།།རྒྱ་གར་སྐད་དུ། བྷ་ག་བཱ་ན་བཛྲ་པཱ་ཎི་གུ་ཧྱ་ཨ་བྷི་དེ་ཤ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་ཕོ་བྲང་ན། སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་ཚོགས་དང་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་རིག་པའི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་དང ། ལྷ་མ་ཡིན་གྱི་ཚོགས་དང ། གནོད་སྦྱིན་ལྔ་བརྒྱ་དང་བཅས་ཏེ་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་བདུད་ཐམས་ཅད་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གསང་བའི་རྡོ་རྗེ་འཛིན། །ཏིང་འཛིན་རྒྱལ་པོ་མི་གཡོ་ལས། །ཅིག་ཅར་བཞེངས་ཏེ་གསང་བའི་མཆོག་།ཡེ་ཤེས་ལྔ་ཡི་སྤྱོད་ཡུལ་གྱི། །སྐུ་གསུང་ཐུགས་ཀྱི་གསང་བ་མཆོག་།ཇི་ལྟར་བསྒྲུབ་པའི་རིམ་པ་དང ། ལས་ཀྱི་བྱ་བ་མདོར་བསྡུས་ཏེ། །གང་ཟག་ཇི་ལྟ་བུས་བསྒྲུབ་ཅིང ། །རིག་པའི་རྒྱལ་པོ་མཆོག་གྱུར་པ། །བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས། །ཞེས་ཞུས་པ་དང ། བཅོམ་ལྡན་ 523a ༄#། །འདས་མཉམ་པར་བཞག་པ་ལས་ལངས་ཏེ། ཐུགས་ཀར་ཡེ་ཤེས་ལྔ་མི་ཕྱེད་པའི་རྡོ་རྗེ་ལན་གསུམ་དུ་གསོར་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་འགུལ་བ་དང ། ལྡེག་པ་ལ་སོགས་པ་ཀུན་ཏུ་འཁྲུགས་ཏེ། གདུག་པ་ཅན་འདུལ་བ་ཞེས་བྱ་བའི་འོད་ཟེར་བཀྱེ་ནས་སླར་ཐུགས་ཀར་ཐིམ་པ་ལས་རྡོ་རྗེའི་ལྟེ་བ་ནས་ཡུམ་དཔའ་མོ་རྡོ་རྗེ་བདེ་མ་ཞེས་བྱ་བ་བྱུང་སྟེ། རང་གི་སྟོན་པ་ལ་གཡས་ཕྱོགས་སུ་བསྐོར་བ་ལན་གསུམ་བྱས་ནས། ཕྱག་བྱས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ནི། །གསང་བ་དམ་པ་གང་ཡིན་པ། །རྡོ་རྗེ་འཛིན་པས་ལེགས་པར་གསུངས། །འདི་ནི་རྙེད་དཀའ་རྒྱུད་ཆེན་ཏེ། །རིན་ཆེན་ལྟ་བུར་འདོད་འབྱུང་བ། །གྲངས་མེད་ཚོགས་ལས་བྱུང་བ་འདི། །ཐུགས་རྗེའི་རང་བཞིན་སྟོང་པ་ལས། །བཅོམ་ལྡན་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་ཞུས་པ་དང ། ཞལ་འཛུམ་པ་མཛད་ནས་བྱམས་པ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ཏེ། །ཚུར་འདུས་ནས་རང་གི་ཞལ་དུ་ཐིམ་པ་དང ། དཔའ་མོ་རྡོ་རྗེ་བདེ་མ་ཁྱོད། །སྟོང་པའི་རང་བཞིན་བདག་མེད་མས། །ཇི་ལྟར་ཞུས་བཞིན་བཤད་པར་བྱ། །གུས་པར་ཉོན་ལ་ལེགས་པར་ཟུང ། །རྡོ་རྗེ་འཆང་གི་སྐུ་གསུང་ཐུགས། །མི་ཕྱེད་སྟོང་པའི་རང་བཞིན་ལས། །ཐུགས་རྗེ་སྣ་ཚོགས་ཐབས་ཚུལ་ཏེ། །འདི་ནི་རབ་ཏུ་རྟོགས་དཀའ་བས། །འདས་དང་ད་ལྟར་ 523b བཞུགས་པ་དང ། །མ་འོངས་སངས་རྒྱས་སྤྱོད་ཡུལ་ཡིན། །བསམ་གྱིས་མི་ཁྱབ་རྣམ་པར་དག་།བརྗོད་མེད་མི་གཡོ་འདུས་མ་བྱས། །ནམ་མཁའ་དྲི་མེད་ཆོས་ཀྱི་སྐུ། །དུས་གསུམ་དུས་མེད་རྟོགས་པའི་མཆོག། །འདི་ལ་ཇི་ལྟར་བསྟན་དུ་ཡོད། །འོན་ཀྱང་སྙིང་རྗེའི་རང་བཞིན་བས། །ཐབས་དང་ཤེས་རབ་རང་བཞིན་ནི། །གཉིས་མེད་གཉིས་ཀྱི་ཐབས་ཚུལ་རིག་།འདི་ནི་གསང་བ་དམ་པ་སྟེ། །དེ་ཉིད་གཞན་ལ་མངོན་བསྟན་པས། །གདུལ་བྱ་ཚིམ་འགྱུར་རྒྱལ་པོ་བཞིན། །རང་འདོད་འབྲས་བུ་འབྱུང་འགྱུར་བས། །གསང་བ་མངོན་པར་བསྟན་པ་ཡིན། །རྒྱུད་ཆེན་རྒྱལ་པོ་བཤད་པར་བྱ། །ེ་མ་ཧོ་མི་ཕྱེད་རྡོ་རྗེ་གསང་བའི་མཆོག་།ེ་མ་ཧོ་ཐབས་དང་ཤེས་རབ་གཉིས་མེད་པའི། །སྣ་ཚོགས་ནོར་བུ་རྒྱུད་ཆེན་འདི། །རང་གི་གསང་བ་དམ་པ་ཡིན། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་རབ་ཏུ་དགའ་བའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཁྱོད་བསྒྲུབ་པའི་གང་ཟག་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ང་ཉིད་སྒྲུབ་པའི་གང་ཟག་ནི། །སྙིང་རྗེ་ལྡན་ཞིང་ཤེས་རབ་ཆེ། །བཟོད་ལྡན་བརྩོན་འགྲུས་ཕུན་སུམ་ 524a ༄#། །ཚོགས། །བསླབ་པ་གསུམ་ལྡན་དད་པས་བརྒྱན། །དཔའ་ཤིང་གསང་བའི་སྤྱོད་པ་ཤེས། །གུས་ཤིང་གཡོ་མེད་སྐྱབས་གནས་གསུམ། །རྟག་ཏུ་མཆོད་ཅིང་ཡེངས་པ་མེད། །ལྷག་པའི་ལྷ་ལ་ཡིད་ཆེས་ཤིང ། །ཕྱི་ནང་གསང་བའི་དབང་ཐོབ་ལ། །དམ་ཚིག་བརྡ་དོན་ངེས་པར་འཛིན། །དེ་ལྟས་སྒྲུབ་པ་བྱས་གྱུར་ན། །ཡུན་མི་རིང་བར་ང་ཉིད་ཀྱི། ། གསང་གསུམ་ལ་ནི་མཁས་འགྱུར་ཏེ། །འབད་པས་ཐོབ་པའི་འབྲས་བུ་ནི། །སྐལ་ལྡན་དེ་ཡི་སྙིང་ལ་གནས། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་སྒྲུབ་པ་པོའི་གང་ཟག་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཁྱེད་སྒྲུབ་པའི་གནས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ང་ཉིད་སྒྲུབ་པའི་གནས་མཆོག་ནི། །དུར་ཁྲོད་བརྒྱད་དམ་ཉེ་བའི་གནས། །དུར་ཁྲོད་ནགས་ཀྱི་ནང་དུ་ནི། །རི་རྩེ་བྲག་རི་སྔོན་པོའི་མདོག་།ཁྲོས་པའི་གཟུགས་འདྲ་བྱང་ལྟ་བ། །མེ་ཏོག་སྔོན་པོ་མཛེས་པ་དང ། །ནེའུ་གསིང་དང་ཨུཏྤལ་ནགས། །དབེན་ཞིང་ཡིད་འོངས་ཉམས་དགའ་བ། །བཀྲ་ཤིས་དཔལ་འཕེལ་དབང་ཡང་འཛིན། །ལྕང་ལོ་ཅན་དང་མིང་ 524b མཐུན་པ། །སྣ་ཚོགས་སྒྲུབ་པའི་གནས་སུ་ཤིས། །ཚཝ་སྒོ་ཆུ་མེད་དབུ་མའི་གནས། །རྒྱལ་པོའི་ཕོ་བྲང་ཚོང་འདུས་དང ། །ཉན་ཐོས་ལ་སོགས་འདུག་གནས་སུ། །ང་ཉིད་སྒྲུབ་པར་མི་བྱའོ། །སྨིན་པའི་གང་ཟག་རྣམས་ལ་ནི། །གནས་སོགས་བརྟགས་པས་ཅི་ཞིག་བྱ། །ཐམས་ཅད་བདེ་ཆེན་སངས་རྒྱས་ཀྱི། །ཞིང་ཁམས་རོལ་པས་གནས་པ་ཡིན། །དེ་བས་རིགས་ཀྱི་བརྟག་པར་བྱ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་སྒྲུབ་པའི་གནས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཁྱོད། སྒྲུབ་པའི་ཐབས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ང་ཉིད་སྒྲུབ་པའི་རིམ་པ་ནི། །སྙིང་རྗེ་ཆེན་པོས་སྔོན་འགྲོ་ཞིང ། །གཞན་གྱི་དོན་ལ་བསླབ་པར་བྱ། །ནམ་མཁའ་རྡོ་རྗེ་ཅན་དམིགས་ལ། །བདེ་བ་ཆེན་པོས་རྣམ་པར་མཆོད། །རྒྱུད་སྦྱངས་སངས་རྒྱས་ཚོགས་དག་ལ། །འགྱོད་པ་སྤངས་ཏེ་རྗེས་ཡི་རངས། །མྱ་ངན་འདས་ལ་གསོལ་བར་བྱ། །དམ་པའི་དོན་ལ་བསྐུལ་བྱ་ཞིང ། །རིགས་ཀྱི་ས་བོན་ཆེར་བསྐྱེད་ལ། །ཀུན་ལ་ཁྱབ་བྱེད་གཞན་དོན་བསྒྲུབ། །བདག་གི་སྡུག་བསྔལ་མི་བལྟ་ཞིང ། །གཞན་དག་བདེ་ལ་འགོད་པར་བྱ། །མེ་འོབས་ལྟ་ 525a ༄#། །བུར་གནས་པ་ཡི། །སེམས་ཅན་ཀུན་ལ་སྙིང་རྗེ་བསྒོམ། །སྤྲོས་བྲལ་གཉིས་འཛིན་སྤངས་པ་ཡི། །ཚུལ་ལ་ཡང་དག་བསླབ་པར་བྱ། །སངས་རྒྱས་སེམས་ཅན་གཉིས་མེད་ཅིང ། །དང་པོ་སྟོང་ཞིང་བདག་དང་བྲལ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ངོ་བོ་ཉིད་ཀྱིས་རྣམ་པར་དག་།འཐབ་བྲལ་མཁའ་འདྲ་དབུ་མའི་དོན། །དེ་ལྟ་བུ་ཡི་ཆོས་ཉིད་ལ། །སེམས་ཀྱི་རང་བཞིན་གཉིས་སུ་མེད། །མ་རྟོགས་ལོག་པའི་སེམས་ཅན་ལ། །སྡུག་བསྔལ་ཀུན་དང་འབྲལ་བའི་ཕྱིར། །སྙིང་རྗེ་ཆེན་པོ་བསྒོམ་པར་བྱ། །རང་གི་སེམས་ཉིད་ཡི་གེ་ཧཱུཾ།། སངས་རྒྱས་ཐམས་ཅད་བསྐྱེད་པའི། །ཆུ་སྐྱེས་ཐབས་དང་ཤེས་རབ་ལྡན། །མཐའ་གཉིས་སྤངས་པ་གདན་དང་བཅས། །གཉིས་མེད་རྡོ་རྗེའི་རང་བཞིན་ཏེ། །སྙིང་རྗེས་སྦྱངས་ནས་གསུམ་པ་རྫོགས། །སྐུ་མདོག་ནག་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པ་རྡོ་རྗེ་འཛིན། །སྣུན་པའི་སྟོབས་ཅན་རྡོ་རྗེ་འབར། །གཡོན་པས་དྲིལ་བུ་དཀུར་བརྟེན་ཏེ། །སྒེག་པའི་ཚུལ་ཅན་ནམ་མཁར་གདེངས། །རིན་ཆེན་ཆུ་འཛིན་རྒྱན་དང་ལྡན། །སྟག་ལྤགས་དར་གྱིས་སྐུ་ལ་བརྒྱན། །གཡས་བསྐུམ་གཡོན་བརྐྱང་བདུད་ལ་བརྫིས། །སྤྱན་གསུམ་གདུག་པའི་མཆེ་བ་གཙིགས་བསྐལ་པའི་མེ་འོད་ནང་དུ་བཞུགས། །ཡི་གེ་གསུམ་གྱི་གནས་གསུམ་པོ། །ལྷར་བྱས་སྐྱེ་མཆེད་བྱིན་གྱིས་བརླབ། །གནས་སུ་ཁྲོ་བོའི་ཡིག་འབྲུ་བསྐྱེད། །སྦྲུལ་པ་དཔག་མེད་ཕྱོགས་ 525b