rKTs


H458

(e-text produced by ACIP)

see text in transliteration
412b
།།རྒྱ་གར་སྐད་དུ། སརྦ་དུ་རྒ་ཏི་པ་རི་ཤོ་དྷ་ན་ཏེ་ཛོ་རཱ་ཛ་སྱ་ཏ་ཐཱ་ག་སྱཱ་ཨརྷ་ཏེ་ས་མྱཀྶཾ་བུདྡྷ་སྱ་ཀལྤེ་ཀ་དེ་ཤ་ནཱ་མ། །བོད་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཤཱཀྱ་སེངྒེ་ལ་ཕྱག་འཚལ།
413a
༄#། །ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷ་ཐམས་ཅད་ཀྱི་མཆོག་དགའ་བའི་ཚལ་ན་བཞུགས་ཏེ། ནོར་བུ་དང ། གསེར་གྱི་ཤིང་ལོ་མ་དང ། ཡལ་ག་དང ། ལྕུག་མར་བཅས་པའི་སྡོང་པོ་དང ། ཤིང་གེལ་བ་དང ། སྨན་དང ། མེ་ཏོག་ཀ་མ་ལ་དང ། མེ་ཏོག་ཨུཏྤལ་དང ། མེ་ཏོག་ཀ་རྞི་ཀཱ་དང ། མེ་ཏོག་བཀྐུ་ལ་དང ། མེ་ཏོག་ཏི་ལ་ཀ་དང ། མེ་ཏོག་ཨ་ཤོ་ཀ་དང ། མེ་ཏོག་མནྡཱ་ར་བ་དང ། མེ་ཏོག་མནྡཱ་ར་བ་ཆེན་པོ་ལ་སོགས་པ་མེ་ཏོག་རྣམ་པ་སྣ་ཚོགས་པས་ཉེ་བར་མཛེས་པ། །དཔག་བསམ་གྱི་ཤིང་རྣམས་ཀྱིས་ཡང་དག་པར་བརྒྱན་པ། །རྒྱན་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པ། བྱའི་ཚོགས་སྣ་ཚོགས་སྐད་སྙན་པ་འབྱིན་པ། རྔ་དང ། རྔ་མུ་ཀུནད་དང ། གླིང་བུ་དང ། རྔ་བྷི་རི་ལ་སོགས་པའི་སྒ་སྒྲོགས་པ། བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་དང ། ལྷའི་བུ་རྣམ་པ་སྣ་ཚོགས་པ་རྣམས་རྣམ་པར་རྩེ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ནའོ། །བརྒྱ་བྱིན་དང ། ཚངས་པ་ལ་སོགས་པའི་ལྷ་ཐམས་ཅད་དང ། རིག་པ་འཛིན་པ་དང ། ལྷའི་བུ་མོ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱ་སྟོང་རྣམས་དང ། གནོད་སྦྱིན་དང ། སྲིན་པོ་དང ། ལྷ་མ་ཡིན་དང ། ནམ་
413b
མཁའ་ལྡིང་དང ། དྲི་ཟ་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ཀླུ་ལ་སོགས་པ་འཁོར་རྣམ་པ་སྣ་ཚོགས་དུ་མ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་རྣམས་ལ། འདི་ལྟ་སྟེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་སྤོབས་པ་དང ། བློ་གྲོས་མི་གཡོ་བ་དང ། བློ་གྲོས་ཡངས་པ་དང ། ཀུན་ཏུ་བློ་གྲོས་དང ། བློ་གྲོས་མཐའ་ཡས་པ་དང ། ཀུན་ནས་ལེགས་པའི་བློ་གྲོས་དང ། བློ་གྲོས་ཀ་མ་ལ་དང ། བློ་གྲོས་ཆེན་པོ་དང ། བློ་གྲོས་ལྷ་རྫས་དང ། བློ་གྲོས་སྣ་ཚོས་པ་དང ། བློ་གྲོས་མ་ལུས་པ་དང ། ཀུན་ཏུ་བཟང་པོ་སྟེ། དེ་དག་ལ་སོགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་མཐའ་ཡས་ཤིང་མུ་མེད་པ་རྣམས་ཀྱིས་བསྟི་སྟེང་དུ་བྱས། །བླ་མར་བྱ། མཆོད་ཅིང་རྗེད་པར་བྱས། ཤིན་ཏུ་ཕུལ་དུ་བྱུང་བར་བྱས་ཏེ་འཁོར་གྱི་ཚོགས་ཆེན་པོའི་དབུས་སུ་ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཤིང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་མ་ཐག་ཉིད་དུ་ངན་སོང་གསུམ་གྱི་རྒྱུད་རྣམ་པར་གྲོལ་བར་བྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་འོད་ཟེར་འཕྲོ་བ་དང ། སྡུད་པ་དུ་མའི་ཕྲེང་བ་རང་གི་མཛོད་སྤུ་ནས་ཕྱུང་སྟེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
414a
༄#། །ཁམས་ཀུན་ཏུ་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་བཀོལ་ཏེ། ཡང་དག་པ་སོ་སོ་སོ་སོར་ཐོབ་པར་བྱས་ཤིང་དགའ་བའི་ཚལ་ཡང་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་པ་རྣམས་ཀྱིས་མངོན་པར་མཆོད་ནས་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་མགོ་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ེ་མ་ཧོ་སངས་རྒྱས། ཨེ་མ་ཧོ་སངས་རྒྱས་ཆོས། ཨེ་མ་ཧོ་སངས་རྒྱས་མཛད་པ་ཤིན་ཏུ་ལེགས། །གང་ཕྱིར་བདག་ཅག་ངན་སོང་ཡོངས་སུ་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་རབ་ཏུ་བཞག་།དེ་ནས་ལྷའི་དབང་པོས་བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་གི་སླད་དུ་སངས་རྒྱས་ཀྱི་འོད་ཟེར་ཀུན་ཏུ་སྣང་བས་ངན་སོང་ཀུན་ལས་རྣམ་པར་བཀྲོལ་ནས་རྣམ་པར་གྲོལ་བའི་ལམ་ལ་རབ་ཏུ་བཞག་པ་ནི། བཅོམ་ལྡན་འདས། ངོ་མཚར་ཆེའོ། ། བདེ་བར་གཤེགས་པ། ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷའི་དབང་པོ། །འདི་ནི་ངོ་མཚར་མི་ཆེ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་
414b
ཆད་མེད་པའི་བསོད་ནམས་ཀྱི་ཚོགས་རྣམས་ལེགས་པར་བསགས་པའོ། །ལྷའི་དབང་པོ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་བའོ། །ལྷའི་དབང་པོ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཚད་མེད་པའི་ཐབས་ཡོངས་སུ་རྫོགས་པའོ། །ལྷའི་དབང་པོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཤེས་རབ་དཔག་ཏུ་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་ཚད་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་སྐྱེ་བོ་ཚད་མེད་པ་རྣམས་སྣོད་དུ་གྱུར་བར་མཛད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་ཡེ་ཤེས་གང་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་རྫུ་འཕྲུལ་དང་ཡང་དག་པར་ལྡན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང ། མཉམ་པའི་སྨོན་ལམ་དང་ཡང་དག་པར་ལྡན་པའོ། །ལྷའི་དབང་པོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྣོད་ཇི་ལྟ་བ་དེ་ལྟར་སེམས་ཅན་རྣམས་ཀྱི་དོན་མཛད་པ་དང ། གདུལ་བྱ་ཇི་ལྟ་བ་དེ་ལྟར་སེམས་ཅན་རྣམས་ཀྱི་དོན་མཛད་པ་དང ། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཡིན་ནོ་ཞེས་ཤེས་པར་བྱ་བ་འདི་ལ་འདིར་ཐེ་ཚོམ་
415a
༄#། །དང ། སོམ་ཉི་དང ། ཡིད་གཉིས་མི་བྱའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱིས་གདུལ་བར་མི་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་རང་གི་སྟན་ལས་ལངས་ནས། སླར་ཡང་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེ་ཞིང་ཆེ་བ་བྱས་ཏེ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང ། རྗེས་སུ་བརྩེ་བར་བྱ་བའི་ཕྱིར་དང ། སྙིང་རྗེ་དང་བཅས་པར་བྱ་བའི་ཕྱིར་དང ། བརྩེ་བ་ཆེན་པོ་དང་བཅས་པར་བྱ་བའི་ཕྱིར་དང ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བའི་ཕྱིར། བཅོམ་ལྡན་འདས། བདག་ཅག་སྤོབས་པ་བསྐྱེད་དུ་གསོལ། བདེ་བར་གཤེགས་པ། བདག་ཅག་སྤོབས་པ་བསྐྱེད་དུ་གསོལ། བཅོམ་ལྡན་འདས། སུམ་ཅུ་རྩ་གསུམ་པའི་རིགས་འདི་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་ཞིག་ཤི་འཕོས་ཤིང་དུས་ལས་འདས་ནས་དགུང་བདུན་ལོན་ལགས་ན། བཅོམ་ལྡན་འདས། དེ་གང་དུ་སྐྱེས་ཤིང ། བདེ་བའམ་སྡུག་བསྔལ་གང་མྱོང་བར་འགྱུར་བ་དེ། བཅོམ་ལྡན་འདས། ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ། ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ལྷའི་དབང་པོ། །དེའི་དུས་དང ། སྐབས་སུ་བབ་པར་ཤེས་ན་ཉོན་ཅིག་།ལྷའི་དབང་པོས་
415b
གསོལ་བ། བཅོམ་ལྡན་འདས། འདི་ནི་དུས་ལགས་སོ། །བདེ་བར་གཤེགས་པ། འདི་ནི་སྐབས་སུ་བབ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། །ལྷའི་དབང་པོ། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་འདི་ནས་ཤི་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེར་ལོ་སྟོང་ཕྲག་བཅུ་གཉིས་སུ་སྡུག་བསྔལ་དྲག་ཅིང་མི་བཟོད་པ་མྱོང་བར་འགྱུར་རོ། །ཡང་ན་དམྱལ་བ་ཆུང་ངུ་རྣམས་སུ་ལོ་སྟོང་ཕྲག་བཅུར་སྡུག་བསྔལ་མྱོང་བར་འགྱུར་རོ། །སླར་ཡང་བྱོལ་སོང་དང་ཡི་དྭགས་རྣམས་སུ་སྐྱེས་ཏེ་ལོ་སྟོང་ཕྲག་བཅུར་སྡུག་བསྔལ་མྱོང་བར་འགྱུར་རོ། །སླར་ཡང་ལོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ནད་རྣག་ཁྲག་འཛག་པ་དང ། མཛེ་དང ། ཕོ་མིག་གིས་གཟིར་བ་དང ། སྐྱེ་བོ་མང་པོས་སྨད་པ་དང ། ཡོངས་ཀྱིས་སྤངས་པ་དང ། རིགས་དམན་པར་གྱུར་ཅིག་སྡུག་བསྔལ་ནས་སྡུག་བསྔལ་དུ་བརྒྱུད་པ་རྒྱུ་ན་མི་ཆད་པར་འགྱུར་ཏེ། གཞན་རྣམས་ལ་ཡང་གནོད་པ་བྱེད་ཅིང་ལས་ཀྱི་སྒྲུབ་པ་སྣ་ཚོགས་པ་ཡང་རྒྱུན་མི་ཆད་པར་བྱེད་པར་འགྱུར་རོ། །སླར་ཡང་སྡུག་བསྔལ་བརྒྱུད་པ་གཞན་དང་གཞན་མྱོང་བར་འགྱུར་རོ། །དེ་ནས་བརྒྱ་བྱིན་\Lིནེ་མིསསིང?\་
416a
༄#། །ལ་སོགས་པ་ལྷའི་བུ་རྣམས་དེ་ཐོས་ནས་དངངས་ཤིང་སྐྲག་སྟེ་སྐྱོ་ནས་ཁ་བུབ་ཏུ་འགྱེལ་ཏོ། །ཡང་ལངས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྡུག་བསྔལ་བརྒྱུད་མ་དེ་ལས་ཇི་ལྟར་ཐར་པར་འགྱུར། བདེ་བར་གཤེགས་པ། །ཇི་ལྟར་ཐར་པར་འགྱུར། །བཅོམ་ལྡན་འདས། ཐབས་གང་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དེ་ལས་གྲོལ་བར་འགྱུར་བ་དེས་ཡོངས་སུ་སྐྱོབས་མཛོད། བདེ་བར་གཤེགས་པ། ཡོངས་སུ་སྐྱོབས་མཛོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་བཤད་པ་འདི་ངས་ཀྱང་བཤད་ཀྱིས་ཉོན་ཅིག་།དེ་ནས་ལྷའི་དབང་པོས་སླར་ཡང་བཅོམ་ལྡན་འདས་ལ་མེ་ཏོག་མནྡཱ་ར་བ་དང ། མནྡཱ་ར་བ་ཆེན་པོ་དང ། མེ་ཏོག་རྣམ་པ་སྣ་ཚོགས་པ་དང ། རིན་པོ་ཆེའི་དབུ་རྒྱན་དང ། ཕྱག་གདུབ་དང ། དཔུང་རྒྱན་དང ། སྙན་རྒྱན་དང ། དོ་ཤལ་དང ། དོ་ཤལ་ཕྱེད་པ་ལ་སོགས་པ་རྒྱན་གྱི་ཁྱད་པར་དུ་མས་མངོན་པར་མཆོད་དེ། ལན་བརྒྱ་སྟོང་ཕྲག་དུ་མར་བསྐོར་བ་བྱས་ཤིང་ཕྱག་བཙལ་ནས། བཅོམ་ལྡན་འདས། ལེགས་སོ། །བདེ་བར་གཤེགས་པ། ལེགས་སོ་ཞེས་བྱ་བ་ལེགས་སོའི་ཚིག་གིས་མཉེས་པར་བྱས་ནས། བཅོམ་ལྡན་འདས། ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང ། བདེ་བར་བགྱི་བ་དང ། མ་འོངས་
416b
པའི་སེམས་ཅན་རྣམས་ངན་སོང་གསུམ་གྱི་རྒྱུད་ལས་རྣམ་པར་ཐར་པར་བགྱི་བའི་སླད་དུ་ལེགས་པར་བཤད་པའི་དོན་དུ་གསོལ་བ་འདེབས་ལགས་སོ། །དེ་ནས་སླར་ཚངས་པ་ལ་སོགས་པའི་ལྷའི་ཚོགས་རྣམས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལེགས་སོ། །བདེ་བར་གཤེགས་པ། ལེགས་སོ། །གང་གིས་མ་འོངས་པའི་སེམས་ཅན་རྣམས་ཀྱི་མཚན་ཙམ་ཡང་ཐོས་པ་དང་ལྡན་ན་ངན་སོང་གསུམ་གྱི་ལམ་ལས་རྣམ་པར་གྲོལ་ཞིང་མཐོ་རིས་ལྷའི་འཇིག་རྟེན་ནམ། མིའི་འཇིག་རྟེན་དུ་སྐྱེས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་ལྷའི་བུ་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདིས་བྱིན་གྱིས་བརླབ་པའི་དོན་དུ་དོན་ཡོད་རྡོ་རྗེའི་བྱིན་རླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ོཾ་བཛྲ་ཨ་དྷིཥྛ་ན་ཛྙཱ་ན་ས་མ་ཡེ་ཧཱུཾ། དེ་ལྟར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཟིལ་གྱིས་མི་ནོན་པ་རྡོ་རྗེའི་བྱིན་གྱིས་བརླབས་ཀྱི་བྱིན་གྱིས་བརླབས་ནས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པའི་སྙིང་པོ་འདི་བྱུང་ངོ ། །ོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེ་
417a
༄#། །སཝཱཧཱ། རིག་པ་འདི་གསུངས་མ་ཐག་ཉིད་དུ་སེམས་ཅན་ཐམས་ཅད་ངན་སོང་དུ་མི་ལྟུང་བར་བྱས་ཤིང་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་ཀྱི་འགྲོ་བ་ཐམས་ཅད་སྦྱངས་ཏེ། སྡུག་བསྔལ་མི་བཟད་པ་རྣམ་པར་རབ་ཏུ་ཞི་ཞིང་སྐྱེ་བོ་མང་པོ་རྣམས་བདེ་བ་དང་ལྡན་པར་འགྱུར་རོ། །དེ་ནས་གཞན་ཡང་སྲུང་བའི་སྙིང་པོ་འདི་གསུངས་སོ། །ོཾ་ཤོ་དྷ་ནེ་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ན་སརྦ་སཏྭེ་བྷྱོ་ཧཱུཾ། ལྷའི་དབང་པོ། གཞན་ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ། །ོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནེ་ཧཱུཾ་ཕཊ། ལྷའི་དབང་པོ། གཞན་ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་ཉེ་བའི་སྙིང་པོའོ། །ོཾ་ཏྲཱཊ། ལྷའི་དབང་པོ། གཞན་ཡང་འདི་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོའོ། །ལྷའི་དབང་པོ། གཞན་ཡང་མདོར་ན་དྲན་པ་ཙམ་གྱིས་ཀྱང་བསོད་ནམས་ཆུང་བའི་སེམས་ཅན་རྣམས་ངན་སོང་གི་རྒྱུད་ཐམས་ཅད་ལས་བདེ་བླག་ཏུ་རྣམ་པར་གྲོལ་བར་བྱེད་པ་འདི་ཡིན་ཏེ། ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། བི་ཤོ་དྷ་ནེ་བི་ཤོ་དྷ་ནེ། སརྦ་བཱ་བཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྡྡྷེ་སཝཱཧཱ། རྩ་བའི་རིག་པའོ། །ོཾ་སརྦ་བིདྱཱ་སརྦ་ཨ་བ་ར་ན་བི་ཤོ་དྷ་ཡ་ཧ་ན་
417b
ཧཱུཾ་ཕཊ། ཨོཾ་སརྦ་བིདྱཱ་སཝ་ཧཱུཾ། ཨོཾ་སརྦ་བིདྱ་ཧྲཱི་ཕཊ། ཨོཾ་སརྦ་བིདྱ་ཨཱུ། ཨོཾ་སརྦ་བིདྱ་ཏྲཊ། ཨོཾ་སརྦ་བིདྱ་ཨོཾ། ཨོཾ་སརྦ་བིདྱ་བྷི། ཨོཾ་སརྦ་བིདྱ་ཧཱུཾ། ཨོཾ་སརྦ་བིདྱ་ཀྲིཾ་ཏྲཊ། ཨོཾ་སརྦ་བིདྱ་མཧཱ་བཛྲ་ཨུད་བྷ་བ་ད་ན་པཱ་ར་མི་ཏཱ་པཱུ་ཛེ་ཧཱུཾ། སྒེག་མོའི་སྔགས་སོ། །ོཾ་སརྦ་བིདྱ་མཧཱ་བཛྲ་ཨུད་བྷ་བ་ཤཱི་ལ་པཱ་ར་མི་ཏ་པཱུ་ཛེ་ཏྲཱཾ། ཕྲེང་བ་མའི་སྔགས་སོ། །ོཾ་སརྦ་བིདྱ་མཧཱ་བཛྲ་ཨུད་བྷ་བ་ཀྵཱན་ཏི་པཱ་ར་མི་ཏ་པཱུ་ཛེ་ཧྲཱི། གླུ་མའི་སྔགས་སོ། །ོཾ་སརྦ་བིདྱ་མ་ཧཱ་བཛྲ་ཨུད་བྷ་བ་བཱིརྱ་པཱ་ར་མི་ཏཱ་པཱུ་ཛེ་ཨཿ ། གར་མའི་སྔགས་སོ། །ོཾ་སརྦ་བིདྱ་སརྦ་ཨ་པ་ཡ་བི་ཤོ་དྷ་ནི་དྷ་མ་དྷ་མ་དྷུ་པ་ཡ་དྷྱ་ན་པཱ་ར་མི་ཏ་པཱུ་ཛེ་ཧཱུཾ་ཧཱུཾ་ཕཊ། བདུག་པ་མའི་སྔགས་སོ། །ོཾ་སརྦ་བིདྱ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་ཀླེ་ཤོ་པ་ཀླེ་ཤ་ཙྪེ་ད་ནི་པུཥྤ་བི་ལོ་ཀི་ནཱི་པྲཛྙཱ་པཱ་ར་མི་ཏ་པཱུ་ཛེ་ཏྲཱཾ་ཧཱུཾ་ཕཊ། མེ་ཏོག་མའི་སྔགས་སོ། །ོཾ་སརྦ་བིདྱ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནེ་ཛྙཱ་ན་ཨཱ་ལོ་ཀ་ཀཱ་རི་པྲ་ཎི་དྷཱ་ཎ་པཱ་ར་མི་ཏཱ་པཱུ་ཛེ་ཧྲཱིཿ ་ཧཱུཾ་ཕཊ། མར་མེ་མའི་སྔགས་སོ། །ོཾ་སརྦ་བིདྱ་སརྦ་ཨ་པཱ་ཡ་གནྡྷ་བི་ནཱ་ཤ་ནི། བཛྲ་གནྡྷོ་པཱ་ཡ་པཱ་ར་མི་ཏཱ་པཱུ་ཛེ་ཨཿ ་ཧཱུཾ་ཕཊ། དྲི་ཆབ་མའི་སྔགས་སོ། །ོཾ་སརྦ་བིདྱ་སརྦ་ན་ར་ཀ་ག་ཏི་མཱ་ཀཪྵ་ཎི་ཧཱུཾ་ཛཿ ་ཕཊ། རྡོ་རྗེ་ལྕགས་ཀྱུའི་སྔགས་སོ། །ོཾ་སརྦ་བིདྱ་སརྦ་ན་ར་ཀ་ཨུད་དྷཱ་ར་ཎཱི་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ཞགས་པའི་སྔགས་སོ། །ོཾ་སརྦ་བིདྱ་སརྦ་ཨཱ་པཱ་ཡ་བནྡྷ་མོ་ཙ་ནི་ཧཱུཾ་བཾ་ཕཊ། རྡོ་རྗེ་ལྕགས་སྒྲོག་གི་སྔགས་
418a
༄#། །སོ། །ོཾ་སརྦ་བིདྱ་སརྦ་ཨ་པཱ་ཡ་ག་ཏི་ག་ཧྲཱ་བི་ཤོ་དྷ་ནེ་ཧཱུཾ་ཧོཿ ་ཕཊ། རྡོ་རྗེ་འབེབས་པའི་སྔགས་སོ། །ོཾ་མཻ་ཏྲཱི་ཧ་ར་ཎཱ་ཡ་སཝཱཧཱ། བྱམས་པའི་འོ། །ོཾ་ཨ་མོ་གྷ་ཨ་མོ་གྷ་དཪྵ་ནི་ཧཱུཾ། མཐོང་བ་དོན་ཡོད་ཀྱིའོ། །ོཾ་སརྦ་ཨ་པཱ་ཡ་ཛ་ཧ་སརྦ་ཨ་བཱ་ཡ་བི་ཤོ་དྷ་ནེ་ཧཱུཾ། ངན་སོང་ཀུན་འདྲེན་གྱིའོ། །ོཾ་སརྦ་ཤོ་ཀ་ཏ་མོ་ནི་རྒྷཱ་ཏ་ན་མ་ཏི་ཧཱུཾ། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ཀྱིའོ། །ོཾ་གནྡྷ་ཧ་སྟི་ནི་ཧཱུཾ། སྤོས་ཀྱི་གླང་པོའི་འོ། །ོཾ་ཤཱུ་རཾ་ག་མེ་ཧཱུཾ། དཔའ་བར་འགྲོ་བའི་འོ། །ོཾ་ག་ག་ནེ་ག་ག་ན་ལོ་ཙ་ནེ་ཧཱུཾ། ནམ་མཁའ་མཛོད་ཀྱིའོ། །ོཾ་ཛྙཱ་ན་ཀེ་ཏུ་ཛྙཱ་ན་བ་ཏི་ཧཱུཾ། ཡེ་ཤེས་ཏོག་གིའོ། །ོཾ་ཨ་མི་ཏ་པྲ་བྷེ་ཨ་མི་ཏ་བ་ཏེ་ཧཱུཾ། འོད་དཔག་ཏུ་མེད་ཀྱིའོ། །ོཾ་ཙནྡྲ་སྠེ་ཙནྡྲ་བྱ་བ་ལོ་ཀི་ནི་ཧཱུཾ་སཝཱཧཱ། ཟླ་འོད་ཀྱིའོ། །ོཾ་བྷ་དྲ་པ་ཏི་བྷ་དྲ་པཱ་ལེ་སཝཱཧཱ། བཟང་སྐྱོང་གིའོ། །ོཾ་ཛ་ལི་མཧཱ་ཛ་ལི་ནི་ཧཱུཾ། དྲ་བ་ཅན་གྱི་འོད་ཀྱིའོ། །ོཾ་བཛྲ་གརྦྷེ་ཧཱུཾ། རྡོ་རྗེ་སྙིང་པོའི་འོ། །ོཾ་ཨཀྵ་ཡེ་ཧཱུཾ་ཧཱུཾ། ཨཀྵ་ཡ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སཝཱཧཱ། བློ་གྲོས་མི་ཟད་པའི་འོ། །ོཾ་པྲ་ཏི་བྷཱ་ནེ་པྲ་ཏི་བྷཱ་ན་ཀཱུ་ཊེ་སཝཱཧཱ། སྤོབས་པ་བརྩེགས་པའི་འོ། །ོཾ་ས་མནྟ་བྷ་དྲེ་ཧཱུཾ། ཀུན་ཏུ་བཟང་པོའི་འོ། །བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔགས་འདི་དག་རིམ་པ་བཞིན་དུ་བརྗོད་དོ། །འདི་དག་གིས་རྒྱུད་དུ་ཇི་སྐད་གསུངས་
418b
པའི་རྗེས་སུ་འབྲང་བའི་ཆོ་གའི་རིམ་པས་ཉིན་རེ་ཞིང་སྔ་བའི་དུས་སུ་བསྐྱེད་པའི་རིམ་པ་བསྒོམ་བཞིན་པས་ལྷའི་རྣལ་འབྱོར་ཏིང་ངེ་འཛིན་གསུམ་མཆོག་འབད་པས་བསྒོམས་ཏེ། ངན་སོང་ཡོངས་སུ་སྦྱོང་བར་གྲུབ་པར་འགྱུར་རོ། །ལྷའི་དབང་པོ། གཞན་ཡང་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་གསང་བའི་སྙིང་པོ་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། གང་འགའ་ཞིག་མིང་ཙམ་ཉན་པ་དང ། འཆང་བ་དང ། ཀློག་པ་དང ། བྲིས་ནས་ཀྱང་མ་གོའམ། གཙུག་ཕུད་དམ། དཔུང་པའམ། མགུལ་བར་བཏགས་ཏེ་འཆང་བར་བྱེད་ན་དེའི་ཚེ་འདི་ཉིད་ལ་དུས་མ་ཡིན་པར་འཆི་བ་བརྒྱད་དང ། འཆི་བ་དང་འབྲེལ་བའི་རྨི་ལམ་འབྱུང་བའམ། །ངན་སོང་དང་འབྲེལ་བའི་མཚན་མ་དེ་དག་ཐམས་ཅད་རྨི་ལམ་ཙམ་དུ་ཡང་མི་འབྱུང་ངོ ། །གང་འགའ་ཞིག་དཀྱིལ་འཁོར་དུ་ཡང་ཇི་ལྟ་བ་བཞིན་དུ་ཞུགས་ནས་དབང་བསྐུར་ཏེ་སྙིང་པོ་ཡང་ཟློས་ཤིང་སྔགས་ཀྱི་དོན་སྒོམ་པར་བྱེད་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ལ་སྡིག་པ་གང་ཅུང་ཟད་ཀྱང་ཉེ་བར་མི་འགྱུར་ཞིང་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །སྐྱེས་པ་དང ། བུད་མེད་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། བྱོལ་སོང་དང ། ཡི་དྭགས་དང ། དམྱལ་བ་ལ་སོགས་པ་གང་ཡང་རུང་བ་ཤི་བའི་ལུས་རྣམས་དཀྱིལ་
419a
༄#། །འཁོར་དུ་བཅུག་སྟེ་དབང་བསྐུར་ན། དེ་དམྱལ་བར་སྐྱེས་ན་ཡང་དེ་མ་ཐག་ཉིད་དུ་རྣམ་པར་ཐར་ནས་ལྷའི་རིགས་སུ་སྐྱེ་བར་འགྱུར་རོ། །ལྷའི་རིགས་དེར་སྐྱེས་པར་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད་ཅིང་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །རྒྱུད་ངེས་པ་ཅན་དུ་ཡང་འགྱུར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་སྐྱེ་བར་འགྱུར་རོ། །སྒྲིབ་པ་རྣམས་རབ་ཏུ་སྤངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སམ། ལྷའི་རིགས་སམ། གཞན་དུ་ཡང་བདེ་བ་མྱོང་བར་འགྱུར་རོ། །ལྷའི་དབང་པོ། མདོར་ན་འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་ཕན་པ་དང ། བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ། །དེ་ནས་ལྷའི་དབང་པོས་བཅོམ་ལྡན་འདས་ལ་སྔ་མ་བཞིན་དུ་བསྐོར་བ་བྱས་ཏེ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ངན་སོང་ཐམས་ཅད་ཀྱི་དབང་དུ་གྱུར་པ་རྣམས་ལ་ཕན་པ་དང་བདེ་བར་འགྱུར་བ་དང ། ཇི་ལྟར་སེམས་ཅན་རྣམས་ངན་སོང་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་བགྱི་བ་དང ། བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ་ཆོས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཡེ་
419b
ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་གསུངས་ཏེ། དེ་མགོན་པོ་ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས་པ་ནི། དང་པོ་རེ་ཞིག་རྣལ་འབྱོར་པས་སྐྱེ་བོས་དབེན་པའི་ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་འཇམ་ཞིང་ཤིན་ཏུ་འབོལ་བའི་སྟན་ལ་འདུག་སྟེ། དྲི་བཟང་པོས་མཎྜལ་བྱས་ནས་ཉེ་བར་སྤྱོད་པ་ལྔའི་མཆོད་པ་བྱའོ། །དེ་ནས་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། བདག་ཉིད་ཡི་གེ་ཧཱུཾ་གིས་རྡོ་རྗེས་འབར་བ་མེ་ཉི་མར་བསྒོམས་ཏེ། དེའི་མགྲིན་པར་ཡི་གེ་ཧྲཱིཿ ་ལས་པདྨ་དང ། དེའི་སྟེང་དུ་འདབ་མའི་རྩེ་མོར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་དང ། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང ། རྡོ་རྗེ་དེ་ལྕེ་ལ་ཐིམ་པར་བྱ་ཞིང་བྫྲ་ཛི་ཧཝ་ཞེས་བྱའོ། །དེས་རྡོ་རྗེའི་ལྕེར་འགྱུར་ཞིང་སྔགས་ཟློས་པ་ནུས་པར་འགྱུར་རོ། །ལག་པ་གཉིས་ཀྱི་དབུས་སུ་ཡི་གེ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དང ། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དང ། དེ་གཉིས་ལག་པའི་མཐིལ་དུ་ཐིམ་པར་བྱ་སྟེ་རྡོ་རྗེའི་ལག་པར་འགྱུར་ཞིང་ཕྱག་རྒྱ་འཆིང་བར་ནུས་པར་འགྱུར་རོ། །དེ་ནས་བསྲུང་བའི་འཁོར་ལོ་བསྒོམ་པར་བྱ་སྟེ། ཨོཾ་གྲྀ་ཧྞ་བཛྲ་ས་མ་ཡ་ཧཱུཾ་བཾ་ཞེས་བརྗོད་ཅིང་ཁྲོ་བོ་ཏི་རིན་ཏི་རི་བཅིངས་
420a
༄#། །པར་བྱ་སྟེ། རྡོ་རྗེ་བསྡམས་པ་ནང་བྱས་ནས། །མཐེ་བོང་རྡོ་རྗེ་དམ་པོ་ཡིས། །ཁྲོ་བོའི་ཡིད་ཀྱིས་དགབ་བྱ་བ། །ཁྲོ་བོ་ཏི་རིན་ཏི་རི་བཅིང ། །དེ་ནས་རྡོ་རྗེ་ཕྱེད་པའི་གདན་གྱིས་འདུག་པས་རྡོ་རྗེ་ཏི་རིན་ཏི་རི་བཅིངས་ལ་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་གཟུང་བར་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཨརྒ་ཧཱུཾ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་པས་སོ། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་བ་རྡོ་རྗེ་བསྡམས་པའི་སྟེང་དུ་དགབ་པའི་ཚུལ་དུ་གཟུང་བ་ན་རྡོ་རྗེ་ཏི་རིན་ཏི་རིའོ། །ོཾ་ཊུཾ་ཞེས་བྱ་བའི་ཡི་གེ་གཉིས་པོ་འདིའི་གོ་ཆས་གོ་ཆ་བགོས་ནས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཨརྒ་ཧཱུཾ་ཞེས་བྱ་བ་སྒྲོགས་ཤིང་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བྱ་སྟེ། གཡས་པའི་རྡོ་རྗེ་ཁུ་ཚུར་གསོར་ཞིང་བགེགས་ཐམས་ཅད་ལ་བསྣུན་ནོ། །དེ་ནས་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པས་བགེགས་བསྲེག་པར་བྱ་སྟེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་རྣམས་ནང་དུ་འབར་བ་ལ་མཐེ་བོ་རྡོ་རྗེ་བསྒྲེང་བ་འདི་ནི་རྡོ་རྗེ་མེའི་ཕྱག་རྒྱའོ། །དེའི་རྗེས་ལ་བཛྲ་ནེ་ཏྲཱི་བནྡྷ་སརྦ་བི་གྷན་དི་ན། ཞེས་པའི་ཕྱག་རྒྱ་དང་ལྡན་པས་བགེགས་ཐམས་ཅད་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་བརྐྱང་སྟེ་མཉམ་ལ་བཟུང་བ་ནི་རྡོ་རྗེ་སྤྱན་གྱི་ཕྱག་
420b
རྒྱའོ། །རྡོ་རྗེ་བསྡམས་པ་བརྐྱང་བ་ས་ལ་བཞག་སྟེ་འོག་བཅིང་བར་བྱའོ། །ོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཱཾ་སཝཱཧཱ་ཞེས་བྱའོ། །རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་དང་བཅས་པས་སྟེང་བཅིང་བར་བྱ་སྟེ། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཅེས་པ་དང ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མགལ་མེའི་འཁོར་ལོ་ལྟར་བསྐོར་ནས་མགོ་བོའི་སྟེང་དུ་བཟུང་བ་ནི་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱའོ། །དེའི་འོག་ཏུ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས་སླར་སྟེང་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་འདི་དང་རྡོ་རྗེ་ཐལ་མོ་མཐེ་བོ་གཉིས་བརྐྱང་ལ་མཛུབ་མོ་གཉིས་མཆེ་བ་ལྟ་བུར་བྱས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང་བཅས་པས་ཤར་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་དྲུཾ་བནྡྷ་ཧཾ་ཞེས་པའོ། །དྲུཾ་ཞེས་པ་ཡང་ངོ ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྤྲེལ་ལ་མཛུབ་མོ་གཉིས་རྩེ་སྦྱར་ལ་བཟློག་ནས་སྤྱི་བོར་བཞག་པ་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་ཞགས་པས་ཤར་དེ་ཉིད་བཅིང་བར་བྱ་སྟེ། ཨོཾ་བཛྲ་པཱ་ཤ་ཧྲཱིཿ ་ཞེས་པ་དང ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཁྲིག་མ་མདུད་པ་བྱས་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །རྡོ་རྗེ་བ་དན་གྱིས་ནུབ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་པ་ཏཱཾ་ཀེ་པ་ཏཱཾ་གི་ནི་ར་ཊ་ཞེས་པ་དང ། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་སེམས་དཔའི་སྐྱིལ་ཀྲུང་བྱས་ལ་མཛུབ་མོ་གཉིས་མཉམ་པོར་གཤིབས་
421a
༄#། །ཏེ་ཕྱེ་ལ་མཐེའུ་ཆུང་བ་དན་ལྟར་བྱས་པ་ནི་རྡོ་རྗེ་བ་དན་གྱིའོ། །ཕྱོགས་དང ། མཚམས་དང ། སྟེང་དང ། འོག་གི་བགེགས་རྣམས་ཚར་གཅད་པར་བྱའོ། །རྡོ་རྗེ་དུས་ཀྱིས་བྱང་ཕྱོགས་བཅིངས་ཏེ་ཧྲཱིཿ ་བཛྲ་ཀཱ་ལ་ལི་རུཊ་མ་ཊ་ཞེས་པ་དང ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྙིང་གར་བསྟན་པར་བྱས་པ་ནི་རྡོ་རྗེ་དུས་ཀྱིའོ། །རྡོ་རྗེ་རྩེ་མོས་ལྷོ་བཅིངས་ཏེ། ཨོཾ་བཛྲ་ཤི་ཁ་རེ་རུཊ་མ་ཊ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ཚུལ་ནི་རྡོ་རྗེ་རྩེ་མོའི་འོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བཅིང་བར་བྱས་ལ་ར་བ་བྱའོ། །ཧཱུཾ་བཛྲ་ཀརྨ་ཞེས་པའོ། །ཡང་རྡོ་རྗེ་ཧཱུཾ་མཛད་ཀྱིས་ནང་དུ་ར་བ་བྱ་སྟེ་ཧཱུཾ་ཞེས་པ་དང ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་རྡོ་རྗེ་མཁྲིག་མ་གཉིས་བསྣོལ་ཏེ་མཐེའུ་ཆུང་གཉིས་ལྕགས་ཀྱུར་སྦྲེལ་ལ་མཛུབ་མོ་གཉིས་སྡིགས་མཛུབ་ཏུ་སྒྲེང་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་རྡོ་རྗེ་ཧཱུཾ་མཛད་ཀྱིའོ། །འདི་ཉིད་ལས་མཛུབ་མོ་དང་གུང་མོ་གཉིས་རྡོ་རྗེ་ལྟར་བྱས་པ་ནི་རྡོ་རྗེ་ལས་ཀྱིའོ། །རྡོ་རྗེ་བསྡམས་པས་རྡོ་རྗེའི་གུར་སྦྱིན་པར་བྱ་སྟེ། བཛྲ་བནྡྷ་བཾ་ཞེས་པ་འདིས་སོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་མདུན་དུ་རྫོགས་པར་བྱ་སྟེ། །ོཾ་བཛྲ་བི་དཱ་བཛྲ་ཙ་ཀྲ་ཧཱུཾ་ཞེས་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་
421b
མཐེའུ་ཆུང་རྡོ་རྗེ་བཅིངས། །རྡོ་རྗེ་འཁོར་ལོ་ཞེས་གྲགས་པ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །འདིས་ཕྱོགས་ཐམས་ཅད་དུ་གཡས་སྐོར་ཉིད་ཀྱིས་བསྐོར་བ་ལས་དཀྱིལ་འཁོར་ཐམས་ཅད་སྤྲུལ་བར་འགྱུར་རོ། །འདི་ཉིད་ཁར་བཞག་ནས་ངེས་པར་ལྟ་བཞིན་དུ་རྡོ་རྗེ་འཁོར་ལོའི་སྔགས་ལན་བརྒྱད་བཟླས་སོ། །དེ་ཡིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །དེ་ནས་མངོན་སུམ་ལྟ་བུར་བློས་དམིགས་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དོ། །ཕྱོགས་ཐམས་ཅད་དུ་ཡན་ལག་ལྔ་བ་དང ། འདིས་ཕྱག་བྱའོ། །ོཾ་སརྦ་བིདྱཱ་ཀཱ་ཡ་པཱ་ཀྩི་ཏྟ་པྲ་ཎ་མེ་ན་བཛྲ་པནྡྷ་ནཾ་ཀ་རོ་མི་ཞེས་པའོ། །དེ་ནས་ཕྱག་བཞི་བྱ་བ་སྟེ་འདི་ལྟར་ལུས་ཐམས་ཅད་ཀྱིས་དང ། རྡོ་རྗེ་ཐལ་མོ་བརྐྱང་བས་ཤར་ཕྱོགས་སུ་ཕྱག་བྱས་ཏེ། ཨོཾ་སརྦ་བིཏྤཱུ་ཛ་ཨུ་པསྠ་ནཱ་ཡ་ཨཏྨ་ནཾ་ནི་རྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་མཱཾ་ཞེས་པ་འདིས་སོ། །དེ་ནས་དེ་བཞིན་དུ་ལངས་ལ་རྡོ་རྗེ་ཐལ་མོ་སྙིང་གར་བྱས་ཏེ་ལྷོ་ཕྱོགས་སུ་དཔྲལ་བ་ས་ལ་རེག་ཅིང་ཕྱག་བྱ་སྟེ། ཨོཾ་སརྦ་བིདཱ་བཛྲ་ཨ་བྷི་ཥེ་ཀ་ཡ། ཨཱཏྨཱ་ནཾ་ནི་རྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ་ཞེས་བྱ་བ་འདིས་སོ། །དེ་ནས་དེ་བཞིན་དུ་ལངས་ལ། རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ། ནུབ་ཕྱོགས་སུ་ཁ་ས་ལ་རེག་ཅིང་ཕྱག་བྱ་སྟེ། ཨོཾ་སརྦ་བིཏྤཱུ་ཛཱ་པྲ་བརྟ་ནཱ་ཡ་ཨཏྨཱ་ནཾ་ནི་རྱ་ཏ་ཡཱ་ ། སརྦ་
422a
༄#། །ཏ་ཐཱ་ག་ཏ་བཛྲ་དྷ་རྨ་པྲ་བརྟ་ཡ་མཾ་ཞེས་བྱ་བ་འདིས་སོ། །དེ་ནས་དེ་བཞིན་དུ་ལངས་ལ་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ། སྙིང་གར་བྱས་ལ་བྱང་ཕྱོགས་སུ་སྤྱི་བོ་ས་ལ་རེག་ཅིང་ཕྱག་བྱ་སྟེ། ཨོཾ་སརྦ་བིཏྤཱུ་ཛ་ཀརྨ་ཎེ་ཨཏྨཱ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ་ཞེས་པ་འདིས་སོ། །དེ་ནས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ། རྡོ་རྗེ་ཐལ་མོ་སྙིང་གར་བྱས་ལ་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བྱ་སྟེ། ཕྱོགས་བཅུ་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། དེ་བཞིན་གཤེགས་པ་དང ། རྡོ་རྗེ་དང ། ནོར་བུ་དང ། པདྨ་དང ། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང ། སྙིང་པོ་དང ། ཕྱག་རྒྱ་དང ། སྔགས་དང ། རིག་པ་དང ། ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བྱ་བ་ཕྱོགས་བཅུའི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔ་དང ། དེ་བཞིན་གཤེགས་པ་དང ། རྡོ་རྗེ་དང ། ནོར་བུ་དང ། པདྨ་དང ། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང ། སྙིང་པོ་དང ། ཕྱག་རྒྱ་དང ། སྔགས་དང ། རིག་པ་དང ། སྔགས་ཀྱི་ལྷ་ཐམས་ཅད་ཀྱི་ཡང་སྤྱན་སྔར་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་དང ། མ་འོངས་པ་དང ། དེ་ལྟར་བྱུང་བའི་སངས་རྒྱས་དང ། བྱང་ཆུབ་
422b
སེམས་དཔའ་ཐམས་ཅད་དང ། རང་སངས་རྒྱས་དང ། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང ། ཡང་དག་པར་ཞུགས་པ་རྣམས་དང ། སེམས་ཅན་གྱི་རིགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་མི་བསྐོར་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །ོཾ་སརྦ་བིད་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པའོ། །བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། ཨོཾ་སརྦ་བིད་དྷཱུ་པཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པའོ། །མར་མེ་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། ཨོཾ་སརྦ་བིད་དཱི་པཾ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པའོ། །དྲིའི་ཕྱག་རྒྱ་བཅིང་སླ་འདི་སྐད་ཅེས་བརྗོད་དེ། \ུ0f37མ་སརྦ་བིད་གནྡྷཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུཾ་ཞེས་པའོ། །ཐལ་མོ་སྙིམ་པ་ཁོང་སྟོང་དུ་སྦྱར་བ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། ཨོཾ་སརྦ་བིད་བོ་དྷྱཾ་ག་རཏྣ་ཨ་ལངྐཱ་ར་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་
