྱིལ་འཁོར་གནས་པ་ཡིས། །ཉི་མའི་དཀྱིལ་འཁོར་མཚུངས་པའི་འོད། །རིན་ཆེན་འབྱུང་བ་སེམས་ཆེན་པོ། །འགྲོ་བ་སྣང་བར་བྱེད་དེ་གནས། །པདྨ་མཁའ་འདྲའི་རྣམ་པ་ཅན། །ཕྱག་རྒྱ་དེ་ཡི་སྙིང་གར་གནས། །རིན་ཆེན་སྦྱོར་བས་བསྒོམ་པར་བྱ། །རིན་ཆེན་ཆར་པ་འབབ་པར་འགྱུར། །སྔགས་ནི། ཨོཾ་རཏྣ་ཀཱ་ར་ཧྲཱིཿ རཏྣཾ་ད་ང་སཝཱཧཱ། རིན་ཆེན་འབྱུང་གནས་རྒྱལ་པོ་འདི། །མཆོག་རྣམས་ཀྱི་ནི་སའི་དབང་ཕྱུག་།སྦྱོར་བ་ཀུན་གྱིས་བསྒྲུབ་པར་བྱ། །རྒྱ་ཆེའི་ནོར་རྣམས་སྩོལ་བར་འགྱུར། །རིན་ཆེན་འབྱུང་བའི་སྒྲུབ་པའི་ཐབས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་བ་བཏབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྲོ་བོ་བཅོམ་ལྡན་འདས་བསྐྱེད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་འཁོར་ལོས་བསྒྱུར་བ་ཆེན་པོས་དེ་སྐད་ཅེས་གསོལ་བ་བཏབ་མ་ཐག་ཁོ་ནར་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གསང་བ་ལས་ཆེས་གསང་བ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །ཁྲོ་བོ་ཡི་ནི་དཀྱིལ་འཁོར་མཆོག་།རླུང་ཁམས་རབ་ཏུ་གསལ་བ་ལ། །མེ་ནི་དབུས་
75a
༄#། །ནས་དབུས་སུ་འོ། །དེ་ཡི་དབུས་སུ་རྡོ་རྗེ་ཆེ། །འོད་ཟེར་ལྔ་ཡི་ཕྲེང་བས་མཛེས། །དེ་ཡི་མདུན་དུ་བྱ་བ་ཡང ། །མདུང་རྩེ་འབར་བ་ཆེན་པོ་ཡི། །དེ་ཡི་གཡས་ཀྱི་གདན་ལ་ནི། །རྡོ་རྗེ་ཆེན་པོ་འབར་ཕྲེང་ཅན། །གཡོན་ཉིད་དུ་ནི་བེ་ཅོན་ཅན། །རིག་པའི་ཕྲེང་བས་རྣམ་པར་སྤྲས། །རྒྱབ་ཏུ་རལ་གྲིའི་ཕྱག་རྒྱ་ནི། །རིན་ཆེན་འབར་བས་རྣམ་པར་བརྒྱན། །ཕྱི་ངོས་རྣམས་སུ་རྣམ་ཁྲོས་པའི། །ཁྲོ་བོ་ཐམས་ཅད་དགོད་པར་བྱ། །དེ་ཡི་སྔགས་ཀྱི་ཡི་གེ་གསང ། །གསང་ཆེན་མཆོག་ཏུ་འབར་བ་འོ། །གཞན་དུ་མེད་ཅིང་གྲངས་མེད་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཡི་གེ་གཅིག་པ་གསང་ཆེན་པོ། །རྒྱུ་ཡི་དོན་དུ་རྟོགས་པར་བྱེད། །དབྱངས་ལྔ་དང་ནི་ཡང་དག་ལྡན། །ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན། །དེ་ཉིད་གསང་བའི་མགོན་པོ་ནི། །དབྱངས་བདུན་པར་ནི་བཤད་པ་ཡིན། །ཧེ་རུ་ཀ་དཔལ་རྡོ་རྗེ་ཆེ། །འཇིགས་པའི་ཐལ་བ་མཆོག་ཏུ་འབར། །སེམས་དཔའ་སྔོན་པོ་འབར་བའི་བདག། འབར་བའི་མེ་ཡི་དཀྱིལ་འཁོར་བཞིན། །འཇིགས་པ་ཆེན་པོའི་དུས་ཅན་གྱི། །ཆར་སྤྲིན་དང་ནི་འདྲ་བའི་འོད། །པདྨ་རཱ་གའི་རྣམ་པ་འདྲ། །འབར་བ་ཀུན་གྱིས་རྣམ་པར་བརྒྱན། །དུར་ཁྲོད་མེ་བཞིན་ཤིན་ཏུ་ཡང ། །གསལ་བའི་སྐྲ་ལྡན་སྟོབས་པོ་ཆེ། །རྣོ་བའི་རྡོ་རྗེ་ཆེར་འབར་བ། །ཐོད་པའི་ཅོད་པན་སྟེང་དུ་འབར། །འཇིགས་པ་ཆེན་པོའི་དུས་ཅན་གྱི། །
75b
རྒོད་མ་ཁ་ཡི་མེ་ལྟར་གནས། །སྨིན་འཁྱོག་རྣམ་པར་འཁྲུག་པ་ཅན། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་བཞུགས། །ཁྲོ་བོ་ལ་སོགས་ཉམས་དང་ལྡན། །རྣམ་པ་སྣ་ཚོགས་འཁྲུག་པའི་གདོང ། །གར་དང་སྡུད་པར་ཡང་དག་ལྡན། །འཇིག་རྟེན་སྣང་བའི་གར་མཛད་པ། །ཕྱག་ནི་བརྒྱ་ཕྲག་སྟོང་དང་ལྡན། །གཅིག་ཏུ་གྱུར་ཅིང་རྣམ་པ་མང ། །རྣམ་མང་ཞལ་ལྡན་ང་དག་གི་།སྔོ་སེར་ལ་སོགས་ཐ་དད་ལྡན། །ཞབས་ཀྱང་རྣམ་པ་དུ་མ་ལྡན། །སྣ་ཚོགས་མདོག་ལྡན་རྣམ་པར་འཁྲུག་།དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཤིན་ཏུ་གདུག་ཅིང་དྲག་རྣམས་ལ། །སྒྱུ་འཕྲུལ་དྲ་བ་ཞེས་བྱར་གནས། །ཕྱག་དྲུག་ཞབས་དྲུག་སྣང་བ་ཅན། །ཞལ་དྲུག་པ་སྟེ་གསུས་པོ་ཆེ། །ཆར་སྤྲིན་མཆོག་འདྲ་ཆེར་ནག་པ། །དུས་མཐའི་མེ་དང་འདྲ་བར་གནས། །མདོག་ཆེན་རྒྱལ་པོ་འཁྱིལ་བ་འདྲ། །ཟར་མ་ཡི་ནི་མེ་ཏོག་མཚུངས། །ཁྲོ་བོ་ཐོད་པའི་ཕྲེང་བ་འཆང ། །གཤིན་རྗེ་མཐར་མཛད་སྟོབས་པོ་ཆེ། །དེ་ལ་སྔགས་ཀྱང་ཨོཾ་ཨཱཿ ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ན་ཧཱུཾ་ཕཊ། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་སརྦ་ཤ་ཏྲཱུན་ན་ཤཱ་ཡ་སྟམྦྷ་ཡ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོའི་བདག་ཉིད་འདི། །ཁྱབ་བདག་གདུལ་མདའ་འདུལ་བ་པོ། །གཤིན་རྗེ་མཐར་མཛད་ཁྲོ་བོ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་གཙོ། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་ཅིང ། །དབང་དུ་ཡང་ནི་མཛད་པར་གནས། །རྟག་ཏུ་གདུལ་
76a
༄#། །དཀའ་འདུལ་མཛད་ཅིང ། །རྡོ་རྗེ་སྣང་མཛད་ལེགས་པར་འདུལ། །ཤིན་ཏུ་གདུག་པ་དྲག་རྣམས་ལ། །ཞི་བ་ཉེ་བར་མི་སྦྱར་ཏེ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས། །དེ་བཞིན་གཤེགས་རྣམས་ཁྲོ་བོར་མཛད། །ཐུགས་རྗེས་ཁྲོ་བོའི་ངང་ཚུལ་ཅན། །འཇིག་རྟེན་གསུམ་ཡང་ངེས་སྲེག་མཛད། །དེ་བས་འབད་པ་ཐམས་ཅད་ཀྱིས།། ཤེས་རབ་ཐབས་ཀྱི་བདག་ཉིད་སྐུ། །ཐུགས་རྗེས་ཁྲོ་བོ་མ་ལུས་མཆོག། གདུག་པ་འདུལ་བར་མཛད་པ་བསྐྱེད། །གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་པའི་ཐབས་སོ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །ཁྲོ་བོ་གཟེགས་མ་ཞེས་སུ་གྲགས། །རིན་ཆེན་འབར་བའི་ཁྲོ་བོ་ཆེ། །འཇིགས་པ་ཆེན་པོའི་དུས་དང་འདྲ། །ུཏྤལ་སྔོན་པོའི་འདབ་མ་བཞིན། །དེ་ཡི་ཁ་དོག་རྣམ་པར་གསལ། །དྲག་པོ་ཆེན་པོའི་ཞལ་བཞི་པ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །སྤྱན་གསུམ་པ་ལ་ཁྲོ་གཉེར་བསྙེར། །ཕྱག་དྲུག་པ་ལ་མཆོག་ཏུ་འབར།། མེ་ཡི་ཁམས་དང་འདྲ་བའི་མདོག་།ལི་ཁྲི་མདོག་ལྟར་ཤིན་ཏུ་དམར། །དེ་ཡིས་ཁྲོ་གཉེར་བསྙེར་པ་ཡིས། །གདུག་པ་འདུལ་མཛད་འབྱིན་པར་བྱེད། །ཁྲོ་བོའི་རྒྱལ་པོ་གཉིས་པ་ནི། །ཡང་དང་ཡང་དུ་བསམ་པར་བྱ། །མ་ལུས་ས་རྣམས་ཐམས་ཅད་དུ། །སོན་པའི་བདག་ཉིད་ཆེན་པོ་དེས། །འགུགས་པ་དང་ནི་དབང་བྱེད་ན། །སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས།།
76b
སྔགས་ནི། ཨོཾ་ཀ་ཎི་དྷུ་ཎི་ཧཱུཾ་ཕཊ། ཁྲོ་བོ་འདི་ཡི་སྔགས་འཛིན་པ། །འཇིག་རྟེན་གསུམ་མཆོག་སྟོབས་པོ་ཆེ། །ས་རྣམས་ཐམས་ཅད་སྲེག་བྱེད་ན། །སྐྱེ་བོ་གཞན་ལྟ་སྨྲོས་ཅི་དགོས། །ཁྲོ་བོ་གཟེགས་མ་སྒྲུབ་པའི་ཐབས་སོ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །པདྨ་གར་གྱི་དབང་ཕྱུག་གྱུར། །རྟ་མགྲིན་ཞེས་སུ་བཤད་པ་ཡིན། །རྟག་ཏུ་འཆར་ཀའི་མདོག་འདྲ་བ། །རྒྱ་སྐྱེགས་མདོག་ལྟར་དམར་པ་འོ། །ཆུ་དང་གཟི་བརྗིད་ཅན་རག་པ། །མེ་ཡི་དཀྱིལ་འཁོར་དག་དང་ལྡན། །འདོད་ལྡན་རྣམས་ལ་འདོད་པ་འབྱུང ། །གདུག་པ་ཅན་རྣམས་གདུག་པ་འབྱུང ། །ཞི་བ་ལ་ཡང་ཞི་བ་འབྱུང ། །སྟོབས་ལྡན་རྣམས་ལ་སྟོབས་ཀྱིས་སྦྱོར། །ཞལ་བཞི་པ་ལ་ཞབས་བཞི་པ། །བསམ་གཏན་བཞི་དང་མཉམ་པར་ལྡན། །ཕྱག་བཞི་པ་ལ་བརྩོན་འགྲུས་ཆེ། །སེངྒེ་ལྟར་གནས་མཆེ་བ་བཞི། །རྟ་མགྲིན་རྒྱལ་པོ་ཆེན་པོ་ནི། །དམ་པའི་དབང་ཕྱུག་བསྒྲུབ་པར་བྱ། །སྐད་ཅིག་ཉིད་ལ་གནས་ནས་ནི། །ཐམས་ཅད་ལྷུང་བ་བསྒྲུབ་པར་བྱ། །སྔགས་ནི། ཨོཾ་ཨ་མྲྀ་ཏོངྦྷ་བོ་དེ་བྷ་བེ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏོང་བྷ་བ་ཧཱུཾ་ཕཊ། གཡས་དང་གཡོན་གྱི་སྦྱོར་བ་ཡིས། །གཡོན་བརྐྱང་བ་ནི་རབ་ཏུ་སྦྱར། །ཁྲོ་བོའི་སྐྱིལ་ཀྲུང་བྱས་ནས་ནི། །འཇིག་རྟེན་ཐམས་ཅད་རབ་ཏུ་མཉེས། །པདྨའི་དབང་ཕྱུག་རྒྱལ་པོ་འདི། །ས་ཡི་དབང་ཕྱུག་ཀུན་གྱི་མཆོག་།རྟ་ཡི་མགྲིན་པ་སྟོབས་པོ་ཆེ། །
77a
༄#། །སྟོབས་ཀྱི་སྦྱོར་བས་བསྒྲུབ་པར་བྱ། །དབང་ཕྱུག་ཆེན་པོ་ལ་སོགས་ལྷ། །ཚོགས་ཀྱི་བདག་པོ་གཞན་དག་དང ། །མི་དང་གདུག་པའི་བསམ་པ་ཅན། །ས་རྣམས་ཐམས་ཅད་དགུག་པར་བྱ། །རྟ་མགྲིན་གྱི་སྒྲུབ་པའི་ཐབས་སོ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །གཅིག་བུ་ཉིད་ནི་ལྷག་པའི་ལྷ། །ཤེས་རབ་ཐབས་ཀྱི་བདག་ཉིད་གྱུར། །ཁྲོ་བོ་མཆོག་ཏུ་མི་འགྱུར་བ། །ཀུན་སྦྱོར་བདག་གི་རྣལ་འབྱོར་གྱིས། །ཐུགས་རྗེས་ཁྲོ་བའི་དབང་དུ་སོང ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །སྣ་ཡི་རྩེ་མོར་ཡིད་ཀྱིས་ནི། །གཡོ་བ་མེད་པར་བསམ་པར་བྱ། །སློབ་དཔོན་མི་གཡོ་ཁྲོ་བོ་ཆེ། །དེ་བཞིན་གཤེགས་པ་ཐམས་ཅད་བརྟན། །རལ་གྲི་ཞགས་པ་འཛིན་པ་གསང ། །ཐོག་མ་ཐ་མ་མེད་པའི་མཆོག། པྲི་ཡང་ཀུ་ལྟར་ལྗང་བའི་གཟུགས། །འཁྲིགས་ཤིང་བྱིས་པ་ལྟ་བུར་གནས། །མ་ལུས་པ་ཡི་ས་རྣམས་ཀུན། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཁྲོ་བོ་མངག་པ་བྲན་དང་ནི། །ཕོ་ཉས་ཀྱང་ནི་རྣམ་པར་བརྒྱན། །སྐྱེ་བོ་ཀུན་གྱིས་ཡོངས་སུ་གང ། །སངས་རྒྱས་ཀུན་གྱི་སྤྱན་སྔ་ན། །བཀའ་ལུང་ཡང་ནི་ཡོངས་སུ་སྩོལ། །སྔགས་ནི། ན་མཿ ་ས་མནྟ་བཛྲ་ཎཱཾ་ཙཎྜ་མཧཱ་རོ་ཥ་ན་སྥོ་ཊ་ཡ་ཧཱུཾ། ཏྲ་ཀ་ཧཱཾ་མཾ། ཁྲོ་བོ་གཟི་བརྗིད་ཆེན་པོ་འདི། །གཟུགས་མང་མངའ་བ་སྟོབས་པོ་ཆེ། །འགྲོ་བ་ཐམས་ཅད་འགུགས་པར་བྱེད། །དབང་
77b
དུ་ཡང་ནི་མཛད་པར་གནས། །རླུང་དང་མེ་ལས་ཡང་དག་བྱུང ། །འབར་བ་ལྟ་བུའི་གཟི་བརྗིད་ཅན། །སྔགས་དང་ཕྱག་རྒྱ་སོགས་ཀུན་མཆོག་།ལུས་དང་ངག་ཡིད་གེ་བཞིན་ནོ། །དགུག་དང་གཞུག་དང་བཅིང་བ་དང ། །དབང་དུ་བྱ་བ་སྒྲུབ་པར་བྱེད། །དེ་ལ་སོགས་པ་མཐའ་ཡས་མཆོག་།ནམ་མཁའི་ཁམས་ཀྱི་མཐའ་ཀླས་མཆོག་།ཁྲོ་བོའི་ཕྱག་རྒྱ་རང་བྱུང་བ། །དྲག་པོ་ཐོག་མ་ཐ་མ་མེད། །རྣམ་པར་འཕྲོ་བ་བཞིན་དུ་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཁྲོ་བོའི་དཀྱིལ་འཁོར་འདི་ཡོངས་སུ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཐམས་ཅད་ཀྱི་དབང་ཕྱུག་གི་རྒྱལ་པོ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས། གཟུངས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྐྱེད་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །གཟུངས་རྣམས་ཀྱི་ནི་དཀྱིལ་འཁོར་དགེ་།གྲུ་བཞི་པ་ལ་སྒོ་བཞི་བ། །རྟ་བབས་ཀྱིས་ནི་རྣམ་བར་མཛེས། ཐིག་བཞི་དང་ནི་ཡང་དག་ལྡན། །དཀྱིལ་འཁོར་དམ་པ་རབ་ཏུ་བཤད། །དེ་ཡི་དབུས་སུ་པད་ཆེན་པོ། །ལོ་མ་ཀུན་གྱིས་ཤིན་ཏུ་མཛེས། །ཉི་ཤུ་རྩ་ལྔའི་འདབ་མ་ལྡན། །རྡོ་རྗེ་རིན་ཆེན་
78a
༄#། །ལེགས་པར་བརྒྱན། །དེ་ཡི་དབུས་སུ་རྟག་བྲི་བ། །དཔག་མེད་ཤེས་རབ་ཕ་རོལ་ཕྱིན། །དེ་ཡི་ཉ་འཁོར་ཐམས་ཅད་དུ། །སྣ་ཚོགས་ལས་ནི་འབར་རྣམས་ལ།། ཉི་ཤུ་རྩ་ལྔའི་དབྱེ་བ་ཡིས། །ཤེས་རབ་ཕ་རོལ་ཕྱིན་མ་བྲི། །ཤར་གྱི་འདབ་མ་ནས་བརྩམས་ཏེ། །ཐོག་མཐའ་ཉིད་ཀྱང་བརྟག་པར་བྱ། །ཕྱག་རྒྱའི་ཡི་གེ་ཅི་རིགས་བར། །གོ་རིམ་བཞིན་དུ་རྣམ་པར་དགོད། །ཕྱོགས་ཆའི་དབྱེ་བ་ཐ་དད་ཀྱིས། །ཁ་དོག་དབྱེ་བ་ཐམས་ཅད་དུ། །རྣམ་དབྱེ་མཆོག་ཏུ་སྣ་ཚོགས་པ། །ཆོས་ཉིད་མཉམ་དང་མི་མཉམ་པ། །དེ་ལས་འོད་ཟེར་བསམ་མི་ཁྱབ། །སྔོ་སེར་ལ་སོགས་དབྱེ་བ་ཡིས། །ཤེས་རབ་སྣང་བའི་དཀྱིལ་འཁོར་གྱིས། །འགྲོ་བ་ཐམས་ཅད་གསལ་བར་བྱ། །འདུས་པར་གྱུར་ནས་དེ་དག་ཀུན། །ལྷ་ཉིད་ཀྱི་ནི་གཟུགས་ཇི་བཞིན། །ཤེས་རབ་ཆེན་པོ་གཟུགས་ཆེན་པོ། །འབར་བཅས་མཛེས་པའི་གཟི་བརྗིད་ཅན། །དེ་ཡི་ལྟེ་བའི་དཀྱིལ་དུ་ནི། །སྔགས་ཀྱི་དཀྱིལ་འཁོར་ཀུན་ནས་རྟེན། །སྐུ་ནི་གསེར་གྱི་མདོག་དང་འདྲ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རང་གི་ཏིང་ངེ་འཛིན་ལ་ཞུགས། །དུ་མའི་གཟུགས་ཀྱི་གཟུགས་ལྡན་མ། །ཤེས་རབ་ཕ་རོལ་ཕྱིན་མ་ནི། །སེམས་ཅན་ཁམས་ནི་རྣམ་སྦྱོང་མཛད། །ཀུན་ནས་སེམས་ཅན་རྣམས་ཀྱི་ཡུམ། །སེམས་ཅན་ཀུན་གྱི་ཐམས་ཅད་དུ། །ཐམས་ཅད་ལུས་ལ་མཉམ་པར་ཁྱབ། །སེམས་
78b
ཀྱི་རྒྱུན་བཞིན་ལེགས་པར་ཞུགས། །ཟག་པ་མེད་ཅིང་བསམ་མི་ཁྱབ། །དྲི་མ་མེད་ཅིང་ངང་གིས་སྟོང ། །ནམ་མཁའ་དང་ནི་མཚུངས་འདྲ་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །ཐོག་མ་ཐ་མ་མེད་ཅིང་ཞི། །ཆོས་རྣམས་ཀུན་གྱི་དབང་ཕྱུག་སྐུ། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བདེན་པ་གཉིས་ལ་རྣམ་པར་གནས། །ཀུན་རྫོབ་དང་ནི་དམ་པའི་དོན། །ཆོས་ཀྱི་སྐུ་རུ་དེ་བཤད་དོ། །དབང་པོ་ཀུན་ཀྱང་རྣམ་པར་ཤེས། །སེམས་དང་ཐམས་ཅད་ཐམས་ཅད་དུ། །ཡིད་ཀྱི་རྣམ་ཤེས་ཞེས་སུ་བཤད། །ཤེས་རབ་བློ་དང་བློ་གྲོས་དྲན། །ལྷག་མཐོང་དང་ནི་ཡེ་ཤེས་ཀུན། །ཀུན་ནས་ཉོན་མོངས་རྣམ་པར་བྱང ། །རྟག་དང་ཆད་པའི་མཐའ་དང་ལྡན། །མཐའ་གཉིས་པོ་ནི་རྣམ་པར་སྤངས། །ཀུན་རྫོབ་དང་ནི་དམ་པའི་དོན། །རྣམ་པ་གཉིས་སུ་དེ་རབ་བརྟགས། །ཇི་ལྟར་བུད་ཤིང་ལ་བརྟེན་ནས། །མེ་ཡི་ས་བོན་གནས་པ་དང ། །ཏིལ་ལ་ཏིལ་མར་ཇི་བཞིན་ནོ། །བུར་ཤིང་རོ་བཞིན་རབ་ཏུ་བརྟག་།མེ་ཏོག་དྲི་ནི་ཇི་བཞིན་ནམ། །ཞོ་ལ་མར་གསར་ཇི་བཞིན་དུ། །རྣལ་འབྱོར་པ་ཡི་ཡེ་ཤེས་སྲུབ། །བདུད་རྩི་ལྟ་བུའི་སྙིང་པོ་འབྱུང ། །གཙུབ་ཤིང་དང་ནི་གཙུབ་སྟན་ལས། །ཇི་བཞིན་གཙུབས་པས་མེ་འབྱུང་སྟེ། །དེ་བཞིན་ཡེ་ཤེས་རྣལ་འབྱོར་པས། །བསྲུངས་པས་ཡོངས་སུ་བརྟག་པར་བྱ། །ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ། །ཡང་ནས་ཡང་དུ་བསྲུབ་པར་བྱ། །མུན་པ་ཐམས་ཅད་རྣམ་སེལ་བའི།།
79a
༄#། །ཉི་མའི་འོད་ཟེར་ཇི་བཞིན་བདག་།ནམ་མཁའ་དྲི་མ་མེད་བརྟེན་ནས། །ཉི་མ་ཟླ་བ་ཇི་བཞིན་གནས། །འཆར་བ་ཡི་ནི་གསལ་བྱེད་པ། །འབར་བ་སྟོང་ཕྲག་གི་ནི་སྣོད། །མུན་པ་ཀུན་འཇོམས་སྐར་མ་ལ། །ཀུན་ནས་ཀྱང་ནི་མཛེས་པ་ཡིན། །རྣལ་འབྱོར་པས་ནི་ཇི་ལྟར་སེམས། །མཁའ་བཞིན་ཤིན་ཏུ་དྲི་མ་མེད། །གཟུང་འཛིན་ལས་ནི་ངེས་པར་གྲོལ། །མཉམ་དང་མི་མཉམ་དངོས་པོ་ཀུན། །དེར་གནས་རྣལ་འབྱོར་པ་རྣམས་ཀྱིས། །ཡེ་ཤེས་ཉི་ཟླ་མཚུངས་པའི་འོད། །ཤེས་རབ་ཕ་རོལ་ཕྱིན་བསྒོམས་ཏེ། །གསང་སྔགས་འདི་ནི་བསམ་པར་བྱ། །རང་བཞིན་གྱིས་ནི་དག་པའི་དངོས། །རང་བཞིན་མེད་པར་རྣམ་པར་གནས། །རང་བཞིན་གྱིས་ནི་འོད་གསལ་ཀུན། །གདོད་ནས་མ་སྐྱེས་རྙོག་པ་མེད། །ཡི་གེ་དེ་ཉིད་དེ་ལྟ་བུ། །གནས་དང་མི་གནས་རྣམ་པར་སྤངས། །སྡེ་མཚན་བཞི་པའི་གཉིས་པ་ལ། །ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན། །དེ་ཉིད་བཅོམ་ལྡན་མགོན་པོ་སྟེ། །ཤེས་རབ་ཕ་རོལ་ཕྱིན་མར་བཤད། །ོཾ་པྲ་ཛྙཱ་སཝཱཧཱ། ཨོཾ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སཝཱཧཱ། སངས་རྒྱས་རྣམས་ཀྱི་ཤེས་རབ་འདིས། །བསམ་པ་ཐམས་ཅད་རྫོགས་པར་བྱེད། །ོཾ་ཡཾ། འདི་ནི་སངས་རྒྱས་ཀུན་གྱི་ཡུམ། །དེ་ཉིད་འཁོར་ལོས་རྣམ་པར་བསྒྱུར། །འདིས་ནི་དངོས་གྲུབ་ཐམས་ཅད་དང ། །གྲུབ་པ་ཉིད་ནི་བྱེད་པར་གནས། །བསྟན་
79b
བཅོས་རབ་ཏུ་འཆད་བྱེད་དང ། །ཤེས་བྱ་ཐམས་ཅད་ཁྱད་པར་དུ། །ཐམས་ཅད་མཁྱེན་པའི་ཆོས་རྣམས་ཀུན། །དབང་ཕྱུག་དམ་པས་ཤེས་པར་འགྱུར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་པའི་ཐབས་སོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་པ། །རྫུ་འཕྲུལ་ཆེན་པོ་མཁའ་དང་མཉམ། །གསེར་གྱི་མདོག་ཅན་འབར་བ་ཅན། །ཟླ་བའི་གདན་ལ་ལེགས་པར་བཞུགས།། བརྩོན་འགྲུས་ཆེན་པོ་བསམ་གཏན་བྱ། །སྔགས་ཀྱི་ཡི་གེ་རྣམ་པར་བརྒྱན། །མཆོག་ཏུ་རྣལ་འབྱོར་མ་རྣམས་ཀྱིས། །སངས་རྒྱས་སྤྱན་ཞེས་བཏགས་པ་ཡི། །དེ་ཡི་གསང་སྔགས་རབ་བཤད་བྱ། །ཉོན་ཅིག་ས་རྣམས་འདོད་པ་རྣམས། །སྔགས་ནི། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦྦ་ཨརྠ་སཱ་དྷ་ནི་སཝཱཧཱ། འདི་དེ་མཆོག་ཏུ་གསང་བ་ནི། །རྣལ་འབྱོར་མ་ལ་མཆོག་ཏུ་བཤད། །དབང་ཆེན་ཡི་གེའི་མཐར་ཐུག་པ། །བསྒོམས་པས་དགེ་བ་རབ་ཏུ་སྟེར། །ཆོས་ཀྱི་ཕྱག་རྒྱ་འདི་ཤིན་ཏུ། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །དཔུང་དང་བཅས་པ་མྱུར་བཀུག་སྟེ། །བྲན་དུ་གྱུར་ནས་ཉེ་བར་གནས། །ཕྱག་རྒྱ་གཅིག་པའི་ལྷ་མོ་ཆེ། །རོལ་ཅིང་གཡོ་བའི་ཞལ་མངའ་བ། །སྒེག་པ་ལ་སོགས་ཉམས་དང་ལྡན། །རོལ་ཅིང་སྣང་བའི་གར་མཛད་པ། །སངས་རྒྱས་སྤྱན་ནི་འགྲུབ་པར་འགྱུར། །མིག་གི་ཕྱག་རྒྱ་རབ་ཏུ་སྦྱར། །མིག་གི་ཕྱག་རྒྱ་འདི་ཤིན་ཏུ། །འཇིག་རྟེན་གསུམ་ཡང་གར་བྱེད་དོ། །སངས་རྒྱས་སྤྱན་གྱི་ཕྱག་རྒྱའི་སྒྲུབ་པའི་ཐབས་སོ། །
80a
༄#། །ཆུ་ཡི་དཀྱིལ་འཁོར་དགྱེས་པ་ན། །བཅུད་ཀྱིས་ལེན་དང་མཚུངས་པའི་མཆོག་།མཐའ་ཡས་རྒྱས་ཤིང་ཡངས་པ་ཡི། །དྲི་མ་མེད་པའི་མཁའ་ལ་གནས། ། དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །ལྷ་མོ་མཆོག་ཏུ་མཛེས་པ་མོ། །འདམ་བུ་མདའ་རྒྱུའི་མདོག་ལྟར་དཀར། །གྲུབ་མ་རལ་པའི་ཅོད་པན་འཆང ། །འགྲོ་བ་མཐའ་དག་སྣང་མཛད་མ། །རྟག་ཏུ་ནམ་མཁའ་བཞིན་དུ་གནས། །སྔགས་ནི། ཨོཾ་ཀ་ཊེ་བི་ཀ་ཊེ་ཀ་ཊཾ་ཀ་ཊེ་སཝཱཧཱ། གོས་དཀར་མོ་ཡི་ཕྱག་རྒྱ་ཆེ། །དུང་དང་ཀུན་ད་ཟླ་བ་འདྲ། །སྔགས་ཀྱི་ཡི་གེ་ཕྲེང་བ་ཆེ། །པདྨའི་རྒྱལ་པོ་རབ་ཏུ་གནས། །འགྲོ་བ་མཐའ་དག་སྣང་མཛད་ན། །སྒྲུབ་པ་པོས་ནི་བསྒྲུབ་པར་བྱ། །དམ་པའི་ལྷ་མོ་འགྲུབ་པར་འགྱུར། །པདྨའི་དཀྱིལ་འཁོར་སྒྲུབ་པའི་ཐབས། །ཞི་བའི་ཡི་གེ་མཉམ་པར་ལྡན། །ཞི་བར་མཛད་ཅིང་འཇིག་རྟེན་གྱི། །ས་གསུམ་སྒྲུབ་པར་བྱེད་པའི་ཐབས། །གོས་དཀར་མེའི་སྒྲུབ་པའི་ཐབས་སོ། །སྔོ་བསངས་དཀར་མོ་སྣ་ཚོགས་གཟུགས། །རྣམ་པ་སྣ་ཚོགས་རྒྱན་གྱིས་བརྒྱན། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །སྒེག་པའི་ཉམས་ཀྱིས་ཡོངས་གང་བ། །འགྲོ་བ་མཐའ་དག་སྐྱོབ་མཛད་མ། །ཐུགས་རྗེའི་ཐུགས་དང་ལྡན་པ་ཅན། །རབ་ཏུ་འབད་དེ་བསྒྲུབ་པར་བྱ། །རོལ་པ་ཡི་ནི་ཡི་གེས་མཆོད། །སྔགས་ནི། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཝཱཧཱ། ཆོས་ཀྱི་ཕྱག་རྒྱ་མཐའ་ཡས་མཆོག་།སྒྲོལ་
80b
མས་ལེགས་པར་རྣམ་པར་གནས། །གསང་ཆེན་བཞིན་དུ་ཐམས་ཅད་ལ། །བཅུད་ཀྱིས་ལེན་དང་འདྲ་བའི་མཆོག་།ཀུན་ཏུ་ཀུན་ཚེ་ཐམས་ཅད་དུ། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛད། །སྒྲོལ་མའི་སྒྲུབ་པའི་ཐབས་སོ། །དཀྱིལ་འཁོར་ཆེན་པོའི་དབུས་སུ་ནི། །རྣལ་འབྱོར་དབང་ཕྱུག་ཆེན་མོ་མཆོག། ཕྱག་བཞི་སྤྱན་ནི་གསུམ་པ་དང ། །རལ་པའི་ཅོད་པན་དག་གིས་བརྒྱན། །འདམ་བུ་མདའ་རྒྱུའི་མདོག་ལྟར་དཀར། །དཔའ་བ་ལ་སོགས་ཉམས་ཀྱིས་བརྒྱན། །བརྩོན་འགྲུས་ཆེན་མོ་འཇིགས་སེལ་མ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ། རབ་ཏུ་འབར་བའི་མེ་བཞིན་དུ། །ཤིན་ཏུ་གསལ་བའི་གཟི་བརྗིད་ཅན། །ཧཱུཾ་གི་ཡི་གེ་ཟབ་མོའི་སྒྲ། །ས་གསུམ་མོ་ནི་འཁྲུག་པར་མཛད། །ཁྲོ་གཉེར་ཅན་ཞེས་ལེགས་པར་གྲགས། །སྔགས་ཀྱི་ཕྲེང་བས་རྣམ་པར་བརྒྱན། །སྔགས་ནི། ཨོཾ་བྷ་ཡ་ནཱ་ས་ནི། ཏྲཱ་ས་ནི་ཏྲཱ་སེ། ཏྲཱ་ས་ཡཱ། བྷརྀ་ཀུ་ཊི་ཏ་ཊི་བེ་ཏ་ཌི་བེ་ར་ཌི་ཤཝེ་ཏེ་ཤཝེ་ཏ་ཇེ་ཊི་ནི། ཨོཾ་ཊཀྐི་ཧཱུཾ་ཛཿ སཝཱཧཱ། གསང་སྔགས་འདི་ནི་བརྩོན་འགྲུས་ཆེ། །གསང་སྔགས་ཀུན་གྱི་བདག་ཉིད་མཆོག། འགྲོ་བ་ཀུན་ཀྱང་འགུགས་བྱེད་ན། །གདུག་པའི་སེམས་ལྟ་སྨོས་ཅི་དགོས། །ཁྲོ་གཉེར་ཅན་གྱི་སྒྲུབ་པའི་ཐབས་སོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་རྡོ་རྗེ་ལྡན། །རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར། །གཟི་བརྗིད་དཀྱིལ་འཁོར་ཀུན་ནས་དཀྲིས། །དེར་གནས་རྟག་ཏུ་ལྷ་མོ་ནི། །སྟོབས་ཆེན་པྲི་ཡང་
81a
༄#། །ཀུ་ལྟར་ལྗང ། །ཕྱག་བཞི་པ་དེར་བསམ་པར་བྱ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྣལ་འབྱོར་མ་རྣམས་ཆེར་ཞི་བ། །དངོས་གྲུབ་ཐམས་ཅད་རབ་སྩོལ་མ། །སྔགས་ཀྱི་ཡི་གེ་ཕྲེང་བ་ཆེ། །རྡོ་རྗེའི་དབུས་སོང་རབ་ཏུ་གནས། །ཁྲོ་བོ་ཧཱུཾ་མཛད་གང་བའི་མཐའ། །དཔའ་བའི་ཉམས་ལ་སོགས་པར་ལྡན། །ལྷ་མོ་འཇིག་རྟེན་གསུམ་རྨོངས་བྱེད། །དངོས་གྲུབ་ཆེན་པོ་རབ་སྩོལ་མ། །སྐད་ཅིག་ཙམ་གྱིས་འགྲོ་བ་ཀུན། །ངེས་པར་དབང་དུ་བྱེད་པར་འགྱུར། །རྡོ་རྗེའི་རླུང་གི་ཕྲེང་བ་ཆེ། །རྡོ་རྗེའི་འཁོར་ལོ་རབ་ཏུ་གནས།། འཇིགས་པ་ཆེན་པོའི་མེ་ལྟར་དྲག་།སྣང་བ་ཆེན་པོ་སྟོབས་པོ་ཆེ། །པདྨ་རཱ་གའི་རྣམ་པ་འདྲ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །མཚན་ནི་མཱ་མ་ཀཱི་ཞེས་བྱ། །ལྷ་མོ་འཇིག་རྟེན་གསུམ་གྱིས་མཆོད། །སྔགས་ནི། ཨོཾ་ཀུ་ལ་དྷཱ་ཏྲཱི་ཡེ་ན་མཿ ། ཤཾ་ཀ་རེ། ཤཱནྟིཾ་ཀ་རེ། གྷུཊྚ་གྷུཊྚ་གྷུཊྚི་ནི། གྷ་ཏ་ཡ་གྷུཊྚི་ནི་སཝཱཧཱ། ཨོཾ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུཾ་ཕཊ། གསང་སྔགས་འདི་ནི་དོན་གྱི་མཆོག་།གསང་སྔགས་ཀུན་གྱིས་གསུངས་པ་ཡིན། །ས་གསུམ་པོ་ནི་འགུགས་བྱེད་ཅིང ། །ཚངས་པ་ལ་སོགས་ལྷ་རྣམས་ཀུན། །འགྲོ་བ་ཐམས་ཅད་འགུགས་བྱེད་ལ། །རང་གི་དབང་དུ་གནས་པའང་ཡིན། །མཱ་མ་ཀཱིའི་སྒྲུབ་པའི་ཐབས་སོ། །རླུང་གི་དཀྱིལ་འཁོར་དྲུག་པོ་ལ། །རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བསྐོར། །དེ་ཡི་དབུས་སུ་སྣང་བ་ཆེ། །ཟླ་བའི་
81b
གཟུགས་ཀྱིས་རྣམ་པར་བརྒྱན། །དེ་སྤྲོས་པ་ལས་བདག་ཉིད་ནི། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །ཕྱག་བཞི་མ་ལ་ལྷ་མོ་དེ། །རྡོ་རྗེ་ཡི་ནི་རྒྱན་གྱིས་བརྒྱན། །དམར་པོ་འབར་བ་དེ་ཡིས་ནི། །ས་གསུམ་པོ་ནི་འཆིང་བར་མཛད། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །བཀུག་ནས་དབང་དུ་མཛད་པར་གནས། །དངོས་གྲུབ་ཐམས་ཅད་འཛིན་པ་དང ། །དེ་ཡི་ཐུགས་ཀར་རྡོ་རྗེ་ཆེ། ། འབར་བའི་ཕྲེང་བ་འཁྲིགས་པའི་འོད། །དེ་ཡི་འབར་བ་ལྕགས་སྒྲོག་གི་།རྣམ་པ་རྡོ་རྗེའི་མཚན་མས་མཚན། །ངེས་པར་ཕྱུང་ནས་དེ་དག་ཀུན། །ཆོས་དབྱིངས་མཉམ་དང་མི་མཉམ་པའི། །འཇིག་རྟེན་ཁམས་ནི་མཐའ་དག་ཏུ། །ཀུན་ནས་རྣམ་པར་བཀང་ནས་ཀྱང ། །བསྒོམ་བྱ་རྡོ་རྗེ་ཐམས་ཅད་དུ། །ཁྲོ་བོ་དང་ལྡན་སྤྲོ་བའི་ཞལ། །ལྟེ་བ་འཕྱང་ཞིང་སྐུ་ཆེ་བ། །མཆེ་བ་བཞི་ཡིས་རྣམ་པར་བརྒྱན། །འབར་བ་ཡི་ནི་ཕྲེང་བ་གསལ། །གཟུགས་མཛེས་དྲག་པོའི་གཟུགས་དང་ལྡན། །སྔགས་ནི། ཨོཾ་བཛྲ་ཤིཾ་ཁ་ལཱ་ཡཱ་དྷི་པ་ཏ་ཡེ། མ་ཧཱ་བ་ལཱ་ཡ། མ་ཧཱ་བདྱཱི་ར་ཛཱ་ཡ་ཏེ་པྲ་ཛྭ་ལི་ཏ། ཧསྟ་ཡ་ན་མོ་ནི་ལ་ཀཎྠ་ཡ་ཀི་ར་ཏ་རཱུ་པ་ལཾ་བོ་ད་རཱ་ཡ། བྷཱུཾ་བྷརྀ་ཀུ་ཊཱི་མུ་ཁཱ་ཡ། མཱ་ཛཱ་ར་མུ་ཁ་ལ། ཙ་ཏུར་དཾཥྚ་ཀ་རཱ་ལཱ་ཡ། ཨེ་ཧྱེ་ཧི་ཨ་སྱ་ར་ཤ་རི་ར། མ་ནུ་པྲ་ཝི་ཤྱ་ཤི་རཾ་གྲྀཧྞ། གྲི་བ་གྲྀཧྞ། ཧསྟ་པཱ་དཾ་གྲྀཧྞ་བི་ཥ། ཨཱ་བ་ཤཱ་ཡ། ཀཾ་པཱ་ཡ་ཀཾ་པཱ་ཡ། བྷྲ་མ་བྷྲ་མ་ཡ། མཎྜ་ལ་མ་དྷྱེ། བི་ཀུརྦ་བི་ཀུརྦ། ཙཱུ་རྞ་ཙཱུརྞ། ཀུཊྚ་ཀུཊྚ། སྥོ་ཊ་ཡ་སྥོ་ཊ་ཡ།
82a
༄#། །མརྨཱ་ཎི།་ནི་ཀྲྀནྟཱ་ཡ། ཧྲྀ་ད་ཡ། ཙྪིནྡ། བ་ལ་བ་ལ། ཀིཉྩི་རཱ་ཡ་སི། དེ་བ། ནཱ་ག་།ཡཀྵ། རཀྵ་ས། པཱི་ཤཱ་ཙཱན་སཱ་ད་ཡ། ས་མ་ཡ་མ་ནུ་སྨ་ར། ཛཱ་ཏི་མ་ནུ་སྨ་ར། ཧཱ་ཧཱ། ནི་དྷི་ནི་དྷི། ནི་ཥི་ནི་ཥི། བཛྲ་ཤྲིཾ་ཀ་ལ། ཨ་ཛྙཱ་པཱ་ཡ་ཏི་སཝཱཧཱ། ཨོཾ་བཛྲ་ར་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་ལི་ཧཱུཾ་ཕཊ་སཝཱཧཱ། གསང་སྔགས་འདི་ཡི་སྦྱོར་བ་ཡིས།། བཅུད་ཀྱིས་ལེན་ནི་བདེ་བ་དང ། །འགྲོ་བ་ཐམས་ཅད་འབེབས་པ་དང ། །གདུག་པ་རྣམས་ནི་འཆིང་བ་དང ། །ཚངས་པ་ལ་སོགས་ལྷ་རྣམས་དང ། །ལྷ་དང་ལྷ་མིན་ལྟོ་འཕྱེ་ཆེ། ། འཇིག་རྟེན་སྐྱོང་དང་ཀླུ་རྣམས་ཀྱང ། །རང་གི་གནས་ནས་བསྐྱོད་ནས་ནི། །གྲུབ་པ་ཀུན་གྱི་དངོས་གྲུབ་ནི། །དངོས་གྲུབ་འགུགས་པར་འདོད་པ་ཡིས། །ཐམས་ཅད་གུས་པས་སྦྱིན་པར་བྱེད། །བུད་མེད་གཟུགས་ཀྱིས་བསྒྲུབ་པར་བྱ། །རྡོ་རྗེ་ལུ་གུ་རྒྱུད་མའི་སྒྲུབ་པའི་ཐབས་སོ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །པདྨ་དམར་པོས་རབ་ཏུ་གནས། །ཕྱག་བཞི་ཕ་ལ་དུ་མའི་གཟུགས། །དུང་དང་ཀུན་ད་ཟླ་བ་འདྲ། །ཐུགས་ཀྱི་རྡོ་རྗེའི་དེ་ཉིད་ཡིན། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ཞི་བ་ལ་སོགས་ཉམས་དང་ལྡན། །ཆོས་རྣམས་ཀུན་གྱི་བདག་སྐྱེས་མཆོག་།རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །སངས་རྒྱས་མཐའ་ལས་ཡང་དག་འབྱུང ། །དེར་བདག་ཡང་དག་སྒོམ་པ་ནི། །སྐུལ་བྱེད་
82b
མ་ཞེས་ཡོངས་སུ་གྲགས། །སྔགས་ཀྱི་ཕྲེང་བའི་ཡི་གེ་ནི། །ཀུན་ནས་འཕྲོ་བ་མུ་ཏིག་འདྲ། །ནམ་མཁའི་ཁམས་ནི་ཡོངས་གང་བ། །ཇི་སྲིད་དེ་ཡི་སྤྱོད་ཡུལ་ཡང ། །དེ་སྲིད་དེ་ཡི་འོད་ཟེར་བསྒོམ། །རྣལ་འབྱོར་ཡེ་ཤེས་ཀྱིས་རབ་སྤྲུལ། །སྔགས་ནི། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སཝཱཧཱ། འདི་ཡི་སྔགས་ཀྱི་མཆོག་གཙོ་བོ། །སངས་རྒྱས་ཀུན་གྱིས་མཆོད་པ་པོ། །མཚུངས་པ་མེད་པའི་དངོས་གྲུབ་སྟེར། །ལྷ་དང་ལྷ་མིན་བཅས་པས་མཆོད། །འདི་ཡིས་སྡིག་ཀུན་མཛད་བྱེད་ཅིང ། །ཕུན་སུམ་ཚོགས་ཀུན་རབ་སྩོལ་མཛད། །པདྨའི་ཕྱག་རྒྱ་ཡང་དག་ལྡན། །སངས་རྒྱས་ཉིད་ཀྱང་སྦྱིན་པར་མཛད། །སྐུལ་བྱེད་མའི་སྒྲུབ་པའི་ཐབས་སོ། །གསང་བ་མཆོག་གི་དགྱེས་པ་ནི། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་བདག་དགྱེས་པ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །བུད་མེད་ཀུན་གྱི་སྒྱུ་མའི་བུ། །འདི་ནི་གཉིས་མེད་ཐེག་པའི་མཆོག་།སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །རང་བཞིན་ཉིད་ཀྱིས་དེ་གྲུབ་བོ། །ནུས་པ་ཡི་ནི་རང་བཞིན་གྱིས། །འཇིག་རྟེན་གསུམ་གྱི་བུད་མེད་འདི། །བཀུར་བར་བྱ་བར་འོས་པ་ཡིན།།
83a
༄#། །ངན་སྤྱོད་རྣམས་ཀྱིས་ཀྱང་འགྲུབ་སྟེ། །རྙེད་པ་ཀུན་དང་བདེ་དང་སྤྲོ། །ཐམས་ཅད་བུད་མེད་སྒྱུ་མས་འགྲུབ། །རང་གི་ངོ་བོ་ཡོངས་བསྒྱུར་བ། །སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདི། །ཤེས་རབ་ཕ་རོལ་ཕྱིན་མར་བཤད། །ཀུན་ལ་སྣ་ཚོགས་ཕྱག་རྒྱ་ནི། །ཀུན་ལ་སྣ་ཚོགས་སྡོམ་པ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །སྟོང་པ་ཉིད་ཀྱི་དེ་ཉིད་བསྐུལ། །ཀུན་ལ་ཀུན་ནས་ཐམས་ཅད་དུ། །ཀུན་ཏུ་ཀུན་ནས་རང་ཉིད་ཀྱིས། །སངས་རྒྱས་ཐམས་ཅད་བརྟན་དང་གཡོ། །ཐམས་ཅད་དངོས་པོ་རང་ཉིད་འགྱུར། །སེམས་དང་སེམས་ཅན་ཏིང་འཛིན་དང ། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །ས་དང་ཕ་རོལ་ཕྱིན་སྤྱོད་པ། །དབང་ཉིད་དུ་ཡང་དེ་བཤད་དོ། །བདུད་དང་བདུད་ལས་རྒྱལ་བ་ཉིད། །སངས་རྒྱས་རྡོ་རྗེ་དེ་བཞིན་གཤེགས། །ཐོག་མ་ཐ་མ་མེད་ཞི་བ། །བྱང་ཆུབ་སངས་རྒྱས་བཅོམ་ལྡན་དེའོ། །རྡོ་རྗེ་རྡོ་རྗེ་འཛིན་པ་ཉིད། །པདྨ་དེ་བཞིན་པདྨ་འཛིན། །ནོར་བུ་ནོར་བུ་འཛིན་པ་ཉིད། །སྣ་ཚོགས་དེ་བཞིན་སྣ་ཚོགས་འཛིན། །རལ་གྲི་རལ་གྲི་འཛིན་རྒྱལ་པོ། །འཁོར་ལོ་དེ་བཞིན་འཁོར་ལོ་འཛིན། །འཇིག་རྟེན་གསུམ་རྒྱལ་ཉིད་དང་ནི། །འདི་རྣམས་ཀྱི་ཡང་རིགས་ཉིད་འགྱུར། །དེ་ཉིད་ཆགས་དང་ཆགས་བྲལ་བ། །འདོད་དང་ཐར་པ་རུ་ཡང་འགྱུར། །དུས་གསུམ་དང་ནི་སྲིད་གསུམ་མཆོག། འཇིག་རྟེན་གསུམ་དང་ཁམས་གསུམ་
83b
པ། །བརྟན་པ་ཐམས་ཅད་དེ་ཉིད་དེ། །རྣམ་པ་སྣ་ཚོགས་ཉིད་དུ་འགྱུར། །གཡོ་བ་ཀུན་ནས་སྣ་ཚོགས་པ། །ཐམས་ཅད་དུ་ནི་དེ་འགྱུར་རོ། །དེ་ལ་སོགས་པ་སྣ་ཚོགས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། །དངོས་པོ་ཀུན་ཏུ་དེ་འགྱུར་རོ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་ལྡན་སྒྱུ་མ་ཆེན་པོ་འཆང ། །རྣམ་སྣང་རྟག་པ་ཐམས་ཅད་དུ། །རྣལ་འབྱོར་དབང་ཕྱུག་གཙོ་ཆེན་ཁྱབ། །སངས་རྒྱས་འཁོར་ལོ་ཅན་མི་བསྐྱོད། །ཆེ་དང་རིན་ཆེན་འབྱུང་སྟོབས་ཆེ། །ཚེ་དཔག་མེད་པ་ཀུན་ནས་མཆོག་།དོན་ཡོད་སྣ་ཚོགས་མཛད་པ་དང ། །རྡོ་རྗེ་སེམས་དཔའ་བལྟ་ན་སྡུག་།དགུག་པ་མཆོག་གི་སྦྱོར་བ་དང ། །ལེགས་པར་མཛད་པ་དེ་ཉིད་ཡིན། །རིན་ཆེན་སྒྲོལ་མ་དེ་བཞིན་རྟོག་།རྡོ་རྗེ་བཞད་པ་སྣང་བ་ཆེ། །རྡོ་རྗེ་ཆོས་དང་རྣོ་བ་ཆེ། །རྒྱུ་དང་སྨྲ་མཆོག་བདུད་རྩི་དང ། །ལས་དང་གོ་ཆ་གནོད་སྦྱིན་ཆེ། །ཁུ་ཚུར་དེ་བཞིན་གཤེགས་པ་ཀུན། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །རྡོ་རྗེ་སེམས་དཔའ་སྟོབས་པོ་ཆེ། །རྡོ་རྗེ་ཧཱུཾ་མཛོད་ཧཱུཾ་མཛད་དང ། །རྟ་མགྲིན་ཞེས་ནི་རྣམ་པར་གྲགས། །ཧེ་རུ་ཀ་དཔལ་རྡོ་རྗེ་ཆེ། །མཆོག་གི་དབང་ཕྱུག་གཤིན་རྗེ་གཤེད། །ཁྲོ་བོ་གཟེགས་མ་སྣང་བ་ཆེ། །རྡོ་རྗེ་མེ་ནི་འོད་ཆེན་པོ། །གཟུགས་རྣམས་
84a
༄#། །ཀྱི་ནི་མཆོག་གཅིག་པུ། །ཏིང་ངེ་འཛིན་ལས་དབང་བསྒྱུར་མ། །ཤེས་རབ་ཕ་རོལ་ཕྱིན་པ་གཙོ། །ས་དང་ཕ་རོལ་ཕྱིན་པའི་སྟོབས། །ཚངས་པའི་གནས་པ་ཆེན་པོ་བཞི། །དབང་ནི་མཆོག་ཏུ་འབར་བ་དང ། །དྲན་པ་ཉེ་བར་གཞག་པ་བཞི། །དབང་པོ་རྣམས་དང་སྟོབས་རྣམས་དང ། །རྗེས་དྲན་དྲུག་ཕོར་གྱུར་པ་དང ། །བསྒོམ་པར་བྱ་བ་རབ་ཏུ་གནས། །དེ་ཉིད་བཅོམ་ལྡན་གཅིག་པུ་སྟེ། །བྱང་ཆུབ་ཡན་ལག་བདུན་བརྟགས་པ། །མཐའ་གཅིག་ཡོངས་སུ་རྫོགས་པར་འགྱུར། །སུམ་ཅུ་རྩ་གཉིས་མཆོག་གི་མཚན། །འཇིག་རྟེན་འདས་པའི་ལམ་པོ་ཆེ། །འཕགས་ལམ་ཡན་ལག་བརྒྱད་བརྟགས་པ། །སྟོབས་བཅུ་ཡི་ནི་བཅུ་པ་ཉིད། །སངས་རྒྱས་ཆོས་ཀྱི་བདག་ཉིད་གནས། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཆེན་པོ། །རྣམ་པར་དབྱེ་བ་སུམ་ཅུ་བདུན། །མཐར་གྱིས་གནས་པའི་སྙོམས་འཇུག་ནི། །དགུ་ལ་གནས་པར་གྱུར་པ་དང ། །བསྡུ་བའི་དངོས་པོ་ཆེན་པོ་བཞིས། །སེམས་ཅན་བསྡུ་བས་སྡུད་པ་དང ། །སོ་སོ་ཡང་དག་རིག་པ་བཞི། །དེ་བཞིན་སྲུང་བ་མི་མངའ་བ། །སྐལ་པ་ཆེན་པོའི་མི་འཇིགས་པ། །མཆོག་ཏུ་གྱུར་པ་ཉིད་དང་ནི། །བསམ་གཏན་གཟུགས་མེད་བཞི་ཕྲག་གཉིས། །ཚད་མེད་པ་ཡང་དེ་བཞིན་ནོ། །བྱང་ཆུབ་སེམས་ཀྱི་སྐྱེད་པ་གཙོ། །བདེན་པ་བཞི་ནི་སྟོན་པ་པོ། །ཉོན་མོངས་ཅན་གྱི་མི་མཐུན་ཕྱོགས། །ཟག་བཅས་ཟག་པ་
84b
མེད་པའི་མཆོག་།དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །དབང་ཕྱུག་མཆོག་གི་དབང་ཕྱུག་དང ། །སྐྱེ་རྒུའི་བདག་པོ་སྐྱེ་རྒུའི་མགོན། །མཆོག་གི་བདག་ཉིད་དབྱངས་བདག་པོ། །ཀུན་རྫོབ་བརྗོད་པ་ཐམས་ཅད་དང ། །སྒྲ་རྣམས་ཀྱི་ནི་སྤྱོད་ཡུལ་འགྱུར། །བརྗོད་དུ་མེད་ཅིང་སྤྲོས་པ་བྲལ། །སྟོང་པ་མཁའ་མཉམ་མཚུངས་པ་མེད། །ཚིག་མཐའ་སྒྲ་ཡི་རྣམ་དགོད་པ། །འཇིག་རྟེན་ཐ་སྙད་ཚུལ་དུ་གཏོགས། །དེ་ཚེ་ལུས་སོགས་དབྱེ་བ་ཡིས། །ས་རྣམས་ཀྱི་ནི་ཡོངས་སུ་བརྟགས། །སྐུ་ནི་སྤྲུལ་པ་ཉིད་དུ་འགྱུར། །ལོངས་སྤྱོད་རྫོགས་པ་ཡང་དག་བརྙེས། །རྡོ་རྗེའི་སྐུ་དང་དེ་བཞིན་དུ། །ཡེ་ཤེས་སྐུ་སོགས་ཡོངས་སུ་བརྟགས། །མཐའ་ཡས་སྐུ་དང་སྐུ་ཆེན་པོ། །རིན་ཆེན་སྐུ་ནི་འོད་བྱེད་པ། །པདྨའི་སྐུ་ནི་སྣང་བ་ཆེ། །ཐམས་ཅད་སྐུ་ནི་ལས་བཟང་བྱེད། ། རྟོགས་པར་བྱ་བ་ལས་ཀྱི་སྐུ། །རྣམ་པ་གསུམ་དུའང་དབྱེ་བར་བྱ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཀུན་ཏུ་འོད་ཀྱི་ས་ཆེན་པོ། །ཉི་མའི་དཀྱིལ་འཁོར་གཟི་བརྗིད་ལྡན། །གཉིས་པ་བདུད་རྩིའི་འོད་ཅེས་བྱ། །ཟླ་བའི་འོད་ནི་འོད་གསལ་བ། །གསུམ་པ་ནམ་མཁའི་འོད་ཅེས་བྱ། །མཁའ་བཞིན་ལེགས་པར་རབ་ཏུ་གནས། །རྡོ་རྗེའི་འོད་མཐའ་གང་ཞིག་ས། །བཞི་པ་དེ་ནི་ཡིད་འོང་བ། །བསམ་པ་བརྟན་པའི་སྦྱོར་བ་ཡིས། །རྡོ་རྗེ་ཞེས་ནི་ཡོངས་སུ་བསྒྲགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་པ་ནི་རབ་ཏུ་
85a
༄#། །གནས། །དྲུག་པ་པདྨོ་འཆང་ཞེས་བྱ། །པད་བཞིན་རབ་ཏུ་རྣམ་པར་སྣང ། །རང་བཞིན་གྱིས་ནི་ཆོས་ཉིད་དག་།བདག་གི་མེད་ཅིང་ཡོངས་བཟུང་མད།། བདུན་པ་ལས་ཀྱི་ས་ཞེས་བྱ། །སངས་རྒྱས་འཕྲིན་ལས་མཛད་པ་ཆེ། །བརྒྱད་པ་དཔེ་མེད་པ་ཞེས་བྱ། །དཔེ་ནི་དེ་ལ་ཡོད་མ་ཡིན། །དགུ་པ་དཔེ་དང་བྲལ་ཞེས་བྱ། །དཔེ་རྣམས་ཐམས་ཅད་རབ་འཇུག་པ། །བཅུ་པ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཀུན་མཁྱེན་ཉིད་ཅེས་བྱ། །ས་ཆེན་པོ་ནི་འོད་གསལ་བ། །བཅུ་གཉིས་སོ་སོར་བདག་རིག་པ། །རྣལ་འབྱོར་ཡེ་ཤེས་ཡོངས་རྫོགས་ཉིད། །ས་ཆེན་པོ་ནི་འདི་དག་རྣམས། །སངས་རྒྱས་རྣམས་ཀྱིས་དོན་དམ་དུ། །སངས་རྒྱས་དང་ནི་སངས་རྒྱས་ཆོས། །རྣལ་འབྱོར་ཡེ་ཤེས་གང་བརྗོད་པ། །ཐམས་ཅད་ཉིད་ནི་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས།་སྔགས་ཀྱི་དེ་ཁོ་ན་ཉིད་དོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་དག་གིས་གསོལ་བ་
85b