བཅུར་འགྱེད། །ཡི་གེ་བཞི་ཡིས་ཡེ་ཤེས་དབབ། །རིགས་བདག་ལ་སོགས་སངས་རྒྱས་ཀྱིས། །དབང་བསྐུར་བྱིན་བརླབས་ཅོད་པན་བསམ། །དེ་ཡི་ཏིང་འཛིན་འབྱུང་བའི་རྒྱུ། །ཆོ་ག་གསུམ་པའི་སེམས་དཔའ་ཡིས། །གཞན་དོན་རྒྱུན་མི་འཆད་པར་བསྒོམ། །ཡང་ན་གསུང་གི་ཡིག་འབྲུས་མཚན། །ཕྲིན་ལས་ཐོགས་མེད་རྣལ་འབྱོར་བཟླས། །འདི་ནི་རྣམ་དག་རིག་པ་སྟེ། །རྟག་ཏུ་མཉམས་འབྲས་བུར་ལྡན། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་དཔའ་བོ་གཅིག་པ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །། དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་དཀྱིལ་འཁོར་བསྒོམ་པའི་ཐབས་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱ་འབྱུང་བ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །སྐད་ཅིག་མ་ཡིས་ལྷར་བསམས་ནས། །སྙིང་གར་ཉི་མའི་རིག་པ་ཧཱུཾ། །འོད་ཀྱི་རང་བཞིན་སྨོད་བཅུད་རྣམས། །སྦྱངས་ཏེ་སངས་རྒྱས་ས་ལ་བཞག་།འོད་ཟེར་གཉིས་པས་སངས་རྒྱས་དང ། །བྱང་སེམས་དཀྱིལ་འཁོར་དགུག་བྱ་སྟེ། །ཕྱག་བྱ་ཧཱུཾ་ལས་ལྷ་མོ་བསམ།། མེ་ཏོག་ལ་སོགས་པས་མཆོད་ལ། །ཐ་དད་པ་ཡི་མཆོད་པ་ཆེ། །དེ་འོད་དཔག་མེད་ལྷ་མོ་ཡིས། །རེག་བྱ་ཐ་མི་དད་པས་མཆོད། །སྡིག་བཤགས་རྗེས་སུ་ཡི་རང་དང ། །གསོལ་ཞིང་སྐྱབ་ 526a ༄#། །འགྲོ་བདག་ལུས་དབུལ། །སེམས་བསྐྱེད་དག་པ་བསྔོ་བར་བྱ། །དེ་རྗེས་དང་པོ་བྱམས་པ་སྟེ། །གཉིས་པ་སྙིང་རྗེ་གསུམ་པ་དགའ། །ཀུན་གྱི་མཐའ་ལ་བཏང་སྙོམས་སོ། །སྦྱངས་གཞི་སྔགས་ཀྱིས་ཕྱི་ནང་ཀུན། །སྟོང་པར་བྱས་ཏེ་རང་ལུས་ཀྱང ། །དབང་པོའི་གཞུ་འདྲ་སྲིད་འཛིན་གྱི། །གནས་སུ་ཧཱུཾ་བསམ་དེ་འོད་བཅས། །ཙི་ལས་བྱུང་བའི་འཁོར་ལོ་སྟེ། །རྩིབས་བཅུ་ལ་ནི་ཉི་མ་བསམ། །དབུས་སུ་ཧཱུཾ་ལས་གནོད་མཛེས་བསྐྱེད། །དེ་ལས་ཧཱུཾ་འཕྲོས་ཁྲོ་བཅུ་ཡང ། །རང་རང་ས་ལ་གསལ་བར་བསྐྱེད། །སྔགས་པས་བགེགས་མེད་ཀྱིས་ཤིག་པར།། དེ་ལ་བཀའ་ལུང་བསྒོ་བར་བྱ། །ཞལ་བཞིའི་གསང་སྔགས་དྲན་པ་ཡིས། །མཐེ་བོང་སྡིགས་མཛུབ་སྦྱར་ནས་ནི། །ཕྱོགས་བཅུར་བརྡ་ནི་བསྟན་པར་བྱ། །ོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱཱ་རཱ་ཛ་ཡ་ཧཱུཾ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་བརྗོད་པས། །ལུས་ངག་སེམས་ལས་བྱུང་བ་ཡི། །བགེགས་ཀུན་གྱི་ནི་མགོ་སྟེངས་སུ། །རྡོ་རྗེ་ཕུར་པ་གཟུགས་པར་བྱ། །ོཾ་གྷ་གྷ་གྷཱ་ཏཱ་ཡ་གྷཱ་ཏཱ་ཡ་སརྦ་དུཥྚཱན་བི་གྷྞཱཎན་ཧཱུཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་བཱ་ཀ་ཙིཏྟཱ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། རྡོ་རྗེ་ཐོབས་བརྡུང་བྱ་སྟེ། །ོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། སྤྱི་བོར་བཏབ་པས་ངེས་པར་བརླག་།སླར་འདུས་ཕྱོགས་མཚམས་མ་ལུས་པར། །ས་གཞི་ར་བ་དྲ་ 526b བ་དང ། །གུར་བཅིང་བ་དང་བླ་རེ་དང ། །མདའ་དང་མེ་ཡི་འོད་འབར་བསྒོམ། །ོཾ་བཛྲ་མེ་དི་ནཱཾ་བིཛྲ་བྷ་བ་བཛྲ་བནྡྷ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་ལཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ཤ་ར་ཛ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛཱ་ལ་ཨ་ན་ལཱརྐ་ཧཱུཾ་རཾ་ཧཱུཾ། རིམ་པས་བརྗོད་ལ་སྙིང་རྗེ་ཡི། །བདག་ཉིད་གཞན་ལ་ཕན་འདོད་པ། །སྨོན་ལམ་ལས་བྱུང་རྫུ་འཕྲུལ་མཆོག་།ཡཾ་ལས་བྱུང་བ་གཞུ་འདྲ་བ། །སྔོན་པོ་བ་དན་ལྡན་པ་བསམ། །དེ་སྟེང་རཾ་བྱུང་རྒོད་མའི་ཁ། །གྲུ་གསུམ་དམར་པོ་འོད་འབར་བ། །བཾ་ལས་སྐྱེས་པ་ཟླུམ་པོ་སྟེ། །དཀར་པོ་འཁྱིལ་བའི་ཚུལ་དུ་བསམ། །དེ་ལས་སྐྱེས་པ་དབང་ཆེན་ཏེ། ཡཾ་སྐྱེས་སེར་པོ་རྡོ་རྗེའི་རྒྱུ། །གྲུ་བཞི་འོད་ཟེར་འབར་བ་བསམ། །དེ་སྟེང་ཙཾ་ལས་ཆོས་ཀྱི་འཁོར། །ལྟེ་བར་བྲུཾ་ལས་གཞལ་ཡས་ཁང ། །གྲུ་བཞི་སྒོ་དང་རྟ་བབས་བཅས། །དྲ་བ་ཕྱེད་དང་དྲ་བས་བརྒྱན། །ཕྲེང་བ་རིན་ཆེན་རྡོ་རྗེ་དང ། །མཛེས་པའི་བ་དན་བཅས་པ་བསམ། །དེ་ནང་བཾ་ལས་ཆུ་སྐྱེས་ནི། །གེ་སར་འདབ་མར་བཅས་པའི་སྟེང ། ། ཉི་མ་ཀཱ་ལི་འོད་འབར་ཆེ། །སྟེང་དུ་ཟླ་བ་ཨཱ་ལི་བསིལ། །ཁ་སྦྱར་བར་དུ་ཧཱུཾ་དང་ཨཱ། །གནག་ཅིང་དམར་བའི་རྣམ་པ་ལ། །དེ་ལས་པདྨ་རྡོ་རྗེ་བསམ། །སླར་ཡང་ཡི་གེས་འགྲོ་བ་སྦྱངས།། ཧཱུཾ་གིས་མི་བསྐྱོད་ཐུགས་རྣམས་བསྡུ། ། ཡིས་འོད་དཔག་གསུང་བསྡུས་ལ། །གཉིས་མེད་ཞུ་བས་སྤྲུལ་པ་བསྡུ། །རྡོ་རྗེ་ལས་ནི་ཁྲོ་བོ་སྟེ། །པདྨས་ཁྲོ་མོའི་རྣམ་པར་བསྐྱེད། །ཁྲོ་ 527a ༄#། །བོ་མཐིང་ག་ཞལ་གཅིག་པ། །རང་འོད་ལས་བྱུང་ཕྱག་གཉིས་འཁྱུད། །རྡོ་རྗེ་དྲིལ་བུ་ཐབས་ཤེས་རབ། །གཡས་དང་གཡོན་དུ་བསམ་པར་བྱ། ། དབུ་རྒྱན་ལ་སོགས་རིན་ཆེན་ལྡན། །དབུ་སྐྲ་ཁམ་སེར་གྱེན་དུ་འབར། །ནག་པོ་སྤྲུལ་ལུས་ཀླུ་ཆེན་བརྒྱད། །སྐུ་སྨད་སྟག་གི་པགས་པས་དཀྲིས། །ཆོས་གོས་སྔོན་པོས་སྐུ་སྟོད་དཀྲིས། །མཆེབ་གཙིགས་ཤིང་སྤྱན་གསུམ་དམར། །འདོད་དགུར་སྒྱུར་ཞིང་བརྐྱང་བསྐུམ་ཞབས། །མཐའ་གཉིས་སྤངས་པའི་སྟེང་དུ་བཞུགས། །དེ་ཡུམ་རྡོ་རྗེ་བདེ་མ་ཁྲོ། །དམར་ལྗང་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་གྲི་གུག་ཡབ་ལ་འཁྱུད། །གཡོན་པ་ཐོང་པ་བདེ་བ་སྟེར། །གཉིས་མེད་གཡོན་གྱི་ཕྱོགས་རྣམས་འཁྲིལ། །རྡོ་རྗེ་ས་སྦྱོང་བའི་འབྲས་བསྐུལ་ཏེ། །ཤར་ཕྱོགས་པདྨར་ཉི་ཟླ་ལ། །ཧཱུཾ་ལས་ཁམས་གསུམ་རྣམ་པར་རྒྱལ། །དཀར་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་པ་རྡོ་རྗེ་རྩེ་གསུམ་འཛིན། །གཡོན་པ་དྲིལ་བུ་བེ་ཅོན་ཏེ། །ཁྲོ་བོའི་རྒྱན་ལྡན་བསམས་ནས་ཀྱང ། །འབྱུང་པོའི་ནུས་པ་འཇོམས་པར་བྱེད། །ལྷོ་ཕྱོགས་ཉི་མ་རོ་སྟེང་སུ། །ཧཱུཾ་ལས་བྱུང་བའི་ལེགས་ལྡན་གནག་།གཡས་པ་གྲི་གུག་གཡོན་པ་ཐོད། །ཞབས་གཉིས་བརྐྱང་བསྐུམ་ཐོད་ཕྲེང་ལྡན། །འགྲོ་བོ་གསོད་པའི་ལས་ལ་བརྩོན། །ཀུན་ཏུ་ཀླུ་འདུལ་བདུད་རྩི་འཁྱིལ། །ལྗང་གུ་ཞལ་གཅིག་ཕྱག་བཞི་ཁྲོ། །གཡས་ 527b པ་རྡོ་རྗེ་བྱ་ཁྱུང་དང ། །གཡོན་པ་དབྱུག་ཏོ་ཕུར་བུ་བསྣམས། །ས་འོག་ཀླུ་སོགས་ཟས་སུ་གསོལ། །བྱང་དུ་ཀྵ་ལས་རྣམ་ཐོས་བུ། །ཞལ་གཅིག་ཕྱག་གཉིས་བུམ་སྟེངས་སུ། །མདོག་སེར་གཡས་པ་རྒྱལ་མཚན་བསྣམས། །གཡོན་པས་ནོར་སྦྱིན་བཟུང་བ་སྟེ། །དབུལ་བ་སེལ་བའི་དོན་ལ་བརྩོན། །སྒོ་མཚམས་ལྷ་ཡི་རང་བཞིན་ལ། །ཡེ་ཤེས་སྤྱན་དྲངས་མཆོད་ལ་གཞུག་།དེ་ནི་ཡི་གེ་བཞི་སྦྱོར་ཡིན། །ལུས་ངག་སེམས་ལ་ཡི་གེ་ཡི། །ལྷ་ཡི་མཚན་མ་གདབ་པར་བྱ། །སྐྱེ་མཆེད་ལྷར་བྱས་ཏིང་འཛིན་གྱི། །ནུས་པ་མི་ཤིགས་ལྷར་བལྟས་ལ། །ཡེ་ཤེས་ལྔ་འདུས་ཡི་གེ་བསམ། །དེ་ཡི་འོད་ཀྱིས་སྤྱན་དྲངས་པའི། །རིགས་ལྔ་སྙོམས་འཇུག་བྱིན་རླབས་ཀྱིས། །མི་བསྐྱོད་རྡོ་རྗེ་དབང་བསྐུར་ཏེ། །གསང་བ་ཤེས་རབ་ཡེ་ཤེས་ཀྱིས། །རྒྱས་གདབ་རིགས་ལ་བཞི་བ་ཡི། །ཕྱག་རྒྱ་ཆེ་ལ་རིགས་མེད་དོ། །འདི་ནི་གསང་ཆེན་སྐུ་སྒྲུབ་པ། །རིམ་གྱིས་གསལ་ཞིང་རྣམ་པར་དག་།རྡོ་རྗེ་འཛིན་པའི་སྐུ་ཐོབ་པ། །ཚེ་གཅིག་ཉིད་ལ་འགྱུར་བ་ཡིན། །རྟག་ཏུ་གོམས་པའི་སྦྱོར་བ་ཡིས། །ས་ཐོགས་འཇིག་རྟེན་མ་ལུས་ཀུན། །སྐད་ཅིག་ཉིད་ལ་དབང་དུ་འགྱུར། །གཙུག་ན་རིན་ཆེན་ལ་སོགས་པའི། །གདུག་པ་ཅན་རྣམས་སྙིང་ཡང་འབྱིན། །དགའ་བོ་ལ་སོགས་ཀླུ་ཆེན་རྣམས། །རྟག་ཏུ་དེ་ལ་འདུད་པར་འགྱུར། །ནད་ཀྱི་རིགས་ཀུན་མ་ལུས་འཇོམས། །གནོད་སྦྱིན་མ་ལུས་བཀའ་ཉན་ཅིང ། །ལྷ་སྲིན་ 528a ༄#། །མ་ལུས་དྲན་དུ་འགྱུར། །འདི་ནི་གསང་བ་དམ་པ་སྟེ། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་ལྔ་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གི་རིག་པའི་གསང་སྔགས་ཀྱི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །གསང་བ་མཆོག་གི་གསང་བ་སྟེ། །ཕྲིན་ལས་ཐམས་ཅད་རྫོགས་བྱེད་ཅིང ། །སྡུག་བསྔལ་ཀུན་ལས་སྐྱོབ་བྱེད་པའི། །ཱ་ལི་ཀཱ་ལི་མཉམ་སྦྱོར་ལས། །ཐབས་དང་ཤེས་རབ་མཉམ་མེད་པའི། །སྔགས་ཀྱི་དོན་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་རིག་པ་དང ། །ཕྲིན་ལས་སྣ་ཚོགས་རིག་པ་དང ། །འཁོར་གྱི་ལས་ཀྱི་རིག་པ་དང ། །འབྱུང་པོ་འགུག་དང་གསད་པ་དང ། །གཏོར་མ་གཏང་བའི་རིག་པའོ། །ོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ་སཝཱཧཱ། ཨོཾ་བཛྲ་ཀྲོ་དྷ་ན་ནཱི་ལཾ་བར་དྷ་ར་བཛྲ་པཱ་ཎཱི་ཧཱུཾ་ཕཊ་སཝཱཧཱ། ཨོཾ་བཛྲ་ཙཎྜ་མཧཱ་རོ་ཁ་ཧཱུཾ་ཕཊ་སཝཱཧཱ། ཏདྱ་ཐཱ་བྷོ་བྷོ་བཱནྣཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱམྦ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ། ཡཿ ་ས་མཱ་ཏི་ཀྲ་མ་ཐ། མཱ་ཀུ་ལ། ཨུཏ་སཱ་ད་ནཱཾ། བྷ་བི་ཥྱནྟི། ཏདྱ་ཐཱ་བུདྡྷ་བུདྡྷ་བི་བུདྡྷ་བི་ 528b བུདྡྷ་མ་ཧི་པྲཱ་པ་ཏ། ཧ་ར་ཧ་ར་ནཱ་གཱ་ནཱཾ། པྲཱ་ཧ་ར་པྲཱ་ཧ་ར་ནཱ་གཱ་ནཱཾ། ཙྪིནྡ་ཙྪིནྡ་ནཱ་གཱ་ནཱཾ། ཧྲི་ད་ཡ་ནཱཾ། བྷིནྡ་བྷིནྡ་ནཱ་ག་དྷརྨ་ཎི། བཾ་ཤཱིརྱནྟུ་ནཱ་ག་ཤ་རཱི་རཱཾ། བི་སྥོ་ཊ་ཡ་ནཱ་ག་ནཱ་ནི། ཏདྱ་ཐཱ། ཨོཾ་ཨཱཿ ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུཾ་ནཱ་གོ་ཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལཱཾ་བཱ་ས་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཧཱུཾ་ཕཊ། ཀྲི་ཏཱ་ན་ཏཱ་ཡ་ཕཊ། ཀྲི་ཏཱ་ན་ཏ་རཱུ་བཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲ་ས་ནཱ་ཡ་ཕཊ། ཀུཥྨ་ཎྚོ་ཏ་སཝ་ད་ནཱ་ཡ་ཕཊ། པྲེ་ཏ་བི་ཤཱ་ཙ་བི་ནཱ་ཤཱ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་བ་སྨྲ་རཱ་བི་ནཱ་ཤ་ཀ་རཱི་ཡ་ཕཊ། ཧ་ས་ཧ་ས། ད་ར་ད་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣན་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ་པི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱཾ་པ་ར་དྷ་ར་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སཝཱཧཱ། ཨོཾ་བཛྲ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏྲཻ་ལོ་ཀྱ་བིཛ་ཡ་བསྨིཾ་སཝཱཧཱ། མཱ་ར་ཡ་ཙིཏྟ་རྦད་རྦད། ཨོཾ་བཛྲ་ཀྲོ་དྷ་མཧཱ་ཀཱ་ལཱ་ཡ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཡ་ཧཱུཾ་ཕཊ། ཙིཏྟ་ཀྲོ་དྷི་དུཉྩ་ཛཿ ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ནཱ་ག་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་སཾ་ཁཾ་ཀུ་རུ་ཧཱུཾ་ཕཊ། མཱ་ར་ཡ་རཀྟ་རྡུབས་རྡུབས། ཨོཾ་བཛྲ་ཀྲོ་དྷ་ཀུ་བེ་ར་རཱ་ཛ་ཡ་ཧཱུཾ་ཕཊ། ཨོཾ་ཨཱརྱ་ཛ་བྷ་ལ་ཛ་ལེནྡྲཱ་ཡ་ཧཱུཾ་ཕཊ་སཝཱཧཱ། མཱ་ར་ཡ་ཀེ་ཆོཾ་ཆོཾ། མཧཱ་དེ་བ་མཱ་ར་ཡ་སོད་སོད། མཧཱ་ནཱ་ག་མཱ་ར་ཡ་ཛ་ཛཿ ། མཧཱ་དེ་བི་མཱ་ར་ཡ་ཧ་ན་ཧ་ན། མཧཱ་མ་ནུ་མཱ་ར་ཡ་གཏུབས་གཏུབས། མཧཱ་གྲུབ་པ་མཱ་ར་ཡ་ཏིཥྛ་ཏིཥྛ། མཧཱ་ཡཀྵ་མཱ་ར་ཡ་བྷིནྡྷ་བྷིནྡ་མཧཱ་གན་དྷརྦ་མཱ་ར་ཡ་ཁོས་ཁོས། མ་ཧཱ་མ་རི་ནི་མཱ་ར་ཡ་ནཱཾ། མཧཱ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ 529a ༄#། །ཡཀྵ་ཧཱུཾ། མུ་རུ་ཏ་མུ་རུ་ཏ་ཧཱུཾ་ཕཊ། མཱ་ར་ཎ་སོད་སོད། མཱ་ར་ཎ་བྱིང་བྱིང ། མཱ་ར་ཎ་རྨུགས་རྨུགས། མཱ་ར་ཎ་ཧལ་ཧལ། མཱ་ར་ཎ་མྱོས་མྱོས། མཱ་ར་ཎ་མྱོས་བྱིང ། མཱ་ར་ཎ་ཐུམ་རིལ་ཛ་ཛཿ ། ཀ་ཀ་རཀྵཾ་ཧཱུཾ་ཧཱུཾ་སྟྭཾ་བྷྱོ་ཛྭ་ཁ་ཁཱ། ཏེ་ཤེ་རཀྵ་ཧཱུཾ་ཧཱུཾ། སྟྭཾ་བྷྱོ་ཛྭཿ ཁ་ཁཱ། ཙ་པ་རཀྵ་ཧཱུཾ་ཧཱུཾ་སྟྭཾ་བྷྱོ་ཛཿ ་ཁ་ཁཱ། ཙ་ཀ་རཀྵ་ཧཱུཾ་ཧཱུཾ་སྟྭཾ་བྷྱོ་ཛ་ཁ་ཁཱ། ཙ་ཀ་རཀྵ་ཧཱུཾ་ཧཱུཾ་སྟྭཾ་བྷྱོ་ཛྭ་ཁ་ཁཱ། མུན་དུ་རཀྵ་ཧཱུཾ་ཧཱུཾ་སྟྭཾ་བྷྱོ་ཛ་ཁ་ཁའ་ཀ་ཀ་རཀྵ་ས་མ་ཡ་བྷུདྡྷ་ཡ་སྤུ་ཏ་ར། ཏེ་ཤ་ད་ས་མ་ཡ་བུདྡྷཱ་ཡ་སཱུ་ཏ་ར་ཙ་པ་རཀྵ་ས་མ་ཡ་བུདྡྷ་ཡ་སྤུ་ཏ་ར་ཙ་ཀ་རཀྵ་ས་མ་ཡ་བུདྡྷ་ཡ་སྦུ་ཏ་ར། མུན་དུ་རཀྵ་ས་མ་ཡ་བུདྡྷ་ཡ་སྤུ་ཏ་ར། ཧཱུཾ་ཧཱུཾ་ཧྲིལ་ཧྲིལ། དིམ་དིམ། ཕོབ་ཕོབ། ཤར་ཤར། དི་རི་དི་རི་རྦད་རྦད། ཁ་ཐཾ་ཁ་ཐཾ། ཐུཾས། ཐུཾས། ཛ་རེ་ཛ་རེ་བྷྱོ། ཧ་ས་ཧ་ས། ཏེ་པ་ཏེ་པ། ཀྲི་ཏི་ཧ་ཀྲི་ཏི་ཧ། ཀྲི་ཁུག་ཀྲི་ཁུག་།ཚལ་པ་ཚལ་པ། རྦད་ལིང་རྦད་ལིང ། སྲོག་ཚིག་ནན་རྦད། ལུས་དུལ་མཱ་ར་ཡ་རྦད། རཾ་རཾ་ཛྭཱ་ལ་ཛྭཱ་ལ་ཤི་ཤི་།རྡུལ་བུན་རྦད་སོད། ནཱ་ག་མཱ་ར་ཡ་ཧཱུཾ་ཕཊ། ཛཿ ཧཱུཾ་བཾ་ཧོཿ དྷརྨྨཱ་ཀ་ཀ་ཀི་ཏི་ར། དྷརྨྨ་ཏེ་ཤ་ས་མུཉྫ། དྷརྨྨ་ཏེ་ཤཏ་ཀ་ར། དྷརྨྨ་ཏེ་ཤ་ཙ་ཀ་ར། དྷརྨ་ཏེ་ཤ་ས་མ་ཡ། བུདྡྷ་ཡ་པུ་ཏ་ར། ཏེ་པ་ཏེ་པ་ཁ་ཁཱ་རཾ། ཏེ་པ་ཏེ་པ་ཀཱ་ཙ་རི། ཏེ་པ་ཏེ་པ་མུནྡུ་རི། ཏེ་པ་ཏེ་པ་པུསྟྭཾ་ཧ་ར། ཏེ་པ་ཏེ་པ་ས་ཛ་ས་མུཉྫ། ཙ་ཀ་ར་མུནྡུ་ར་ཁེ། བཛྲ་ཙ་མཾ་རན་ཛཱ་ཛཱ། ཏེ་ཤ་རཾ། མུནྡུ་ནན། བཛྲ་ཛུ་རུ་ཛུ་རུ་རཾ། ཛུ་རུ་ཛུ་རུ་ས་མུཾ་ཛཱ་ཧཱུཾ། བཛྲ་གྷེ་ནེ་ཁེ་ཛ། བཛྲ་པུརྞི་ཁེ་ཛ། བཛྲ་མུཎྜ་རེ་ཁ་ཛ། ཁ་ཛ་རཱ་ཛ་མུནྡུ་ར་ཁེ། ཁ་ 529b ཛ་རཱ་ཛྫཱ་མུནྡུ་ར་ས་མུཾ་ཁེ། པདྨ་ར་ཎི་ཁ་ཛ་མུནྡུ་རཱ་ཛ་ཁེ། ཁ་ཛ་རཱ་ཛ་མུནྡུ་ར་ས་མུཉྫ་ར་ཁེ་ཛུ་ཛུ་ཛ་ཛ་ཀཱ་ཧི་ཛ། ཨོཾ་ཀཱ་ཡ་ཝཱ་ཀཱ་ཙིཏྟ་ཨི་དཾ་བ་ལིང ། བུཉྫ་ཛི་གྷ་ཕུལླ་དྷུ་པ་མཱཾ་ས་སེ། ས་ཁནྟི་ཁུན་ཎི་ཕཊ་གཱ་ཏཱ། ཨོཾ་ཨམྲྀ་ཏ་པྲ་ཏཱི་ཛ་ཀ་ས་ཀ་རུ་པུ་ཛཱ་ཁཱ་ཧི། རཀྟ་བི་བ་ཏ་ཀ་སེ་རུ་པཱུ་ཛ་ཁཱ་ཧི། དྷུ་པེ་པུཥྤེ་ཨ་ལོ་ཀེ་གནྡྷེ་ནི་བི་ཏེ། ཀ་ས་ཀ་རུ་པཱུ་ཛ་ཁཱ་ཧི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུད་པ་ན་ན་ཏྭད་ཏ་ཨོཾ་ཨཱཿ ཧཱུཾ། འདི་ནི་རིན་ཆེན་སྔགས་ཀྱི་མཆོག་།མ་ལུས་དགོས་འདོད་འབྱུང་བའི་དཔལ། །གཟུངས་མ་ཁྱོད་ལ་ཉེར་བཤད་པས། །འདི་ནི་མི་འདིའི་དམ་ཚིག་ཡིན། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་གསང་སྔགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་འཁོར་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ང་ཡི་འཁོར་ནི་བསམ་མི་ཁྱབ། །འདི་ཙམ་གྲངས་ནི་སངས་རྒྱས་ཀྱིས། །བསྐལ་པར་བགྲངས་ཀྱང་ཤེས་མི་འགྱུར། །དེ་བས་ནམ་མཁའི་ཚད་དང་མཚུངས། །མདོར་བསྡུས་ནས་ནི་བཤད་པར་བྱ། །སྐུ་ཡི་འཁོར་ནི་ཁྲོ་བོ་བཅུ། །རིགས་ལྔའི་ངོ་བོ་སྐུ་གསུང་ཐུགས། །མི་འགྱུར་གདུག་ 530a ༄#། །པ་འདུལ་བ་ཡིན། །ཐུགས་ཀྱི་འཁོར་ནི་རིགས་བརྒྱ་སྟེ། །མདོར་བསྡུས་སྤྲུལ་པའི་ཁྲོ་བོ་བཞི། །གསུང་གི་འཁོར་ནི་དཔག་མེད་ཀྱང ། །རིགས་དྲུག་འདུལ་བའི་ཁྱུང་ཆེན་ཡིན། །སྣ་ཚོགས་བསམ་གྱིས་མི་ཁྱབ་བོ། །གདུལ་བྱའི་འཁོར་ནི་ཀླུ་ཆེན་བརྒྱད། །གསུང་གིས་དེ་རིགས་འདུལ་བ་ཡིན། །གནོད་སྦྱིན་ལག་ན་རྡོ་རྗེའི་ཚོགས།། ལྔ་བརྒྱ་རིགས་བསྡུས་སྐུ་ཡིས་འདུལ། །ཐུགས་ཀྱིས་ལྷ་སྲིན་གདུག་པ་འདུལ། །བྱམས་པའི་ཏིང་ངེ་འཛིན་གྱིས་འདུལ། །འདི་ལ་འདིས་འདུལ་སྤྲུལ་པའི་ཚོགས། །སྨོན་ལམ་དབང་གིས་བྱུང་བ་སྟེ། །བསམ་གྱིས་མི་ཁྱབ་དེས་འདུལ་བ། །རིགས་ལ་བརྗོད་པར་ག་ལ་ནུས། །མདོར་བསྡུས་མཛེས་མ་ཁྱོད་ལ་བསྟན། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་འཁོར་ངེས་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ལས་སྒྲུབ་པའི་རིམ་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །གདུག་པའི་ཀླུ་རྣམས་འདུལ་འདོད་པའི། །རྡོ་རྗེ་ཁྱུང་ཆེན་སྟོབས་ཆེན་འདུལ། །ང་ཡི་ 530b གསུང་གི་སྤྲུལ་པ་སྟེ། །མཆེ་བ་རྣོ་དཔལ་དྲག་པོ་གཙིགས། །བཾ་ལས་རྒྱ་མཚོའི་རི་རབ་སྟེང ། །ཡི་གེ་ཧཱུཾ་ལས་བྱུང་བ་ཡི། །དཔའ་བོ་ཀླུ་འདུལ་བསྒོམ་པར་བྱ། །སྐུ་མཆོག་ནག་པོ་ཞལ་དགུ་ལྡན། །རྩ་ཞལ་མཐིང་ནག་གཡས་པ་དཀར། །གཡོན་པ་དམར་པོ་དེ་སྟེང་དུ། །དབུས་དམར་གཡས་པ་ལྗང་བ་སྟེ། །གཡོན་པ་བཙོ་མ་གསེར་དང་འདྲ། །དེ་སྟེང་དབུས་དཀར་གཡས་པ་གནག་།གཡོན་པ་བཻ་ཌཱུརྱ་ལྟར་སྔོ། །ཐམས་ཅད་སྤྱན་གསུམ་རྡོ་རྗེའི་མཆུ། །སྤྱི་གཙུག་རིན་ཆེན་རྡོ་རྗེའི་རཝ། །ཕྱག་ནི་བཅོ་བརྒྱད་གཡས་པ་ན། །རྡོ་རྗེ་རལ་གྲི་དགྲ་སྟ་ཞགས། ། མདུང་དང་ལྕགས་ཀྱུ་མདའ་དང་ནི། །རྩེ་གསུམ་ལས་ཀྱི་བྱ་ཁྱུང་བསྣམས། །རིམ་བཞིན་ཆུ་བདག་མཐའ་ཡས་དང ། །ནོར་རྒྱས་སྟོབས་རྒྱུ་དུང་སྐྱོང་དང ། །པདྨ་བདེ་ཆེན་རིགས་ལྡན་དང ། ། འཇོག་པོ་ཀླུ་དགུ་རོ་སྟོད་ལྷ། །ཐལ་སྦྱོར་གཙོལ་རིན་ཆེན་སྟོབས། །མཇུག་མ་ཕྱག་ལ་དཀྲིས་མཛད་དེ། །ཀུན་ཀྱང་རང་རང་ཁ་དོག་འཛིན། །སྦྲུལ་མགོ་བདུན་པ་སྤྲིན་བཞིན་གཏིབས། ། གཡོན་པ་དྲིལ་བུ་བེ་ཅོན་དང ། །འཁོར་ལོ་རྒྱ་གྲམ་ཐོད་དབྱུག་ཆེ། །སྦྲུལ་གྱི་རྒྱལ་མཚན་གཞུ་དང་ནི། །གཏུམ་ཆུང་ཕུར་དང་ཁྱུད་ཕུར་རོ། །རིམ་བཞིན་རླུང་འབྱིན་དགའ་མ་དང ། །མཛེས་ལྡན་དཔའ་མོ་འོད་བྱེད་མ། །གྲུབ་མ་བརྟན་མ་དགེ་མ་དང ། །གསལ་བྱེད་རིམ་བཞིན་ཡབ་དང་འདྲ། །ཐལ་སྦྱར་གཙོ་ལ་པདྨ་འབུལ། །གདེངས་ཀ་གསུམ་གྱིས་འདུད་བྱེད་མ། །གཡོན་དུ་ 