423a
༄#། །ཧཱུཾ་ཞེས་པའོ། །ོཾ་བིདྡྷཱ་སྱ་ལཱ་སྱ་ར་ཏི་ཀྲཱི་ཊཱ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུཾ་ཞེས་པ་དང ། ོཾ་སརྦ་བིད་ཨ་ནུཏྟ་ར་བོ་དྷི་ཨ་ལངྐཱ་ར་ཝསྟྲ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པའོ། །དེ་ནས་འཁོར་བའི་སྡུག་བསྔལ་ཐམས་ཅད་རྗེས་སུ་དྲན་པར་བྱས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་སྟེ། མ་བསྒྲལ་བ་རྣམས་བསྒྲལ་བའི་ཕྱིར་དང ། མ་གྲོལ་བ་རྣམས་གྲོལ་བར་བྱ་བའི་ཕྱིར་དང ། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བའི་ཕྱིར་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བའི་ཕྱིར་དང ། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་ཡང་དག་པར་བསྒྲལ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ོཾ་སརྦ་བིདྱཱ་བཛྲ་བོ་དྷི་ཙིཏྟ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པའོ། །དེ་ནས་སྒེག་མོའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་དང་ཡང་དག་པར་ལྡན་ཞིང་ཕུན་སུམ་ཚོགས་པ་རྣམས་འདོད་པ་ཙམ་ལ་སོ་སོར་འབྱོར་བར་གྱུར་ཅིག་།ོཾ་སརྦ་བིདྱཱ་མ་
423b
ཧཱ་བཛྲ་ཨུད་བྷ་ཝ་དཱ་ན་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྲེང་བ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམ་ཅད་མི་དགེ་བའི་ལུས་དང ། ངག་དང ། ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་བྲལ་བར་གྱུར་ཅིག་།དགེ་བའི་ལུས་དང ། ངག་དང ། ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག ། ོཾ་སརྦ་བིད་ཨ་ནུཏྟ་ར་མ་ཧཱ་བོ་དྷྱཱ་ཧཱ་ར་ཤཱི་ལ་པ་རཱ་མི་ཏ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གླུ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐས་ཅད་མཚན་དང་དཔེ་བྱད་ཀྱིས་ཡང་དག་པར་བརྒྱན་པའི་ལུས་དང་ལྡན་པ་དང ། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང ། ཞེ་འགྲས་མེད་པར་ཞུགས་ཤིང་སྙིང་དང ། མིག་མངོན་པར་དགའ་བ་དང ། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག་།ོཾ་སརྦ་བིད་ཨ་ནུཏྟ་ར་མ་ཧཱ་དྷརྨཱ་བ་པོ་དྷི་ཀྵཱ་ནྟི་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པའོ། ། གར་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྤྱོད་པ་དང་མངོན་པར་ལྡན་ཞིང་སངས་རྒྱས་ཉིད་ལ་མཆོག་ཏུ་གཞོལ་ཞིང་འཁོར་བ་ཡོངས་སུ་མི་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག་།ོཾ་སརྦ་བིཚཾ་སཱ་ར་བ་རི་ཏྱཱ་ཀཱ་ཨ་ནུ་ཏྟ་ར་པཱི་རྱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུཾ་ཞེས་པའོ། །མེ་ཏོག་
424a
༄#། །མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང ། ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་ཞིང་བསམ་གཏན་དང ། རྣམ་པར་ཐར་བ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་དང ། མངོན་པར་ཤེས་པ་དང ། རིག་པ་དང ། དབང་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཅིག་།ོཾ་སརྦ་བིད་ཨ་ནུཏྟ་ར་སཽ་ཁྱ་བི་ཧཱ་ར་དྷྱཱ་ན་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པའོ། །བདུག་པ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་ཤེས་རབ་དང ། ཡེ་ཤེས་དང་ཡང་དག་པར་ལྡན་པར་གྱུར་ཅིག་།སོ་སོར་ཡང་དག་པར་རིག་པ་བཞི་ཡང་དག་པར་ཐོབ་སྟེ་བཟོ་དང ། བསྟན་བཅོས་ཐམས་ཅད་ཤེས་ཤིང་སྒྱུ་རྩལ་དང ། སྦྱོར་བ་དང ། ཆོ་ག་ཤེས་པ་དང ། དེ་ཁོ་ན་ཉིད་མཐོང་བ་དང ། ཉོན་མོངས་པ་དང ། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡང་དག་པར་བཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག་།ོཾ་སརྦ་བིད་ཨ་ནུཏྟ་ར་ཀླེ་ཤ་ཙྪེ་ད་སརྦ་དྷརྨ་ས་མནྟ་ཛྙཱ་ན་མཧཱ་པྲཛྙཱ་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པའོ། །མར་མེ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་
424b
ལོག་པར་ལྟུང་བ་ཐམས་ཅད་དང་བྲལ་བར་གྱུར་ཅིག་།ོཾ་སརྦ་བིད་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ན་ཨཱ་ལོ་ཀ་པྲ་ཎི་དྷཱ་ན་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པའོ། ། དྲི་ཆབ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དེ། སེམས་ཅན་ཐམས་ཅད་མི་ཤེས་པ་དང་བྲལ་བར་གྱུར་ཅིག་།ོཾ་སརྦ་བིད་སྲྦ་ཨ་པཱ་ཡ་གནྡྷ་བི་ནཱ་ས་ནི་བཛྲ་གནྡྷ་ཨུད་པཱ་ཡ་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ་ཞེས་པའོ། །ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱི་བདག་ཉིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་བིདྱཱ་ཀཱ་ཡ་ནི་རྱ་ཏ་ན་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱའོ། །ཐམས་ཅད་དུ་ལྕེ་བརྒྱ་བའི་ཁ་ཡིས་མཉམ་མེད་མི་གཡོ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་ཉེ་བར་སྤྱོད་པ་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦ་བིད་པཱ་ཀཱ་ནི་རྱ་ཏཱ་ན་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་པ་གཅིག་པའི་སྦྱོར་བ་ཉིད་ཀྱིས་ཆོས་མཉམ་པ་ཉིད་དུ་ལྷག་པར་མོས་པར་བྱ་སྟེ། ཨོཾ་སརྦ་བིད་ཙི་ཏྟ་ནི་རྱ་ཏཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང ། སྟོང་པ་ཉིད་དང །
425a
༄#། །མཚན་མ་མེད་པ་དང ། སྨོན་པ་མེད་པའི་རྣམ་པའོ་ཞེས་ལྷག་པར་མོས་པ་བྱས་ལ། ཨོཾ་སརྦ་བིད་གུ་ཧྱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱའོ། །དེ་ལྟར་མཆོད་པ་རྣམ་པ་ཉི་ཤུས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ལ་བདག་ཉིད་དབུལ་བར་བྱ་སྟེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་བར་བགྱིའོ། །བདག་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ་ལོ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ་ཞེས་བྱའོ། །དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། དགེ་བའི་རྩ་བ་འདི་དག་གིས་བདག་དང ། སེམས་ཅན་ཐམས་ཅད་འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག་།འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག་།བདེ་བ་དང ། ཡིད་བདེ་བ་ཉིད་ཀྱིས་མི་ཡི་མཆོག་སངས་རྒྱས་སུ་ཚེ་འདི་ཉིད་ལ་གྱུར་ཅིག་།བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག་།འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང ། །སེམས་
425b
ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ་སྡོམ་པ་གཟུང་བར་བྱ་སྟེ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནིས་\?\་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །དགེ་བ་དང་ནི་ཆོས་སྡུད་དང ། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །བདག་གིས་སོ་སོར་བརྟན་པོར་གཟུང ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་བྱུང ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང ། །དེ་ཉིད་ཀྱིས་ནི་རབ་ཏུ་གཟུང ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་ཆེན་པོའི་རིགས་མཆོག་གི་།དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །པདྨ་ཆེན་པོའི་རིགས་དག་པ། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཆེན་རིགས་ནི་བསྡུས་པ་ལ། ། སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་ཅི་ནུས་བཞིན། །ཀུན་ནས་སོ་སོར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་
426a
༄#། །པ། །དམ་པ་ཡང་དག་བསྐྱེད་བགྱིས་ཤིང ། །སྡོམ་པ་མ་ལུས་གཟུང་བགྱིས་ནས། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱའོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་ལ་ལྷ་ལ་སོགས་པ་རྣམས་ཀྱིས་མཆོད་པར་ལྷག་པར་མོས་ཏེ། ཉེ་བར་སྤྱོད་པ་ལྔ་ལ་སོགས་པས་མཆོད་པར་བྱའོ། །ཡང་དག་པར་མཆོད་ནས་ནི་བཅོམ་ལྡན་འདས་ཀྱི་ཡོན་ཏན་བསྔགས་པར་བྱེད་དེ། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །སངས་རྒྱས་མཛད་པ་མཆོག་ལེགས་སོ། །ངན་སོང་ཐམས་ཅད་ལེགས་སྦྱངས་ནས། །སེམས་ཅན་བྱང་ཆུབ་ཐོབ་མཛད་ཕྱིར། ། ཞེས་པའོ། །དེ་ནས་བཛྲ་ཨཉྫ་ལི་ཞེས་པ་དང ། རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱ་སྟེ། །ོཾ་སརྦ་བིད་བཛྲ་བནྡྷ་ཏྲཱ་ཊ་ཞེས་བརྗོད་ཅིང་རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤཱ་ཤཝ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྚྷ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །ཞེས་བྱའོ། །ོཾ་བཛྲ་མུཥྚཾ་བཾ། སེམས་མ་རྡོ་རྗེ་བཅིངས་ནས། ཨོཾ་སརྦ་བིད་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨ་ན་ཡ་ཧཱུཾ། རྡོ་རྗེ་བསྡམས་པ་བརྟན་བཅིངས་ནས། །རྡོ་རྗེའི་ཕྱག་རྒྱ་གཉིས་པར་ནས། །མྱུར་དུ་གྱེན་དུ་ལེགས་འཕེན་ལ། །ལྟུང་བ་
426b
སློང་བར་བྱེད་པའི་མཆོག་།ཅེས་པའོ། །ོཾ་སརྦ་བིད་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནེ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བའི་སྔགས་སོ། །རྡོ་རྗེ་བསྡམས་པ་བརྟན་བྱས་ནས། གུང་མོ་དག་ནི་ཁ་སྦྱར་ཏེ། །མཐའ་མ་བཞི་པོ་ཁ་སྤྲད་པ། །མྱུར་དུ་སྡིག་པ་དྲལ་བར་འགྱུར། །ོཾ་སརྦ་བིད་ཏྲཱ་ཊ་ཧཱུཾ། སེམས་མ་རྡོ་རྗེ་བཅིངས་ལ། ཨོཾ་སརྦ་བིད་སརྦ་ཨ་བ་ར་ན་བི་ཤོ་དྷ་ནི་མུ་ནེ་ཧཱུཾ་ཕཊ། འོད་པའི་མཚན་ཉིད་དོ། །དེ་ནས་དེའི་རྗེས་ལ་རྣལ་འབྱོར་བས་སྙིང་གིས་དབུས་སུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་དང་དེའི་སྟེང་དུ། \ུ0f37མ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སཝཱཧཱ། ཨོཾ་ན་མཿ ་སརྦ་དུརྒ་ཏི་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེ་སྭའྷཱ། དེ་དག་གིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་བཀུག་ནས་བཅུག་སྟེ་བཅིངས་ནས་དབང་དུ་བྱས་ལ། ནམ་མཁའི་དཀྱིལ་འཁོར་ལ་གཞུག་སྟེ་དཀྱིལ་འཁོར་གཉིས་ཀྱིས་དཀྱིལ་འཁོར་གཅིག་ཏུ་འགྱུར་རོ། །རྫོགས་པའི་རྣལ་འབྱོར་དུ་གྱུར་བ་ལས་དམ་ཚིག་གི་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་དཀྱིལ་འཁོར་གྱི་དབུས་སུ་བདག་ཉིད་ཀྱི་དངོས་པོ་འཁོར་ལོས་བསྒྱུར་བའི་གཟུགས་ཤཱཀྱ་སེངེགར་བསྒོམ་མོ། །དེ་ནས་ཤཱཀྱ་ཐུབ་པའི་ཐུགས་ཀར་ཡི་གེ་ཨ་
427a
༄#། །ལས་ཟླ་བའི་དཀྱིལ་འཁོར་བསྒོམ་ཞིང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སཝཱཧཱ། དེ་ནས་རྡོ་རྗེ་རྒྱལ་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་སྤྲུལ་ཏེ། ཨོཾ་སརྦ་བིད་བཛྲ་ཙཀྲ་ཧཱུཾ་ཞེས་པས་སོ། །སེམས་མ་རྡོ་རྗེ་བཅིངས་ནས་དེ་ཉིད་ཀྱི་སོར་མོ་དབུས་མ་གཉིས་ཀྱིས་ཕྲེང་བ་ཐོགས་ལ་ས་མ་ཡ་ཧཱུཾ་ཞེས་པ་འདིས་ཡིད་ཀྱི་འཇུག་གོ་།ཕྲེང་བ་དེ་ཡང་རང་གི་མགོ་བོར་བཞག་སྟེ། པྲ་ཏཱི་ཙྪ་བཛྲ་ཧོཿ ་ཞེས་པ་འདིས་སོ། །དེ་ནས་རང་གི་མགོ་བོར་བཅིངས་ཏེ། ཨོཾ་པྲ་ཏི་གྲྀཧྣ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཞེས་པ་འདིས་སོ། །གདོང་པ་བཅིངས་ལ། ཡང་འདིས་དགྲོལ་ལོ། །ོཾ། རྡོ་རྗེ་སེམས་དཔའ་རང་ཉིད་དེ། ཁྱེད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་བྱེ་བར་འགྱུར། །ཞེས་པ་དང ། ཧེ་བཛྲ་པཱ་ཤྱ་ཞེས་པའོ། །དེ་ནས་དཀྱིལ་འཁོར་ཆེན་པོར་ཇི་སྲིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་སྲིད་དུ་བལྟའོ། །ཡང་སེམས་མ་རྡོ་རྗེ་བཅིངས་ལ་ཐུགས་ཀར་དགྲོལ་ཞིང་རྡོ་རྗེར་བྱིན་གྱིས་བརླབས་པའི་བུམ་པ་ནས་དབང་བསྐུར་བ་རྡོ་རྗེ་ཁུ་ཚུར་གྱིས་སྦྱིན་པའོ། ། ོཾ་སརྦ་བི་དྷྱཱ་བཛྲ་ཨ་བྷི་ཥིཉྩ་ཞེས་པའོ། །ཡང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱས་རྒྱས་གདབ་སྟེ། ཨོཾ་སརྦ་བིདྱཱ་བཛྲ་དྷ་ར་ཏིཥྛ་བཛྲི་ཎི་ཧཱུཾ་ཨ་བྷི་
427b
ཥིཉྩ་མཱཾ། ཨོཾ་སརྦ་བིདྱཱ་བཛྲ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྫ་མཱཾ། ཨོཾ་སརྦ་བིདྱཱ་རཏྣ་བཛི་ནི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཨོཾ་སརྦ་བིདྱཱ་དྷ་རྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཨོཾ་སརྦ་བིདྱཱ་ཀརྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཊུཾ་བཛྲ་ཏུ་ཥྱ་ཧོཿ ་ཡིག་གོ་གཉིས་ཀྱི་གོ་ཆས་གོ་བགོས་ལ། །དེ་ན་སྲང་ཉིད་རྡོ་རྗེའི་དབང་བསྐུར་བ་གཟུང་བར་བྱ་སྟེ། སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཡི། །དབང་གི་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་གཟུང ། །ོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མཱཾ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ། ོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་པའོ། །ོཾ་སརྦ་བིདྱཱ་བཛྲ་ཨ་ ་ན་ས་མ་ཡེ་ཧཱུཾ། བདག་ཉིད་བྱིན་གྱིས་བརླབ་པའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་དང ། གུང་མོ་དང ། མཐེའུ་ཆུང་གྱེན་དུ་བསྒྲེང་སྟེ་ཁ་སྦྱར་ནས་མཛུབ་མོ་དང་མིང་མེད་སེམས་དཔའི་སྐྱིལ་ཀྲུང་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱ་སྟེ། སྙིང་ག་དང ། མགྲིན་པ་དང ། དཔལ་བ་དང ། མཛོད་སྤུ་དང ། སྨིན་མཚམས་དང ། སྣ་དང ། རྣ་བ་དང ། དཀུ་དང ། པོས་མོ་དང ། རྐང་པ་དང ། བྱིན་
428a
༄#། །པ་དང ། མིག་གཉིས་དང ། གསང་བར་བྱིན་གྱིས་བརླབ་པ་ཡང་བྱའོ། །དེ་ནས་རང་གི་ལུས་ལ་ས་མ་ཡ་ཨཿ ། ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་ས་བོན་ལས་བྱུང་བའི་མཚན་མ་ཐམས་ཅད་ཀྱི་སྙིང་པོའི་ང་རྒྱལ་བསྐྱེད་ཅིང ། ོཾ་སརྦ་བིདྱཱ་དྲྀ་ཤྱ་ཛཿ ་ཧཱུཾ་བཾ་ཧོཿ ་ས་མ་ཡ་སྟྭཾ་ས་མ་ཡ་ཧོ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སཝཱཧཱ། ཞེས་ལན་གསུམ་བརྗོད་པར་བྱའོ། །ཐུན་མོང་པ་ཡང་ངོ ། །དེ་ནས་རང་གི་ལུས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིངས་ཏེ། ཛ་ཧཱུཾ་བཾ་ཧོཿ ་བརྗོད་ཅིང་གནས་ཇི་ལྟ་བ་རྣམས་སུ་བཀུག་ནས་བཅུག་སྟེ་བཅིངས་ལ་དབང་དུ་བྱའོ། །རང་གི་ཐུགས་ཀར་ཧཱུཾ་ཡིག་ནི། །སྦྱོར་བས་རྡོ་རྗེ་རྩེ་ལྔ་བ། །ཤཱཀྱ་སེངྒེའི་དམ་ཚིག་གི་།ཕྱག་རྒྱ་རབ་ཏུ་བཤད་པར་བྱ། །དབུས་སུ་ཏིང་འཛིན་མཆོག་གིས་ནི། །བཞུགས་པ་དམ་ཚིག་ཕྱག་རྒྱར་བཤད། །རྡོ་རྗེ་བཅིང་བ་དམ་བྱས་ལ། །གུང་མོ་གཉིས་ཀྱི་རྩེ་མོ་སྦྱར། །རྡོ་རྗེ་ཕྱག་རྒྱ་དམ་བཅས་པ། །རྡོ་རྗེ་གཙུག་ཏོར་ཕྱག་རྒྱ་འོ། །དེ་ཉིད་གུང་མོ་རིན་ཆེན་དང ། གུང་མོ་པདྨའི་རྣམ་པ་དང ། །དེ་ཉིད་གུང་མོ་རྡོ་རྗེ་ལས། །སོར་མོ་ལྷག་མ་འབར་བྱས་ཉིད། །སོར་མོ་དེ་ཉིད་འབར་བྱས་པ། །གཙུག་ཏོར་གཟི་བརྗིད་ཕྱག་རྒྱ་འོ། །དེ་ཉིད་ལས་ནི་སྲིན་ལག་དང ། །མཐེའུ་གཉིས་ནི་མཉམ་སྟེ་བསྒྲེང ། །མཛུབ་མོ་པདྨའི་འདབ་མ་ལས། །གུང་མོ་རྡོ་རྗེ་བསྒྲེང་བ་དང ། །དེ་ཉིད་
428b
མདུན་དུ་བཞག་ནས་ནི། །རྡོ་རྗེ་དྲ་བའི་ཚུལ་དུ་བྱ། །སྙིང་གར་ཡང་ནི་མཐེ་བོ་མཉམ། །རབ་ཏུ་བརྐྱང་བ་ཕྲེང་བ་མ། །ཐལ་མོ་སྦྱར་བ་ཁ་ནས་དབྱུང ། །གར་བྱེད་སྤྱི་བོར་ཐལ་མོ་སྦྱར། ། རྡོ་རྗེ་བསྡམས་པ་ཐུར་དུ་སྦྱིན། །ཐལ་མོ་ལེགས་སྦྱར་གྱེན་དུ་གཏོར། །མཐེ་བོ་མཉམ་སྟེ་རབ་ཏུ་བསྡམ། །རབ་ཏུ་བརྒྱང་བ་བྱུག་པ་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་མཐེ་བོང་གུང་མོ་རྣམས། །རེ་རེ་ཞིང་ཡང་ཕན་ཚུན་དུ། །མངོན་དུ་ཕྱོགས་པ་གཟུང་བར་བྱ། །མཛུབ་མོ་གཅིག་ནི་ཅུང་ཟད་བཀུག་།མཐེ་བོ་གཉིས་ནི་མདུད་པ་བཅིང ། །མཐེ་བོ་མཛུབ་མོ་བསྣོལ་བ་བཅིང ། །རྡོ་རྗེ་ཁུ་ཚུར་རྩེ་མོ་བསྡམ། །མགྲིན་པར་པད་ཟླའི་དཀྱིལ་འཁོར་དུ། ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །སྔར་གྱི་འབྱིན་པའི་སྔགས་ཀྱིས་ནི། །ཆོས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །ཐུགས་ཀར་སྣ་ཚོགས་རྡོ་རྗེ་ནི། །བསམས་ཏེ་ལས་ཀྱི་ཕྱག་རྒྱ་བྱ། །ཇི་སྐད་བཤད་པའི་ཆོས་འཁོར་ལོ། །ཤཱཀྱའི་རྒྱལ་པོའི་ཕྱག་རྒྱའོ། །ས་གནོན་མཆོག་སྦྱིན་ཏིང་འཛིན་དང ། །མི་འཇིགས་སྦྱིན་སོགས་རིམ་པ་བཞིན། །ཏིང་འཛིན་མཆོག་ཏུ་གནས་པ་ནི། །གཙུག་ཏོར་གཟི་བརྗིད་ཕྱག་རྒྱ་འོ། །གཡས་པའི་ལག་ངར་དབྱུག་པ་དང ། ། གཡོན་པ་སྙིང་ཁར་རལ་གྲི་འཕྱར། །གཡོན་པ་སྡིགས་མཛུབ་བསྒྲེང་བྱ་སྟེ། གཡས་པ་བཏེག་སྟེ་བརྐྱང་བར་བྱ། །ལག་པ་གཉིས་ཀ་གར་བསྡོམས་ནས། །གདུགས་ཀྱི་རྣམ་པར་
429a
༄#། །གཞག་པར་བྱ། །ཆོས་ཀྱི་ཕྱག་རྒྱའི་ཆོ་ག་གང ། །རྫོགས་སངས་རྒྱས་སྐྱོབ་མིན་པའི་ཡང ། །རྡོ་རྗེ་བསྒྱིངས་པའི་སྦྱོར་བ་ཡིས། །བཏགས་པའི་བསམས་\?\་པས་འདུད་པར་བྱ། །ཕྲེང་བ་བཅིང་དང་ཁ་ནས་དབྱུང ། །གར་གྱིས་ཡོངས་སུ་བསྐོར་བ་ཉིད། །རྡོ་རྗེ་ཁུ་ཚུར་སྦྱོང་བ་ཡིས། །བདུག་པ་ལ་སོགས་དེ་བཞིན་སྦྱར། །མཛུབ་མོ་ལྕགས་ཀྱུ་བཅིང་བ་ཡིས། །མཐེ་ཆུང་ལ་ནི་ལྕགས་སྒྲོག་ཆེ། །མཁྲིག་མ་མདུད་ཅིང་མཛུབ་གཉིས་བསྣོལ། །རྒྱབ་དག་ཀྱང་ནི་ངེས་པར་བསྡམ། །དེ་ནས་དེ་ཕྱིར་གོ་རིམ་བཞིན། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེའི། །ལས་ཀྱི་ཕྱག་རྒྱ་འཆང་བ་ཡི། །མཚན་ཉིད་ཡང་དག་རབ་ཏུ་བཤད། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །ཕན་ཚུན་ལྷན་ཅིག་གཤིབས་ནས་ནི། ། མཛུབ་མོ་དང་ནི་གུང་མོ་དགུག་།མེ་ཏོག་རྣམ་པར་གཟུང་བར་བྱ། །བྱམས་པ་ཡི་ནི་ཕྱག་རྒྱ་འོ། །གཡོན་པ་ཁུ་ཚུར་དཀུར་བཞག་ལ། །གཡས་པའི་དཔུང་བའི་ཐད་ཀར་ནི། །མཛུབ་མོ་གུང་མོ་བརྐྱང་ནས་ནི། །མིག་གི་ཚུལ་དུ་གཞག་པར་བྱ། །མཐོང་བ་དོན་ཡོད་ཕྱག་རྒྱ་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཛུབ་མོ་དག་ནི་བརྐྱང་ནས་སུ། །གཡས་པ་ལྕགས་ཀྱུ་ལེགས་བཞག་པ། །ངན་སོང་ཐམས་ཅད་སྤོང་བའི་ཡིན། །གཡོན་པ་ཁུ་ཚུར་དཀུར་བཞག་ལ། །གཡས་པས་དབྱིག་པ་ལྟ་བུར་ནི། །གྱེན་དུ་བསྒྲེང་ནས་གཞག་
429b
བར་བྱ། །མྱ་ངན་མུན་པ་ཀུན་འཛོམས་ཀྱིའོ། །གཡོན་པ་ཁུ་ཚུར་ལྟེ་བར་གཞག་།ལག་པ་གཡས་པ་གླང་པོ་ཆེའི། །སྣ་ཡི་ཚུལ་དུ་གཞག་པ་ནི། །སྤོས་ཀྱི་གླང་པོའི་ཕྱག་རྒྱ་འོ། །གཡོན་པ་ཁུ་ཚུར་དཀུར་བཞག་སྟེ། །གཡས་པ་རལ་གྲི་ཐོགས་པ་ཡིས། །ཚུལ་དུ་འཇོག་པར་བྱེད་པ་ནི། །དཔའ་བར་འགྲོ་བའི་ཕྱག་རྒྱ་ཡིན། །གཡོན་པ་ཁུ་ཚུར་སྙིང་གར་གཞག་།གཡས་པ་སྟེང་བསྐོར་མཁའ་མཛོད་ཀྱི། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ། །རྒྱལ་མཚན་འཛིན་པ་ལྟ་བུར་ནི། །གཡས་ཀྱི་ལོགས་སུ་འཇོག་བྱེད་པ། །ཡེ་ཤེས་ཏོག་གི་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་བུམ་འཛིན་ལྟར། །བཞག་པ་འོད་དཔག་མེད་པའི་འོ། །གཡོན་པའི་ཁུ་ཚུར་བརླ་སྟེང་གཞག་།གཡས་པའི་ཁུ་ཚུར་གཞོགས་སུ་ནི། །མཐེ་བོང་མཐེ་ཆུང་བརྐྱང་བྱས་ལ། ། ཟླ་ཚེས་རྣམ་པ་ཟླ་འོད་ཀྱིའོ། །ལག་པ་གཉིས་ནི་སྙིང་ག་རུ། །པདྨའི་རྣམ་པར་རྣམ་ཕྱེ་ལ། །རྩེ་མོ་ཕན་ཚུན་སྦྱར་བ་ནི། །བཟང་སྐྱོང་གི་ནི་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །གོ་ཆ་འཛིན་པ་ལྟ་བུར་ནི། །ནུ་མ་གཉིས་སུ་ལེགས་བཞག་པ། །དྲ་བ་ཅན་འོད་ཕྱག་རྒྱ་ཡིན། །གཡོན་པའི་ཁུ་ཚུར་དཀུར་གཞག་ལ། །གཡས་པ་སྙིང་ཁར་བཞག་ནས་ནི། ། སོར་མོ་དབུས་མ་བསྒྲེང་བྱས་ལ། །རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཡིན། །གཡོན་པ་ཁུ་ཚུར་སྙིང་གར་གཞག་།གཡས་པ་མི་འཇིགས་སྦྱིན་རྣམས་ལ། །བློ་གྲོས་མི་ཟད་པ་ཡི་འོ། །གཡོན་
430a
༄#། །པའི་ཁུ་ཚུར་ལྟེ་བར་གཞག་།གཡས་པའི་སེ་གོལ་གཏོགས་པ་ནི། །སྤོབས་པ་བརྩེགས་པའི་ཕྱག་རྒྱ་ཡིན། །གཡོན་པའི་ཁུ་ཚུར་དཀུར་གཞག་སྟེ། ། གཡས་པ་རིན་ཆེན་ཁུ་ཚུར་བྱ། །ཀུན་ཏུ་བཟང་པོའི་ཕྱག་རྒྱ་ཡིན། །མཚན་མ་དང་བྲལ་ཆོ་ག་ཡིས། །ལས་ཀྱི་ཕྱག་རྒྱ་བཤད་པ་ཡིན། །སྙིང་གར་རྡོ་རྗེ་རྩེ་ལྔ་བའི། །གཟུགས་ཅན་ཡང་དག་གཟུང་བྱ་ཞིང ། །འབྱིན་པ་རྣམས་སུ་ཇི་ལྟར་གཟུང ། །ཕྱག་རྒྱ་མཚན་མ་བསྣམས་པ་དག་།རྡོ་རྗེ་དྲིལ་བུ་བཟུང་ནས་ནི། །ཐུགས་ཀར་རྡོ་རྗེ་འཛིན་པ་ནི། །ཕྱག་རྒྱ་ཆེ་ཞེས་བྱང་ཆུབ་གང ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེའི། །འབྱིན་པ་རྣམས་སུ་ཇི་ལྟར་གཟུང ། །ཕྱག་རྒྱ་མཚོན་ཆ་བསྣམས་པ་རྣམས། །བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱ་གང་དང་གང་བཅིངས་ནས། །སྙིང་པོ་དོན་གྱི་བཟླས་པ་དང ། །རང་གི་བདག་ཉིད་བསྒོམ་པར་བྱ། །ཕྱག་རྒྱ་བཞི་རྣམས་སྒྲུབ་བྱེད་པ། །ལྷ་རྣམས་ཐམས་ཅད་རྒྱས་བཏབ་དང ། །ཀུན་མཁྱེན་ཡོན་ཏན་རྫོགས་པ་དང ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །ངན་སོང་ཐམས་ཅད་ལེགས་སྦྱངས་ནས། །སེམས་ཅན་བྱང་ཆུབ་ཐོབ་བྱའི་ཕྱིར། །དེ་ནས་སྔགས་དང ། །ཀུན་མཁྱེན་ཡོན་ཏན་རྫོགས་པ་དང ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །ངན་སོང་ཐམས་ཅད་ལེགས་སྦྱངས་ནས། །སེམས་ཅན་བྱང་ཆུབ་ཐོབ་བྱའི་ཕྱིར། །དེ་ནས་སྔགས་རྲབ་བཤད་བྱ་སྟེ། །ངན་སོང་ཀུན་སྦྱོང་དཀྱིལ་འཁོར་དུ། །ཕྱག་རྒྱ་སྔགས་ཀྱི་རབ་སྦྱོར་གྱིས། །བྱ་བ་ཐམས་ཅད་ནུས་པར་འགྱུར། །སོ་སོ་སོ་སོར་རྡོ་རྗེ་གར། །བྱས་ནས་སྔགས་རྣམས་བརྗོད་\ཱེxཏྲ་ལིནེ?\་
430b
པར་བྱ། །ོཾ་ན་མོ་བྷ་ག་བ་ཏེ། སབྲ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭའྷཱ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་བླངས་ལ་ལག་པ་གཡས་པས་རྡོ་རྗེ་འགྱིང་བ་དང་བཅས་པས་རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བརྗོད་དོ། །བཛྲ་བཱ་ཙ་ན་ཊཀྐི་ཧཱུཾ་ཛཿ ་ཛཿ ་ཛཿ ་རང་གི་སྙིང་གར་བསྒྲེང་སྟེ་གསལ་བའི་སྦྱོར་བས་གཟུང་ཞིང་ཊཀྐི་ཛཿ ་ཧོཿ ་ཞེས་བརྗོད་དོ། །དེ་ནས་ཡི་གེ་བརྒྱ་བས་བརྟན་པར་བྱ་སྟེ། དེ་དག་གི་བྱང་ཆུབ་སེམས་དཔའ་ས་བཅུ་པའི་དབང་ཕྱུག་དང་འདྲ་བར་འགྱུར་རོ། །དེ་རྣམས་བལྟས་ལ་མཆོད་པ་ཐམས་ཅད་ཀྱིས་རབ་ཏུ་མཆོད་དོ། །དེ་ནས་དེ་རྣམས་ཀྱི་བསྟོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །རང་གི་དེ་ཉིད་སྟོན་མཛད་པ། །རྡོ་རྗེ་གཙུག་ཏོར་ཁྱོད་ཕྱག་འཚལ། །མཉམ་ཉིད་དེ་ཉིད་བསྒོམས་པ་ཡིས། ། ཁམས་གསུམ་ལ་གནས་ཐམས་ཅད་ལ། །དབང་བསྐུར་རབ་ཏུ་གསོལ་མཛད་པ། །རིན་ཆེན་གཙུག་ཏོར་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་རང་བཞིན་ཅན། །ཆོས་ཀྱི་བདུད་རྩིའི་\Lིནེ་མིསསིང?\་
431a
༄#། །ཆར་འབེབས་པས། །སེམས་ཅན་དབུགས་འབྱིན་མཛད་པ་པོ། །པདྨའི་གཙུག་ཏོར་ཁྱོད་ཕྱག་འཚལ། །སེམས་ཅན་སྡུག་བསྔལ་ཞི་བྱའི་ཕྱིར། ། བྱ་བ་རྗེས་སྒྲུབ་རང་བཞིན་ཅན། །འཕྲིན་ལས་སྣ་ཚོགས་མཛད་པ་པོ། །སྣ་ཚོགས་གཙུག་ཏོར་ཁྱོད་ཕྱག་འཚལ། །ཁམས་གསུམ་འདོ་ཀྱིས་གསལ་མཛད་ནས། །སེམས་ཅན་ཀུན་གྱིས་འཕགས་པ་ཡི། །བདེན་པ་མཐོང་བར་མཛད་པ་པོ། །གཙུག་ཏོར་གཟི་བརྗིད་ཁྱོད་ཕྱག་འཚལ། །ཡིད་བཞིན་ནོར་བུའི་རྒྱལ་མཚན་བསྣམས། །སྦྱིན་པས་སེམས་ཅན་ཐམས་ཅད་ཀྱི། །བསམ་པ་ཐམས་ཅད་རྫོགས་མཛད་པ། །གཙུག་ཏོར་རྒྱལ་མཚན་ཁྱོད་ཕྱག་འཚལ། །ཉོན་མོངས་ཉེ་བའི་ཉོན་མོངས་དག་།གཅོད་ཅིང་བདུད་བཞིའི་སྟོབས་བཅོམ་ནས། །སེམས་ཅན་བྱང་ཆུབ་ཐོབ་མཛད་པ། །གཙུག་ཏོར་རྣོན་པོ་ཁྱོད་ཕྱག་འཚལ། །ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱིས། །གདུགས་དཀར་གྱིས་ནི་བརྒྱན་པ་ཡི། །ཆོས་ཀྱི་རྒྱལ་པོ་ཐོབ་མཛད་པ། །གཙུག་ཏོར་གདུགས་དཀར་ཁྱོད་ཕྱག་འཚལ། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མཁན་ལྷ་མོ་བཞི་པོ་དང ། །སྤོས་དང་མེ་ཏོག་མར་མེ་མ། །དྲི་ཡི་ལྷ་མོ་ཁྱོད་ཕྱག་འཚལ། །དད་སོགས་ངོ་བོ་ལས་བྱུང་བ། །སྒོ་བཞིའི་དབུས་ན་གང་བཞུགས་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྐྱོང་ཁྱེད་རྣམས་
431b
ལ་ཕྱག་འཚལ། །སྒོ་བཞི་ཡི་ནི་ལོགས་དག་ན། །ཁྱམས་རྣམས་སུ་ནི་བཞུགས་མཛད་པ། །རབ་དགའ་ལ་སོགས་བཅུ་གཉིས་གནས། །བྱང་ཆུབ་སེམས་དཔའ་ཁྱེད་ཕྱག་འཚལ། །ཚངས་དབང་དྲག་པོ་ཟླ་བ་སོགས། །ཕྱོགས་བཞིར་འཇིག་རྟེན་སྐྱོང་བ་རྣམས། །མེ་དང་སྲིན་པོ་རླུང་ལྷ་དང ། །འབྱུང་པོའི་བདག་པོ་ཁྱོད་ཕྱག་འཚལ། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །དཀྱིལ་འཁོར་མདུན་དུ་ཀུན་བསྟོད་ནས། །སྔགས་པ་རྡོ་རྗེ་དྲིལ་འཆང་བས། །བསྟོད་པ་འདི་དག་ཡང་དག་བརྗོད། །ཕྱི་ནས་རང་གི་ལུས་ལ་ནི། །བདག་ཉིད་དཀྱིལ་འཁོར་རབ་ཏུ་གཞུག་།དེ་ལྟར་ངེས་པར་བསྒོམ་བཞིན་པའི། །དཀྱིལ་འཁོར་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བ་རབ་ཏུ་བཤད་པར་བྱ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨ་དྱ་ནུ་ཏ་པནྣ་ཏྭ་ཏ། དེའི་དོན་ནི་རྣམ་པར་ཐར་བ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོང་བ་ཉིད་བཅུ་དྲུག་ཏུ་ལྷག་པར་མོས་པར་བྱ་སྟེ། ངར་འཛིན་པའི་བདག་ཉིད་སྟོང་པ་ཉིད་དུ་བལྟའོ། །དེ་ནས་ཡི་གེ་ཧཱུཾ་ལས་རྫོགས་པའི་རྡོ་རྗེས་རླུང་གི་དཀྱིལ་འཁོར་དང ། དེའི་སྟེང་དུ་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་དང ། དེའི་སྟེང་དུ་ཡི་གེ་བཾ་ལས་ཆུ་གཏེར་ཆེན་པོ་དང ། དེའི་སྟེང་དུ་ཡི་གེ་ཀཾ་ལས་གསེར་གྱི་དཀྱིལ་འཁོར་དང ། དེའི་སྟེང་དུ་དབུས་སུ་ཧཱུཾ་སུ་ཧཱུཾ་ཞེས་བྱ་བ་སྟེ། དེ་ལས་རི་
432a
༄#། །ར་བ་གྲུ་བཞི་པ་རིན་པོ་ཆེའི་རང་བཞིན་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་བསྐྱེད་ལ། ཨོཾ་བཛྲ་དྲྀ་ཌྷོ་ཞེས་པ་ལ་སོགས་པ་དང ། རྡོ་རྗེ་བསྡམས་པས་བྱིན་གྱིས་བརླབ་པོ། །དེའི་སྟེང་དུ་རྡོ་རྗེའི་རྒྱུའི་ལས་ཀྱི་ཕྱག་རྒྱས་ཡི་གེ་བྷྲཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་དང ། ནོར་བུ་དང ། རིན་པོ་ཆེའི་རྩེ་མོ་ཙན་གྱི་གཞལ་ཡས་ཁང ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་རྣམས་ནི་ཐམས་ཅད་དུ། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་བ་མཚན་མ་རྡོ་རྗེས་སྤྲས། །དྲ་བ་དྲ་ཕྱེད་ཀྱིས་བརྒྱན་ཅིང ། །ཐིག་ལེ་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །ནང་གི་དཀྱིལ་འཁོར་ནི་འཁོར་ལོ་རྩིབས་བརྒྱད་པ་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བའོ། །དེའི་ལྟེ་བའི་སྟེང་དུ་སེངྒེའི་གདན་ནོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །འཁོར་ལོ་རྩིབས་བརྒྱད་པའི་ནང་རྣམས་སུ་ཟླ་བའི་དཀྱིལ་འཁོར་ཏེ་ལྷ་རྣམས་ཀྱི་གནས་སོ། །ཕྱིའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གནས་ནི་སྣམ་བུ་རྣམས་ལ་ཟླ་བའི་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་བལྟའོ། །སེངྒེའི་གདན་གྱི་སྟེང་གི་ཟླ་བའི་དཀྱིལ་འཁོར་ཡི་གེ་ཨ་ལ་སོགས་པ་དང ། ཡི་གེ་ཀ་ལ་སོགས་པ་ཤེས་རབ་དང ། ཐབས་ཀྱི་ཡི་གེ་ཞུ་བར་གྱུར་བ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ།
432b
བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་སེམས་ཅན་གྱི་དོན་གྱི་རྒྱུ་རྫོགས་པའི་སྔགས་ཀྱི་གཟུགས་སུ་གྱུར་ཏེ། ཨོཾ་མུ་ནེ་མུ་ནེ་མཧཱ་མུ་ན་ཡེ་སཝཱཧཱ་སྔགས་འདིས་དཔལ་ཤཱ་ཀྱའི་རྒྱལ་པོ་རྫོགས་པར་འགྱུར་ཏེ། སྒྲིབ་པ་ཐམས་ཅད་སེལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེ་ནས་ཏིང་ངེ་འཛིན་སྙོམས་པར་ཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེའི་ཕྱག་རྒྱ་དང་སྔགས་བཤད་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིང་ནས། །རིམ་གྱིས་རྣམ་པར་དབྱེ་བར་བྱ། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ནི། །འཁོར་བ་ཐམས་ཅད་གཅོད་བྱེད་ཡིན། །དེ་ཡི་དཔེ་ནི་འདི་ལྟ་སྟེ། །ཇི་ལྟར་པདྨ་ལ་ཆགས་པའི། །བུང་བ་ལ་སོགས་བསྡམས་པ་རྣམས། །པདྨའི་འདབ་མ་ཁ་ཕྱེ་ན། །བཅིངས་པའི་སྡུག་བསྔལ་ལས་ཐར་བྱེད། །དེ་བཞིན་འཁོར་བའི་སྡུག་བསྔལ་གྱི། །སྲིད་གསུམ་འཁོར་བར་བཅིངས་པ་འདི། །ཐུགས་རྗེའི་བདག་ཉིད་ཤཱཀྱ་ཡི། །སེངྒེས་བཅིངས་པ་ལས་གྲོལ་མཛད།། དེ་ནས་དཔལ་ཤཱཀྱ་ཐུབ་པའི་ཐུགས་ཀར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། །དེ་ནས་ཟླ་བའི་དཀྱིལ་འཁོར་ལ་སྔགས་ཐམས་ཅད་ཀྱིས་བསྐྱེད་པར་བྱ་སྟེ། རྡོ་རྗེ་གཙུག་ཏོར་ནས་བརྩམས་ཏེ་ཇི་སྲིད་རྡོ་རྗེ་འབེབས་པའི་མཐར་ཐུག་པ་འབྱུང་བ་ཡིན་ནོ། །དེ་ནས་སྔགས་རྣམས་འབྱུང་སྟེ། ཨོཾ་ན་མོ་བྷ་ག་བ་ཏེ་སརྦ་དུརྒ་\?\་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་
433a