བཏབ་པའི་ཚིག་གི་དེ་མ་ཐག་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་དུ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་དེ་མ་ཐག་ཏུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ལ་རྗེས་སུ་བཅུག་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལུས་དང་ངག་དང་ཡིད་མཉམ་པ་ཉིད་དུ་བྱིན་གྱིས་བརླབས་ནས་མཉམ་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་བདག་ཉིད་རྟོགས་ནས་ཏིང་ངེ་འཛིན་ལས་གཞེངས་ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་ཡོད་དོ། །ཞེས་གསུངས་ནས་ཅང་མི་གསུངས་བར་བཞུགས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་པ་བཙུགས་ཏེ་ཐལ་མོ་སྦྱར་ནས་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྟན་དུ་གསོལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། ཐབས་ཀྱི་ཐེག་པ་ཆེན་པོ་མངོན་པར་
86a
༄#། །རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་གང་དུ་ཞུགས་པས་སེམས་ཅན་རྣམས་ཐབས་ཆུང་ངུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། ཁྱོད་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་རྗེས་སུ་ཞུགས་པ་ནི། འཇམ་དཔལ། ཁྱོད་ལེགས་སོ་ལེགས་སོ། །དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཆེན་པོ་རྡོ་རྗེས་བྱིན་གྱིས་རློབ་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་འདི་བཀའ་སྩལ་པ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ། །དམ་ཚིག་ཆེན་པོ་རྡོ་རྗེ་མཆོག་།སྙིང་པོ་ཆེན་པོའི་རྒྱན་ཅེས་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱ། །ཐིག་བཞི་དང་ནི་མཉམ་པར་ལྡན། །འོད་ཟེར་འབར་བས་འཁྲིགས་པའི་འོད། །རྡོ་རྗེ་སྙིང་པོ་ཡོངས་བཅུག་པ། །བྱང་ཆུབ་ཤིང་
86b
གིས་ཉེ་བར་མཛེས། །རྡོ་རྗེ་དཀྱིལ་འཁོར་གྲ་རྣམས་དང ། །སྒོ་ཡི་ལོགས་ཀྱི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །རྡོ་རྗེ་པདྨ་ཐམས་ཅད་དུ། །ལས་ཀྱི་རྡོ་རྗེ་ཐམས་ཅད་དུ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །དྲིལ་བཅས་སྣ་ཚོགས་མཆོག་དང་ལྡན། །རྒྱལ་མཚན་བསྒྲེང་བ་རླུང་བསྐྱོད་པའི། །གོས་དང་མེ་ཏོག་ཆུན་པོས་སྤྲས། །ཟླ་བ་ཕྱེད་པས་ཉེ་བར་མཛེས། །རལ་གྲི་རྡོ་རྗེ་ཨུཏྤ་ལ། །ལྕགས་ཀྱུ་ལ་སོགས་སྣ་ཚོགས་རྒྱན། །ཆུ་ཡི་གྱད་དཀྱིལ་འཁོར་ཡོངས་བསྐོར་བ། །མུ་ཁྱུད་བཞིན་དུ་རྣམ་པར་གནས། །དེ་ལའང་སྒོ་ལོགས་ལ་སོགས་པ། །མཁས་པ་ཡིས་ནི་སྤྲོ་བར་བྱ། །དེ་ཡི་ནང་དུ་བྲི་བྱ་བ། །འཁོར་ལོ་ཆེན་པོ་རབ་ཏུ་གནས། །ཆ་བརྒྱད་དང་ནི་ཡོངས་སུ་ལྡན། །དཀྱིལ་འཁོར་ལེགས་པ་རྣམ་པར་སྤྲས། །རྡོ་རྗེའི་ཐིག་དང་ཡོངས་སུ་ལྡན། །རྡོ་རྗེའི་འཁོར་ལོ་ཆེར་འབར་བ། །དེ་ཡི་དབུས་སུ་སྙིང་པོ་ཆེ། །རྡོ་རྗེའི་སྙིང་པོ་ཞེས་སུ་བཤད། །དེ་ཡི་སྟེང་དུ་རྡོ་རྗེ་ཆེ། །རྡོ་རྗེ་པདྨ་རབ་ཏུ་གནས། །པདྨའི་སྟེང་དུ་རྡོ་རྗེ་ཆེ། །འཁོར་ལོའི་དཀྱིལ་འཁོར་དག་གིས་བརྒྱན། །དུང་དང་ཀུན་ད་ཟླ་བ་དཀར། །སངས་རྒྱས་ཀུན་གྱི་གདན་དུ་བཤད། །དེ་ཡི་སྟེང་དུ་ལེགས་བཞུགས་པ། །ཁྱབ་བདག་རྣམ་པར་སྣང་མཛད་ཆེ། །ཟླ་བའི་མདོག་ལྡན་འཛུམ་བཅས་པ། །ཏིང་འཛིན་ལྡན་ནི་སྡིག་པ་བཅོམ། །རྡོ་རྗེའི་ཕྲེང་བས་རྣམ་པར་སྤྲས། །སྣ་ཚོགས་འབར་བས་འཁྲིགས་པའི་འོད། །རིན་ཆེན་ཆེན་པོའི་ཕྲེང་བ་ཆེས། །སྤྲས་པ་རྣམ་པར་དགོད་པར་བྱ། །དེ་སྔགས་རྟག་ཏུ་ཤེས་
87a
༄#། །བྱ་བ། །ཡི་གེ་ཡི་ནི་མཆོག་གཙོ་བོ། །ས་ཡི་སྟེང་དང་ལྡན་པ་གཡས། །མཆོག་གི་དབང་ཕྱུག་རྒྱུ་གཅིག་པོ། །དྲུག་པའི་དབྱངས་ཀྱིས་ལེགས་གསལ་བ། །ཐིག་ལེ་ནཱ་དས་ལེགས་པར་བརྒྱན། །རྟེན་ཅིང་འབྲེལ་འབྱུང་འཁོར་ལོ་ཡིས། །དོན་ཅན་རབ་ཏུ་བསྐྱེད་པར་བྱ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཅན། །གཅིག་པུ་ཉིད་ནི་ལྷག་པའི་ལྷ།། ཆོས་ཀྱི་སྐུ་ནི་ཡེ་ཤེས་ཆེ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་བཤང ། །དེ་ནས་ཡང་དེ་བཞིན་གཤེགས་པ་མི་བསྐྱོད་པ་ཡེ་ཤེས་ཀྱི་འོད་ཟེར་དང ། དེ་བཞིན་གཤེགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱལ་པོ་དང ། དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་གནོན་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཉིད་དུ་རང་གི་བདག་ཉིད་བྱིན་གྱིས་བརླབས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་ཕྱོགས་བཞིར་འཁོད་དོ། ། དབང་ཆེན་དཀྱིལ་འཁོར་མི་བསྐྱོད་པ། །མེ་ཡི་དཀྱིལ་འཁོར་ཡེ་ཤེས་འོད། །ཆུ་ཡི་དཀྱིལ་འཁོར་འོད་དཔག་མེད། །རྡོ་རྗེས་རྣམ་གནོན་རླུང་དཀྱིལ་འཁོར། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་དམ་ཚིག་ལས་བྱུང་བ། སེམས་དཔའ་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་
87b
བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོའི་རྒྱན་གྱི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་བའོ། །ོཾ་བཛྲ་སྟྭ། དེ་ནས་འདི་རྣམ་པར་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེའི་འོད་ཟེར་རྣམས་ཕྱུང་སྟེ། རྡོ་རྗེའི་འོད་ཟེར་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ་གསལ་བར་གྱུར་ནས་དེ་ནས་རྡོ་རྗེའི་འོད་ཟེར་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུས་འཇིག་རྟེན་གྱི་ཁམས་རྣམས་སུ་གཤེགས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་མངོན་པར་རྫོགས་ནས་སླར་ཡང་གཅིག་ཏུ་འདུས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུར་གྱུར་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ཐུགས་ཀར་གནས་ཏེ་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་པ། ཨེ་མ་ཧོ་རྡོ་རྗེ་སྙིང་པོ་བདག་།སངས་རྒྱས་ཡེ་ཤེས་བླ་ན་མེད། །སྙིང་པོ་ཡེ་ཤེས་རྣམ་དག་པ། །རྡོ་རྗེ་སེམས་དཔའ་ཉིད་གྱུར་ནས། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་དེ། །སངས་རྒྱས་ཡེ་ཤེས་བླ་ན་མེད། །གང་ཞིག་བརྟན་ཕྱིར་ལུས་མིན་ཡང ། །སངས་རྒྱས་སྐུ་ཉིད་དུ་གྱུར་ཏོ། །དེ་ནས་རྡོ་རྗེའི་སྐུ་བྱང་ཆུབ་སེམས་དཔའ་
88a
༄#། །ཆེན་པོ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཐོན་ནས་བཅོམ་ལྡན་འདས་མི་བསྐྱོད་པའི་ཉེ་འཁོར་ཐམས་ཅད་རྣམ་པ་བཞིས་ཕྱེ་སྟེ། དཀར་པོ། སེར་པོ། དམར་ཕོ། ལྗང་གུའི་མདོག་ཏུ་མངོན་པར་སྤྲུལ་ནས་རང་གི་སྔགས་ཀྱི་ཡེ་གེས་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ཏེ་གནས་པར་གྱུར་ཏོ། །དགུག་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཱ་ཛ། རྗེས་སུ་ཆགས་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཱ་ག་།དེ་བཞིན་གཤེགས་པ་ཐམས་ཅད་ལ་ལེགས་པར་མཛད་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་སཱ་དྷུ། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་དབང་བསྐུར་བའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཏྣ། ཉི་མའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཏེ་ཛ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཀེ་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཧ་ས། དེ་བཞིན་དུ་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ཡང་ཐུགས་རྗེའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་དྷརྨ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཏཱིཀྵྞ། དམ་པའི་ཆོས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཧེ་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་སྨྲ་བའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་བྷཱ་ཥ། དེ་བཞིན་དུ་རྡོ་རྗེ་དོན་ཡོད་པའི་དཀྱིལ་འཁོར་ལ། ལས་སྣ་ཚོགས་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་
88b
ཀརྨཱ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཀྵ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཡཀྵ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཁུ་ཚུར་བཅངས་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་སནྡྷི། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་དམ་ཚིག་རྡོ་རྗེའི་དབྱིངས་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཉིད་ཀྱི་ཐུགས་ཀ་ནས་འདི་ཕྱུང་ངོ ། ོཾ་བཛྲ་དྷཱ་ཏུ་ཧཱུཾ། རང་གི་རིག་པ་མཆོག་ནི། ཨོཾ་བཛྲ་དྷཱ་ཏཱི་ཤཝ་རི་ཧཱུཾ་བཛྲི་ཎི། དེ་ནས་ཡང་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའི་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཉིད་ཀྱི་ཐུགས་ཀ་ནས་རང་གི་རིག་པ་མཆོག་འདི་ཕྱུང་བ། ཨོཾ་ཨཀྵོ་བྷྱཿ ་ཨཾ། ཨོཾ་ཛྙཱ་ན་མུཥྚི་ཙིཏྟ་བཛྲྭེ་བཛྲི་ཎི་ཧཱུཾ། དེ་ནས་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱི་རློབ་པ་ཞེས་ཁྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ཀྱི་ཐུགས་ཀ་ནས་རང་གི་རིག་པ་མཆོག་འདི་བཀའ་སྩལ་པ། ཨོཾ་བཛྲ་རྟྣ་སཾ་བྷ་ཝ་ཏྲཱཾ། ཨོཾ་བཛྲ་ཛྙཱ་ན་གརྦྷ་ཏི་ཧཱུཾ། དེ་ནས་དེ་བཞིན་
89a
༄#། །གཤེགས་པ་འོད་དཔག་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིགས་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ཀྱི་ཐུགས་ཀ་ནས་རང་གི་རིག་པ་མཆོག་འདི་བཀའ་སྩལ་པ། ཨོཾ་ཨ་མི་ཏཱ་བྷཱ་ཧྲཱིཿ ། ཨོཾ་བཛྲ་དྷ་རི་ཎི་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གནོན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་མཆོག་འདི་བཀའ་སྩལ་པ། ཨོཾ་སརྦྦ་ཨ་མོ་གྷ་སིདྡྷི་ཨཾ། ཨོཾ་བཛྲ་མཧཱ་བ་ལེ་ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡུལ་ལ་རྣམ་པར་གཟིགས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་རྣམ་པར་སྤྲོས་པའི་སྙིང་པོ་འདི་བཀའ་སྩལ་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཛྙའ་ན་བཛྲ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་དག་བཤད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་མཐོང་བར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་བདག་ཉིད་རྟོགས་ནས་རྡོ་རྗེ་མཉམ་པ་ཉིད་སྤྲོས་པའི་སྙིང་པོ་བཀའ་སྩལ་པ། ཨོཾ་བཛྲ་ས་མ་ཏཱ་ཛྙཱ་ན་བུདྡྷ་ཧཱུཾ། དེ་ནས་འདི་བཤད་པ་ཙམ་གྱིས་དེ་བཞིན་གཤེགས་
89b
པ་ཐམས་ཅད་ཀྱི་སྙིང་པོ་རྣམས་ཕྱག་ན་རྡོ་རྗེར་མཐོང་བར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་སྤྲོས་པའི་སྙིང་པོ་འདི་ཕྱུང་ངོ ། །ོཾ་སརྦྦ་དྷརྨ་ས་མ་ཏཱ་ཛྙཱ་ན་བཛྲ་ཧཱུཾ། དེ་ནས་འདི་རྣམ་པར་ཕྱུང་བ་ཙམ་གྱིས་ཀྱང་སླར་ཡང་ཕྱག་ན་རྡོ་རྗེའི་ཐུགས་ཀར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་བརླབས་པར་མཛད་ནས་དཀྱིལ་འཁོར་ཐམས་ཅད་དུ་འཁོད་པར་མཐོང་ངོ ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་སྤྲོས་པའི་སྙིང་པོ་འདི་ཕྱུང་ངོ ། །ོཾ་སརྦྦ་སྟྭ་ས་མ་ཏཱ་པྲ་པཉྩ་བུདྡྷ་ཧཱུཾ། དེ་ནས་འདི་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱག་ན་རྡོ་རྗེ་རྣམ་པར་ཕྱུང་སྟེ་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་ནས་བཀའ་ནོད་ཅིང་འཁོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ལ་བྱིན་གྱིས་རློབ་པར་བྱོས་ཤིག། དེ་དེ་བཞིན་ནོ། །ཞེས་གསོལ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་བརླབས་ཏེ་བརྟན་པར་གྱུར་ནས་རྡོ་རྗེ་སྒེག་མོ་ལ་སོགས་པའི་ལྷ་རྣམས་ཕྱུང་སྟེ། ལྷ་མོ་དེ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་གྲ་རྣམས་སུ་དེ་བཞིན་དུ་རྣམ་
90a
༄#། །པར་གནས་སོ། །སྒོ་རྣམས་སུ་སྒོ་སྐྱོང་མ་རྣམས་དང ། མཚམས་རྣམས་སུ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་རྣམས་བཤད་དོ། །དེ་དག་གི་སྔགས་སུ་གྱུར་པ་ནི། ཨོཾ་བཛྲ་མེ་གྷེ་ཊཾ་ཊཾ། འཁོར་ལོའི་མཚམས་སུ་བཞག་པར་བྱའོ། །ོཾ་སྣེ་ཧ་བཛྲི་ཎི་ཧེ། ཨོཾ་ཤ་རད་བཛྲེ་ཨཾ་ཨཾ། ཨོཾ་བཛྲི་ཎི་ཀཱི་ལི་ཀཱི་ལི་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་ཆེན་པོའི་མཆོད་པ་ཕྱིའི་དཀྱིལ་འཁོར་གྱི་གྲཝ་དང་མཚམས་རྣམས་སུ་དྲི་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་དེ་བཞིན་གཤེགས་པའི་ཉེ་བར་གནས་པར་དགོད་པར་བྱའོ། །ོཾ་བཛྲ་གནྡྷེ་ཧཱུཾ།་ཨོཾ་མ་དྷཱུ་བཛྲི་ནི། གྷུཾ་གྷུཾ། ཨོཾ་མ་ནོད་བྷ་བ་བཛྲི་ཎི་ཧཱི། ཨོཾ་བཛྲ་ཤི་ཤི་རེ་ཧོ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོལ་པ་ཆེན་པོའི་ལྷ་མོའི་སྒོའི་མཚམས་རྣམས་སུ་གཟུགས་ལ་སོགས་པའི་ཨོཾ་བཛྲ་དྷུ་པེ། ཨོཾ་བཛྲ་ཤཔྟེ། ཨོཾ་བཛྲ་གནྡྷེ། ཨོཾ་བཛྲ་ར་སེ། ཨོཾ་བཛྲ་སྤར་ཤེ། མཉེས་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་དགའ་བ་རྡོ་རྗེའི་སྙིང་པོ་ནི། ཨོཾ་ས་མ་ཡ་ཧོཿ སུ་ར་ཏ་སྟྭཾ། དགའ་བདེ་ཆེན་པོའི་རྡོ་རྗེའི་སྙིང་པོ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ནས་མཉེས་པས་དཀྱིལ་འཁོར་ཐམས་ཅད་ལ་བརྟན་པར་གྱུར་ནས་དངོས་གྲུབ་ཐམས་ཅད་སྩོལ་བར་མཛོད། དགུག་དང་ལེགས་པར་རབ་གནས་དང ། །ཇི་བཞིན་གནས་སུ་སྦྱར་བ་ཉིད། །ཀུན་ནས་དགྱེས་མཛད་སངས་རྒྱས་ཀུན། །དངོས་གྲུབ་ཐམས་ཅད་
90b
རབ་སྦྱིན་དགེ། སྔགས་ཀྱི་ཚིག་རྣམས་ཀྱང ། ོཾ་ཨེ་ཧྱེ་ཧི་བྷ་ག་ཝཱ་ན་བཛྲ་ཨཾ་ཀུ་ཤ་ཛཿ ། ཨོཾ་པྲ་བེ་ཤ་ཡ་ཧཱུཾ། སརྦྦ་ཏ་ཐཱ་ག་ཏ་ཨོཾ་ས་མ་ཡེ་བནྡྷ་ཏིཥྛ་བྷ་ག་ཝའ་ན། ཨོཾ་ཏུ་ཥྱོ་ཧོཿ ་བྷ་ག་ཝན་བཛྲ་ཨཱ་བེ་ཤ་ཨཿ ། འདི་དག་ནི། དཀྱིལ་འཁོར་ཐམས་ཅད་ཀྱི་སྒོའི་འཕྲིན་ལས་སོ། །དེ་ལྟ་བུའི་དཀྱིལ་འཁོར་འབྲི་བ་ལ་བྱམས་པ་དང ། འཇམ་དཔལ་དང ། ཀུན་ཏུ་བཟང་པོ་དང ། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དགོད་པར་བྱའོ། །སྔོན་དུ་བཤད་པའི་དཀྱིལ་འཁོར་གྱི་ཆོ་གས་སློབ་མ་བཅུག་སྟེ་དབང་བསྐུར་བ་ལ་སོགས་པ་བྱས་ནས་སློབ་མ་དང་བཅས་པས་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །དེ་ལ་དང་པོ་ཁོ་ནར་རེ་ཞིག་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་ནི། དམ་ཚིག་ཐམས་ཅད་ཤེས་པ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དངོས་གྲུབ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། དབང་བསྐུར་བ་ཐམས་ཅད་ཐོབ་པ། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ལྟ་བུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ལ་བསླབ་པར་བྱའོ། །དེ་ནས་འདིར་དམ་ཚིག་གི་ཕྱག་རྒྱ་བཅིང་བར་འགྱུར་བ་ནི། སྐྱིལ་ཀྲུང་བཅས་ནས་དྲི་ལ་སོགས་པ་རྣམས་ཀྱིས་ཕྱག་རྒྱ་བཅིང་བ་རབ་ཏུ་བསྒྲུབ་
91a