531a ༄#། །རིམ་བཞིན་བསམ་པར་བྱ། །ཞབས་བཞི་ཆུ་སྲིན་རུ་སྦལ་དང ། །ཕག་དང་ལྟོ་འཕྱེའི་སྟེང་ན་བཞུགས། །གཤོག་པ་རིགས་བཞིའི་རྡོ་རྗེ་སྟེ། །མཇུག་མ་རལ་གྲི་རིགས་བཞིར་ལྡན། །སྡེར་ཆེན་པགས་ལ་མེ་འབར་བས། །རབ་ཏུ་གཏུམ་ཞིང་ས་བདག་དང ། །ཀླུ་རིགས་མ་ལུས་བརླག་མཛད་པ། །འོག་མིན་གནས་སུ་སླེབས་པར་བསམ། །དེ་རྗེས་གནས་གསུམ་ཡི་གེས་བརྒྱན། །ོཾ་ཨཱཿ ཧཱུཾ་དཀར་དམར་ཞིང་གནག་།སྤྲུལ་པ་གོ་ཆའི་སྔགས་བསམ་པ། །ོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཱ། སྦྱི་བོ་མགྲིན་པ་སྙིང་ག་དང ། །ལྟེ་བ་གསང་གནས་བསམ་པར་བྱ། །ེ་བཾ་མ་ཡཱ་དཔུང་པ་དང ། །དཔྱི་ཡི་སྟེང་དུ་བསམ་པར་བྱ། །ཧཱུཾ་སཝ་ཧཱི་ཨ་བྲང་དང་ནི། །སོག་དཔྲག་སྟོང་མོ་ལྟེ་ལྐོག་བསམ། །ཛཿ ་ཧཱུཾ་བཾ་ཧོཿ ་སྒོ་བཞིར་བསམ། །སྟཾ་ཛ་ཡ་ཨ་སྤྲུལ་པ་དང ། །ཡང་སྤྲུལ་བསམ་གྱིས་མི་ཁྱབ་བསམ། །དེ་ནས་གསང་བའི་སྔགས་བསྟན་པ། །ལས་ཀྱི་ཁྱུང་ཆེན་དྲག་པོའི་སྔགས། །སངས་རྒྱས་ཀུན་གྱི་མཐུ་བསྡུས་པ། །ོཾ་བཛྲ་ཁྱུང་ཀ་ར་ཁྱུང་ཀ་ར་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། སྐུ་ཡི་གསང་བའི་སྔགས་སུ་བསྟན། །ོཾ་བཛྲ་ག་རུ་ཊ་ཧཱུཾ་སྲོག་ཚིག་ནན་རྦད། ལུས་དུལ་ནཱ་ག་མཱ་ར་ཡ་ཕཊ། རཾ་རཾ་ཛྭ་ལ་ཛྭ་ལ་ཞི་ཞི་རྡུལ་བུན་རྦད་ཕཊ། གསུང་གི་རིག་པ་དམ་པའོ། །ོཾ་བཛྲ་ཙཎྚ་ག་རུ་ཊ་ཧཱུཾ་མཱ་ར་ཡ་མཱ་ར་ཡ། སྥོ་ཊ་ཡ་སྥོ་ཊ་ཡ། བཛྲ་བ་ཏི་ག་རུ་ཊ་བེ་གེ་ཧཱུཾ་ཛ་ཛ་རི་ཛ་པྲི་ཛ་ཧཱུཾ་ཕཊ། ཐུགས་གསང་རྡོ་རྗེ་གཏུམ་པོའི་སྔགས་ 531b དྲག་བྱེད་ཐམས་ཅད་བརླག་པར་བྱེད། །ཀླུ་རྣམས་སྙིང་ཁྲག་འཐིག་པ་ཡིན། །རྡོ་རྗེ་འཛིན་པའི་དམ་ཚིག་འདི། །རིན་ཆེན་བཞིན་དུ་རྙེད་དཀའ་བས། །འདི་ལ་རྟག་ཏུ་འབད་པར་བྱ། །མཐུན་པའི་རྫས་ཀྱི་གཏོར་མ་སྦྱིན། །དེ་ཡི་ནང་དུ་གནོད་པ་དགུག་།ོཾ་བཛྲ་ཤྲཱི་མ་མཱ་ནཱ་ག་ས་བི་ཏ་ཆོ་ག་ཁུག་མཾ་ལཾ་བྷཾ་སཝཱཧཱ། འདིས་ནི་བཀུག་ལ་ལྷ་ལ་འབུལ། །གལ་ཏེ་གསད་པར་འདོད་པས་ན། །སྐུ་གསུང་ཐུགས་ཀྱི་རིག་པ་ལ། །ཕུར་བུ་གཉིས་པའི་དྲག་སྔགས་དང ། །གསད་པ་སྤྱི་ཡི་ཤམ་བུར་གདགས། །གཟུགས་བརྙན་ཕུར་བུས་བཏབ་པར་བྱ། །ཚངས་པ་ཡིན་པར་ངེས་པར་བརླག་།ོཾ་བཛྲ་ཙཎྚ་མ་ཧཱ་རོ་ཁ་ཎ་བཛྲ་ཀཱི་ལཱ་ཡ་སརྦ་བིགྷྣན་མུངྒ་ར་ཀཱི་ལཱ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྚ་ག་རུ་ཊ་ཀཱི་ལཱི་ཀཱི་ལཱ་ཡ་སརྦ་བིགྷྣན་མུངྒཱ་ར་ཀཱི་ལཱ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། གཏུམ་ཆུང་ཕུར་བུས་བཏབ་པའི་སྔགས། །དེ་རྗེས་གཟུགས་བརྙན་མ་ལུས་པ། །དྲག་པོའི་ཐབ་ཏུ་བསྲེག་པར་བྱ། །ཚེར་མ་ཅན་གྱི་མེ་སྤར་ལ། །ཁྱུང་ཆེན་གཏུམ་པོའི་ང་རྒྱལ་གྱིས། །ནཱ་ག་བྷུ་མི་བ་ཏི་སརྦ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཛྭ་ལ་ཨ་ན་ལཱ་རྐ་ཧཱུཾ། ཅི་རིགས་སྔགས་ཀྱིས་བསྲེག་པ་དང ། །ཐལ་བ་དཀར་གསུམ་སྦྱར་བྱ་སྟེ། །རྒྱ་མཚོར་འབབ་པའི་ཆུ་ལ་དོར། །དེ་ལྟར་ལས་ཀྱི་སྦྱོར་བ་དེ། །ལན་བདུན་བྱས་པར་གྱུར་ན་ནི། །ཀླུ་ཆེན་དུག་གིས་སྙིང་ལ་ཟིན། །ངེས་པར་སོས་པར་འགྱུར་བ་ཡིན། །གལ་ཏེ་མི་གཏོང་ཀླུ་ཆེན་གྱི། ། 532a ༄#། །ལུས་དང་ཁང་བར་བཅས་པ་ལ། །མེ་དང་རྡོ་རྗེའི་ཆར་བ་ཡིས། །སྐད་ཅིག་ཉིད་ལ་འཚིག་པར་འགྱུར། །དེ་བས་དམ་ཚིག་མི་འདའ་ངར། ། ལས་འདི་མྱུར་བར་མི་བྱའོ། །ལས་ཀྱི་གཏུམ་པོ་ཁྱུང་སྒྲུབ་པ། །མཛེས་མཁྱོད་ལ་བསྟན་པ་ཡིན། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས། །ལས་སྒྲུབ་པའི་ལྷ་རྡོ་རྗེ་གཏུམ་པོ་ཁྱུང་གི་བསྒྲུབ་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སྐུའི་སྤྲུལ་པ། །ཕོ་ཉ་གནོད་སྦྱིན་ནག་པོའི་སྒྲུབ་པ་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ང་ཡི་གནོད་སྦྱིན་ནག་པོ་འདི། །བྱ་བའི་ལས་ཀུན་ཐོགས་པ་མེད། །ཁྱད་པར་དྲག་པོའི་འཕྲིན་ལས་འགྲུབ། །དུར་ཁྲོད་བྲག་རྫོང་ནག་ཕུག་ཏུ། །ནག་པོའི་ས་ལ་དཀྱིལ་འཁོར་བྱ། །པདྨ་འདབ་བརྒྱད་སྒོ་དང་བཅས། །མཐིང་ནག་གྲུ་གསུམ་མེ་འོད་ལྡན། །སུཾ་ལས་རི་རབ་སྟེང་དུ་ཧཱུཾ། །འོད་ཟེར་འཕྲོ་འདུས་རྡོ་རྗེར་བསམ། །དེ་ལས་གནོད་སྦྱིན་ནག་པོ་ནི། །ཞལ་གསུམ་ཕྱག་དྲུག་ཞགས་གསུམ་ 532b ལྡན། །གཡས་པ་འཇིགས་པ་སྟག་གི་ཞལ། །གཡོན་པ་སྟོབས་ཆེན་སེངྒེ་སྟེ། །ཕྱག་གཡས་དང་པོ་རྡོ་རྗེ་འཛིན། །གཉིས་པ་རྩེ་གསུམ་གསུམ་པ་ཕུར། །གཡོན་པ་དྲིལ་ཆེན་ལྕགས་ཀྱུ་དང ། །ཐོད་པ་ཁྲག་གིས་བཀང་བ་ཡིན། །གཡས་པ་གཏུམ་པས་བདུད་མོ་བརྫིས། །གཡོན་པས་བདུད་ཕོ་ཉི་གདོང་གནན། །ཕུར་ཞབས་དམར་པོ་མེ་འབར་བས། །གནོད་བྱེད་བགེགས་ཀྱི་མགོལ་བཏབ། །ཐོད་ཕྲེང་མི་ཡི་པགས་པ་གྱོན། །དུར་ཁྲོད་རུས་པའི་རྒྱན་དང་ལྡན། །དབུ་སྐྲ་དམར་པོ་ཐུར་དུ་འཕྱང ། །སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས། །ཧ་ཧར་དགོད་ཅིང་གདུག་པ་འདུལ། ། སྤྲུལ་པའི་གནོད་སྦྱིན་སྟོང་དང་བཅས། །རྡོ་རྗེ་འཆང་གི་བཀའ་བཞིན་སྒྲུབ། །དེ་ཡིས་རིག་པ་ཕུལ་བ་ནི། །ོཾ་བཛྲ་ཡཀྵ་ཀཱ་ལ་ཙཎྚ་ནཱི་ལཱཾ་བར་དྷ་ར་ཤ་རཱི་ར་ཧཱུཾ་ཕཊ། རྩ་བའི་གསང་སྔགས་འབུམ་དུ་བཟླས། །གྲུབ་པར་གྱུར་ནས་གང་དམིགས་ལ། །རྗེས་སུ་ཚ་བའི་འབྲུ་དང་ནི། །ཚཝ་ལས་ལིང་གར་འཁོར་ལོ་གཞུག་།དམིགས་པ་བསྟིམས་ལ་འགྲུབ་གནས་གཞུག ། དེ་སྟེང་ཡུངས་ཀར་ཟིར་དང ། །དུག་གི་རིགས་ཀྱིས་བྲ་བ་བར་བྱ། །གསང་བ་དྲག་པོའི་སྔགས་འདི་བཟླས། །ོཾ་བཛྲ་ཡཀྵ་ཀཱ་ལ་ཙཎྚ་ནཱི་ལཱཾ་བར་དྷ་ར་སརྦ་ཤ་ཏྲཱུཾ་བི་དྷཱ་རཱ་ཡ་ཕཊ། ཧ་ར་ཧ་ར་ཕཊ། པྲ་ཧ་ར་པྲ་ཧ་ར་ཕཊ། ཙྪིནྡ་ཙྪིནྡ་ཕཊ། བྷིནྡ་བྷིནྡ་ཕཊ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཕཊ། སརྦ་ཤ་ཏྲཱུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བི་ནཱ་ཤ་ཀ་ར་ཡ་ཕཊ། ཇི་སྲིད་མ་ཤིའི་བར་དུ་ 533a ༄#། །བྲབ། །གྲུབ་ནས་རིགས་མེད་ཐོད་པར་གཞུག་།ཙེ་ཏེ་ཆེན་པོའི་འོག་ཏུ་སྦ། །སྟེང་དུ་རི་རབ་རྡོ་རྗེ་ཡས། །མནན་པར་བྱས་པས་ངེས་པར་བརླག། ཡང་ན་གནོད་སྦྱིན་ཆེན་པོ་དེ། །དུར་ཁྲོད་རས་ལ་བྲིས་བྱས་པ། །དེ་ཡི་སྙིང་གར་སྔགས་འདི་བྲི། །ེ་ཡི་ནང་དུ་ཆུད་པར་ནི། །ོཾ་བཛྲ་ཡཀྵ་ཀཱ་ལ་ཙཎྚ་ས་མ་ཡ་མ་ནུ་སྨ་ར་སིདྡྷི་ཧཱུཾ། ཕྱགས་ཡཀྵ་པ་ཏ་ལཾ། །ཞབས་ལ་ཀཾ་མཾ་བྷ་ར་བྲི། །དེ་ཉིད་གཏོར་མ་ཆེན་པོ་ལ། །བཅུག་སྟེ་སྔོན་པོའི་དར་གྱིས་དགབ། །དེ་སྟེང་རས་སམ་ཤིང་ལོ་ལ། །གནོད་སྦྱིན་སྲོག་གི་འཁོར་ལོ་ནི། །ལྟེ་བ་རྩིབས་བཅུ་མུ་ཁྱུད་བཅས། །ཡང་རྩིབས་བཅུ་དང་མུ་ཁྱུད་ལྡན། །མེ་འོད་ལྡན་པ་བྲི་བྱས་ཏེ། །སྔགས་ཀྱི་འཁྲུལ་འཁོར་བཀོད་ནས་ཀྱང ། །ལས་ཀྱི་མིང་དང་སྤེལ་བ་བྲི། །འདི་ནི་གནོད་སྦྱིན་སྲོག་ཡིན་ཏེ། །མི་འདའ་བཀའ་ཡི་དམ་ཚིག་ཡིན། །ལས་རྣམས་གང་བཅོལ་སྐུ་ཡིས་བྱེད། །ཡང་ན་རྒྱལ་རིགས་ཐོད་པ་ལ། །གནོད་སྦྱིན་བྲིས་ལ་ཚ་བའི་མར། ། ཆང་དང་བསྲེས་ལ་བྱུག་བྱ་སྟེ། །ཉིན་རེ་གང་འདོད་ལས་དང་སྦྱར། །མེ་ཏོག་ཁ་དོག་མཐན་པས་བྲབ། །བསྒོ་བའི་འཕྲིན་ལས་འགྲུབ་པར་འགྱུར། །ཆུ་དར་སྡོན་པོའི་གཞི་མ་ལ། །གསེར་གྱིས་འཁོར་ལོ་བྲི་བར་བྱ། །ལྟེ་བ་རྩིབས་བརྒྱད་མུ་ཁྱུད་ལྡན། །ཕྱི་མ་རེའུ་མིག་བཅུ་དྲུག་པར། །ས་བོན་སྔགས་དང་སྦེལ་བྱས་ཏེ། །ཀུན་གྱི་མཐའ་རུ་འཕྲིན་ལས་སྔགས། །བྲིས་པ་མགུལ་ 533b དུ་བཏགས་པ་ཡིས། །མི་མཐུན་ཕྱོགས་རྣམས་བསྲུང་འགྱུར་ཏེ། །བུང་བ་མེ་ལ་བྱ་བ་བཞིན། །ཁྱི་ཤ་བཏགས་པའི་རིལ་བུའི་ནང ། །དགྲ་ཡི་གཟུགས་བྲིས་སྔགས་དང་སྤེལ། །ཉི་ནུབ་བྱ་རོག་ལ་བྱིན་ཏེ། ། སྔགས་བཟླས་ཕྱིར་ཞིང་ལན་གྲངས་ནི། །བརྒྱ་འམ་སྟོང་དུ་བྱས་གྱུར་ན། །གང་ཡིན་གནས་ནས་བསྐྲད་པར་འགྱུར། །ཁྱི་འབྲེལ་སྤུ་ལ་སྲད་བུ་བྱས། །མདུད་པ་བརྒྱ་རྩ་བརྒྱད་བྱས་ཏེ། །སྔགས་རེ་ཞིང་ཡང་གནོད་སྦྱིན་རེ། །འབྲས་ཀྱི་ནང་དུ་བསྐྱུར་བ་ན། །ཕུབ་མ་འབྲལ་བར་མི་འགྱུར་རོ། །དེ་བཞིན་ཁྱིམ་དུ་བཅངས་པ་ན། །མི་ཕྱུགས་ལ་སོགས་འཁྲིག་པ་ན། །ཁྱི་དང་འདྲ་བར་འབྲེལ་བར་འགྱུར། །ཁྱི་ནག་སྙིང་དུ་གནོད་སྦྱིན་གྱི། །སྙིང་དང་སྐུ་དང་སྔགས་བཅུག་ནས། །བཅངས་པ་ཙམ་གྱིས་གནོད་སྦྱིན་ཉིད། །ལུས་དང་གྲིབ་མ་འདྲ་བར་འགྱུར། །སྐད་ཅིག་ཙམ་ཡང་སྒྲུབ་པའོ། །དེ་ཡིས་གཏོང་བར་མི་བྱེད་དོ། །དེ་ལ་སོགས་པའི་ལས་ཀྱི་རིམ། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་གནོད་སྦྱིན་ནག་པོ་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གི་རྣལ་འབྱོར་བསམ་གྱིས་མི་ཁྱབ་པའི་རྫོགས་པའི་རིམ་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་ 