༄#། །ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭའྷཱ། སྔགས་འདི་ངེས་པར་བརྗོད་དོ། །དེ་ནས་དེའི་ཕྱིར་གོ་རིམས་ནི། །རིམས་བཞིན་ཡང་དག་རབ་བཤད་བྱ། །ོཾ་བཛྲ་ཧཱུཾ་ཕཊ། ཁ་ཡི་སྒོ་ནས་ཕུང་ནས་ནི། །ཀུན་ནས་འོད་ཟེར་ལྔ་བར་འཐོན། །ཀུན་ནས་ཕྱོགས་བཅུར་སྣང་བྱས་ནས། །སེམས་ཅན་རྣམས་ནི་ཐམས་ཅད་ནི། །སྡུག་བསྔལ་རྣམས་ནི་ཐར་མཛད་དེ། །འོད་ཟེར་རྣམས་ནི་སླར་ལོགས་ནས། །ཐུགས་ཀར་ཞུགས་ཏེ་དེ་རྗེས་ལ། །སྔགས་དང་འོད་ཟེར་གཉིས་འདྲེས་པ། །ལས་བྱུང་སྐུ་ནི་ཡོངས་རྫོགས་པ། །ནང་གི་དཀྱིལ་འཁོར་འཁོར་ལོའི་རྩིབས། །ཤར་ཕྱོགས་པདྨ་ཟླ་བར་བཞུགས། ། རྡོ་རྗེ་གཙུག་ཏོར་དེ་བཞིན་གཤེགས། །སེམས་ཅན་ཀུན་ལ་ཕན་དོན་དུ། །ཐུགས་ཀ་ལས་བྱུང་བཞུགས་པ་ནི། །སྐུ་མདོག་དཀར་ཞིང་འོད་ཟེར་འབར། །ས་གནོན་ཕྱག་རྒྱ་ཡང་དག་བཞུགས། །དེ་ལྟར་འོད་ཟེར་སྤྲོ་བསྡུ་ནི། །སྔར་བཤད་པ་ཡི་ཐམས་ཅད་ཀྱང ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །སྔགས་དང་འོད་ཟེར་ལེགས་འདྲེས་དང ། །སྐུ་ནི་བསྐྱེད་ཅིང་ཡང་དག་རྫོགས། །ཇི་བཞིན་གནས་སུ་བཞུགས་པར་བྱ། །ོཾ་རཏྣོ་\?\་ཏ་ཏ་མ་ཏྲཱཾ་ཞེས་བྱ་བས་དབྱུང་བར་བྱའོ། །ལྷོ་ཡི་རྩིབས་སུ་ཡང་དག་བཞུགས། །པདྨ་ཟླ་བའི་
433b
དབུས་སུ་ནི། །རིན་ཆེན་གཙུག་ཏོར་དེ་བཞིན་གཤེགས། །ཐུགས་ཀ་ནས་ནི་ངེས་བཏོན་ནས། །སངས་རྒྱས་མཚན་གྱིས་ཡང་དག་བརྒྱན། །སྐུ་མདོག་སྔོ་ཞིང་ཤིན་ཏུ་མཛེས། །འདི་ཡི་ཕྱག་རྒྱ་མཆོག་སྦྱིན་ཉིད། །ཁམས་གསུམ་པ་ནི་མ་ལུས་པའི། །སེམས་ཅན་ཀུན་ལ་དབང་བསྐུར་མཛོད། །སྔར་བཞིན་སྤྲོ་དང་བསྡུ་བ་དང ། །གཟུགས་བསྐྱེད་པ་ཡི་རིམ་པ་ཡིན། ། ོཾ་པདྨོད་ཏ་མ་ཧྲཱིཿ ། ཞེས་དབྱུང་བར་བྱའོ། །དེ་ནས་ནུབ་ཀྱི་རྩིབས་གནས་པའི། །པད་སྟེང་ཟླ་བའི་དཀྱིལ་འཁོར་ལ། །ས་བོན་འོད་ཟེར་གྱིས་རྫོགས་པའི། །པདྨ་གཙུག་ཏོར་དེ་བཞིན་གཤེགས། །ཐུགས་ཀ་ལས་ནི་ཕྱུང་གྱུར་ནས། །རྗེས་སུ་སྟོན་མཛད་བཞུགས་པ་ནི། །པདྨ་རཱ་གའི་འོད་འབར་བ། །བསམ་གཏན་ཕྱག་རྒྱས་རྣམ་པར་བཞུགས། །ོཾ་བི་ཤཝོ་ཏཏ་\?\་མ་ཨཿ ་ཞེས་དབྱུང་ངོ ། །བྱང་ཕྱོགས་རྩིབས་གནས་པདྨ་ཡི། །སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ། །ཐུགས་ཀ་ནས་བཏོན་སངས་རྒྱས་ནི། །སྣ་ཚོགས་གཙུག་ཏོར་དེ་བཞིན་གཤེགས། ། སྐུ་མདོག་ལྗང་གུ་འོད་འབར་བ། །འདི་ཡི་ཕྱག་རྒྱས་མི་འཇིགས་སྦྱིན། །ཕྱག་རྒྱས་འཕྲིན་ལས་སྣ་ཚོགས་མཛད། །སེམས་ཅན་འཁོར་བ་ལས་སྒྲོལ་བའོ། །ཡི་གེ་ཨོཾ་གྱིས་སངས་རྒྱས་དབྱུང ། །གཙུག་ཏོར་གཟི་བརྗིད་དེ་བཞིན་གཤེགས། །མེ་ཡི་མཚམས་གནས་པདྨར་གནས། །ཡང་དག་ཟླ་བའི་དཀྱིལ་འཁོར་ལ། །གཡས་པས་ཉི་མ་ཡང་དག་བསྣམས། །
434a
༄#། །ཕྱག་གཡོན་པ་ནི་དཀུ་ལ་གནས། །སྐུ་མདོག་དཀར་དམར་འོད་ཀྱིས་ནི། །ཁམས་གསུམ་པོ་ནི་སྣང་བར་མཛད། །ཧཱུཾ་གི་ས་བོན་ལས་བྱུང་བ། །གཙུག་ཏོར་རྒྱལ་མཚན་དེ་བཞིན་གཤེགས། །ཐུགས་ཀ་ལས་བྱུང་ཕྱུང་ནས་ནི། །བདེན་བྲལ་རྩིབས་ལ་བཞུགས་ནས་ནི། །པད་གནས་ཟླ་བའི་གཟུགས་ལ་ཡང ། །སྐུ་མདོག་དམར་ཞིང་གནག་པ་ལ། །ཡིད་བཞིན་ནོར་བུའི་རྒྱལ་མཚན་བསྣམས། །སེམས་ཅན་སེར་སྣ་སྦྱོང་མཛད་པ། །དྷཱིཿ ་ཡིག་ས་བོན་ལས་རྫོགས་པའི། །གཙུག་ཏོར་རྣོན་པོ་དེ་བཞིན་གཤེགས། །ཉོན་མོངས་ཉེ་བའི་ཉོན་མོངས་རྣམས། །གཅོད་མཛད་རླུང་གི་རྩིབས་སུ་ཕྱུང ། །པདྨ་ཟླ་བ་ལ་བཞུགས་ཤིང ། །འདི་ཡི་ཕྱག་མཚན་གཡས་རལ་གྲི། །གཡོན་ན་གླེགས་བམ་བསྣམས་པ་ནི། །སྐུ་མདོག་མཁའ་ལྟར་སྔོ་བ་འོ། །པདྨ་ལ་གནས་ཟླ་བར་བཞུགས། །ཏྲཱཾ་ཡིག་ས་བོན་ལས་བྱུང་བའི། །གཙུག་ཏོར་གདུགས་དཀར་དེ་བཞིན་གཤེགས། །སེམས་ཅན་རྣམས་ཀྱི་ཆོས་ཀྱི་རྗེ། །དབང་ལྡན་རྩིབས་སུ་དབྱུང་བར་བྱ། །ཀུནད་ལྟ་བུའི་མདོག་ལྟ་བུ། །འདི་ཡི་ཕྱག་མཚན་གདུགས་བསྣམས་པ། །དེ་ཀུན་སྣ་ཚོགས་པདྨར་གནས། །ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི། །ོཾ་ཏྲཱཾ་ཧྲཱིཿ ་ཨཿ ། སྔགས་དེ་རྣམས་སུ་བརྗོད་ནས་སུ། །ཐུགས་ཀ་ནས་ཀྱང་དབྱུང་བ་དང ། །མཚམས་ཀྱི་གནས་ནི་བཞི་པོ་རུ། །པདྨ་ཟླ་བའི་དཀྱིལ་འཁོར་
434b
ལ། །སྒེག་མོ་ལ་སོགས་ལྷ་མོ་བཞི། །རིགས་ཀྱི་སྐུ་མདོག་འཛིན་པ་སྟེ། །དཀར་སེར་དམར་པོ་སྣ་ཚོགས་མདོག་།དེ་ནས་ཕྱག་རྒྱ་བཅིང་བ་ནི། །སྔར་བཤད་ཇི་སྐད་བཤད་བཞིན་དུ། །སྔགས་དེ་ཉིད་ནི་བརྗོད་ནས་སུ། །ཐུགས་ཀ་ནས་ཀྱང་དབྱུང་བྱ་སྟེ། །བདུག་པ་ལ་སོགས་ལྷ་མོ་བཞི། །པདྨ་ལ་གནས་ཟླ་བ་ཡི། །དཀྱིལ་འཁོར་དུ་ནི་མཚམས་བཞི་པོ། །ཐམས་ཅད་དུ་ཡང་སྐུ་མདོག་ནི། །རིགས་ཀྱི་རིམ་པ་ཉིད་ཀྱིས་སོ། །ོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ནས་ས་མུངྒ་ག་ཏེ་སཝ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་བ་རི་ཝཱ་རེ་སཝཱཧཱ། །སྔགས་ཀྱིས་དབྱུང་སྟེ་ཤར་གྱི་སྒོའི། །གཞོགས་གཉིས་དག་ཏུ་གནས་པ་ནི། །བྱམས་པ་ལ་སོགས་གནས་བཞི་པོ། །པད་གནས་ཟླ་བའི་དཀྱིལ་འཁོར་ལ། །ཐམས་ཅད་སེམས་དཔའི་སྐྱིལ་ཀྲུང་ཅན། །ཕྱག་རྒྱ་སྐུ་མདོག་རིམ་པ་ཡང ། །བྱམས་པ་ཐུགས་ནི་རྣམ་དག་པ། །སྐུ་མདོག་སེར་པོ་འོད་ཟེར་བཟང ། །གཡས་པ་ཀླུ་ཤིང་མེ་ཏོག་ཅན། །གཡོན་པས་སྤྱི་བླུགས་བསྣམས་པའོ། །གཉིས་པ་མཐོང་བ་དོན་ཡོད་ནི། །སྐུ་མདོག་སེར་པོ་འོད་ཟེར་འབར། །ཕྱག་གཡས་པདྨ་སྤྱན་ཅན་ཏེ། །གཡོན་པའི་ཕྱག་ནི་དཀུར་བཞག་པའོ། །བྱང་ཆུབ་སེམས་དཔའ་གསུམ་པ་ཡང ། །མཚན་ནི་ངན་སོང་སྤོང་འཇོམས་པ། །སྐུ་མདོག་དཀར་པོ་འོད་འབར་ཞིང ། །ཕྱག་རྒྱ་ལྕགས་ཀྱུ་བསྣམས་པ་ཅན། །བཞི་པ་མྱ་ངན་མུན་པ་ཀུན། །ངེས་འཇོམས་བློ་གྲོས་དེ་བཞིན་ཏེ། །དཀར་སེར་འདྲེས་པའི་མདོག་ཏུ་
435a
༄#། །ཏུ་སྣང ། །དེ་ཡི་ཕྱག་རྒྱ་དབྱུག་པ་བསྣམས། །གཡོན་པ་ཁུ་ཚུར་དཀུར་བཞག་ཅིང ། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། །བྱང་ཆུབ་སེམས་དཔའ་བཞི་རྣམས་ཀྱང ། །ལྷོ་སྒོར་རབ་ཏུ་བཞུགས་པ་འོ། །དང་པོ་སྤོས་ཀྱི་གླང་པོ་ཡང ། །དཀར་པོ་སྔོ་བའི་སྐུ་མདོག་ཅན། །འདི་ཡི་ཕྱག་རྒྱ་ཕྱག་གཡས་ན། །དྲི་ཡིས་དུང་ནི་རབ་ཏུ་བཀང ། །གཡོན་པ་ཁུ་ཚུར་དཀུར་བཞག་ལ། །སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང ། །གཉིས་པ་དཔའ་བར་འགྲོ་བར་མཚོན། །ཉོན་མོངས་ཐམས་ཅད་རབ་གྲོལ་མཛད། །ཤེལ་གྱི་མདོག་ཅན་འོད་བཟང་བ། །འདི་ཡི་ཕྱག་རྒྱ་རལ་གྲི་བསྣམས། །གཡོན་པའི་ཕྱག་ནི་དཀུར་བཞག་ནས། །སེམས་ཅན་སྡུག་བསྔལ་ཞི་མཛད་པའོ། ། གསུམ་པ་ནམ་མཁའ་མཛོད་ཉིད་དེ། །རྒྱན་ནི་ཐམས་ཅད་ཀྱིས་བརྒྱན་པ། །དཀར་སེར་བསྲེས་པའི་སྐུ་མདོག་འོད། །སྒྲིབ་པ་ཐམས་ཅད་རྣམ་པར་སྤངས། །འདི་ཡི་ཕྱག་རྒྱ་ཕྱག་གཡས་ན། །པདྨ་ལ་གནས་ཆོས་ཀྱི་མཛོད། །གཡོན་པའི་ཕྱག་ནི་དཀུར་བཞག་ལ། །ནམ་མཁའི་ནོར་ཀུན་འཆང་བ་འོ། །བཞི་བ་ཡང་ནི་ཡེ་ཤེས་ཏོག་།བསམ་པ་ཐམས་ཅད་ཡོངས་རྫོགས་མཛད། །སྔོན་པོའི་མདོག་ཅན་ཡང་དག་གསལ། །ཡིད་སྦྱིན་ནོར་བུའི་རྒྱལ་མཚན་བསྣམས། །གཡོན་པའི་ཁུ་ཚུར་དཀུར་འཇོག་ཅིང ། །
435b
དབུལ་བའི་སྡུག་བསྔལ་དགྲོལ་བར་མཛད། །ནུབ་སྒོའི་དྲུང་དུ་པདྨ་ལ། །གནས་པའི་ཟླ་བའི་དཀྱིལ་འཁོར་དུ། །དང་པོ་བདུད་རྩི་འོད་ཅེས་པ། །ཟླ་བའི་མདོག་གིས་རྣམ་པར་མཛེས། ། བདུད་རྩིའི་བུམ་པ་ལེགས་པར་བསྣམས། །ཅོད་པན་རིན་ཆེན་ཕྱག་གིས་སོ། །གཡོན་པ་ཁུ་ཚུར་དཀུར་འཇོག་ཅིང ། །རྒྱ་ཆེན་ཚེ་ནི་སྩོལ་བ་པོ། །གཉིས་པའི་མཚན་ནི་ཟླ་བའི་འོད། །མི་ཤེས་པ་ཡི་མུན་པ་གསལ། །སྐུ་མདོག་དཀར་པོ་མཛེས་པ་ནི། །ཕྱག་རྒྱ་གཡས་པའི་ཕྱག་ཉིད་ཀྱིས། །པདྨར་གནས་པའི་ཟླ་བའི་གཟུགས། །གཡོན་པ་ཁུ་ཚུར་དཀུར་བཞག་པའོ། །གསུམ་པ་བཟང་སྐྱོང་ཞེས་བྱ་བ། །དཀར་ཞིང་དམར་བའི་མདོག་ཅན་ཉིད། །ཆོས་རྣམས་ཐམས་ཅད་རབ་གསལ་མཛད། །ཕྱག་རྒྱ་ཕྱག་ནི་གཡས་པ་ཡིས། ། རིན་ཆེན་འབར་བ་ཡང་དག་བསྣམས། །གཡོན་པ་ཁུ་ཚུར་དཀུར་གནས་པའོ། །བྱང་ཆུབ་སེམས་དཔའ་བཞི་པ་ཡང ། །དྲ་བ་ཅན་གྱི་འོད་མཚན་ཅན། །སྐུ་མདོག་དམར་པོ་འོད་འབར་བ། །རྡོ་རྗེའི་གུར་ནི་བསྣམས་པ་ཅན། །བྱང་སྒོའི་རྩ་བར་པདྨ་ལ། །གནས་པའི་ཟླ་བའི་དཀྱིལ་འཁོར་དུ། །སངས་རྒྱས་སྲས་པོ་དང་པོ་ཉིད། །མཚན་ནི་རྡོ་རྗེ་སྙིང་པོ་ཞེས། ། དཀར་ཞིང་སྔོ་བའི་མདོག་དང་ལྡན། །ཕྱག་རྒྱ་ཕྱག་ནི་གཡས་པ་ཡིས། །ུཏྤལ་ལ་ནི་རྡོ་རྗེར་ལྡན། །གཡོན་པ་ཁུ་ཚུར་དཀུར་གནས་པའོ། །གཉིས་པ་བློ་གྲོས་ཞེས་པ་ཡི། །མི་
436a
༄#། །ཟད་པ་ཐར་ཡང་དག་ལྡན། །ཀུན་ཏུ་ཟླ་བའི་མདོག་ལྟར་གསལ། །ཕྱག་རྒྱ་ཕྱག་ནི་གཉིས་པ་ཡིས། །ཡེ་ཤེས་བུམ་པ་ཡང་དག་བསྣམས། ། སེམས་ཅན་ཐམས་ཅད་རབ་ཚིམ་མཛད། །སངས་རྒྱས་སྲས་པོ་གསུམ་པ་ཡང ། །སྤོབས་པ་བརྩེགས་པའི་ཐ་སྙད་ཅན། །སྐུ་མདོག་དམར་ཞིང་འོད་འབར་བ། །ཕྱག་རྒྱ་ཕྱག་གཡས་པདྨ་ལ། །གནས་པའི་རིན་ཆེན་ཕུང་པོ་ཉིད། །གཡོན་པ་ཁུ་ཚུར་དཀུར་གནས་པའོ། །རྒྱལ་བའི་སྲས་པོ་བཞི་པོ་ནི། །ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། །སྐུ་མདོག་སེར་ཞིང་འོད་འབར་བ། །གཡས་པའི་ཕྱག་གི་ཕྱག་རྒྱ་ནི། རིན་ཆེན་སྙེ་མ་བསྣམས་པ་ལ། །གཡོན་པ་ཁུ་ཚུར་དཀུར་བརྟེན་པའོ། །དེ་ལྟའི་གཟུགས་དང་ཡང་དག་ལྡན། །བྱང་ཆུབ་སེམས་དཔའ་བརྩེ་བ་དག་ཉིད། །དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །ོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སཝཱཧཱ། ན་མཿ ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛའ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱ་ཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེ་སཝཱཧཱ། སྔགས་འདིས་ཤཱཀྱའི་རྒྱལ་པོ་ལ་སོགས་པ་ལྷ་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བསྒོམ་མོ། །དེ་ནས་དེའི་རྗེས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་
436b
སྤྱན་དྲང་བར་བྱའོ། །སྔགས་དང་ཕྱག་རྒྱ་མཉམ་ལྡན་པས། །སྒོ་ནི་དབྱེ་བར་བྱས་ནས་སུ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཛུབ་མོ་གཉིས་ནི་རབ་ཏུ་བརྐྱང ། །མཐེའུ་ཆུང་ལུག་གུ་རྒྱུད་བྱས་ལ། །སྒོ་དབྱེ་བ་ཡི་ཕྱག་རྒྱ་ཡིས། །ོཾ་སརྦ་བིདྱཱ་དྷ་ར་ཨུད་གྷ་ཌ་ཡ་ཧཱུཾ། སྒོ་དབྱེ་བའི་སྔགས་དང་ཕྱག་རྒྱས་སྒོ་དབྱེའོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དཀྱིལ་འཁོར་ཡོངས་སུ་བཏེག་སྟེ། ཨོཾ་སརྦ་བིདྱཱ་བཛྲ་ཙ་ཀྲ་ཧཱུཾ། ལག་ངར་དག་ནི་རྡོ་རྗེར་བཅིངས། །རྡོ་རྗེ་སེ་གོལ་རྣམ་གྲོལ་བས། །ཤཱཀྱའི་རྒྱལ་པོ་སྦྱོར་བདག་དཔལ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །གཡོན་པ་སེ་གོལ་བརྡབས་པ་ཡིས། །མཉམ་པར་བརྡབས་པར་གྲུབ་པར་འགྱུར། །གཡས་པ་ཡིས་ཀྱང་བརྡབ་པར་གསུངས། །གཉིས་ཀ་ཡང་ནི་བསྡུས་པ་ཡིན། །ོཾ་བཛྲ་ས་མཱ་ཛཿ ་ཛཿ ་ཧཱུཾ་བཾ་ཧོཿ ། བཀའ་བསྒོ་བ་འདི་བསྒྲགས་ཙམ་གྱིས། །འཁོར་དང་བཅས་པའི་འཁོར་ལོའི་ཚོགས། །སངས་རྒྱས་ཐམས་ཅད་བྱོན་འགྱུར་ན། །གཞན་རྣམས་རབ་འཇུག་ལྟ་ཅི་སྨོས། །དེ་ནས་མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་འཁོར་ལོ་བལྟས་ལ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་མཆོད་ཡོན་གྱི་སྣོད་ན་གནས་པའི་དྲིའི་ཆུ་ཡིས་ཡང་དག་པར་བསངས་ཏེ། ཞབས་བསིལ་དབུལ་ལོ། །དེ་ནས་མཆོད་ཡོན་གྱི་ཕྱག་རྒྱས་མཆོད་ཡོན་དབུལ་ལོ། །དེ་ནས་ཞབས་བསིལ་གྱི་ཕྱག་
437a
༄#། །རྒྱས་ཞབས་བསིལ་དབུལ་ལོ། །དེ་ནས་ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསྐྲད་ལ་དཀྱིལ་འཁོར་དུ་གཞུག་གོ་།དེ་ནས་ཡང་ཕྱག་རྒྱ་དང་པོར་སྔར་བཤད་པའི་ཕྱག་རྒྱའི་ཆོ་གས་དམ་ཚིག་གི་ཕྱག་རྒྱ་རྣམས་བཅིང་ངོ ། །དེ་ནས་སྔར་བཤད་པའི་སྔགས་ཀྱིས་ཆོས་ཀྱི་ཕྱག་རྒྱའི་ཆོ་ག་བྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱའི་སྔགས་ཀྱིས་ལས་ཀྱི་ཕྱག་རྒྱ་བཅིང་ངོ ། །དེ་ནས་ཕྱག་རྒྱ་ཆེན་པོའི་སྔགས་ཀྱིས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་གཙུག་ཏོར་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་མ་རྡོ་རྗེ་མ་དང ། རིན་ཆེན་རྡོ་རྗེ་མ་དང ། ཆོས་ཀྱི་རྡོ་རྗེ་མ་དང ། ལས་ཀྱི་རྡོ་རྗེ་མ་རྣམས་སྤྲོས་ཏེ། དཀྱིལ་འཁོར་དང་བཅས་པའི་ལྷ་དཔལ་ཤཱཀྱའི་རྒྱལ་པོ་ནས་བརྩམས་པའི་རྡོ་རྗེ་འབེབས་པའི་མཐར་ཐུག་པ་ལ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། དབང་བསྐུར་བ་ལྔ་དང ། བདག་པོ་སྟེ་ས་བཅུའི་མཐར་ཐུག་པ་སྦྱིན་ནོ། །དབང་བསྐུར་མ་ཐག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པེ་ཧཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་དཱི་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་
437b
སྒེག་མོ་ལ་སོགས་པ་བཞི་ཡིས་མཆོད་དོ། །རྡོ་རྗེ་གསོར་ཞིང་རྡོ་རྗེའི་ཚིག་ཡི་གེ་བརྒྱ་པ་སྔོན་དུ་འགྲོ་བས་སྔར་བཞིན་བསྟོད་པར་བྱའོ། །དེ་ནས། མཉམ་མེད་མི་གཡོ་མཉམ་མེད་སྙིང་པོའི་ཆོས་ཅན་ནི། །ཐུགས་རྗེའི་བདག་ཉིད་ཅན་ཉིད་འགྲོ་བའི་སྡུག་བསྔལ་སེལ། །ཡོན་ཏན་དངོས་གྲུབ་ཐམས་ཅད་མཐའ་ཡས་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་མཆོག་རབ་ཆོས་ཅན་རྣམས། །ཡོན་ཏན་མཆོག་ནི་ཕྲ་མོའི་ཆ་ལའང་མཚམས་མེད་དོ། །ནམ་མཁའ་དང་མཉམ་དཔེར་གྱུར་པ་ཉིད་ཡོད་མ་ཡིན། །སེམས་ཅན་ཁམས་ལ་གྲུབ་མཆོག་སྩོལ་བ་རྣམས་ལ་གསོལ། །དངོས་གྲུབ་མཐའ་ཡས་རྣམས་ལ་དཔེ་དང་རྣམ་དང་བྲལ། །དྲི་མེད་ཐུགས་རྗེ་བརྒྱ་པ་ཉིད་ཀྱི་ཤུགས་ལས་བྱུང ། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་ལྷུར་མཛད་མཐའ་ཡས་མངའ་བ་ཅན། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང ། །འགག་མེད་ཉིད་ཀྱི་ཐུགས་རྗེའི་སྤྱོད་པ་མི་གཡོ་བ། །འཇིག་རྟེན་གསུམ་ལ་མཆོག་གི་དངོས་གྲུབ་སྩོལ་བ་འཇུག་།དཔག་མེད་དཔག་བྲལ་རྣམས་ལ་ཤིན་ཏུ་རྫོགས་ཉིད་རྫོགས། །བདེ་བའི་གནས་སུ་གཤེགས་ཀྱང་ཨེ་མའོ་ཆོས་ཉིད་བཟང ། །རྟག་ཏུ་མཆོག་སྦྱིན་ཉིད་དེ་བདེ་འགྲོ་ཉིད་དུ་གཤེགས། །མཐའ་དག་འཇིག་རྟེན་གསོལ་ལ་དངོས་གྲུབ་མཆོག་ནི་སྩོལ་བ་པོ། །བདེ་གཤེགས་དུས་གསུམ་བགྲོད་ཉིད་སྒྲིབ་པ་མི་མངའ་ཉིད། །དམ་ཚིག་གསུམ་མཆོག་དངོས་གྲུབ་མཆོག་སྦྱིན་བདག་ལ་སྩོལ། །ཅེས་
438a
༄#། །པ་དང ། ཐམས་ཅད་ལ་ལྕེ་བརྒྱ་པའི་ཁ་ཡིས་བསྟོད་པ་ཉེ་བར་སྤྱོད་པར་མོས་ཏེ། རྡོ་རྗེ་དང ། དྲིལ་བུ་འཛིན་པས་བསྟོད་པར་བྱའོ། །དེ་ནས་ཕྱོགས་བཅུར་དེ་བཞིན་གཤེགས་པ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་ཕྱི་རོལ་གྱི་ལྷ་རྣམས་ལ་མཆོད་པ་ཐམས་ཅད་དང ། གཏོར་མའི་ཆོ་ག་ཉེ་བར་མཁོ་བ་དང་བཅས་པའི་གཏོར་མ་དབུལ་ལོ། །དཔུང་བ་བཟང་པོའི་ཚིགས་བཅད་བརྗོད་དོ། །དང་པོར་སེ་གོལ་ལ་སོགས་སྒྲས། །ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིས། །སྡིག་པའི་ཕུང་པོ་དགུག་བྱ་ཞིང ། །ཡི་གེ་གསུམ་སོགས་ཡང་དག་ལྡན། །འཇིག་རྟེན་ཁམས་ནི་མ་ལུས་པའི། །སྡིག་པ་ཐམས་ཅད་མཉམ་པོར་སྤོང ། །དགུག་དང་གདོན་དང་བཅིང་བ་རྣམ་པར་གཞོམ། །སྔགས་བཞི་པོ་རྣམས་ལེགས་པར་སྦྱར་བ་ནི། །བདག་སོགས་སྔགས་ཏེ་ཡུངས་ཀར་དང་པོར་བརྡེག ། ཤི་བའི་རུས་པ་གོས་ལ་རབ་བཀྲུ་བ། །ོཾ་ཤོ་དྷ་ནེ་ཞེས་སོགས་སྔགས་ཀྱིས་ནི། །སྲིད་གསུམ་དྲི་མ་ཆུ་ཡིས་བཀྲུ་བ་བྱ། །ོཾ་ཀཾ་ཀ་ནི་ཞེས་སོགས་སྔགས་ཀྱིས་ནི། །བ་ཡི་རྣམ་པ་ལྔ་ཡིས་བཀྲུ་བར་བྱ། །ོཾ་རཏྣེ་རཏྣེ་ཞེས་སོགས་སྔགས་ཀྱིས་ནི། །དྲི་བཟང་རྣམས་ནི་ཀུན་གྱིས་བཀྲུ་བར་བྱ། །ོཾ་ཨ་མོ་གྷ་ཨཱ་བ་ར་ཎ་སོགས། །སྔགས་ཀྱིས་བ་ཡི་འོ་
438b
མས་བཀྲུ་བར་བྱ། །ོཾ་ཨ་མི་ཏེ་ཨ་མི་ཏེ་ཞེས་སོགས། །སྔགས་ཀྱིས་ཚར་མཆོག་གིས་ཀྱང་བཀྲུ་བར་བྱ། །ོཾ་པུ་ཎྱེ་སོགས་པའི་སྔགས་ཀྱིས་ནི། །བར་དང་བར་དུ་ཆུ་ཡིས་བཀྲུ་བར་བྱ། ། ཡང་བཀྲ་ཤིས་ཀྱི་གླུ་བླང་ཞིང་དབང་བསྐུར་ཏེ་ལམ་སྦྱང་བར་བྱའོ། །བདུག་པ་ལ་སོགས་ལྷ་མོ་བཞིའི་སྔགས་སོ། །དེ་ནས་འདི་ཡི་ཐབ་ཁུང་ནི། །ཁྲུ་གང་ཙམ་ལ་སྦྱིན་སྲེག་བྱ། །ངན་འགྲོ་ཀུན་ཏུ་གནས་པ་ཡི། །སེམས་ཅན་དེ་རྗེས་དྲན་བྱས་ནས། །དགེ་བའི་རྒྱུད་ཕྱིར་སྡིག་པ་དང ། །སྒྲིབ་པ་ཞི་ཕྱིར་བསྲེག་བྱ་སྟེ། །མར་དང་འོ་མ་སྦྲང་རྩི་དང ། །འབྲས་ཡོས་ཡུངས་ཀར་བསྲེས་པ་དང ། །ཏིལ་དང་འབྲུ་དང་འབྲས་ལ་སོགས། །བུད་ཤིང་རྣམས་སུ་ལག་གཉིས་ཀྱིས། །ལས་རྣམས་གཞན་དང་གཞན་དག་ཀྱང ། །སྔ་མ་ཇི་ལྟར་དེ་ལྟར་གྱིས། །དེ་ཡིས་མྱུར་དུ་སེམས་ཅན་རྣམས། །བདེ་བ་ཕུན་སུམ་ཚོགས་པ་འཐོབ། །ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་དག་ཀྱང་སེམས་ཅན་དེ་ལ་བྱས་པ་དེ་ནས་དེ་དམྱལ་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་ཏེ། དགའ་ལྡན་གྱི་གནས་སུ་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ་བདེ་བར་གཤེགས་པ་དང་ལྡན་པར་སྐྱེས་སོ། །དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་སྙན་གྲགས་དང་བཅས་པས་གར་བྱེད་ཅིང་སྔགས་ཀྱི་མཆོད་པའི་སྤྲིན་མཐའ་ཡས་པས་སྐྱེ་བ་འདི་ཉིད་ལ་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་ལྷའི་ཚོགས་
439a
༄#། །རྣམས་མདུན་དུ་བྱ་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ལྷ་རྫས་ཀྱི་མེ་ཏོག་དང ། བདུག་པ་དང ། མར་མེ་དང ། དྲི་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་ལ་སོགས་པ་སྣ་ཚོགས་པ་དང ། རྒྱན་དུ་མ་རྣམས་ཀྱིས་ཀྱང་མཛེས་ཤིང་ན་བཟའ་དང་རིན་པོ་ཆེའི་ཆར་ལ་སོགས་པས་ཀྱང་དགའ་བའི་ཚལ་ཡོངས་སུ་གང་བར་བྱས་སོ། །དེ་ནས་ངོ་མཚར་ཆེ་བར་གྱུར་ཏོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ལས། བརྟག་པ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས་སྔགས་ཀྱི་བརྟག་པའི་རྒྱལ་པོ་བརྟག་པ་ཕྱི་མ་གསུངས་ཏེ། །དཔའ་བོ་གདན་ལས་བཞེངས་ནས་ནི། དགྱེས་པས་རྡོ་རྗེ་གསོར་ཞིང་ཤཱཀྱའི་བདག་པོ་དགྱེས་པ་ཐུབ་པའི་དབང་ཕྱུག་ལ་ཕྱག་འཚལ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་སྙིང་པོ་འདི་ཉིད་རང་གི་ཐུགས་ཀ་ནས་ཕྱུང་ངོ ། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཨཱ་པཱ་ཡ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་བྷ་སྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྲུཾ་བི་ནཱ་ཤ་ཡ་སརྦ་ཨཱ་བ་ར་ཎཱ་ནི་བཛྲ་ཧཱུཾ་
439b
ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་སརྦ་ཨཱ་བར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་བ་ན་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་བྲྀ་ཏ་བྲྀ་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཙིཚནྡྷ་ཙིཚནྡྷ་སརྦ་ཨཱ་བ་ར་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིར་ཡ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། དེ་ནས་དེ་དག་གིས་ཉེ་བར་མཁོ་བ་རྣམས་སྤྱད་དེ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ནེ་དྷ་མ་དྷཱུ་པ་ཡ་ཧཱུཾ་ཕཊ། ཨོཾ་སརྦ་དུརྒ་ཏི་བི་ཤོ་དྷ་ནེ་པུཥྤ་བི་ལོ་ཀི་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཨཱ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ནཱ་ལོ་ཀ་ཀ་རི་ཧཱུཾ་ཕཊ། ཨོཾ་སརྦ་ཨཱ་པཱ་ཡ་ག་ཏི་གནྡྷ་ནཱ་ཤ་ནི་གནྡྷ་བ་ཏི་ཧཱུཾ་ཕཊ། ཨོཾ་སརྦ་ན་ར་ཀ་ག་ཏི་ཨཱ་ཀཪྵ་ནི་ཧཱུཾ་ཛཿ ་ཕཊ། ཨོཾ་སརྦ་ན་ར་ཀ་ཨུདྡྷཱ་ར་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཨཱ་པ་ཡ་བནྡྷ་ན་བི་མོ་ཙ་ནི་ཧཱུཾ་བཾ་ཕཊ། ཨོཾ་སརྦ་ཨཱ་པཱ་ཡ་ག་ཏི་ག་ཧ་ན་བི་ནི་ས་ནི་ཧཱུཾ་ཧོཿ ་ཕཊ། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། ནང་གི་དཀྱིལ་འཁོར་འཁོར་ལོ་ནི། །རྩིབས་བརྒྱད་པ་ཡིས་ཤིན་ཏུ་མཛེས། །ལྟེ་བ་མུ་ཁྱུད་ཡང་དག་ལྡན། །ནང་གི་རིམ་པ་བྲིས་ནས་ནི། །ལྟེ་བར་ཤཱཀྱའི་དབང་པོ་ཡི། །བདག་པོ་ཐུབ་པ་བྲི་བར་བྱ། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ནི། །དཔའ་བོ་དེ་
440a
༄#། །ཡི་སྤྱན་སྔར་བྲི། །རྒྱབ་ཏུ་འཁོར་ལོས་བསྒྱུར་བ་ཡང ། །ལེགས་པར་མངོན་པར་བྲི་བར་བྱ། །གཡས་སུ་རྒྱལ་བའི་གཙུག་ཏོར་བྲི། །གཡོན་དུ་རྣམ་པར་རྒྱལ་བ་བྲི། །གཟི་བརྗིད་ཕུང་པོ་ཡང་ནི་མེར། །དབང་ལྡན་དུ་ནི་གདུགས་དཀར་པོ། །རྣམ་པར་མཐོ་བ་རླུང་ཉིད་དུ། །རྣམ་པར་འཇོམས་པ་བདེན་བྲལ་བྲི། །དེ་ནས་ཕྱི་རོལ་ཡང་དག་བྲི། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་པ་ཤིན་ཏུ་མཛེས། །དཔའ་བོ་ལྕགས་ཀྱུ་ཞགས་པ་དང ། །ལྕགས་སྒྲོག་དྲིལ་བུ་སྙན་རྣམས་བཞག་།གྲཝ་ཡི་ཕྱོགས་ནི་ཐམས་ཅད་དུ། །བདུག་པ་ལ་སོགས་བྲི་བར་བྱ། །དེ་ནས་མེ་ཏོག་ཕྲེང་བ་དང ། །དྲི་སོགས་རང་གི་ལུས་ལ་བྱུག་།སློབ་དཔོན་འཇུག་པར་བྱ་བ་སྟེ། །ཛཿ ་ཧཱུཾ་བཾ་ཧོཿ ་བྷ་ག་ཝ་ན། ཨེ་ཧྱེ་ཧི་མཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ། ཞེས་བྱ་བས་ལྷ་ཐམས་ཅད་སྤྱན་དྲང་ངོ ། །དེ་བཞིན་དུ་བཅུག་སྟེ་དབང་བསྐུར་ན་ངན་སོང་ཐམས་ཅད་ལས་རྣམ་པར་གྲོལ་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང་ས་གོང་མ་རྣམས་སུ་སྐྱེ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གདོན་མི་ཟ་བར་ཐོབ་པར་འགྱུར་རོ། །སྔ་མ་བཞིན་དུ་ལས་ཐམས་ཅད་ཀྱང་བྱེད་ཅིང་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །བྱ་བ་བྱས་པས་རིམས་ཐམས་ཅད་དང ། གདོན་ལ་སོགས་པ་རྣམས་ལས་
440b
ཐར་པར་འགྱུར་རོ། །ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བས་ལས་ཐམས་ཅད་བྱེད་དོ། །བརྟག་པ་གཞན་གྱིས་ཆོ་གས་ཀྱང་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། །སྲིན་པོ་ལ་སོགས་པ་ངན་སོང་གི་དབང་དུ་གྱུར་པ་རྣམས་འགྲོ་བ་ཐམས་ཅད་ཀྱི་གཟུགས་བརྙན་ལ་སོགས་པ་མངོན་པར་བྲིས་པ་ལས་བཟླས་པ་དང ། སྦྱིན་སྲེག་དང ། དབང་བསྐུར་བ་རྣམས་ཀྱིས་ངན་སོང་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེངྒེའི་ལྟ་སྟངས་ཀྱིས་ཞལ་དུ་བལྟས་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཕྱག་རྒྱ་མཆོག་གི་མཚན་ཉིད་དམ་པ་བཤད་པར་བྱ་སྟེ། ཐུགས་རྗེའི་གདུང་བའི་དབང་དུ་གྱུར་པའི་སེམས་ཀྱི་རྒྱལ་བ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཏིང་ངེ་འཛིན་དུ་གནས་པས་དཔྲལ་བར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་ཕྱག་འཚལ་བའི་ཕྱག་རྒྱའོ། །རྣལ་འབྱོར་རིག་པས་མགྲིན་པའི་ཕྱོགས་སུ་ཐལ་མོ་ཁ་ཕྱེ་བ་པདྨའི་རྣམ་པར་བྱའོ། །ཐུགས་ཀར་རྡོ་རྗེ་ཐལ་མོ་བྱས་སོར་མོ་དབུས་མ་རྩེ་མོ་སྦྱར་བ་འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ལག་པ་གཡོན་པ་གན་རྐྱལ་དུ་བང་པར་བཞག་ལ་དེའི་སྟེང་དུ་གཡས་པ་བཟློག་སྟེ་བཞག་ལ་མཐེ་བོང་གཉིས་སྦྱར་ཏེ་ཞི་བའི་ལྟ་བས་བལྟའོ། །འདི་ནི་དེ་བཞིན་
441a
༄#། །གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །དེ་ཉིད་ཡོངས་སུ་བསྐོར་ཏེ་ཕན་ཚུན་སྦྱར་ཏེ་མཐེའུ་ཆུང་དག་དང ། མཐེ་བོང་དག་ལུ་གུ་རྒྱུད་ཀྱི་རྣམ་པར་བཅིངས་ལ་སྙིང་གར་གཞག་གོ་།འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཐལ་མོ་གང་བར་སྦྱར་ནས་མཐེའུ་ཆུང་དང ། མཐེ་བོང་སྦྱར་ཏེ་བཟུང་ཞིང་ལྷག་མ་རྣམས་རབ་ཏུ་བརྐྱང་བའོ། །འདི་ནི་པདྨ་རིགས་ཀྱི་པདྨའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པར་བརྟན་པར་བྱས་ནས། གུང་མོ་གཉིས་རྡོ་རྗེ་རྩེ་མོར་བྱས་ལ། མཐེའུ་ཆུང་དང་མཐེ་བོ་ར་བ་ཏུ་བརྐྱང་བའོ། །འདི་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ཀྱིས་མཐེའུ་ཆུང་དང ། མཐེ་བོང་གཉིས་དེ་བཞིན་དུ་བྱས་ལ་མཛུབ་མོ་དང ། །མིང་མེད་པདྨའི་འདབ་མའི་རྣམ་པར་བྱའོ། །འདི་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་ཕྱག་རྒྱའོ། །དེ་ཉིད་ཀྱི་མཛུབ་མོ་དང ། །མིང་མེད་དག་རིན་པོ་ཆེའི་རྣམ་པར་བྱའོ། །འདི་ནི་དབང་བསྐུར་བའི་ཕྱག་རྒྱའོ། །མཐེའུ་ཆུང་དང ། མཐེ་བོང་སོ་སོ་སོ་སོར་སྦྱར་ནས་ལྷག་མ་རྣམས་རབ་ཏུ་བརྐྱང་བ་ནི་མཚོན་ཆ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པ་དེ་ཁོ་ན་བཞིན་དུ་རབ་ཏུ་འཇུག་པ་ནི་ལས་ཐམས་ཅད་ཕའི་ཕྱག་རྒྱའོ། །སྙིམ་པ་གྱེན་དུ་འཐོར་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །དེ་ཉིད་འོག་ནས་
441b
འཐོར་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །དེ་ཉིད་མཐེ་བོང་གཉིས་གྱེན་དུ་བསྙམས་ལ་འཛིན་པ་ནི་མར་མེའི་ཕྱག་རྒྱའོ། །དེ་ཉིད་དུང་འདྲ་བར་བྱས་པ་ནི་དྲིའི་ཕྱག་རྒྱའོ། །དེ་ཉིད་རབ་ཏུ་བརྐྱང་སྟེ་འཛིན་པ་ནི་གཏོར་མའི་ཕྱག་རྒྱའོ། །དེ་ཉིད་གུང་མོ་རྣམས་ནང་དུ་བཅུག་པ་ནི་ཨརྒའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྙམས་ཏེ་ཚིགས་བར་མ་བཅག་ནས་སོར་མོ་ཐམས་ཅད་བརྐྱང་བ་འདི་ནི་རྣམ་པར་འཐོར་བའི་ཕྱག་རྒྱའོ། །དེ་ཉིད་མཐེ་བོང་དང ། མཐེའུ་ཆུང་གཉིས་བཀུག་པ་ནི་རྣམ་པར་འཇོམས་པའི་ཕྱག་རྒྱའོ། །དེ་ཉིད་ཀྱི་སྙིང་པ་འོད་ཟེར་གྱི་རྣམ་པ་ནི་གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ། །དེ་ཉིད་སྤྱི་བོའི་གནས་སུ་བསྐོར་བ་ནི་གདུགས་དཀར་པོའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་དང ། མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་བཅིངས་ལ་བསྐོར་བ་འདི་ནི་འཁོར་ལོའི་ཕྱག་རྒྱའོ། །རྡོ་རྗེ་བསྔམས་པ་ལས་གུང་མོ་གཉིས་རྡོ་རྗེར་བྱས་ལ་མཛུབ་མོ་གཉིས་རིན་པོ་ཆེ་ལྟར་བྱ་སྟེ། ལྷག་མ་འོད་ཟེར་འདྲ་བར་བྱས་པ་ནི་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་གཉིས་རྡོ་རྗེར་བྱས་ལ་སོར་མོ་ལྷག་མ་རྣམས་བསྡམས་ནས་རྡོ་རྗེ་འདྲ་བར་བྱས་པ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གཡས་པ་མཆོག་སྦྱིན་དང ། གཡོན་པ་མི་འཇིགས་པ་སྦྱིན་པའི་དེ་བཞིན་གཤེགས་པ་ཡིན་ནོ། །རྡོ་རྗེ་བསྡམས་པ་
442a
༄#། །ལས་མཛུབ་མོ་གཉིས་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །དེ་ཉིད་ལས་མདའ་འདྲ་བར་བྱས་པ་ནི་མདའི་ཕྱག་རྒྱའོ། །དེ་ཉིད་ཀྱི་ཕྱག་རྒྱ་དང་མཐེ་བོང་རྩེ་སྤྲད་པ་ནི་བློ་གྲོས་ལེགས་པའི་འོ། །དེ་ཉིད་ཀྱི་ཚིགས་བར་མ་བཅག་པ་ནི་རིན་པོ་ཆེའི་འོ། །དེ་ཉིད་སོར་མོ་རྣམས་འོད་ཟེར་འདྲ་བ་ནི་གཟི་བརྗིད་ཀྱི་འོ། །དེ་ཉིད་སྤྱི་བོར་བཞག་པ་ནི་རྒྱལ་མཚན་གྱི་ཕྱག་རྒྱའོ། །དེ་ཉིད་མདུན་དུ་བཞག་པ་ནི་བཞད་པའི་འོ། །དེ་ཉིད་པདྨ་འདྲ་བར་བྱས་པ་ནི་པདྨའི་འོ། །དེ་ཉིད་གུང་མོ་དང་མཛུབ་མོ་བཀུག་པ་ནི་རལ་གྲིའི་འོ། །དེ་ཉིད་གདུ་བུ་འདྲ་བར་བྱས་པ་ནི་འཁོར་ལོའི་འོ། །དེ་ཉིད་པདྨའི་འདབ་མ་འདྲ་བར་བྱས་པ་ནི་ལྕེའི་འོ། །དེ་ཉིད་རྩེ་མོ་ཡིད་ཙམ་བསྐྱེད་པ་ནི་སྣ་ཚོགས་ཀྱིའོ། །དེ་ཉིད་ཤིན་ཏུ་བསྐྱེད་པ་ནི་བསྲུང་བའི་འོ། །དེ་ཉིད་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། །དེ་ཉིད་དམ་དུ་བཀུག་པ་ནི་བསྡམས་པའི་འོ། །དེ་ཉིད་མཛུབ་མོ་གཉིས་བཀུག་པ་ནི་ལྕགས་ཀྱུའི་འོ། །དེ་ཉིད་རྩེ་མོ་སྤྲད་པ་ནི་ཞགས་པའི་འོ། །དེ་ཉིད་ཕན་ཚུན་མདུད་པ་ནི་ལྕགས་སྒྲོག་གིའོ། །དེ་ཉིད་བསྐྱོད་པ་ནི་དྲིལ་བུའི་འོ། །དེ་ནས་ཚངས་པ་དང ། བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཚེ་ཐུང་བ་དང ། སྐལ་བ་ཆུང་བ་རྣམས་ཀྱི་དོན་དང །
442b
ཕན་པ་དང ། བདེ་བ་དང ། ཚེ་བསྲིང་བའི་སླད་དུ་བཤད་དུ་གསོལ། །བདག་ལ་གསང་བའི་བདག་པོས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་དག་ལ་གཟིགས་ནས་ལེགས་སོ་ཞེས་བྱ་བས་མགུ་བར་བྱས་ཏེ། བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས། གང་ཁྱོད་ལ་འདི་ལྟ་བུའི་སྤོབས་པ་ཡང་དག་པར་སྐྱེས་པ་དེ་ནི་ལེགས་སོ། །ལེགས་སོ། །ལེགས་པར་སྒྲུབས་ཤིག་དང་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཐམས་ཅད་ཚེ་དཔག་ཏུ་མེད་པར་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཚེ་དང ། བསོད་ནམས་དང ། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་འཕེལ་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་བྱུང་ངོ ། །ོཾ་པུ་ཎྱེ་པུ་ཎྱེ་མཧཱ་པུ་ཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿ ་པུ་ཎྱེ་ཛྙཱ་ན་སཾ་བྷ་རོ་བྷ་ཙི་ཏེ་ཀ་རི་ཎི་སཝཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་འདི་བཤད་པ་ཙམ་གྱིས་ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ། སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་གི་འགྲོ་བ་རྣམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་གྲོལ་བར་བདག་ཉིད་ཀྱིས་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཤིང་སྣང་བར་བྱས་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
443a