༄#། །པར་བྱའོ། །ལག་པ་གཉིས་རྡོ་རྗེ་བསྡམས་པ་བྱས་ཏེ་སོར་མོ་ཕན་ཚུན་བཅིངས་ནས་སྐྱིལ་ཀྲུང་གི་དབུས་སུ་རྡོ་རྗེ་བསྡམས་པ་བཞག་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི། གར་གྱི་སྦྱོར་བས་སོ། །རྡོ་རྗེ་བསྡམས་པ་དེ་ཉིད་དེ་རྐེད་བའི་ཕྱོགས་སུ་བཟུང་བ་ནི། རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་ལས་མཛུབ་མོ་ལྕགས་ཀྱུ་ལྟར་བཟུང་བ་ནི། རྡོ་རྗེའི་རྒྱལ་པོའི་ཕྱག་རྒྱའོ། །དེ་ཉིད་མདའ་འཕེན་པ་ལྟ་བུའི་སྦྱོར་བ་ནི། རྡོ་རྗེ་མདའི་ཕྱག་རྒྱའོ། །དེ་ཉིད་ལས་ལེགས་སོ་བ་སྦྱིན་པས་རྒྱབ་ཏུ་འཇོག་པ་ནི། རྡོ་རྗེ་ལེགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དེ་ཉིད་དཔྲལ་བར་འཇོག་པ་ནི། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་འོད་ཀྱི་དཀྱིལ་འཁོར་གྱི་སྦྱོར་བ་ནི། རྡོ་རྗེ་ཉི་མའི་འོད་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་སྤྱི་བོར་སྦྱར་བ་ནི། ཏོག་གི་ཕྱག་རྒྱའོ། །ཁའི་ཐད་དུ་བསྐོར་བ་ནི། རྡོ་རྗེ་བཞད་པའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དེ་ཉིད་ཁའི་ཐད་དུ་བསྐོར་བ་ནི། རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །དེ་ཉིད་སྙིང་གར་བྱས་པ་ནི། རྡོ་རྗེ་རལ་གྲིའི་ཕྱག་རྒྱའོ། །དེ་ཉིད་འཁོར་ལོ་ལྟར་ཡོངས་སུ་བསྐོར་བ་ནི། རྡོ་རྗེ་རྒྱུའི་ཕྱག་རྒྱའོ། །དེ་ཉིད་སྙིང་གར་བསྒྲེང་བ་ནི། །རྡོ་རྗེ་སྨྲ་བའི་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དེ་ཉིད་གར་ཉིད་དུ་སྟོན་པ་ནི། ལས་སྣ་
91b
ཚོགས་པའི་ཕྱག་རྒྱའོ། །ལག་པ་གཉིས་སྤྱི་བོ་དང་སྙིང་ག་དང་མགྲིན་པར་འཇོག་པ་ནི། རྡོ་རྗེ་སྲུང་བའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་འགྲམ་པ་གཉིས་སུ་འཇོག་པ་ནི། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དེ་ཉིད་སྙིང་གར་བཅངས་པ་ནི། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་སྒེག་མོ་དང ། བདུག་པ་མ་ལ་སོགས་པའི་སྦྱོར་བས་ལྷ་མོ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་རབ་ཏུ་སྦྱར་བར་བྱའོ། །རོལ་ཅིང་རྣམ་པར་དགོད་པ་དང ། །སྒེག་དང་སྙིང་རྗེའི་བདག་ཉིད་དང ། །དཔའ་དང་ཁྲོ་སོགས་ཆོས་བདག་ཉིད། །རང་ཉིད་ཞི་བའི་བདག་ཉིད་ཉམས། །ཕྱག་རྒྱ་ཐམས་ཅད་རབ་ཏུ་སྦྱར། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །བདག་འདི་རྡོ་རྗེའི་གར་བྱེད་དམ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱ་བཅིང་པ་རབ་ཏུ་སྦྱར། །ཐམས་ཅད་གྲུབ་པར་འདོད་སོགས་ཀྱིས། །སྐྱིལ་ཀྲུང་སངས་རྒྱས་ཐམས་ཅད་ཀྱིས། །དེ་ཕྱིར་གཉིས་མེད་རྡོ་རྗེ་ཅན། །སངས་རྒྱས་རྣམས་ཀྱི་དྲང་པོའི་སྐུ། །སྒེག་པའི་སྦྱོར་བའི་རྡོ་རྗེ་ཅན། །སངས་རྒྱས་རྣམས་ཀྱི་ཞི་བའི་སྤྱན། །སྙེམས་བཅས་རྡོ་རྗེ་ཅན་གྱིས་དགོངས། །སངས་རྒྱས་རྣམས་དང་རྡོ་རྗེ་ཅན། །ཏིང་འཛིན་དབྱེ་བ་ལས་ཤེས་བྱ། །འཁྲུགས་པའི་ལྟ་སྟངས་ཁྲོ་རྣམས་ཀྱི། །བཙུན་མོ་རྣམས་ཀྱི་རོལ་པ་ཉིད། །འཇིག་རྟེན་པ་ཡི་ལྷ་རྣམས་དང ། །བསྡིགས་སྤྱོད་རྣམས་ཀྱི་ལྟ་སྟངས་སྟེང ། །ཆོས་རྣམས་ཀུན་གྱི་རྗེས་འཇུག་
92a
༄#། །པའི། །ཤུགས་ཀྱི་ལྟ་སྟངས་ཕྱག་རྒྱ་འོ། །ཚོགས་དང་ཕོ་ཉ་ཕོ་ཉ་མོའི། །ལྟ་སྟངས་རྣམ་པ་སྣ་ཚོགས་ཉིད། །མཆུ་ཡི་ཕྱག་རྒྱ་ཡོངས་ལྡན་པ། །གཡོ་བ་མེད་ཅིང་མི་འགུལ་བ། །སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་མཆོག་།སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད། །མཚམས་སྦྱོར་ཅུང་ཟད་ཡང་དག་ལྡན། །རྣམ་འགྱུར་མེད་ཅིང་མཚུངས་མེད་གནས། །རོལ་པའི་ཡི་གེ་ཡང་དག་ལྡན། །མཆུ་ཡི་ཕྱག་རྒྱ་རྡོ་རྗེ་ཅན། །རྣམ་འགྱུར་ཅན་དང་འཁོར་བ་ཅན། །ཁྲོ་བས་སུ་ནི་ཡོངས་སུ་བསྡམས། །འདི་ནི་ཁྲོ་བའི་ཕྱག་རྒྱར་བཤད།། མཆུ་ཡི་ཕྱག་རྒྱ་གཟུགས་མཛེས་ཅན། །འཇིག་རྟེན་པ་རྣམས་མཆུའི་ཕྱག་རྒྱ། །རྣམ་འགྱུར་འཇིག་ཅིང་གཟུགས་དང་བྲལ། །ཤིན་ཏུ་བྲང་དཀའི་འདོད་ཆགས་དང ། །སྡང་དང་རྨོངས་ལས་ཐམས་ཅད་དུ། །རོལ་ཅིང་རྣལ་འབྱོར་དང་ལྡན་པ། །གཡོ་བཅས་རབ་ཏུ་འཕྲོ་བ་ཡང ། །མཆུ་ཡི་ཕྱག་རྒྱར་ཤེས་པར་བྱ། །ལྷ་མོ་ཕོ་ཉ་ཚོགས་ཀྱི་ཡང ། །དེ་ལ་སོགས་པ་མཐའ་ཡས་མཆོག་།ལྟ་སྟངས་མཆུ་ལ་སོགས་པའི་མིང ། །ཕྱག་རྒྱ་ཐམས་ཅད་མདོར་བསྡུ་བ། །སྐྱོབ་པ་རྣམས་ཀྱི་ཀུན་ཤེས་བྱ། །ཇི་སྲིད་སྐུ་ཡི་དབྱེ་བ་དང ། །དབང་པོ་ལ་སོགས་རབ་དབྱེ་དང ། །དེ་དག་ཕྱག་རྒྱ་སྣ་ཚོགས་མཆོག་།སངས་རྒྱས་ཀུན་གྱི་བརྟགས་པ་ཉིད། །སྣ་ཚོགས་སྐུ་ནི་གཟི་བརྗིད་ཆེ། །ཚད་མེད་ཡོན་ཏན་འབྱུང་བའི་གནས།།
92b
སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་མཆོག་།སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་གསང་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་བཀའ་སྩལ་པ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱ། །སྣ་ཚོགས་ཁམས་ནི་བསམ་ཡས་མཆོག་།དར་དང་མེ་ཏོག་ཆུན་པོས་བརྒྱན། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །སྣ་ཚོགས་པདྨོ་དེ་བཞིན་གཞན། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །སངས་རྒྱས་སྐུ་གཟུགས་ཡིད་འོང་པ། །མགོན་པོ་སུམ་ཅུ་རྩ་གཉིས་མཚན། །འབར་བ་མཆོག་གིས་བརྒྱན་པ་པོ། །དེ་སྔགས་རྟགས་སུ་ཤེས་བྱ་བ། །དང་པོའི་དབྱངས་དང་གཉིས་པ་འོ། །དེ་ཡི་ཉེ་འཁོར་བརྒྱད་དུ་ནི། །འགྲམ་དུ་རྩིབས་བརྒྱད་པ་ཡི་ཡང ། །འཁོར་ལོ་དག་ནི་བྲི་བར་བྱ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །འཁོར་ལོ་ཀུན་ཏུ་འབར་བ་གཞག་།འཁོར་ལོའི་ལྟེ་བའི་དབུས་སུ་ནི། །པདྨའི་རྒྱལ་པོ་རབ་ཏུ་གནས། །སྒེག་སོགས་སངས་རྒྱས་ཐམས་ཅད་ནི། །ཇི་ལྟར་སྔོན་བཞིན་བྲི་
93a
༄#། །བར་བྱ། །ཉེ་བར་མཁོ་བའི་མཆོད་ཀུན་གྱིས། །དེ་བཞིན་གཤེགས་པ་མཆོད་པར་བྱ། །དགུག་སོགས་ཆོ་གའི་སྦྱོར་བ་ནི། །དཀྱིལ་འཁོར་སྔ་མ་ཇི་བཞིན་ནོ། །དཀྱིལ་འཁོར་ཉེ་བར་སྤྱོད་པ་ཀུན། །ཆོ་ག་འདིར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་ཆེན་པོའི་རྟོག་པ་འོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་ཞེས། །བྱ་བ་རྡོ་རྗེ་ཧཱུཾ་མཛད་གྲགས། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །དེ་ཡི་ནང་དུ་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་འོ། །དེ་ཡི་དབུས་སུ་ཁྲོ་བོ་ཆེ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་ཡང ། །ཁྲོ་གཉེར་ལྡན་ཞིང་སྨིན་མ་འཁྱོག་།སྤྱན་གསལ་འབར་བ་ཆེན་པོ་པ། །ཅུང་ཟད་མཆེ་བ་གཙིགས་པའི་ཞལ། །རྣམ་པར་དགོད་ཅིང་སླར་ཁྲོ་བ། །གཡས་བརྐྱང་བ་ཡི་ཞབས་ཀྱིས་ནི། །དཀའ་ཟློག་དབང་ཕྱུག་ཆེན་པོ་གནོན། །སངས་རྒྱས་ཕྲེང་བ་སོགས་པས་སྤྲས། །ིནྡྲ་ནཱི་ལ་མཚུངས་པའི་འོད། །ཕྱག་བཞི་པ་ལ་སྤྱན་གསུམ་པ། །ཞལ་བཞི་པ་ལ་ཐུབ་པར་དཀའ། །བེ་ཅོན་དང་ནི་ཞགས་པར་མཛོད། ། དང་པོ་ན་ནི་རྡོ་རྗེར་བཤད། །གཉིས་པ་ཞགས་པ་སྡིགས་མཛུབ་ཅན། །ཕྱག་གཉིས་ཁུ་ཚུར་དམ་པ་མཆོག་།ཁུ་ཚུར་གཉིས་ནི་རབ་ཏུ་བརྟག་།མཐེ་ཆུང་གཉིས་ནི་
93b
མཉམ་སྦྱར་བའོ། །ལུ་གུ་རྒྱུད་ཀྱིས་རྣམ་པར་སྤྲེལ། །སྙིང་གར་ཕྱག་རྒྱ་ལེགས་བཞག་ནས། །སྡིགས་མཛུབ་གཉིས་ཀྱིས་བསྡིགས་པར་མཛད། །འཇིག་རྟེན་གསུམ་རྒྱལ་ཞེས་བྱ་བའི། །ཕྱག་རྒྱ་མཆོག་ཏུ་ཐུབ་པར་དཀའ། །སྔགས་ནི་མིང་གི་དེ་ཉིད་ལྡན། །འབར་བའི་ཕྲེང་བས་མཉམ་པར་འཁྲིགས། །དཀྱིལ་འཁོར་དེ་ཡི་གནས་རྣམས་སུ། །ཆ་རྣམས་ཀུན་ཏུ་ཐམས་ཅད་ནས། །ཕྱག་རྒྱ་ཐམས་ཅད་མཉམ་པར་བྲི། །ཟླ་བའི་དཀྱིལ་འཁོར་མཉམ་གནས་པར། །རལ་གྲི་འཁོར་ལོ་གཞུ་དང་མདའ། །དེ་བཞིན་དུ་ནི་དགྲ་སྟ་ཉིད། །དེ་ལ་སོགས་པའི་མཐའ་ཡས་མཆོག་།མདོར་བསྡུས་ནས་ནི་ཕྱག་རྒྱ་དགོད། །དེ་ལྟར་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་བཀོད་ནས་ཉེ་བར་མཁོ་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །འགྲོ་བ་འདུལ་བ་ཞེས་སུ་བཤད། །གྲུ་བཞི་པ་ལ་སྒོ་བཞི་པ། །དར་དང་མེ་ཏོག་ཆུན་པོས་བརྒྱན། །དེ་དབུས་དཀྱིལ་འཁོར་ཆེན་པོ་ནི། །ཆུ་ཞེས་བྱ་བའི་མིང་ཅན་ནོ། །དེ་མི་དབུས་སུ་པད་ཆེན་པོ། །འདབ་མ་བརྒྱད་པ་ཡིད་འོང་བ། །དེ་ཡི་ལྟེ་བའི་དབུས་སུ་ནི། །འགྲོ་བ་འདུལ་བ་ཞེས་བྱ་བ། །ཟླ་བའི་འོད་ཅན་ཟླ་བའི་མདོག་།རལ་པའི་ཅོད་པན་འཛིན་
94a
༄#། །པ་ཅན། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །སངས་རྒྱས་ཕྲེང་བ་སོགས་པས་སྤྲས། །སྐུ་རྣམས་ཐམས་ཅད་ཀུན་ནས་སྤྲོ། ། མཐའ་ཡས་རབ་འབྱམས་རྒྱ་ཆེ་བའི། །ཆོས་དབྱིངས་མཉམ་དང་མི་མཉམ་ལ། །དེ་ཡི་སྔགས་སུ་ཡོངས་གྲགས་པ། །ཤ་ཥའི་སྡི་ཡི་མཐའ་དགེ་བ། །ཀྵ་ཡིག་དོན་ལྡན་སྔོན་བྱུང་བ། །རྒྱུ་ཡི་དོན་དུ་རབ་སྒྲུབ་བྱེད། །བཞི་པའི་དབྱངས་ཀྱིས་སྤྱི་བོར་མནན། །མེ་ཡི་ས་བོན་གསལ་བར་བྱེད། །ཐིག་ལེ་སྒྲ་ནི་མཆོག་ཏུ་སྦྱིན། །འཇིག་རྟེན་དབང་ཕྱུག་ཅེས་བྱའི་མཚན། །དེ་ཡི་ཕྱག་རྒྱ་ཡང་དག་བཤད། །པདྨོའི་ཐལ་མོ་རབ་ཏུ་བརྐྱང ། །བྲིས་པའི་ཕྱག་རྒྱར་ཡང་དག་བཤད། །དབྱུག་གུ་རིལ་བ་སྤྱི་བླུགས་བྲི། །མདུན་དུ་བགྲང་ཕྲེང་པདྨ་ཡི། །རྒྱལ་པོ་ཟླ་བའི་དཀྱིལ་འཁོར་གཞག་།དེ་ལ་སོགས་པ་མཐའ་ཡས་མཆོག་།ཕྱག་རྒྱ་མཆོག་ཏུ་འབར་དེ་དག་།འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ། །ཇི་ལྟར་རིགས་པ་དགོད་པར་བྱ། །འགྲོ་བ་འདུལ་བ་ཞེས་བྱ་བ། །དཀྱིལ་འཁོར་གྱི་ནི་རྒྱལ་པོ་འོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།གཞན་ནི་རབ་ཏུ་བཤད་པར་བྱ། །དཔའ་པོ་རིན་ཆེན་སྙིང་པོ་ཡི། །རྡོ་རྗེ་རིན་ཆེན་ཞེས་སུ་བཤད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །དེ་ཡི་དབུས་སུ་རིན་ཆེན་ཆེ། །ཡན་ལག་བརྒྱད་
94b
པ་མཆོག་ཏུ་འབར། །དེ་དབུས་རིན་ཆེན་པདྨ་ནི། །རིན་ཆེན་ཕྲེང་པས་རྣམ་པར་མཛེས། །དེ་དབུས་མ་ར་ཀ་ཏ་འདྲ། །རིན་ཆེན་རྡོ་རྗེ་ཆེར་འབར་བ། །སངས་རྒྱས་ལྔ་ཡི་ཅོང་པན་ཅན། རིན་ཆེན་ཕྲེང་བས་རྣམ་པར་མཛེས། །མདུན་དུ་ཀུན་གྱི་དབང་བསྐུར་གཙོ། །རིན་ཆེན་དེ་ཡི་གཙོ་བོ་མཆོག་།གཡས་སུ་པདྨ་རཱ་ག་སྟེ། །རྒྱབ་ཏུ་ཨིནྡྲ་ནཱི་ལ་འོ། །ཡིད་བཞིན་ནོར་བུ་རིན་ཆེན་གཡོན། །ཕྱག་རྒྱ་རྣམ་པ་སྣ་ཚོགས་མཆོག་།སྣ་ཚོགས་རིན་ཆེན་རྣམ་པར་བརྒྱན། །དཀྱིལ་འཁོར་ཀུན་གྱི་གྲཝ་བཞི་ནི། །གནས་རྣམས་སུ་ནི་གཞག་པར་བྱ། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །དེ་ཡི་སྔགས་སུ་ཡོངས་གྲགས་པ། །བཞི་པའི་སྡེ་ཡི་དང་པོ་གང ། །མེ་ཡི་ས་བོན་གྱིས་གསལ་བྱས། །དབྱངས་ཀྱི་གཉིས་པས་ཀུན་ནས་མནན། །དབང་བསྒྱུར་བ་ནི་སྟེང་དུ་གནས། །དེ་ཡི་ཕྱག་རྒྱ་ཡང་དག་བཤད། །རིན་ཆེན་སྙིམ་པ་རྒྱབ་བསྐུམས་ཏེ། །རིན་ཆེན་རྣམ་པ་ལེགས་འབྱུང་བ། །དེ་ནི་རྡོ་རྗེ་རིན་ཆེན་ནོ། །རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །རྡོ་རྗེའི་ཕྲེང་བས་རྣམ་པར་མཛེས། །དེ་ཡི་དབུས་སུ་ཞལ་བཞི་པའི། །འཁོར་ལོ་བཞི་ནི་ཡོངས་བསྐོར་བའོ། །དེ་ཡི་དབུས་སུ་པད་ཆེན་པོའོ། །ཁ་དོག་སྣ་ཚོགས།
95a
༄#། །ཡོངས་འབར་བ། །དེ་ཡི་དབུས་སུ་བརྩོན་ཆེན་པོ། །རྡོ་རྗེའི་གཟུགས་ནི་ཡོངས་སུ་བྲི། །རྡོ་རྗེ་ཁུར་འཛིན་མཛེས་པ་ནི། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། ། ཁ་དོག་སྣ་ཚོགས་གཟི་བརྗིད་ཆེ། །སངས་རྒྱས་ཕྲེང་བས་རྣམ་པར་མཛེས། །དེ་ཡི་སྔགས་ནི་ཡང་དག་བཤད། །བཅུ་གཉིས་པ་ཡི་དབྱངས་ཀྱི་མཐའ། །མྱ་ངན་འདས་དོན་ལེགས་གསལ་བྱ། །སྒེག་སོགས་རིག་མ་ཐམས་ཅད་ཀྱིས། །དེ་བཞིན་རང་གི་ཕྱག་རྒྱ་ཡིས། །རྡོ་རྗེའི་ཐིག་ལེ་ཡོངས་སུ་ལྡན། །སྣ་ཚོགས་བཀྲ་བ་མཆོག་ཏུ་འབར། །དེ་ཡི་དབང་བསྐུར་ཕྱག་རྒྱ་ཡིས། །མཆོད་པ་ཀུན་གྱི་ཐམས་ཅད་ནས། །ཀུན་ནས་ཡོངས་སུ་བསྐོར་བ་ཡིས། །ལས་ཀྱི་དཀྱིལ་འཁོར་བྲི་བར་བྱ། །ལས་ཀྱི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །ཤེས་རབ་ཡེ་ཤེས་འཁོར་ལོ་ཆེ། །སྔགས་ཀྱི་ཡི་གེས་རྣམ་པར་བརྒྱན། །དེ་ཡི་དབུས་སུ་པད་ཆེན་པོ། །འདབ་མ་བརྒྱད་པ་ཤིན་ཏུ་མཛེས། །དེ་ཡི་ལྟེ་བའི་དཀྱིལ་དུ་ནི། །གཞོན་ནུ་སྣ་ཚོགས་གཟུགས་ལྡན་པ། །སྐུ་མདོག་དམར་ཞིང་འཛུམ་བཅས་པ། །སྣ་ཚོགས་གཟུགས་ཅན་རལ་གྲི་ཅན། །ཕྱག་བཞི་པ་ལ་ཞལ་བཞི་པ། །རལ་གྲིའི་ཕྲེང་བས་རྣམ་པར་བརྒྱན། །གསང་སྔགས་ཆེན་པོ་ཡི་གེ་ལྔ། །དེ་ཡི་དྲུང་དུ་ལེགས་པར་གནས། །དབྱངས་དང་
95b
སྨྲ་བ་ཀུན་ནས་དེའི། །ཐུགས་ཀ་རུ་ནི་ཡང་དག་གནས། །ཕྱི་རོལ་ཉིད་ནི་གྲུ་བཞི་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །རྟ་བབས་བཞི་དང་མཉམ་པར་སྦྱོར། །སྒོ་བཞི་ཡིས་ནི་ཤིན་ཏུ་མཛེས། །ཤེས་རབ་ཕ་རོལ་ཕྱིན་པ་ཉིད། །དེ་ལ་དཀྱིལ་འཁོར་དབུས་སུ་ནི། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །འབད་པ་ཡིས་ནི་བྲི་བར་བྱ། །སྔོན་དུ་བཤད་པའི་ཆོ་ག་ཡིས། །མཆོད་སོགས་ཆོ་ག་རྒྱས་པ་ཉིད། །གཞུག་པའི་ཆོ་ག་དེ་བཞིན་དུ། །ཇི་ལྟར་དཀྱིལ་འཁོར་འདིར་མཐོང་བཞིན། །ཤེས་རབ་ཡེ་ཤེས་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་ཡིས་ནི་ཡང་དག་ལྡན། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་དུ་བྲི་བྱ་བ། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །རྟེན་ཅིང་འབྲེལ་འབྱུང་ཕྲེང་བ་ནི། །འབད་པ་ཡིས་ནི་བྲི་བར་བྱ། །འཁོར་ལོའི་དབུས་སུ་བརྩོན་ཆེན་པོ།། རྡོ་རྗེའི་རྒྱུ་ནི་སྟོབས་པོ་ཆེ། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་འོ། །ཁ་དོག་ནག་པོ་གཟི་བརྗིད་ཆེ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་མཛད། །དེ་ཡི་སྔགས་གྱུར་མཛེས་པ་ནི། །རྒྱུ་ཡི་དོན་དུ་སོ་སོར་བསྐྱེད། །དབྱངས་དྲུག་དང་ནི་ཡང་དག་ལྡན། །ཐིག་ལེ་ཕྱི་མོས་རྣམ་པར་བརྒྱན། །ཡི་གེ་ཆེན་པོའི་ཕྲེང་བ་ཅན། །འཁོར་ལོ།
96a
༄#། །གཉིས་ཀྱིས་རྣམ་པར་བརྒྱན། །དེ་ཡི་མདུན་དུ་དུང་ཡིན་ལ། །རྒྱབ་ཏུ་ཞགས་པ་བརྗོད་པར་བྱ། །རྡོ་རྗེའི་ཐལ་མོ་ཕྱག་རྒྱ་ཆེ། །འཁོར་ལོ་བཞིན་དུ་རབ་ཏུ་གནས། །མཆོད་པ་ཐམས་ཅད་རབ་ཏུ་བརྟག། ཇི་ལྟར་དཀྱིལ་འཁོར་སྔ་མ་བཞན། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར། །དངོས་གྲུབ་ཐམས་ཅད་ཡང་དག་འབར། །ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། ། ཐོག་མའི་དཀྱིལ་འཁོར་སྦྱོར་བ་ཡིས། །དཀྱིལ་འཁོར་ཀུན་གྱི་ཐིག་གདབ་བོ། །དེ་ཡི་དཀྱིལ་དུ་སྣང་བ་ཆེ། །མཁའ་བཞིན་ཤིན་ཏུ་འོད་གསལ་བ། །སེམས་དཔའ་ཆེན་པོ་ནམ་མཁའི་མཛོད། །པདྨའི་རྒྱལ་པོ་རབ་ཏུ་བཞུགས། །ཟླ་བའི་མདོག་ཅན་གཟི་བརྗིད་ཆེ། །སྣ་ཚོགས་མཚོན་ཆ་འཛིན་པའི་མཆོག་།གཞོན་ནུ་རབ་ཏུ་བརྗིད་པའི་ཞལ། །ནམ་མཁའི་མཛོད་ཅེས་རབ་ཏུ་གྲགས། །སངས་རྒྱས་ཕྲེང་བ་སོགས་པས་སྤྲས། །རྡོ་རྗེ་དཀྱིལ་འཁོར་བརྒྱན་པར་མཛད། །འདི་ཡི་གསང་སྔགས་གཟི་བརྗིད་ཆེ། །དབྱངས་དགུ་པ་ལ་ཐིག་ལེ་དང ། །ནཱ་ད་ཡིས་ནི་རྣམ་པར་བརྒྱན། །སྡེ་ཚན་དང་པོའི་གསུམ་བ་ལ། །ཐིག་ལེ་ནཱ་དེས་རྣམ་པར་བརྒྱན། །དེ་ཡང་གཙོ་བོའི་གསང་སྔགས་འགྱུར། །ནམ་
96b
མཁའི་མཛོད་ནི་རབ་བསྐོར་མཛད། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སྔགས་ཀྱི་ཕྲེང་བ་མཆོག་ལྡན་པ། །མ་ལུས་པ་ཡི་ས་རྣམས་ཀུན། །ཐམས་ཅད་ནས་ནི་ནམ་མཁའི་ཚུལ། །ཏོག་ནི་ཕྱག་རྒྱར་གྱུར་པ་དེའི། །དེ་བཞིན་དུ་ནི་ངེས་པར་བཅིང ། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །ནམ་མཁའ་ཡི་ནི་མཛོད་དེ་ལ། །གལ་ཏེ་བདག་ནི་གྲུབ་འདོད་ན། །མཆོད་བ་ཀུན་གྱིས་རྣམ་པར་མཆོད། །ནམ་མཁའི་མཛོད་ཀྱི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་སྔ་མའི་སྦྱོར་བ་ཡིས། །དཀྱིལ་འཁོར་ཐམས་ཅད་ཐིག་གདབ་པོ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །ཁྲོ་བོའི་དཀྱིལ་འཁོར་གྲུ་བཞི་པ། །དེར་ཡང་རྡོ་རྗེ་འདི་ཡི་མཆོག་།དཀྱིལ་འཁོར་གྱི་ནི་མཆོག་ཏུ་འདོད། །དེ་ཡི་དབུས་སུ་གཟི་བརྗིད་ཆེ། །རྡོ་རྗེ་གནོད་སྦྱིན་བླ་ན་མེད། །ཕྱག་བཞི་པ་ལ་ཞལ་བཞི་པ། །པདྨའི་རྒྱལ་པོ་ལ་རབ་གནས། །རྒྱན་རྣམས་ཀུན་གྱིས་བརྒྱན་པའི་ལུས། །བདུད་རྣམས་ཐམས་ཅད་རབ་འཇོམས་མཛད། །དེ་སྔགས་ཡི་གེར་གྱུར་པ་ནི། །ཤ་ཥའི་སྡེ་ཚན་མཐར་དགེ་བ། །རྒྱུ་ཡི་དོན་དུ་ལེགས་གསལ་བྱ། །ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་བསྐོར། །སྔགས་ཀྱི་ཡི་གེ་ཕྲེང་བ་ཆེ། །འབད་པ་ཡིས་ནི་བྲི་བར་བྱ། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །རྡོ་རྗེ་གནོད་སྦྱིན་དེ་ཡི་ནི། །གལ་ཏེ་དངོས་