534a ༄#། །འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །བསམ་གྱིས་མི་ཁྱབ་རྫོགས་པ་ཆེ། །ལྷ་ཡི་བྱ་བ་སྔོན་སོང་སྟེ། །བསྐྱེད་ལ་དམིགས་པ་ཐོབ་ནས་ནི། །སྙིང་གར་ཡེ་ཤེས་སེམས་དཔའ་བསམ། །དེ་ཡི་རང་བཞིན་སྙིང་ནང་དུ། །པདྨ་འདབ་བཞིའི་ཐིག་ལེས་བརྒྱན། །ཉི་ཟླའི་བར་དུ་རྒྱ་སྲན་ཚད། །དེ་ཡི་ནང་དུ་གནས་པའི་སྲོག་། ཤད་མར་མེའི་རྩེ་ལྟར་སྒོམ། །དེ་ལ་དམིགས་པ་བརྟན་པ་དང ། །ཅི་ཡང་བསམ་པར་མི་བྱ་སྟེ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །གསལ་ཞིང་མི་རྟོག་རིག་པའི་སྐུ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །རྟེན་མེད་རྣམ་དག་གསལ་བ་ཡིན། །རྟོག་པ་རྟེན་ཅན་བསྒོམ་འདོད་པས། །སྐུ་ཡི་གནས་སུ་འཁོར་ལོ་ནི། །དཀར་པོ་རྩ་འདབ་སུམ་ཅུ་གཉིས། །མཚན་གྱི་ཐབས་ཀྱིས་ཆས་བརྒྱན་པ། །གསུང་གི་གནས་སུ་རྩ་འདབ་ནི། །བཅུ་དྲུག་དམར་པོ་ཤེས་རབ་སྟེ། །དེ་ལ་ཐབས་ཀྱིས་ངེས་པར་བརྒྱན། །ཐུགས་ཀྱིས་གནས་སུ་དུས་སྦྱོར་བརྒྱད། །གཙོ་བོའི་ཡི་གེ་བརྒྱད་གནས་པ། །ཕྲིན་ལས་བྱ་བའི་གནས་དག་ཏུ། །དབྱུག་གུའི་གྲངས་ཀྱི་རྩ་གནས་པ། །ཤེས་རབ་གཉིས་འགྱུར་ཁ་དོག་དམར། །དེ་དབུས་གཉིས་མེད་གཡས་དང་གཡོན། །ཐབས་དང་ཤེས་རབ་རྣམ་པར་དབྱེ། །རྟོག་པ་སད་པའི་ 534b འཁོར་ལོ་ནི། །ཐབས་ལ་དྲུག་དང་ཤེས་རབ་དྲུག་།ཐམ་བདེ་བ་འཛིན་པའི་ས། །མི་རྟོག་དཔའ་བོ་གནས་པ་ཡིན། །ཡིག་འདི་ཡིས་རྒྱན་མཛད་དེ། །བདེ་འཛིན་འཁོར་ལོར་ཡི་གེ་མེད། །བརྗོད་པ་ཐམས་ཅད་སྤངས་པ་སྟེ། །འདུས་མ་བྱས་པའི་རང་བཞིན་མཆོག་།ཁུ་བ་ཁྲག་དང་ཆུ་སེར་གནས། །འདི་ནི་ལམ་གསུམ་འཇོམས་བྱེད་པའོ། །སྐད་ཅིག་རླུང་གི་རྟ་ཡིས་ནི། །ཐབས་དང་ཤེས་རབ་གཉིས་བསྐུལ་ནས། །གཉིས་མེད་ཡེ་ཤེས་སྐྱེ་བར་འགྱུར། །ཡེ་ཤེས་ཀྱིས་ནི་རྟོག་པ་བསྲེག་།ཐལ་བའང་དམིགས་པར་མི་འགྱུར་བའི། །རྟག་ལྔ་རིམ་པར་འབྱུང་བར་འགྱུར། ། དེ་ནས་དཔལ་གྱི་ཡོན་ཏན་ཏེ། །ཡང་ནས་ཡང་དུ་གོམས་པར་བྱ། །སྡེ་པ་བཞི་ཡི་ལོངས་སྤྱོད་ནི། །གནས་སུ་ཡང་དག་སྐྱེ་བར་འགྱུར། །གཉིས་མེད་བདེ་བའི་གནས་ཐོབ་ནས།། སྐྱེ་འཆི་ལ་སོགས་རྒྱུན་ཆད་དེ། །འདི་ནི་རྣམ་དག་ལེགས་པའི་གནས། །ཐོབ་པར་འགྱུར་བ་སྨོས་ཅི་དགོས། །འདི་ལྟར་རྣམ་པར་དག་པ་ནི། །ཉིན་མཚན་ཆ་ཡི་དབྱེ་བ་ཡིས། ། དབྱུག་གུ་ཆུ་ཚོད་དུས་སྦྱོར་སོགས། །བརྩིབས་རྣལ་འབྱོར་ངལ་བའི་རྒྱུ། །ཐམས་ཅད་གཅིག་ཏུ་བསྡོམས་གྱུར་ན། །མི་རྟོག་མཉམ་ཉིད་ནམ་མཁར་དག་།འབད་མེད་ཡེ་ཤེས་ལྷུན་གྱིས་གྲུབ། །དང་པོའི་སངས་རྒྱས་ཡེ་ཤེས་ཆེ། །ཁམས་གསུམ་ཐམས་ཅད་སྒྲོལ་མཛད་མ། །ཤེས་རབ་ཡུམ་ལ་ཕྱག་འཚལ་ལོ། །མི་གནས་སྤྲོས་བྲལ་འདུས་མ་བྱས། །ལེགས་ 535a ༄#། །རྟོགས་བླ་མ་མཆོག་ལ་འདུད། །བརྗོད་པར་དཀའ་བའི་རྣལ་འབྱོར་འདི། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །དཔའ་བོ་བརྟན་པར་མ་གྱུར་ན། །ཡི་གེ་ཧཱུཾ་གི་སྦྱོར་བ་ཡིས། །འཇིག་རྟེན་ཁམས་ཀུན་འཇིག་པར་འགྱུར། །མེ་ཡིས་བུད་ཤིང་སྲེག་མཛད་དེ། །ཤིང་མེད་མེ་ཡང་ཇི་ལྟར་གནས། །བརྟན་གཡོ་ཉམས་པར་གྱུར་པ་ན། །མི་ཤིགས་ཡི་གེ་རྣམ་པར་དག་།འདི་ནི་གསང་བ་དམ་པ་སྟེ། །གསང་བ་བླ་ན་མེད་པ་འདི། །བདག་མེད་རྟོགས་པ་ཁྱོད་ལ་བཤད། །གཞན་དུ་གང་གཱའི་བྱེ་མ་དང ། །མཉམ་པའི་སངས་རྒྱས་རྣམས་ཀྱིས་ཀྱང ། །བརྗོད་པར་ནུས་པ་ག་ལ་ཡོད། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་བསམ་གྱིས་མི་ཁྱབ་པ་རྫོགས་པའི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་བ། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་རིགས་དག་ལ་དབང་བསྐུར་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །དང་པོར་སློབ་དཔོན་མཚན་ཉིད་ཀྱང ། །མཛེས་ཤིང་དུལ་ལ་བྱམས་སེམས་ལྡན། །སྔགས་དང་རྒྱུད་ཀྱི་དེ་ཉིད་མཁས། །སྙན་པར་སྨྲ་ཞིང་གཏོང་ལ་དགའ། །བརྟན་ཞིང་ 535b བདེན་སྨྲ་བྱམས་སེམས་ལྡན། །བསམ་པ་ཤེས་ཤིང་གསོང་པོར་སྨྲ། །དམ་ཚིག་ལྡན་ཞིང་སྔགས་ཚུལ་མཁས། །ཕྱག་རྒྱ་དཀྱིལ་འཁོར་བརྡ་རྣམས་མཁས། །དེ་ཉིད་བཅུ་ཤེས་སྙིང་རྗེར་ལྡན། །འཇིག་རྟེན་པ་ཡི་རྣམ་སྤངས་པ། །མཁས་པས་དེ་ཉིད་ཤེས་ནས་ཀྱང ། །དེ་ནི་སངས་རྒྱས་ཀུན་རང་བཞིན། །བྱང་ཆུབ་སེམས་དང་དགྲ་བཅོམ་དང ། །ཉན་ཐོས་རང་རྒྱལ་གོང་ན་མེད། །དེ་ལྟའི་བླ་མ་སྲོག་ལྟར་བསྟེན། །གལ་ཏེ་སློབ་དཔོན་སྨོད་པ་ལ། །དངོས་གྲུབ་རྨི་ལམ་དུ་ཡང་མེད། །དེ་བས་བླ་མ་མཉེས་བྱས་ལ། །བླ་གོས་ཕྲག་པ་ལ་གཡོགས་ཏེ། །པུས་བཙུགས་ཐལ་སྦྱར་མེ་ཏོག་སོགས། །དཀྱིལ་འཁོར་བྲི་བར་གསོལ་བར་བྱ། །གྲོང་དང་ཚོང་དུས་དུར་ཁྲོད་དང ། །ཚལ་དང་ལྷ་ཁང་གྲོང་ཁྱེར་ཏེ། །བྱང་ཤར་དངོས་གྲུབ་གཞན་གཉིས་སྤངས། །རོ་ཧི་ཏ་སོགས་ཟླ་བ་ཡི། །ལྟོ་འཕྱེའི་ལྟོ་བར་ཤེས་པ་ཡིན། །གཞན་དུ་ཉེས་པ་འབྱུང་བར་འགྱུར། །མཁས་པས་ཉེས་པ་མེད་པར་བྱ། །ས་བསླང་བ་དང་བརྟག་པ་ནི། །རིམ་བཞིན་གཙུག་ལག་ཁང་པ་དང ། ། ཚལ་དང་རྡོ་ལེབ་ཁང་བཟངས་ཏེ། །ཀུན་ལ་བརྟག་པ་སྤང་བར་བྱ། །སློབ་དཔོན་སྨིན་པས་སློབ་མ་རྣམས། །ཕུང་པོར་ལྔ་པོ་དག་པར་བྱ། །ས་ཡི་ཉེས་པ་ཀུན་བསལ་ནས། །ལཾ་ལས་བྱུང་བའི་ལྷ་མོ་ནི། །རྒྱན་ལྡན་བུམ་པ་ཕྱག་ན་བསྣམས། །དེ་ལ་མཆོད་ཅིང་གསོལ་བར་བྱ། །ོཾ་ཚུར་སྤྱོན་ཚུར་སྤྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་རྒྱན་གྱིས་ 536a ༄#། །རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་བར། །མཆོད་ཡོན་འདི་ནི་བཞེས་ནས་ཀྱང ། །དཀྱིལ་འཁོར་ལས་ནི་ལེགས་སྒྲུབ་མཛད། །ོཾ་ཧི་ཧི་ཧི་ཧི་ཧཱུཾ་སཝཱཧཱ། གནང་བས་ས་ལ་སླར་ཐིམ་བསམ། །སླར་སྦྱངས་བསང་ཞིང་གཙོ་བོ་ལ། །དྲི་ཡི་གདན་ཆེན་གྲུ་བཞི་སྟེ། །འཁོར་ལོ་སུམ་ཆ་དོར་བས་ཟླུམ། །མེ་ཏོག་སྔོན་པོའི་གདན་ལ་བསམ། །རིན་པོ་ཆེ་འམ་ས་ཡང་རུང ། །བུམ་པ་ནག་པོའི་སྐྱོན་སྤངས་ཏེ། །བྱཱ་གྷྲཱི་སེང་གྷྲི་དབྱུག་པ་ཡི། །ུཏྤལ་གཞན་གྱིས་མི་ཐུབ་པ། །ཧ་ས་དེ་བས་ནད་རྣམས་སྦྱོང ། །དངུལ་དང་མུ་ཏིག་མུ་མེན་དང ། །བྱི་རུ་གསེར་གྱིས་ཡེ་ཤེས་འཕེལ། །ནས་གྲོ་ཏིལ་དང་སྲན་མ་དང ། །མུད་ཀ་ཡིས་ནི་ལམ་ལྔ་དག་།ག་བུར་གུར་གུམ་ཛཱ་ཏི་དང ། །ཙན་དན་ཨ་ག་རུ་ཡིས་ནི།། གཞན་དོན་ཕྲིན་ལས་ལྔ་འགྲུབ་བོ། །ཆུ་དང་སྙིང་པོ་ལྔ་ཡིས་ནི། །རྣལ་འབྱོར་ཕུན་སུམ་ཚོགས་གྱུར་པས། །མགྲིན་པ་གོས་ཀྱིས་དཀྲིས་པ་དང ། །འབྲས་ལྡན་ཤིང་གིས་ཁ་ཡང་བརྒྱན། །ཀུ་ཤ་ལ་འདུག་མཚན་མ་ཅན། །རང་རང་ཕྱོགས་སུ་གཞག་པར་བྱ། །བདུག་སྤོས་ཐོགས་ལ་གསོལ་བ་འདེབས། །བཅོམ་ལྡན་རྡོ་རྗེ་འཛིན་པའི་རྒྱལ། །བདག་ལ་དགོངས་ནས་གཟིགས་སུ་གསོལ། །སློབ་མ་རྣམས་ཀྱི་དོན་ཕྱིར་དང ། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་ནི་དཀྱིལ་འཁོར་འདྲི་བར་འཚལ། །རིན་པོ་ཆེ་ཡི་ 536b མཐུ་བཞིན་དུ། །བཀའ་དྲིན་རྗེས་སུ་གནང་བ་ཡིས། །སང་ནི་བྱོན་པར་མཛད་དུ་གསོལ། །ལན་གསུམ་བར་དུ་གསོལ་བར་བྱ། །སློབ་མ་རྣམས་ལ་རྗེས་བརྩེ་བས། ། སྡོམ་གཟུང་གསོལ་ཞིང་སྲུང་བ་དང ། །སློབ་དཔོན་རྡོ་རྗེ་ཅན་དམིགས་ལ། །གང་ཡང་གསང་སྔགས་ལྷ་ཀུན་དང ། །འཇིག་རྟེན་སྐྱོང་བ་མ་ལུས་པ། །རྫོགས་པའི་བྱང་ཆུབ་ལ་ཞུགས་དང ། །སངས་རྒྱས་བསྟན་དགའི་འབྱུང་པོ་དང ། །གང་དག་རྡོ་རྗེའི་སྤྱན་ལྡན་རྣམས། །རྡོ་རྗེ་འཆང་གི་དཀྱིལ་འཁོར་མཆོག་།དེང་བདག་འདྲི་བར་འགྱུར་བ་ལ། །བདག་དང་སྐལ་ལྡན་སློབ་མ་ལ། །བྱིན་གྱིས་རླབས་ཕྱིར་བསྲུང་བར་མཛོད། །སྲད་བུ་ཡེ་ཤེས་ལྔ་ཡི་དངོས། །རེ་རེའང་རིགས་ལྔ་རྣམ་དག་སྟེ། །ཆོས་ཀུན་ངོ་བོ་ཉིད་མེད་པས། །ཕན་ཚུན་སྔགས་བཟླས་བསྒྲིལ་བར་བྱ། །དཀྱུས་སུ་འཁོར་ལོའི་ཉིས་འགྱུར་ལ། །སྦོམས་སུ་སྒོ་ཡི་བཅུ་གཉིས་ཚད། །ཧཱུཾ་བརྗོད་བདུད་རྩི་ལྔ་བྱུགས་ལ། །ཛྫ་ཛྫ་སྒྲ་བརྗོད་ལྟེ་བར་གཟུང ། །སླར་ཡང་དེ་བཞིན་ཡེ་ཤེས་ཀྱི། །ཐིག་ཆེན་ནམ་མཁའ་གདབ་པར་བྱ། །དེ་བཞིན་ཆ་ལྡན་གཉིས་པ་ཡིས། །གཙང་ཞིང་རྡོ་རྗེ་འཛིན་བསམས་ཏེ། །ཚངས་པའི་ཐིག་ཆེན་གདབ་པར་བྱ། །གཉིས་པ་ཟུར་ཐིག་ལ་སོགས་པར། །ནུབ་དང་ལྷོར་ནི་སློབ་དཔོན་ལ། །བྱང་ཤར་སློབ་མའི་གནས་ས་སྟེ། །གཡས་ཀྱིས་བསྐོར་བ་མ་གཏོགས་པར། །གཡོན་དུ་ནམ་ཡང་མ་ཡིན་ནོ། །དེ་ལྟར་ 537a ༄#། །ཆ་ཡིས་རྣམ་པར་དབྱེ། །ཐིག་སྐུད་ཆད་ན་བླ་མ་འཆི། །དམན་དང་ལྷག་པས་ནད་དུ་འགྱུར། །ཕྱོགས་འཁྲུལ་ན་ནི་སློབ་མ་རྨོངས། །དེ་བས་མཁས་པས་སྐྱོན་མེད་བྱ། །རིན་ཆེན་ལྔ་འམ་འབྲུ་ཡི་ཕྱེ། །ཡང་ན་འབྱུང་ཁུངས་ལས་འབྱུང་བ། །ཡི་གེ་བཅུ་ཡིས་བྱིན་རླབས་ཏེ། །རིགས་ལྔ་རྣམ་པར་དག་པ་ལས། །དཀར་སེར་དམར་ལྗང་ནག་པོ་དང ། །དབང་ལྡན་ཕྱོགས་ནས་བྲི་བར་བྱ། །གལ་ཏེ་ཚོན་རྩི་མི་མཉམ་ཞིང ། །ཡོ་དང་དམའ་བར་གྱུར་ན་ནི། །དངོས་གྲུབ་མེད་ཅིང་རྩོད་ལ་གདུང ། །སྦོམ་པས་ནད་འབྱུང་ཕྲ་བས་ནི། །ནོར་ཉམས་གལ་ཏེ་ཆད་པས་ནི། །འཆི་འགྱུར་གཡས་སྐོར་མ་བྲིས་ན། །ཕུར་བུས་བཏབ་པ་ཡིན་ཞེས་བྱ། །ཤར་ཕྱོགས་དཀར་ལ་ལྷོ་ནུབ་བྱང ། །སེར་དམར་ལྗང་ཁུར་བྲི་བར་བྱ། །དབུས་ནི་བཻཌཱུ་རྱ་ལྟ་བུ། །པདྨ་ཕྱོགས་ཀྱི་རྣམ་པ་སྟེ། །མཚམས་ནི་མཛེས་མཚོན་བུམ་པས་བརྒྱན། །སྒོ་ལ་སོགས་པའི་རྒྱན་རྣམས་དང ། །དུར་ཁྲོད་ར་བའི་ནང་དུ་བྲི། །གཏུམ་དྲག་ལ་སོགས་ཕྱོགས་མཚམས་དགོད། །དབུས་མཐོ་ཤར་དང་བྱང་གཞོལ་ཞིང ། །མཐོ་ཞིང་མ་འདྲེས་དྲང་བར་བྲི། །དེ་ནས་རྡོ་རྗེ་འཛིན་དམིགས་ལ། །གུས་པས་མེ་ཏོག་དང་བཅས་ནས། །གསོལ་བ་འདི་ལྟར་གདབ་པར་བྱ། །དཔལ་ལྡན་རྡོ་རྗེ་འཛིན་པ་ཆེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་ 537b སེམས་མཆོག་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་མཛོད། །ཅེས་པ་ལན་གསུམ་བར་དུ་བྱ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཚུལ་ཆེན་སྣོད་ནི་ཁྱོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་མཆོག་།ཁྱོད་ལ་ཡང་དག་བཤད་པར་བྱ། །རྡོ་རྗེ་མི་ཕྱེད་མཐུ་ཡིས་ནི། །མཉམ་མེད་པ་ཡི་ཡེ་ཤེས་འཐོབ། །དེ་བས་ཀུན་མཁྱེན་ཐོབ་འདོད་པས། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།བླ་མ་སངས་རྒྱས་ཀུན་མཆོད་ཅིང ། །རྩ་བ་ཡན་ལག་ཉེས་པ་སྟོང ། །མགྲོལ་འཁོར་བའི་སེམས་ཅན་ལ། །སྙིང་རྗེ་ཆེན་པོ་རབ་བསྐྱེད་ནས། །བསྒྲལ་ཞིང་གྲོལ་བའི་ལམ་ལ་འགོད། །བདེ་བར་དབུགས་ནི་དབྱུང་བར་བྱ། །དེ་དག་རིམ་དང་རིམ་མིན་པ། །སློབ་མའི་རིམ་པ་རྣམ་པར་བརྟག་།ཁྲུས་བྱ་སོ་ཤིང་སྦྱིན་པར་བྱ། །ཕྲིན་ལས་ཕྱོགས་དང་དངོས་གྲུབ་ཀྱི། །རིམ་པར་རྣམ་པར་བརྟག་པར་བྱ། །སྲུང་སྐུད་གདགས་དང་ཀུ་ཤ་སྦྱིན། །རྨི་ལམ་བརྟགས་ལ་ངན་པ་ན། །ཞི་བའི་མེ་ཡིས་བཟློག་པར་བྱ། །གདོང་གཡོགས་བཅིངས་ལ་ཡེ་ཤེས་དབབ། །དཀྱིལ་འཁོར་དམ་པར་གཞུག་པའི་ཕྱིར། །སྔོན་བསགས་སྡིག་པ་མ་ལུས་ལས། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་འབྱང ། །བུ་ཁྱོད་སུ་ཡིན་ཅི་དགའ་བ། །བདག་ནི་སྐལ་བཟང་རེགས་ཡིན་པས། །རྡོ་རྗེ་འཛིན་པ་ཁྱོད་ལ་དགའ། །མིག་དབྱེ་དཀྱིལ་འཁོར་ལྷ་ཡང་བསྟན། །དམ་ཚིག་ཆུ་སྦྱིན་མནའ་ཡང་བསྒྲག་།མེ་ཏོག་དོར་ལ་ལྷ་ངོ་བསྟན། །གང་དང་གང་དུ་བབ་གྱུར་པའི། ། 538a ༄#། །རིགས་ཀྱིས་དེ་ལ་སྤྲོ་བར་བྱ། །ཆུ་དང་ཅོད་པན་རྡོ་རྗེ་དེ། །དྲིལ་བུ་མིང་གི་སད་དབང་བསྐུར་ཏེ། །རིགས་ལྔའི་བདག་ཉིད་ཡེ་ཤེས་ལྔ། །བརྟུལ་ཞུགས་ལུང་བསྟན་རྗེས་གནང་སྦྱིན། །དབུགས་དབྱུང་རྡོ་རྗེ་སློབ་དཔོན་བསྒྲུབ། །གསང་བ་ཤེས་རབ་ཡེ་ཤེས་དང ། །བཞི་པ་བརྗོད་མེད་དབང་བསྐུར་བ། །གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་རབ་ཞུགས་མཐོང་བས་ན། །དེང་ཁྱོད་སྡིག་པ་མ་ལུས་ལས། །རྣམ་གྲོལ་རིགས་སུ་སྐྱེས་པས་ན། །སངས་རྒྱས་ཀུན་དང་མཉམ་གསུངས་པའི། །རྗེས་སུ་གནང་བས་དབུགས་ཕྱིན་འགྱུར། །དངོས་གྲུབ་རྒྱུ་ཡི་དམ་ཚིག་ནི། །བུ་ཡིས་རྟག་ཏུ་བསྲུང་བར་གྱིས། །སློབ་མས་བླ་མ་ལ་བཏུད་ནས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བསྒྲུབ་པར་བགྱི། ། བཅོམ་ལྡན་འདས་ཀྱིས་བཤད་པ་ལྟར། །རྒྱན་དང་ན་བཟའ་རིན་ཆེན་དང ། །རྒྱལ་སྲིད་བུ་དང་ཆུང་མ་དང ། །རང་གི་ལུས་ཀྱང་བླ་མ་ལ། །བསྙེན་བཀུར་ཚིམ་པ་མེད་པར་བྱ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་ནི་གསོན་པ་འབྲས་བུ་ཆེ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་པས། །སེམས་ཅན་དོན་ནི་མཉམ་མེད་བྱ། །ཞི་བའི་སྦྱིན་སྲེག་དངོས་གྲུབ་གྲོགས། །ཚོགས་ཀྱི་འཁོར་ལོ་དགེ་འདུན་མཆོག་།ནད་པའམ་མགོན་མེད་ཕོངས་པ་ཀུན། །ཁ་ཟས་ཀྱིས་ནི་ཚིམ་པར་བྱ། །ཞིང་སྐྱོང་གཏོར་མས་མཉེས་བྱས་ལ། །རང་འདོད་འབྲས་བུ་གསོལ་ 538b པ་གདབ། །རྗེས་སུ་དམ་ཚིག་སྤྱོད་པ་དང ། །སྐྱེད་པ་ལ་སོགས་རྒྱུན་མི་ཆད། །རྣལ་འབྱོར་བས་ནི་བསམ་པར་བྱ། །འདི་ནི་རིགས་མཆོག་དབང་བསྐུར་བླ་ན་མེད། །མཛེས་མ་ཁྱོད་ལ་སྐལ་ལྡན་བསྒྲུབ་ཕྱིར་བསྟན། །གཞན་དུ་རིགས་མེད་དུག་ལ་དེ་ཡིས་སླར་ཞིང་གནོད། །དེ་ཕྱིར་འདི་ནི་དམ་ཚིག་རྡོ་རྗེའི་བཀོད་པ་ཡིན། །བཅོམ་ལྡན་འདས་བྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་སློབ་མ་དབང་བསྐུར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གི་འཁོར་ཀླུ་སྒྲུབ་པའི་ཐབས་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །གདུལ་བྱའི་རིགས་སུ་སྐྱེས་པ་ཡི། །གདུག་པའི་ཀླུ་ཆེན་རྣམ་པ་བརྒྱད། །རིགས་བསྡུས་ཆུ་བདག་བ་རུ་ཎི། །དམ་ཚིག་ལ་གནས་སོག་མ་མེད། །འདི་དག་སྒྲུབ་པར་འདོད་པས་ནི། །མཛེས་པའི་དཀྱིལ་འཁོར་རྣམ་ལྔ་འབྱུང ། །པདྨ་ལྷ་སྣམ་སྒོ་དང་བཅས། །སྒོ་རྒྱན་ལྟོས་འགྲོས་རབ་ཏུ་མཛེས། །ལྟེ་བར་རྡོ་རྗེ་འཛིན་པ་བསམ། །མདུན་དུ་ལས་ཀྱི་བཀའ་ཉན་བསྐྱེད། །པདྨ་བརྒྱད་ལ་ཀླུ་ཆེན་བརྒྱད། །གདེངས་ཀ་བདུན་ལྡན་ཐལ་སྦྱར་བསམ། །ལྷ་རྣམས་རིགས་བཞིའི་ས་བདག་སྟེ། །སྒོ་དང་གྲུ་ཆད་རིགས་ 539a ༄#། །ཀྱི་རིམ། །མཆོད་རྫས་ཀླུ་ཡི་རྩི་སྨན་བསམ། །དེ་རྗེས་རྡོ་རྗེ་འཛིན་བསམས་ལ། །ཀླུ་ཆེན་གནས་ནས་སྤྱན་དྲངས་ཏེ། །ེ་ཧྱེ་ཧི་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་ཛཿ ཛཿ ། རང་རང་སྟན་ལ་བཞུགས་པར་བྱ། །པདྨའི་ལྟེ་བར་ཆུ་བདག་དང ། །དམ་ཚིག་སོག་མེད་དཀར་དང་སེར། །ཐལ་སྦྱར་སྦྲུལ་གྱིས་ཞབས་སུ་འཁྱིལ། །གཙོ་བོ་རྡོ་རྗེ་འཆང་ལ་འདུད། །ཤར་ཕྱོགས་མཐའ་ཡས་སྔོན་པོ་སྟེ། །ལྷོ་ཕྱོགས་ནོར་རྒྱས་སེར་པོ་ཆེ། །ནུབ་ཕྱོགས་འཇོག་པོ་ཁ་དོག་དམར། །བྱང་ཕྱོགས་སྟོབས་རྒྱུ་ནག་པོ་སྟེ། །ཤར་ལྷོར་པདྨ་དུང་དང་འདྲ།། ལྷོ་ནུབ་བདེ་ཆེན་སེར་བ་སྟེ། །ནུབ་བྱང་དུང་སྐྱོང་བཙོད་དང་འདྲ། །བྱང་ཤར་རིགས་ལྡན་དཱུར་བའི་མདོག་།མཇུག་མ་འཁྱིལ་བས་གཙོལ་འདུད། །སྣ་ཚོགས་གཟུགས་ནི་རིགས་བཞི་དང ། །ས་བདག་སྣ་ཚོགས་གཟུགས་ཀྱིས་བསྐོར། །དེ་དག་སྔགས་ཀྱི་རིམ་པ་ནི། །ོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་བཛྲ་པཱ་ཎི་ཧྲི་ད་ཡཾ། ནཱ་ག་ཡ་ས་མཱ་ཏི་ཀྲཱ་མ་ཐ་ཨུད་སཱ་ད་ནཾ་བྷ་བི་ཥྱ་ཏི་སཝཱཧཱ། རྡོ་རྗེ་འཆང་གིས་ཀླུ་དམ་ཚིག་ལ་བཞག་པའོ། །ོཾ་བ་རུ་ཏཱ་ཡ་ཧཱུཾ་ཕུཿ ་སཝཱཧཱ། ཨོཾ་སྥུ་ཊ་སྥུ་ཊ་མ་ཧཱ་ནཱ་ག་རཱ་ཛ་ཀྲོ་དྷ་ཧཱུཾ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུཾ་ཕུཿ ་སཝཱཧཱ། ཨོཾ་ཨ་ནན་ཏ་ཧཱུཾ་ཕུཿ ་སཝཱཧཱ། ཨོཾ་བཱ ། སུ་ཀི་ཧཱུཾ་ཕུཿ ་སཝཱཧཱ། ཨོཾ་ཏཀྵ་ཀ་ཧཱུཾ་ཕུཿ ་སཝཱཧཱ། ཨོཾ་ཀར་ཀོ་ཊ་ཧཱུཾ་ཕུཿ ་སཝཱཧཱ། ཨོཾ་པདྨ་ཧཱུཾ་ཕུཿ ་སཝཱཧཱ། ཨོཾ་མཧཱ་པདྨ་ཧཱུཾ་ཕུཿ ་སཝཱཧཱ། ཨོཾ་ཤཾ་ཁ་པཱ་ལ་ཧཱུཾ་ཕུཿ སཝཱཧཱ། ཨོཾ་ཀུ་ལི་ཀ་ཧཱུཾ་ཕུཿ ་སཝཱཧཱ། འདི་དག་ 539b