༄#། །སྙིང་པོའི་ཆོས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དཔག་ཏུ་མེད་པའི་རྡོ་རྗེ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་བཤད་དོ། །ོཾ་ཨ་མི་ཏེ་ཨ་མི་ཏེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱ་ནྟེ། ཨ་མི་ཏ་བི་ཀྲནྟ་གཱ་མི་ནི་སརྦ་ཀ་རྨ་ཀླེ་ཤ་ཀཥ་ཡཾ་ཀ་རི་སཝཱ་ཧཱ། དེ་ནས་འདི་བཤད་པ་ཙམ་གྱིས་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རང་ཏུ་ཞིའོ། །དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་སྒྲིབ་པ་ཐམས་ཅད་རྣམས་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པ་ཞེས་བྱ་བའི་སྙོང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ ། །ོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙམ་ནི་རོ་ཙ་ནི། །ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀ་རྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ན་ཉྩ་སཝཱ་ཧཱ། འདི་བཤད་པ་ཙམ་གྱིས་ཐམས་ཅད་དེ་ཁོ་ན་བཞིན་དུ་འགྱུར་རོ། །དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ཐམས་ཅད་དྲི་མ་མེད་ཅིང་རྟྣ་པར་དག་པ་འི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙེམས་པར་ཞུགས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་མ་ལུས་པ་རྣམ་
443b
པར་འཇོམས་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ ། །ོཾ་རཏྣེ་རཏྣེ། མཧཱ་རཏྣེ། རཏྣ་སཾ་བྷ་བེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལཱ་བི་ཤུད་དྷེ། ཤོ་དྷ་ཡ། སརྦ་བླ་པཾ་ཧཱུཾ་ཏྲ་ཊ། དེ་ནས་འདི་བྶཧྡ་མ་ཐག་ཏུ་བདུད་ཀྱི་གནས་ཐམས་ཅད་བཅོམ་ཞིང་རྣམ་པར་བཅོམ་པར་གྱུར་ཏོ། །དེ་ནས་ལར་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་མི་ཆོམས་པར་སྒྲིབ་པ་ཐམས་ཅད་རྣམས་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ ། །ོཾ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་ཧ་ར་ཧ་ར་ཧཱུཾ་ཕཊ། འདི་བཤད་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་གཡོས། རབ་ཏུ་གཡོས། ཡང་དག་པར་རབ་ཏུ་གཡོས། བསྐྱོད་རབ་ཏུ་བསྐྱོད། ཡང་དག་པར་རབ་ཏུ་བསྐྱོད། །བསྒུལ། རབ་ཏུ་བསྒུལ། །ཡང་དག་པར་རབ་ཏུ་བསྒུལ་ཞིང་ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བ་དུ་མ་འཇིག་རྟེན་དུ་སྣང་བར་འགྱུར་རོ། །དེ་ནས་དེ་དག་གི་དཀྱིལ་འཁོར་ནི་འདི་ཡིན་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། །ལོགས་བཞི་དང་ཡང་ཡང་དག་ལྡན། །རྟ་བབས་བཞི་དང་ཀུན་ཏུ་ལྡན། །ཁ་ཁྱེར་དང་ནི་སྒོ་ཁྱུད་བཅས། །དེ་ཡི་དབུས་སུ་འཁོར་ལོ་ཡི། །དཀྱིལ་འཁོར་དམ་པ་བྲི་པར་བྱ། །རྩི་བས་བཞི་དང་ནི་ཡང་དག་ལྡན། །ལྟེ་བའི་དཀྱིལ་འཁོར་མཆོག་ཡིན་ནོ། །དེ་ཡི་དབུས་སུ་མགོན་པོ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་
444a
༄#། །པོ། །ཕྱག་ན་རྡོ་རྗེ་དྲིལ་བུ་ཅན། །ཟླ་བ་རྒྱས་ཞལ་འཛུམ་པ་བྲི། །ཤར་གྱི་རྩིབས་ཀྱི་དབུས་ཀྱི་ཆར། །གཙོ་བོ་མི་བསྐྱོད་པ་ཉིད་བྲི། །ལྷོར་ནི་རིན་ཆེན་བྲི་བྱ་ཞིང ། ། ནུབ་ཏུ་ཆུ་སྐྱེས་པདྨ་སྟེ། །བྱང་དུ་གདོན་མི་ཟ་ཞེས་གྲགས། །དཔའ་བོ་སྟོབས་ཆེན་བྲི་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །འཁོར་ལོས་བསྒྱུར་བའི་ཆ་ལུགས་མཛད། །ཟླ་བའི་དཀྱིལ་འཁོར་མདོག་འདྲ་ཞིང ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་རྣམས། །ཕྱག་ན་མཆོག་སྦྱིན་མི་འཇིགས་པ། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་བྲི། །གྲཝ་ཡི་ཆ་རྣམས་ཐམས་ཅད་དུ། །དེ་བཞིན་བདུག་པ་ལ་སོགས་བྲི། །སྒོ་སྐྱོང་རྣམས་ཀྱང་ཁྲོ་བོ་དང ། མཆོག་ཏུ་ཁྲོ་བར་གཞོལ་བ་བྲི། །དེ་ནས་རྣལ་འབྱོར་རང་ཉིད་ཞུགས། །སྔགས་ཀྱི་ལྷ་རྣམས་སྤྱན་དྲངས་ཏེ། །ཛཿ ་ཧཱུཾ་བཾ་ཧོཿ ་བྷ་ག་བཱན། །བཛྲ་ཨེ་ཧྱེ་ཧི་ས་མ་ཡ་སྟྭཾ། །དེ་ནས་མགོན་པོ་བྱོན་པ་ལ། །མདོར་ན་མཆོད་པ་བྱས་ནས་ནི། །འཆི་བདག་ཉིད་དང་སྤྲུལ་འཇིགས་པའི། །འཆི་བདག་གཞོན་ཕྱིར་གཞུགས་པར་བྱ། །ོཾ་བཛྲ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཏི་རིན་ཏི་རི་བཅིངས། །ལག་ན་རིན་ཆེན་ཐོགས་པ་གཞུག་།ཡང་ན་མེ་ཏོག་ཕྲེང་ལྡན་པ། །དེ་དག་དཀྱིལ་འཁོར་ཉིད་དུ་དོར། །ོཾ་པྲ་ཏཱི་ཙྪ་བཛྲ་ཧཱུཾ། དེ་ནས་དམ་ཚིག་སྦྱིན་ཏེ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། དེ་ནས་འདིས་གདོང་གཡོགས་དགྲོལ་
444b
པར་བྱའོ། །ོཾ་བཛྲ་ཧཱ་སྱ་ཨུད་གྷ་ཊཱ་ཡ་ཧཱུཾ། དེ་ནས་འདིས་དཀྱིལ་འཁོར་བསྟན་པར་བྱའོ། །ོཾ་བཛྲ་དྲི་ཤྱ་ཧོཿ ། དེ་ནས་དབང་བསྐུར་བ་སྦྱིན་ཏེ། །ོཾ་བཛྲ་ཨ་བྷི་ཥཾ་ཉྩ་ཧཱུཾ། ཨོཾ་བུ་དདྷ་ཨ་བྷི་ཥི་ཉྩ་ཨོཾ། ཨོཾ་རཏན་ཨ་བྷི་ཥི་ཉྩ་ཏྲཱཾ། ཨོཾ་པདྨ་ཨབྷི་ཥི་ཉྩ་ཧྲཱིཿ ། ཨོཾ་ཀརྨ་ཨ་བྷི་ཥི་ཉྩ་ཨཿ ་།དེ་ནས་བུམ་པའི་དབང་བསྐུར་སྦྱིན་ཏེ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥི་ཉྩ་ཧཱུཾ་ཨོཾ་བུདདྷ་ཀལ་ཤ་ཨ་བྷི་ཥི་ཉྩ་ཨོཾ། ཨོཾ་རཏན་ཀ་ལ་ཤ་ཨ་བྷི་ཥི་ཉྩ་ཏྲཱཾ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥི་ཉྩ་ཧྲཱིཿ ། ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥི་ཉྩ་ཨཿ ་།དེ་ནས་ཕྲེང་བའི་དབང་བསྐུར་བར་བྱའོ། །ོཾ་རཏྣ་མཱ་ལ་ཨ་བྷི་ཥི་ཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཨོཾ་བཛྲ་པཊཊ་ཨ་བ་ལཾ་བ་ན་ཨ་བྷི་ཥི་ཉྩ་ཏྲཱཾ། ཨོཾ་བཛྲ་མུ་དྲ་ཨ་བྷི་ཥི་ཉྩ་ཧཱུཾ། ཨོཾ་བུདདྷ་མུ་དྲ་ཨ་བྷི་ཥི་ཉྩ་ཨོཾ། ཨོཾ་རཏན་མུ་དྲ་ཨ་བྷི་ཥི་ཉྩ་ཏྲཱཾ། ཨོཾ་པདྨ་མུ་དྲ་ཨ་བྷི་ཥི་ཉྩ་ཧྲཱིཿ ་ཨོཾ་ཀ་རྨ་མུ་དྲ་ཨ་བྷི་ཥི་ཉྩ་ཨཿ ། ཨོཾ་བདྲ་ནཱ་མ་ཨ་བྷི་ཥི་ཉྩ་ཧཱུཾ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ་ཨཿ ་ཨོཾ་བཛྲ་ཀརྨ་ཨ་བྷི་ཥི་ཉྩ་ཧཱུཾ་ཨཿ ། ཨོཾ་བཛྲ་ཙྐྲ་ཨ་བྷི་ཥི་ཉྩ་ཧཱུཾ་བྲུཾ། ཨོཾ་བཛྲ་ཙྐྲ་ཨ་དྷི་པ་དྷི་སྟྭཾ། ཨ་བྷི་ཥི་ཉྩ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཨོཾ་ཨོཾ། ཏྲཱཾ་ཏྲཱཾ་ཏྲཱཾ། ཧྲཱིཿ ་ཧྲཱིཿ ་ཧྲཱཾ། ཨཿ ་ཨཿ ་ཨཿ ། ཨོཾ་བཛྲ་དྷཱ་ར་ཎི་ཨ་བྷི་ཥི་ཉྩ་ཧཱུཾ། ཨོཾ་ཏ་ཐཱ་ག་ཏ་དྷཱ་ར་ཎི་ཨ་བྷི་ཥི་ཉྩ་ཨོཾ། ཨོཾ་རཏྣ་དྷཱ་ར་ཎི་ཨ་བྷི་ཥི་ཉྩ་ཏྲཱཾ། ཨོཾ་པདྨ་དྷཱ་ར་ཎི་ཨ་བྷི་ཥི་ཉྩ་ཧྲཱིཿ ་ཨོཾ་ཀརྨ་དྷཱ་ར་ཎི་ཨ་བྷི་ཥི་ཉྩ་ཨཿ ། ཨོཾ་སརྦཏ་ཐཱ་ག་ཏ་གུ་ཧྱེ་ཨ་བྷི་ཥི་ཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱེ་ཨ་བྷི་ཥི་ཉྩ་ཧཱུཾ། ཨོཾ་ར་ཏྣི་ཡུ་ཧྱི་ཨ་བྷི་ཥི་ཉྩ་ཏྲཱཾ། ཨོཾ་
445a
༄#། །པདྨ་གུ་ཧྱེ་ཨ་བྷི་ཥི་ཉྩ་ཧྲཱིཿ ། ཨོཾ་ཀརྨ་གུ་ཧྱེ་ཨ་བྷི་ཥི་ཉྩ་ཨཱཿ ། ཨོཾ་པྲཇྙ་\?\་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥི་ཉྩ་ཧཱུཾ་ཨཿ ། དེ་ལྟར་དབང་བསྐུར་ནས་ཚེ་འཕེལ་བའི་རིག་པ་འདི་སྤྱོན་ནོ། ། \ུ0f37མ་བྷྲུཾ་བཛྲ་ཨཱ་ཡུ། ཥེ་ཧཱུཾ་ཨཿ ། འདིའི་སྒྲུབ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཚེ་དཔག་མེད་ཟླ་བའི་འོད་ཅན་ཟླ་བའི་དཀྱིལ་འཁོར་ལ་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་མི་འཇིགས་པ་དང ། མཆོག་སྦྱིན་མཛད་པ་ལས་བདུད་རྩི་འཛག་པ་བྲིའོ། །དེའི་འོག་ཏུ་སྒྲུབ་པ་པོ་ལག་པ་ཐལ་མོ་སྦྱར་བ་བརྐྱང་བ་གདོང་གྱེན་དུ་བཅོམ་ལྡན་འདས་ལ་བལྟ་བ་བྲིས་ལ་མཆོད་པ་རྣམ་པ་ལྔས་མཆོད་པ་བྱ་སྟེ་དེའི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་སོ། །དེ་ནས་ཟླ་བ་ཉ་ལ་མཆོད་པ་ཆེན་པོ་བྱས་ལ་དམར་སེར་གྱི་མར་སྣོད་སར་པར་བཅུག་ལ་གཡོན་པའི་རྡོ་རྗེས་མནན་ཏེ། བཅོམ་ལྡན་འདས་ལ་རབ་ཏུ་སེམས་ཤིང་མཚན་ཐོག་ཐག་བཟླས་པ་བྱའོ། །དེ་ནས་དྲི་མནམ་ཞིང་སྔོན་མ་བྱུང་བའི་དྲི་ངད་ཀྱང་ལྡང་ངོ ། །དྲོ་བ་དང ། དུ་བ་དང ། མེ་ཡང་འབྱུང་ངོ ། །འོད་ཟེར་གྱི་སྣང་བ་རབ་ཏུ་འཕྲོས་ཏེ་དེ་ལ་སོགས་པའི་མཚན་མ་བྱུང་ན་མར་དེའམ། མར་གསར་པའམ། ཏིལ་མར་རམ། ཆུའམ། འོ་མའམ། ཞོའམ། ཆང་ངམ། ཁྲག་གམ། ཞག་གམ། ཀླད་པའམ། ཤའམ། གང་ཡང་རུང་བ་དང་ལྷན་ཅིག་ཏུ་རབ་ཏུ་བསྒྲུབས་ཏེ་ནང་པར་སྔར་སྲུང་པ་ལ་སོགས་པ་བྱས་ནས་བདག་ཉིད་སྦྱངས་ཏེ་འཐུངས་སམ། ཟོས་ན་མཚན་མ་ཇི་
445b
ལྟ་བ་བཞིན་དུ་བྱུང་ན་ནི་ནམ་ཟླ་བ་དང ། ཉི་མ་ཇི་སྲིད་པའི་ཚེར་འགྱུར་ཞིང་རྡོ་རྗེ་སེམས་དཔའི་ཚེར་ཡང་འགྱུར་རོ། །ཐ་མས་ནི་དངོས་གྲུབ་ཐ་མར་འགྱུར་ཏེ་འདི་ལ་ཐེ་ཚོམ་མེད་དོ། །མཚན་མ་མ་བྱུང་ན་ཡང་འཇིག་རྟེན་ན་ནད་མེད་པ་དང ། ཡིད་གཞུངས་པ་དང་ལྡན་ཞིང ། སྐྲ་དཀར་དང ། གཉེར་མ་མེད་པ་དང ། ལུས་བརྟན་ཞིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །གཞན་ཡང་བཟླས་པ་བྱས་པ་ཙམ་གྱིས་ཞི་བ་དང ། རྒྱས་པ་དང ། དབང་ལ་སོགས་པའི་ལས་རྣམས་བརྟག་མི་དགོས་པར་འགྲུབ་སྟེ་ཐེ་ཚོམ་མེད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། །བདག་ཅག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དང ། ཕན་པ་དང ། བདེ་བའི་སླད་དུ་རང་ར་ང་གི་སྙིང་པོ་བཤད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་བཀའ་གནང་པར་ཞུ། རྡོ་རྗེ་འཛིན་པས་བཀའ་གནང་བར་ཞུ། །རྒྱལ་པོ་ཆེན་པོ་དག་ལེགས་སོ། །ལེགས་སོ། །ཤོད་ཅིག་དང ། ངས་རྗེས་སུ་ཡི་རང་གི་དམ་ཚིག་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ངལ་གསོས་པོས་བཅོམ་ལྡན་འདས་ཀྱིས་གནང་ཞིང་རྗེས་སུ་ཡི་རང་སྟེ་བྱིན་གྱིས་བརླབ་བས་རང་གི་སྙིང་པོ་རང་གི་སྙིང་གནས་ཕྱུང་ལ། ཨོམ་བཻ། དེ་ནས་དྲི་ཟའི་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་དེ་ཁོན་བཞིན་དུ་རང་གི་སྙིང་པོ་བཤད་པ། ཨོཾ་དྷི། དེ་ནས་གྲུལ་བུམ་གྱི་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་དེ་ཁོ་ན་བཞིན་དུ་རང་གི་སྙིང་
446a
༄#། །པོ་བཤད་པ། ཨོཾ་བི། དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་དེ་ཁོ་ན་བཞིན་དུ་རང་གི་སྙིང་པོ་བཤད་པ། ཨོཾ་ཀཥ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། གྲུ་བཞི་པ་ལ་སྒོ་བཞི་པ། །དཀྱིལ་འཁོར་ལྔས་ནི་བརྒྱན་པ་སྟེ། །དེ་ཡི་དབུས་སུ་མགོན་པོ་ནི། །ཕྱག་ན་རྡོ་རྗེ་འགྱིང་བཅས་བྲི། །དེ་ཡི་གཡོན་པའི་ལོགས་སུ་ནི། །ངལ་གསོ་དགེ་པ་ལག་པ་ན། ། བེ་ཅོན་དང་ནི་ནེ་འུ་ལེ། །རིན་པོ་ཆེ་ཡི་རྒྱན་གྱིས་བརྒན། །སྦོམ་ཞིང་སེངྒེའི་གདན་ལ་བཞུགས། །གསེར་མདོག་གཟི་བརྗིད་ལྡན་པ་བྲི། །ཁས་པས་བུམ་པ་བཟང་ལ་སོགས། །རིན་ཆེན་ཚོགས་ཆར་འབབ་པ་བྲི། །མདུན་དུ་ཡུལ་འཁོར་སྐྱོང་ཉིད་ནི། །པེ་ཝང་སྒྲོགས་པར་ཡང་དག་བརྩོན། །རོལ་ཅིང་ཁ་དོག་ལྗང་གུ་ཉིད། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་བྲི། །གཡས་སུ་དཔའ་བོ་ལུས་འཕགས་པོ། །རལ་གྲི་ཕྱག་ན་བསྣམས་པ་བྲི། །ནུབ་ཏུ་ཡང་ནི་མིག་མི་བཟང ། །རྡོ་རྗེ་ཞགས་པ་འཛིན་ཅིང་མཆོག་།སྦྲུལ་མགོ་བདུན་གྱིས་ཡོངས་སུ་བསྐོར། ། མིག་ནི་དམར་ཞིང་ཤིན་ཏུ་འབུར། །སྒོ་ཡི་ཕྱོགས་ནི་ཐམས་ཅད་དུ། །སྒོ་སྐྱོང་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་སྔགས་པ་རང་ཉིད་འཇུག་།འཁོར་ལོའི་ཕྱག་རྒྱ་ཞེས་གྲགས་པའི། ། བཅོམ་ལྡན་འདས་ཉིད་སྤྱན་དྲང་ཞིང ། །དེ་ནས་རྒྱལ་པོ་སྤྱན་དྲང་ངོ ། །སྤྱན་དྲངས་ནས་ནི་མཁས་པས་མཆོད། །མཆོད་ཡོན་ཞབས་བསིལ་ཆི་ག་བཞིན། །དེ་ནས་སློབ་མ་རྒྱལ་རིགས་
446b
སམ། །རྗེ་རིགས་བྲམ་ཟེ་ལ་སོགས་ཀྱང ། །མེ་ཏོག་ཕྲེང་བས་རྣམ་བརྒྱན་པ། །སྔགས་ཤེས་པ་ཡི་སྔགས་འདི་དང ། །རྡོ་རྗེ་འཛིན་མའི་ཕྱག་རྒྱས་གཞུག་།ོཾ་བྫྲ་ས་མ་ཡེ་ཧཱུཾ། དེ་ནས་མེ་ཏོག་གམ་རིན་པོ་ཆེ་འདིས་ཀྱང་དོར་བར་བྱའོ། །ོཾ་བཛར་པྲ་ཏའི་ཙྪ་དྷཾ་མ་ཧོ་ཏ་ཏ་མ། གང་ལ་ལྷུང་བའི་རྒྱལ་པོ་དེ། །འདི་ཡིས་འགྲུབ་འགྱུར་གཞན་དུ་མིན། །དེ་ནས་གྲཝ་གནས་པ་ཡི། །བུམ་པ་བཞིས་ཀྱང་དབང་བསྐུར་ཏེ། །ལྔ་པ་ཕྱག་ན་རྡོ་རྗེའི་འོ། །ཕྱག་རྒྱ་ཉིད་ཀྱིས་དབང་བསྐུར་བྱ། །དེ་ལ་སོགས་པའི་གོ་རིམས་བཞིན། །དཀྱིལ་འཁོར་བྲིས་ནས་དབང་བསྐུར་བས། །རྒྱལ་པོ་མ་ཡིན་རྒྱལ་པོར་འགྱུར། །རྒྱལ་པོ་ཡིན་ན་ཆེན་པོར་འགྱུར། །ཛམྦུ་གླིང་དབང་དཔལ་དང་ལྡན། །གླིང་བཞི་པ་ཡི་བདག་པོ་མཆོག། ལན་བཞི་དབང་ནི་བསྐུར་བ་དང ། །ལན་བཞིར་རབ་ཏུ་ཞུགས་ན་ནི། །དེ་ལ་རྡོ་རྗེ་འཛིན་རྒྱལ་བདག་།རང་གི་བུ་བཞིན་བསྲུང་བར་བྱ། །བདག་ཅག་རྒྱལ་ཆེན་བཞི་པོས་ཀྱང ། །འབངས་དང་འཁོར་དུ་བཅས་པ་དང ། །ཡུལ་འཁོར་ཕོ་བྲང་བཅས་པ་ཡི། །རྒྱལ་པོས་རྟག་ཏུ་བསྐྱང་བགྱི་སྟེ། །དེ་ཡི་མ་རུངས་པ་རྣམས་དང ། །དེ་ཡི་ཕ་རོལ་སྡེ་དང་ནད། །འཆི་བདག་འཇིགས་པ་མུ་གེ་དང ། ཡམས་དང་ཉེར་འཚེ་གཞོམ་པར་བགྱི། །ངལ་གསོ་པོས་ནི་རྒྱས་པར་བགྱིས། །ཡུལ་འཁོར་སྲུང་གིས་ཞི་བ་ཉིད། །ཕྱུགས་དང་གཉེན་བཅས་དུས་མིན་པའི། །འཆི་བདག་ལུས་འཕགས་པོ་ཡིས་འཇོམས། །
447a
༄#། །མིག་མི་བཟང་གིས་བདེ་བར་བྱེད། །མུ་གེ་ལ་སོགས་རྣམ་པར་འཇོམས། །མདོར་ན་བདག་གིས་དེ་ཡི་ནི། །རེ་བ་ཀུན་དང་བསམ་པ་ཀུན། །བགྱི་སྟེ་གལ་ཏེ་མ་ངེས་ན། ། ཕྱག་ན་རྡོ་རྗེ་བསླུས་པ་ཡིན། །དེ་ནས་ཕྱོགས་སྐྱོང་བཅུས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བའི་སླད་དུ་རང་རང་གི་སྙིང་པོ་རབ་ཏུ་དབུལ་ལོ། །འཇིག་རྟེན་སྐྱོང་བ་རྣམས་ལེགས་སོ། །ལེགས་སོ། །དེ་ལེགས་པ་སྨྲོས་ཤིག། །དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་ལ་སོགས་པས་རང་རང་གི་སྙིང་པོ་རྣམས་ཕུལ་བ། ཨོཾ་ཨཱི། ཨོཾ་ཨིཾ་ཨོཾ་ཨ། ཨོཾ་ཡ། ཨོཾ་རི། ཨོཾ་བཾ། ཨོཾ་ཡཾ། ཨོཾ་ཡཾ། ཨོཾ་བའ། དེ་ནས་དེ་དག་གིས་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །མགོན་པོ་དབུས་སུ་དེ་བཞིན་གཞག། ཕྱོགས་སྐྱོང་རང་གི་ཕྱོགས་ཀྱི་ཆར། །གཞག་བྱ་སྤྱན་སྔར་རྣམ་པ་གཉིས། །ཉི་མ་དང་ནི་ཕག་གི་གཟུགས། །སྒོ་སྐྱོང་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་དེ་ཀུན་སྦྱན་དྲངས་ལ། །མཆོད་པ་ཀུན་གྱིས་མཆོད་པར་བྱ། །དེ་ནས་རང་ཉིད་ཞུགས་ནས་ཀྱང ། །སློབ་མ་རྣམས་ནི་གཞུག་བྱ་ཞིང ། །ཕྱགས་སྐྱོང་ལ་སོགས་སྔགས་བཟླས་པའི། །བུམ་པ་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་ཕན་པར་འདོད་པ་ཡིས། །སྒྲུབ་ཕྱིར་སྙིང་པོའི་སྦྱིན་པར་བྱ། །ཕྱོགས་སྐྱོང་རང་གི་ཕྱོགས་གནས་རྣམས།།
447b
བརྟག་མི་དགོས་པར་འགྲུབ་པར་འགྱུར། །དེ་ནས་དེ་དག་མགུ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་སུ་ཞིག་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དཔང་བསྐུར་བས་དཀྱིལ་འཁོར་འདིར་ཞུགས་ཏེ་དབང་བསྐུར་བ་འཛིན་པ་དང ། གཞན་ཡང་རིགས་ཀྱི་བུའམ། །རིགས་ཀྱི་བུ་མོ་དད་པ་དེ་དག་།བཅོམ་ལྡན་འདས། བདག་ཅག་གིས་ཀུན་ནས་བསྲུང་བ་དང ། བསྐྱབ་པ་དང ། སྦ་བར་བགྱིའོ། །ཕ་རོལ་གྱི་སྡེ་རྣམས་གཞོམ་པར་བགྱིའོ། །དུས་དང ། དུས་སུ་ཆར་དབབ་པར་བགྱིའོ། །འབྲུ་དང ། མེ་ཏོག་དང ། འབྲས་བུ་རྣམས་བསྐྱེད་པར་བགྱིའོ། །དེ་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། །བདག་གིས་རྒྱལ་པོ་ཆེན་པོ་དེའི་ཚེ་བསྲིང་བར་བགྱིའོ། ། དུས་མ་ཡིན་པའི་འཆི་བ་བརྒྱད་པོ་སོ་སོར་དགག་པར་བགྱིའོ། །སྲིན་པོ་རྣམས་ཀྱི་བདག་པོ་ཆེན་པོ་བདེན་བྲལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་རྒྱལ་པོ་ཆེན་པོ་དེ་དང ། རྒྱལ་པོ་ཆེན་པོའི་བུ་དང ། བྲམ་ཟེའམ། རྗེ་རིགས་སམ། མི་གཞན་གང་ཡང་རུང་བ་དག་ལ་ནད་མེད་པ་དང ། ཡི་དྭགས་དང ། འདྲེས་འཇིགས་པ་མེད་པ་དང ། སྲིན་པོ་ལ་སོགས་པའི་འཇིགས་པ་མེད་པ་དང ། དུས་མ་ཡིན་པར་འཆི་བའི་འཇིགས་པ་མེད་པར་བགྱིའོ། །དུས་ཐམས་ཅད་དུ་བསྲུང་བ་དང ། བསྐྱབ་པ་དང ། སྦ་བར་བགྱིའོ། །དེ་ནས་ཀླུའི་རྒྱལ་པོ་ཆེན་པོ་ཆུ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་
448a
༄#། །ལྡན་འདས། བདག་གིས་དུས་ཐམས་ཅད་དུ་རྒྱལ་པོ་དེ་དང ། ཡུལ་ཐམས་ཅད་ཀུན་ནས་སོ་སོར་བསྲུང་བར་བགྱིའོ། །ཀུན་ཏུ་བསྲུང་བར་བགྱིའོ། །འབྲུ་རྣམས་ཀྱང་བསྐྱེད་པར་བགྱིའོ། །ཀླུའི་ཉེས་པ་རྣམས་མི་འབྱུང་བར་བགྱིའོ། །དུག་དང ། ཐོག་ཀྱང་མི་འབྱུང་བར་བགྱིའོ། །མི་ཏོག་དང ། འབྲས་བུ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིའོ། །འཇིགས་པ་ཐམས་ཅད་ཀྱང་སོ་སོར་དགག་པར་བགྱིའོ། །དེ་ནས་རླུང་གི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཀྱང་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་རླུང་གི་འཇིགས་པ་མི་འབྱུང་བར་བགྱི། དུས་མ་ལགས་པའི་རླུང་མི་འབྱུང་བར་བགྱི། འབྲུ་དང ། མེ་ཏོག་དང ། འབྲུ་ཐམས་ཅད་ཀྱང་ཡོངས་སུ་བསྐྱེད་པར་བགྱིའོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་ལུས་ངན་པོས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་ཅུ་དང་ལྷན་ཅིག་ཏུ་མཆིས་ཏེ། སྟོབས་དང་ལྡན་པས་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །ནོར་དང་འབྲུ་ཐམས་ཅད་ལེགས་པར་འབྱོར་པར་བགྱིའོ། །
448b
རང་གི་སྐྱེ་བོ་དང ། ཡོངས་ཀྱི་སྐྱེ་བོ་དང ། ཡུལ་དང ། གནས་དང ། བྲན་དང ། སྣག་གི་གཉེན་དང ། གྲོགས་དང ། བུ་དང ། བུ་མོ་དང ། ཆུང་མ་ལ་སོགས་པ་ཡང་བསྲུང་བར་བགྱིའོ། །གླང་དང ། བ་དང ། བོང་བུ་དང ། རྔ་མོ་དང ། ལུག་དང ། མ་ཧེ་དང ། གླང་པོ་ཆེ་དང ། རྟ་དང ། ར་ལ་སོག་པ་ཡང་བསྲུང་བར་བགྱིའོ། །དེ་ནས་འབྱུང་པོ་ཐམས་ཅད་ཀྱི་བདག་པོ་དབང་ལྡན་གྱིས་ཀྱང་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་རྒྱལ་པོ་དེ་དང ། རྒྱལ་པོའི་བུ་དང ། རྒྱལ་རིགས་དང ། བྲམ་ཟེ་རྣམས་འདི་དང་ཕ་རོལ་ཏུ་ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བཀྲ་ཤིས་པ་དང ། ཆད་པ་ཡོངས་སུ་སྤང་བ་དང ། དུག་གཞིལ་བ་དང ། དུག་གཞོམ་པ་དང ། མཚམས་བཅིང་བ་དང ། ས་གཞི་བཅིང་བ་དང ། ཕྱོགས་བཅིང་བ་དང ། རྡོ་རྗེའི་ར་བ་དང ། རྡོ་རྗེའི་ཕུར་བུས་གདབ་པ་དང ། རྡོ་རྗེའི་གྲུ་ཡང་བགྱིའོ། །དགོས་པ་ཐམས་ཅད་ལ་ཉེ་བར་གནས་པར་བགྱིའོ། །བྱ་བ་དང ། བྱ་བ་མ་ཡིན་པ་རྣམས་ཀྱི་མཚན་མ་ཉེ་བར་བསྟན་པར་བགྱིའོ། །དགེ་བ་དང ། དགེ་བ་མ་ཡིན་པ་ཐམས་ཅད་རྨི་ལམ་དུ་ཡང་བསྒོ་བར་བགྱིའོ། །བསྒྲུབ་པ་ཐམས་ཅད་ལ་བགེགས་མ་མཆིས་
449a
༄#། །པར་དངོས་གྲུབ་ཐམས་ཅད་ཀྱང་སྩལ་བར་བགྱིའོ། །དེ་ནས་ཡང་ནམ་མཁའ་ལ་སྤྱོད་ཅིང་ནམ་མཁའ་ལ་འགྲོ་བའི་བདག་པོས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་དུས་ཐམས་ཅད་དུ་རྒྱལ་པོ་དང ། རྒྱལ་པོའི་བུ་དང ། རྒྱལ་པོའི་བློན་པོ་དང ། བྲམ་ཟེ་དང ། རྒྱལ་རིགས་ལམ་ལ་གནས་པ་ཐམས་ཅད་ལ་བདག་ཉིད་འཁོར་ཐམས་ཅད་དང་བཅས་པ་མཆིས་ཏེ། བསྲུང་བ་དང ། བསྐྱབ་པ་དང ། སྦ་བ་ཀུན་ནས་བསྒྲུབ་པར་བགྱིའོ། །བགེགས་ཀྱི་གནས་ཐམས་ཅད་སོ་སོར་བཟློག་པར་བགྱིའོ། །ནད་ཐམས་ཅད་བསལ་བར་བགྱིའོ། །དུས་ཐམས་ཅད་དུ་ཕྱི་བཞིན་དུ་འབྲང་བར་བགྱིའོ། །དེ་ནས་སའི་འོག་གི་བདག་པོ་ཕག་ཆེན་པོས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་མིའི་བདག་པོ་དང ། རྗེ་རིགས་དང ། བྲམ་ཟེ་དང ། དམངས་རིགས་སམ། གཞན་ཡང ། རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དད་པ་རྣམས་ཀྱི་དུས་ཐམས་ཅད་དུ་དོན་བསྒྲུབ་པར་བགྱིའོ། །འཇིགས་པ་ཐམས་ཅད་ལས་ཀྱང་བསྲུང་བར་བགྱིའོ། །གཞན་ཡང་ཡོངས་སུ་བསྐྱབ་པར་བགྱིའོ། །དེ་ནས་གཟའ་ཆེན་པོ་བརྒྱད་འཁོར་རྒྱུ་སྐར་དང་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་
449b
གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་རང་རང་གི་སྙིང་པོ་རྣམས་འབུལ་བར་འཚལ་ན་དེ་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ལེགས་སོ། ལེགས་སོ། །ངས་བྱིན་གྱིས་བརླབས་ཀྱིས་གཟའ་ཆེན་པོ་རྣམས་ཤོད་ཅིག། དེ་ནས་ཉི་མ་ལ་སོགས་པའི་གཟའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སྨྲས་པ། ཨོཾ་ཨཱ། ཨོཾ་སོ། ཨོཾ་ཨཾ། ཨོཾ་བུ། ཨོཾ་པྲི། ཨོཾ་ཤུ། ཨོཾ་ས། ཨོཾ་རཱ། དེ་ནས་དེ་དག་གི་དཀྱིལ་འཁོར་འབྱུང་སྟེ། དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་སུ་བྲིའོ། །མཐའ་རྣམས་སུ་ནི་རྒྱ་མཚོ་ཆེན་པོ་བཞི་བྲིའོ། །དེ་ཡི་མདུན་དུ་པ་བ་སངས། །ཟླ་བ་རྒྱབ་ཏུ་བྲི་བར་བྱ། །གཡས་སུ་ཕུར་བུ་བྲི་བྱ་ཞིང ། །གཡོན་དུ་ལྷག་པ་བྲི་བར་བྱ། །ཡི་གནས་སུ་མིག་དམར་ཉིད། །རླུང་གི་ཕྱོགས་སུ་ཉི་མ་སྟེ། །དབང་ལྡན་དུ་ནི་སྤེན་པ་ཉིད། །སྲིན་པོའི་ཕྱོགས་སུ་སྒྲ་གཅན་བྲི། །དཀྱིལ་འཁོར་ཕྱི་རོལ་ཁོར་ཡུག་ཏུ། །རྒྱུ་སྐར་ཐམས་ཅད་བྲི་བར་བྱ། །སྒོ་སྒོར་དེ་བཞིན་སྒོ་བ་རྣམས། །ཁྲོས་པའི་ཡིད་དུ་བྲི་བར་བྱ། །རྡོ་རྗེ་འཛིན་པས་འཇུག་བྱ་སྟེ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། །ཐམས་ཅད་ཀྱང་ནི་སྤྱན་དྲང་ངོ ། །དེ་ནས་སློབ་མ་རྣམས་གཞུག་སྟེ། །ོཾ་བྫྲ་ཧ་ན་ཧཱུཾ་ཕཊ་ཨོཾ་བྫྲ་གྲ་ཧ་ས་མ་ཡ་ཧཱུཾ། ཨོཾ་བྫྲ་གྲ་ཧ་པྲ་ཏིའ་ཙྪ་ཧཱུཾ་དེ་
450a
༄#། །ནས་གཟའ་བརྒྱད་སྔགས་ནི་སྔགས་པ་ཡིས། བུམ་པ་བརྒྱད་པོ་རྣམས་ཀྱིས་དབང་བསྐུར་རོ། དེ་ནས་རྡོ་རྗེ་ཕྱག་རྒྱས་དབང་བསྐུར་རེ། དེ་ནས་གཟའ་རྣམས་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ནས་གཟའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གཟའ་ཆེན་པོ་བརྒྱད་ཀྱིས་རྒྱལ་པོ་ཆེན་པོ་དེ་དང ། རྒྱལ་པོའི་བུ་ལ་ཀུན་ཏུ་དུས་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་ཐམས་ཅད་བགྱིའོ། །དེ་ནས་རྒྱུ་སྐར་དང ། སྐད་ཅིག་དང ། ཐང་ཅིག་དང ། ཡུད་ཙམ་རྣམས་སོ། །ཚེས་དང ། སྦྱོར་བ་དང ། ཁྱིམ་དང ། དུས་སྦྱོར་དང ། མཇུག་ཕོང་ལ་སོག་སྤའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དེ་བཞིན་དུ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོའི་བཀའ་མི་བཅག་ཅིང་དཔོན་པོ་བཞིན་དུ་བསྐྱང་བར་བགྱིའོ། །གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་གི་གནས་ཐམས་ཅད་སོ་སོར་བསྐྱབ་པར་བགྱིའོ། །འཇིགས་པ་ཆེན་པོ་འབྱུང་བའི་ཚེ་ན་ཡང་དེས་བདག་ཅག་མཆོད་ན་གདོན་མི་འཚལ་བར་འཇིགས་པ་དེ་མི་འབྱུང་ངོ ། །དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱིས་ཕུད་
450b
ཅེས་བྱ་བའི་སྒྲས་བཅོམ་ལྡན་འདས་མཉེས་པར་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་རྣམས་ཀྱིས་གསང་བའི་སྙིང་པོ་རྣམས་འབུལ་ལོ།། །། ཀླུ་ཆེན་པོ་རྣམས། ལེགས་སོ། །ལེགས་སོ། །གསང་བའི་སྙིང་པོ་རྣམས་ཕུལ་ཅིག། དེ་ནས་དེ་དག་མགུ་ནས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། ། ོཾ་ཕུཿ ། ཨོཾ་ཕུཿ ། ཨོཾ་ཕཾ། ཨོཾ་ཕུཿ ། ཨོཾ་ཕཱི། ཨོཾ་ཕཻ། ཨོཾ་ཕོ། ཨོཾ་ཕཽ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། པདྨ་ཆེན་པོ་འདབ་བརྒྱད་པ། །ཁ་དོག་དཀར་པོ་ལེགས་པར་བྲི། ། དཀྱིལ་འཁོར་དེ་ཡི་དབུས་བཞུགས་པ། །ཕྱག་ན་རྡོ་རྗེ་རབ་ཏུ་ནག། སྦྲུལ་མགོ་མཐའ་ཡས་གདེངས་ཀ་བདུན། །ལྟོས་འགྲོ་ཆེན་པོ་སྡིགས་པ་བྲི། །མཐའ་ཡས་འཇོག་པོ་དེ་བཞིན་དུ། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང ། །ནོར་རྒྱས་བུ་དང་དུད་སྐྱོང་དང ། །པདྨ་ཆུ་བདག་དེ་བཞིན་དུ། །མདོར་ན་འདབ་མ་རེ་རེ་ལ། །དེ་དག་སྦྲུལ་མགོ་འབར་བ་བྲི། ། སྦྲུལ་མགོ་བདུན་བདུན་ཆུང་མ་ཡི། །མགུལ་ནས་འཁྱུད་དང་བཅས་པ་བྲི། །བུམ་པ་བརྒྱད་རྣམས་གཞག་བྱ་སྟེ། །གཏོར་མ་ལྷ་བཤོས་མཛེས་པ་དང ། །མར་དང་འོ་མ་སྦྲང་རྩིར་བཅས། །བཙོས་པའི་དབྱེ་བ་རྣམས་ཀྱང་ངོ ། །རྡོ་རྗེའི་བདག་ཉིད་བཞུགས་པ་ནི། །སྦྲུལ་མགོ་སྦྲུལ་མགོ་ཅན་རྣམས་དགུག། ཕུད་ཅེས་བྱ་བ་ལྷན་ཅིག་སྟེ། །ཛཿ ་ཧཱུཾ་བཾ་ཧོཿ ་ཞེས་བརྗོད་
451a
༄#། །དོ། །དེ་ནས་རྒྱལ་པོའམ་རྒྱལ་རིགས་ནི། །དེ་དག་ཐམས་ཅད་བཅུག་ནས་སུ། །དུག་གི་ཉེས་སྐྱོན་བསལ་བའི་ཕྱིར། །ཕུང་ཅེས་བྱ་བས་དབང་བསྐུར་རོ། ། དེ་ནས་མིང་ཙམ་བཟུང་བས་ཀྱང ། །ཀླུ་རྣམས་དེ་དག་ཐམས་ཅད་འགྲུབ། །དེ་ནས་དེ་དག་ཀུན་མགུ་ནས། །བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། །སྤྱན་སྔར་ཐལ་མོ་སྦྱར་འཁོད་ནས། །སྨོན་ལམ་རབ་ཏུ་འདེབས་པར་འགྱུར། །བཅོམ་ལྡན་འདས། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་གང་དག་དཀྱིལ་འཁོར་འདིར་ཞུགས་པ་དེ་དག་བསླུས་པར་གྱུར་ན་དེའི་ཚེ་བཅོམ་ལྡན་འདས་འདི་ཉིད་ལ་བསླུས་པར་གྱུར་ཅིག་།དེའི་ཚེ་བདག་བྱེ་ཚན་གྱིས་སྲེགས་པར་གྱུར་ཅིག་།རྡོ་རྗེ་ཀུན་ཏུ་འབར་བས་བདག་ཅག་གི་མགོ་འགེམས་པར་གྱུར་ཅིག་།རྟག་པར་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་སྲུང་བ་དང ། བསྐྱབ་པ་དང ། སྦ་པར་བགྱིའོ། །གཟི་བྱིན་ཆེན་པོ་དང ། སྟོབས་དང ། བརྩོན་འགྲུས་བསྐྱེད་པར་བགྱིའོ། །དེའི་དུག་རྣམས་དུག་མ་མཆིས་པར་བགྱིའོ། །དུས་དང་དུས་སུ་ཆར་དབབ་པར་བགྱིའོ། །མེ་ཏོག་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །ཕ་རོལ་ཀྱི་གཡུལ་ཐམས་ཅད་ལ་དུས་དང་དུས་མ་ཡིན་པའི་ཆར་དབབ་པར་བགྱིའོ། །འཇིག་རྟེན་པ་ཐམས་ཅད་བསྐྱེད་པར་བགྱིའོ། །རྒྱལ་བའི་བཀའ་དང་རྡོ་རྗེ་འཛིན་པའི་བཀའ་རབ་
451b
ཏུ་བསྒྲུབ་པར་བགྱིའོ། །དེ་ནས་སྒྲུབ་པ་བཤད་དེ། ལྷ་རྫས་འོད་འཕྲོ་དཀར་པོ་ཅན། །ཀླུ་རྣམས་འདུད་པས་གནས་པ་ཡི། །རྡོ་རྗེ་འཛིན་གཙོ་བསམས་ནས་ནི། །ཕུད་ཅེས་བྱ་བ་འབུམ་དུ་བཟླས། ། དེ་ནས་དུག་གིས་ཟིན་པ་ལ། །ཕུད་ཅེས་བྱ་བའི་དཀྱིལ་འཁོར་ནི། །ལྷ་རྫས་འོད་ཟེར་ཕྲེང་བ་འཁྲིགས། །བསམས་ནས་དེ་ལ་ཕུད་ཡིག་བསམ། །ལག་པ་སྦྲུལ་མགོ་ཞགས་འདྲ་དང ། །ཕུད་ཀྱི་རླུང་གིས་པགས་པ་ཤ་།རུས་གནས་ཕུད་ཀྱི་རྣམ་པའི་དུག་།མཐའ་དག་དྲངས་ཏེ་གསོ་བར་བྱ། །དེ་ནས་ལས་རྣམས་ཀུན་བྱེད་ཅིང ། །དུག་རིམས་དུག་སྦྱར་ལ་སོགས་པ། །ཁུ་ཚུར་གྱིས་ཀྱང་ཀུན་སེལ་ན། །སྦྲུལ་མགོའི་ཕྱག་རྒྱས་སྨོས་ཅི་དགོས། །དེ་ནས་ལྟོ་འཕྱེ་ཆེན་པོའི་བདག་པོ་འཇིགས་བྱེད་ཆེན་པོའི་མ་མོ་ཆེན་མོ་བརྒྱད་ཀྱིས་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་འཇིགས་པ་དང ། མ་མོ་རྣམས་ཀྱིས་འཇིགས་པས་ལྷ་དང ། ཀླུ་ལ་སོགས་པ་ཀུན་ཏུ་སྐྲག་།རྣམ་པར་སྐྲག་སྟེ་ཁ་བུབ་ཏུ་འགྱེལ་ནས་གོས་དང་བྲལ་ཏེ་སེམས་སྟོར་ནས་ཀུན་ཏུ་འཕྱན་པ་ངག་ལ་ཕན་གདགས་པའི་སླད་དུ་བདག་ཅག་གི་སྙིང་པོ་འབུལ་བར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་དེ་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། །འཇིགས་བྱེད་ཆེན་པོ། །ལེགས་སོ། །ལེགས་སོ། །རབ་ཏུ་འཇིགས་པར་བྱེད་པས་རང་ཉིད་དང་ལྷའི་བུ་མོ་ཐམས་ཅད་ཀྱི་སྙིང་པོ་རྣམས་
452a
༄#། །ཤོད་ཅིག་།དེ་ནས་འཇིགས་བྱེད་ཆེན་པོས་འཇིགས་པར་བྱེད་པའི་སྒྲ་ཕྱུང་ནས་འདི་སྐད་ཅེས་གསོལ་ཏོ། །ོཾ་བྷཻ་ར་བ་བཻ་ར་སཝཱཧཱ། ཨོཾ་བྷ་སཝཱ་ཧཱ། ཨོཾ་བྷི་སཝཱཧཱ། ཨོཾ་བྷུ་སཝཱཧཱ། ཨོཾ་བྷེ་སཝཱ་ཧཱ། ཨོཾ་བྷཻ་སཝཱ་ཧཱ། ཨོཾ་བྷཽ་སཝཱ་ཧཱ། ཨོཾ་བྷཾ་སཝཱ་ཧཱ། ཨོཾ་བྷཿ ་སཝཱ་ཧཱ། བཅོམ་ལྡན་འཇིགས་བྱེད་ཆེན་པོ་ནི། །བརྒྱད་པོ་དེ་དག་གདམས་ངག་ཉན། །དེ་ནས་དེ་དག་དཀྱིལ་འཁོར་བཤད། །འཁོར་ལོ་ཆེན་པོ་རྩིབས་བརྒྱད་བྲི། །དབུས་སུ་ཕྱག་ན་རྡོ་རྗེ་ནི། །ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ། །རྣམ་པར་རྒྱལ་བ་ཞེས་བྱ་གཞག་།དེ་ཡི་ཞབས་འོག་མ་རུངས་པ། །འཇིགས་བྱེད་རྣམས་ཀྱི་བདག་པོ་ཆེ། །འཇིགས་བྱེད་མ་དང་བཅས་པ་བྲི། །རྩིབས་ཀྱི་ནང་རྣམས་ཐམས་ཅད་དུ། །གཞན་ཡང་འཇིགས་བྱེད་བརྒྱད་པོ་ནི། །མ་མོ་རྣམས་དང་ལྡན་པ་ནི། །ཁྲོས་པའི་བཞིན་དང་ཡིད་ཁྲོས་པར། །ཅི་བདེ་བར་ནི་བྲི་བར་བྱ། །འདིར་ནི་སྒོ་སྒོར་དེ་བཞིན་དུ། །སྒོ་བ་ཤིན་ཏུ་ཁྲོས་ལྡན་བྲི། །དེ་ནས་ལྕགས་ཀྱུ་ལ་སོགས་པས། །བཀུག་སྟེ་མགོ་བོའི་ཐོད་པ་ནི། ། ཁྲག་གིས་གང་བས་མཆོད་ནས་སུ། །ཤ་ཆང་གཏོར་མ་བཟང་པོ་དང ། །སྣོད་རྣམས་ཁྲག་གིས་བཀང་བ་དང ། །མགོ་ཐོད་མགོ་ཡི་དུམ་པུ་དང ། །ཁྲག་གམ་ཆང་བཀང་བུམ་པ་བརྒྱད། །དཀྱིལ་འཁོར་འདིར་ནི་གཞག་པར་བྱ། །དེ་ནས་འཇིག་རྟེན་གསུམ་རྣམ་རྒྱལ། །མཆོག་གིས་སློབ་མ་རྣམས་གཞུག་བྱ། །ཐོད་པ་དང་ནི་བུམ་པ་ཡང ། །
452b
བརྒྱད་པོ་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་ལས་རྣམས་སྦྱིན་པར་བྱ། །མ་མོའི་ཁྱིམ་མམ་མཚན་གཅིག་པར། །འཇིག་རྟེན་གསུམ་ནི་འདུལ་བའི་མཆོག་།ཚུལ་བཞིན་དུ་ནི་མཆོད་བྱས་ནས། །འབུམ་ཕྲག་བཞིར་ནི་བཟླས་པར་བྱ། །དེ་ནས་འཇིགས་པར་བྱེད་པའི་སྒྲས། །བདག་ཉིད་ཆེན་པོས་ཐོས་གྱུར་ཏེ། །མི་འཇིགས་པ་ནི་ཐོད་པ་རུ། །ཁྲག་མཆོག་བཀང་བའི་ཨརྒ་དབུལ། །དེ་ནས་ཁྲོ་བོ་འཇིགས་བྱེད་པ། །མ་རུངས་ཡིད་ཅན་མ་མོ་ནི། །ཚོགས་ཀྱིས་བསྐོར་ཅིང་འཇིགས་བྱེད་ནི། ། བརྒྱད་ཀྱིས་བསྐོར་བ་མཐོང་བར་འགྱུར། །དེ་མཐོང་འཇིགས་པ་མེད་བྱས་ལ། །ཧཱུཾ་ཞེས་བྱ་བ་དྲན་བྱེད་ཅིང ། །ཤ་འམ་ཡང་ན་ཆང་མཆོག་གིས། །ཐོད་པ་བཀང་སྟེ་དཔུལ་བར་བྱ། །དེ་ནས་འཇིགས་བྱེད་མ་རུངས་འཇོམས། །མགུ་ཞིང་རབ་ཏུ་འགྲུབ་འགྱུར་ནས། །ཅི་འདོད་སྨོས་ཤིག་ཅེས་བྱ་བ། །མགུ་བའི་ཡིད་ཀྱིས་དེ་སྦྱིན་བྱེད། །ས་རྣམས་སྦྱིན་པ་མ་གཏོགས་པར། །རོ་དང་བཅུད་ལེན་རྫས་དང་ནི། །རལ་གྲི་འཁོར་ལོ་རྩེ་གསུམ་དང ། །མཐོ་རིས་ས་སྟེང་ས་འོག་དང ། །གླིང་དང་གླིང་བཞིའི་རྒྱལ་སྲིད་དང ། །བརྒྱ་བྱིན་ཉིད་དང་གནོད་སྦྱིན་དབང ། །སྲིན་པོ་ཉིད་དང་རིག་འཛིན་ཉིད། །རིག་འཛིན་འཁོར་ལོ་སྒྱུར་བ་ཉིད། །འཇིག་རྟེན་གསུམ་གྱི་བདག་པོ་ཉིད། །བཀའ་
453a