97a
༄#། །གྲུབ་མཆོག་འདོད་ན། །སྒྱུ་མ་ཐམས་ཅད་གཞོམ་པར་བྱ། །རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་ཆེན་པོའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །དེ་ཡི་དབུས་སུ་འཁོར་ལོ་ཆེ། །ལྕགས་ཀྱུ་ཡིས་ནི་རྣམ་པར་མཛེས། །དབུས་སུ་བཅོམ་ལྡན་རྡོ་རྗེ་རྒྱལ། །ལྕགས་ཀྱུ་ལ་ནི་རབ་ཏུ་བཞུགས། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཐམས་ཅད་རབ་ཏུ་འབར། །རྡོ་རྗེ་ལྕགས་ཀྱུ་ཁུ་ཚུར་ཆེ། །འབར་བ་འཕྲོ་བས་རྣམ་པར་བརྒྱན། །འགྲོ་བ་ཐམས་ཅད་འགུགས་པར་མཛད། །སྔགས་ཀྱི་ཡི་གེས་ལེགས་པར་སྦྱར། །ཤ་ཥའི་སྡེ་ཡི་དྲུང་གནས་པ། །བྱེད་པའི་རྒྱུ་རུ་ལེགས་པར་གནས། ། དབྱངས་དྲུག་པ་ཡིས་ལེགས་པར་ཕྱེ། །ཟླ་ཕྱེད་ཐིག་ལེས་ལེགས་པར་བརྒྱན། །ལྕགས་ཀྱུའི་ཕྱག་རྒྱས་ལེགས་པར་སྦྱར། །འགུགས་པར་བྱེད་ལ་དོན་ཡོད་པའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། །རྡོ་རྗེ་ལྕགས་ཀྱུ་མཆོག་ཏུ་དགེ་།དགུག་པ་ལ་སོགས་ཐམས་ཅད་ལ། །འགྲོ་བ་འདུལ་པ་ཡོངས་སུ་བསྡུ། །དོན་ཡོད་རྒྱལ་པོའི་དཀྱིལ་འཁོར་རོ། ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱ། །ཐིག་བཞི་དང་ནི་ཡང་དག་ལྡན། །
97b
དངོས་གྲུབ་དཀྱིལ་འཁོར་བྲི་བར་བྱ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །དཀྱིལ་འཁོར་ལྕགས་ཀྱུའི་རྣམ་པ་ཅན། །དེ་ཡི་དབུས་སུ་གྲུ་གསུམ་གྲགས། །ལྕགས་ཀྱུ་མཆོག་ཏུ་དགེ་བ་འོ། ། དེ་ཡི་དབུས་སུ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་སྟོབས་པོ་ཆེ། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་འོ། །གཟི་བརྗིད་ཆེན་པོ་དཀར་དང་དམར། །ཞགས་པ་ལྕགས་ཀྱུ་འཛིན་དགེ་བ། །དེ་ཡི་གསང་སྔགས་ཡང་དག་བཤད། །དོན་ཡོད་འབྲས་བུ་སྩོལ་བ་པོ། །སྡེ་ཚན་གཉིས་པའི་གསུམ་པ་ནི། །གཉིས་འགྱུར་ཉིད་དུ་རྣམ་པར་གནས། །དེ་ཡི་ཐིག་ལེ་མྱ་ངན་འདས། །སྔགས་ཀྱི་ཕྲེང་བ་གཞན་གྱིས་བསྐོར། །སྒེག་མོ་ལ་སོགས་མཆོད་པ་ཆེ། །འབད་པ་ཡིས་ནི་བྲི་བར་བྱ། །སྒོ་སྐྱོང་བ་དང་མཆོད་པ་ཡང ། ། སྦྱོར་བ་ཇི་བཞིན་རྣམ་པར་དགོད། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །མཆོད་པ་ཐམས་ཅད་ཡོངས་སུ་བསྒྲུབ། །རྡོ་རྗེ་རྒྱལ་པོའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །རྡོ་རྗེ་ཆགས་པ་ཞེས་སུ་བཤད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །ཆགས་པའི་དཀྱིལ་འཁོར་བྲི་བར་བྱ། །ཐམས་ཅད་དམར་པོས་རབ་དྲེགས་པས། །དབང་དུ་བྱེད་པའི་དམ་པ་ཡིན། །དེ་ཡི་\?\་
98a
༄#། །དབུས་སུ་པད་ཆེན་པོ། །འདབ་མ་བརྒྱད་པ་གེ་སར་བཅས། །དེ་ཡི་ལྟེ་བའི་དབུས་སུ་ནི། །རྡོ་རྗེ་ཆགས་པ་བྲི་བར་བྱ། །པདྨ་རཱ་ག་མཚུངས་པའི་འོད། །ཕྱག་བཞི་པ་ལ་ཞལ་བཞི་པ། །སྦྱན་གསུམ་འོད་ཀྱི་ཕྲེང་བ་ཅན། །དེ་ཡི་ཕྱག་རྒྱ་མཆོག་ཏུ་ནི། །མཛེས་པ་ཡིས་ནི་མདའ་གཞུར་འགྱུར། །རྒྱན་རྣམས་ཀུན་གྱིས་མཛེས་པའི་ལུས། །འགྲོ་བ་ཀུན་ལ་ཆོས་མཆོག་འགྱུར། །དེ་ཡི་གསང་སྔགས་མཛེས་གྱུར་པ། །རྡོ་རྗེ་ཆགས་པ་མཆོག་ཏུ་བདེ། །ཤ་ཥའི་སྡེ་ཡི་མཐར་ཐུག་པ། །ཀྵ་ཡི་ཡི་གེའི་སྔོན་དུ་གནས། །དབྱངས་དགུ་པ་དང་ཡང་དག་ལྡན། །སྔགས་ཀྱི་ཕྲེང་བས་ཡང་དག་བརྒྱན། །མེ་ཏོག་མདའ་ནི་ཡོངས་སུ་འཕེན། །རེ་བ་ཐམས་ཅད་ཡོངས་རྫོགས་མཛད། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་བྱེད། །རྡོ་རྗེ་ཆགས་པའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །རྡོ་རྗེ་ལེགས་པ་ཞེས་གྲགས་པ། །གཉིས་སུ་མེད་པའི་དགའ་བའང་འཕེལ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །དེ་ཡི་དབུས་སུ་ཆེར་མཛེས་པའི། །དཀྱིལ་འཁོར་དམ་པ་གྲུ་བཞི་པ། །དེ་ཡི་དབུས་སུ་པད་ཆེན་པོ། །ཟེ་འབྲུ་ཡིས་ནི་ཉེ་བར་མཛེས། །དེ་ཡི་ལྟེ་བའི་དཀྱིལ་དུ་ནི། །ཟླ་བའི་གཟུགས་བརྙན་ཡང་
98b
དག་འབར། །དེར་གནས་དཔའ་པོ་བསམ་པར་བྱ། །རྡོ་རྗེ་ལེགས་པ་སྟོབས་པོ་ཆེ། །དུང་དང་ཀུན་ད་ཟླ་བ་དཀར། །ཁ་བ་བ་ཞོའི་འོད་ལྟར་མཛེས། །ལེགས་སོ་སྩོལ་བ་ཚིམ་པར་མཛད།། ཏིང་ངེ་འཛིན་དབང་མང་པོ་སྒྱུར། །རྡོ་རྗེ་སྒེག་མོ་སོགས་མཆོད་པ། །དེ་བཞིན་མེ་ཏོག་བདུག་པ་སོགས། །སྒོ་ཡི་སྐྱོང་བ་ཉིད་ཀྱང་ནི། །རབ་ཏུ་འབད་དེ་བྲི་བར་བྱ། །དེ་ཡི་སྔགས་གྱུར་མཛེས་པ་ནི། །གསང་བ་ཆེན་པོ་མཆོག་ཏུ་འབར། །ལྷ་མི་ཡི་གེ་སྔོན་གང་དེ། །སེམས་ཅན་དོན་ནི་རབ་སྒྲུབ་བྱེད། །ཐིག་ལེ་གཉིས་དང་ཡོངས་སུ་ལྡན། །ལེགས་སྩོལ་བས་ནི་རྣམ་པར་གནས། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །མཆོད་པ་ཐམས་ཅད་རབ་ཏུ་བསྐོར། །བདག་ཉིད་དག་པས་གཞུག་པ་སོགས། །ཐམས་ཅད་ཡོངས་སུ་སྤྱད་པར་བྱ། །རྡོ་རྗེ་ལེགས་པའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །རྡོ་རྗེ་གཟི་བརྗིད་ཅེས་སུ་གྲགས། །རྡོ་རྗེ་ཉི་མ་བློ་གྲོས་ལྡན། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །དེ་ཡི་ནང་དུ་བྲི་བྱ་བ། །རྡོ་རྗེ་ཉི་མ་འོད་པོ་ཆེ། །རྡོ་རྗེ་ཉི་མའི་སྟེང་དུ་ནི། །གྲུ་གསུམ་རྣམ་པ་ལས་བྱུང་བ། །དེ་ཡི་དབུས་སུ་གཟི་བརྗིད་ཆེ། །འབར་པ་ཡི་ནི་མེ་ལྟ་བུ། །པདྨ་ཆེན་པོ་འདབ་བརྒྱད་པ། །ཟེ་འབྲུ་ཡིས་ནི་ཤིན་ཏུ་མཛེས། །དེ་ཡི་
99a
༄#། །ལྟེ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་གཟི་བརྗིད་སྟོབས་པོ་ཆེ། །བཟང་པོའི་མཚལ་དང་མཚུངས་པའི་འོད། །རྒྱ་སྐྱེགས་ཁུ་ཚུར་མཚུངས་པའི་མདོག་།ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱི་བརྒྱན་པ་འོ། །དེ་ཡི་སྔགས་སུ་ཡོངས་གྲགས་པ། །ཀུན་ནས་སངས་རྒྱས་མཚུངས་པའི་ཉིད། །དབྱངས་ཡིག་བཅུ་གཅིག་པ་ཡི་མཐའ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར། །རང་གི་ཕྱག་རྒྱའི་མཆན་མ་ལྡན། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་བྱ། །རྡོ་རྗེ་གཟི་བརྗིད་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །ཡིད་བཞིན་ནོར་བུའི་རྒྱལ་མཚན་མིང ། །བདག་ཉིད་ཆེན་པོ་རྡོ་རྗེ་ཏོག་།གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། ། དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །མཆོག་ཏུ་འབར་བ་ཡི་ནི་རླུང ། །ཟླ་བ་ཕྱེད་པའི་རྣམ་པ་འདྲ། །རིན་ཆེན་རྒྱལ་མཚན་ཡོངས་བསྒྲེང་བ། །དེ་ཡི་དབུས་སུ་སེམས་དཔའ་ཆེ། ། རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །ཞལ་བཞི་པ་ལ་གཟི་བརྗིད་ཆེ། །ིནྡྲ་ནཱི་ལ་མཚུངས་པའི་འོད། །རིན་ཆེན་ཆར་པ་རབ་ཏུ་འབེབས། །ཕྱག་བཞི་པ་ལ་སྣང་བ་ཆེ། །
99b
དེ་ཡི་གསང་སྔགས་གཟི་བརྗིད་ཆེ། །སྡེ་ཚན་བཞི་པའི་དང་པོ་ལ། །མེ་ཡིས་རབ་ཏུ་གསལ་བྱས་པ། །ཏོག་གི་ཕྱག་རྒྱས་ཡོངས་སུ་བསྐོར། །སྔགས་ཀྱི་ཕྲེང་བས་རྣམ་པར་བརྒྱན། ། དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་བྱ། །རྡོ་རྗེ་ཏོག་གི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། ། རྡོ་རྗེ་བཞད་བ་ཞེས་གྲགས་པ། །རྡོ་རྗེ་བཞད་པ་མཚུངས་པའི་འོད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །དཀྱིལ་འཁོར་དེ་དབུས་ཟླུམ་པོ་ནི། །ིནྡྲ་ནཱི་ལ་མཚུངས་པའི་འོད། །དེ་བཞིན་ཆུ་ནི་གཟི་བརྗིད་ཅན། །ཕྱག་རྒྱ་འཁོར་ལོས་རྣམ་པར་མཛེས། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །སྟོན་ཀའི་ཟླ་བ་འདྲ་བའི་འོད། །འགྲོ་བ་མཐའ་དག་སྣང་མཛད་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །ཕྱག་བཞི་པ་ལ་ཞལ་བཞི་པ། །དབང་ཕྱུག་ཐམས་ཅད་ཡང་དག་ལྡན། །དེ་ཡི་གསང་སྔགས་གསང་ཆེན་པོ། །རྒྱུ་ཡི་དོན་དུ་བསྒྲུབ་པར་བྱ། །སྟོང་པ་མངོན་བརྗོད་བསམ་མི་ཁྱབ། །རང་མིང་རྟོགས་པས་མཚན་པ་འོ། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་བྱ། །རྡོ་རྗེ་བཞད་པའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་
100a
༄#། །བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །དངོས་གྲུབ་དཀྱིལ་འཁོར་ཡང་དག་བྲི། །དེ་ཡི་སྟེང་དུ་འང་པདྨ་ཆེ། །པདྨ་མེ་ལས་ཡང་དག་བྱུང ། །གྲུ་གསུམ་མཆོག་ཏུ་མཛེས་པ་པོ། །སུམ་མདོ་རིས་ཀྱིས་རྣམ་པར་བརྒྱན། །ཆོས་དབྱིངས་ཡི་གེའི་དེ་ཁོ་ན། །ཐམས་ཅད་གཟི་བརྗིད་བདག་ཉིད་དགེ་།དེ་ཡི་མདོག་གི་དེ་ཉིད་ནི། །འཕྲོ་བའི་མ་ར་ཀ་ཏ་འདྲ། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །གཉིས་པའི་མདོག་ཏུ་གྱུར་བ་ནི། །པདྨ་རཱ་ག་མཚུངས་པའི་འོད། །ཇི་སྲིད་ངག་གི་འཁོར་ལོ་ནི། །སྨྲ་བའི་དབྱེ་བས་རབ་ཏུ་གནས། །ཐམས་ཅད་སོ་སོར་གསལ་བར་བྱེད། །སྤྲིན་གྱི་དཀྱིལ་འཁོར་མཆོག་རྨད་བྱུང ། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་བྱ། །རྡོ་རྗེ་སྨྲ་བའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་སྔ་མའི་སྦྱོར་ག་ཡིས། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །དེ་ཡི་དབུས་སུ་གོ་ཆ་ཆེ། །རིན་ཆེན་ཀུན་གྱིས་རྣམ་པར་བརྒྱན། །དེ་ཡི་དབུས་སུ་བརྩོན་ཆེན་པོ། །རྡོ་རྗེ་སྲུང་བར་ཡང་དག་བའི། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་བ་པོ། །ཁ་དོག་སྣ་ཚོགས་གཟི་བརྗིད་ཆེ། །ཐམས་ཅད་སྲུང་བ་མཆོག་ཏུ་དགེ།
100b
ཕྱག་རྒྱ་སྔགས་དང་ཡང་དག་ལྡན། །གསང་བ་ཆེན་པོ་གོ་འཕང་མཆོག་།དེ་ཡི་གསང་སྔགས་གཟི་བརྗིད་ཆེ། །ཤ་ཥའི་སྡེ་ཡི་མཐར་གནས་མཆོག་།མགོན་པོའི་རྒྱུར་ནི་མངོན་པར་བརྗོད། །སྟེང་དུ་ནཱ་དས་བརྒྱན་པར་བྱ། །ཀུན་ནས་ཁ་དོག་དུ་མ་ཡིས། །ཡོངས་སུ་བསྐོར་བ་བསྒོམ་པར་བྱ། །སྔགས་ཀྱི་ཕྲེང་བ་ཡོངས་སུ་ལྡན། །གློག་གི་ཕྲེང་བས་རྣམ་པར་བརྒྱན། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །མཆོད་པ་ཐམས་ཅད་རབ་བསྒྲུབ་བྱ། །རྡོ་རྗེ་སྲུང་བའི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་།ཡང་དག་རབ་ཏུ་བཤད་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་ཡང་དག་ལྡན། །ཁུ་ཚུར་དཀྱིལ་འཁོར་བྲི་བར་བྱ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །རྡོ་རྗེ་པདྨ་ཡིད་འོང་བ། །གཟི་བརྗིད་ཆེན་པོ་གསེར་གྱི་མདོག་།འདབ་མ་བརྒྱད་པ་ཡིད་འོང་བ། །དེ་ཡི་སྟེང་དུ་གཟི་བརྗིད་ཆེ། །རྡོ་རྗེ་ཁུ་ཚུར་སྟོབས་པོ་ཆེ། །ཕྱག་བཞི་པ་ལ་ཞལ་བཞི་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །ཀུན་ད་དུང་དང་ཟླ་བ་དཀར། །ཁུ་ཚུར་དེ་བཞིན་གཤེགས་ཀུན་གྱི། །སྐུ་དང་གསུངས་དང་ཐུགས་ཁུ་ཚུར། །རྡོ་རྗེ་ཉིད་དུ་མཉམ་མེད་\?\་མཆོ་ག་།གཉིས་སུ་མེད་པ་མཆོག་གསང་བ། །ཁུ་ཚུར་གྱིས་ནི་སྡུད་པར་བཤད། །དེ་སྔགས་མཆོག་ཏུ་དགའ་བ་ནི། །བརྗོད་དུ་མེད་ཉིད་སྩོལ་མཛད་པ། །སྡེ་ཚན་ལྔ་བའི་
101a
༄#། །གསུམ་པ་ནི། །འབར་བའི་འོད་ཀྱི་དཀྱིལ་འཁོར་ཅན། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་སྐུ། །འདི་ཡི་སྔགས་ལ་རྣམས་པར་གནས། །དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །རྡོ་རྗེ་ཁུ་ཚུར་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་དཀྱིལ་འཁོར་རོ། །དེ་ལ་སོགས་པའི་མཐའ་ཡས་མཆོག་།དཀྱིལ་འཁོར་མཆོག་ཏུ་འབར་བ་ནི། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི། །སངས་རྒྱས་བྱང་ཆུབ་སྩོལ་བར་མཛད། །དེ་ནས་ཡང་དག་བཤད་བྱ་བ། །འཇིག་རྟེན་པ་ཡི་དཀྱིལ་འཁོར་མཆོག་།དེ་བཞིན་གྲུ་བཞི་བྲིས་ནས་ནི།། སྒོ་ཁྱུད་ལ་སོགས་རྣམ་པར་སྤངས། །རྩེ་གསུམ་སྣམ་བུ་ཉིད་དང་ནི། །དུང་དང་པདྨ་སོགས་པས་བརྒྱན། །ཐོག་མར་དབང་ཕྱུག་ཆེན་པོ་དགོད། །རྩེ་གསུམ་པ་ཡི་ཕྱག་རྒྱུར་ལྡན། །ཁྱུ་མཆོག་ལ་ཞོན་མིག་གསུམ་པ། །སྟག་གི་པགས་གྱོན་ཕྱག་བཞི་པ། །ཐལ་བས་བྱུགས་ཤིང་མགོ་བོ་ལ། །རལ་པའི་ཚོགས་ནི་རབ་འཕྱང་བ། །ཆུ་ཡི་དཀྱིལ་འཁོར་དབུས་སུ་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཕྱག་འཚལ་བ་ནི་དེ་བྲིའོ། །དེའི་སྔགས་ནི་།ོཾ་ཏྲི་ས་སྲུཾ་ཧཱུཾ་ཕཊ། གསང་སྔགས་འདི་ནི་ཆེར་གསང་བ། །བདག་ཉིད་ཆེན་པོ་དབང་ཕྱུག་ཆེའི། །དབང་ཕྱུག་ཆེན་པོའི་སྒྲུབ་པའི་ཐབས་སོ། །དཀྱིལ་འཁོར་ཆེན་པོ་དེ་ཉིད་ལ། །དབང་ཕྱུག་ཆེན་པོའི་གནས་སུ་ནག་པོ་
101b
ཆེན་པོ་གཞག་པར་བྱའོ། །ལག་པ་སྟོང་གི་གར་བྱེད་པ་དང་ལྡན་པའི་དགའ་བྱེད་དབང་ཕྱུག་དང་ལྷན་ཅིག་ཕྱག་བཞི་པ་སྤྱན་གསུམ་པ་ལག་པ་སྟོང་གིས་གནས་པའོ། །རང་གི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་བྷྱོ། །ོཾ་ནནྡི་ཀེ་ཤཝ་ར་ཧཱུཾ་བྷྱོ། །འདི་བཟླས་ན་དངོས་གྲུབ་ཐམས་ཅད་བྱེད་དོ། །དགའ་བྱེད་དབང་ཕྱུག་དང་ནག་པོ་ཆེན་པོའི་སྒྲུབ་པའི་ཐབས་སོ། །དེ་ཉིད་ཀྱི་ནི་ཆོ་ག་ཡིས། །དཀྱིལ་འཁོར་གྲུ་བཞི་ཐིག་གདབ་བྱ། །དེར་ནི་པདྨ་ཡང་དག་བྲི། །པདྨའི་དབུས་སུ་སྦྲང་རྩི་བྱེད། །ལ་སོགས་མཐར་བྱེད་སྤུན་བྲིའོ། །གཞུ་ཡི་ཕྱག་རྒྱ་ཡོངས་སུ་འཛིན། །སྦྲང་རྩི་བྱེད་དང་རྒྱལ་བར་བྱེད། །ཉིད་ཀྱི་སྒྲུབ་ཐབས་དེ་བཞིན་ནོ། །མེ་ཏོག་མདའ་དང་ཡོངས་སུ་ལྡན། །རང་གི་མིང་རྟོགས་མཚན་མ་ཅན། །སྔགས་ནི། མ་དྷུ་ཀྲྀ་ཏ་སྣཾ། ཨོཾ་སཝཾ། ཨོཾ་སཱ་དྷ་ན་སཝ། གསང་སྔགས་འདི་ནི་འདོད་གཟུགས་ཅན། །དབང་དུ་བྱེད་པ་ཐམས་ཅད་སྒྲུབ། །སྦྲང་རྩི་རྡོ་རྗེ་ལ་སོགས་པའི་སྒྲུབ་པའི་ཐབས་སོ། ། དཀྱིལ་འཁོར་གྲུ་བཞི་པ་བྲིས་ནས་དབུས་སུ་ཐིག་བཞི་གདབ་བོ། །དབུས་སུ་ཏུ་མ་བུ་རུའོ། །ཤར་གྱི་འདབ་མར་རྒྱལ་བའོ། །ལྷོ་རུ་རྣམ་པར་རྒྱལ་བའོ། །ནུབ་ཏུ་མི་ཐུབ་པའོ།། བྱང་དུ་གཞན་གྱིས་མི་ཐུབ་པའོ། །དེ་ལྟ་བུའི་དཀྱིལ་འཁོར་བྲིས་ནས་གོ་རིམ་ཇི་ལྟ་བ་བཞིན་དུ་གསང་སྔགས་དགོད་པར་བྱའོ། །ོཾ་ཏུཾ་བུ་རུ་ཧཱཾ། ཨོཾ་ཛ་ཡེ་ཧཱཾ། ཨོཾ་བི་ཛ་མེ་
102a
༄#། །ཧཱུཾ། ཨོཾ་ཨ་ཛི་ཏེ་ཧཱཾ། ཨོཾ་ཨ་པ་རཱ་ཛི་ཏེ་ཧཱཾ། དགའ་བ་འདི་དག་ལག་གཡོན་དུ། །ཁུ་ཚུར་གཡོན་པས་རབ་སྒྲུབ་སྩོལ། །འདི་ཡི་ཕྱག་རྒྱ་ཉིད་གྱུར་པ། །སངས་རྒྱས་ཀུན་གྱིས་རབ་ཏུ་བརྟགས། །ལག་པ་དགོད་པར་རབ་བཤད་བྱ། །གོ་རིམ་ཇི་ལྟ་བ་བཞིན་དུ། །ཏུམ་བུ་རུ་ནི་མཐེ་བོར་དགོད། །སྡིགས་མཛུབ་ལ་ནི་རྒྱལ་བ་གནས།། རྣམ་རྒྱལ་གུང་མོ་ཉིད་ལ་འོ། །མི་ཐུབ་དེ་བཞིན་མིང་མེད་ལ། །གཞན་གྱིས་མི་ཐུབ་མཐོ་ཆུང་ལ། །ལག་པའི་དབུས་སུ་ཡི་གེ་ཨོཾ། །དགོད་བྱ་དེ་ཉིད་ལག་པའི་རྒྱབ། །རྡོ་རྗེ་ཕྲེང་བའི་མཐར་ཐུག་ཏུ། །དགོད་པར་བྱ་བ་མཆོག་ཏུ་བཤད། །སྦྱོར་དང་རྣམ་པར་དབྱེ་བ་ཡང ། །ཕྱག་རྒྱ་ཀུན་སྤྱོད་ཡོངས་སུ་བསྡུ། །སོ་སོར་བརྟན་པར་བྱ་བ་ཉིད། །སོར་མོ་རྣམས་ལ་ཁྱད་པར་དུ། །དབང་དང་དགུག་དང་རྨོངས་ལ་སོགས། །རེངས་བྱེད་ལ་སོགས་གོ་རིམ་བཞིན། །ལས་རྣམས་དག་ནི་ཐམས་ཅད་དུ། །སྔགས་པས་མཉམ་པར་བཞག་སྟེ་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཚན་རྣམས་ཀྱིས་ལེགས་པར་བསྟོད་པ་མཛད་དེ་བཅོམ་ལྡན་འདས་མཉེས་པར་མཛད་པ། བྱང་ཆུབ་སེམས་ནི་རྡོ་རྗེ་ཆེ། །སངས་
102b
རྒྱས་དེ་བཞིན་གཤེགས་པ་ཀུན། །དགྲ་བཅོམ་འདོད་ཆགས་བྲལ་བ་དང ། །ལེགས་པ་ཆོས་ཀྱི་འབྱུང་གནས་མཆོག་།བློ་གྲོས་དག་པ་ཡེ་ཤེས་ཆེ། །ཐམས་ཅད་མཁྱེན་པ་ཀུན་རིག་མཆོག་།མཆོག་གི་དབང་ཕྱུག་དཔའ་བ་ཆེ། །ཐོག་མ་ཐ་མ་མེད་ཁྱབ་པ། །མ་འདྲེས་མ་འདྲེས་པ་ཡི་དོན། །ཤིན་ཏུ་ཕྲ་བ་མཆོག་སྦྱིན་རྒྱལ། །རྡོ་རྗེ་ཅན་ཆེན་རྣལ་འབྱོར་ཆེ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་མཆོག་།མི་བསྐྱོད་པ་དང་མི་ཟད་མགོན། །ཆོས་དབྱིངས་གཞན་དང་གཞན་མིན་པ། །རིན་ཆེན་འབྱུང་གནས་རྡོ་རྗེ་མཆོག་།དབང་བསྐུར་ཀུན་གྱི་བླ་མའི་བླ། །ཐེག་ཆེན་ཆེ་བའི་མཆོག་གི་མཆོག་།དཔའ་བོ་མཆོག་ཏུ་དཔའ་བའི་མཆོག་།ཟབ་ཅིང་ཡངས་ལ་ཕྲ་བ་དང ། །ཐམས་ཅད་ཐམས་ཅད་དེ་བཞིན་གཤེགས། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེ། །ཚད་སྐྱོབ་དཀར་པོ་སྟོབས་པོ་ཆེ། །གཟི་བརྗིད་ཕུང་པོ་གཟི་བརྗིད་ཆེ། །ཕུལ་བྱུང་ཕུལ་ལས་ཕུལ་དུ་བྱུང ། །རྒྱུ་མེད་མཆོག་གི་མཆོག་དཔའ་མཆོག་།གཟི་མཆོག་གཟི་བརྗིད་བྱེད་མཚུངས་པ། །རྒྱལ་བ་རྒྱལ་བ་མཆོག་ཉིད་དང ། །ལེགས་པའི་རྒྱལ་པོ་བདག་ཉིད་ཆེ། །རྡོ་རྗེ་སེམས་དཔའ་སེམས་ཆེན་པོ། །རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་ཆེ།། རྡོ་རྗེ་ཆགས་པ་མདའ་ཆེན་པོ། །རྡོ་རྗེ་ལེགས་པ་ལེགས་གྲུབ་མཛད། །རྡོ་རྗེ་རིན་ཆེན་ཆེ་མཆོག་མཆོག་།རྡོ་རྗེ་གཟི་བརྗིད་ལེགས་བརྗིད་མཛད། །རྒྱལ་མཚན་ཆེན་པོ་རིན་