ཀླུའི་རྒྱལ་པོ་རྣམས་ཀྱི་སྔགས་སོ། །རིམ་པས་མཆོད་ཅིང་གསོ་བ་བྱ། །མཛེས་པའི་རྒྱ་མཚོ་གཏོར་མ་ཡིས། །ཀླུ་རྣམས་ཚིམ་པས་གདུག་སེམས་ཞི། །དེ་རྗེས་བསྟོད་པ་བརྗོད་པར་བྱ། །ཧཱུཾ་ཆུ་བདག་ཆེན་པོ་སྦྲུལ་པའི་དམ་ཚིག་ཅན། །མཐའ་ཡས་ནོར་རྒྱས་ལ་སོགས་ཀླུ་དབང་རྣམས། །རྒྱ་མཚོ་ཆུ་གཏེར་ཟབ་པའི་མཇིང་ཆེན་གནས། །རིན་ཆེན་སྣ་ཚོགས་ཡིད་འོང་སྤྲས་པ་ཡི། །གཞལ་ཡས་འབྱོར་པ་ཕུན་སུམ་གནས་ན་བཞུགས། །སྦྲུལ་མགོའི་གདེངས་ཀ་རབ་འབར་རིན་ཆེན་གསལ། །ཡིད་འོང་ནོར་བུ་འདོད་པ་ཀུན་སྒྲུབ་པ། །རང་གཞན་ཕུན་ཚོགས་དོན་རྣམས་སྟེར་བའི་དཔལ།། འོད་འབར་ས་འོག་མུན་པ་མ་ལུས་སེལ། །དུ་མའི་བསྐལ་པར་ཡོན་ཏན་སྦྱངས་པ་ཡིས། །ཀླུ་རྒྱལ་འབྱོར་པ་མཆོག་ལ་མངའ་བརྙེས་པ། །བསམ་གྱིས་མི་ཁྱབ་རྫུ་འཕྲུལ་མཆོག་བརྙེས་པའི།། ཡོན་ཏན་བསམ་གྱིས་མི་ཁྱབ་ཁྱོད་ལ་བསྟོད། །སངས་རྒྱས་བཀའ་ཐོབ་དད་པའི་སྟོབས་འཕེལ་བ། །སངས་རྒྱས་སར་གནས་སྒྲུབ་ལ་ནན་ཏན་བྱེད། །ཐབས་དང་ཤེས་རབ་འབྲེལ་བས་གཞན་དོན་མཛད། །བདག་གཞན་དོན་སྒྲུབ་ཁྱོད་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྤྱན་སྔར་ཁས་བླངས་དམ་བཅས་ཏེ། །བསྟན་པ་བསྲུང་ཞིང་འགྲོ་རྣམས་བསྐྱང་བའི་ཕྱིར། །ཁས་བླངས་མནའ་འབུལ་དམ་ཚིག་དྲན་གྱིས་ལ། །ཕྲིན་ལས་དོན་གྱིས་བདག་གཞན་དོན་གྲུབ་མཛོད། །གཞན་ཡང་འཇིག་རྟེན་པ་རྣམས་ལ། །ོཾ་མཐའ་ཡས་དང་ནི་འཇོག་པོ་དང ། །སྟོབས་ 540a ༄#། །ཀྱི་རྒྱུ་དང་རིགས་ལྡན་དང ། །ནོར་རྒྱས་བུ་དང་དུང་སྐྱོང་དང ། །པདྨ་དང་ནི་ཆུ་ལྷ་དང ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང ། །དཔལ་གྱི་འོད་དང་འོད་པོ་ཆེ། ། གཟུགས་ཆེ་ལྟོ་འཕྱེ་སྦྲུལ་ཆེན་པོ། །ཀླུ་ཆེན་འཁྲོ་དང་བཅས་པ་ལ། །མཐུན་པའི་དམ་རྫས་ཡིད་འོང་བ། །དཀར་གསུམ་མངར་གསུམ་གསོ་བའི་སྨན། །རིན་ཆེན་དར་དང་ཟ་འོག་དང ། །དཔག་བསམ་ཤིང་དང་འདོད་འཇོའི་བ། །སྣ་ཚོགས་ཁྱེད་ལ་ཕུལ་བ་ཡིས། །ཀླུ་ཡི་ནད་རྣམས་མེད་པར་མཛོད། །ཕྱིས་ཀྱང་མི་ཕྱེད་དམ་ཆོས་ལ། །སོ་སོའི་གནས་སུ་འགྲོ་བར་གྱིས། །འདི་ནི་རྡོ་རྗེ་འཆང་གི་བཀའ། །འདི་ལས་འདས་ན་ཀླུ་རྒྱལ་རྣམས། །སྙིང་འཚིག་མགོ་བོ་འགས་འགྱུར་ཏེ། །ལུས་ལ་བསྐལ་པའི་མེ་འབར་ནས། །སྡུག་བསྔལ་གྱུར་ན་མ་ལེགས་པས། ། དམ་ལས་འདའ་བར་མ་བྱེད་ཅིག་།ནཱ་ག་རཱ་ཛ་ས་མ་ཡ་ཨ་བྷི་ཥིཉྩ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཀླུ་རྣམས་དམ་ཚིག་སྒྲུབ་པའོ། །དེ་བཞིན་བྱས་ན་ཀླུ་ནད་རྣམས། །སྐད་ཅིག་ཉིད་ལ་བྱང་འགྱུར་ཏེ། །སྒྲུབ་པོ་བདེ་བར་འགྱུར་བ་ཡིན། །དེ་བས་འདི་ལ་བརྩོན་པར་གྱིས། །མཛེས་མ་ཁྱོད་ཀྱིས་ཞུས་པ་བཞིན། །གཏན་ལ་ཕབ་པས་རབ་ཏུ་བཤད། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཀླུ་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ 540b ལྡན་འདས་རྡོ་རྗེ་འཆང་གིས་འཁོར་ཀླུ་གདུག་པ་ཅན་རྣམས་ཀྱིས་ནད་འབྱུང་བའི་རྟགས་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ཀླུ་ལ་རིགས་དྲུག་ལ་སོགས་པ། །སྣ་ཚོགས་རིགས་སུ་ཡོད་གྱུར་ཀྱང ། །འབྱུང་བ་ལྔ་ཡི་རང་བཞིན་ཏེ།། ནོར་རྒྱས་དུང་སྐྱོང་རྒྱལ་རིགས་ཡིན་ཏེ་མཐོང་བའི་དུག་།སེར་པོས་ལ་དབང་སྟེ་ལྕི་འཐིབས་ལུས་པོ་སྦོ། །ཤ་བབས་རབ་བཞི་ལ་ཁྱད་པར་ན་པ་ཡིན། །བཅོ་ལྔ་ཉིན་གུང་རྒྱུ་བའི་དུས་ལ་ན། །ནད་ཀྱི་གནས་ནི་སྤྱི་བོར་ངེས་པར་འབབ། །རླུང་རྩ་བབས་ལ་ཤ་རུས་བར་དུ་ན། །སྐྲ་འབྱི་གླང་ཐབས་བྱས་ནས་ན་སྟེ་རྣ་བ་དང ། །གློ་བུར་འབྲེལ་བས་ཤ་རོ་གློ་ལུ་འབྱུང་བ་ཡིན། །དགའ་བོ་རིགས་ལྡན་བྲམ་ཟེ་ཡིན་ཏེ་བསམས་པའི་དུག་།དམར་པོ་མེ་ལ་དབང་བ་ཡིན་ཏེ་ཚ་ཞིང་གདུང ། །ལུས་དམར་སྐྱེ་ཆུང་ཐང་ལ་མིག་རྩ་ལུས་པོ་སྐམ། །འབྲིང་པོ་བབས་ས་ཉི་ནུབ་དགོངས་མོའི་དུས་སུ་ན། ། གནམ་སྟོང་བཅོ་ལྔ་རྒྱུ་བའི་དུས་ཏེ་དེ་ལ་ན། །སྙིང་གར་བབས་པ་སྙིང་མི་དགའ་ཞིང་དྲན་པ་ཉམས། །མཇུག་ཏུ་མགོ་དང་ལུས་ལ་བབས་ཏེ་ན་ཚ་ཆེ། །ཤ་རོ་སྙིང་ལ་འོང་བས་ལྕེ་ཡིས་རོ་མི་ཚོར།། པ་འཇོག་པོ་རྗེ་རིགས་ཡིན་ཏེ་ཁ་རླངས་དུག་།དཀར་པོ་ཆུ་ལ་དབང་བས་གྲང་ཞིང་བསིལ་པ་དང ། །ལུས་མདོག་དཀར་བ་པགས་པའི་སྦྲིས་མ་འཆགས། །ཐ་ཆུངས་བབས་པ་ཡིན་ཏེ་ཚེས་ 541a ༄#། །བརྒྱད་བཅོ་བརྒྱད་ན། །སྔ་དྲོ་ཐོ་རངས་མི་བདེ་སྐེ་དང་དཔུང་པ་གཡས། །བྲང་ན་ཐ་མ་མཆིན་པར་བབས་པའི་ས་ཡིན་ནོ། །ཕོ་བས་ཟས་མི་འཇུ་ཞིང་མིག་གིས་གཟུགས་མི་འཛིན། །ཤ་བྲུལ་ཚོར་བ་མེད་དེ་ཅུང་ཟད་ཤ་ཝགྶ་དམར། །པད་ཆེན་སྟོབས་རྒྱུ་དམངས་རིགས་ཡིན་ཏེ་རེག་པའི་དུག་།ནག་པོ་རླུང་ལ་དབང་བས་ཡང་ཞིང་གཡོ། །ལུས་འདར་སེམས་རྒོད་ཤ་འཕར་ཕུ་ཤུས་འདེབས། །ཡན་ལག་ཚིགས་བཞིན་ཞིང་ཕོལ་དང་བད་ཀན་སྐྱེ། །སྒྲེགས་དང་རོ་སྟོད་ན་ཞིང་སྣ་ཁྲག་དག་ཀྱང་འབྱུང ། །འབྱང་ཞིང་ལུས་ངལ་དགོང་དང་སྲོད་ལ་ན། །ཐ་ཆུང་ཞག་ལ་བབས་ཏེ་ཚེས་གསུམ་བཅུ་གསུམ་ན། །འདི་ནི་འགོང་རིགས་རྩུ་བས་པས་སྨྱོ་འབོག་བཙན་ཐབས་གསོད། །ཐ་མ་མཁལ་མར་འབབ་སྟེ་རྣ་བས་སྒྲ་མི་ཐོས། །ཁུ་ཆུ་ཉམས་པས་ཆུ་སྲི་སོར་མོ་ཕྲ། །ཆུ་ལྷ་དམ་ཚིག་ནམ་མཁའ་ཡིན་པས་ཀུན་ལ་ཁྱབ། །གོང་མ་ཅི་རིགས་འབྱུང་ཞིང་དུས་མེད་ཤེས་པ་ཞུམ། །ལུས་ཀྱི་ཤེད་ཉམས་བྲལ་ཏེ་སྣ་ཚོགས་སྟོན་པ་སྟེ། །འདི་ནི་བཅོས་པར་དཀའ་སྟེ་གཏན་ལ་ཕེབས་པར་བྱ། །ཁྱད་པར་མཆེར་པ་ན་ཞིང་གདོང་ལ་སྨེ་བ་འབྱུང ། །ལུས་ལ་ཤིག་མང་ཀོ་དྲི་རཝ་གཞོབ་མནམ་པ་དང ། །ཐུར་སེལ་རླུང་ལ་རུལ་བའི་དྲི་མ་དྲོ་གྱུར་ལ། །འདི་ནི་མཆེར་པར་འབབ་སྟེ་ཆུ་ལ་ཁྲག་ཀྱང་འབྱུང ། །སོ་སོའི་རྟགས་སུ་མཁས་པས་ཤེས་པར་གྱིས། །སྤྱིར་ནི་ལྔ་པོ་གང་ཞུགས་ཀྱང་།། 541b རིམ་པས་འདི་ལྟར་འབྱུང་བར་འགྱུར། །མེ་དང་གྲོག་པོ་ཕུགས་རྡུགས་དང ། །རི་ཕུག་དོག་པའི་སྒོ་དང་དོང ། །ལྷ་ཁང་འདམ་རྫབ་མི་སྡུག་གཟུགས། །དུད་འགྲོའི་ཚོགས་དང་མཚོ་རི་གཟར། ། སྙིང་མི་དགའ་ཞིང་འཚིག་པ་ནི། །དང་པོ་འབྱུང་བར་ཤེས་པར་བྱ། །གླུ་ལེན་ནུབ་མོ་ན་དང་ཤེས་པ་ལྕི། །ཡན་ལག་མི་བདེ་ཤུ་བ་གཡན་པ་དང ། །བས་ལྡག་འབྲུམ་ཆུང་དམར་སི་བ་འོང ། །འཁྲུག་ཅིང་ཟ་འཕྲུག་ཤ་མདོག་ཉམས། །མེ་རིས་ཆུ་གྲངས་བླུགས་ལྟར་གྲངས། །གྲང་སིབ་ཚ་ཐིག་ཤ་བཀྲ་ཆེ་ཆུང་བྱེད། །ཤ་འཕྲིག་བེམ་དང་སྦྲིད་ཅིང་འཁོལ། །མིག་ཟླུམ་ཚ་ཞིང་སྨིན་མ་བྱི། །ལག་སོར་སེན་མོ་ཉམས་པས་ཕྲ། །ལུས་ལ་དྲི་ང་ཆུ་བུར་དང ། །ཉ་སྒངས་གནག་ཆུ་རུལ་དྲི་མ་ནམ། །སྟོད་གཟེར་སྨད་དུ་འཁྲུ་བར་བྱེད། །ཕྱི་ཡི་ཤ་སྐམས་མདོག་ཉམས་དྲི་མ་བྲལ། །བུག་པའི་སྒོ་ཡོ་བདུད་རྩི་དུས་མེད་པ། །ཡང་ཅིག་མདོར་བསྡུས་བཤད་པ་ནི། །དབང་པོ་གསལ་བའི་འབྲས་བུ་ནི། །མཆིན་པའི་སྒོ་ཡིན་མིག་ལ་བརྟག་།རྒྱལ་མོ་འཁོར་ལོ་གཡང་ར་ཡིན། །གནས་པ་རུས་པའི་འབྲས་བུ་ནི། །མཛེས་པ་སོ་ཡི་མཁར་ཡིན་པས། །ཁ་དོག་རྐང་བུ་ནུས་པ་བལྟ། །ནུས་པ་ཆུ་བའི་འབྲས་བུ་ནི། །ཟངས་མདོག་སེན་མོའི་ཚོགས་ཡིན་པས། །སྐྱེ་ལུགས་ཁ་དོག་རྩ་བ་བརྟག་།མདོངས་དང་ཤ་ཡི་འབྲས་བུ་ནི། །ཁྱབ་པ་དྲག་པ་ཡིན་པས་ན། ། ཆགས་ལུགས། །ངོག་འགྱུར་བ་བལྟ། །དྲོད་བརྟེན་ཁྲག་གི་འབྲས་བུ་ནི། །བུད་མེད་གསང་སྒོའི་ཆུ་ཡིན་པས། །ཁ་དོག་ཀུ་ཡ་གཟུགས་ལ་བརྟག་།རྐང་མར་བཅུད་ཀྱི་འབྲས་བུ་ནི། །རྩབ་གནས་ལུགས་ 542a ༄#། །སྐྱེས་བརྟག་།དེ་རྣམས་ཐམས་ཅད་རྟགས་ལྡན་ན། །ངས་ཀྱང་གསོ་བར་ག་ལ་ནུས། །གསུམ་བཞི་ལྔ་ལ་སོགས་པ་ཡི། །རིམ་པ་རྣམས་དང་ལྡན་པ་ན། ། སྔགས་དང་སྨན་གྱིས་གསོ་བར་བྱ། །ཕྱི་ནང་འབྲེལ་བའི་བབས་ས་ཡིས། །ལེགས་པར་བརྟགས་ཏེ་གསོ་བར་བྱ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཀླུའི་ནད་ཞུགས་པ་བརྟག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ཀླུའི་ནད་གསོ་བའི་ཆོ་ག་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། མཛེས་མཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །བྱོལ་སོང་ཀླུ་ཡིས་ཟིན་པ་ལ། །འཚོ་དང་མི་འཚོ་གཉིས་ཡིན་ཏེ། །ངེས་པའི་རྟགས་ཆེན་དྲུག་ཚང་ན། །དེ་ལ་མཁས་པས་ཅི་བྱར་ཡོད། །རྣམ་སྨིན་ལས་ལས་བྱུང་བ་ཡིན། །གཞན་རྣམས་གསོ་བར་འདོད་པ་ལ། །དཀའ་དང་སླ་བ་གཉིས་ཡིན་ཏེ། །དང་པོ་སྔགས་ཀྱི་རིམ་པ་ཡིན། །གཉིས་པ་རྫས་དང་འབྲེལ་བ་ཡིན། །དང་པོ་སྔགས་ཀྱི་སྦྱོར་བ་ནི། ། དབང་བསྐུར་ཚོགས་བསགས་རྒྱུད་སྦྱངས་ལ། །རིམ་པ་གསུམ་གྱིས་བསྙེན་པར་བྱ། །ཁ་ཅིག་དེ་ཙམ་གྱིས་ཀྱང་ཞི། །གལ་ཏེ་ནུས་པ་ཆེ་བ་ན། །གསད་པ་དྲག་པོའི་ཤམ་བུ་གདགས། ། 