༄#། །ཉན་ཉིད་ཀྱང་རང་ཉིད་དམ། །མ་མོའི་ཚོགས་རྣམས་སྟེར་བར་འགྱུར། །དངོས་གྲུབ་གང་ཡང་རུང་བ་ནི། །ཇི་ལྟར་འདོད་པ་བླང་བར་བྱ། །ཧཱུཾ་གི་རྣམ་པར་མངོན་ཕྱོགས་ཤིང ། །བྱིན་ནས་དགོད་ཅིང་འགྲོ་བེར་བྱེད། །སྐྲག་ན་དེ་མ་ཐག་ཏུ་གསོད། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་གནང་ན་རང་གི་རྟོག་པ་བཤད་པར་འཚལ་གྱིས། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ་བྱིན་གྱིས་བརླབ་པར་གསོལ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་རང་རང་གི་སྙིང་པོ་རྣམས་བཤད་དོ། །ོཾ་ཨ། ཨོཾ་བི། ཨོཾ་རུ། ཨོཾ་ཨི། ཨོཾ་ཀཾ། ཨོཾ་ག་།ོཾ་བྲི། ཨོཾ་ཀ་།དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། ། དབུས་སུ་འཇིག་རྟེན་གསུམ་འདུལ་བ། །དེ་ཡི་མདུན་དུ་དཔའ་བོ་ནི། །དབང་ཕྱུག་ལག་ན་རྩེ་གསུམ་བྲི། །རྒྱབ་ཏུ་ཚངས་པའི་རྣམ་པར་བྲི། །གཡོན་དུ་ལག་ན་འཁོར་ལོ་ཅན། །གཡས་ན་དབང་པོ་རང་ཉིད་ཀྱི། །ཕྱག་རྒྱའི་མཚན་མ་ལག་ཐོགས་བྲི། །སྒོ་སྐྱོང་རང་བཞིན་འདིར་དེ་རྣམས། །ཆུང་མ་རང་གི་དཀྱིལ་འཁོར་དུ། །བུམ་པ་
453b
བུམ་པ་བཀང་བ་ཡང ། །ཕྱི་རོལ་དཀྱིལ་འཁོར་དུ་ནི་གཞག་།སྟོབས་བཟང་ལ་སོགས་མཐུ་ཆེན་ཡང ། །དེ་ནས་འཇུག་བྱ་ལྷ་རྣམས་ཡིན། །མཁས་པས་ཀུན་ནས་སྤྱན་དྲང་ཞིང ། །ཛཿ ་ཧཱུཾ་བཾ་ཧོས་ལྷ་ཐམས་ཅད། །ཕོ་བྲང་དམ་པར་འཇུག་པར་མཛོད། །དེ་ནས་དེ་རྣམས་གཤེགས་བལྟས་ནས། །དགའ་བ་ཆེན་པོ་མཆོད་པར་བྱ། །དེ་ནས་རྡོ་རྗེ་འཛིན་པ་ཡིས། །ཕྱག་རྒྱ་སློབ་མ་རྣམས་གཞུག་སྟེ། །ོཾ་པྲ་ཏཱི་ཙྪ་དྷྭཾ་མ་ཧཱ་ས་ཏྭ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །མེ་ཏོག་ཇི་ལྟ་བཞིན་དུ་དོར། །མིག་ཕྱེ་ནས་ནི་བསྟན་པར་བྱ། །དེ་ནས་མངོན་པར་བསྔགས་པ་ཡི། །བུམ་པའི་ཆུ་ཡིས་དབང་བསྐུར་རོ། །དེ་ནས་ལྷ་རྣམས་གང་འདོད་པའི། །དངོས་གྲུབ་རབ་ཏུ་སྦྱིན་པར་བྱ། །འབུམ་ཕྲག་གཅིག་གམ་འབུམ་ཕྲག་གཉིས། །སྔོན་དུ་བསྙེན་པ་བྱས་ནས་ནི། །དབང་ཕྱུག་ལ་སོགས་ལྷ་མཆོག་ནི། །དེ་རྣམས་སྒྲུབ་པ་པོ་ཡིས་འགྲུབ། མཚན་མ་གཅིག་པ་ལ་སོགས་སུའམ། །ཡང་ན་ཕྱག་ན་རྡོ་རྗེའི་གནས། །དེ་བཞིན་གཤེགས་པའི་ཕོ་བྲང་ངམ། །རིང་བསྲེལ་ལྡན་པའི་མཆོད་རྟེན་དུ། ། ལྷ་རྣམས་ཐམས་ཅད་ཆོ་ག་བཞིན། །སྒྲུབ་པ་པོ་ཡིས་རྟག་ཏུ་བསྒྲུབ། །དེ་ནས་ནམ་ཕྱེད་ན་ནི་ལྷ། །འོངས་ནས་ཁྱོད་ཀྱི་འདོད་པ་ཅི། །ཇི་ལྟར་བདེ་ཞིང་ཕན་པ་ནི། །
454a
༄#། །སྦྱིན་ཞེས་ངེས་པར་གོ་བར་བྱེད། །བཟང་པོ་མྱུར་དུ་སེམས་ཏེ་སྨྲོས། །གང་ཕྱིར་མཆོག་ནི་ཁྱོད་ལ་སྦྱིན། །དེ་ནས་སྔགས་ཤེས་དངོས་གྲུབ་དང ། །མཆོག་གི་ལྷ་ལ་གསོལ་བ་གདབ། །ལྷ་རྫས་བཅུད་དང་བཅུད་ལེན་དང ། །མི་སྣང་བ་དང་མཁའ་འགྲོ་དང ། །རིལ་བུ་རྒྱལ་སྲིད་རྫས་ལ་སོགས། །ཡིད་འདོད་ཚད་མེད་གསོལ་བ་གང་བ། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་དག་འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཞུགས་པ་དེ་དག་གིས། བཅོམ་ལྡན་འདས། བདག་ཅག་ལྷ་རྣམས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་ངོ ། །མཐོ་རིས་ཀྱི་ལམ་བསྟན་པར་བགྱིའོ། །བདེ་འགྲོའི་ལམ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ། །སྒྲིབ་པ་མ་མཆིས་པའི་ལམ་བསྟན་པར་བགྱིའོ། །ངེས་པར་འབྱུང་བའི་ལམ་བསྟན་པར་བགྱིའོ། །མྱ་ངན་ལས་འདས་པའི་ལམ་བསྟན་པར་བགྱིའོ། །སྤོང་བའི་ལམ་བསྟན་པར་བགྱིའོ། །ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ། །སངས་རྒྱས་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །བྱང་ཆུབ་སེམས་དཔའ་ཉིད་དུ་
454b
འགྲུབ་པའི་ལམ་བསྟན་པར་བགྱིའོ། །རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང ། བསྐྱབ་པ་དང ། སྦ་བར་བགྱིའོ། །གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་རྣམས་བསྲུང་བར་བགྱིའོ། །ཡུལ་དང ། ཕྱོགས་དང ། གྲོང་འཁོར་རྣམས་ཀྱང་བསྲུང་བར་བགྱིའོ། །རྒྱལ་པོ་ཡང་སྩལ་བར་བགྱིའོ། །རྒྱལ་བོ་ཐོབ་པའི་རྒྱལ་པོ་ཆེ་པར་བགྱིའོ། །གླིང་གཅིག་དང ། གླིང་གཉིས་དང ། གླིང་གསུམ་དང ། གླིང་བཞི་བ་དང ། བདེ་འགྲོ་དང ། ས་སྟེང་དང ། ས་འོག་གི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་སྩལ་བར་བགྱིའོ། །མདོར་ན་བརྒྱ་བྱིན་ཉིད་དང ། ཚངས་པ་ཉིད་དང ། ཁྱབ་འཇུག་ཉིད་དང ། དབང་ཕྱུག་ཆེན་པོ་ཉིད་ཀྱང་སྩལ་བར་བགྱིའོ།། །། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་ཡང་ཉིད་ཀྱི་འཁོར་ལ་གཟིགས་ནས་འཛུམ་པ་མཛད་དོ། །དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་དག་གཡོས། རབ་ཏུ་གཡོས། ཡང་དག་པར་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཡང་དག་པར་རབ་ཏུ་འགུལ། འབར་རབ་ཏུ་\Lིནེ་མིསསིང?\་
455a
༄#། །འབར། །ཡང་དག་པར་རབ་ཏུ་འབར། དགའ་རབ་ཏུ་དགའ། ཡང་དག་པར་རབ་ཏུ་དགའ། རྩེ་རབ་ཏུ་རྩེ། ཡང་དག་པར་རབ་ཏུ་རྩེ་ཞིང་ངོ་མཚར་རྨད་དུ་བྱུང་བ་དུ་མ་ཡང་འཇིག་རྟེན་དུ་ཡང་དག་པར་རབ་ཏུ་མཐོང་ངོ ། །དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཤིན་ཏུ་ཡ་མཚན་སྐྱེས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཛུམ་པ་མཛད་པ་འདིའི་རྒྱུ་གང་ལགས། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུ་མ་མཆིས་པར་མཛུམ་པ་མི་མཛད་དོ། །བཅོམ་ལྡན་འདས། དེའི་ཕྱིར་འཛུམ་པ་མཛད་པའི་རྒྱུ་ལུང་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལ་སོགས་པ་ལྷ་རྣམས། གང་སྔོན་སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་འཆི་བདག་ཞི་བར་བྱེད་པའི་རིག་པ་དང ། དུས་མ་ཡིན་པར་འཆི་བ་འཇོམས་པར་བྱེད་པའི་རིགས་པའི་སྔགས་གཟི་བརྗིད་ཆེན་པོ་ཉོན་ཅིག་།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀུན་ཏུ་དགའ་ཞིང་འྶྤུ་\?\་སངས་\?\་ཤིང་ཕྱག་བཙལ་ནས་ལེགས་སོ་ཞེས་བྱ་བ་རབ་ཏུ་ཕུལ་ཏེ། བཅོམ་ལྡན་འདས། ལེགས་སོ། །ལེགས་སོ། །
455b
རྡོ་རྗེ་འཛིན་པ། ལེགས་སོ་ལེགས་སོ། །གང་གིས་ཚེ་ཐུང་བའི་སེམས་ཅན་རྣམས་ཚེ་རིང་བར་འགྱུར་བ་དང ། དུས་མ་ཡིན་པའི་འཆི་བདག་གིས་ཟིན་པ་རྣམས་དུས་མ་ཡིན་པར་འཆི་བ་ལས་རྣམས་པར་གྲོལ་བ་དང ། ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ངན་སོང་ལས་ཇི་ལྟར་གྲོལ་བ་དང ། འཁོར་བའི་འཇིགས་པས་སྐྲག་པའི་སེམས་ཅན་རྣམས་བདེ་བའི་ཐབས་ཀྱིས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཞིང་མྱུར་བ་ཉིད་དུ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གཟི་བརྗིད་ཆེ་ཞིང་སྟོབས་ཆེ་བ་ཕ་རོལ་གནོན་པའི་རིག་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་གསོལ་བ་འདེབས་པའི་ཚིག་གསན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རིག་པ་འདི་རང་གི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །ོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿ ་པུཎྱེ་ཛྙཱ་ན་ས་བྷཱ་རོ་པ་ཙི་ཏེ་སཝཱ་ཧཱ། སྙིང་པོའི་རིག་པའོ། །ོཾ་བིཛྲཾ་སཝཱ་ཧཱ། ཉེ་བའི་སྙིང་པོའི་རིག་པའོ། །ོཾ་བྷཱུཾ་སཝ་ཧཱ། སྙིང་པོའི་ཉེ་བའི་སྙིང་པོའི་རིག་པའོ། །ོཾ་ཀྲཱཾ་སཝཱ་ཧཱ། སྙིང་པོ་ཡང་དག་པར་བསྐུལ་བའི་རིག་པའོ། །ོཾ་ཏྲཱཾ་སཝཱ་ཧཱ། སྙིང་པོ་དམ་པའོ། །ོཾ་ཧྲཱིཿ ་སཝཱ་ཧཱ། གསང་བའི་སྙིང་པོའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། །དཀྱིལ་འཁོར་རྩིབས་བཞི་པར་བྱེད་ལ་
456a
༄#། །དེའི་དབུས་སུ་དེ་བཞིན་གཤེགས་པ་ཚེ་དང ། བསོད་ནམས་དང ། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞག་སྟེ། བྷྲཱུཾ་ཞེས་བྱ་བའི་སྙིང་པོའོ། །དེ་ནས་སྤྱན་སྔར་ཕྱག་ན་རྡོ་རྗེ་སྟེ། །བཛྲིཾ་ཞེས་བྱ་བའི་སྙིང་པོའོ། །གཡོན་དུ་ནི་ཁྲོ་བོ་སྟེ། ཀྲཱཾ་ཞེས་བྱ་བའི་སྙིང་པོའོ། །གཡས་སུ་ནམ་མཁའི་སྙིང་པོ་སྟེ། ཏྲཱཾ་ཞེས་བྱ་བའི་སྙིང་པོའོ། །རྒྱབ་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ་སྟེ། ཧྲཱིཿ ་ཞེས་བྱ་བའི་སྙིང་པོའོ། །དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་ལ་རེག་པར་བྲིའོ། །བུམ་པ་ལྔ་དང་བརྒྱད་འཁོར་ལོས་བསྒྱུར་བའི་སྔགས་ཀྱིས་བཏབ་ལ་གཞག་གོ་།ལས་ཐམས་ཅད་པས་མངོན་པར་བསྔགས་པ་ཡང་ངོ། །བདུག་པ་ལ་སོགས་གཞག་གོ་།མཆོད་པའི་དང་པོ་ཅན་སྒོ་སྐྱོང་ཐམས་ཅད་ཉིད་ཀྱང་ངོ ། །དེ་ནས་སྔགས་པ་ཡང་དག་པར་འཇུག་པའི་ཕྱིར་བདེ་བར་གཤེགས་པ་དམ་པ་སྲས་དང་བཅས་པ་འཁོར་གྱི་ཚོགས་ཀྱིས་བསྐོར་བ་རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ ། །རིག་པ་ཡང་བདེ་བར་གཤེགས་པའི་གཡོན་གྱི་ལོགས་སུ་བྲིའོ། །དེ་ནས་བདག་ཉིད་དབང་བསྐུར་སྟེ། སྐྱིལ་མོ་ཀྲུང་གིས་འདུག་ལ་སྟོང་ཕྲག་བརྒྱར་བཟླས་སོ། །དེ་ནས་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བར་འགྱུར་ཞིང་རྡོ་རྗེ་འཛིན་པའམ་
456b
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གམ། ཇི་ལྟར་འདོད་པའི་མཆོག་སོ་སོར་ཐོབ་པོ། །གང་གི་ཚེ་མཉམ་པར་གཞག་པ་དེའི་ཚེ་ཡིད་ཀྱིས་ལས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ནས་སློབ་མ་རྣམས་གཞུག་སྟེ་རྡོ་རྗེ་འཛིན་པའི་ཕྱག་རྒྱས་ང་རྒྱལ་འདི་བསྐྱེད་པར་བྱ་སྟེ། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤཝ་དྷ་ར། ཏ་ཐལ་ག་ཏ་ས་མ་ཡ་མཱ་ཏི་ཀྲ་མ། ཏ་ཐཱ་ག་ཏ་ས་མ་ཡ་དྷཱ་རཱཏྨ་ཀོཉྷཾ་ཞེས་པའོ། །དེ་ནས་འདིས་མེ་ཏོག་དོར་བར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་པྲི་ཏཱི་ཙྪ་ཧོ་ས་མ་ཡ་སྟྭཾ། དེ་ནས་ཕྲེང་བ་ད་མགོ་ལ་བཅིངས་ལ་དབང་བསྐུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་བྷྲཱུཾ། ཨོཾ་བཛྲ་ཨ་བྷི་ཥྙིཙ་ཧཱུཾ་བྷྲཱུཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ་ཏྲཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱིཿ ་ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ་ཨཱཿ ་དེ་ནས་དམ་ཚིག་དང་བཀའི་དབང་བསྐུར་བ་སྦྱིན་ནོ། །དེ་ལ་དམ་ཚིག་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་ཡོང་མི་སྤོང ། ། སྲོག་ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ཉིད། །བརྫུན་ཡང་སྨྲ་བར་མི་བྱ་འོ། །ཕ་རོལ་བུད་མེད་སྤྱན་མི་བྱ། །བླ་མ་སྨད་པར་མི་བྱ་ཞིང ། །གྲིབ་མའང་འགོམ་པར་མི་བྱའོ། །སློབ་དཔོན་མ་ཡིན་མི་གཟུང་ཞིང ། །མཚན་མ་སློབ་དཔོན་སྤངས་པ་ཡང ། །སྔགས་དང་ཕྱག་རྒྱ་མི་སྨད་དེ། །ལྷ་རྣམས་ལ་ཡང་ག་ལ་ཞིག་།གལ་ཏེ་རྨོངས་
457a
༄#། །པས་སྨད་ན་ནི། །ནད་ཀྱིས་ངེས་པར་འཆི་བར་འགྱུར། །མཆོད་རྙིང་ལྷ་ཡི་གྲིབ་མ་དང ། །འཇིག་རྟེན་འཇིག་རྟེན་ལས་འདས་པའི། །ཕྱག་རྒྱ་ཡི་གེ་མཚན་མ་ཡང ། །གོམ་པས་བགོམ་པར་མི་བྱ་འོ། །བླུན་པོ་དཀོན་མཆོག་གསུམ་སོགས་དང ། །སངས་རྒྱས་བསྟན་ལ་གནོད་བྱེད་དང ། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཆོས་མི་ལྡན་དང་བསྲེག་པ་དག་།རྟག་ཏུ་སེམས་ཅན་གནོད་བརྩོན་དང ། །དམ་ཚིག་སྡང་རྣམ་སྙིང་བརྩེ་བས། སྔགས་པས་སྔགས་ཀྱིས་གཞོམ་པར་བྱ། །འཇུངས་པའི་ནོར་ཡང་ཡང་དག་བླང ། །སེམས་ཅན་སྡུག་བསྔལ་ཅན་ལ་སྦྱིན། །བླ་མ་མཆོད་པའི་རྒྱུ་མཚན་དང ། །དེ་བཞིན་དམ་ཚིག་སྒྲུབ་པ་དང ། །དཀྱིལ་འཁོར་དོན་དང་རྒྱལ་སྲས་ལ། །མཆོད་པའི་དོན་ཕྱིར་བསམ་པ་ཡིས། །ནོར་འཕྲོག་འཇུངས་པའི་ནོར་ཡང་འོང ། །སེམས་ཅན་རྣམས་ལ་ཕན་དགའ་པས། །དམ་ཚིག་དང་ནི་བླ་མའི་རྫས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྟག་ཏུ་བརྫུན་ནི་སྨྲ་བར་བྱ། །སངས་རྒྱས་རྣམས་ནི་མཉེས་བྱ་དང ། །དམ་ཚིག་རྣམས་ནི་བསྲུང་བྱ་དང ། །སྔགས་རིག་པ་ཡི་བསྒྲུབ་པའི་ཕྱིར། །གཞན་གྱིས་བུད་མེད་ཀྱང་བསྟེན་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་
457b
པས། །ཐམས་ཅད་སྤྱོད་ཅིང་ཀུན་བྱས་ཀྱང ། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །དེ་ནས་འདིས་བཀའ་ཡི་དབང་བསྐུར་རོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཏེ་དཱ་སྱ་མི་གྲྀ་ཧྞ་བཛྲ་སུ་སིདྡྷ་ཡེ། ཨོཾ་བཛྲ་ཏིཥྛ་ཧཱུཾ། འདིས་རྡོ་རྗེ་ལག་ཏུ་བྱིན་ལ་ཕྲིན་ལས་ཀྱི་དབང་བསྐུར་སྦྱིན་ནོ། །ོཾ་སརྦ་ཀརྨྨ་ཎི་ཀུ་རུ་བུདྡྷ་ནཱཾ་ཧཱུཾ། དེ་ནས་བླ་མ་བླ་མར་བྱ་བའི་ཕྱིར། །ཁྱོད་ཀྱིས་ལུས་མཆོག་སྦྱིན་པར་བྱ། །རྫས་དང་ནོར་དང་འབྲུ་རྣམས་དང ། །རྟ་དང་བཞོན་པ་ཉིད་དང་ནི། །བྲན་གྱི་མཆོག་དང་ཁང་པ་དང ། །རྒྱལ་སྲིད་དབང་ཕྱུག་དེ་བཞིན་ཏེ། །བུ་དང་བུ་མོ་ཆུང་མ་དང ། །མ་དང་སྲིང་མོ་ཚ་མོ་དང ། །གཞན་ཡང་ཅི་བཞེད་ཐམས་ཅད་ནི། །ཕན་པའི་བསམ་པས་བླ་མར་དབུལ། །དེ་ནས་དངོས་གྲུབ་སངས་རྒྱས་དང ། །བྱང་ཆུབ་སྒྲུབ་དང་གཞན་ཡང་ནི། །འཇིག་རྟེན་པ་ཡི་མཐུ་ཆེན་རྣམས། །ཇི་ལྟར་འདོད་པས་གསོལ་བ་གདབ། །དེ་ནས་བུ་ལ་ཕན་པའི་ཕྱིར། །སྔགས་རིག་སེར་སྣ་མེད་སེམས་དང ། །དད་པས་དད་པའི་སེམས་ལྡན་ལ། །དངོས་གྲུབ་རྣམས་ནི་སྦྱིན་པར་བྱ། །ཆོས་རྣམས་རང་བཞིན་མེད་པར་ནི། །སེམས་ཀྱིས་བསྒོམ་པར་བྱས་ནས་ཀྱང ། ། ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམས་ནས་དམ་ཚིག་ཕྱག་རྒྱ་ཡང ། །བསམ་བཞིན་དེ་བཞིན་དེ་ཉིད་ཀྱང ། །ལྷ་ཡི་
458a
༄#། །རྣམ་པའི་རྣལ་འབྱོར་དུ། །སྒྲུབ་པ་པོ་ཡིས་ཡོངས་སུ་བསྒྱུར། །དེ་ནས་རང་གི་ས་བོན་དང ། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབ། །གོང་འོག་གོ་རིམས་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །དེ་ལྟར་ང་རྒྱལ་བསྐྱེད་ནས་ནི། །མཁས་པ་ཡིས་ནི་བསྒྲུབ་བྱ་སྟེ། །དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱལ་པོ་དང ། རྒྱལ་པོའི་བུ་དང ། རྒྱལ་པོའི་བློན་པོ་དང ། རྒྱལ་རིགས་དང ། བྲམ་ཟེ་དང ། རྗེའུའི་རིགས་དང ། དམངས་རིགས་དང ། གཞན་ཡང་དམན་པ་ཕྱག་དར་བ་དང ། མཐའ་འཁོབ་ཀྱི་སྐྱེ་བོའི་གནས་དང ། སྐྱེ་བོའི་གནས་ཀྱི་རིགས་སུ་སྐྱེས་པ་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཚངས་པ་ལ་སོགས་པ་ལྷའི་ཚོགས་རྣམས། གང་མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཞུས་པ་ནི། ལེགས་སོ། །ལེགས་སོ། །ལྷའི་ཚོགས་རྣམས། དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་ཤིང་དབང་བསྐུར་བ་དང ། བྲིས་པ་དང ། འདྲིར་བཅུག་པ་དང ། རྗེས་སུ་ཡི་རང་བ་དང ། ཕྱག་བྱས་པ་དང ། མཆོད་
458b
པ་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཉོན་ཅིག་།ལྷའི་བུ་རྣམས། མདོར་ན་ང་ལ་ཡང་དེའི་ཕན་ཡོན་བཤད་པར་སྤྲོ་བ་མེད་དེ། གང་ང་ལ་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་ཕྲག་སྟོང་དུ་མར་བསྒྱུར་ཡང་གྲངས་སུ་ཡང ། བགྲང་བར་ཡང ། དཔེར་ཡང་མི་བཟོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསོད་ནམས་ཀྱི་ཕུང་པོའི་བར་གྱིས་ཀྱང་མི་བཟོད་དོ། །གང་དཀྱིལ་འཁོར་དུ་ཞུགས་པའི་སེམས་ཅན་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ནི། བཅོམ་ལྡན་འདས། ངོ་མཚར་ཆེའོ། །རྡོ་རྗེ་འཛིན་པ། ངོ་མཚར་ཆེའོ། །བཅོམ་ལྡན་འདས། བདག་ཅག་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ལ་སོགས་པར་ཞུགས་སྤྲོའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྤྲོའོ། །དེ་ནས་ལྷ་དེ་དག་གིས་དེ་བཞིན་དུ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འྫམྦུའི་གླིང་བའི་སེམས་ཅན་རྣམས་བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང ། ངན་སོང་གི་རྒྱུད་དང་ལྡན་པ་དང ། དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་རྣམས་སུ་སྐྱེས་པ་དག་ཀྱང་མཆིས་ན། བཅོམ་ལྡན་འདས། དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བྱ། ཀྱེ་ལྷའི་བུ་དག་།དེ་དག་ནི་དཀྱིལ་འཁོར་འདི་ཉིད་དུ་ཆུག་ཅིག་།བཅུག་ནས་ཀྱང་དབང་བསྐུར་ཅིག་།ཆོས་ཀྱི་ཡི་གེ་ཡང་ཟློས་སུ་ཆུག་ཅིག་།དེ་ནས་སེམས་ཅན་དེ་དག་ཚེ་རིང་བར་འགྱུར། བསོད་ནམས་དང་བྲལ་བ་བསོད་ནམས་དང་ལྡན་པར་འགྱུར། །
459a
༄#། །ངན་སོང་ལས་རྣམ་པར་གྲོལ་བར་འགྱུར་རོ། །ལྷའི་བུ་རྣམས། གང་ངན་སོང་དུ་སྐྱེས་པ་དེ་དག་གི་མིང་ལ་དབང་བསྐུར་བ་མཛོད་ཅིག་།གཟུགས་བརྙན་ལ་ཡང་དབང་བསྐུར་བར་བྱོས་ཤིག་།རང་གི་ལྷའི་སྐུ་ལ་ཡང་དབང་བསྐུར་བར་བྱོས་ཤིག་།ཐ་ན་དེ་དང་རིགས་མཐུན་པ་དང ། དེའི་བུ་དང ། དེ་དང་རུས་མཐུན་པ་དང ། དེའི་མིང་འཛིན་པ་དང ། བྲན་ལ་ཡང་དབང་བསྐུར་ཅིག་།ཞག་བདུན་ལན་བདུན་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བས་ངེས་པར་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ལྷའི་བུ་རྣམས། དེའི་མིང་ནས་སྨོས་ཏེ། འབུམ་ཕྲག་གཉིས་དང ། འབུམ་ཕྲག་གསུམ་དང ། འབུམ་ཕྲག་བཞི་དང ། འབུམ་ཕྲག་བརྒྱ་སྟོང་གི་བར་དུ་བཟླས་ན། མཚམས་མེད་པ་ལྔ་བྱས་པ་ཡང་རྣམ་པར་གྲོལ་བར་འགྱུར་ན་སྡིག་པ་ཆུང་དུ་བྱས་པ་རྣམས་ལྟ་ཅི་སྨོས། ལྷའི་བུ་རྣམས། ཞི་བའི་ཐབ་ཁུང་ཟླུམ་པོ་ཐ་མ་དང།་བར་མ་དང ། མཆོག་ཁྲུ་གང་དང ། ཁྲུ་དོ་འམ། ཁྲུ་བཞི་བ་བྱས་ནས། དེའི་མིང་གིས་ཡུངས་ཀར་དཀར་པོ་རྣམས་བརྒྱ་ཕྲག་སྟོང་དུ་བསྲེགས་ན་ངན་སོང་ཀུན་ལས་ཐར་བར་འགྱུར་རེ། །དེའི་ཤ་དང ། རུས་པ་དང ། སྐྲ་དང ། ཐལ་བ་ལ་སོགས་པ་ལ་ཆོ་ག་དེ་ཉིད་ཀྱིས་སྡིག་པ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ཡི་དབུས་སུ་འཁོར་
459b
ལོ་ནི། །རྩིབས་བརྒྱད་དཀར་པོ་འོད་ཟེར་འབར། །ཁོར་ཡུག་རྡོ་རྗེ་རྩེ་ལྔ་བ། །འོད་ཟེར་དཀར་པོ་དང་ལྡན་བྲི། །དེ་ནས་སྣ་ཚོགས་རྡོ་རྗེ་བྱ། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་མཆོག་།དེ་ནས་སྡིག་པ་གཞོམ་པའི་ཕྱིར། །ཕྱག་རྒྱ་རྣམ་པ་སྣ་ཚོགས་བྱ། །ཕྱི་རོལ་རྡོ་རྗེ་རིགས་རྣམས་ཀྱི། །ཕྱག་རྒྱ་རྣམས་ནི་ཕྱིར་རོལ་བྲི། །གཟའ་དང་སྐར་མའི་མཚན་མ་དང ། །དེ་ལྟར་འཇིག་རྟེན་འཁོར་རྣམས་ཀྱང ། །གཙོ་བོའི་རི་མོ་ལུགས་མ་དང ། །རྡོ་རྗེ་ཅན་དང་ལྷན་ཅིག་བཞག་།བུམ་པ་བུམ་པ་གང་བ་དང ། །གཏོར་མ་ལྷ་བཤོས་ཤིན་ཏུ་དཀར། །མདོར་ན་ཐིག་ནི་བཏབ་ནས་ཀྱང ། །ཆོ་ག་བཞིན་དུ་བྲི་བར་བྱ། །དཀར་པོའི་གོས་ནི་གྱོན་ནས་སུ། །སངས་རྒྱས་གཟུགས་ཅན་མི་འཇིགས་པས། །ངན་སོང་འགྲོ་བར་གནས་པ་ཡི། །སེམས་ཅན་དེ་རྗེས་དྲན་བྱེད་ཅིང ། །སྡིག་པ་སྒྲིབ་པ་ཞི་བའི་ཕྱིར། །རྒྱུད་དག་པ་ཡི་སྦྱིན་སྲེག་ནི། །མར་དང་འོ་མ་སྦྲང་རྩིར་བཅས། །འབྲས་ཡོས་ཡུངས་ཀར་བསྲེས་པ་དང ། །དེ་ཡི་རུས་པ་ཤ་ལ་སོགས། །ཡང་ན་མིང་ཙམ་གྱིས་ཀྱང་བྱ། །དེ་ནས་བདེ་འགྲོ་སྐྱེས་ནས་སུ། །མཁས་པས་རྒྱས་པར་བྱ་བ་ནི། །ཁྲུ་དོ་པ་འམ་ཁྲུ་བཞི་བ། །དེ་བཞིན་མཆོག་ནི་ཁྲུ་བརྒྱད་པར། །བྱས་ནས་ཐབ་ཁུང་ཁྲུ་བཞི་བ། །ཀུན་ཏུ་མུ་རན་དང་ལྡན་པ། །དེ་དབུས་པདྨ་རིན་ཆེན་ཅན། །འོད་ཟེར་སེར་པོ་ཅན་བྲི་ཞིང ། །ཁོར་ཡུག་ཏུ་ནི་རིན་ཆེན་དང ། །
460a
༄#། །མུ་རན་ལ་ནི་ཆུ་སྐྱེས་བྲི། །ཕྱི་རོལ་ཏུ་ནི་རིགས་ལྔ་ཡི། །དབྱེ་བས་ཕྱག་རྒྱ་བྲི་བར་བྱ། །དེ་བཞིན་ཕྱི་ཡི་ལྷ་རྣམས་དང ། །ལྕགས་ཀྱུ་ལ་སོགས་བྲི་བར་བྱ། །ན་བཟའ་སེར་པོ་གྱོན་བྱས་ནས། །མཐོ་རིས་གནས་པ་རྗེས་དྲན་ཞིང ། །དེ་ལ་ཕན་ཕྱིར་རྒྱས་པ་ཡི། །དོན་དུ་རྒྱས་པའི་ལས་བྱས་ན། །ལུས་ཅན་དེ་ཡི་ཚེ་དང་དཔལ། ། གཟི་བརྗིད་སྐལ་བ་བཟང་པོ་འཕེལ། །དེ་ནས་དེ་ལ་ཕན་པ་ཡི། །དབང་དུ་བྱ་བའི་ལས་བྱ་སྟེ། །ཐབ་ཁུང་གཞུ་ཡི་དབྱིབས་འདྲ་བ། །ཁྲུ་གང་པ་འམ་ཁྲུ་དོ་བ། །ཁྲུ་བཞི་བྱས་ལ་དེ་དབུས་སུ། །ཆུ་སྐྱེས་དམར་པོ་ཡང་དག་བྲི། །དེ་ཡི་དབུས་སུ་མདའ་བཅས་པའི། །གཞུ་ཉིད་ཀྱང་ནི་བྲི་བར་བྱ། །ཁོར་ཡུག་ཏུ་ནི་མདར་བཅས་པའི། །གཞུ་ནི་ཁ་དོག་དམར་པོ་བྲི། །སྔགས་འཛིན་པ་ཡིས་རྟག་པར་ཡང ། །ཕྱི་རོལ་དེ་ཡི་ལྷ་ཡི་བྱ། །སེམས་ཅན་དེ་ནི་དྲན་བྱས་ལ། །ན་བཟཱ་དམར་པོ་གྱོན་པ་ཡི། །མེ་ཏོག་དམར་ཞིང་པདྨ་ཡང ། །འབྲས་བུ་དམར་དང་ཁམས་བཅས་པ། །མར་དང་གུར་གུམ་བསྲེས་པ་དང ། ཙནྡན་དམར་པོའི་ཕྱེ་མ་དང ། །སྦྱིན་སྲེག་བྱས་ནས་ལྷ་ལ་སོགས། །ཐམས་ཅད་དེ་ཡི་དབང་དུ་འགྱུར། །དེ་ཡི་གདོན་རྣམས་རྣམ་གཞོམ་ཕྱིར། །མངོན་སྤྱོད་ཡང་དག་བརྩོམ་པར་བྱ། །ཁྲུ་དོ་ཕྱེད་བཅས་ཁྲུ་གསུམ་མམ། །དེ་བཞིན་མཆོག་ནི་ཁྲུ་
460b
དགུ་པ། །ཟུར་གསུམ་དང་ནི་ལྡན་པར་བྱ། །དབུས་སུ་རྡོ་རྗེ་རྩེ་དགུ་པ། །རྩེ་གསུམ་པ་ཡིས་མུ་རན་བྱ། །སྣ་ཚོགས་རྡོ་རྗེ་ཡང་བྱས་ལ། །དབྱུག་པ་མགོ་དང་རྩེ་གསུམ་རྣམས། །རྡོ་རྗེ་དགྲ་སྟ་རྩེ་གཅིག་གིས། །ཕྱི་རོལ་དུ་ཡང་མཚན་པར་བྱ། །རིག་པ་གསུམ་པ་སྔར་བཞིན་བརྒྱན། །བུམ་པ་གཏོར་མ་བུམ་པ་ཡང ། །ཞལ་ཟས་མང་པོ་གཞག་པར་བྱ། །ཤ་དང་ཁྲག་གིས་བཀང་བ་ཡི། །ཐོད་པ་རྣམས་ཀྱང་ཀུན་ཏུ་ཡང ། །དེ་ནས་གོས་ནག་བགོས་ཤིང་ཁྲོས། །རང་ཉིད་འཇིག་རྟེན་གསུམ་རྣམ་རྒྱལ། །ལུས་ཅན་དེ་ཡི་སྡིག་ལས་སོགས། ། དེ་ནས་དེ་ཡི་སྡིག་བཅོམ་ཞིང ། །བགེགས་དང་བྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་རྣམས་ཉིད། །ཇེ་སྙེད་ཁམས་གསུམ་འཇིག་རྟེན་སྤྱོད། །མྱུར་དུ་གོ་རིམས་འདི་ཉིད་ཀྱིས། །ཚེ་འདིར་གནས་པ་རྣམས་ལ་བྱ། །དེ་ནས་གང་གི་ཕྱིར་བྱས་པ། །དེ་ཡི་ཕྱིར་ནི་དེ་བཞིན་འགྱུར། །གཞན་དག་ཀྱང་ནི་ལས་རྣམས་ཀྱང ། །སྔ་མ་ཇི་བཞིན་དེ་བཞིན་བྱ། ། དེས་ནི་སེམས་ཅན་རྣམས་ལ་ཡང ། །མྱུར་དུ་བདེ་སྐྱིད་འགྲུབ་པར་འགྱུར། །དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཡང་དག་པར་དགའ་བས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང ། ཕན་ཡོན་དང ། བདེ་བའི་སླད་དུ་བརྟག་
461a
༄#། །པའི་རྒྱལ་པོ་འདི་འདྲི་བ་དང ། འདྲིར་འཇུག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བདག་ཅག་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱི་སྟེ། ཡང་ཇི་ལྟར་བཤད་པ་མ་ཚང་བ་མེད་པར་བགྱིས་པ་ལྟ་ཅི་སྨོས། གང་ཡང་རྒྱལ་པོ་དང ། རྒྱལ་པོའི་བུ་དང ། རྒྱལ་པོའི་བློན་པོ་ཇི་ལྟར་གསུངས་པའི་སྔགས་རྗེས་སུ་སློབ་པ་དེའི་རྒྱལ་སྲིད་འཕེལ་བར་བགྱིའོ། །ཡུལ་དང ། ཕྱོགས་དང ། སྐྱེ་བོའི་གནས་དང ། འཁོར་གྱི་སྐྱེ་བོའི་ལོ་ཐོག་ལ་སོགས་པ་ཡང་བསྲུང་བར་བགྱིའོ། །ནོར་དང ། འབྲུ་རྣམས་མང་དུ་འབྱོར་བར་བགྱིའོ། །བུད་མེད་དང ། སྐྱེས་པ་དང ། ཁྱེའུ་དང ། བུ་མོ་རྣམས་ཕུན་སུམ་ཚོགས་པར་ཡང་བགྱིའོ། །འབྱོར་བ་དང ། རྒྱས་པ་དང ། ལོ་ལེགས་པ་དང ། བདེ་བར་བགྱིའོ། །གང་ཞིག་བརྟག་པའི་རྒྱལ་པོ་འདི་ལ་དང་པས་རྒྱལ་མཚན་གྱི་རྩེ་མོ་ལ་བརྟགས་ཏེ་གྲོང་དང ། གྲོང་ཁྱེར་ལ་སོགས་པར་འཇུག་པ་བདག་ཉིད་ཀྱིས་བསྡུ་བར་ཡང་བགྱིའོ། །གླང་པོ་ཆེའི་སྟེང་དུ་བཞག་ལ་གྲོང་དང ། གྲོང་ཁྱེར་ལ་སོགས་པ་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དུས་མ་ཡིན་པར་འཆི་བ་དང ། ཉེ་བར་འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ། །སེམས་ཅན་ཆེན་པོ་དེའི་དྲུང་ན་བདག་ཅག་བྲན་གྱིས་ཚུལ་ལམ། བུའི་ཚུལ་དུ་གནས་པ་ཤེས་བར་བགྱིའོ། །གང་ན་འདི་
461b
རབ་ཏུ་སྤྱོད་པ་དེ་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རང་ཉིད་ལོངས་སྤྱོད་རྫོགས་པའི་སྐུས་རྡོ་རྗེ་སེམས་དཔའི་སྐུར་བཞུགས་པར་འཚལ་བར་བགྱིའོ། །བཅོམ་ལྡན་འདས། རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་དེ་ཉིད་བརྟག་པའི་རྒྱལ་པོའི་གཟུགས་སུ་གཞུགས་པར་འཚལ་བར་བགྱིའོ། །ས་ཕྱོགས་དེ་ཡང་མཆོད་རྟེན་དུ་གྱུར་བ་འཚལ་བར་བགྱི་སྟེ། མཆོད་པར་བགྱི་འོ། །ཕྱག་འཚལ་བར་བགྱིའོ། །ཀུན་ཏུ་བསྲུང་བར་བགྱིའོ། །གང་ཡང་བརྟག་པའི་རྒྱལ་པོ་འདིར་རབ་ཏུ་སྤྱོད་པའི་རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེན་པོ་དེའི་བདག་ཅག་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་གཡོག་བགྱིའོ། །བྲན་གྱི་ཚུལ་དུ་གནས་པར་བགྱིའོ། །མངག་གཞུག་པ་ཉིད་དུ་གནས་པར་བགྱིའོ། །བསྒོ་བ་ཐམས་ཅད་མཉན་པར་བགྱིའོ། །ཕན་པ་དང ། བདེ་བ་ཐམས་ཅད་བགྱིའོ། །དངོས་གྲུབ་སྩལ་བར་བགྱི་སྟེ། བཅོམ་ལྡན་འདས། མདོར་ན་དེའི་རྐང་བའི་རྡུལ་མགོ་བོས་གཟུང་བར་བགྱིའོ། །བཅོམ་ལྡན་འདས། ཕྱག་འཚལ་བར་བགྱིའོ། །དེའི་ཕྱི་བཞིན་དུ་རྗེས་སུ་འབྲང་བར་བགྱིའོ། །བཅོམ་ལྡན་འདས། །གང་དཀྱིལ་འཁོར་དུ་ཞུགས་ཏེ་དབང་བསྐུར་བ་དེ་ཁོ་བོ་ཅག་གིས་མངའ་བདག་ཏུ་འཚལ་བར་བགྱིའོ། །ཕྱག་ན་རྡོ་རྗེར་འཚལ་བར་བགྱིའོ། །རྡོ་རྗེ་སེམས་དཔའ་ལགས་པར་འཚལ་བར་བགྱིའོ། །བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་ལགས་
462a
༄#། །བར་འཚལ་བར་བགྱིའོ། །དེ་བཞིན་གཤེགས་པ་ལགས་པར་འཚལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚངས་པ་ལ་སོགས་པའི་ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལ་སོགས་པ་ལྷ་རྣམས་གང་ཆོས་ལ་རིམ་གྲོ་གཅིག་གཉིས་བྱས་པས་དེ་ལྟར་ཡང་དག་པའི་དམ་བཅའ་ནི་ལེགས་སོ། །ལེགས་པར་སྒྲུབས་ཤིག་།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྔགས་དང ། རིག་པ་དང ། སྙིང་པོ་ཐམས་ཅད་བརྟན་པར་བྱ་བའི་ཕྱིར་རང་གི་སྙིང་པོ་འདི་བཤད་དོ། །ོཾ་བྷཱུཾ་དྲུཾ་བཛྲ་པཱ་ཎི་དྲྀ་ཊྷི་ཏིཥྛ་ཧཱུཾ། ཨོཾ་ཧཱུ་ཨཱཿ ། \ུ0f37མ་བཛྲ་ཧཱུཾ་ཕཊ། ཨོཾ་དྲྀ་ཊྷ་བཛྲ་ཧཱུཾ། ཨོཾ་བཛྲ་ཧཱུཾ་ས། ཨོཾ་བཛྲ་ཧཱུཾ་ཨཿ ། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །དབུས་སུ་རྡོ་རྗེ་བྲི་བར་བྱ། །ཡང་ན་རྡོ་རྗེ་སེམས་དཔའ་འམ། །ཀུན་ཏུ་བཟང་པོ་བདེ་བ་ཆེ། །སྤྱན་སྔར་ཕྱག་ན་རྡོ་རྗེ་ཉིད། །གཡས་སུ་ཕྱག་ན་རིན་ཆེན་སྤྱན། །ཕྱག་ན་པདྨ་ནུབ་ཕྱོགས་བྲི། །བྱང་དུ་ཕྱག་ན་སྣ་ཚོགས་བྲི། །ཕྱི་རོལ་དུ་ནི་ཟླུམ་པོར་བསྐོར། །སངས་རྒྱས་ཐམས་ཅད་དགོད་པར་བྱ། །དེ་ཡི་ཕྱི་རོལ་སེམས་དཔའ་རྣམས། །གོ་རིམས་བཞིན་དུ་བྲི་བར་བྱ། །དེ་ཡི་ཕྱི་རོལ་སེམས་དཔའ་ཡང ། །བྱམས་པ་ལ་སོགས་མཆོག་ཆེན་བྲི། །དེ་ཕྱིར་དེ་བཞིན་དགེ་སློང་ནི། །ཀུན་དགའ་བོ་
462b
སོགས་ཐུབ་པ་བྲི། །རང་གི་ཆུང་མ་བུས་བསྐོར་བའི། །ཚངས་པ་ལ་སོགས་ཕྱི་རོལ་བྲི། །གཟའ་དང་རྒྱུ་སྐར་ཉི་ཟླ་དང ། །རྒྱལ་པོ་བཞི་བོ་རྣམས་དད་ནི། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་རྣམས། །དཀྱིལ་འཁོར་འདིར་ནི་ཡང་དག་བྲི། །ཕྱིར་རོལ་དུ་ནི་དམྱལ་བ་སོགས། །ཀླུ་ལ་སོགས་པ་དུད་འགྲོའི་དང ། །སྒོ་དང་སྒོར་ནི་དེ་བཞིན་དུ། །སྒོ་སྐྱོང་སྟོབས་ཀྱི་དམ་པ་རྣམས། །དཀར་པོ་འདོད་པའི་ཉི་མ་ལ། །རབ་ཏུ་འབད་པས་དཀྱིལ་འཁོར་བྲི། །གང་བསྔགས་ནག་པོའི་ཕྱོགས་ལ་ཡང ། །དཀྱིལ་འཁོར་འགལ་བ་མ་ཡིན་ནོ། །ལྔ་བ་དེ་རྗེས་བདུན་པ་དང ། ཉ་གང་བ་ནི་ཁྱད་པར་དུ། །སྔགས་དེ་ཕྱག་ན་པདྨ་ཡི། །དཀྱིལ་འཁོར་བྱ་བའི་ཆོ་ག་ལའོ། །གང་ཡང་དྲག་པོའི་ལས་རྣམས་ལ། །དེ་ནི་ནག་པོ་ལ་ཡང་བྲི། ། ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་ཡང ། །ཟླ་བ་ཉ་བ་ཁྱད་པར་དུ། །རྒྱལ་པོ་རྣམས་ཀྱི་དཀྱིལ་འཁོར་བསྔགས། །གཞན་ཡང་རང་གིས་འདུས་བྱས་པའི། །དཀྱིལ་འཁོར་ལ་བརྩོན་གདབ་བྱ་ཞིང ། །ཤར་ནས་འཆར་བའི་དབང་བྱ་སྟེ། །ཕྱོགས་ཀྱི་ཆ་ནི་བརྟག་པར་བྱ། །དེ་ནས་དཀྱིལ་འཁོར་དགོད་པ་ནི། །ཡིད་ཀྱིས་ཡོངས་སུ་བརྟག་པར་བྱ། །སྔགས་དང་རྒྱུད་ནི་དང་པོར་བྱས། །འཇམ་ཞིང་སྔགས་གཟུགས་དགེ་ཞིང་ཞི། །རྗེས་མཐུན་རང་གི་སློབ་ཉིད་ཀྱི། །སློབ་མ་ལྷན་ཅིག་ཙམ་གྱིས་སྤྱད། །དེ་ནས་ནང་བར་རབ་སྔར་ལངས། །ལེགས་
463a
༄#། །བཀྲུས་གོས་དཀར་འཆང་ཞིང་གཙང ། །བློ་ལྡན་བླ་མ་སློབ་མར་བཅས། །དཀྱིལ་འཁོར་དྲུང་དུ་ཀུན་ནས་འགྲོ་།དཀྱིལ་འཁོར་ཕྱོགས་ཉིད་ཤིན་ཏུ་ཡང ། །ཉེ་བར་བྱུགས་ཤིང་ལེགས་པར་མཉེས། །ཁྲོ་བོ་ཆེན་པོ་བཟླས་པ་ཡི། །དྲི་ཡི་ཆུ་ཡིས་བསངས་པ་ཡི། །དབུས་སུ་རིགས་རྣམས་སྙིང་པོ་ཡིས། །ལྷག་པར་གནས་པར་བྱ་བ་ཉིད། །དཀྱིལ་འཁོར་གྱི་ནི་གཙོ་བོ་ཡི། །སྔགས་ཀྱི་ལས་རྣམས་ཐམས་ཅད་བྱ། །ས་ལ་སོར་ནི་བཅུ་གཉིས་པའི། །དཀྱིལ་འཁོར་དྲི་ཡིས་བྱས་ནས་སུ། །དཀྱིལ་འཁོར་རིག་པས་ལན་བདུན་དུ། །ལྷག་པ་དེ་ནས་བཟླས་པར་བྱ། །རྡོ་རྗེས་ལྷ་རྣམས་ཉིད་ཀྱི་ཡང ། །བྱང་ཆུབ་ཆེན་པོ་ཞེས་བྱ་བའི། །སྙིང་པོས་སྐལ་བ་ཇི་ལྟ་བར། །དྲི་དང་མེ་ཏོག་སོགས་མཆོད་པ། །བྱས་ནས་གཏོར་མ་དབུལ་བྱ་ཞིང ། །མངོན་པར་བསྔགས་པའི་སྤོས་ཀྱང་ངོ ། །དེ་ནས་ཙནྡན་ལ་སོགས་པ། །བསྲེས་པའི་ཆུ་ལ་མངོན་པར་བསྔགས། །དེ་ལ་དབུལ་བའི་མེ་ཏོག་དང ། །བདུག་པ་ལ་ཡང་ཆོ་ག་བཞིན། །སོ་ཤིང་ཨུ་དུམ་བཱ་ར་དང ། ། ཤཝཐ་སོགས་རྨ་མེད་ཅིང ། །ཤིན་ཏུ་ཕྲ་མིན་སྦོམ་པ་མིན། །སོར་མོ་བཅུ་གཉིས་ཚད་ཙམ་ནི། །དྲི་ཡི་ཆུ་ཡིས་རབ་བཀྲུས་ཤིང ། །མེ་ཏོག་ཕྲེང་བ་ཡིས་ཀྱང་བཅིངས། །དྲི་བཟངས་ལ་སོགས་བྱུགས་ཤིང་བདུག་།ལག་པས་རེག་ན་སྙིང་པོ་ནི། །མང་པོ་ཡང་ནི་
463b