103a
༄#། །ཆེན་ཏོག་།རྡོ་རྗེ་བཞད་པ་ལེགས་བཞད་མཛད། །འཇིག་རྟེན་དབང་ཕྱུག་པདྨ་ཆེ། །ཤེས་རབ་ཡེ་ཤེས་ལེགས་རྣོ་མཛད། །ཆོས་ཀྱི་འཁོར་ལོ་ཆོས་ཆེན་པོ། ། སེམས་དཔའ་སྨྲ་བ་ལེགས་བཞད་མཛད། །སྣ་ཚོགས་ལས་ནི་རྒྱལ་པོ་ཆེ། །རྡོ་རྗེ་སྲུང་བ་ལེགས་སྲུང་མཛད། །ཁྲོ་བོ་ཆེན་པོ་གནོད་སྦྱིན་ཆེ། །རྡོ་རྗེ་མཚམས་སྦྱོར་མཚམས་སྦྱོར་སེལ། །ཕྱག་འཚལ་སངས་རྒྱས་ཀུན་ཁྱོད་ལ། །དང་པོའི་རྣལ་འབྱོར་དབང་ཕྱུག་མཆོག་།ལེགས་སོ་རྡོར་ཅན་རྣལ་འབྱོར་ཆེ། །དེ་བཞིན་གཤེགས་པ་ཐམས་ཅད་དགེ་།སྙིང་པོའི་རྒྱན་ཞེས་མཚན་གསོལ་བ། །འདི་དག་ཐམས་ཅད་ལེགས་པར་གསུངས། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །ཡེ་ཤེས་སྙིང་པོ་ཤིན་ཏུ་མཛེས། །གསང་བ་ཆེན་པོ་མཆོག་ཏུ་གསང ། །སྦ་བྱ་ཤིན་ཏུ་རྙེད་དཀའ་བ། །ཤེས་རབ་ཕ་རོལ་ཕྱིན་པའི་མདོ། །བརྗོད་དུ་མེད་ཅིང་ཡི་གེ་བྲལ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་ཞེས་བྱ་བའི་རྟོག་པ་རྒྱས་པ་འདི་ཡོངས་སུ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་
103b
རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་དག་གིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་མ་ཐག་ཏུ་བཅོམ་ལྡན་འདས་མ་ཡང་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི་སྐད་ཅིག་ཉིད་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་རྡོ་རྗེ་ལ་ཞུགས་པར་གྱུར་ཏོ། །ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཤེས་རབ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གསལ་བར་མཛད་ཅིང་བརྟན་པར་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དེ་ལས་ཐོན་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་སྣང་བར་མཛད་ནས་སེམས་ཅན་ཐམས་ཅད་ཀྱིའང་ཤེས་རབ་དང་ཡེ་ཤེས་རྣམ་པར་སྦྱངས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བཀུག་ཅིང་རྗེས་སུ་མཉེས་པར་བྱས་ནས་ལེགས་པར་མཛད་ནས་རྣམ་པར་གནས་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལེགས་པར་ཡོངས་སུ་རྫོགས་པར་མཛད་ནས་མངོན་པར་དབང་བསྐུར་ཏེ་གཟི་བརྗིད་དང ། ཏོག་དང ། བཞད་པ་དང ། དེ་དག་ལ་ངེས་པར་སྦྱར་ཏེ་མཆོག་གི་དབང་ཕྱུག་ཆེན་པོ་ལས་རྡོ་
104a
༄#། །རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཆོས་རྟོགས་པ་ལ་ཡང་རབ་ཏུ་གནས་ནས་རྣོན་པོ་དང ། རྒྱུ་དང།་སྨྲ་བའི་སེམས་དཔའ་རྣམས་ལའང་ཐུགས་བརྟན་པར་མཛད་དེ་ཡོངས་སུ་དག་ནས་ཡང་པདྨོའི་སེམས་དཔའི་ཏིང་ངེ་འཛིན་ལ་རང་བཞིན་གྱིས་དག་པའི་དབང་ཕྱུག་ཆོས་ཉིད་གཞི་མེད་པ་ལ་སྦྱར་ནས་སྣ་ཚོགས་པའི་ལས་ཀྱི་བདག་པོས་ཀྱང་སེམས་ཅན་ཡོངས་སུ་སྨིན་ཅིང་སྲུང་བའི་ཁྲོ་བོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མཚམས་སྦྱོར་བ་རྣམས་སེམས་ཅན་གྱི་ཁམས་མཐའ་དག་ཡོངས་སུས་མིན་པ་དང ། བྱིན་གྱིས་བརླབས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་རྗེས་སུ་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ལ་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ེ་མ་ཧོ་ཟག་མེད་ཤེས་རབ་ནི། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །ཤེས་རབ་ཤིན་ཏུ་དྲི་མེད་སེམས་སེམས་དཔའི་ལུས་སུ་བདག་གྱུར་ཏོ། །དྲི་མེད་སངས་རྒྱས་ཐམས་ཅད་ཀྱི། །དངོས་དང་དངོས་མེད་རྣམ་དཔྱད་ན། །ེ་མ་ཧོ་ཆོས་ནི་བསམ་མེད་ཉིད། །བདག་གི་དབང་དུ་རྣམ་པར་གནས། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཐོན་ནས་བྱང་ཆུབ་སེམས་དཔའ་བཅུ་དྲུག་གི་ལུས་སུ་མངོན་པར་སྤྲུལ་
104b
ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཡོངས་སུ་བསྐོར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེ་འཁོར་ཀུན་ཏུ་ཉི་མའི་དཀྱིལ་དང ། འོད་ཀྱི་དཀྱིལ་འཁོར་དང ། བྱིན་གྱིས་བརླབས་པ་ཟླ་བའི་དཀྱིལ་འཁོར་ལ་འཁོད་པར་གྱུར་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྟན་པའི་ཆོས་ཀྱི་ཚིག་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ཡོངས་སུ་ཞུ་བར་སེམས་པ་ནི། ལེགས་སོ་ལེགས་སོ། །ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་བྱིན་གྱིས་བརླབས་ནས་སྔགས་ཀྱི་ཚིག་འདི་དག་བཀའ་སྩལ་པ། དྲན་པ་ཉེ་བར་གཞག་པ་བཞི་ནི། ནང་གི་ལུས་དང ། ཕྱིའི་ལུས་དང ། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང ། ཡིད་མེ་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ལུས་ལ་ཀུན་འབྱུང་བའི་རྗེ་སུ་ལྟ་ཞིང་རྣམ་
105a
༄#། །པར་སྤྱོད་དོ། །ལུས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་མི་གནས་པའི་རྣམ་པར་སྤྱོད་ཅིང་འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མེད་དོ།། ནང་གི་ཚོར་བ་དང ། ཕྱིའི་ཚོར་བ་དང ། ཕྱི་ནང་གི་ཚོར་བ་དང ། ནང་གི་སེམས་དང ། ཕྱིའི་སེམས་དང ། ཕྱི་ནང་གི་སེམས་དང ། ནང་གི་ཆོས་དང ། ཕྱིའི་ཆོས་དང ། ཕྱི་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང ། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། །ཆོས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་མི་གནས་པའི་རྣམ་པར་སྤྱོད་ཅིང་འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མེད་དོ། །རྟག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལུས་དང ། ངག་དང ། སེམས་དང ། ཆོས་མཉམ་པ་ཉིད་ཀྱིས་གནས་སོ། །ོཾ་ཀཱཾ་ཨོཾ་ཙ་ཏྭཱ་རི་སྨྲྀ་ཏྱུ་པ་པསྠཱ་ན་ན་ཧཱུཾ། ཡང་དག་པར་སྤོང་བ་བཞི་ནི། སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེ་པ་རྣམས་མི་སྐྱེད་པའི་ཕྱིར་མི་དམིགས་པའི་ཚུལ་གྱིས་འདུན་པ་བསྐྱེད་ཅིང་རྩོལ་ལོ། ། བརྩོན་འགྲུས་རྩོམ་མོ། །སེམས་ཀྱི་མཐུ་བསྐྱེད་དོ། །སྨོན་ལམ་ཡང་དག་པར་འདེབས་སོ། །སྡིག་ཏོ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་ལ་སོགས་
105b
པ་དང ། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དགེ་བའི་ཆོས་སྐྱེས་པ་རྣམས་འཕེལ་ཞིང་ཤིན་ཏུ་རྒྱས་པར་བྱ་བ་དང ། སྒོམ་པ་ཡོངས་སུ་རྫོགས་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །སྨོན་ལམ་ཡང་དག་པར་འདེབས་སོ། །ཆོས་ཐམས་ཅད་དོན་དམ་པར་ཚད་མེད་པར་རྟོགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་འདི་བཀའ་སྩལ་ཏོ། །ོཾ་སམྱཀ་པྲ་ཧཱ་ཎ་སརྦྦ་ཏ་ཐཱ་ག་ཏ་ས་མ་ཏ་ཨ་དྷིཥྛི་ཏེ་ཨཿ རཿ ཧཱུཾ། ཡང་དག་པར་སྤོང་བ་བརྗོད་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ།། རྫུ་འཕྲུལ་གྱི་རྐང་པ་བཞི་ནི། མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པར་བྱའོ། །སེམས་དང ། བརྩོན་འགྲུས་དང ། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པ་དང ། ཀུན་རྫོབ་ཀྱི་སྒོའི་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་དོ། །ཞེས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བས་བཀའ་སྩལ་ཏོ། །ོཾ་རི་དྷི་པཱ་ད་པཱ་ར་མི་ཏེ་ལ་བ་པ་ར་ཧཱུཾ་ཧཱུཾ། རྫུ་འཕྲུལ་གྱི་རྐང་པའི་
106a
༄#། །ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དབང་པོ་ལྔ་ནི། །དད་པའི་དབང་པོ་དང ། བརྩོན་འགྲུས་ཀྱི་དབང་པོ་དང ། དྲན་པའི་དབང་པོ་དང ། ཏིང་ངེ་འཛིན་གྱི་དབང་པོ་དང ། ཤེས་རབ་ཀྱི་དབང་པོའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་དབང་སྒྱུར་བས་སྤྲོས་པ་མེད་པའི་དབང་པོ་འདི་དག་བཀའ་སྩལ་ཏོ། །ོཾ་ཨིནྡྲི་ཡཱ་བ་བོ་དྷ་པྲ་ཛྙེ་ཨི་ཤེཉྫ་ནཱ་མ་ནྱ་ནཱ་ཡ་ག་ཏ་ཡ་ཨཱཿ ཧཱུཾ། དབང་པོ་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྟོབས་ལྔ་ནི། དད་པའི་སྟོབས་དང ། བརྩོན་འགྲུས་ཀྱི་སྟོབས་དང ། དྲན་པའི་སྟེབས་དང ། ཏིང་ངེ་འཛིན་གྱི་སྟོབས་དང ། ཤེས་རབ་ཀྱི་སྟོབས་སོ། །ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པ། སྟོབས་ཐམས་ཅད་རྟོགས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། གདོད་མ་ནས་དག་པས་འདི་བཀའ་སྩལ་པ། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་བ་ལ་ཨཿ ཧཱུཾ་ཧཱུཾ་བཿ ། སྟོབས་འཕེལ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆངས་པའི་གནས་པ་བཞི་ནི། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་པའོ། །ོཾ་བྲཧྨ་བི་ཧཱ་རཱ་དྷིཥྛཱ་ན་ཀཾ་མཾ་དྲུ་ཀྵཾ་ཧཱུཾ་ཏྲུཾ། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
106b
འདི་བཀའ་སྩལ་ཏོ། །ཚངས་པའི་གནས་པ་བྱིན་གྱིས་རློབ་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི། སྤོབས་པ་སོ་སོར་ཡང་དག་པར་རིག་པ་དང ། ངས་པའི་ཚིགས་སོ་སོ་ཡང་དག་པར་རིག་པ་དང ། དོན་སོ་སོ་ཡང་དག་པར་རིག་པ་དང ། ཆོས་སོ་སོ་ཡང་དག་པར་རིག་པའོ། །ཞེས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་དུ་སོ་སོ་ཡང་དག་པར་རིག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བཀའ་སྩལ་ཏོ། །ོཾ་པྲ་ཏི་སམྦི་དཿ སཝཧཱུཾ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །རྗེས་སུ་དྲན་པ་དྲུག་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་དང ། ཆོས་རྗེས་སུ་དྲན་པ་དང ། དགེ་འདུན་རྗེས་སུ་དྲན་པ་དང ། གཏོང་བ་རྗེས་སུ་དྲན་པ་དང ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང ། ལྷ་རྗེས་སུ་དྲན་པ་དང ། ཆོས་ཐམས་ཅད་གཅིག་ཏུ་རྗེས་སུ་དྲན་པ་ནི། ཆོས་ཐམས་ཅད་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །མཚན་ཉིད་དང་མཚན་ཉིད་མེད་པ་རྣམ་པར་དཔྱོད་པས་མཉམ་པ་ཉིད་ཀྱི་སྒོ་ཞེས་བྱ་བ་འདི་ཏིང་ངེ་འཛིན་ལ་དབང་སྒྱུར་བས་བཀའ་སྩལ་ཏོ། །ོཾ་སརྦ་ཨ་ནུ་སྨྲྀ་ཏི་བུདྡྷཾ་སཾ་པ་དཱ་དི་ཤི་ཧཱུཾ་ཧཱུཾ་ཧཱུཾ། རྗེས་སུ་དྲན་པ་དྲུག་གི་ཤེས་རབ་བོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་
107a
༄#། །དང ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ཡན་ལག་མཉམ་པ་ཉིད་སྐྱེ་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀའ་སྩལ་ཏོ། །ོཾ་སརྦ་ཏཱ་བོ་དྷྱཾ་ག་ས་མ་ཏཱ་སུ་པྲ་ཏིཥྛི་ཏེ་དྷུཾ་བཾ། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་རྟོག་པ་དང ། ཡང་དག་པའི་ངག་དང ། ཡང་དག་པའི་ལས་ཀྱི་མཐའ་དང ། ཡང་དག་པའི་འཚོ་བ་དང ། ཡང་དག་པའི་རྩོལ་བ་དང ། ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ལམ་ཟད་མི་ཤེས་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་འཇུག་པ་ལེགས་པར་སོ་སོར་རིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །ོཾ་ཨཱ་རྱ་ཥྚཱིཾ་ག་མརྒ་མཱ་ཊ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཏིང་ངེ་འཛིན་གསུམ་ནི། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའོ། །དེ་ལ་སྟོང་པ་ཉིད་
107b
ཀྱི་ཏིང་ངེ་འཛིན་གང་ཞེ་ན། སྟོང་པའི་རྣམ་པ་དང ། དབེན་པའི་རྣམ་པ་དང ། མེད་པའི་རྣམ་པ་དང ། རང་བཞིན་མེད་པའི་རྣམ་པ་ཐམས་ཅད་མཚན་ཉིད་གཅིག་ཏུ་རྟོགས་པ་སེམས་རྩི་གཅིག་པ་སྟེ། འདི་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བརྗོད་དོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། གང་ལ་མཚན་མར་མ་བྱེད་པ་དང ། འདོད་པ་མེད་པ་དང ། ཤེས་པ་མེད་པ་དང ། ཞི་བའི་རྣམ་པ་དང ། རྣམ་པར་བྲལ་བའི་རྣམ་པ་སེམས་རྩེ་གཅིག་པ་སྟེ། འདི་ནི། མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། མི་རྟག་པའི་རྣམ་པ་དང ། སྡུག་བསྔལ་བའི་རྣམ་པ་སེམས་རྩེ་གཅིག་པ་སྟེ། དེ་ནི། སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཆོས་ཐམས་ཅད་རྟོགས་ནས་སྨོན་པར་མི་བྱེད་དེ། ལྷ་འམ་ལྷ་ལས་གཞན་གང་ཡང་རུང་བ་དོན་དུ་མི་གཉེར་ཞིང་གསོལ་བ་འདེབས་པར་ཡང་མི་འདོད་པ་སྟེ། དངོས་པོ་ཐམས་ཅད་ལ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་ཡིས་ཀྱང་ངོ ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་ཏིང་ངེ་འཛིན་གྱི་སྒོ་གསུམ་ཉེ་བར་རྟོགས་པར་བྱའོ། །ོཾ་ཁ་ས་མཿ སརྦ་དྷརྨཱཿ ཁཾ། དེ་ལ་སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང ། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང ། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང ། དབང་པོ་མཆོག་དང་
108a
༄#། །མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང ། སྡུག་བསྔལ་འགོག་པ་སོ་སོར་མཁྱེན་པའི་སྟོབས་དང ། ཀུན་ནས་ཉོན་མོངས་པའི་གཞི་མཁྱེན་པའི་སྟོབས་དང ། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང ། མངེས་པར་ཤེས་པ་ལྔ་མཁྱེན་པའི་སྟོབས་དང ། ཟག་བ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་སོ་སོར་རྟོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ོཾ་ད་ཤ་བ་ལ་ས་མ་ཏཱ་ཐ། སྟོབས་བཅུ་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱི་གཟུགས་རྣམས་མཐོང་བ་འདི་ནི། རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི། རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི། རྣམ་པར་ཐར་པ་གསུམ་པའོ། །གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང ། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ། །ཞེས་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབ་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏ་རྣམ་པར་
108b
ཤེས་པ་མཐའ་ཡས་སོ། །ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་བར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མ་ཡོད་དོ། །ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་དྲུག་པའོ། །རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང ། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི། རྣམ་པར་ཐར་པ་བརྒྱད་པའོ། །ཆོས་ཐམས་ཅད་སྤྲོས་པ་མེད་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ། བསམ་གཏན་མེད་ཅིང་བསམ་གཏན་མེད་པ་མ་ཡིན་པ། སྙོམས་པར་འཇུག་པ་མེད་ཅིང་སྙོམས་པར་འཇུག་པ་མེད་པ་མ་ཡིན་པ་འདི་བཀའ་སྩལ་ཏོ། །ོཾ་སནྟ་བྷ་དྲེ་སརྦ་སཝ་བྷཱ་ཝ་བི་ཤུདྡྷེ་དྷཾ་ཥཾ་ཁཾ། གནས་དང་གནས་མ་ཡིན་པ་དང་བྲལ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མི་འཇིགས་པ་བཞི་གང་ཞེ་ན། བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་དམ་བཅས་ན་།ཆོས་འདི་རྣམས་
109a