བཟླས་བྱ་ཞིང ། །རིགས་ཉིད་ཀྱིས་ནི་ལན་བདུན་ནམ། །སློབ་མ་རྣམས་ཀྱིས་ཚད་གཞལ་བས། །སོ་ཤིང་ལ་སོགས་ཡང་དག་གཟུང ། །གཅིག་ལ་སོགས་པས་གོ་རིམས་བཞིན། ། རྩེ་མོ་ཉིད་ནས་བཅའ་བར་བྱ། །དེ་ནས་མཁས་པས་བདག་ཉིད་ཀྱིས། །སློབ་མ་སྲུང་བ་བརྟན་བྱས་ནས། །སྦྱིན་སྲེག་ལས་ནི་མར་བྱུགས་པའི། །ཡམ་ཤིང་རྣམས་ནི་མར་དང་བཅས། །སྦྲང་རྩི་མར་དང་བསྲེས་པ་དང ། །མར་གྱི་སྲེག་བླུགས་བསྲེག་བྱ་ཞིང ། །ཞོ་ཟན་གྱི་ཡང་སྦྱིན་སྲེག་བྱ། །དང་པོར་བགེགས་ནི་ཞི་བྱའི་ཕྱིར། །དེ་ནས་ཐུགས་ཀྱིས་རྗེས་འཛིན་ཕྱིར། །དེ་ནས་ཞི་བའི་སྦྱིན་སྲེག་ཅིང ། །སྡིག་པ་ཞི་བར་བྱ་ཕྱིར་རམ། །དེ་ནས་སློབ་མ་རྣམས་བརྟགས་ནས། །ཆོ་ག་ཡི་ནི་ལྷག་གནས་བྱ། །དེ་ཡིས་ཇི་ལྟར་ནུས་པ་ཡིས། །དེ་བཞིན་སྡོམ་པ་གཟུང་བར་བྱ། །དེ་རྣམས་ཆོ་ག་འདི་ཡིན་ཏེ། །གཙང་ཞིང་དཀར་བའི་གོས་ཅན་ནི། །མདུན་དུ་བལྟས་ཏེ། འདུག་པ་ལ། །ལྷག་པར་གནས་པར་བརྩམ་པར་བྱ། །བླ་མས་དང་པོར་སྐྱབས་གསུམ་སྦྱིན། །དེ་ཡི་རྗེས་ལ་བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་བྱ་ཞིང ། །བསྐྱེད་པ་སླར་ཡང་རྗེས་དྲན་བྱ། །དེ་ནས་ཁྲོ་བོ་མངོན་བཟླས་པའི། །ཆུ་ཡི་སྤྱི་བོར་བསང་གཏོར་བྱ། །མགོ་བོར་ཀུན་ཏུ་རེག་ནས་ནི། །མཉམ་པར་གཞག་པར་ལན་བདུན་བཟླས། །རིག་པའི་རྒྱལ་པོའི་སྙིང་པོ་ནི། །ལག་པས་དྲི་བཟངས་སྤགས་པ་ལ། །འཇིགས་པ་བཟློག་ལ་
464a
༄#། །མཁས་པ་ཡིས། །ལན་བདུན་རྟག་ཏུ་བཟླས་པར་བྱ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིས། །རིག་པའི་རྒྱལ་པོ་ཡི་གེ་གཅིག་།རྟ་མགྲིན་ཆུ་སྐྱེས་རིགས་ལ་ནི། །རིག་པའི་རྒྱལ་པོ་ཡི་གེ་བཅུ། །སུམྦྷ་ཞེས་བྱ་རྡོ་རྗེའི་རིགས། །རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །ཡི་གེ་ཧཱུཾ་བཞི་རྣམས་དང་ལྡན། །ལས་ཀུན་རབ་ཏུ་སྤྲོས་པ་ལའོ། །རིགས་གསུམ་རྣམས་ལ་ཐུན་མོང་བ། །ཁྲོ་བོ་བདུད་རྩི་འཁྱིལ་བ་ཉིད། །བགེགས་ཀུན་རྣམ་པར་གཞོམ་པའི་ཕྱིར། །གསང་བ་པ་ཡི་བདག་པོས་གསུངས། །ལས་ནི་ཐམས་ཅད་པ་ཡི་སྔགས། །སྤྱི་བོར་རེག་ཅིང་བཟླས་དེ་ནས། །བསང་གཏོར་ཡང་བྱ་དེ་ཉིད་ཀྱིས། །བདུག་པ་ཡིས་ཀྱང་བདུག་པར་བྱ། །དབང་བསྐུར་བ་ནི་བུམ་པ་བཅས། །འབྲུ་ལ་སོགས་པ་ཐམས་ཅད་ལྡན། །ཅུང་ཟད་ཅུང་ཟད་གང་དུ་བླུགས། །རིག་པའི་རྒྱལ་པོས་མངོན་པར་བསྔགས། །ཆོ་ག་བཞིན་དུ་ལྷག་གནས་བྱ། །དྲི་ཡི་ཆུ་ཡིས་མཆོད་ཡོན་སྦྱིན། །མེ་ཏོག་ཀྱང་ནི་གཞུག་པར་བྱ། །བདུག་པ་ཡིས་ཀྱང་བདུག་པར་བྱ། །དབང་བསྐུར་བ་ནི་བུམ་པ་བཅས། །མཁས་པས་ཡང་དག་ཡོངས་སུ་བཟླས། །དེ་ཡིས་དབང་བསྐུར་བྱ་བ་ཡིན། །སླར་ཡང་བཟླས་པ་དཀྱིལ་འཁོར་དུ། །སློབ་མ་དམ་ཚིག་ཅན་རྣམས་ནི། །ཐལ་མོ་སྦྱར་ཞིང་མངོན་ཕྱོགས་ལ། །དེ་ནས་སོ་ཤིང་སྦྱིན་པར་བྱ། །སློབ་མ་རྣམས་ནི་གོ་རིམས་བཞིན། །གཟུང་
464b
ཤིང་ཤར་དུ་ཁ་བལྟས་ཏེ། །ཕྱི་རོལ་ཉིད་དུ་སོ་ཤིང་བཅའ། །མ་གས་པར་ནི་འཆོས་ནས་སུ། །ལོགས་མ་ཡིན་པར་འདོར་བྱ་སྟེ། །སོ་ཤིང་མདུན་དུ་དོར་བྱས་པ། །གང་ཚེ་མདུན་དུ་རྩེ་མོ་ལྷུང ། །དེ་ཚེ་དངོས་གྲུབ་མཆོག་ཤེས་བྱ། །གང་ཞིག་སྟེང་དུ་བལྟས་པ་ཡང ། །དེ་བཞིན་ཤར་དུ་རྩེ་མོ་བསྟན། །དངོས་གྲུབ་འབྲིང་དུ་ཡོངས་སུ་གྲགས། །བྱང་དུ་བལྟས་ན་ཐད་ཀ་ཉིད། །རིག་པའི་དངོས་གྲུབ་འཇིག་རྟེན་པ། །སོ་ཤིང་དོར་བ་བརྒྱ་ལམ་ན། །གང་ཚེ་འོག་ཏུ་ཁ་བལྟས་པ། །དེ་ཚེ་ས་འོག་དངོས་གྲུབ་ནི། །འབྱུང་བ་འདི་ལ་ཐེ་ཚོམ་མེད། །སློབ་མ་ཉེ་བར་རེག་པ་ནི། །སྔ་མ་བཞིན་དུ་གཟུང་བྱས་ལ། །ཐམས་ཅད་ལས་བྱེད་སྔགས་ཀྱིས་ནི། །བླ་མས་དྲི་བཟངས་ཆུ་སྦྱིན་ནོ། །རེ་རེ་ལ་ཡང་བཏུང་བའི་ཕྱིར། །ཁྱོར་བ་གསུམ་ནི་སྦྱིན་པར་བྱ། །དེ་ནས་བློ་ལྡན་ལངས་ནས་སུ། །འདི་དག་ཀུན་ཏུ་སྤྱད་པར་བྱ། །དེ་ནས་མཆོད་པ་ཡང་བྱས་ནས། །ལག་པས་སྤོས་ནི་བཏེག་ནས་སུ། །བློ་ལྡན་གུས་པས་ལྷ་རྣམས་ལོ། ། གསོལ་བ་གདབ་ཅིང་གུས་གནས་བྱ། །དང་པོར་སྔགས་ནི་སྙན་གསན་དབབ། །དེ་ཡི་དཀྱིལ་འཁོར་གང་ཡིན་པ། །དེ་ཡི་རིམ་པའི་སྦྱོར་བ་ཡིས། །ལྷ་རྣམས་སྤྱན་འདྲེན་པ་ཡིན་ནོ། །བཅོམ་ལྡན་ཆེ་གེ་མོ་ཞེས་བྱ། །རིག་པའི་རྒྱལ་པོ་ཁྱོད་ལ་འདུས། །སློབ་མ་རྣམས་ལ་བརྩེ་ཕྱིར་དང ། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཉིད་ཀྱི་དཀྱིལ་འཁོར་
465a
༄#། །ཐུགས་རྗེ་ཡི། །བདག་ཉིད་ཀྱང་ནི་བྲི་བར་འཚལ། །བཅོམ་ལྡན་དེ་ནི་བདག་གུས་ལ། །བཀའ་དྲིན་མཛད་པར་རིགས་ལགས་སོ། །འཇིག་རྟེན་མགོན་པོ་བརྩེ་བ་ཅན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང ། །དགྲ་བཅོམ་གང་གཞན་སྔགས་ཀྱི་ལྷ། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང ། །འབྱུང་པོ་རྫུ་འཕྲུལ་ཆེ་གང་དང ། ། སངས་རྒྱས་བསྟན་ལ་མངོན་དགའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །ཆེ་གེ་མོ་ཞེས་བྱ་བ་དང ། །ཆེ་གེ་མོ་ཡི་དཀྱིལ་འཁོར་ནི། །རང་ཉིད་འབྱུང་བ་བགྱིད་པར་འཚལ། །ཇི་ལྟར་གུས་པའི་ཉེར་སྤྱོད་ཀྱིས། །སློབ་མ་དང་བཅས་བདག་ལ་ནི། །རྗེས་སུ་བརྩེ་བས་ཉེར་གཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པར་རིགས། །དེ་སྐད་སྨྲས་ཏེ་ཚིག་གང་ཞིག་།བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། །བསྟོད་པའི་ཉེར་སྤྱོད་ཀྱང་བྱས་ནས། །དེ་དག་གཤེགས་སུ་གསོལ་བར་བྱ། །ཆགས་བྲལ་སོ་སོར་ལྡན་པ་ཡི། །སློབ་མ་རྣམས་ལ་ཆོས་བཤད་བྱ། །བློ་ལྡན་ཤར་དུ་མགོ་བསྟན་ཏེ། །དགེ་བའི་གཉིད་ཀྱི་ཉལ་དུ་གཞུག་།དེ་ནས་སྔ་དྲོ་ཉིད་དུ་ནི། །མཚན་མོའི་རྨི་ལམ་མཐོང་བར་བྲི། །གང་ཚེ་དགེ་བའམ་མི་དགེ་བ། །དྭོགས་མེད་ཉིན་པར་ཐོས་ནས་སུ། །སངས་རྒྱས་རྡོ་རྗེ་འཛིན་པས་ནི། །རིགས་བདུན་རྣམས་ཀྱི་དམ་ཚིག་ཀྱང ། །དེ་ནས་
465b
བུ་ཁྱོད་དམ་ཚིག་དང ། །སྡོམ་པ་རྒྱལ་བ་ཡིས་གསུངས་པ། །དད་པས་བླ་མའི་བཀའ་ཡང་བསྐྱང ། །ཁྱེད་ཀྱིས་སྲོག་ཆགས་གསང་མི་བྱ། །མ་བྱིན་མི་བླང་འདོད་ལོག་དང ། །དངོས་གྲུབ་འདོད་པས་མི་བྱའོ། །ཆང་མི་བཏུང་ཞིང་ཤ་ལ་སོགས། །བཟའ་བ་ནམ་ཡང་མ་ཡིན་ཉིད། །སེམས་ཅན་ཀུན་ལ་གནོད་མི་བྱ། །དཀོན་མཆོག་གསུམ་ཡང་མི་སྤང་ཞིང ། །དུས་རྣམས་ཀུན་ཏུ་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང ། །བླ་མ་ལྷ་རྣམས་དེ་བཞིན་ཉིད། །བླ་མའི་བཀའ་ལས་འདའ་མི་བྱ། །གང་ལས་སྡིག་འགྱུར་དེ་ལས་འདའ། །དེ་ལ་ཕུལ་བའི་རྙིང་པ་དང ། །གྲིབ་མ་ལ་ཡང་འགོམ་མི་བྱ། །ཕྱག་རྒྱའི་རྣམ་པའང་དེ་བཞིན་ཉིད། །སྔགས་དང་ལྷ་ལ་མི་སྨད་ཅིང ། །གདོན་གྱི་ལས་རྣམས་མི་བྱ་འོ། །མུ་སྟེགས་པ་ཡང་སྨད་མི་བྱ། །མདོར་ན་བདག་ཉིད་ཐེ་ཚོམ་དང ། །སོམ་ཉི་ཡིད་གཉིས་མི་བྱ་སྟེ། །རྒྱུད་དང་ལྷ་ཚོགས་ལ་དེ་བཞིན། །དད་པ་བརྟན་པས་དམ་བཅས་ནས། །སརྦ་བིད་ཀྱིས་དབང་དེ་བཞིན། །བུམ་པ་ལ་སོགས་མཆོག་རྣམས་ཀྱིས། །དབང་བསྐུར་བཅུ་པོ་འདོད་ཇི་བཞིན། །དེ་ནས་ལག་ན་རྡོ་རྗེ་དང ། །དྲིལ་བུ་སྦྱིན་བྱ་དེ་རྗེས་ལ། །འཁོར་ལོ་ལ་སོགས་རིན་ཆེན་བདུན། །བཟུང་ནས་འཁོར་ལོས་བསྒྱུར་བ་ཡི། །རྒྱལ་པོ་དབང་ཕྱུག་ཐོབ་ཕྱིར་དང ། །སྡིག་པ་གཞོམ་ཕྱིར་དབང་བསྐུར་ཞིང ། །སྔགས་བསྒྲུབ་
466a
༄#། །འདོད་པའི་སློབ་མ་ལ། །རྗེས་སུ་གནང་བ་མཉན་དུ་གཞུག་།དེ་ནས་བསྟོད་པས་མགོ་བོ་ཡིས། །ཕྱག་འཚལ་ཇི་ལྟར་འདོད་པའི་རྫས། །བླ་མ་ལ་ནི་དབུལ་བྱ་སྟེ། །རིན་ཆེན་གཏེར་དང་འབྲུ་དང་དབྱིགས། །གསེར་དང་བཞོན་པ་ཁྱིམ་དང་གདན། །བུ་དང་བུ་མོ་སྐྱེས་པ་དང ། །བུད་མེད་རྣམས་ནི་དབུལ་བྱ་ཞིང ། །གྲོང་དང་གྲོང་ཁྱེར་ཅི་བཞེད་རྣམས། །རང་གི་སེམས་ནི་རབ་དང་བས། །ཡོན་རྣམས་ངེས་པར་དབུལ་བྱ་ཞིང ། །དངོས་གྲུབ་མྱུར་ཕྱིར་བླ་མ་ལ། །མདོར་ན་བདག་ཉིད་ཀྱང་འབུལ་བྱ། ། ཚེ་འདིའི་བདེ་བ་མ་ལུས་དང ། །འཇིག་རྟེན་ཕ་རོལ་བདེ་བའི་མཆོག་།སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ཏེ། །ལྷ་ཡི་བདེ་བ་ལྟ་ཅི་སྨོས། །བླ་མ་སངས་རྒྱས་ཀུན་དང་མཉམ། ། རྡོ་རྗེ་སློབ་དཔོན་སྨོད་པ་གང ། །དེ་ཡིས་རྟག་ཏུ་སྡུག་བསྔལ་འཐོབ། །དེ་ཕྱིར་སློབ་དཔོན་སྨད་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང ། །གང་ཡང་སྨད་པར་མི་བྱ་ཞིང ། །འཁོན་པར་ཡང་ནི་མི་བྱ་འོ། །དཀོན་མཆོག་གསུམ་ལ་གནོད་བྱེད་དང ། །བླ་མ་སྨོད་བྱེད་མ་རུངས་རྣམས། །དམ་ཚིག་འདས་ལ་བཟོད་མི་བྱ། །དེ་ལྟ་བུ་སོགས་གནོད་བྱེད་ལའང ། ། དེ་ལྟ་ཉིད་དོ་དེ་བྱས་ན། །ཀུན་རིག་གིས་གསུངས་དངོས་གྲུབ་འཐོབ། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དངོས་གྲུབ་མྱུར་དུ་འབྱུང་བ་འཐོབ།། །།དེ་ནས་བཅོམ་
466b
ལྡན་འདས་ཀྱིས་ལྷའི་དབང་པོ་དང ། ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང ། བདེ་བའི་དོན་དུ་སྒྲུབ་པའི་ཆོ་ག་གསུངས་ཏེ། བྲི་གཞི་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་དེ་ཁོ་ན་བཞིན་དུ་བྲི་ཞིང ། གཡས་སུ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་དང ། གཡོན་དུ་ཤཱཀྱ་ཐུབ་པ་དང ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ཟླ་བ་ལྟ་བུ་ཕྱག་ན་པདྨ་ཅན་དང ། ཤཱཀྱ་ཐུབ་པའི་འོག་ན་ཕྱག་ན་རྡོ་རྗེ་དང ། དེ་དག་གི་དངུས་སུ་སྨན་པའི་རྒྱལ་པོ་ཕྱག་གཅིག་གིས་ཨ་རུ་རའི་འབྲས་བུ་བསྣམས་ཤིང་དེ་ལས་གཞན་ནི་མཆོག་སྦྱིན་དུ་བྱའོ། །རྟ་མགྲིན་དང ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མ་རུངས་པ་འཇོམས་པ་ལ་བརྩོན་པ་དག་ནི་རང་གི་ལྷ་ལ་མངོན་པར་ཕྱོགས་པར་བྲི་ཞིང་དེ་དག་གི་དབུས་སུ་ལོ་ཙ་ནཱ་དང ། མཱ་མ་ཀཱི་དང ། གོས་དཀར་མོ་དང ། སྒྲོལ་མ་དག་ཕྱག་ན་རང་གི་མཚན་མ་ཅན་བྲིའོ། །དེ་རྣམས་ཀྱི་འོག་ཏུ་རྫིང་བུ་ཆུ་སྲིན་དང ། ཉ་དང ། རུས་སྦལ་དང ། སྦལ་པ་དཀར་པོ་ལ་སོགས་པ་དང་བཅས་པ་དང ། ཆུ་ལས་སྐྱེས་པའི་མེ་ཏོག་དུ་མས་ཡོངས་སུ་གང་བར་བྲི་ཞིང་འདུག་པ་དང ། མར་མེ་དང ། དྲི་དང ། ཕྲེང་བ་དང ། ཞལ་ཟས་དང ། མེ་ཏོག་དང ། འབྲས་བུ་རྣམས་པ་སྣ་ཚོགས་བྲི་པར་བྱའོ། །འོག་ཉིད་དུ་
467a
༄#། །སྒྲུབ་པ་པོ་ཐལ་མོ་སྦྱར་ཏེ་རབ་ཏུ་འདུག་ཅིང་འདུས་པར་བྲིའོ། །དེ་ནས་དེ་རྫོགས་པ་ལ་བྱིན་གྱིས་བརླབ་པ་དམིགས་པར་བྱ་སྟེ། སྤྱན་དབྱེ་བ་བྱས་ནས་མཆོད་པས་མཆོད་པར་བྱའོ། །དེ་ནས་གལ་ཏེ་མཚན་མ་མཐོང་ན་མྱུར་དུ་འགྲུབ་པོ། །གལ་ཏེ་མ་མཐོང་ན་རིང་མོ་ཞིག་ན་འགྲུབ་པའོ། །བཞད་པ་དང་ནི་རྔ་སྒྲ་དང ། །དྲིལ་བུའི་སྒྲ་དང་འབྲུག་སྒྲ་ཉིད། །དགེ་སློང་བྲམ་ཟེ་བུ་མོ་དང ། །འབྲས་བུ་མཐོང་ན་དངོས་གྲུབ་ནི། །མཆོག་འབྲིང་ཐ་མ་མྱུར་དུ་འགྲུབ། །དེ་ནས་སྐུ་གཟུགས་ཕྱག་རྒྱ་དང ། །སྔགས་རྣམས་ཀྱིས་ནི་བྱ་ནི་གྱིས་བརླབ། །ཇི་ལྟར་བསྐྱེད་པས་ཐོབ་བྱ་ཞིང ། །འཇིག་རྟེན་གསུམ་ནི་རྣམ་རྒྱལ་ཀྱིས། །བདག་བསྲུང་ལ་སོགས་བྱས་ནས་སུ། །བདག་གི་དེ་ཉིད་ཀྱང་བསྒོམས་ནས། །ཇི་སྲིད་དངོས་གྲུབ་རྟགས་འབྱུང་བ། །འབུམ་ཕྲག་གསུམ་མམ་དྲུག་འབུམ་བཟླས། །དེ་ནས་དབང་པའི་གནས་སུ་ནི། །སྔགས་ཀྱང་ཆད་ལྷག་བསྐང་བྱ་སྟེ། །བརྒྱ་ཕྲག་བརྒྱད་རྣམས་བཟླས་པར་བྱ། །དེ་ནས་བཟླས་པ་དེ་ཡི་མཐར། །དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། །མཆོད་པ་རྒྱ་ཆེན་ཡང་བྱས་ནས། །མཚན་མོ་གཅིག་ནི་བཟླས་པར་བྱ། །དེ་ནས་གལ་ཏེ་གཙོ་བོ་འམ། །སྲས་སམ་ལྷ་རྣམས་མཐོང་གྱུར་ན། །དེ་ཚེ་སྣོད་འདོད་ཇི་ལྟར་བར། །དངོས་གྲུབ་མཆོག་ནི་གསོལ་བ་གདབ། །
467b
ལྷ་རྣམས་རྟག་ཏུ་དགྱེས་པ་ཡིས། །དངོས་གྲུབ་འབྲས་བུ་དེ་ལ་སྩོལ། །ཕྱག་བྱས་ནས་ནི་དངོས་གྲུབ་ནི། །མཆོག་ལ་སོགས་པ་བླང་བར་བྱ། །བླ་མ་དཀོན་མཆོག་གསུམ་པོ་ལ། །རང་རང་སྐལ་པ་ཕུལ་ནས་ནི། །དེ་ནས་རྟག་ཏུ་བདག་ཉིད་སྦྱར། །དེ་རྣམས་མེད་ན་ཤེས་རབ་ཅན། །བླངས་ནས་རང་ཉིད་སྤྱད་པར་བྱ། །སེམས་ཅན་ཀུན་ལ་ཕན་བཙོན་ཞིང ། །སྐལ་པ་དུ་མར་གནས་པར་འགྱུར། །ལེགས་པར་བསྒྲུབས་ན་ཐམས་ཅད་བྱེད། །གནོད་སྦྱིན་སྒྱུ་སྒར་གདོང་ལ་སོགས། །ཚིག་ཙམ་གྱིས་ནི་བྲན་བཞིན་དུ། །ཞི་བའི་ལས་ལ་སོགས་པ་ནི། །ཐམས་ཅད་བྱེད་པར་འགྱུར་བ་ཡིན།། །།དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་སྡིག་པ་བགྱིས་པ་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་རྣམས་ཀྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རབ་ཏུ་སྤང་བའི་ཕྱིར་ཇི་ལྟར་བསྒྲུབ་པར་བགྱི་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ། དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་པ་ཆེན་པོ་བྱེད་པ་དེ་རྣམས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ལས་ཚེགས་མེད་པར་གྲོལ་བར་འགྱུར་བ་དེ་ཉིད་དེ་བཞིན་དུ་ཉོན་ཅིག་།དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །བརྒྱ་རྩ་བརྒྱད་ནི་བཟླས་པ་ཡི། །བུམ་པ་རྣམས་ནི་སྔ་མ་
468a
༄#། །བཞིན། །དབང་བསྐུར་བ་ནི་བརྟག་པར་བྱ། །དེ་ནས་སྔོན་གྱི་སྡིག་བྱང་ཞིང ། །དམྱལ་བ་ལ་སོགས་སྡུག་བསྔལ་ནི། །ཀུན་ལས་མྱུར་དུ་རྣམ་གྲོལ་འགྱུར། ། སྡིག་ལས་རྣམ་གྲོལ་བདག་ཉིད་ཆེ། །དེ་ཡང་གནས་གཙང་ལྷར་སྐྱེས་ནས། །རྟག་ཏུ་སངས་རྒྱས་ཆོས་པ་གྲོ་ཐོས། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་མངོན་སུམ་བྱེད། །དེ་ཡི་གཟུགས་བརྙན་དང་ནི་མིང ། །གུར་གུམ་གྱིས་ནི་བྲིས་ནས་སུ། །ངན་སོང་གསུམ་གྱི་འཇིགས་ཆེན་ལས། །སེམས་ཅན་རྣམས་ནི་ཐར་པའི་ཕྱིར། །སྔགས་པ་གཞན་ལ་ཕན་བརྩོན་ཞིང ། །བརྩེ་བས་མངོན་པར་དབང་བསྐུར་རོ། །དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དབང་སྐུར་ཏེ། །ལྷ་ཡི་གཟུགས་སུ་བརྟགས་ནས་སུ། །མཆོད་རྟེན་དབུས་སུ་བཞག་པར་བྱ། །རང་གཞན་ལྷ་ཡི་སྙིང་པོ་ནི། །སྙིང་ག་དེ་ཡི་ཕྱོགས་བྲིས་ནས། །ལྷ་མཉམ་པར་ནི་སེམས་བསྐྱེད་དེ། །ཁྱིམ་དུ་ཡང་ནི་གཞག་པར་བྱ། །དེ་ཡི་མིང་དང་སྤེལ་བའི་སྔགས། །གུར་གུམ་བཟང་པོས་བྲིས་ནས་ནི། །འབུམ་ནི་ཡོངས་སུ་རྫོགས་པར་དུ། །མཆོད་རྟེན་ལས་ནི་རབ་ཏུ་བྱ། །སྡིག་ཆེན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་ཡང་ནི་རྫོགས་པར་བྱ། །དེ་ལྟར་བྱས་ན་དེ་ངེས་པར། །དམྱལ་བ་ལས་ནི་གྲོལ་བར་འགྱུར། །དེ་བཞིན་ཡི་དྭགས་བྱོལ་སོང་ལས། །གྲོལ་ཏེ་ལྷ་རིགས་
468b
རྣམས་སུ་སྐྱེས། །དེ་ཡི་མིང་དང་སྤེལ་ནས་ནི། །ཇི་ལྟར་གསུངས་པའི་སྔགས་སྟོང་བཟླས། །གལ་ཏེ་བརྒྱ་ཕྲག་སྟོང་ཡང་ཚད། །བྱེད་བའི་བར་དུ་རྫོགས་པར་བྱ། །ལྷའི་རིགས་རྣམས་སུ་སྐྱེ་བར་འགྱུར། །དེ་ཡི་མིང་ནས་སྤེལ་བ་ཡི། །མཁས་པས་འབུམ་ཕྲག་བརྒྱ་འམ་ནི། །ཡང་ན་བརྒྱ་ཕྲག་སྟོང་སྙེད་དུ། །སྤྱིན་སྲེག་བྱས་ན་དམྱལ་བ་ནི། །ཆེན་པོའི་སྡིག་པ་ལས་གྲོལ་འགྱུར། །ཇི་སྲིད་མཚན་མ་འྤར་བ་ཡི། །གནས་སུ་ཡང་དག་སྐྱེ་པར་འགྱུར། །ཡུངས་ཀར་དཀར་པོའི་ཏིལ་དང་འབྲས། །ར་ཡི་འོ་མ་ཡང་དག་ལྡན། །དེ་བསྐུས་ཡམ་ཤིང་དེ་སྲིད་དུ། །ཆོ་ག་ཇི་བཞིན་སྦྱིན་སྲེག་བྱ། །དེ་ནས་དེ་ནི་ངེས་པར་ཡང ། །ལྷ་རིགས་རྣམས་སུ་སྐྱེས་པ་ཡི། །མཚན་མཉེ་བར་མཐོང་བར་འགྱུར། །གལ་ཏེ་ལྷ་ཡི་མཆོག་སྐྱེས་དང ། །ཡང་ན་ཐབ་ཁུང་ནང་དུ་ནི། །དཀར་པོ་གཡས་བསྐོར་འབར་བ་དང ། །གྱེན་དུ་འགྲེང་ཞིང་དྲི་མ་མེད། །འཕྲོ་བ་བསྡོམས་བཞིན་འབར་བ་དང ། །གློག་བཞིན་དྲི་མ་མེད་འོད་བརྟན། །མེ་རྟགས་འདི་རྣམས་མཐོང་བར་འགྱུར། །ཡང་ན་མེ་ལྷ་བདག་ཉིད་ནི། །དེ་བཞིན་ཁོ་ནར་སྟོན་འགྱུར་ཏེ། །ཟླ་བ་བཞིན་དུ་དྲི་མ་མེད། །དཀར་པོ་བཞིན་མདོག་འབར་བའོ། ། མཚན་མ་འདི་དག་མཐོང་བ་ལ། །དེ་ནས་དམྱལ་སོགས་རྣམས་གྲོལ་ཞིང ། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པར་ཤེས་པར་བྱ། །ཁྲུ་བཞི་པ་ཡི་ཚད་དུ་ནི། །ཆོ་ག་ཇི་བཞིན་ཐབ་ཁུང་
469a
༄#། །བརྐོ། །རྡོ་རྗེས་མཐའ་མ་བསྐོར་བ་ཡི། །འཁོར་ལོ་དབུས་སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་རང་གི་ཕྱོགས་སུ་བྲི། །ཇི་བཞིན་སེམས་དཔའ་རྣམས་དང་ནི། ། འཇིག་རྟེན་ལ་སོགས་ཕྱིན་ནས་བྲི། །དེ་ནས་བུམ་པ་གང་བ་དང ། །གཏོར་མ་བརྒྱན་རྣམས་བཀང་བ་ནི། །བརྒྱད་དམ་བཅུ་དྲུག་དག་ཏུ་གཞག་།བཟའ་དང་བཅའ་བ་ཞལ་བྲས་དང ། །མེ་ཏོག་ཕྲེང་སོགས་དེ་བཞིན་ཏེ། །བླ་རེ་རྒྱལ་མཚན་དར་ལ་སོགས། །གདུགས་མཆོག་རྣམས་ཀྱི་ལེགས་པར་བརྒྱན། །དེ་ལྟར་སྦྱིན་སྲེག་ཐབ་ཁུང་ནི། །མཆོག་ཏུ་ཡང་དག་སྦྱིན་སྲེག་བྱ། །ཆོ་ག་ཤེས་པར་དེ་བྲིས་ནས། །ལྷ་ཡི་ཚོགས་ནི་སྤྱན་དྲངས་ཏེ། །སྔགས་ཤེས་པས་སྔགས་ཕྱག་རྒྱ་ཡིས། །རྒ་ལ་སོགས་ཕུལ་ནས་ནི། །མདོར་བསྡུས་མཆོད་པར་བྱས་ནས་སུ། ། ལྷ་ཡི་སྦྱོར་བས་རབ་གནས་ལ། །ག་བུར་གུར་གུམ་ལ་སོགས་པས། །མར་དང་འོ་མ་ཏིལ་བསྒོས་ལ། །ཏིལ་དང་ཡུངས་ཀར་འབྲས་རྣམས་དང ། །དྲི་ཡི་ཆུས་ནི་ལེགས་བཀང་སྟེ། །འབྲས་ཆེན་སྤོས་དང་ལ་དུ་དང ། །སྦྲང་རྩི་ཤ་ཀ་རར་ལྡན་ལ། །བརྒྱ་ཕྲག་དུ་མར་ཡོངས་སུ་བཟླས། །ཡམ་ཤིང་ལ་ཡང་དེ་བཞིན་ཏེ། །རང་གི་སྔགས་ཀྱིས་བཏབ་པའི་ཤིང ། །ཁུང་བུའི་ནང་དུ་གཞག་པར་བྱ། །ལྷ་དང་ཀླུ་དང་གནོད་སྦྱིན་དང ། །དྲི་ཟ་སོགས་སུ་གནས་པ་ཡི། །རོ་ལ་སྔགས་ཀྱིས་བཏབ་ནས་སུ། །ཆུ་མཆོག་
469b
གིས་ནི་བཀྲུས་ནས་ནི། །སྔགས་བཟླས་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་བརྒྱན་བྱ་ཞིང ། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག་།མེ་ཏོག་ཕྲེང་བ་ལ་སོགས་མཆོག ། གཙུག་ཕུད་དཔུང་པར་དེ་བཞིན་དུ། །སྔགས་བྲིས་ན་ནི་གདགས་པར་བྱ། །སྙིང་ག་མགྲིན་པ་ཁ་ཕྱོགས་སུ། །སརྦ་བིདྱཱས་བྱིན་གྱིས་བརླབ་ས། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། ། མགོ་བོ་སྤྱི་གཙུག་དཔུང་པ་གཉིས། །རྣ་བ་དཀུ་དང་པུས་མོ་བོལ། །སྣ་ཡི་རྩེ་མོ་ལོང་བུ་དང ། །མིག་གཉིས་དང་ནི་གསང་བ་ཡི། །དབང་པོ་རྣམས་ཀྱི་གནས་དང་ནི། །དེ་ལྟར་གཞན་དུའང་གནས་ཡི་གེ་།མཆོག་ཏུ་དགེ་བ་དེ་དག་གཞག་།དེ་དག་ངན་སོང་ཡོངས་སྦྱངས་ཕྱིར། །སྟན་དང་བཅས་ཏེ་ཐབ་དབུས་གཞག་།དེ་ནས་སྔགས་པས་སྔགས་ཀྱིས་ནི། །མངོན་པར་བསྔགས་པའི་གོས་ཀྱིས་གཡོགས། །དེ་ནས་བྱིན་ཟ་ཡང་དག་རབ་སྦར་ལ། །མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས། །ཟླ་བ་ཀུནད་བཞིན་དུ་ཞི་བའི་ཡིད། །དཔག་མེད་ཀུན་ལ་མཆོད་ཡོན་ཡོངས་སུ་བརྟག་།དེ་བཞིན་ཇི་ལྟར་གསུངས་པའི་མཆོད་པ་བྱ། །དེ་ནས་དང་པོ་དེ་ཡི་སྦྱིན་སྲེག་ནི། །རྫོགས་པར་བྱས་ཞིང་འབར་བ་ཉིད་ལ་ནི། །ཡོངས་སུ་བརྟགས་པ་ནས་ནི་རྒྱལ་བ་ལས། །སོགས་པ་རྣམས་ཀྱི་བརྒྱད་ནི་ལྷག་པ་དང ། །བཅས་པའི་བརྒྱ་ནི་ཡོངས་སུ་བརྟག་པར་བྱ། །དེ་ནས་སྦྱོང་བའི་སྔགས་ཀྱི་
470a
༄#། །རྒྱལ་པོ་ཡང ། །བསྲེག་བྱ་ཉི་ཤུ་རྩ་གཅིག་ཡོངས་སུ་བརྟག་།དེ་ནས་ཞལ་རས་དཀར་པོ་སྦྱར་དྲངས་ལ། །ཡོ་བྱད་རྣམས་སམ་མཆོད་ཡོན་སོགས་གསུམ་མཆོད། །ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། །རྒྱན་རྣམས་ཐམས་ཅད་ཀྱིས་ནི་རབ་བརྒྱན་ཅིང ། །རྫོགས་པའི་སངས་རྒྱས་ཉིད་ཀྱི་དབུ་རྒྱན་ཅན། །བསམ་པར་བྱ་ཞིང་ཡང་ནི་བྲི་བར་བྱ། །དེ་ཡི་སྙིང་པོ་བརྒྱ་ཕྱག་སྟོང་ངམ་ནི། །ཇི་སྲིད་བྱེ་བའི་བར་དུ་སྦྱིན་སྲེག་བྱ། །ཡང་ན་མཚན་མ་ཡང་དག་བྱུང་ན་ནི། །དེ་བཞིན་སྡིག་རྒྱུན་སྤངས་པར་ཤེས་པར་བྱ། །དེ་ནས་ཐལ་བར་འགྱུར་བ་ཆོ་ག་བཞིན། །རྡོ་རྗེ་བསྡུ་བས་ཐལ་བ་རུས་པ་བསྡུ། རྡོ་རྗེ་བདུད་རྩིའི་དྲི་ཆུ་དང ། །བ་ཡི་རྣམ་ལྔ་པ་བཅས་ལ། །སྦྱོང་བའི་སྔགས་ནི་འབུམ་བཟླས་ཏེ། གོང་བུ་བྱས་ནས་ག་བུར་དྲིར། །ས་དང་ལེགས་པར་བསྲེས་བྱས་ལ། །སྐུ་གཟུགས་མཆོད་རྟེན་ལྷར་བསམ་ཞིང ། །ལན་གཅིག་གཉིས་གསུམ་བཞི་ལྔ་འམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ། །འབུམ་ཕྲག་གཉིས་ནི་བཟླས་པར་བྱ། །དེ་ནས་མཆོད་རྟེན་འབར་གྱུར་ཏམ། །ཡང་ན་སྐུ་གཟུགས་ཞལ་འཛུམ་མམ། །དེ་སྤོས་ངད་ལྡན་འོད་སྣང་ངམ། །ལྷ་ལ་སོགས་པ་སྣ་ཚོགས་པ། །རྫུ་འཕྲུལ་རྣམ་པར་འཕྲུལ་བ་དང ། །མེ་ཏོག་ལ་སོགས་འདོར་བ་དང ། །དུང་དང་རྔ་དང་
470b
གླིང་བུ་དང ། །པི་ཝང་ལ་སོགས་སྒྲ་ཐོས་འགྱུར། །གལ་ཏེ་ལྷ་ཡི་མཚན་མ་དེ། །སྡིག་མང་ཉིད་ཀྱིས་མ་མཐོང་བ། །དེ་ཚེ་འབུམ་ཕྲག་བརྒྱ་སྟོང་བཟླས། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་པ་མཆོད་ནས་ནི། །མཉམ་པར་གཞག་པས་བཟླས་པར་བྱས། །དེ་མཐར་ཆོ་ག་ཤེས་པར་ཡིས། །མཚན་གཅིག་ཐོག་ཐག་མི་ཉལ་བཟླས། །དེ་ནས་དེ་ཡི་\?\་སྡིག་པ་ནི། །རྣམ་དག་བདག་ཉིད་ངེས་པར་མཐོང ། །ལྷ་ཡི་ལུས་ཀྱིས་གཟུགས་དང་ནི། །དེ་ཡི་རྒྱུད་དུ་ངོ་ཤེས་འགྱུར། །མཚན་མ་འདི་དག་ཤེས་ནས་སུ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ལས་རྣམས་ཐམས་ཅད་རབ་ཏུ་བྱ། །གལ་ཏེ་དེ་ཡང་མེད་གྱུར་ན། །དེ་ཚེ་བཟླས་བསྒོམ་ཚུལ་གྱིས་ཕྱ། །དེ་ཡི་མིང་ཙམ་བྲིས་ནས་སུ། ། མཆོད་རྟེན་ཕྲེང་བ་བྱ་བ་དང ། །སྐུ་གཟུགས་ཀྱང་ནི་བྱས་ནས་སུ། །སྦྱིན་སྲེག་དབང་བསྐུར་བྱས་གྱུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཐལ་བ་ཡུངས་ཀར་བྱེ་མ་སོགས། །མི་སྤེལ་སྔགས་ནི་མངོན་བཏབ་ནས། །རྒྱ་མཚོར་འབབ་པའི་ཆུ་ཀླུང་དོར། །དེ་ལྟར་བྱས་ན་སྡིག་པ་ཅན། །ཡིན་ཡང་ངན་སོང་རྣམས་ལ་ནི། །རྣམ་པར་ཐར་པར་གྱུར་ནས་ཀྱང ། །དགེ་བ་\?\་མཆོག་གི་ས་པོན་ནི། །བསྐྱེད་དང་ལྡན་པས་སངས་རྒྱས་ཉིད། །འབྲས་བུར་ཡང་དག་ལྡན་པ་ཡི། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང ། །བརྩོན་འགྲུབ་བསམ་གཏན་ཤེས་རབ་རྒྱུ། །
471a
༄#། །རབ་ཏུ་བསྒོམས་པའི་བསོད་ནམས་ལྡན། །འཇིག་རྟེན་ངན་སོང་བཅོམ་པ་ནི། །འདི་ལྟར་ལྷ་ཡང་ཅི་ཞིག་སྨོས། །འདི་ལ་ཐེ་ཚོམ་མེད་པ་ཡིན། །གང་ཡང་དགེ་བའི་རྩ་བ་མ་བསྐྱེད་པ་དང ། གང་ཡང་མེད་པའི་ལྟ་བ་ཅན་དང ། གང་བྱང་ཆུབ་ཀྱི་ལམ་ལས་རྣམ་པར་འདས་པའི་བསྟན་པ་ལ་ཞེ་སྡང་གིས་གནོད་པ་བྱེད་པ་དང ། སྡིག་པའི་རང་བཞིན་མི་ཤེས་པ་ཕ་དང ། མ་ལ་སེམས་མི་བརྩེ་བ་དང ། བྱང་ཆུབ་ཀྱི་སེམས་ལ་མི་བརྟེན་པ་དང ། འདོད་ཆགས་དང་བྲལ་བ་བསད་པ་དང ། ལྷ་དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། སྔགས་དང ། ཕྱག་རྒྱའི་ཚོགས་ལ་སོགས་པ་རྣམས་ལ་མེད་པ་ཉིད་དུ་ལྟ་བ་ལ་སོགས་པའི་སྡིག་པ་ཅན་རྣམས་ལ་དེ་ལྟ་བུའི་ཤེས་རབ་དང་ཐབས་མེད་ན་གྲོལ་བ་མེད་དོ། །ཞེས་པ་བདེ་བར་གཤེགས་པ་རྒྱལ་བ་རྣམས་ཀྱིས་གསུངས་སོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་སྤྱན་པདྨ་རྒྱས་པ་རྣམས་ལེགས་སོ་ཞེས་བྱ་བས་མཉེས་པར་མཛད་དོ། །མཉེས་པར་མཛད་ནས་མཆོད་པ་མཛད་དོ། །བརྒྱ་བྱིན། གཞན་ལ་ཕན་པར་བརྩོན་པས་ཀྱང་ཇི་ལྟར་བཀའ་སྩལ་བ་བཞིན་དུ་བྱས་སོ། །འབྲས་བུ་དེ་བཞིན་དུ་ཐོབ་པར་གྱུར་ཏོ། །དབང་ལྡན་དུ་མགྲིན་པ་སྔོན་པོ་གླང་ཁྱུ་མཆོག་ལ་ཞོན་པ། སྐུ་མདོག་དཀར་པོ་ཕྱག་བཞི་པ། གཡས་པའི་དང་པོ་དང ། གཉིས་པ་རྡོ་རྗེ་རྩེ་གསུམ་པ་དང་
471b
མཆོག་སྦྱིན་དུ་བཅས་པ། གཡོན་པའི་གཅིག་གིས་རྩེ་གསུམ་པ་འཛིན་ཅིང་གཉིས་པས་རལ་གྲི་འཛིན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་བྲིས་ཏེ། ཨོཾ་པ་ཤུ་པ་ཏི་ནཱི་ལ་ཀཎྵ་ཨུ་མ་པྲཱི་ཡ་སཝཱ་ཧཱ་ཞེས་པ་འདིས་སོ། །དེ་ནས་ཕྱག་རྒྱ་འདི་ཡིན་ཏེ། ལག་པ་རྡོ་རྗེ་ཁུ་ཚུར་བྱས་ལ་མཐེའུ་ཆུང་མཐེ་བོང་གིས་མནན་ཏེ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་ཤིང་མིང་མེད་དང ། མཛུབ་མོ་ཡང་རྡོ་རྗེའི་རྣམ་པར་ཆུང་ཟད་མདུད་པར་བྱའོ། །འདི་ནི་ཕྱགས་བདག་གི་ཕྱག་རྒྱའོ། །ཁྱབ་འཇུག་ཁྱུང་ལ་ཞོན་པ། མདོག་ནག་པོ་ཕྱག་བཞི་པ། ཕྱག་གཡས་པ་དག་ན་དབྱུག་ཏོ་དང ། རྡོ་རྗེ་འཛིན་ཅིང་གཡོན་པ་དག་ན་དུང་དང ། འཁོར་ལོ་འཛིན་པའོ། །གསེར་གྱི་རྡོ་རྗེ་མ་ཁྱབ་འཇུག་ལྟ་བུ་གསེར་གྱི་མདོག་ཅན་དུ་ཤེས་པར་བྱའོ། །རྡོ་རྗེ་དྲིལ་བུ་རྨ་བྱ་ལ་ཞོན་པ། ཞལ་དྲུག་པ། དམར་པོ་གཡས་པ་དག་ན་ཤཀྟི་དང ། རྡོ་རྗེ། གཡོན་པ་དག་ན་ཁྱིམ་བྱ་དང ། དྲིལ་བུ་འཛིན་པའོ། །རྡོ་རྗེ་གཞོན་ནུ་མ་རྡོ་རྗེ་དྲིལ་བུ་ལྟ་བུར་ཤེས་པར་བྱའོ། ། མི་སྨྲ་བ་རྡོ་རྗེ་དང་པ་ལ་ཞོན་པ། གསེར་མདོག་ཅན། ཞལ་བཞི་པ། ཕྱག་བཞི་པ། ཕྱག་གཡས་པ་དག་ན་རྡོ་རྗེ་དང ། བགྲང་ཕྲེང་འཛིན་ཅིང ། གཡོན་པ་དག་ན་དབྱུག་ཐོ་དང ། སྦྱི་བླུགས་འཛིན་པའོ། །རྡོ་རྗེ་ཞི་བ་མ་ཚངས་པ་ལྟ་བུར་ཤེས་པར་བྱའོ། །རྡོ་རྗེ་མཚོན་ཆ་གླང་པོ་ཆེ་དཀར་པོ་ལ་ཞོན་པ། ཕྱག་གཡོན་པས་རང་གི་རྡོ་རྗེ་འཛིན་ཅིང ། གཡས་པས་འཇིག་རྟེན་ལས་
472a
༄#། །འདས་པའི་རྡོ་རྗེ་འཛིན་པའོ། །རྡོ་རྗེ་ཁུ་ཚུར་རྡོ་རྗེ་མཚོན་ཆ་ལྟར་ཤེས་པར་བྱའོ། །རྡོ་རྗེ་འཁྱིལ་བ་ཁྲོ་བོ་ཡང་ཤིང་རྟ་ལ་ཞོན་པ། མདོག་དམར་པོ་གཡས་པ་དང ། གཡོན་པ་ན་པདྨ་དང ། ཉི་མའི་དཀྱིལ་འཁོར་འཛིན་པའོ། །རྡོ་རྗེ་བདུད་རྩི་མ་དང ། རྡོ་རྗེ་འཁྱིལ་པ་ཁྲོ་བོ་ལྟ་བུ་ཉིད་དོ། །རྡོ་རྗེ་འོད་ཟེར་ཁྲོ་བོ་དཀར་པོ་དང་པ་ལ་ཞོན་པ། གཡས་པས་རྡོ་རྗེ་འཛིན་ཅིང ། གཡོན་པས་པདྨ་དང ། ཟླ་བ་འཛིན་པའོ། །རྡོ་རྗེ་འོད་ཟེར་མ་རྡོ་རྗེ་ཁྲོ་བོ་ལྟ་བུའོ། །རྡོ་རྗེ་དབྱུག་པ་ཁྲོ་བོ་རུས་སྦལ་ལ་ཞོན་པ། མདོག་སྔོན་པོ་ཕྱག་གཡས་ན་རྡོ་རྗེ་འཛིན་ཅིང ། གཡོན་པས་དབྱུག་པ་འཛིན་པའོ། །དབྱུག་པ་རྡོ་རྗེ་མཆོག་མ་རྡོ་རྗེ་དབྱུག་པ་ཁྲོ་བོ་ལྟ་བུའོ། །རྡོ་རྗེ་དམར་སེར་ཁྲོ་བོ་གླང་པོ་ཆེ་ལ་ཞོན་པ་མདོག་དམར་པོ། ཕྱག་གཡས་ན་རྡོ་རྗེ་འཛིན་ཅིང ། གཡོན་པས་མི་བཟུང་ནས་ཟ་ཞིང་གནས་པའོ། །རྡོ་རྗེ་སྐེ་རགས་མ་རྡོ་རྗེ་དམར་སེར་ཁྲོ་བོ་ལྟ་བུའོ། །རྡོ་རྗེ་ཚོགས་བདག་གླང་སྣ་གླང་པོ་ཆེ་ལ་ཞོན་པ་ཅན། ཕྱག་གཡས་པས་རྡོ་རྗེ་འཛིན་ཅིང ། གཡོན་པས་གཤོལ་འཛིན་ཅིང་གནས་པ་མདོག་དཀར་པོའོ། །རྡོ་རྗེ་འདུལ་བ་མ་རྡོ་རྗེ་གླང་སྣ་ལྟ་བུ་འོ། །འདི་ནི་ཁྱད་པར་ཏེ་གང་ཞེ་ན། ཕྱག་གཡོན་གྱིས་ཁ་ཊྭཱཾ་ག་འཛིན་པའོ། །རྡོ་རྗེ་ཕྲེང་བ་ཚོགས་ཀྱི་བདག་པོ་མདོག་ལྡང་གུ། །བྱ་ཀུ་ལི་ཀའི་ཤིང་རྟ་ལ་ཞོན་པ། །ཕྱག་གཡས་ཀྱིས་རྡོ་རྗེ་འཛིན་པ། གཡོན་པས་མེ་ཏོག་གི་ཕྲེང་བ་འཛིན་པའོ། །
472b
རྡོ་རྗེ་གདན་མ་རྡོ་རྗེ་ཕྲེང་བ་ལྟ་བུའོ། །འདི་ནི་ཁྱད་པར་ཏེ་གང་ཞེ་ན། ཕྱག་གཡོན་གྱིས་ཤཀྟི་འཛིན་པའོ། །རྡོ་རྗེ་དབང་ཅན་ནེ་ཙོའི་ཤིང་རྟ་ལ་ཞོན་པ་མདོག་དཀར་སེར། ཕྱག་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པའོ། །རྡོ་རྗེ་དབང་ཅན་མ་རྡོ་རྗེ་དབང་ཅན་ལྟ་བུ་སྟེ་འདི་ནི་ཁྱད་པར་རོ། །གང་ཞེན། མདོག་དམར་པོའོ། །རྣམ་རྒྱལ་རྡོ་རྗེ་ཚོགས་ཀྱི་བདག་པོ་སྦལ་པ་ལ་ཞོན་པ་མདོག་དཀར་པོའོ། །ཕྱག་གཡས་ན་རྡོ་རྗེ་འཛིན་པ། གཡོན་པས་རལ་གྲི་འཛིན་པའོ། །རྡོ་རྗེ་གདེངས་པ་མ་རྣམ་རྒྱལ་རྡོ་རྗེ་ལྟ་བུའོ། །རྡོ་རྗེ་གཏུན་ཤིང་ཕོ་ཉ་མོ་མེ་ཏོག་གི་ཤིང་རྟའི་ཁང་བུ་ལ་ཞོན་པ་མདོག་དཀར་སེར། ཕྱག་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་གཏུན་ཤིང་འཛིན་པའོ། །རྡོ་རྗེ་གཏུན་ཤིང་ཕོ་ཉ་མོ་རྡོ་རྗེ་གཏུན་ཤིང་ལྟ་བུ་སྟེ་འདི་ནི་ཁྱད་པར་རོ། །གང་ཞེ་ན། གཡོན་གྱིས་ཁ་ཊྭཱཾ་ག་འཛིན་པའོ། །རྡོ་རྗེ་རླུང་གི་ཕོ་ཉ་མདོག་སྔོན་པོའི་རི་དྭགས་ལ་ཞོན་པ། ཕྱག་གཡས་པས་རྡོ་རྗེ་འཛིན་པ། གཡོན་པ། །གྱོན་པས་དར་འཛིན་པའོ། །མགྱོགས་པའི་རྡོ་རྗེ་མ་རྡོ་རྗེ་རླུང་གི་ཕོ་ཉ་ལྟ་བུའོ། །རྡོ་རྗེ་མེའི་ཕོ་ཉ་མོ་ར་སྟེས་ལ་ཞོན་པ་མདོག་དམར་པོ། གཡེན་དུ་འབར་བའི་འོད་རྩེ་གསུམ་པ་འབར་བའི་ཕྱག་གཡས་པ་དག་ན་རྡོ་རྗེ་དང ། གོ་ཆ་འཛིན་པ། གཡོན་པ་དག་ན་དབྱུག་པ་དང ། སྤྱི་བླུགས་འཛིན་པའོ། །རྡོ་རྗེ་འབར་བ་རྡོ་རྗེ་མེ་ལྟ་བུའོ། །རྡོ་རྗེ་འཇིགས་བྱེད་པོ་ཉ་སྔོན་པོ་རོ་ལངས་ལ་ཞོན་པ། ཕྱག་གཡས་པས་
473a
༄#། །རྡོ་རྗེ་འཛིན་པ། གཡོན་པས་རྩེ་གསུམ་འཛིན་པའོ། །རྡོ་རྗེ་གཙིགས་པ་ཕོ་ཉ་མོ་རྡོ་རྗེ་འཇིགས་བྱེད་ལྟ་བུ་སྟེ་འདི་ནི་ཁྱད་པར་རོ། །གང་ཞེ་ན། གཡོན་པས་ཞགས་པ་འཛིན་པའོ། །རྡོ་རྗེ་ལྕགས་ཀྱུ་བྲན་ཀླུ་ལྷག་པ་ལ་ཞོན་པ་སྔོན་པོ། ཕག་གི་གདོང་པ་ཅན་གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་ལྕགས་ཀྱུ་འཛིན་པའོ། །རྡོ་རྗེ་ནག་པོ་བྲ་ན་མོ་རོ་ལངས་ཀྱི་ཞོན་པ་ཅན། ཕྱག་གཡོན་གྱིས་ཁ་ཊྭཱཾ་ག་འཛིན་པ། ཕྱག་གཡས་ཀྱིས་རྡོ་རྗེ་འཛིན་པ། མདོག་ནག་མོའོ། །རྡོ་རྗེ་ལོག་འདྲེན་ཕྲན་བྲ་བ་བྱི་བ་ལ་ཞོན་པ་མདོག་དཀར་པོ། གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་དག་ན་རྡོ་རྗེ་དང ། དགྲ་སྟ་འཛིན་པ། གཡོན་དག་ན་རྩེ་གསུམ་དང་ནི་དབྱུག་པ་འཛིན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པའོ། །རྡོ་རྗེ་སྲུལ་མོ་བྲན་མོ་མདོག་སྔོན་མོ། གཡས་ན་རྡོ་རྗེ་འཛིན་པ་གཡོན་པ་ཕྱགས་མ་འཛིན་པ་བྲ་བ་བྱི་བ་ལ་ཞོན་པའོ། །ཀླུ་རྡོ་རྗེའི་ཆུ་སྲིན་ཞོན་པ་དང་གདེངས་ཀ་བརྒྱད་པ། མདོག་དཀར་པོ་གཡས་པས་རྡོ་རྗེ་འཛིན་པ། གཡོན་པ་ཀླུའི་ཞགས་པའི་འཛིན་པའོ། །རྡོ་རྗེ་ཆུ་སྲིན་མ་བྲན་མོ་ཆུ་སྲིན་ལ་ཞོན་པ། མདོག་དཀར་པོ་གདེངས་ཀ་བརྒྱད་མ། གཡས་པས་རྡོ་རྗེ་འཛིན་པ། གཡོན་པས་རྡོ་རྗེས་མཚན་པའི་ཆུ་སྲིན་འཛིན་པའོ། །འཇིགས་མདོག་མ་ལྗང་གུ་གཡས་པས་རྡོ་རྗེ་འཛིན་ཅིང ། གཡོན་པས་རལ་གྲི་བེ་ཊ་ཀ་འཛིན་པའོ། །དཔལ་མོ་མདོག་དཀར་སེར་གཡས་
473b
པས་རྡོ་རྗེ་འཛིན་ཅིང ། གཡོན་པས་པདྨ་འཛིན་པའོ། །དབྱངས་ཅན་མ་མདོག་དཀར་མོ། ཕྱག་གཡོན་པས་པི་ཝང་དང་གཡས་པས་རྡོ་རྗེ་མའོ། །བགྲོད་ཀ་མདེག་ལྗང་གུ་སེངྒེ་ལ་ཞོན་པ། ཕྱག་གཡས་པ་དག་ན་རྡོ་རྗེ་དང་འཁོར་ལོ་འཛིན་པ། གཡོན་པ་དག་ན་ལྡེ་མེན་དང་རལ་གྲི་འཛིན་པའོ། །མ་མོ་ཐམས་ཅད་དང ། དྲག་པོ་ལ་སོགས་པ་དང ། ཆུ་བདག་གི་མཐར་ཐུག་པ་རྣམས་ཀྱི་དང ། གང་ཕྱག་གཡས་སུ་རྡོ་རྗེ་གསུངས་པ་དེ་ནི་རྡོ་རྗེ་རྩེ་གསུམ་པར་ཤེས་པར་བྱའོ། །འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་རྣམ་པར་སྣང་མཛད་ལ་མངོན་དུ་བལྟས་པའོ། །དེ་ནས་ཐུན་མཚམས་ཀྱི་དུས་སུ་རྡོ་རྗེ་ཏི་རིན་ཏི་རིས་དག་པར་བཅིངས་ཏེ་མེ་ཏོག་སྔོན་པོའི་ཕྲེང་བ་བཟུང་ལ་དཀྱིལ་འཁོར་དུ་འཇུག་གོ་།ཡི་གེ་ཧཱུཾ་བཞི་པ་བརྗོད་ཅིང་རྡོ་རྗེས་རྣམ་པར་སྣང་མཛད་ལ་སྐོར་བ་བདུན་དང ། དུང་དང ། དྲིལ་བུའི་སྒྲ་བསྒྲགས་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་ཡང་ལྷག་པ་དང ། ཆད་པའི་ཉེས་བཞི་བར་བྱ་བའི་ངེས་པར་བལྟས་ཏེ་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ནས་རྡོ་རྗེའི་གར་བྱས་ལ་བླངས་ཏེ་ཡི་གེ་ཧཱུཾ་བཞི་པ་ཉིད་ཀྱིས་རང་གི་མགོ་བོར་བཅིང་ངོ ། །ཇི་ལྟར་ཆོ་ག་བཞིན་དུ་ཡང ། །གང་ཞིག་ཆད་པ་ཡོངས་སུ་བསྐང ། །མཁས་པས་ལྷག་པ་རྣམ་སྤང་ཕྱིར། །རྡོ་རྗེ་དྲིལ་བུ་ཀུན་ཏོག་བྱ། །འགྲུབ་འགྱུར་ཉེས་པ་སྤང་མི་བྱ། །ཞེས་གསུངས་སོ། །དེ་ནས་འདུག་པར་གྱུར་པ་ཡི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རྡོ་