༄#། །མངོན་པར་རྫོགས་པར་སངས་མ་རྒྱས་སོ། །ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་རྒྱུའི་ཚོགས་གཞན་ཅི་ཡང་རུང་སྟེ་འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་དེ་ལ་བདག་བདེ་བ་ཐོབ་པ་དང ། བག་ཚ་བ་མེད་པ་ཐོབ་པ་དང ། མི་འཇིགས་པ་ཐོབ་པ་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེངྒེའི་སྒྲ་སྒྲོག་གོ ། ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་རྒུའི་ཚོགས་གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་ཕ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །བདག་ཟག་པ་ཟད་དོ། །ཞེས་དམ་བཅས་ནས་དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ། །ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའི་ལྷའམ། བདུད་དམ། ཚངས་པའམ། སྐྱེ་རྒུའི་ཚོགས་གཞན་སུ་ཡང་རུང་སྟེ་འཇིག་རྟེན་ན་ཆོས་དང་མཐུན་པར་ཞེས་བྱ་བའི་བར་དུའོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆེས་སུ་བསྟན་པ་དེ་དག་ལ་བརྟེན་ན་བར་ཆད་ཀྱི་ཆོས་སུ་མི་འགྱུར་རོ། །ཞེས་བྱ་བ་རྒྱས་པར་སྦྱར་རོ། །གང་ཡང་བདག་གིས་ལམ་འཕགས་པའི་
109b
འབྱུང་བརྟོགས་པར་འགྱུར་བ་དེ་བྱེད་པས་སྡུག་བསྔལ་ཡང་དག་པར་འགྱུར་བར་བསྟན་པ་དེ་དག་ལ་ནན་ཏན་བྱས་ནས་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་མི་འབྱུང་ངོ་།། ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་རྒུའི་ཚོགས་སུ་ཡང་རུང་སྟེ་འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བ་ལ་སོགས་པ་ཇི་ལྟར་གྱུར་པ་ཐམས་ཅད་ཡོངས་སུ་སྤྲོས་ཏེ་བརྗོད་པར་བྱའོ། །མི་འཇིགས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་སྒྱུ་མའི་མཚན་ཉིད་དེ། ངར་འཛིན་པ་དང ། ང་ཡིར་འཛིན་པ་དང་བྲལ་བའི་ཕྱིར་རོ། །ོཾ་བཻ་ཤ་ར་བྱ་ས་མ་ཏཱ་བྲཔྟ་ཨ་ཨཱ་ཨཾ་ཨཿ ། མཐར་གྱིས་གནས་པའི་མཉམ་པ་ཉིད་ཀྱི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། འདོད་པས་དབེད་པ། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་སུ་གནས་
110a
༄#། །ཏེ་དྲན་པ་དང་ལྡན་ཞིང་ཤེས་བཞིན་ཅན་བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པའི་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་བའོ། །ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད། བཏང་སྙོམས་པ་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམས་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང ། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ། །ཞེས་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་གྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་དམ་པར་ཤེས་པ་མཐའ་ཡས་སོ། །ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མ་ཡོད་དོ། །ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་
110b
ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང ། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་པར་ཐར་པ་བརྒྱད་པོ་དང་མཉམ་པ་ཉིད་རྗེས་སུ་ཐོབ་ནས་དངོས་པོར་རྟོག་པར་མི་བྱེད། །དངོས་པོ་མེད་པར་རྟོགས་པ་མི་བྱེད། ཆོས་ཐམས་ཅད་གཉིས་སུ་མེད་པར་རྟོགས་སོ། །འདི་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཉམ་པ་ཉིད་དོ། །ོཾ་ཨ་ནནྟཿ ་བི་མོ་ཀྵུ་མུ་ཥེ་ཤུཾ། དངོས་པོ་ཐམས་ཅད་མཐར་གྱིས་གནས་པའི་རྣམ་པར་ཐར་པ་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། མི་མཉམ་པ་དང་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་དང ། སྤྲོས་པ་མེད་
111a
༄#། །པའི་ཕ་རོལ་ཏུ་ཕྱིན་པ་དང ། ཡང་དག་པའི་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དང ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དང ། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་དང ། རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་དང ། པདྨའི་ཕ་རོལ་ཏུ་ཕྱིན་པ་དང ། ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ།་བསྟན་པའི་རྗེས་སུ་རྟོགས་པའི་སྦྱོར་བས་སོ། །ོཾ་སརྦ་པཱ་ར་མི་ཏ་ཨརྠ་པ་རི་པཱུ་ར་ཎི། ཨོཾ་བྲཾ་ཧཱུཾ་ཏཾ། ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལས་བཅུ་པ་གང་ཞེ་ན། རབ་ཏུ་དགའ་བ་ཞེས་བྱ་བའི་ས་དང ། དྲི་མ་མེད་པ་ཞེས་བྱ་བའི་ས་དང ། འོད་བྱེད་པ་ཞེས་བྱ་བ་དང ། འོད་འཕྲོ་བ་ཞེས་བྱ་བ་དང ། སྦྱང་དཀའ་བ་ཞེས་བྱ་བ་དང ། མངོན་དུ་གྱུར་པ་ཞེས་བྱ་བ་དང ། རིང་དུ་སོང་བ་ཞེས་བྱ་བ་དང ། མི་གཡོ་བ་ཞེས་བྱ་བ་དང ། ལེགས་པའི་བློ་གྲོས་ཞེས་བྱ་བ་དང ། ཆོས་ཀྱི་སྤྲིན་ཞེས་བྱ་བ་དང ། ས་ཐམས་ཅད་དོན་གཅིག་སྟེ། འདི་ལྟར་ཡེ་ཤེས་ཀྱི་དོན་ཏོ། །ཡེ་ཤེས་ཀྱང་ཅི་ཡང་མེད་པ། ཉོན་མོངས་པ་མེད་པ། ཡི་གེ་མེད་པ། དོན་ཡོད་པ། གདོང་མ་ནས་དག་པ། དྲི་མ་མེད་པ། འོད་གསལ་བ། བརྗོད་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ོཾ་བྷུ་མི་བི་ཤོ་དྷ་ནི་སརྦཱ་རྠ་བ་རི་པཱུ་ར་ཎི་བཾ་བྷུཾ། ས་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་
111b
རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའི་གནས་པ་བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང ། གཞོན་ནུར་གྱུར་པ་དང ། ལས་དང་པོ་པ་དང ། རྣལ་འབྱོར་སྤྱོད་པ་དང ། སྐྱེ་བ་ནས་སྐྱེ་བར་སྦྱོར་བ་དང་ལྡན་པ་དང ། བསམ་པ་དང་ལྡན་པ་དང ། ཕྱིར་མི་ལྡོག་པ་དང ། དབང་བསྐུར་བ་ཐོབ་པ་དང ། སྐྱེ་བ་གཅིག་གིས་ཐོགས་པ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་གནས་པ་དང ། མི་གནས་པ་དོར་བ་སྟེ། དོན་དམ་པར་གནས་པ་གཅིག་ཡིན་པའི་ཕྱིར་ཏེ། འདི་ལྟར་གནས་པ་མེད་པའོ། །ོཾ་སརྦ་བྷྱ་བསྠཱ་ན་བི་ག་ཏེ་ཧཱུཾ།་རྣམ་པར་གནས་པ་མེད་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང ། ལས་ལ་དབང་བ་དང ། ཡོ་བྱད་ལ་དབང་བ་དང ། མོས་པ་ལ་དབང་བ་དང ། སྨོན་ལམ་ལ་དབང་བ་དང ། རྫུ་འཕྲུལ་ལ་དབང་བ་དང ། ཡེ་ཤེས་ལ་དབང་བ་དང ། ཆོས་ལ་དབང་བ་དང ། སེམས་ལ་དབང་བའོ། །དབང་བ་དང་མི་དབང་བ་རང་བཞིན་གྱིས་རྣམ་པར་གྲོལ་བ་ཐམས་ཅད་ལ་དབང་བ། དབང་ཕྱུག་ཐམས་ཅད་ལ་དབང་རྗེས་སུ་ཐོབ་པ། ཆོས་ཐམས་ཅད་དང་ལེགས་པར་རབ་ཏུ་ལྡན་པའི་ཕྱིར་རོ། ། ོཾ་སརྦ་བ་ཤི་ཏེ་ཏྲེཾ་ཧྲུཾ་ཧཱུཾ། ཐམས་ཅད་ལ་དབང་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་
112a
༄#། །ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །དགོངས་པ་ཉམས་པ་མི་མངའོ། །ཐུགས་མཉམ་པར་མ་བཞག་པ་མི་མངའོ། །འདུ་ཤེས་སྣ་ཚོགས་མི་མངའོ། །མ་བརྟགས་པའི་བཏང་སྙོམས་མི་མངའོ། །མོས་པ་ཡོངས་སུ་ཉམས་པ་མི་མངའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ། །དགོངས་པ་ཡོངས་སུ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའོ། །ཤེས་རབ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའོ། །འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ་།མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ་།ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ་།སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ ། །གསུང་གི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ ། །ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། ཡུལ་ཐམས་ཅད་དུ་དུས་ཐམས་ཅད་ཀྱི་ཚེ་ཐམས་ཅད་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་
112b
པ་སྟེ། སྟོང་པ་ཉིད་ལ་ཡང་དག་པར་རྗེས་སུ་རྟོགས་པ་ཉིད་ཀྱི་ཕྱིར་ན། ཤེས་རབ་ཡོངས་སུ་དག་པའོ། །ོཾ་ཨ་ཝེ་ཎི་ཀ་བུདྡྷ་དྷརྨ་ས་མ་ཏེ་ཨཿ ་བཱི་ར་ཧཱུཾ་ཁཾ། མ་འདྲེས་པ་མཉམ་པ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་ཅི་ཞེ་ན། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ་ཉིད་དེ། འདི་ཡི་ཕྱག་དང་ཞབས་ཀྱི་མཐིལ་དག་ལ་འཁོར་ལོ་རྩིབས་སྟོང་ཅན་ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཕྱག་དང་ཞབས་གྱི་མཐིལ་ལེགས་པར་གནས་པ་སྟེ། ཞབས་ཀྱི་མཐིལ་ཐམས་ཅད་ཀྱིས་ས་གཞི་ལ་རེག་ཅིང་དེ་ཡང་འདིའི་མཐོ་བ་ནི། དམའ་བ་དང ། དམའ་བ་ནི། མཐོ་བའོ། །ཕྱག་དང་ཞབས་ཀྱི་སོར་མོ་དང་པའི་རྒྱལ་པོ་ལྟ་བུ་དྲ་བས་འབྲེལ་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་དག་དང་ཞབས་དེ་དག་གསེར་གྱི་མདོག་ཅན་གྱི་རི་མོའི་ཕྲེང་བ་རྣམས་ཀྱིས་རྐང་པ་བརྒྱད་པ་བཞིན་དུ་མཛེས་པའོ། །ཕྱག་དང་ཞབས་འཇམ་ཞིང་གཞན་ཤ་ཆགས་པ་ཉིད་དེ། བཅོམ་ལྡན་འདས་འདིའི་ཕྱག་དང་ཞབས་དག་རས་བལ་འཇམ་པོ་བཞིན་དང་སྐྱེས་ནས་ཟླ་བ་ལོན་པའི་བྱིས་པ་བཞིན་དུ་གཞོན་ཤ་ཅན་དང ། ཀཱ་ཙ་ལིན་ད་ལྟར་འཇམ་པ། རེག་ན་བདེ་བའོ། །བདུན་མཐོ་བར་གྱུར་ཏེ་ཕྱག་གཉིས་དག་དང ། ཞབས་གཉིས་དག་དང །
113a
༄#། །ཕྲག་གོང་དག་དང ། མགྲིན་པའི་ཕྱོགས་གཅིག་གོ་།སོར་མོ་རིང་བ་སྟེ། འདི་ཡི་ཞབས་ཀྱི་སོར་མོ་རྣམས་རིམ་གྱིས་རིང་བ་ཉིད་དོ། །རྟིངས་པ་ཡངས་པ་སྟེ། འདིའི་རྟིང་བ་ཆེ་ཞིང་ཞབས་ཀྱི་རྗེས་སུ་འཚམ་པར་ཡངས་པར་འགྱུར་རོ། །སྐུ་ཆེ་ཞིང་དྲང་བ་ཉིད་དེ། འཕྱེ་བོ་མ་ཡིན་ཞིང ། ཞོམ་པ་མ་ཡིན། མ་ཚང་བ་མ་ཡིན། འཐས་པ་མ་ཡིན།་ལེགས་པར་སྐྱེས་པ། རྣམ་པ་ཐམས་ཅད་པ། བདུན་དང་ལྡན་པའི་སྐུ་སྟེ། མཐོ་བ་འདིའི་སྲིད་དང་རྗེས་སུ་འཚམ་པའི་ཞིང་དུ་འགྱུར་རོ། །ཞབས་འབུར་མི་མངོན་པ་ཉིད་དེ།་འདིའི་པུས་མོ་དང་ལོང་བུ་མཐོ་བར་འགྱུར་རོ། །བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་པ་སྟེ། འདིའི་བ་སྤུ་རྣམས་རྩེ་མོ་གྱེན་དུ་ཕྱོགས་བར་འགྱུར་ཞིང ། བ་སྤུ་རྣམས་གཡས་ཕྱོགས་སུ་འཁྱིལ་ལ་འཁོར་བ་མིག་སྨན་གྱི་མདོག་ཅན་རྣམས་ཏེ། དེ་རྣམས་ཀྱིས་གསེར་གྱི་མདོག་ཅན་གྱི་སྐུ་མངོན་པར་གསལ་བར་བྱེད་དོ། །བྱིན་པ་རི་དྭགས་ཨེ་ན་ཡའི་ལྟ་བུ་སྟེ།་བཅོམ་ལྡན་འདས་ཀྱི་བྱིན་པ་དག་ཟླུམ་པ་རི་དྭགས་ཨེ་ན་ཡ་རྣམས་ཀྱི་ལྟ་བུའོ། །ཕྱག་རིང་ཞིང་མཛེས་པ་སྟེ། རྒྱས་ཤིང་མ་བཏུད་པ་ཉིད་དུ་ཕྱག་མཐིལ་དག་གིས་རང་གི་པུས་མོའི་ལྷ་ང་ལ་རེག་པའོ། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། སྤུབས་ཀྱིས་རབ་ཏུ་གཡོགས་པ་གླང་པོ་ཆེའི་གསང་གནས་ལྟ་བུར་འགྱུར་རོ། །སྐུ་མདོག་གསེར་
113b
འདྲ་བ་སྟེ། འདིའི་ཁ་དོག་གསེར་ལྟ་བུར་འགྱུར་རོ། །པགས་པ་སྲབ་པ་སྟེ། ཤིན་ཏུ་འཇམ་པ་གསེར་ཤོག་ལྟར་འཇམ་པའི་པགས་པ་ཅན་དུ་འགྱུར་ཞིང་རྡུལ་མེད་པའི་ན་བཟའ་འཛིན་པའོ། །སྤུ་རེ་རེ་ནས་སྐྱེས་པ་སྟེ། འདིའི་བ་སྤུའི་ཁུང་བུར་སྤུ་རྣམས་རེ་རེར་འགྱུར་རོ། །སྨིན་མའི་དབུས་ན་མཛོད་བུ་ཅན་ཏེ། འདིའི་སྨིན་མ་དག་གི་དབུས་ན་རས་སྐུད་ལེགས་པ་ལྟ་བུ་དུང་བཅག་པའི་མདོག་ཅན་གཡས་ཕྱོགས་སུ་འཁྱིལ་བར་འགྱུར་ཏེ། མཛོད་སྤུ་ཉིད་གྱིས་ཞལ་གསེར་གྱི་ཁ་དོག་ལྟ་བུ་ཤིན་ཏུ་གསལ་བར་བྱེད་དོ། །སྐུ་སྟོད་སེངྒེ་ལྟ་བུ་སྟེ། འདི་ཡི་སྐུ་སྟོད་དུ་ཡངས་པ་སེངྒེའི་ལྟ་བུར་འགྱུར་རོ། །དཔུང་མགོ་ཟླུམ་པ་སྟེ། ཡོངས་སུ་ཟླུམ་པའི་མགྲིན་པ་ཅན་དུ་འགྱུར་རོ། །ཐལ་གོང་རྒྱས་པ་སྟེ། འདིའི་ཉེ་བར་རྒྱས་པར་འགྱུར་ཞིང་གསེར་ཤོག་བཞིན་དུ་རྣམ་པར་གསལ་བའི་མགྲིན་པ་ཅན་ནོ། །ཡན་ལག་སོ་སོ་རྣམས་སུ་རོ་རྣམས་མྱོང་བར་བྱེད་དོ། །ཞེས་པས་ན། རོ་བྲོ་བའི་མཆོག་དང་ལྡན་པ་ཉིད་དོ། རྩ་རྣམས་ཡིན་ལ། དེ་རྣམས་ཀྱི་མཆོག་ཏུ་རླུང་དང ། མཁྲིས་པ་དང ། བད་ཀན་ལ་སོགས་བ་རྣམས་ཀྱིས་མ་དཀྲུགས་པ་ཉིད་ཀྱི་ཕྱིར་ཡང་དག་པར་གསལ་བའོ། །ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྐྱེས་བུ་ཆེན་པོའི་ཆུ་དང་ཞེང་དག་མཉམ་པའོ། །དབུ་གཙུག་ཏོར་དང་ལྡན་པ་སྟེ། དབུ་ཟླུམ་པར་འགྱུར་ཞིང་གཙུག་ཏོར་གདུགས་ལྟ་བུས་ཡས་བཀག་པ་གཙུག་
114a
༄#། །ཏོར་ཡང་ཤིན་ཏུ་མཐོ་བའོ། །ལྗགས་རིང་བ་སྟེ། སྙན་གྱི་མཐའི་བར་དུ་ལྗགས་ཀྱི་རྩེ་མས་རེག་པར་བྱེད་ཅིང ། དབུ་སྐྲའི་མཐར་ཐུག་པར་ཡང་དཔྲལ་བའི་མཐར་ལྗགས་ཀྱིས་ཁེབས་པའོ། །ཚངས་པའི་དབྱངས་ཏེ། འཁོར་སྟོང་ཕྲག་དུ་མར་དབྱངས་ནང་དུ་ཇི་ལྟ་བ་དེ་ལྟར་ཕྱི་རོལ་དུའང་ཐོས་ཤིང ། བྱ་ཀ་ལ་པིངྐའི་བཞིན་དུ་སྙན་པ་ཉིད་དུ་འགྱུར་རོ། །འགྲམ་པ་སེངྒེ་ལྟ་བུ་སྟེ། འགྲམ་པ་དག་སེངྒེའི་བཞིན་དུ་ཟླུམ་པོར་འགྱུར་རོ། །ཚེམས་དཀར་བ་སྟེ། དུང་དང ། ཀུན་ད་དང ། ཟླ་བའི་ཁ་དོག་ཅན་གྱི་ཚེམས་རྣམས་སོ། ། ཚེམས་མཉམ་པ་སྟེ། ཧ་ཅང་དམའ་བ་མ་ཡིན། མཐོ་བ་མ་ཡིན། མི་མཉམ་པ་མ་ཡིན་པའི་རྩེ་མོ་ཅན་གྱི་ཆོས་རྣམས་སུ་འགྱུར་རོ། །ཚེམས་ཐགས་བཟང་བ་སྟེ། ཚེམས་རྣམ་པར་མེད་པའོ། །ཚེམས་བཞི་བཅུ་མངའ་བ་སྟེ། ཚེམས་འོག་ཏུ་ཉི་ཤུ་དང ། སྟེང་དུ་ཚེམས་ཉི་ཤུའོ། །སྤྱན་མཐོན་མཐིང་སྟེ། སྤྱན་དག་གི་སྔོན་པོ་གང་ཡིན་པ་དེ་ཤིན་ཏུ་རྣམ་པར་དག་པར་འགྱུར་ཏེ། རི་མོ་དམར་མོ་རྣམས་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་ལ། གང་དཀར་པོ་ཡིན་པ་དེ་དཀར་པོ་ཁོ་ན་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །རྫི་མ་བའི་ལྟ་བུ་སྟེ། སྤྱན་གྱི་རྫི་མ་རྣམས་ཁྱུ་མཆོག་གི་བཞིན་དུ་གང་འོག་མ་ཡིན་པ་དེ་རྣམས་འོག་ཁོ་ན་དང ། གང་སྟེང་མ་ཡིན་པ་དེ་རྣམས་སྟེང་ཁོ་ནར་གནས་པ། མ་འཛིངས་པ། ལེགས་པར་གཞོལ་
114b
པའོ། །སེམས་ཅན་འགའ་ཞིག་རྣམས་ཀྱིས་དེ་བཞིན་གཤེགས་པ་གསེར་གྱི་མདོག་ཅན་དུ་མཐོང་བ། འགའ་ཞིག་རྣམས་ཀྱིས་ཤེལ་གྱི་མདོག་ཅན་དུ་མཐོང་བ། འགའ་ཞིག་རྣམས་ཀྱིས་པདྨ་རཱ་གའི་ཁ་དོག་དང ། འགའ་ཞིག་རྣམས་ཀྱིས་ཨིནྡྲ་ནི་ལའི་ཁ་དོག་ཅན་དང ། འགའ་ཞིག་རྣམས་ཀྱིས་མུ་ཏིག་དམར་པོའི་ཁ་དོག་ཅན་དང ། འགའ་ཞིག་རྣམས་ཀྱིས་དུང་དང་ཀུན་ད་དང་ཟླ་བ་ལྟར་དཀར་བ་དང ། འགའ་ཞིག་གིས་ཁ་དོག་སྣ་ཚོགས་པ་དང ། འགའ་ཞིག་གིས་ནམ་མཁའི་ཁ་དོག་ཅན་དང ། འགའ་ཞིག་གིས་ཁྲུ་ཕྱེད་དང་བཅུ་གསུམ་པའི་ཚད་དང ། ཇི་སྲིད་དུ་དཔག་ཚད་འབུམ་གྱི་ཚད་དམ། དཔག་ཚད་བྱེ་བའི་ཚད་དང ། ཇི་སྲིད་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་མཐའ་ཡས་པ་རྣམས་སུ་སྣང་བར་མཛད་པའི་འོད་ཀྱི་དཀྱིལ་འཁོར་ཅན་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བས་ཡོངས་སུ་རྒྱས་པར་མཛད་པ་དང ། ཇི་སྲིད་དུ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱ་མཚོ་རྣམས་སྣང་བར་བྱེད་ཅིང ། ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པའི་བར་དུ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་གདུལ་བྱའི་དབང་ལས་ཐམས་ཅད་སྣང་བར་བྱེད་ཅིང་འཇིག་རྟེན་གྱི་ཁམས་ཐམས་ཅད་དབྱངས་ཀྱིས་རྣམ་པར་རིག་པར་མཛད་པ་དང ། སྟོང་གཉིས་དང ། གསུམ་དང ། ཇི་སྲིད་ནམ་མཁའི་མཐར་ཐུག་པའི་བར་
115a
༄#། །ཐམས་ཅད་འོད་དང ། དབྱངས་ཀྱིས་སྣང་བར་བྱས་ནས་རྣམ་པར་རིག་པར་མཛད་པ་དང ། ཆོས་དང ། ཟང་ཟིང་དང ། དོན་མཐུན་པ་དང ། དོན་བྱ་བའི་བསྡུ་བའི་དངོས་པོ་བཞི་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་འདོགས་ཤིང ། ཕན་བཏགས་ནས་བྱང་ཆུབ་ཆེན་པོ་ལ་རབ་ཏུ་དགོད་པར་མཛད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཉམ་པ་ཉིད་ཀྱིས་ཆོས་རྣམས་ཐམས་ཅད་མཉམ་ཞིང་མཉམ་པ་སྟེ། ལྷ་རྣམས་ཀྱི་མཚན་མངོན་པར་འགྲུབ་པར་བལྟ་བར་བྱ་བའི་མཚན་མ་ཡིན་པ་མངོན་པར་འགྲུབ་པ་ནི། མ་ཡིན་ནོ། །བྱང་ཆུབ་མཚན་ཉིད་མེད་པ་ཉིད་ཀྱི་ཕྱིར་ཆོས་རྣམས་ཐམས་ཅད་མཚན་ཉིད་མེད་པ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ནོ། །ལྷ་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཉམ་པའོ། །ལྷ་ཐམས་ཅད་དང ། བྱང་ཆུབ་དང ། ཆོས་རྣམས་ཐམས་ཅད་ཀྱང་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། ནམ་མཁའི་མཚན་ཉིད་ཅན། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན། ཞི་བའི་མཚན་ཉིད་ཅན་རྣམས་སོ། །ོཾ་སརྦྦ་ཏ་ཐཱ་ག་ཏཱ་བ་ར་ལཀྵ་ན་ས་མ་ཏཱ་དྷརྨཱ་ཏེ་ཨཱཾ། མཚན་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དཔེ་བྱད་བརྒྱད་ཅུ་རྣམས་ཅི་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སེན་མོ་ཟངས་ཀྱི་མདོག་ལྟ་བུར་འགྱུར་ཏེ། སེན་མོ་སྣུམ་པ་དང ། སེན་
115b
མོ་མཐོ་བ་དང ། སོར་མོ་རྣམས་ཟླུམ་པར་འགྱུར་བ་དང ། སོར་མོ་རྣམས་རིམ་གྱིས་ཕྲ་བ་དང ། སོར་མོ་རྣམས་རྒྱས་པ་དང ། རྩ་མི་མངོན་པ་དང ། རྩ་རྣམས་མདུད་པ་མེད་པ་དང ། ལོང་བུ་མི་མངོན་པ་དང ། ཞབས་མི་མཉམ་པ་མེད་པར་མཚུངས་པ་དང ། གླང་པོ་ཆེའི་སྟབས་སུ་གཤེགས་པ་དང ། སེངྒེའི་སྟབས་སུ་གཤེགས་པ་དང ། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དང ། དྲང་པོར་གཤེགས་པ་དང ། མཛེས་པར་གཤེགས་པ་དང ། རིམ་གྱིས་གཤེགས་པ་དང ། ཆེ་ཞིང་ཡངས་ལ་ཡོངས་སུ་གྱུར་པའི་པུས་མོའི་ལྷ་ང་ཅན་དང ། མཚན་ཡོངས་སུ་རྫོགས་པ་དང ། གོམ་པ་སྙོམས་པ་དང ། སྐུ་རྣམ་པར་དག་པ་དང ། སྐུ་འཇམ་པ་དང ། སྐུ་རྣམ་པར་དང་བ་དང ། སྐུ་ཞུམ་པ་མེད་པ་དང ། སྐུ་སྒྲུ་བ་མེད་པ་དང ། ཀུན་ཏུ་སྤྱོད་པ་གཙང་བ་དང ། ཁྱུ་མཆོག་ལྟར་ཀུན་ནས་རབ་ཏུ་དང་བ་ཅན་དང ། གཟིགས་པ་ཡོངས་སུ་དག་ཅིང་མངོན་པར་འདོད་པ་ལ་མཉམ་པའི་འོད་ཅན་དང ། སྐུ་ཟླུམ་པ་དང ། སྐུ་སྐབས་ཕྱིན་པ་དང ། སྐུ་མ་རྙོངས་པ་དང ། སྐུ་སྐད་གཞུའི་ལག་བཅགས་ལྟ་བུ་དང ། ལྟེ་བ་ཟབ་པ་དང ། ལྟེ་བ་མི་ཡོ་བ་དང ། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་དང ། ལྟེ་བ་ཐོགས་པ་མེད་པ་དང ། ཡན་ལག་དང ། ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་དང ། པགས་པ་སྐྱོན་དང་བྲལ་བ་དང ། གནག་བག་དང ། སྨེ་བ་མེད་པ་དང ། སྐུ་བརྟན་པ་དང ། ཕྱག་ཤིང་བ་
116a
༄#། །ལྟ་བུ་དང ། ཕྱག་ཡངས་པ་དང ། ཕྱག་གི་རི་མོ་སྣུམ་པ་དང ། ཕྱག་གི་རི་མོ་མི་ཡོ་བ་དང ། མཆུ་བིམ་པ་ལྟ་བུ་དང ། ཞལ་ཧ་ཅང་མི་རིང་བ་དང ། མཉེན་ཞིང་སྲབ་ལ་དམར་བའི་ལྗགས་དང ། གླང་པོ་ཆེའི་ང་རོ་ཅན་དང ། སྙན་ཅིང་མཉེན་པའི་དབྱངས་དང ། སྒྲ་ཕུན་སུམ་ཚོགས་པ་དང ། དབྱངས་འཇམ་པ་དང ། ཤངས་མཐོ་བ་དང ། མཆེ་བ་ཟླུམ་པ་དང ། མཆེ་བ་དཀར་བ་དང ། མཆེ་བ་བྱིན་གྱིས་ཕྲ་བ་དང ། སྤྱན་གཙང་བ་དང ། སྤྱན་ཡངས་པ་དང ། སྤྱན་མཐོན་མཐིང་དང ། རྫི་མ་ནག་པ་དང ། སྨིན་མ་སྡུག་པ་དང ། སྨིན་མ་འཇམ་པ་དང ། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་དང ། སྨིན་ཚུགས་རིང་བ་དང ། སྨིན་མའི་སྤུ་ནག་པ་དང ། སྨིན་མའི་སྤུ་ཕྲ་བ་དང ། སྨིན་མ་རྗེས་སུ་མཐུན་པ་དང ། ཁ་དོག་མ་ཉམས་པ་དང ། སྙན་མི་མཉམ་པ་མེད་པ་དང ། སྙན་སྐྱོན་དང་བྲལ་བ་དང ། དབང་པོ་ཐམས་ཅད་མ་ཉམས་ཞིང་སྐྱོན་དང་བྲལ་བ་དང ། ཡོངས་སུ་རྫོགས་ཤིང་མཐོ་ལ་མཆོག་ཏུ་གནས་པའི་ཞལ་གདོང་དང་དཔྲལ་བ་ཅན་དང ། དབུ་ཤིན་ཏུ་རྒྱས་པ་དང ། དབུ་སྐྲ་ནག་པ་དང ། དབུ་སྐྲ་སྟུག་པ་དང ། དབུ་སྐྲ་འཇམ་པ་དང ། དབུ་སྐྲ་དྲི་ཞིམ་པ་དང ། དབུ་སྐྲ་མཉམ་པ་དང ། དབུ་སྐྲ་སྣུམ་པ་དང ། དབུ་སྐྲ་མ་འཁུམས་པ་དང ། དབུ་སྐྲ་མ་འཁྲུགས་པ་དང ། དཔལ་བེའུ་དང ། བཀྲ་ཤིས་དང ། གཡུང་དྲུང་འཁྱིལ་བས་
116b
བརྒྱན་པ་དང ། རྒྱལ་མཚན་ཡང་དག་པར་གནས་པ་དང ། དཔྲལ་བ་དུང་ལྟ་བུ་དང ། དབུ་མཆོག་ཏུ་མཐོ་བ་དང ། གཙུག་ཏོར་ཡར་འཕགས་པ་དང ། དབུ་གདུགས་ཀྱི་རྣམ་པ་ཅན་དང ། ཀུན་ནས་མཛེས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཚད་མེད་པའི་དཔེ་བྱད་ཅན་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ་གསལ་བྱེད་དང་གསལ་བྱེད་མ་ཡིན་པས་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ། ཆོས་ཐམས་ཅད་གསལ་བྱེད་མེད་པར་མཉམ་པ་ཉིད་ལ་རབ་ཏུ་ལེགས་པར་གནས་པ། མཚན་དང་དཔེ་བྱད་ཐམས་ཅད་སྒྱ་མའི་ཆོས་དང་ལྡན་པ་ལ་ལེགས་པར་རབ་ཏུ་གནས་པ། དུས་གསུམ་གྱི་དཔེ་བྱད་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་མཉམ་པ་ཉིད་ཐོབ་པ། སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་དང ། དཔེ་བྱད་མཉམ་པ་ཉིད་ཐོབ་པ། གཉིས་སུ་མེད་པའི་དོན་ལ་ལེགས་པར་ཡང་དག་པར་ཞུགས་པ་རྣམས་སོ། །ཞེས་པའོ། །ོཾ་ཨ་ནུ་པྱཉྫ་ན་ས་མ་ཏཱ་སུ་པྲ་ཏིཥྛ་ཏི་བཛྲ་ཛྙཱ་ན་ཧཱུཾ་ལཾ་ཨཾ། དཔེ་བྱད་མཉམ་པ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་པར་གྱུར་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཅན་ལ་ལེགས་སོ། །ཞེས་བྱ་བ་རྣམས་ཀྱིས་མཉེས་པར་མཛད་དོ། །ོཾ་བྱང་ཆུབ་སེམས་ཆེན་ཁྱོད་ལེགས་སོ། །སངས་རྒྱས་ཀུན་གྱི་བདག་ཉིད་མཆོག །
117a
༄#། །སངས་རྒྱས་ཆོས་ཆེན་ཁྱོད་ལེགས་སོ། །ཚད་མེད་ཆེད་དུ་ཁྱོད་ལེགས་སོ། །ཤེས་རབ་དམ་པའི་ཆེད་དུ་ཡང ། །མདོ་སྡེ་འདི་ནི་ལེགས་པར་བཤད། །སངས་རྒྱས་སྔ་མས་མ་གསུངས་པའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཆེན་པོས་ལྷ་རྣམས་ཐམས་ཅད་ལ་ཕྱག་འཚལ་བ་བཞིས་མངོན་པར་དགྱེས་པར་མཛད་དོ། །སངས་རྒྱས་ཀུན་ཁྱོད་ལ་ཕྱག་འཚལ། །ཆོས་ཀྱི་སྐུ་ཡི་མཆོག་གི་མཆོག་།གདོད་མའི་སྔགས་ཀྱི་དོན་ཉིད་ལ། །རྡོ་རྗེ་ཡེ་ཤེས་སྟོབས་ཆེན་ལ། །ཤིན་ཏུ་སྒྲིབ་མེད་ཞི་བ་ལ།། རྡོ་རྗེ་ཆོས་རྣམས་ལེགས་གནས་པ། །ཐེག་པ་ཆེན་པོའི་གོ་འཕང་ཐོབ། །ཐུགས་རྗེའི་བདག་ཉིད་ཅན་གྱི་ལྷ། །གདོད་ནས་དག་པ་དཔའ་བོ་ཆེ། །དབང་ཕྱུག་དམ་པ་མཆོག་གི་མཆོག་།དམ་ཆོས་མཆོག་ཏུ་འགྱུར་བ་མེད། །བདེ་གཤེགས་དེ་རྣམས་ལ་ཕྱག་འཚལ། །ཅེས་པའོ། །ན་མོ་སྟུ་ཏེ། ཨོཾ་མཱཾ་ཧཱུཾ་ཧཱུཾ་ན་མོ་སྟུ་ཏེ་སཝཱཧཱ། འདི་ནི་བརྗོད་པ་ཙམ་ཞིག་གིས། །སངས་རྒྱས་ཐམས་ཅད་རབ་མཆོད་པའོ། །ཞེས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་བོས་ནས་འདི་སྐད་ཅས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་བསྐྱེད་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་
117b
འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་སླར་ཡང་འདུས་པར་མཛད་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས།་ཁྱོད་ཉིད་ཀྱི་རིགས་ཐམས་ཅད་ཀྱི་འཁོར་ལོ་བསྐྱེད་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་གསོལ་བ་བཏབ་པའི་གསུང་གི་དེ་མ་ཐག་ཁོ་ནར་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བོས་ཏེ་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ཉོན་ཅིག་ཅེས་ཏེ། དེ་ནས་འདི་ལས་ཡང་དག་བཤད། །བྱང་ཆུབ་དཀྱིལ་འཁོར་བླ་ན་མེད། །རྡོ་རྗེ་ཡེ་ཤེས་གསང་བ་མཆོག་།སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱིའོ། །དབེན་པའི་ས་གཞི་ཉམས་དགའ་བ། ། མེ་ཏོག་ཕྲེང་བས་རྣམ་བརྒྱན་པ། །ཀུན་ཏུ་སྣ་ཚོགས་ཆ་བཟང་བ། །ཀུན་ཏུ་སྣ་ཚོགས་སྡོམ་པར་ནི། །ཀུན་ནས་སྣ་ཚོགས་བྱ་བ་རྣམས། །དམ་པའི་དོན་དུ་བསྒྲུབ་པར་བྱ། །རི་ཡི་མཆོག་གམ་གྲོང་ཁྱེར་ནི། །མེ་ཏོག་འབྲས་བུས་རྣམ་བརྒྱན་པ། །དེར་གནས་སྔགས་པས་དངོས་གྲུབ་མཆོག་།གལ་ཏེ་འདོད་ན་ཡང་དག་བྲི། །གཙུག་ལག་ཁང་དང་དགོན་པའི་གནས། །རི་སྟེང་རྣམས་སུ་ཀུན་ནས་ནི། །སངས་རྒྱས་ཀུན་གྱི་བྱ་བ་རྣམས། །དམ་པའི་དོན་དུ་བསྒྲུབ་པར་བྱ། །མ་མོའི་གནས་དང་ཞི་བའི་གནས། །དུར་ཁྲོད་ལྷ་ཡི་གནས་སུ་
118a
༄#། །ནི། །རྡོ་རྗེ་འཛིན་དཔལ་བྱ་བ་རྣམས། །དོན་དམ་པར་ནི་བསྒྲུབ་པར་བྱ། །པདྨའི་སྐྱེད་མོས་ཚལ་ཀུན་དང ། །ཆུ་བོ་འདུས་པ་རྣམས་སུ་ཡང ། །ཕྱག་ན་པདྨ་དཔལ་བྱ་བ། །དམ་པའི་དོན་དུ་བསྒྲུབ་པར་བྱ། །རྒྱལ་པོའི་ཕོ་བྲང་ཉམས་དགའ་བ། །རྒྱལ་པོའི་སྐྱེད་ཚལ་རྣམས་སུ་ནི། །རྡོ་རྗེ་རིན་ཆེན་དེ་ཡི་ནི། །རིན་ཆེན་བྱ་བ་རྣམས་བསྒྲུབ་བྱ། ། རྟགས་གཅིག་པ་དང་བ་ལང་གནས། །ཆུ་ཀླུང་འདུས་པ་རྣམས་སུ་ཡང ། །སྣ་ཚོགས་བྱ་བ་ཐམས་ཅད་རྣམས། །དམ་པའི་དོན་དུ་བསྒྲུབ་པར་བྱ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་དང ། །ལྷ་རྣམས་གནས་མཆོག་ཀུན་ཏུའོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །གང་དུ་མཉམ་པར་བཞག་པ་དེར། །རྟག་པ་བསོད་ནམས་མཆོག་གྱུར་པ། །བྱ་བ་ཐམས་ཅད་བསྒྲུབ་པར་བྱ། །ཕྱོགས་ཀུན་མཉམ་ཉིད་གནས་དཀྱིལ་འཁོར། །ཤེས་རབ་ཅན་གྱིས་ཐིག་གདབ་བྱ། །ཤར་ལྷོ་ནུབ་དང་བྱང་རྣམས་ཀྱིས། །ཕྱོགས་སུ་དཀྱིལ་འཁོར་ཐིག་བརྒྱད་པའོ། །དེ་ཡི་ཕྱི་རུ་འཁོར་ལོ་ནི། །ཁ་དོག་ལྔ་པ་ཆེར་འབར་བའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་མཛེས་པ་སྟེ། །སྣ་ཚོགས་གོས་དང་མེ་ཏོག་ཕྲེང ། །རྔ་ཡབ་སོགས་ཀྱིས་རྣམ་བརྒྱན་པ། །དཀྱིལ་འཁོར་ཀུན་ལ་གནས་པ་ཡི། །སྒོ་ནང་སྒོ་ཁྱུད་མཚམས་རྣམས་སུའོ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །དཀྱིལ་
118b
འཁོར་ཐམས་ཅད་བྲི་བར་བྱ། །དཀྱིལ་འཁོར་དེ་ཡི་དཀྱུས་སུ་ནི། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཟླ་བའི་དཀྱིལ་འཁོར་ལ་གནས་པར། །སངས་རྒྱས་གཟུགས་བརྙན་བྲི་བར་བྱ། །ཤར་དུ་བཅོམ་ལྡན་འཁོར་ལོ་བྱ། །རྡོ་རྗེ་སེམས་དཔའ་ཡང་དག་ལྡན། །འཁོར་ལོས་བསྒྱུར་བ་ཐམས་ཅད་ནི། །སྒེག་བར་བཅས་པ་ཀུན་བྲི་བྱ། །ལྷོ་རུ་གཙུག་ཏོར་དཀར་པོ་ནི། །རིན་ཆེན་འབར་བ་ཡང་དག་ལྡན། །གཙུག་ཏོར་དཀར་པོའི་ངོས་སུ་ནི། །རྡོ་རྗེ་གཟི་བརྗིད་ལ་སོགས་བྲི། །བྱང་དུ་བརྩོན་འགྲུས་ཆེན་པོ་ནི། །གཟི་བརྗིད་ཕུང་པོ་སྟོབས་པོ་ཆེ། །སྣ་ཚོགས་རྡོ་རྗེ་སོགས་བཅས་པ། །རིམ་པས་ཀུན་ནས་བྲི་བར་བྱ། །རྡོ་རྗེ་རྣལ་འབྱོར་ཅན་གྱི་ནི། །དབང་ཕྱུག་མགོན་པོའི་ནུབ་ཕྱོགས་སུ། །གཙུག་ཏོར་རྒྱལ་བ་བརྩོན་འགྲུས་ཆེ། །རྡོ་རྗེ་ཆོས་སོགས་དང་བཅས་བ། ། ཐམས་ཅད་སྔགས་པས་བྲི་བར་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དབང་ལྡན་ཕྱོགས་སུ་འཕགས་པ་གནས། །མེ་མཚམས་སུ་ནི་ཆེར་འཕགས་སོ། །བདེན་བྲལ་དུ་ནི་རྣམ་རྒྱལ་ཉིད། །རླུང་དུ་དེ་བཞིན་རྣམ་འཕྲོ་བའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །སེམས་དཔའ་ཀུན་གྱི་མདུན་དུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །གསལ་ཞིང་འབར་འཁྲིགས་འོད་ཟེར་ཅན། །མཁས་པས་དཀྱིལ་འཁོར་རྣམས་སུ་ནི། །མཆོད་པ་རྣམས་ནི་བཞག་བྱས་ཏེ། །སྒེག་མོ་ལ་སོགས་མཆོད་པ་ཆེ། །དེ་བཞིན་གཟུགས་སྒྲ་ལ་སོགས་
119a
༄#། །དང ། །བདུག་པ་ལ་སོགས་གསང་ཆེན་པོ། །སྒོ་སྐྱོང་བ་ནི་བཞི་ཡིན་ཏེ། །ཕྱི་ཡི་དཀྱིལ་འཁོར་གནས་རྣམས་སུ། །ཀུན་ཏུ་བཟང་པོ་སོགས་རྣམས་བྲི། །དེ་ལྟར་དཀྱིལ་འཁོར་བྲི་བྱ་སྟེ། །མཆོད་པ་བྱས་ནས་སྔ་མ་བཞིན། །དེ་བཞིན་འཇུག་པ་སོགས་བྱས་ལ། །སྒྲུབ་པའི་ཐབས་ནི་བརྩམ་པར་བྱ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་སོགས། །དཀྱིལ་འཁོར་མངོན་སུམ་མཐོང་བ་ལས། །སྔ་མ་རྟོག་པ་ཇི་བཞིན་དུ། །ཕྱི་ནས་དེ་བཞིན་བྲི་བར་བྱ། །བསོད་ནམས་ཇི་བཞིན་དཀྱིལ་འཁོར་རྣམས། །ཐམས་ཅད་ཚོན་གྱིས་རབ་བརྟགས་པ། །རང་གི་ལྷག་པའི་ལྷ་ངོ་བོས། །དཀྱིལ་འཁོར་ཐམས་ཅད་བྲི་བྱར་འགྱུར། །རང་ལྷའི་བདག་ཉིད་རྣལ་འབྱོར་གྱིས། །དཀྱིལ་འཁོར་ཐམས་ཅད་རབ་ཏུ་གྲུབ། །ཆོ་ག་སྨན་དང་ལྷག་པས་ཀྱང ། །འགྲུབ་པར་འགྱུར་ཏེ་སྐྱོན་མ་ཡིན། །ཀུན་ཏུ་སྣ་ཚོགས་སྐལ་བཟང་བ། །ཀུན་ནས་སྣ་ཚོགས་འཁོར་ལོ་ཅན། །འཁོར་ལོས་བསྒྱུར་བ་བདག་ཉིད་ཆེའི། །རིན་ཆེན་བདུན་གྱི་མཆོད་པ་ཆེ། །ཡོངས་སུ་རྫོགས་པའི་ཟླ་བ་ལྟར། །དཀྱིལ་འཁོར་བདུད་རྩི་འབྱུང་ཞེས་བྱ། །སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱིས། །དཀྱིལ་འཁོར་འདི་ནི་བཤད་བྱས་པའོ། །ཕྱག་ན་པདྨ་བདག་ཉིད་ཆེ། །པདྨའི་རྣམ་པར་བརྟག་ཤེས་བྱ། །རིན་པོ་ཆེ་ཡི་རིན་ཆེན་རྣམས། །དཀྱིལ་འཁོར་སྣ་ཚོགས་རྣམ་པའོ། །དཀྱིལ་འཁོར་དམན་ཞིང་
119b
དམ་ཚིག་རྣམས། །དོར་བར་བྱས་པ་དེ་ཉིད་ནི། །གསང་བ་ཤེས་པ་མ་ཡིན་ན། །སྒྲུབ་པའི་ཐབས་ནི་འགྲུབ་མི་འགྱུར། །དེ་ཕྱིར་གསང་བ་ཐམས་ཅད་ཀྱི། །དཀྱིལ་འཁོར་ཐམས་ཅད་ལྟ་བ་ནི། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །གདོན་མི་ཟ་བར་རྟག་ཏུ་བྱ། །བླ་མ་ལ་ནི་ཡོན་ཕུལ་ནས། །རྗེས་སུ་རིམ་པས་བསྒྲུབ་པར་བྱ། །བརྟན་པའམ་ནི་གཡོ་བ་ཡི། །རྫས་རྣམས་ཇི་སྙེད་ཐམས་ཅད་དེ། །རྩ་བ་མེ་ཏོག་འབྲས་བུ་སོགས། །བུ་མོ་ལེགས་པར་བརྒྱན་བྱས་དང ། །འདོད་པའི་ཆུང་མ་ཕུལ་བྱས་ནས། །སླར་ཡང་རིན་གྱིས་བླུ་བར་བྱ། །གྲོང་དང་དེ་བཞིན་གཙུག་ལག་ཁང ། །ཀུན་དགའ་ར་སོགས་རྒྱལ་སྲིད་མཆོག་།གང་ལ་སྦྱིན་བྱ་ཅུང་ཟད་ཡོད། །འཚོ་བ་དེ་ནི་སྦྱིན་པར་བྱ། །བདག་གི་དངོས་པོ་ཡོངས་གཏོང་བ། །སངས་རྒྱས་ཐམས་ཅད་རབ་མཆོད་པའོ། །བླ་མ་ལ་ནི་ཡོན་ཕུལ་ནས། །གསང་བ་དམ་པ་རྨད་བྱུང་བ། །མངོན་པར་དབང་བསྐུར་དེ་ནས་བྱ། །འདབ་མ་བརྒྱད་པ་ཡིད་འོང་ལ། །སློབ་མ་བཞག་ནས་ཡན་ལག་ཀུན། །ཕྱག་རྒྱ་ཀུན་ནས་བཅིངས་བྱས་ནས། །ཁམས་ཀུན་རང་བཞིན་རྩ་བ་དང ། །ས་བོན་འབྲས་བུ་དུད་པ་ཡི། །བུམ་པ་རྣམས་ཀྱིས་དབང་བསྐུར་ཏེ། །སངས་རྒྱས་ཕྲེང་བའི་དབང་བསྐུར་ལས། །སྤྱི་བོ་དང་ནི་དཔྲལ་བ་དང ། །གཞོགས་དང་དེ་བཞིན་རྒྱབ་ཏུ་ཡང ། །སངས་རྒྱས་རིན་ཆེན་ཆེན་པོ་ཀུན། །ཅོད་པན་མཆོག་ཏུ་མི་འགྱུར་བའོ། །དཔལ་
120a
༄#། །ལྡན་སངས་རྒྱས་གཙུག་ནོར་བུ། །གདུགས་དཀར་སྟེང་ན་གནས་པའོ། །རྒྱལ་སྲིད་ཀུན་གྱི་དབང་བསྐུར་གྱིས། །ཡང་དང་ཡང་དུ་དབང་བསྐུར་བྱ། །དཔལ་ཀུན་གྱིས་ནི་མངོན་མཐོ་བ། །ཞེས་བྱའི་དབང་བསྐུར་བཤད་པའོ། །ཁམས་ཀུན་རང་བཞིན་གླང་པོ་དང ། །རྟ་ནི་མཆོག་ཏུ་འབར་བའམ། །སེངྒེའི་གདན་གནས་དབང་བསྐུར་བ། ། དཔལ་གྱི་སྔགས་ནི་རྗོད་བྱེད་ཅིང ། །དཔལ་གྱིས་མངོན་མཐོ་ཞེས་བྱ་བའི། །དམ་པའི་དོན་གྱིས་དབང་བསྐུར་བ། །བཀྲ་ཤིས་སམ་ནི་དཔལ་བེའུ། །གང་ཡང་བྲིས་ནས་དབང་བསྐུར་བྱ། །སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས། །རྣམ་རྒྱལ་དབང་བསྐུར་ཞེས་བཤད་དོ། །ཙནྡན་ཆུ་དང་བུམ་པ་ཆེ། །གཞན་གྱིས་མི་ཐུབ་སྨན་བླུགས་པ། །ཀུན་ནས་དབང་བསྐུར་ཆེད་དུ་ནི། །རྟག་ཏུ་ཤེས་རབ་ཅན་གྱིས་བརྟག་།གཞན་གྱིས་མི་ཐུབ་དབང་བསྐུར་མཆོག་།དཀྱིལ་འཁོར་གང་གང་བྲིས་བྱས་ནས། །ཕྱག་རྒྱ་གང་དང་གང་བཀོད་པ། །དེ་ནི་དེ་དང་དེ་བརྟག་བྱ། །དེ་རྣམས་ཕྱག་རྒྱ་དམ་པར་བཤད། །དབང་བསྐུར་ཆེད་དུ་སངས་རྒྱས་རྣམས། །ལྷ་དེ་རྣམས་ནི་ཡིད་དུ་འོང ། །སྨན་གྱི་དམ་པ་མཆོག་གྱུར་པ། །སངས་རྒྱས་ཀུན་གྱིས་རབ་ཏུ་བཤད། །ཙནྡན་དང་ནི་རྒྱ་སྤོས་དང ། །ག་བུར་དེ་བཞིན་གུར་གུམ་དང ། ། ག་རུ་དང་ལྷ་ཡི་ཤིང ། །ཙནྡན་དམར་པོ་ཉིད་དང་ནི། །སིཾ་ཧཱ་བྱཱ་གྷྲི་དེ་
120b
བཞིན་མཆོག་།ཀུན་ནས་ས་ཧ་དེ་བ་དང ། །གི་རི་ཀརྞ་ཚངས་མཆོད་སྦྱིན། །སྨན་གྱི་དམ་པ་རྣམས་སུ་བཤད། །ལྷག་གནས་ཀུན་གྱི་སྦྱོར་བ་ཡིས། །སངས་རྒྱས་མཆོད་པ་རབ་འཇུག་ཅིང ། །དང་པོ་རྡོ་རྗེ་དབང་བསྐུར་བ། །ཤེས་རབ་ཐམས་ཅད་རབ་འཇུག་བྱེད། །རིན་ཆེན་དམ་པའི་དམ་པ་ནི། །གསེར་ལ་སོགས་ཀྱིས་ཐམས་ཅད་ནས། །སྨན་ཀུན་དང་ནི་ས་བོན་ཀུན། ། འབྲུ་རྣམས་ཐམས་ཅད་བཟང་པོ་ནི། །སངས་རྒྱས་བྱིན་རླབས་རྣལ་འབྱོར་ལས། །དབང་བསྐུར་དོན་དུ་རབ་བརྟག་བྱ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །དབང་བསྐུར་དམ་པ་འོད་འབར་བའོ། །སངས་རྒྱས་ཀུན་ནས་སངས་རྒྱས་འགྱུར། །ཞེས་པའོ། །དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དུ་ཇི་ལྟར་རྙེད་པ་ཡོངས་སུ་རྫོགས་སོ།། །།རིགས་གཟུགས་སྐལ་བཟང་མང་ཐོས་བློ་འབྱོར་སོགས། །ཕུན་ཚོགས་ལྡན་པ་དཔལ་ལྡན་ཆོས་རྗེ་ཡིས། །རྒྱུད་འདི་བསྒྱུར་ལས་ཅུང་ཟད་མ་རྫོགས་པར། །དཔལ་ལྡན་བློ་གྲོས་བརྟན་པས་རྫོགས་པར་བསྒྱུར།།་