474a
༄#། །རྗེ་སྒོ་ནི་བཞི་པོ་རྣམས། །ཡིད་ཀྱི་དབྱེ་བར་བྱ་བ་ཉིད། །ོཾ་བཛྲོ་ཏགྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཧཱུཾ་ཞེས་བྱའོ། །ཕྱག་རྒྱ་ཡང་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ཏེ། །མཛུབ་མོ་གན་རྐྱལ་ཡང་དག་གཟུང ། །ལེགས་པར་དྲག་ཏུ་རྣམ་པར་དབྱེ། །སྒོ་དབྱེ་བ་ཡི་ཆོ་ག་ཡིན། །ཞེས་པའོ། །དེ་ནས་ལྕགས་ཀྱུ་ལ་སོགས་པས་ལས་རྣམས་བྱས་ལ་རིན་པོ་ཆེ་བདུན་ལས་བྱས་པའམ། ས་ལས་བྱས་པའི་བུམ་པ། ནག་པོ་ལ་སོགས་པ་མེད་པ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྟོ་བ་ཆེ་བ། ལྷ་རྫས་ཀྱི་དྲིའི་ཆུ་དང ། རིན་པོ་ཆེ་དང ། སྨན་ཐམས་ཅད་དང ། འབྲུ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ། ཡལ་འདབ་དང་བཅས་པ་མགྲིན་པ་ལ་གོས་དམ་པས་ལེགས་པར་བཅིངས་ལ་བསྲུང་བ་བྱས་པ། ཕྱི་རོལ་ཀུན་ཏུ་ལྷ་རྫས་ཀྱི་དྲི་རྗེས་སུ་བྱུགས་པ། མེ་ཏོག་གི་ཕྲེང་བ་བཏགས་པའི་རྡོ་རྗེས་སྟེང་དུ་མཚན་པ། རྡོ་རྗེ་ཆེན་པོས་བྱིན་གྱིས་བརླབས་པ། ཁྲོ་བོ་ཏི་རིན་ཏི་རིས་ཡོངས་སུ་བཟུང་བའི་རྡོ་རྗེ་དང་མེ་ཏོག་གི་ཡལ་འདབ་ཀྱིས། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཞེས་བྱ་བ་འདི་སྟོང་རྩ་བརྒྱད་མངོན་པར་བསྔགས་པའི་ཡི་གེ་ཧཱུཾ་བཞི་པ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྤྱན་སྔར་ལེགས་པར་བཞག་གོ་།འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པའི་ཕྱི་རོལ་དུ་བུམ་པ་གཉིས་པ་ལ་ཡི་གེ་ཧཱུཾ་བཞི་པ་
474b
བརྒྱ་རྩ་བརྒྱད་བཟླས་པ་བཞག་གོ་།དེའི་ཆུས་བདག་ཉིད་དང་སློབ་མ་དབང་བསྐུར་བ་བྱ་སྟེ་གཞུག་པའི་ཕྱག་རྒྱ་བཅིངས་ནས་སམ་མ་བཅིངས་པ་ཡང་ངོ ། །བྱུ་རུ་དེ་བཞིན་ས་ལེ་སྤྲམ། །དུང་དང་དེ་བཞིན་ནོར་བུ་ནི། །རིན་ཆེན་ཀུན་ཏེ་སིང་གྷྲི་དང ། །བྱཱ་གྷྲཱི་གི་རི་བེ་བེ་རི། །སྨན་ཀུན་ཏིལ་ནས་སྲན་མ་ཤ་།འབྲས་དང་གྲོ་ནི་ལྔ་པ་སྟེ། །སྨན་ལྔ་འབྲུ་ཀུན་སྒྲས་མཚོན་པའོ། །དེའི་རྗེས་ལ་ཕྱག་རྒྱ་བཞི་ལ་སོགས་པ་སྔོན་དུ་འགྲོ་བའི་སྡོམ་པ་འཛིན་དུ་བཅུག་ནས་རྡོ་རྗེ་གནོད་སྦྱིན་གྱི་གོས་སྔོན་པོ་ལ་ཡང་ཡོངས་སུ་བཟླས་ཏེ། སེམས་དཔའི་གཙུག་ཏོར་གྱིས་གཙུག་ཏོར་བཅིང་བ་དང ། སྒོ་སྐྱོང་གིས་གདོང་བཅིང་བ་དང ། རྡོ་རྗེ་གོ་ཆས་སྟོད་གཡོགས་དང ། གཙུག་ཏོར་ལ་སོགས་པ་ཅན་གྱིས་སློབ་དཔོན་གྱིས་ཁྲོ་བོ་ཏི་རིན་ཏི་རིས་མེ་ཏོག་སྔོན་པོའི་ཕྲེང་བ་བཟུང་ནས། ཨོཾ་བཛྲ་མ་ཡ་མ་པྲ་བེ་ཤཱ་མི་ཞེས་བརྗོད་ཅིང་ཞུགས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་རྡོ་རྗེའི་ཆུ་འཐུངས་ནས་བདག་ཉིད་འཇུག་པར་བྱས་ལ། ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་ལ་རང་རང་གི་མགོ་ལ་བཅིངས་ཏེ། གདོང་བཅིངས་པ་བཀྲོལ་ལ། ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ལ་བལྟས་ཏེ། ཏིཥྛ་བཛྲ་ཞེས་པ་ལ་སོགས་པས་གཞུག་པའི་ཕྱག་རྒྱ་དགྲོལ་བ་ཡང་བྱས་ལ་ཆུའི་དབང་བསྐུར་བ་དང ། སངས་རྒྱས་
475a
༄#། །ལྔའི་ཅོད་པན་དང ། དར་དབྱངས་དང ། རྡོ་རྗེ་དང ། ཕྲེང་བ་དང ། བདག་པོ་ལ་སོགས་པས་དབང་བསྐུར་བ་དགུ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་བླངས་པ་དེ་ཁོ་ན་ཉིད་དང ། ཆོས་དང ། དམ་ཚིག་དང ། དངོས་གྲུབ་དང ། རྡོ་རྗེ་བརྟུལ་ཞུགས་ཀྱང་བཟུང་ལ། མེ་ཏོག་ལ་སོགས་པས་ཀྱང་བདག་ཉིད་ལེགས་པར་མཆོད་དེ་ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང ། ཡི་གེ་ཧཱུཾ་གིས་གཟེངས་བསྟོད་པ་དང ། ལུང་བསྟན་པ་ཡང་སྨོས་ལ། སླར་ཡང་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་ཇི་ལྟར་མངོན་པར་འདོད་པའི་བཟླས་པ་ཡང་སྟེ་ཧཱུཾ་ཀཱ་ར་བཛྲ་ཧཾ་ཞེས་པའོ། །རང་གི་མཚན་བརྗོད་པར་བྱ་ཞིང་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་ལ། དེའི་སྔགས་ཨཿ ་འི་རྣམ་པའི་མཐའ་ཅན་གྱི་རྣམ་པར་སྣང་མཛད་ཀྱི་གནས་སུ་དེ་བཞིན་གཤེགས་པ་རྡོ་རྗེའི་བདག་ཉིད་དབབ་བོ། །བཛྲོ་ཧཾ་ཞེས་བྱ་བ་ཡིས་རྡོ་རྗེའི་ང་རྒྱལ་རྣམ་པར་བསྒོམས་ལ་དེ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསྒོམས་ཏེ། བཛྲ་དྷཱ་ཏུ་ཨ་ཧཾ་ཞེས་པའོ། །དེ་ལྟར་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བྱང་གི་སྒོར་དེའི་སྔགས་ཨཿ འི་རྣམ་པའི་མཐའ་ཅན་གྱི་རྡོ་རྗེ་དྲིལ་བུ་བདག་ཉིད་དབབ་པའོ། །བཛྲ་གྷཎྜོ་ཧཾ་ཞེས་པའི་ང་རྒྱལ་བསྐྱེད་ལ་དེ་བཛྲ་ཨཱ་བེ་ཤ་ཀྲོ་དྷོ་ཧཾ་ཞེས་བསྒོམ་
475b
མོ། །དེ་ལྟ་བུའི་རྡོ་རྗེར་བསྒྲུབ་པ་ཡིན་ནོ། །དེ་ནས་ཡང་རྡོ་རྗེ་སློབ་དཔོན་གྱིས་སེམས་དཔའ་རྡོ་རྗེ་ལྕགས་ཀྱུས་བཅིངས་ལ་སེ་གོལ་ལེགས་པར་གཏོགས་པར་བྱེད་ཅིང་སངས་རྒྱས་ཐམས་ཅད་འདུས་པར་བྱ་སྟེ། ཨོཾ་བཛྲ་ས་མཱ་ཡ་ཛཿ ་ཛཿ ་ཧཱུཾ་བཾ་ཧོཿ ་ཞེས་པ་ལན་ཉི་ཤུ་རྩ་གཅིག་རབ་ཏུ་བརྗོད་དོ། །དེ་ནས་མྱུར་དུ་ཕྱག་རྒྱ་ཆེན་པོ་དང ། རྡོ་རྗེ་ཁྲོ་བོ་དམ་ཚིག་བརྗོད་དོ། །དེ་མ་ཐག་ཏུ་མཚན་བརྒྱ་རྩ་བརྒྱད་པ་མཆོག་གོ་།དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རང་གི་སྒོ་ནས་སྤྱན་དྲངས་ལ་བཅུག་སྟེ། བཅིངས་ནས་དབང་དུ་བྱས་ལ་ཇི་ལྟ་བ་བཞིན་དུ་ཡི་གེ་ཧཱུཾ་བཞི་པས་མཆོད་ཡོན་ཕུལ་ཏེ་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་དང ། བསྐལ་པ་བཟང་པོའི་མཐར་ཐུག་པ་རྣམས་བསྒྲུབས་ཏེ་རང་གི་སྔགས་བརྗོད་པ་ཇི་ལྟ་བུར་བརྗོད་ཅིང་ཛཿ ་ཧཱུཾ་བཾ་ཧོཿ ་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ། དེ་ནས་རང་གི་སྔགས་བརྗོད་དོ། །དེ་ལྟ་བུས་འགྲུབ་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་དབྱུང་སྟེ། །རྡོ་རྗེ་ལས་གསང་དམ་པ་བྱུང ། །དམ་ཚིག་མཆོག་རྣམས་ཉིད་དུ་གྲགས། །ཁྲོ་བོའི་བཅིང་བ་བླ་མེད་པ། །དེ་རྣམས་བཅིང་བར་རབ་བཤད་བྱ། །ལག་པར་རྡོ་རྗེ་ཀུན་ཏུ་བསྣོལ། །མཐེ་ཆུང་ལྕགས་ཀྱུ་བཅིང་བ་ཉིད། །མཛུབ་མོ་དག་ནི་རབ་ཏུ་བརྐྱང ། །འཇིག་རྟེན་གསུམ་པོ་རྣམ་རྒྱལ་ཞེས། །དེ་བཞིན་མཛུབ་མོ་ཁ་སྤྲད་ཅིང ། །ནོར་བུ་ཉིད་ནི་
476a
༄#། །བར་མ་བསྐུམ། །བསྙམས་ལ་དབུ་མ་པདྨ་ཉིད། །གུང་མོ་མཛུབ་མོ་གཉིས་སྡིགས་མཛུབ། །སྡིགས་མཛུབ་གཉིས་ནི་རྡོ་རྗེ་ཡང ། །གཡས་པ་བཀུག་པ་ལྕགས་ཀྱུའོ། །དེ་དག་ཉིད་སྦྱར་ཡི་གེ་ཧཱུཾ། །ལེགས་པའི་རྣམ་པ་དེ་བཞིན་ཡང ། །མཛུབ་གཉིས་ལོགས་གནས་ཁྲོ་གཉེར་དུ། །སྙིང་གར་ཉི་མ་མཛུབ་གཉིས་ཟླུམ། ། ལག་པ་མགོ་བོར་རབ་ཏུ་བརྐྱང ། །མཛུབ་མོ་ཁ་རུ་དགོད་པ་ཅན། །མཛུབ་མོ་སེན་མོ་ཀུན་ཏུ་རིག་།གཡས་པ་མཛོད་ཀྱི་ཁུ་ཚུར་ཡང ། །གུང་མོའི་མགོ་བཅས་འཁོར་ལོ་ཉིད། །ཁ་ལས་རབ་མཆོག་མཐོན་པ་ཡི། །མཛུབ་མོ་དབུ་མ་རྡོ་རྗེ་ཡང ། །མཛུབ་མོ་མགྲིན་པ་བསྐོར་བ་དང ། །མཛུབ་མོ་ལྷག་མ་མཆེ་བ་ཆེ། །རྡོ་རྗེ་ཁུ་ཚུར་མཐེ་བོང་བསྡམ། །སྒེག་མོ་ལ་སོགས་པ་རྣམས་ནི་རྡོ་རྗེ་དབྱིངས་སུ་བཤད་པ་བཞིན་དུ་བྱ་བ་འདི་ལྟ་སྟེ། །རྡོ་རྗེ་བསྡམས་པ་བཅིངས་ནས་སུ། །སྙིང་གར་ཡང་ན་མཐེ་བོང་མཉམ། ། ལེགས་པར་རབ་བརྐྱང་ཕྲེང་བ་མ། །ཐལ་མོ་སྦྱར་མཆོག་ཁ་ནས་དབྱུང ། །གར་ལས་སྦྱི་པོར་ཐལ་མོ་སྦྱར། །རྡོ་རྗེ་བསྡམས་པ་ཐུར་དུ་སྦྱིན། །ཐལ་མོ་ལེགས་སྦྱར་གྱེན་དུ་གཏོར། །མཐེ་བོང་བསྙམས་ཏེ་ངེས་པར་བསྙམས། །རབ་ཏུ་བརྐྱང་བ་བྱུག་པ་ཡི། །མཛུབ་མོ་གཅིག་ནི་བཀུག་པ་དང ། །མཐེ་བོང་གཉིས་ནི་མདུད་པ་བཅིངས། །མཐེ་
476b
བོང་མཛུབ་མོ་བསྣོལ་བ་བཅིང ། །རྡོ་རྗེ་ཁུ་ཚུར་མཆོག་བསྡམས་ཉིད། །ཅེས་པའོ། །སྙིང་པོའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ་ཧཱུཾ་གི་རྣམས་པ་ཉིད་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེ་ནས་ཕྱག་རྒྱའི་ངེས་པར་འབྱུང་བ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ནི། རྣམ་པར་སྣང་མཛད། རྡོ་རྗེ་ཧཱུཾ་མཛད། རིན་ཆེན་ཧཱུཾ་མཛད། ཆོས་ཀྱི་ཧཱུཾ་མཛད། ལས་ཀྱི་ཧཱུཾ་མཛད་ཀྱི་གནས་སུ་ཡང་ངོ ། །དེ་ནས་རིན་ཆེན་ཧཱུཾ་མཛད་ལ་སོགས་པ་རྣམས་ཀྱི་སྡགས་རྣམས་འབྱུང་སྟེ། ཨོཾ་བྫྲ་བྷརྀ་ཀུ་ཊི་ཀྲོ་དྷ་ཨཱ་ན་ཡ་སརྦ་རཏྣ་ནི་ཧྲཱིཿ ་ཧཱུཾ་ཕཊ། ཨོཾ་བྫྲ་ཧྲཱིཿ ་ཥྚི་ཀྲོདྷ་དུཥྚ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་བྫྲ་བི་ཤཝ་ཀྲོ་དྷ་ཀུ་རུ་སརྦ་བི་ཤཝ་རུ་པཱ་ཡ་སཱ་དྷ་ཡ་ཧཱུཾ་ཕཊ། ཕྱག་རྒྱ་གཞན་རྣམས་ནི་སེམས་དཔའ་རྡོ་རྗེ་མ་ནས་བརྩམས་པར་བལྟའོ། །དེ་ཉིད་ཀྱི་ཕྱིར་རིག་པ་ཐམས་ཅད་ཀྱི་མཆོག་རྣམས་ཀྱིས་རྣམ་པར་རྒྱལ་བའི་སྔགས་སུ་བཤད་དོ། །རྡོ་རྗེ་ཧཱུཾ་མཛད་དང་བཅས་པའི་ཕྱག་རྒྱ་བསྡུ་བས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་བཀླག་པར་བྱའོ། །གཞན་རྣམས་རྡོ་རྗེ་ཧཱུཾ་མཛད་དུ་འགྱུར་བ་རིགས་པ་ཡང་མ་ཡིན་ཏེ། རྒྱུད་ཐམས་ཅད་དུ་ཧཱུཾ་མཛད་ངེས་པར་བསྟན་པ་ཡང་མ་ཡིན་ནོ། །དེའི་རྗེས་སུ་དེ་ཁོ་ན་བཞིན་ལྕེ་ལ་རྡོ་རྗེ་བསྐོད་དེ་རིམ་པ་བཞིན་དུ་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་ཆོས་ཀྱི་ཡི་གེ་རྣམས་དགོད་དོ། །དེ་རྣམས་ཀྱང ། །ཧཱུཾ་ཡིག་སངས་རྒྱས་རྡོ་རྗེ་ཅན། །ཏྲཱཾ་ཡིག་རྡོ་
477a
༄#། །རྗེའི་སྙིང་པོ་ཡི། །ཧྲཱིཿ ་ཡིག་རྣམ་པ་རྡོ་རྗེའི་སྡེའི། །ཱཿ ་ཡིག་རྡོ་རྗེ་སྣ་ཚོགས་ཀྱི། །ཧཱུཾ་སེམས་དཔའ་རྡོ་རྗེའི་མ་ཡི། །ཏྲཱི་རིན་ཆེན་རྡོ་རྗེ་མ་ཡི། །ཧྲཱིཿ ་ཆོས་ཀྱི་རྡོ་རྗེ་མ་ཡི། །ཿ ་ལས་ཀྱི་རྡོ་རྗེའི་མ་ཡི། །ཧཱུཾ་ཧཱུཾ། ཏྲཱཾ་ཏྲཱཾ། ཧྲཱིཿ ་ཧྲཱིཿ ། ཨཿ ་ཨཿ ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་དགའ་བ་ཆེན་པོ་ལ་ཧཱུཾ། གཟུགས་མཛེས་པ་ལ་ཧཱུཾ། རྣ་བ་བདེ་བ་ལ་ཧཱུཾ། མཆོད་པ་ཐམས་ཅད་ལ་ཧཱུཾ། རབ་ཏུ་དགའ་བ་ལ་ཧཱུཾ། དབུས་སུ་བགྲོད་པལ་ཧཱུཾ། ལེགས་པར་གཟི་མཆོག་ལ་ཧཱུཾ། དྲི་བཟང་མཆོག་ལ་ཧཱུཾ། ཨཱ་ཡཱ་ཧི་ཛ་ཧཱུཾ། ཨཱ་ཧི་ཧཱུཾ་ཧཱུཾ་ཧཱུཾ། ཧི་སྥོ་ཊ་བཾ་ཧཱུ ་ ་གྷཎྚ་ཨ་ཨཿ ་ཧཱུཾ་རྡོ་རྗེ་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པ་རྣམས་ཀྱིའོ། །དེ་མ་ཐག་ཏུ་ཨཿ ་འི་ཡི་གེ་ལས། སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད་པ་ལས་ཀྱི་ཕྱག་རྒྱ་བཅིང ། །དེ་ལ་ཁྲོ་བོའི་ཁུ་ཚུར་རྣམ་པར་གཉིས་བྱས་པ་ལ་གཡོན་པའི་རྡོ་རྗེ་སོར་མོ་གཡས་པ་བཟུང་ཞིང་བསྒྲེང་བ་བྱང་ཆུབ་མཆོག་ཅེས་བྱ་བའི་ཕྱག་རྒྱ་འདི་ནི་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྟེར་རོ། །གཉིས་པོ་དེ་དག་གིས་འགྱིང་བ་དང་བཅས་པས་གསལ་བར་བྱེད་པ་ནི་རྡོ་རྗེ་ཧཱུཾ་མཛད་དང ། རྡོ་རྗེ་སེམས་དཔའ་དང ། སེམས་དཔའ་རྡོ་རྗེ་མ་རྣམས་ཀྱིའོ། །ལྕགས་ཀྱུ་འཛིན་པར་ཡང་དག་གནས། །མདའ་གསོར་བ་ཡི་སྦྱོར་བ་དང ། །ལེགས་སོ་ཞེས་བྱ་སྙིང་གར་གནས། །རྡོ་རྗེ་གཉིས་ཉིད་དབང་བསྐུར་
477b
བ། །རིན་ཆེན་ཧཱུཾ་མཛད་དང ། །རྡོ་རྗེ་ཁྲོ་གཉེར་དང ། ཁྲོ་བོ་དང ། རིན་ཆེན་རྡོ་རྗེ་མ་རྣམས་ཀྱིའོ། །སྙིང་གར་ཉི་མ་རབ་ཏུ་བལྟ། །གཡོན་གནས་ལག་ངར་དབྱུག་པ་དང ། །དེ་བཞིན་འདི་ནི་ཡོངས་སུ་བཟློག་།གཡས་དང་གཡས་མིན་རྣམ་པར་བསྣོལ། །ཆོས་ཀྱི་ཧཱུཾ་མཛད་དང ། རྡོ་རྗེ་ཆོས་དང ། ཆོས་ཀྱི་རྡོ་རྗེ་མ་རྣམས་ཀྱིའོ། །སྙིང་གར་ཉི་མ་ལ་རལ་གྲིའོ། །མགལ་མེའི་འཁོར་ལོ་བསྐོར་བ་ཉིད། །རྡོ་རྗེ་གཉིས་ནི་ཁར་གནས་ཤིང ། །རྡོ་རྗེའི་གར་ནི་བགྲོལ་བས་ནི། །འགྲམ་པ་སྤྱི་གཙུག་ཡང་དག་གནས། །ལས་ཀྱི་ཧཱུཾ་མཛད་དང ། །རྡོ་རྗེ་ལས་དང།་ལས་ཀྱི་རྡོ་རྗེ་མ་རྣམས་ཀྱིའོ། །གོ་ཆ་མཐེ་ཆུང་མཆེ་བ་མཆོག་།ཁུ་ཚུར་གཉིས་ནི་ངེས་པར་བཅིང ། །རྡོ་རྗེ་འགྱིངས་པའི་རབ་སྦྱོར་བས། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིངས་ཏེ་ཁ་ནས་དབྱུང ། །གར་ལས་སྤྱི་བོར་ཐལ་མོ་སྦྱར། །འོག་ཏུ་འཕྱང་དང་གྱེན་དུ་འྟོར། །མཐེ་བོ་བསྙམས་ཏེ་ངེས་པར་གཤིབས། །དྲི་བྱུག་པ་ཡི་སྦྱོར་བ་ལས། །མཆོད་པའི་ཕྱག་རྒྱ་རབ་ཏུ་གྲགས། །མཛུབ་མོ་ལྕགས་ཀྱུ་བཅིངས་པ་ཡིས། །མཐེ་ཆུང་ལས་ནི་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཆོག་དག་བསྣོལ། །རྒྱབ་དག་ཀྱང་ནི་ངེས་པར་གཤིབས། །ཞེས་སྒོ་སྐྱོང་རྣམས་ཀྱི་ཕྱག་རྒྱའོ། །ལས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱང་གར་ལས་འབྱུང་བ་ཡིན་ནོ། །དེ་ནས་རྣམ་པར་སྣང་མཛད་པ་སོགས་པ་རྣམས་ཀྱི་བཅིང་
478a
༄#། །བར་བྱའོ། །རྡོ་རྗེ་སེམས་མ་དང ། རིན་ཆེན་དང ། ཆོས་དང ། ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་ཡང་སྟེ་རྡོ་རྗེ་དང་པོ་དང ། མཐར་གནས་པའི་སྐྱེས་པ་དང ། བུད་མེད་ཀྱི་གཟུགས་འཛིན་པ་དེ་རྣམས་ཀྱི་བདག་ཉིད་ཆེན་པོ་གང་དང ། གང་གི་ཕྱག་རྒྱ་གང་དང ། གང་ཡིན་པ་རྣམས་བཅིང་ངོ ། །ཐམས་ཅད་ཀྱི་ཕྱག་རྒྱ་དམ་ཚིག་ཕྱག་རྒྱ་ཡང་ཡིན་ཏེ། གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གན་རྒྱལ་དུ་བྱས་ལ་ལག་པ་གཡས་པའི་མཛུབ་མོ་དང ། མཐེ་བོང་དག་དང ། མཐེ་ཆུང་ནས་བརྩམས་ཏེ་ཁ་ཕྱེ་བའི་ཐལ་མོ་ཁ་སྦྱར་བའོ། །འདི་ནི་བྱམས་པའི་དམ་ཚིག་གི་ཕྱག་རྒྱའོ། །དེ་རྣམས་ཀྱི་རིག་པ་ནི་སྔར་བཤད་པ་ཉིད་དེ། དེ་རྣམས་ཀྱི་རིག་པ་ལྗགས་རྣམས་ལ་དགོད་དོ། །འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ་དེ་རྣམས་འདྲི་བྱའི་རྗེས་སུ་འབྲངས་ནས་ཕྱག་རྒྱ་ཆེན་པོ་བཅིངས་པ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་དྲི་བྱའི་རྗེས་སུ་འབྲངས་པ་ཉིད་ལས་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་ངོ ། །དེ་ཉིད་ཀྱིས་ཀྱང་རིག་པའི་ཐུན་མོང་པའོ། ། མཐེའུ་ཆུང་དང ། མཐེ་བོང་བཅིངས་ནས་ཀྱང་གཡོན་པའི་སོར་མོ་དབུས་མ་གསུམ་པོ་རྩེ་གསུམ་པ་ལ་དབུས་མ་རྩེ་མོ་ཡང་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བཟུང་ཞིང་རྡོ་རྗེའི་རིག་པ་མཆོག་
478b
འདི་ནི་རྡོ་རྗེའི་དཔལ་ཞེས་གྲགས་སོ། །དེ་ལས་གཞན་ནི་རབ་བཤད་བྱ། །སྒྱུ་མ་རྡོ་རྗེ་སོགས་མིང་ཅན། །རྡོ་རྗེ་བསྡམས་པ་བརྟན་བྱས་ལ། །གཡོན་པ་རྡོ་རྗེ་ཡང་བཅིང་བྱ། །རྡོ་རྗེ་ཁུ་ཚུར་ཞེས་གྲགས་པ། །རྡོ་རྗེའི་རིགས་རྣམས་ཀུན་ལ་འདི། །རྡོ་རྗེ་རྣམ་གཉིས་དང་ཡང་བྱས། །མཚན་མ་ཐམས་ཅད་བཀོད་པ་ནི། །རྡོ་རྗེའི་རིགས་ནི་ཐམས་ཅད་ཀྱི། །ཕྱག་རྒྱ་རྣམས་སུའང་དགོད་པར་བྱ། །མདུན་དང་རྒྱབ་གནས་རབ་ཏུ་བརྐྱང ། །མཐེ་བོང་རྒན་པོ་འཛིན་པ་ཆོས། །ོཾ་གྱི་རྣམ་པ་སྦྱི་བོར་གནས། །རྡོ་རྗེ་ཤུགས་ཀྱིས་རབ་ཏུ་གནས། །རིག་པའི་རྒྱལ་བོའམ། ཕྱག་རྒྱ་ཆེན་པོའི་ཚོགས་སོ། །ལག་པའི་མདུན་ཉིད་རབ་ཏུ་བརྐྱང ། །ལག་པའི་མདུན་ཡང་དེ་བཞིན་དུ། །ལག་པ་གཉིས་ཀྱང་ཁུ་ཚུར་གནས། །ཁ་ལས་ཡོངས་སུ་བསྐོར་བ་ཉིད། །རྡོ་རྗེ་ཁྲོ་བོའི་ཕྱག་རྒྱའི་ཚོགས་སོ། །གཡོན་པའི་མཐེ་བོ་ལེགས་གནས་ཀྱང ། །ཕྲེང་བ་འཛིན་པ་ངེས་རྒྱལ་ཉིད། །གཡས་པས་ནོར་ནི་སྦྱིན་པ་དང ། །རལ་གྲིའི་ཕྱག་རྒྱ་ཁུ་ཚུར་ཁོར་\?\། །ཚོགས་ཀྱི་བདག་པོ་ཆེན་པོའི་ཕྱག་རྒྱའི་ཚོགས་སོ། །གཡས་པ་གཤོལ་ནི་གཟུང་བ་དང ། །དེ་བཞིན་ལག་པ་རབ་ཏུ་བརྐྱང ། །གཡས་པས་འབར་བ་ཀུན་དུ་སྟོན། །རྡོ་རྗེ་ཁུ་ཚུར་རབ་ཏུ་འདར། །ཕོ་ཉ་ཆེན་པོའི་ཕྱག་རྒྱའི་ཚོགས་སོ། །བསྙེམས་བཅས་ཁ་དང་མཆེ་བ་རྩེ། །བྱུགས་པས་འཇོམས་པ་རབ་ཏུ་སྦྱོར། །ལག་པ་བསྐུམ་པ་སྦྱར་བ་དང ། རྡོ་རྗེ་གཡས་པའི་
479a
༄#། །འཕྲོག་པའོ། །བྲན་གྱི་ཕྱག་རྒྱའི་ཚོགས་སོ། །དེ་ནས་ཨུ་མ་ལ་སོགས་པ་མ་མོའི་ཚོགས་ཀྱི་ཕྱག་རྒྱ་འབྱུང་སྟེ། །གཡོས་པ་རྡོ་རྗེ་བསྡམས་པ་ཡིས། ། རྩེ་གསུམ་མཚན་མ་བཅིང་བར་བྱ། །འདི་བཅིང་བ་ཡི་ཡང་དག་པའི། །དངོས་གྲུབ་རིག་པ་མཆོག་རང་ཉིད། །རྡོ་རྗེའི་རིགས་རྣམས་ཐམས་ཅད་ཀྱི། །གཡོན་པ་རྡོ་རྗེ་མཆོག་བསྲུངས་པ། །ཆོ་ག་ཇི་བཞིན་དམ་ཚིག་གི་།ཕྱག་རྒྱ་བཅིང་བར་རབ་བཤད་བྱ། །འཁོར་ལོ་ཐམས་ཅད་མཆོག་ཀུན་བསྡམ། །དེ་བཞིན་བུ་ཡི་ཕྱག་རྒྱ་དང ། །ོཾ་ཡིག་ཕྱག་རྒྱའང་དེ་བཞིན་ཉིད། །ཡི་གེ་རྣ་ཅན་ཡོངས་སུ་གཟུང ། །ཕྱག་རྒྱ་མཛེས་པ་ཅན་དང་ནི། །འབར་བ་ཡོངས་སུ་གཟུང་བ་ཉིད། །འོད་ཟེར་བསྡུས་པ་ཁོ་ན་ཡང ། །དབྱུག་པ་ཁུ་ཚུར་གཟུང་བ་ཉིད། །ཁམས་ཡོངས་སུ་བསྐོར་བ་དང ། །ཁྲོ་བོའི་དམ་ཚིག་གདེངས་ཀ་ཡིས། །ཕྱག་རྒྱ་ཕྲེང་བ་རྡོ་རྗེ་བཅིངས། །མིང་མེད་སྤྱི་བོར་གནས་པ་ཉིད། །རྩིབས་ཅན་དཀྱིལ་འཁོར་བཞིན་དུ་བཟའ། །འོད་ཅན་རྩིབས་ཅན་དམ་ཚིག་རྣམས། །ལག་ངར་བསྐུམ་ཞིང་ཁ་ཕྱོགས་དང ། །རྒྱབ་ནས་ཡོངས་སུ་བསྐོར་བ་ཉིད། །འོད་ཟེར་འབར་བ་གྲོལ་བ་དང ། །མདུན་དུ་དུལ་བར་གནས་པ་ཉིད། །ཕོ་ཉའི་དམ་ཚིག་རྣམས་སོ། །གཉིས་མཐར་ཞུགས་པ་རྩེ་མོ་སྦྱར། །བཅིངས་པ་ཉིད་དང་རབ་ལྟུང་བྱེད། །ལག་ངར་བསྣོལ་དང་མ་བསྣོལ་དང ། །དེ་
479b
བཞིན་སྟོབས་ནི་འཕྲོག་པའོ། །བྲན་མོ་རྣམས་ཀྱི་དམ་ཚིག་ཡིན་ནོ། །དེ་ནས་ལྷ་ཆེན་པོ་ལ་སོགས་པའི་ལྗགས་རྣམས་ལ་སྔགས་བཀོད་ལ་ཡི་གེ་ཨ་ལས་རང་གི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ་དེ་རྣམས་ཀྱི་ཕྱག་རྒྱ་བཅིངས་ཏེ་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ་ཕྱག་རྒྱ་ཆེན་པོ་བྲི་བྱའི་རྗེས་སུ་འབྲངས་ཏེ་བཅིང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང ། །བསྐལ་པ་བཟང་པོ་བ་དང ། ཕྱི་རོལ་རྡོ་རྗེའི་རིགས་རྣམས་ལ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་མ་དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་གསངས་རྒྱས་ལྔའི་ཅོད་པན་དང ། ཕྲེང་བ་དང ། དར་དཔྱངས་ཀྱིས་དབང་བསྐུར་བས་དབང་བསྐུར་རོ། །དེ་ནས་མཆོད་ཡོན་ཕུལ་ལ་མཆོད་པར་བྱའོ། །དེ་ནས་རིན་པོ་ཆེའི་རང་བཞིན་གྱི་བུམ་པར་སྔར་བཤད་པའི་མཚན་ཉིད་ཅན་རྡོ་རྗེ་ལ་སོགས་རང་གི་མཚན་མས་མཚན་པ་རྣམས་པར་སྣང་མཛད་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་རྣམས་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དགོད་པར་བྱའོ། །བུམ་པ་གང་བ་རྣམས་དང ། གོས་ཟུང་འབུམ་དང ། སྟོང་ཕྲག་བཅུ་དང ། སྟོང་དང ། བརྒྱའམ། རེ་རེ་ལ་རེ་རེ་འམ། ཐུན་མོང་པའམ། རྣམ་པ་སྣ་ཚོགས་པའི་བླ་རེ་དང ། ཟུར་བཞིར་རྣམ་པར་བཀྲ་བའི་བ་དན་བཅིངས་པའི་གདུགས་དང ། རྒྱལ་མཚན་དང ། བ་དན་རྣམས་ཀྱང་ཡི་གེ་ཨོཾ་དང ། དཔལ་རྡོ་རྗེ་ཧཱུཾ་མཛད་ཡོངས་སུ་བཟླས་ལ།
480a
༄#། །བཛྲ་སྥ་ར་ཎ་ཁཾ་ཞེས་པ་འདིས་ལྷ་ཐམས་ཅད་ལ་ངེས་པར་དབུལ་ལོ། །མེ་ཏོག་གི་ཤིང་བརྒྱ་དང ། བཞིའམ། ལྗོན་ཤིང་རྣམས་དང ། མེ་ཏོགྠམྶ་ཅད་ལ་རྡོ་རྗེ་མའི་ཕྱག་རྒྱ་དང་བཅས་པ་དང ། ོཾ་བཛྲ་པུཥྤེ་ཧཱུཾ་ཞེས་པས་མེ་ཏོག་གི་ཕྱག་རྒྱ་མངོན་པར་བསྔགས་སོ། །དྲི་ཐམས་ཅད་དང ། ངད་ཞིམ་པོ་རྣམས་དང ། དྲི་མ་མེད་པའི་དྲི་བཟང་པོ་རྣམས་ལ་དེ་ཁོ་ན་བཞིན་དུ་རྡོ་རྗེ་མེ་དང ། ོཾ་བཛྲ་གྷ་མྡྷེ་ཞེས་པ་འདི་དྲིའི་ཕྱག་རྒྱ་དང་བཅས་པ་ཡིས་སོ། །ག་བུར་དང ། ་ག་རུ་དང ། དུ་རུ་ཀ་དང ། ཙནྡན་ལ་སོགས་པ་ལེགས་པར་བསྲེས་ལ། དེ་ཁོ་ན་བཞིན་དུ་རྡོ་རྗེ་མེ་དང ། ོཾ་བཛྲ་དྷུ་བེ་ཧཱུཾ་ཞེས་པ་འདིས་བདུག་པའི་ཕྱག་རྒྱ་དང་བཅས་པས་སྤོས་ཕོར་འབུམ་དང ། སྟོང་ཕྲག་བཅུ་དང ། སྟོང་དང ། བརྒྱ་འམ། ཇི་ལྟར་རྙེད་པ་ལའོ། །སྒྲོན་མ་འབུམ་དང ། སྟོང་ཕྲག་བཅུ་དང ། སྟོང་དང ། བརྒྱ་འམ། །སྒྲོན་མ་ཐམས་ཅད་སྒྲོན་མའི་སྡོང་བུ་འབར་བ་དང་ལྡན་པའི་ཀོང་བུ་སྟོང་དང ། བཅུའམ། བཅུ་གཅིག་ལ་དེ་ཁོ་ན་བཞིན་དུ་རྡོ་རྗེ་མེ་དང ། ོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་ཞེས་པ་འདི་མར་མེའི་ཕྱག་རྒྱ་དང་ལྡན་པས་ཡོངས་སུ་བཟླས་ལ་ཨོཾ་སྥ་ར་ཎ་ཁཾ་ཞེས་པ་བརྗོད་ཅིང་དབུལ་བར་བྱའོ། །གཏོར་མའི་ཉེ་བར་སྤྱོད་པ་འབུམ་དང ། སྟོང་ཕྲག་བཅུ་དང ། སྟོང་དང ། བརྒྱ་འམ། བཅུའི་གྲངས་སམ། བཀྲ་ཤིས་ཅན་
480b
དང་པོར་བྱ་སྟེ། རྣམ་པ་སྣ་ཚོགས་པའི་བཟའ་བ་རྣམས་ལ་དེ་བཞིན་དུ་རྡོ་རྗེ་མེ་ཡོངས་སུ་བཟླས་ཏེ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱ་ཨཱ་དྱ་ནུཏྤ་ནྣ་ཏྭཱ་ཏ་ཅེས་པ་བརྗོད་ཅིང་དབུལ་བར་བྱའོ། ། རོལ་མོ་བཅུ་དང ། བརྒྱ་དང ། སྟོང་དང ། སྟོང་ཕྲག་བཅུ་དང ། རོལ་མོ་འབུམ་དང ། གང་ཡང་རུང་བ་ལ་ཡི་གེ་ཧཱུཾ་དང ། རོལ་མོའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་དག་གི་ལག་པའི་སོར་མོ་རྣམས་ཀྱིས་རོལ་མོའི་སྟང་སྟབས་རྣམ་པ་བཅུ་བཞི་འདི་ལྟ་སྟེ། པི་ཝང་དང ། གླིང་བུ་དང ། རྔ་མུ་ར་ཛ་དང ། རྔ་མུ་ཀུནད་དང ། འཁར་རྔ་དང ། རྔ་བྷི་རི་དང ། རྔ་པ་ཊ་ཧ་དང ། རྔ་ཀུན་ཛཱ་དང ། རྔ་ཏི་མི་ལའི་སྟང་སྟབས་སོ། །རོལ་མོ་དང ། ཟློས་གར་དང ། གར་དང ། རྣ་རྒྱན་དང ། ཅོད་པན་ལ་སོགས་པའི་མཆོད་པ་རྣམས་ཀྱང་ཡི་གེ་ཨོཾ་གྱིས་མངོན་པར་བསྔགས་ཏེའོ། །དེ་བཞིན་དུ་དར་དཔྱངས་འཕྱང་བར་བྱ་ཞིང་མེ་ཏོག་གི་ཕྲེང་བ་དང ། རྔ་ཡབ་ཀྱིས་རྣམ་པར་བརྒྱན་པ་དང ། དྲ་བ་དང ། དྲ་བ་ཕྱེད་པས་སྤྲས་པ་དང ། ཟླ་བ་ཕྱེད་པས་ཉེ་བར་མཛེས་པ་དང ། རྟ་དང ། གླང་པོ་ཆེ་དང ། བ་ལང་དང ། ཤིང་རྟ་རྣམས་འབུལ་ཏེ། བརྟགས་པ་དང་བཅས་པ་ཡང་ངོ ། །རྟ་བབས་ཉམས་དགའ་བའི་དྲིལ་བུ་དང་བཅས་པ་རྣམས་ཀྱང་བཛྲ་སྥ་ར་ཎ་ཁཾ་ཞེས་པ་འདིས་སོ། །ོཾ་བཛྲ་སཏྭ་སུ་སཾ་གྲ་ཧཱ་ཏེ་དང ། བྫྲ་རཏྣ་མ་ནུཏྟ་རཾ། བཛྲ་དྷ་རྨཱ་གཱ་ཡ་བཻ། བཛྲ་ཀ་རྨ་ཀ་རོ་དྦྷ་བེ་ཞེས་བརྗོད་ཅིང་གར་བྱས་ལ། རྡོ་རྗེ་
481a
༄#། །སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་པོ་རྣམས་ཀྱིས་ཁོར་བོའི་ཁུ་ཚུར་གཉིས་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་མཆོད་ཕར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་རབ་ཏུ་བརྐྱང་བ་ཁྲོ་བོའི་ཁུ་ཚུར་གཉིས་ཡིན་ནོ། །སླར་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་བཤད་པའི་ལས་ཀྱི་ཕྱག་རྒྱ་བཅུ་དྲུག་པ་རྣམས་ཀྱིས་ཀྱང་ལེགས་པར་མཆོད་ལ། ཁྲོ་བོའི་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དངོས་གྲུབ་ཐམས་ཅད་འགྲུབ་པར་མཛད་དུ་གསོལ་ཞེས་པའོ། །དེ་ནས་ཕྱི་རོལ་གྱི་མཆོད་པ་དབུལ་ཏེ། །བསྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ། །འབྲལ་ཡོས་བཅས་ཤིང་ཏིལ་དང་བཅས། །ཆུ་བཅས་ཟས་བཅས་མེ་ཏོག་བཅས། །སྲན་ཆན་བཅས་ཤིང་སྣུམ་ཁུར་ལ། །སོགས་པའི་བཟའ་བ་རྣམས་ལ་ནི། །ཡང་ཨ་ཀཱ་རོ་མུ་ཁཾ་ཞེས་པ་ལ་སོགས་བཟླས་ནས་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། གསུམ་གསུམ་གཏེར་བར་བྱས་ཏེ་དྲི་དང ། མེ་ཏོག་དང ། བདུག་པ་དང ། མར་མེ་དང ། མཆོད་ཡོན་རྣམས་ཀྱང་ཐོག་མ་དང ། ཐ་མར་དབུལ་བར་བྱའོ། །དེ་ལ་དང་པོ་རེ་ཞིག་མཎྜལ་རྣམས་བྱེད་དུ་གཞུག་པར་བྱའོ། །དེ་ནས་སྦྱན་དྲང་ངོ ། །དེ་ནས་དམ་ཚིག་བསྟན་
481b
ནོ། །དེ་ནས་མཆོད་ཡོན་ཡང་ཕུལ་ཏེ་དྲི་ལ་སོགས་པས་ལེགས་པར་མཆོད་ལ། གཏོར་མ་དབུལ་ལོ། །དེ་ནས་གཤེགས་སུ་གསོལ་ལོ། །དེ་ལ་སྔགས་དང ། ཕྱག་རྒྱ་ནི་འདི་ཡིན་ཏེ། ཤར་ཕྱོགས་སུ་ཁ་བ་ལྟས་ཏེ་གཡས་བརྐྱང་གི་གོམ་པས་འདུག་ཅིང་ལག་པ་གཡོན་པས་རྡོ་རྗེ་བསྟན་ལ། གཡས་པས་དཀུའི་ཕྱོགས་སུ་བཞག་སྟེ། གཡས་པའི་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་ངོ ། །དེའི་མཛུབ་མོ་ལྕགས་ཀྱུ་དང་བྲལ་བ་ནི་བརྒྱ་བྱིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པ་བརྐྱང་གི་གོམ་པས་འདུག་ལ་སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེ་ནས་དེའི་སྔགས་ནི། ན་མོ་བཛྲ་སྱ་དི་ཤི་དི་ཤི་བཛྲ་པཱ་ཎི་རཀྵ་རཀྵ་སཝཱ་ཧཱ། མེའི་ཕྱོགས་སུ་བལྟས་ཏེ་ལག་པ་གཡས་བའི་མཛུབ་མོ་ཟླུམ་པོའི་རྣམ་པར་བཀུག་སྟེ། གུང་མོ་བསྒྲེང་བའི་ཚིག་གསུམ་པར་བཙུགས་ལ་མཐེ་བོང་ལག་མཐིལ་དུ་བཞག་པ་ནི་མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་མཛུབ་མོའི་གཞོགས་ལ་བསྟན་པ་ནི་མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལག་པའི་དབུས་སུ་མངོན་དུ་ཕྱོགས་ཏེ་གཅིག་ཏུ་སྦྱར་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨག་ན་ཡེ་ཧི་ཨེ་ཧྱ་ཧི་ཀ་བི་ལ་ཛྭ་ལ་ད་ཧ་ད་ཧ་ཤི་ཁི་ཏོ་ལི་བི་རཱུ་པཀྵ་སཝཱ་ཧཱ། གཤིན་རྗེར་བལྟས་ཏེ་ལག་པ་མདུན་དུ་ཕྱོགས་པར་བྱས་
482a
༄#། །ལ་ནང་དུ་རྡོ་རྗེ་བསྡམས་པའི་དབུས་སུ་མཐེ་བོང་གཉིས་དང་ཕྱི་རུ་མིང་མེད་གཉིས་སྦྱར་ཞིང་བསྒྲེང་སྟེ་སླར་ནང་དུ་བཟུང་བ་ནི་གཤིན་རྗེ་སྤྱན་དྲང་བའི་ཕྱག་རྒྱའོ། །སྲིན་ལག་གཉིས་ཡང་ཕྱི་རོལ་དུ་གཤིབས་\?\་ཏེ་བསྒྲེད་བ་སྙིང་གར་བཟུང་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་སྲིན་ལག་སྦྱར་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཡ་མཱ་ཡ་སཝཱ་ཧཱ། བདེ་བྲལ་དུ་བལྟས་ཏེ་མཉམ་པའི་གོམ་པས་འདུག་ལ་ལག་པ་གཡས་པའི་ཁུ་ཚུར་བཅངས་པ་མཛུབ་མོ་དང ། གུང་མོ་བཀུག་སྟེ་བཟུང་ཞིང་དྲིའི་རྣམ་པར་བཞག་ལ། ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་གཡོན་པའི་མཛུབ་མོ་བཀུག་ནས་གཞག་པ་ནི་བདེན་བྲལ་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལག་པ་གཡོན་པ་སྟ་ཟུར་ཕྱོགས་སུ་གནས་པར་རལ་གྲིའི་ཕྱག་རྒྱ་ནི་བདེན་བྲལ་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་པ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེའི་སྔགས་ནི་སརྦ་བྷཱུ་ཏ་བྷ་ཡི་ཀ་ར་ཀུ་རུ་ཀུ་རུ་སཝཱ་ཧཱ། ཆུའི་ལྷའི་ཕྱོགས་སུ་མཉམ་པའི་གོམ་པས་འདུག་ལ་ལག་པ་གཡས་པའི་ཁུ་ཚུར་བཅངས་ནས་མཐེ་བོང་དང་མཛུབ་མོ་གཅིག་ཏུ་སྦྱར་ཏེ་གཡོན་པའི་ཁུ་ཚུར་སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་ཆུ་བདག་སྤྱན་དྲང་བའི་ཕྱག་རྒྱའོ། །ཕྱག་
482b
རྒྱ་དེ་ཉིད་གཡོན་པའི་མཛུབ་མོ་ཁུ་ཚུར་ལ་སྦྱར་ཏེ་བཟུང་བ་ཞགས་པའི་ཕྱག་རྒྱ་ཆུ་བདག་གི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཏྲྀ་ཏྲྀ་ཕུ་ཊ་ཏྲྀ་ཏྲྀ་ཤི་ཁི་ཏོ་ལི་བི་རཱ་པཱཀྵ་སཝཱ་ཧཱ། རླུང་ལྷའི་ཕྱོགས་སུ་བལྟས་ཏེ་འདུག་པ་གཡོན་པའི་ཁུ་ཚུར་བྕགྣྶ་ཏེ་གུང་མོ་བསྒྲེང་བའི་ཚིགས་གསུམ་པར་མཛུབ་མོ་བཀུག་པའི་རྩེ་མོ་བཙུགས་ལ་མངོན་དུ་ཕྱོགས་ཏེ་བརྐྱང་ངོ ། །ལག་པ་གཡས་པ་ཡང་དེ་བཞིན་དུ་བྱས་ཏེ་སྟ་ཟུར་ལོགས་སུ་བཞག་ཅིང་མཐེ་བོས་བསྐུལ་བ་ནི་རླུང་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་མཐེ་བོང་སྔ་མ་བཞིན་དུ་བཞག་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་པོང་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །སྔགས་ནི་ཨོཾ་སཝཱ་ས་ཁཱ་ཁ་ཁ་ཁ་སཝཱ་ཧཱ། ཀུ་བེ་ར་ལ་མངོན་དུ་བལྟས་ཏེ་འདུག་ནས་ལག་པ་གཉིས་ཁ་སྥྱར་ལ་རྡོ་རྗེ་བཅིང་བ་ནང་དུ་བྱས་ལ་མཐེ་ཆུང་གཉིས་གཤིབས་ཏེ་བརྐྱང ། དེའི་རྒྱབ་ཏུ་སྲིན་ལག་གཉིས་སོར་བཞག་ནས་གུང་མོ་དག་བསྒྲེང་བ་རྡོ་རྗེའི་མདུད་པ་བྱ་བ་ནི་ཀུ་བེ་ར་སྤྱན་དྲང་བའི་ཕྱག་རྒྱའོ། ། ཕྱག་རྒྱ་དེ་ཉིད་ཀྱིས་གུང་མོ་གཉིས་ནང་དུ་རྡོ་རྗེ་གུང་མོ་བཅིང་བའི་སྦྱོར་བས་གཞག་པ་ནི་ཀུ་བེ་རའི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ་
483a
༄#། །ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེའི་སྔགས་ནི་ཨོཾ་ཀུ་བེ་རཱ་ཡ་སཝཱ་ཧཱ། དབང་ལྡན་གྱི་ཕྱོགས་སུ་བལྟས་ཏེ་འདུག་ལ་ལག་པ་དག་གཅིག་ཏུ་སྦྱར་ཏེ་ཐལ་མོ་སྦྱར་བ་བྱ་སྟེ། སྲིན་ལག་དང ། མཐེའུ་ཆུང་ལག་མཐིལ་དུ་རྡོ་རྗེ་བཅིང་བ་བྱས་ཏེ། མཐེ་བོ་ཟུང་དག་གཞན་ལ་བརྟེན་ཅིང་ནང་དུ་བཀུག་སྟེ་བསྣོལ་ལ། གུང་མོ་གཤིབས་ཏེ་བསྒྲེང་བའི་རྒྱབ་ཏུ་མཛུབ་མོ་གཉིས་རྡོ་རྗེའི་རྣམ་པར་གཞག་ལ་དེ་ཉིད་བཀུག་སྟེ་སྟེང་དུ་ཕན་ཚུན་སེན་མོ་སྤྲད་པར་བྱ་བ་ནི་དབང་ལྡན་སྤྱན་དྲང་བའི་ཕྱག་རྒྱའོ། ། དེ་ཉིད་ཀྱི་མཛུབ་མོ་མོ་སྔར་བཞིན་རྡོ་རྗེའི་རྣམ་པར་བཟུང་བ་ནི་དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །སྔགས་ནི་ཛུཾ་ཛུཾ་ཤི་བ་སཝཱ་ཧཱ། གཡོན་བརྐྱང་བའི་གནས་པས་འདུལ་ལ་ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་བཞག་ལ་སྟེང་དུ་བལྟས་ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་ནི་ཚངས་པ་ལ་སོགས་པ་སྤྱན་དྲང་བའི་ཕྱག་རྒྱའོ། །དེ་ཉིད་ཀྱི་མཛུབ་མོ་གཉིས་སྔ་མ་ལྟར་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །དེ་རྣམས་ཀྱི་སྔགས་ནི་ཨོཾ་ཨཱུ་རྡྷྭཾ་པྲཧྨ་ཎེ་སཝཱ་ཧཱ། སཱུ་རྱ་གྲ་ཧཱ་དྷི་པ་ཏ་ཡེ་སཝཱ་ཧཱ། ཨོཾ་ཙནྡྲ་ནཀྵ་ཏྲ་ཨ་དྷི་བཏ་ཡེ་སཝཱ་ཧཱ། མཉམ་
483b
པའི་གོམ་པའི་གནས་པས་འདུག་ལ་ལག་པ་གཉིས་གཅིག་ཏུ་སྦྱར་བ་སྟེ་སོར་མོའི་རྩེ་མོ་རྣམས་པར་མཚམས་མེད་པར་ཕན་ཚུན་སྦྱར་ཏེ་མཐེ་བོང་ཟླུམ་པོ་བྱས་ལ་འོག་ཏུ་བལྟས་ཏེ་སའི་ལྷ་མོ་ལ་སོགས་པ་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་འོག་གི་ལྷ་མོ་སྤྱན་དྲང་བའི་ཕྱག་རྒྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་སྔར་བཞིན་དུ་མཛུབ་མོ་དག་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོ་དག་བརྐྱང་བ་ནི་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །སྔགས་རྣམས་ནི་ཨ་དྷོ་པྲྀ་ཐི་བྱཻ་སཝཱ་ཧཱ། ཨ་སུ་རེ་བྷྱཿ ་སཝཱ་ཧཱ། ནཱ་གེ་བྷྱཿ ་སཝཱ་ཧཱ། དེ་ནས་རང་གི་སྔགས་ཀྱིས་ཐམས་ཅད་ལ་འཐོར་འཐུང་ཕུལ་ལ། བདག་དང་སློབ་མའི་ཚོགས་སུ་བཅས་པ་ལ་བགེགས་མེད་པར་མཛོད་ཅིག་།ལས་ཀྱི་དངོས་གྲུབ་ཀྱང་བདག་ལ་སྩོལ་ཅིག་ཅེས་བརྗོད་ལ་ཐམས་ཅད་གཤེགས་སུ་གསོལ་ལོ། །ཡང་ན་དཔུང་བཟང་གི་ཆེད་དུ་གསུངས་པའི་ཚིགས་བཅད་རྣམས་ཀྱིས་གཏོར་མ་དབུལ་ཏེ། །ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང ། །གང་སུ་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ། །བདག་གི་པུས་མོ་ས་སྟེངས་འདིར་བཙུགས་ནས། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི། །གསན་ནས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག་།འབྱུང་པོ་གང་
484a
༄#། །དག་རི་རབ་སྟེང་གནས་དང ། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང ། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་གནས་དང ། །རི་བོ་ཀུན་ལ་གང་དག་གནས་པ་དང ། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང ། །རིན་ཆེན་གནས་ན་ལྷག་པར་གནས་པ་དང ། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང ། །གཡའ་ཆུ་སིལ་མ་ཅན་དང་ཁྲོན་པར་གནས། ། གྲོང་དང་ཕྱགས་ལྷས་གྲོང་ཁྱེར་སྟོང་པ་དང ། །ཁ་སྟོང་དང་ནི་ལྷ་ཡི་ཁང་པར་ཡང ། །གཙུག་ལག་ཁང་དང་མཆོད་རྟེན་གནས་དག་དང ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང ། །ལམ་སྲང་བཞིན་མདོ་དག་དང་སུམ་མདོ་དང ། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང ། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང ། །སེངྒེ་དྲེད་དང་གཅན་གཟན་གནས་དག་དང ། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང ། །གང་དག་གླིང་མཆོག་དག་ན་གནས་པ་དང ། །ལྷུན་པོ་དུར་ཁྲོད་དག་ན་གང་གནས་རྣམས། །དགྱེས་ཤིང་མགུ་བས་ཕྲེང་བ་བྱུག་པ་དྲི། །བདུག་པ་གཏོར་མ་མར་མེ་བསྟོད་པའི་འདིས། །གུས་འབུལ་སྣོམས་མཛོད་གསོལ་མཛོད་འཐུང་མཛོད་ཅིག་།ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ལྟར་གདོན་ལ་མཆོད་པ་བྱས་ནས་ནི། །རྩེ་གཅིག་ཡིད་ཀྱིས་ཕྱོགས་སྐྱོང་མཆོད་པར་བྱ། །དབང་པོ་རྡོ་རྗེ་ཅན་གྱི་ལྷ་
484b
ཚོགས་འཁོར་དང་བཅས། །གཏོར་མ་ཁྱད་འཕགས་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག་།ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང ། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང ། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་གང ། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་རྣམས། །དཔུང་བཅས་སྡེ་བཅས་བུ་དང་བཤེས་གཉེན་བཅས། །རང་གི་སྐྱེ་བོའི་ཚོགས་ཤིང་མཉེས་པ་རྣམས། །སོ་སོར་སོ་སོའི་ཐུགས་དགོངས་གཅིག་མཛད་ནས། །རང་རང་ཕྱོགས་སུ་ལེགས་པར་བྱོན་ནས་ནི། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང ། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་དྲི་དང་ཕྱུག་པ་མར་མེ་དང ། །ཞལ་ཟས་གཏོར་མ་འདི་དག་བཞེས་ནས་ཀྱང ། །གསོལ་མཛོད་སྣོམས་མཛོད་ལེགས་པར་འཐུང་མཛོད་ཅིག་།ལས་འདི་རྣམས་ཀྱི་འབྲས་སུ་མཆིས་པར་མཛོད། །དེ་ལ་འདི་ནི་ཕྱི་དང ། ནང་ཐམས་ཅད་དུ་གཏོར་མ་རབ་ཏུ་དབུལ་བའི་སྔགས་ཏེ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨ་དྱ་ནུཏྤནན་ཏྭཱ་ཏ་ཞེས་པའོ། །དེ་ནས་ཉེ་རེག་བྱ་སྟེ་ཤར་སྒོར་མངོན་པར་ཕྱོགས་ཏེ་གནས་པ་ལ། ལས་ཐམས་ཅད་པའི་ཐབ་ཁུང་གི་དབུས་སུ་དཔལ་འཇིག་རྟེན་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་བརྗོད་ཅིང་མེ་ཏོག་དམར་པོས་ངེས་པར་བཀོད་ལ་སྦྱིན་སྲེག་གི་
485a
༄#། །ཚོགས་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཀྱིས་བའི་མར་གྱིས་སྲེག་བླུག་བརྒྱ་རྩ་བརྒྱད་དབུལ་ལོ། །དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ནས་རྡོ་རྗེ་འབེབས་པ་ཁྲོ་བོའི་མཐར་ཐུག་པར་ཀྱང་སྲེག་བླུགས་བདུན་བདུན་སླར་ཡང་ངོ ། །དེ་ནས་ཇི་ལྟ་བ་བཞིན་དུ་ཐབ་ཁུང་གི་རྣམ་པར་སྣང་མཇད་ལ་སོགས་པ་རྣམས་མེ་ཏོག་ཁོ་ནས་སྤྱན་དྲངས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་བྲིས་པའི་དཀྱིལ་འཁོར་གྱི་རང་གི་གནས་སུ་དགོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། །བདག་མིང་ཆེ་གེ་ཞེས་བགྱི་བའི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །འདིར་ཡང་དཀྱིལ་འཁོར་འཇུག་པ་ལ་སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས། སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་དེ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་འདི་མཐོང་སྟེ་ཞུགས་ནས་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས། ནོར་དང ། བཟའ་བ་དང ། བཏུང་བ་དང ། འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང ། དམ་ཚིག་ལ་མི་འདའ་བ་དང ། སྔགས་སྤྱོད་པ་ལ་སོགས་པ་འདོད་ཅིང་མི་ནུས་པའི་སེམས་ཅན་དག་མཆིས་
485b
ཏེ། དེ་དག་ཀྱང་འདིར་ཇི་ལྟར་བྱ་བར་འདོད་པ་བྱ་བའི་ཕྱིར་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས། སེམས་ཅན་ཁ་ཅིག་གི་གར་དང ། གླུ་དང ། གད་མོ་དང ། རྩེད་མོ་དང ། ཁ་ཟས་ལ་སྤྱོད་པ་ལ་དགའ་བ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷའི་རིགས་དང ། དཀྱིལ་འཁོར་གཞན་དུ་འཇུག་པར་འགྱུར་གྱི། དེ་བཞིན་དུ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་པ་ཐམས་ཅད་ཡང་དག་པར་རྫོགས་པར་འགྱུར་བ་བླ་ན་མེད་པའི་དགའ་བ་དང ། མགུ་བ་དང ། རངས་པ་རྣམས་འབྱུང་བར་མཛད་པ་དེར་ནི་བསླབ་པའི་གནས་ལ་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་ཇི་ལྟར་གནས་པའི་བདེ་བའི་བདག་ཉིད་ཀྱི་གནས་སྐབས་ཅན་དེ་དག་ཀྱང་དགའ་བ་དང ། མགུ་བ་དང་དམ་པ་དང ། བདེ་བ་དང ། ཡིད་བདེ་བ་མྱོང་བར་བགྱི་བ་དང ། ངན་སོང་གི་རྒྱུད་ཐམས་ཅད་དུ་འཇུག་བར་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་ངོ ། །བཅོམ་ལྡན་འདས། ཆོས་ལྡན་གྱིས་སེམས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་ངོ ། །བཅོམ་ལྡན་འཚོལ་བ་ན། བསམ་གཏན་དང ། རྣམ་པར་ཐར་པ་
486a
༄#། །ལ་སོགས་པ་དང ། ས་རྣམས་ལ་འབད་པས་ཉོན་མོངས་པར་འགྱུར་བ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་འདི་ཉིད་དུ་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཉིད་ཐམས་ཅད་ཀྱང་རྙེད་པར་དཀའ་བ་ཡང་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་གསོལ་བར་བྱའོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། དེ་ལ་བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བའི་དགེ་བསྙེན་ནམ། དགེ་སློང་ངམ། དགེ་སློང་གི་སྡོམ་པ་ཡོངས་སུ་གཟུང་ཞིང་སློབ་དཔོན་དུ་དབང་བསྐུར་བར་འོས་པ། སློབ་དཔོན་གྱི་ཞབས་དག་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་དེ། བདག་གི་སྟོན་པ་དགའ་ཆེན་ཁྱོད། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཞེས་པའོ། །དེ་ནས་སློབ་མ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་གོས་དམར་པོའི་སྟོད་གཡོགས་སྨད་གཡོགས་དང ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བཞི་བཟླས་པའི་གདོང་གཡོགས་བཅིང་བར་བྱས་ལ་ཕྱག་བཞི་བྱེད་དུ་བཞུག་གོ་།ཡང་ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་ལ་ཕྱག་བྱས་ལ། ལག་ན་མེ་ཏོག་ཐོགས་པ་ཉིད་ཀྱིས་བཤགས་པ་དང །
486b
རྗེས་སུ་ཡི་རང་བ་དང ། བསྐུལ་བ་དང ། གསོལ་བ་གདབ་པ་བྱས་ལ་འདི་སྐད་ཅེས་བརྗོད་དོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པའི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་ཆེ་གེ་ཞེས་བགྱི་བ། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་འབྱུང་བ་ཡི། །ཕྱིར་མི་ལྡོག་པའི་དགེ་འདུན་ཅན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་།གསང་བ་ཆེན་པོར་འཇུག་པར་བགྱིའོ། །གསང་བ་ཐམས་ཅད་རིགས་བསྡུས་པ། །སློབ་དཔོན་བདག་ནི་འཇུག་པར་མཛོད། །ཕྱིར་མི་ལྡོག་པའི་དབང་བསྐུར་བ། །སྐལ་བ་ཆེན་པོས་དག་ལ་སྩོལ། །མཚན་རྣམས་རྗེས་སུ་གསོལ་བཏབ་པ། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དེ་ནས་སློབ་དཔོན་གྱི་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། །ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །གསང་བ་ཡིས་ནི་འཁོར་ལོ་འདིར། །འཇུག་ཅིང་བྱང་ཆུབ་སྡོམ་པ་འཚལ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང ། །འདི་ནི་སངས་རྒྱས་
487a
༄#། །རིགས་དག་པའི། །དམ་ཚིག་སྡོམ་པ་བརྟན་པོར་གྱུར། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང ། །བློ་གྲོས་ཆེན་པོ་ཁྱོད་ཀྱིས་ཟུང ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་ནི་བསྡུས་པ་ནི། །ཉིན་མོ་གསུམ་དང་མཚན་མོ་གསུམ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམས་བཞི་རབ་སྦྱིན་བྱ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུང ། །ལས་ཆེན་རིགས་ནི་བསྡུས་པ་ལ། །སྡོམ་པ་གསུམ་པོ་ཡང་དག་ལྡན། །མཆོད་པའི་ལས་ཀྱང་ཅི་ནུས་བཞིན། །ཡང་དག་ཉིད་དུ་ངེས་གཟུང་གྱིས། །དེ་ལས་གཞན་པ་བཞི་པོ་ཡང ། །འདི་དག་ཕས་ཕམ་པར་ནི་བཤད། །མི་སྤང་དོར་བར་ཡང་མི་བྱ། །རྩ་བའི་ལྟུང་བར་འདི་བཤད་དོ། །ཉིན་མོ་གསུམ་དང་མཚན་གསུམ་དུ། །ཉིན་རེ་ཞིང་ནི་བརྗོད་པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ལྟུང་བ་སྦོམ་པོ་དག་ཏུ་འགྱུར། །ཁྱོད་ཀྱི་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ ། །འདོད་པ་ལོག་པར་མི་སྤྱད་ཅིང ། །བརྫུན་ཡང་
487b
སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་བཏུང་བ་རྣམ་པར་སྤང ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང ། །དམ་པའི་དྲུང་དུ་གནས་བྱ་ཞིང ། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་རྣམས་དང ། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པས་ནི་རྗེས་སུ་བསྐྱང ། །ཐེག་པ་དམན་ལ་དགའ་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འྐོར་བ་དག་ཀྱང་ཡོངས་མི་སྤང ། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པ་མི་བྱ་ཞིང ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང ། །མཚན་མ་འགོམ་པ་ཡང་མི་བྱ། །འདི་དག་དམ་ཚིག་ཅེས་བཤད་དོ། །བདག་ནི་བློ་གྲོས་ཁྱེད་ཀྱིས་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་པར་བྱ། །སློབ་དཔོན་ཁྱོད་ནི་བདག་ལ་གསོན། །གཙོ་བོ་ཇི་ལྟར་བཀའ་བསྒོ་བ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །ཞེས་པ་ནས། སེམས་ཅན་མྱ་ངན་ལས་འདས་ལ་དགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གང་ཞིག་སྡོམ་པ་མི་འཛིན་པ་དེ་ལ་ནི་གཞུག་པ་ཙམ་སྦྱིན་པར་བྱ་ཞིང་དེང་ཁྱོད་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་དབང་བསྐུར་བ་ཡང་མི་བྱའོ། །དེ་ནས་ཨོཾ་སརྦ་ཡོ་གྩིཏྟཾ་ཨུད་པཱ་ད་ཡཱ་མི་ཞེས་པ་འདིས། བྱང་ཆུབ་
488a
༄#། །སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །དེ་ཡི་སྙིང་གར་སྙེད་པས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སྱ་ར་ཏ་ས་མ་ཡ་སྟྭཾ་ཧོཿ ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་པ་འདིས་སོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ་དྲི་དང ། མེ་ཏོག་ལ་སོགས་པས་མཆོད་དེ་མེ་ཏོག་གི་ཕྲེང་བ་གདགས་ཤིང ། གདོང་དྲི་ཞིམ་པོས་བྱུགས་ལ་ཡོན་གྱི་མཆོག་བཟུང་སྟེ། ཕྱི་རོལ་ན་གནས་པ་ལ་བུམ་པའི་ཆུས་དབང་སྐུར་ལ། ཨོཾ་གྲྀཧྞ་བཛྲ་ས་མ་ཡ་ཧཱུཾ་བཾ་ཞེས་པ་འདིས་ཁྲོ་བོ་ཏི་རིན་ཏི་རི་རང་ཉིད་བཅིངས་ལ་སློབ་མ་འཆིང་དུ་གཞུག་གོ་།རྡོ་རྗེ་བསྡམས་པ་ནང་བྱས་ལ། །མཐེ་བོང་རྡོ་རྗེ་དམ་པོ་ཡིས། །ཡིད་ཀྱི་ཁྲོ་བས་དགའ་བྱ་བས། །ཁྲོ་བོ་ཏི་རིན་ཏི་རི་དྲན། །དེ་ནས་དེ་ཉིད་མཐེ་བོང་དག་གི་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ་སྙིང་པོ་འདིས་གཞུག་པར་བྱ་སྟེ། བཛྲ་ས་མ་ཡཾ་པྲ་ཏི་ཤྱཱ་མི་ཞེས་པའོ། །ཤར་གྱི་སྒོར་ཡང་རྡོ་རྗེ་ལྕགས་ཀྱུས་དེ་དགུག་ཅིང་ལྷོར་ཞགས་པས་གཞུག་གོ་།ནུབ་ཏུ་ལྕགས་སྒྲོག་གིས་བཅིང་ཞིང ། བྱང་དུ་རྡོ་རྗེ་འབེབས་པས་དབབ་བོ། །ཡང་ཤར་གྱི་སྒོ་ནས་དེ་བཞིན་དུ་བཅུག་ལ་འདི་སྐད་ཅེས་བརྗོད་དོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཀྱི་དེ་ནས་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་ཡི། ཡེ་ཤེས་གང་གིས་དེ་བཞིན་གཤེགས་
488b
པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཁྲོ་བོ་ཏི་རིན་ཏི་རི་ཁ་གྱེན་དུ་བལྟ་བ་དང་བཅས་པས་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་སྨྲས་ཏེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་ཡིན་ཏེ། གལ་ཏེ་ཁྱེད་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགེམས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང ། མནའི་སྙིང་པོ་ལན་གཅིག་བཟླས་པའི་ཆུ་རྡོ་རྗེ་སློབ་མ་དེ་འཐུང་དུ་གཞུག་གོ་།དེ་ལ་མནའི་སྙིང་པོ་འདི་ཡིན་ཏེ། །རྡོ་རྗེ་སེམས་དཔའ་དེང་ཁྱེད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛོད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲ་ཨུངྐ་ཋཿ ་ཞེས་བྱའོ། །དེ་ནས་སློབ་མ་ལ་འདི་སྐད་ཅེས་སྨྲའོ། །དེང་ནས་བརྩམས་ནས་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་བྱ་དགོས་སོ། །ཁྱོད་ཀྱི་ང་ལ་བརྙས་པར་མ་བྱེད་ཅིག་།ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་པའོ། ། དེའི་རྗེས་ལ་རང་གི་སྙིང་གར་ཡི་གེ་ཨ་རྡོ་རྗེའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པར་བསམ་མོ། །དེ་ནས་སློབ་མའི་སྙིང་ག་དང ། མཛོད་སྤུ་དང ། མགྲིན་པ་དང ། སྤྱི་བོ་རྣམས་སུ་ཟླ་བའི་
489a
༄#། །དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་འབར་བ་དང ། རིན་པོ་ཆེ་དང ། པདྨ་དང ། སྣ་ཚོགས་རྡོ་རྗེ་བསམས་ཏེ། ཧཱུཾ་ཏྲཱཾ་ཧྲཱིཿ ་ཨཿ ་ཞེས་པ་འདི་དག་གི་གོ་རིམས་བཞིན་དུའོ། །སྒོ་དབྱེ་བའི་ཕྱག་རྒྱས་རང་དང་སློབ་མའི་སྙིང་གར་ཕྱེ་ལ་རང་གི་སྙིང་གའི་ཡི་གེ་ཡཾ་ལས་ཡི་གེ་ཕྱུང་ལ། སློབ་མའི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་སློས་བཅུག་ལ་ལུས་ཐམས་ཅད་གང་བར་བསམ་མོ། །འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་རློབས་ལ། །རྡོ་རྗེ་སེམས་དཔའ་བདག་ལ་འབབ་ཏུ་གསོལ་ཞེས་སྨྲོས་ཤིག་།དེ་ནས་མྱུར་དུ་རྡོ་རྗེ་སློབ་དཔོན་གྱིས་ཁྲོ་བོ་ཏི་རིན་ཏི་རི་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །འདི་དེ་དམ་ཚིག་རྡོ་རྗེ་ཡི། །རྡོ་རྗེ་སེམས་དཔའ་ཞེས་བྱར་གྲགས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །ཁྱོད་ལ་དེ་ཉིད་འབབ་གྱུར་ཅིག་།བཛྲ་ཨཱ་བེ་ཤ་ཨཱཿ ་ཞེས་པ་བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་དང ། དྲུག་ཅུ་དང ། བདུན་ཅུ་དང ། བརྒྱད་ཅུ་དང ། དགུ་བཅུ་དང ། ལན་བརྒྱར་བརྗོད་དེ་ངེས་པར་འབབ་པར་འགྱུར་རོ། །དེ་ནས་རྡོ་རྗེའི་ཁུ་ཚུར་བཅིངས་ལ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དྲལ་བར་བྱ་ཞིང་འདི་དག་བརྗོད་དེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲིཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ན་ཡ་ཧོ་བྷ་ག་བཱན་བཛྲ་བི་དྱ་ར་ཛ་ཧཱུཾ་ཕཊ། ཨཿ ་ཨཿ ་ཨཿ ་ཨཿ ་ཨཿ ་བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་དང ། དྲུག་ཅུ་དང ། བདུན་ཅུ་དང ། བརྒྱད་ཅུ་དང ། དགུ་བཅུ་
489b
དང ། ལན་བརྒྱར་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་རྡོ་རྗེ་ཧཱུཾ་གི་རྣམ་པའི་འོད་ཟེར་གྱི་མདོག་དམར་པོ་འབར་བ་གང་བཞིན་པར་བསམ་མོ། །སླར་ཡང་གལ་ཏེ་འབབ་པར་མ་གྱུར་ན། དེའི་ཚེ་དྲིལ་བུ་དང་བཅས་པས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་རྐང་པ་གཡོན་པས་དེའི་རྐང་པ་མནན་ལ་སྟེང་གི་ནམ་མཁའི་ཕྱོགས་སུ་རྣམ་པར་སྣང་མཛད་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྟེང་དུ་དེ་ཉིད་ལ་དབབ་པའི་ཕྱིར་ཁྲོ་བོ་ཧཱུཾ་གི་རྣམ་པའི་འོད་ཟེར་གྱི་ཚོགས་ཀྱིས་མནན་བཞིན་པ་དང ། འོག་ནས་ཀྱང་རྡོ་རྗེ་རླུང་གི་དཀྱིལ་འཁོར་དང་ཧཱུཾ་གི་རྣམ་པས་བརྡེག་བཞིན་པ་དང ། དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་སུ་བཞུགས་པའི་མི་བསྐྱོང་བ་ལ་སོགས་པའི་རྣམས་ཀྱིས་ཧཱུཾ་ཏྲཱཾ་ཧྲཱིཿ ་ཨཿ ་ཞེས་བྱ་བ་རང་གི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་ཡང་དག་པར་འབེབས་པར་མཛད་པར་བསམ་ཞིང་དེ་ལ་དབབ་སྟེ། ཧཱུཾ་བཛྲ་ཨཱ་བེ་ཤ་ཡ་ཨཿ ་ཞེས་རྣམ་པ་བརྒྱར་བརྗོད་པར་བྱའོ། །གལ་ཏེ་སྡིག་པ་མང་བ་ཉིད་ཀྱིས་འབབ་པར་མ་གྱུར་ན་དེའི་ཚེ་སྡིག་པ་བྲལ་བའི་ཕྱག་རྒྱས་དེའི་སྡིག་པ་རྣམས་ཡང་དང་ཡང་དུ་བྲལ་བར་བྱའོ། །ཡམ་ཤིང་འཇག་མ་རྣམས་ཀྱི་མེ། །རབ་འབར་རྡོ་རྗེ་ཁྲོ་བོ་ཡི། །མཉམ་པར་གཞག་པས་དབུལ་བ་ཡིས། །དེ་ཡི་སྡིག་པ་ཐམས་ཅད་ནི། །ཏིལ་གྱི་སྦྱིན་སྲེག་དེས་ངེས་བསྲེག་།ོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སཝཱཧཱ་ཞེས་བྱ་བ་དང ། ལག་པ་
490a
༄#། །གཡས་པའི་མཐིལ་དུ་ཏིལ་ནག་པོ་ལས་སྡིག་པའི་གཟུགས་བརྙན་བྱས་ལ། ཡི་གེ་ཧཱུཾ་དབུས་སུ་བསམས་ཏེ། མཛུབ་མོ་དང་མཐེ་བོང་དག་གིས་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་གི་ཐབ་ཁུང་ལས་འབྱུང་བའི་འབར་བའི་ཕྲེང་བ་ཀུན་ཏུ་འཁྲུགས་པའི་རྡོ་རྗེ་རྣམས་ཀྱིས་དེའི་ལུས་ལ་སྡིག་པ་སྲེག་བཞིན་པར་བསམས་ལ། །དེ་ནས་ཡང་རྡོ་རྗེ་བབས་པ་དེ་ཁོ་ན་བཞིན་དུ་བཅིངས་ལ་དབབ་པར་བྱ་སྟེ། ངེས་པར་འབེབས་པར་འགྱུར། དེ་ལྟ་བུས་ཀྱང་གང་ལ་བབ་པར་མ་གྱུར་པ་དེ་ལ་དབང་བསྐུར་མི་བྱའོ། །བབས་ན་སྐད་ཅིག་མ་དེ་ཉིད་དེའི་མངོན་པར་ཤེས་པ་ལྔ་ལ་སོགས་པ་རྫོགས་པར་འགྱུར་རོ། །དེ་ནས་ཡང་དག་པར་བབས་པར་ཤེས་ནས་ཡང་ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཱ་ཏ་ཞེས་པ་ལ་སོགས་པའི་གླུ་བརྗོད་ལ། ཁྲོ་བོའི་ཁུ་ཚུར་དང་དེ་བཞིན་གཤེགས་པ་རྡོ་རྗེ་མེའི་ཕྱག་རྒྱ་དྲལ་བར་བྱའོ། །དེ་ཕེབས་ན་རྡོ་རྗེ་སེམས་དཔའ་ཁྲོ་བོའི་ཕྱག་རྒྱ་བཅིང་བར་བྱའོ། །དེའི་ཚེ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་ཁྲོ་བོའི་ཕྱག་རྒྱས་བཅིང་བར་བྱའོ། །དེ་བཞིན་དུ་ཇི་སྲིད་དུ་གྱུར་ན་དེའི་ཚེ་རྡོ་རྗེ་བཞད་པའི་ཕྱག་རྒྱ་བཅིང་ངོ ། །དེའི་ཚེ་རྡོ་རྗེ་ཆོས་ཁྲོ་བོའི་ཕྱག་རྒྱ་བཅིང་ངོ ། །དེ་ལྟ་བུས་ཉེ་བར་བྱོན་ཅིང་དགོངས་པར་འགྱུར་རོ། །དེ་ནས་དེའི་ལྕེ་ལ་རྡོ་རྗེ་བསམས་ཏེ་བྲུ་ཧི་བཛྲ་ཞེས་པ་བརྗོད་དོ། །དེ་ནས་ཐམས་ཅད་སྨྲ་བར་འགྱུར། དེ་ནས་ཕྲེང་བ་
490b
དེ་དཀྱིལ་འཁོར་ཆེན་པོར་དོར་ཏེ། པྲ་ཏཱིཙྪ་ཧོཿ ་ཞེས་བྱའོ། །དེ་ནས་གང་དུ་བབས་པ་དེ་འདིས་འགྲུབ་བོ། །དེ་ནས་ཨོཾ་པྲ་ཏི་གྲྀ་ཧྞ་ཏྭཾ་ཨི་མཾ་སཏྭ་མཧཱ་བ་ལ་ཞེས་བྱ་བས་ཕྲེང་བ་དེ་ཉིད་ཀྱི་མགོ་བོར་བཅིང་ངོ ། །དེ་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང ། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་བྱེ་བར་འགྱུར། །ཧེ་བཛྲ་པཱ་ཤྱ་ཞེས་པ་འདིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། ཇི་སྲིད་རྣམ་པར་སྣང་མཛད་ཀྱི་མཐར་ཐུག་པར་བསྟན་ནོ། །དེ་ནས་ཏིཥྛ་བཛྲ་ཞེས་པ་ལ་སོགས་པས་སློབ་མའི་སྙིང་གར་གཞུག་པའི་ཕྱག་རྒྱ་དགྲོལ་ལོ། །དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་དུ་འམ། ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་ཤར་སྒོ་ལ་མངོན་པར་ཕྱོགས་པ་ལེགས་པར་བྲིས་ལ་སློབ་མ་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སེམས་མ་རྡོ་རྗེ་མ་ལ་སོགས་པས་ཀྱང་བྱིན་གྱིས་བརླབས་ལ། ཕྱག་རྒྱ་ཆེན་པོ་དེ་ལ་བཞག་སྟེ་དབང་བསྐུར་རོ། །དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་མཆོད་ཡོན་དབུལ། གདུགས་དང ། རྒྱལ་མཚན་དང ། བ་དན་ལ་སོགས་པ་དང ། དུང་དང ། རོལ་མོ་ལ་སོགས་པའི་སྒྲ་བསྒྲགས་པ་དང ། དེ་ནས་བཀྲ་ཤིས་ཀྱི་ཚིགས་ཅད་རྣམས་ཀྱིས་མངོན་པར་དགའ་བས་དང་པོ་རེ་ཞིག་ཆུའི་དབང་སྐུར་བ་དང ། ཅོད་པན་དང ། དར་དཔྱངས་དང ། རྡོ་རྗེ་དང ། བདག་པོ་དང ། མིང་གིས་དབང་བསྐུར་བ་དག་གིས་དབང་
491a
༄#། །བསྐུར་ལ་ཡང་མེ་ཏོག་ལ་སོགས་པ་དང ། སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་ཀྱིས་མཆོད་དོ། །སློབ་མ་རྣམས་ཀྱི་རྡོ་རྗེ་ཐལ་མོ་སྦྱར་བས་སློབ་དཔོན་ལ་རབ་ཏུ་བཏུད་ལ་ཡོན་གྱི་མཆོག་ཕུལ་ལ་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཡང་གཟུང་བར་བྱའོ། །སློབ་དཔོན་གྱི་དབང་བསྐུར་བ་ནི་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་དེ་ཁོ་ན་བཞིན་དུ་ཇི་ལྟར་ངེས་པར་བསྟན་པའི་གནས་སུ་བཞག་ལ། དེ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དེའི་ལུས་ལ་དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བཀོད་དེ་སླར་ཡང་ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་དྲྀ་ཌྷོ་མེ་བྷ་བ་ཛཿ ་ཧཱུཾ་བཾ་ཧོཿ ་ཧཱུཾ་ཕཊ་ཞེས་པ་འདི་རྣམ་པར་རྒྱལ་བའི་བུམ་པ་ལ་བརྒྱ་རྩ་བརྒྱད་དམ་སྟེང་ཡོངས་སུ་བཟླས་པ་བྱས་ལ། དེ་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་པ་འདི་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ནས་ཆུ་བླངས་ལ་ཆུའི་དབང་བསྐུར་བ་བྱིན་ནོ། །འདི་ཡང་བརྗོད་དེ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུས་འགྲུབ་བོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང ། །དཀྱིལ་འཁོར་ཅན་མིན་ན་མི་སྨྲ། །སྐྱེ་བོ་འདུས་པ་གནས་པ་ནི། །རྒོད་དང་མ་དང་པ་ལ་མིན། །དེ་ནས་ཆོག་ཐམས་ཅད་ཉམས་སུ་བླངས་ལ་མཚན་བརྒྱ་རྩ་བརྒྱད་པས་ལེགས་པར་བསྟོད་དེ་ཚིགས་བཅད་ལྔས་རྗེས་སུ་གནང་བར་བྱིན་ནས་གཟངས་བསྟོད་པ་དང་ལུང་བསྟན་པས་སློབ་མ་ཐམས་ཅད་ལུང་བསྟན་ནོ། །དེ་ནས་གསང་བའི་དབང་བསྐུར་བ་
491b
བྱུང་སྟེ། སློབ་དཔོན་དུ་དབང་བསྐུར་བར་འོས་པ་དཀྱིལ་འཁོར་ཐམས་ཅད་དུ་བཅུག་པ་དེ་ལྟར་མཛོད་ཅིག་ཅེས་བྱའོ། །འདི་ཡི་ལས་ཀྱི་དངོས་གྲུབ་ནི། །ཇི་ལྟར་འདོད་པའི་དངོས་གྲུབ་ཀྱང ། ། ཐ་མ་འབྲིང་དང་མཆོག་རྣམས་ནི། །མ་ལུས་ངེས་པར་འཐོབ་པར་འགྱུར། །མཆོག་གི་ས་རྣམས་བགེགས་མེད་འགྲུབ། །དངོས་གྲུབ་ཕྲན་ཚེགས་སླར་ཅི་ཞིག་།སངས་རྒྱས་ཉིད་ཀྱང་སེམས་ཅན་ཉིད། །རྡོ་རྗེ་སེམས་ཉིད་སྙེད་མི་དཀའ། །གང་ལ་དངོས་གྲུབ་ངེས་འབྱུང་དང ། །གང་ལ་སྡིག་པ་གདོན་ཆེན་དང ། །བགེགས་དང་ལོག་འདྲེན་རྣམས་དང་ཡང ། །འཆི་བདག་དང་ནི་བདུད་སྡེ་རྣམས། །འཇིགས་པ་སྣ་ཚོགས་བསྟན་བཅོས་རྣོ། །དངོས་གྲུབ་ལས་འཇོམས་དེ་དག་ནི། །བདག་ཉིད་ཆེན་པོ་དེ་ལ་ནི། །མི་འབྱུང་སྐྱེ་བར་མི་འགྱུར་རོ། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཡིས། །ངེས་པར་དངོས་གྲུབ་མྱུར་རབ་འབྱུང ། །ལྷ་རྣམས་ཀྱང་ནི་ཆེར་གཉེས་ཤིང ། །སྐད་ཅིག་གིས་ཀྱང་རབ་རྙེད་འགྱུར། །ཡམས་དང་ཉེར་འཚེ་སྐྱོན་ལ་སོགས། །ཆོས་ལྕི་ངེས་པར་རིང་དུ་འགྱུར། །དེ་ཡི་ཡུལ་དུ་ནད་དང་དོན། །རིམས་ལ་སོགས་པ་མི་འབྱུར་ཞིང ། །མུ་གེ་ཅ་ཅོ་ཆེན་རྣམས་དང ། །ཕ་རོལ་དམག་ཚོགས་ཉམས་པར་འགྱུར། །ལྷ་དང་ཀླུ་རྣམས་སྤྲོ་ཆེན་གྱིས། །བདེ་བར་ཡང་ནི་སྐྱོང་བར་འགྱུར། །རྒྱལ་པོ་ཆེན་པོ་བཞི་རྣམས་དང ། །འཇིག་རྟེན་སྐྱོང་བརྒྱུ་སྐར་བཅས། །གནོད་སྦྱིན་རྣམས་དང་གཟའ་ལ་སོགས། །རྫུ་འཕྲུལ་ཆེན་པོ་རྣམས་ཀྱིས་སྐྱོང ། །དེ་ནས་བརྒྱ་བྱིན་ལ་སོགས་ལྷས། །ཡང་དང་ཡང་དུ་
492a
༄#། །ཕྱག་འཚལ་ནས། །རིན་ཆེན་གདུགས་སོགས་མཆོག་རྣམས་ནི། །རྣམ་པ་སྣ་ཚོགས་མཆོད་བྱས་ཏེ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དག་པའི་བསམ་པས་ཡང་དག་བསྟོད། ། སངས་རྒྱས་ཀུན་བས་སྔར་\?\་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་འཛིན། །རྡོ་རྗེའི་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་འདུད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག་།རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་མཚོན་ཆ་ཆེར། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །རྡོ་རྗེ་རྣོན་པོ་རྣོན་པོ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་འབྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཆེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་གཏུམ་པོ་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་བྱེད་སྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག་།འཇིགས་རུང་སྐྲག་བྱེད་མ་རུངས་པ། །དྲག་པོ་འཇིགས་བྱེད་རྔམ་བྱེད་པ། །བསྒྲུབ་དཀའ་སྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགྱེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །འབར་འོད་གཤིན་རྗེ་མཐར་བྱེད་པ། །རྡོ་རྗེ་དྲག་པོ་དྲག་པོ་ཆེ། །འོད་མཐུག་པ་ནི་མཐུག་པ་ཆེ། །ནམ་མཁའ་དང་ནི་
492b
མཉམ་པ་ཡི། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག་།རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་པ་བྱེ་བའི་ཚོགས་ཀྱིས་མཆོད། །ཧ་ལ་ཧ་ལ་ནག་པོ་ཆེ། །སྒྲ་ཆེན་རྣམ་པར་སྒྲེག་པ་པོ། །རྡོ་རྗེ་འདོད་པ་འདོད་པ་ཆེ། །སྙིགས་མའི་རྙོག་མ་འཇོམས་པ་པོ། །དུས་ཀྱི་གཡོ་བའི་གཅོད་པའི་མཆོག་།ཞལ་ནི་ལྗགས་ཀྱི་གློག་འཕྲོ་མ། །རྡོ་རྗེ་མེ་སྟེ་རབ་ཏུ་གཏུམ། ། གཏུམ་པའི་རབ་སྣང་འཛོམས་པ་པོ། །ཉི་མ་སྟོང་གི་འོད་ཟེར་ཞལ། །སྤྱན་དམར་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མའི་འོད་འཕྲོ་བ། །ཕྱག་ནི་དུ་མའི་མཚོན་ཆ་བརྒྱ། །དུ་མའི་ཞལ་ཏེ་སྐུ་ཡང་སྟོང ། །འཁྱིལ་ཞིང་སྐུ་ཡང་འཁྱིལ་བ་ལགས། །ཐུགས་ཆོས་བདག་ཉིད་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་སྤངས། །མ་རིག་འཇོམས་པ་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །མདུང་ཅན་རྩེ་གསུམ་འཆང་འཕྲོག་བྱེད། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དག་པ་ཆེ། །སངས་རྒྱས་སངས་རྒྱས་རབ་རྟོགས་མཛད། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་ལེགས་སྐྱེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་བཟང་བ། །མཚན་རྣམས་ཀུན་གྱིས་མཚན་པ་པོ། །ཁམས་ཀུན་བདག་ཉིད་ཁྱབ་པ་བོ། །ཐམས་ཅད་རྡོ་རྗེའི་བདག་ཉིད་གཙང ། །གང་གིས་འདི་བྲིས་ཀློག་པ་དང ། །རྟག་ཏུ་དོན་ནི་འཆང་བྱེད་དམ། །དྲན་ནམ་ཉན་པར་བྱེད་ཀྱང་རུང ། །ཕྱག་ན་རྡོ་རྗེ་མཉམ་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་བ་དང ། །བརྒྱ་བྱིན་དང ། ཚངས་པ་ལ་སོགས་པ་ལྷའི་འཁོར་དང་བཅས་པའི་
493a
༄#། །ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟ་དང ། གནོད་སྦྱིན་དང ། སྲིན་པོ་ལ་སོགས་པ་ཕན་པ་དང ། བདེ་བ་ཐོབ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཆེན་པོ་དེ་བནྡྲེ་དེ་བའི་ཞབས་དང ། བླ་མ་པཎ་ཆེན་སྐྱེས་བུ་ཆེན་པོ་མཱ་ཎི་ཀ་ཤྲཱིཛྙཱ་ནའི་ཞལ་སྔ་ནས་གུས་པར་མཉན་ཏེ་ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཞིང་ཞུས་ཏེ་གཏམ་ལ་ཕབ་པ།། །།སྤྲེའུ་ལོ་དབྱུག་གུ་ཟླ་བའི་མར་ངོའི་ཚེས་བཅུ་གསུམ་ལ། གཙུག་ལག་ཁང་ཆེན་པོ་དཔལ་ཐང་པོ་ཆེར་དབུ་བཙུགས་ནས། སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་བཅུ་གཉིས་ཀྱི་སྔ་དྲོའི་བར་ཞག་བཅོ་ལྔར་འགྲོ་བའི་ཚེ་དཔལ་འདྲེན་གྱི་ལྷའི་གདིངས་སུ་ཚར་བར་བགྱིས་སོ།། །།དཔལ་ལྡན་རྒྱུད་རྒྱལ་ངན་སོང་སྦྱོང་བ་ཡི། །བརྟག་པ་ཕྱོགས་གཅིག་སྔར་གྲགས་ཁ་ཆེ་ནས། །ཆོས་རྒྱལ་སྐུ་དྲིན་པཎ་ཆེན་སྒྲ་བསྒྱུར་མཆོག་།སྐྱེས་ཆེན་རྣམས་ཀྱིས་ལེགས་པར་དར་བར་མཛད། །འདི་ནི་དཔལ་ལྡན་ཀུན་དགའ་སྙིང་པོ་དང ། །རྗེ་བཙུན་འཇིགས་མེད་འབྱུང་གནས་སྦས་པ་ཡི། །མན་ངག་ལ་བརྟེན་རྒྱ་གར་བལ་པོ་ན། །ཡེ་ཤེས་\?\་གྲགས་བླ་མའི་དྲིན་ལས་ཁོ་བོས་བསྒྱུར། །སྒྲ་གཞུང་བླ་མའི་གསུང་བཞིན་དུ། །གུས་བསྒྱུར་ནོངས་པ་མཁས་ཆེན་རྣམས། །བཟོད་མཛད་དེ་དགེས་འགྲོ་བ་ཀུན། །འགྲོ་མགོན་ཐུབ་ཆེན་ཉིད་གྱུར་ཅིག།