542b ཁ་ཅིག་དེ་ཡིས་འཚོ་བ་ཡིན། །གལ་ཏེ་གནོད་ཚབས་ཆེ་བ་ན། །ཀླུ་ཡི་རང་གཤེད་བཟླས་པ་ཙམ། །ནམ་མཁའི་ཀླུ་ཡིས་སྙིང་ནས་གཟིར། །རིག་པ་གཉིས་པ་གཤམ་དུ་སྦྲེལ། །རྡོ་རྗེ་ལྟེ་བར་འཁོར་ལོ་བྲི། །དེ་ལ་དམིགས་ཏེ་བསྒྲུབ་པར་བྱ། །དུག་རིགས་གསལ་བར་གྱུར་ན་ནི། །སུ་དུག་ངོས་ཟིན་རྡོ་རྗེའི་ནང ། །དགའ་བོ་རིགས་ལྡན་མོ་ཡི་སྔགས། །བྲམ་ཟེའི་འཁྲུལ་འཁོར་ཤིག་པ་ཡིན། །མེ་ལ་ཆུ་ཡི་འཁྲུལ་འཁོར་ཏེ། །དེ་ཡི་སྔགས་ཀྱིས་གསང་བར་བྱ། །པད་ཆེན་སྟོབས་རྒྱུ་རླུང་ཡིན་པས། །ས་ཡི་འཁྲུལ་འཁོར་ལྟེ་བར་བཅས། །པདྨ་འཇོག་པོ་ཆུ་ཡིན་པས། ། རླུང་གི་འཁོར་ལོས་གསད་པར་བྱ། །རང་རང་ཁ་དོག་གཤེད་དུ་སྦྱར། །གཞི་སྙིང་སྔགས་རྣམས་དྲིལ་བཟླས། །གཉེན་པོ་མི་མཐུན་རྫས་དང་སྦྱར། །གཉེན་པོ་གང་ཡིན་ལྷ་ཡི་གཤེད། །མན་ངག་བཞིན་དུ་ཤེས་པར་བྱ། །འཁྲུལ་འཁོར་ཚད་ནས་མ་བདེ་ན། །རྒྱལ་པོའི་སྡོང་ཟླ་དབྱེ་བར་བྱ། །དུས་ཚོད་ཞག་དྲངས་རིམ་པ་ནི། །རྟགས་དང་སྦྱར་ལ་ཤེས་པར་བྱ། །རྟགས་རྗེས་རྗེས་སུ་ལོག་པ་ན། །སྦྱིན་སྲེག་ཅི་རིགས་མཁས་པས་བྱ། །ཕྱི་རྗེས་དྲག་པོས་བཅད་པ་དང ། །ལྷ་དང་རྫས་ཀྱི་སྔགས་ཀྱིས་བཅད། །མནན་པས་ལས་མཐའ་བརྟུལ་བར་བྱ། །ཞི་བ་དྲག་པོའི་རིམ་པ་ནི། །མཁས་པས་བརྟགས་ལ་བརྟེན་པར་བྱ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཀླུའི་ནད་བསལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དཔའ་མོ་ 543a ༄#། །རྡོ་རྗེ་བདེ་མས་གསོལ་བ། རྡོ་རྗེ་འཆང་གི་གཏོར་མ་བྱ་བའི་རིམ་པ་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །དཀྱིལ་འཁོར་འདྲི་དང་སྦྱིན་སྲེག་དང ། །བཟླས་པ་ཐུན་མཚམས་རབ་གནས་དང ། །དབང་བསྐུར་བསྐྲད་ཅིང་གསད་པ་དང ། །འབྱུང་པོ་ཁྱུང་དང་གནོད་སྦྱིན་དང ། །ཀླུ་དང་གནས་སྐྱོང་མཆོད་པ་ནི། །གཏོར་མ་མེད་པར་གང་སྤྱད་པ། །ལས་དེ་འབྲས་བུ་མེད་པའམ། །བར་ཆད་ཉེ་བར་སྐྱེ་འགྱུར་བས། །གཏོར་མའི་ཆོ་ག་བསྟན་པར་བྱ། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །ཕུན་སུམ་ཚོགས་པའི་འབྱོར་པ་བསག་།གཏོར་མའི་འོག་ཏུ་རླུང་ལྷ་ཡི། །ས་བོན་ལས་སྐྱེས་ཁ་དོག་སྔོ། །གཡོ་བའི་རླུང་ཡབ་དང་བཅས་པ། །དེ་སྟེང་རྒོད་མའི་ཁ་བསམས་ཏེ། །དམར་པོ་རླུང་ལས་སྐྱེས་པ་བསམ། །གྲུ་གསུམ་ཧཱུཾ་ལས་རྡོ་རྗེ་གསུམ་སྐུ་གསུང་ཐུགས་ཀྱིས་བརྟན་པོར་བྱ། །དེ་སྟེང་ཨ་ལས་པདྨ་ཆེ། །ཡངས་ལ་དཀར་ཞིང་ཅུང་ཟད་དམར། །ཆོས་དབྱིངས་སྣོད་ཀྱི་གཞལ་ཡས་ཡིན། །དེ་ནས་སྦྱངས་པའི་ས་བོན་ལས། །བྲུཾ་ཨཾ་ཛྲཱིཾ་ཁཾ་ཧཱུཾ་བསམས་ཏེ། །སླར་ཡང་ཤ་ལྔ་སྦྱངས་པ་ལས། །མཱཾ་ལཱཾ་བཱཾ་ཏཱཾ་བཱཾ་བསམས་ཏེ། །ཡུམ་ལྔའི་ཡེ་ཤེས་རྣམ་པར་དག་།བདུད་རྩི་ཡེ་ཤེས་རྣམ་དག་འདི། །སྦྱང་ 543b དང་སྦར་རྟོགས་སྦྱོར་བ་ཡིས། །ཡི་གེ་གསུམ་གྱི་སྒྲ་ལྡན་པ། །བདེ་བའི་རོ་ཆེར་ཉི་མར་གསལ། །འཆང་བའི་ཁ་དོག་འདྲ་བར་འགྱུར། །རྡོ་རྗེ་ལས་བྱུང་དངུལ་ཆུའི་མདོག་།གཉིས་མེད་ཐབས་དང་ཤེས་རབ་ཡིན། །ས་བོན་ལས་བྱུང་པདྨའི་གདན། །ཡངས་པར་རྡོ་རྗེ་འཛིན་པ་དང ། །ཕྱོགས་སྐྱོང་ལ་སོགས་བཀུག་ལ་བསྟིམ། །མཛུབ་མདུད་གུང་མོ་རྩེ་མོ་སྦྱོར། །མཐེ་བོང་རྡོ་རྗེ་བརྟན་པར་གནས།། རང་འདོད་དངོས་གྲུབ་སར་བཞག་ལ། །ཧཱུཾ་སྒྲ་ལྡན་པས་སྔགས་འདིས་སྦྱིན། །ོཾ་ཨིནད་ཛ་མ་ཛ་ལ། ཛྑམ་བྷུ་ཏ་བ་ཧིན། བ་ཨུ་རཀྵ། ཙནད་སུཛྫ། མ་ད་པ་པྤ། ཏ་ལ་པ་ཏཱ་ལི། ཨཊྵ་སབྤ་སཝཱཧཱ། ཨི་དཾ་བ་ལིཾ་བྷུཾ་ཛཾ་གྷཱ་ཕུལླ། དྷུ་བ། མཱཾ་ས། པཾ་ག་།མྦྷ། ཀཛྫ། ས་པྤ་སཱ་ཧ། ཁ་ཎ་ཏི་ཁུ་ཎི་ཕེ་ཊ་ག་ད་སཝཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ། ཨཱ་དྱཱ་ནུདྤ་ནན་ཏྭ་ད་ཨོཾ་ཨཱཿ ཧཱུཾ་ཕཊ་སཝཱ་ཧཱ། འཁོར་རྣམས་རྟོགས་པར་བྱ་བའོ། །ལྷག་པར་ཁྱུང་ཆེན་མཆོད་པ་ནི། ཧ་ཤ་བྷྲེང་གི་ལ་དུ་དང ། །འོ་མ་སྦྲུལ་གྱི་ཤ་ཡིས་མཆོད། །གནོད་སྦྱིན་དག་ལ་ཤ་རློན་དང ། །ཆང་ནི་མེད་དུ་མི་རུང་ངོ ། །ར་ཁྲག་ཤིང་ཐོག་རྣམས་ཀྱིས་སོ། །ཀླུ་ལ་དཀར་གསུམ་མངར་གསུམ་དང ། །རྩི་སྨན་དར་ཟབ་སྣ་ཚོགས་མཆོད། །རང་གི་རིག་པ་ཕུལ་བྱས་ལ། །བསྟོད་ཅིང་གསོལ་བ་གང་ཡིན་བྱ། །ཧཱུཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་གི་གནས་སུ་གཤེགས་ནས་ཀྱང ། །སླར་ཡང་སྤྱན་དྲངས་ཚེ་ན་སྤྱོན། །ོཾ་བཛྲ་ས་མ་ཡ་མུཿ ་ཞེས་བརྗོད། །མཆོད་སྦྱིན་འདི་དང་མ་བྲལ་ན། །ཞི་ 544a ༄#། །སོགས་གྲུབ་པ་བརྒྱད་གང་ཡིན། །མཆོག་གི་འབྲས་བུ་ཐོབ་པར་འགྱུར། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལས་གཏོར་མའི་ཆོ་ག་བསྟན་པའི་ལེའུ་སྟེ་བཅོ་ལྔ་བའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་ལ་ཞུ་བ་ལ་གསོལ་བ་བདག་གི་སྒྲུབ་པའི་ཆོ་ག་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །དུས་གསུམ་སངས་རྒྱས་བསྐྱེད་པའི་མ། །རྡོ་རྗེ་བདེ་ཆེན་སྟོང་པ་ཉིད། །ཁྱོད་ཀྱི་སྒྲུབ་པ་བཟང་པོ་ནི། །འདས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ད་ལྟར་བྱུང་བའང་དེ་འཆད་དེ། །མ་འོངས་རྣམས་ཀྱང་འཆད་འགྱུར་ལ། །ང་ཡིས་ཀྱང་ནི་འདིར་བཤད་དེ། །བྱང་ཆུབ་སེམས་ལྡན་གང་ཟག་གིས། །རབ་དབེན་པ་ཡི་ས་ཡི་ཆར། །མཆོད་ཅིང་བསྟན་དགའ་བསྙེན་བྱས་ལ། །སངས་རྒྱས་རྡོ་རྗེ་ཅན་མཆོད་བྱ། །རིམ་པས་ཚངས་པའི་གནས་བཞི་བསྒོམ། །ོཾ་སཝ་བྷཱ་བ་ཤུདྡྷཱཿ ་སརྦ་དྷརྨཱཿ ་སཝ་བ་ཤུ་དྷཱ་བ་ཤུདོདྷཉྷཾ། རང་བཞིན་རྣམ་པར་དག་པ་བསྒོམ། ། ོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སཝ་བྷཱ་ཝ་ཨཱཏྨ་ཀོཉྷཾ། བརྗོད་མེད་ཡེ་ཤེས་དག་པར་བསྒོམ། །བསྲུང་ཞིང་གཞལ་ཡས་ཁང་པ་དེར། །མཛེས་པའི་པདྨ་ལ་གནས་པ། །ཆོས་འབྱུང་རྣམ་དག་ཕོ་བྲང་དུ།། 544b ཉི་མ་ཟླ་བ་རྣམ་དག་དཔལ། །བཾ་ལས་བྱུང་བའི་ལྷ་མོ་ནི། །སྐུ་མདོག་དམར་ལྗང་ཞལ་གཅིག་མ། །ཕྱག་གཉིས་གྲི་གུག་ཐོད་པ་འཛིན། །གར་སྟབས་རྒྱན་གྱིས་མཛེས་མ་སྟེ། །ཐོད་པ་སྐམ་པོའི་ཕྲེང་བས་བརྒྱན། །ཤར་དུ་མཱ་མ་ཀཱི་བསམས་ཏེ། །སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་རྡོ་རྗེ་གཡོན་ཐོད་པ། །གཡས་སུ་སངས་རྒྱས་སྤྱན་སེར་ཏེ། །ཞལ་གཅིག་ཕྱག་གཉིས་གཡས་པ་ན། །རིན་ཆེན་གཡོན་པས་ཐོད་པ་འཛིན། །གཡོན་དུ་དམ་ཚིག་སྒྲོལ་མ་ལྗང ། །གཡས་པ་ཨུཏྤལ་ཐོད་པ་འཛིན། །རྒྱབ་ཏུ་གོས་དཀར་དམར་སེར་ཏེ། །པདྨ་ཐོད་པ་བསྣམས་པའི་ཕྱག་།ཀུན་ཀྱང་ཁྲོ་ཞིང་གར་སྟབས་བཞུགས། །རུས་པ་རིན་ཆེན་རྒྱན་དང་ལྡན། །མཆོག་སྒྲུབ་ནད་རྣམས་སྦྱང་བ་དང ། །བསྲུང་ཞིང་འདོད་པ་ཞི་རྒྱས་དང ། །རང་གི་སྲོག་འཛིན་ཕྲིན་ལས་དབང ། །རྟག་ཏུ་ཡེ་ཤེས་པ་ཡང་མཆོད། །རིག་པ་ངེས་པར་བསྟན་པ་ནི། ཨོཾ་བཛྲ་སུ་ཁཱ་བུདྡྷ་སརྦ་པ་ཤཾ་ཀུ་རུ་སུ་ར་ཀ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་ཤང་ཀ་རེ་ཤཱིནྟཾ་ཀ་རེ། གྷུ་ཊྚ་གྷུ་ཊྚ་གྷུ་ཊྚི་ནི་གྷཱ་ཏཱ་ཡ། གྷཱ་ཏཱ་ཡ། གྷུཊྚི་ནི་སཝཱཧཱ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སཝཱ་ཧཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཀ་རོ་ཊཾ་བཱི་རྱཻ་སཝཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རྨ་མ་ཨཱ་ཡུཤེ་སཝཱཧཱ། རང་རང་ལས་དང་འབྲེལ་བ་ནི། །འབུམ་འགྱུར་སྔགས་ཀྱིས་འགྲུབ་པར་འགྱུར། །ལས་གཞན་དངོས་གྲུབ་མ་བསྒྲུབས་པར། །ལྷ་མོ་ཁྱོད་ཀྱིས་བྱེད་པ་ཡིན། །འདི་ནི་གསང་པ་དམ་པ་སྟེ། །ཆེས་གསང་བས་ཀྱང་མཆོག་ཡིན་ནོ། །དེ་བས་ 545a ༄#། །མཛེས་མ་ཁྱོད་ལ་བཤད། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཡུམ་བསྒྲུབ་པ་རྣམ་པར་ཕྱེ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་གི་ལས་སྣ་ཚོགས་པ་སྒྲུབ་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །སྒྲུབ་པོ་ཕུན་སུམ་ཚོགས་འདོད་པས། །ང་ཉིད་ཐོག་མར་མཉེས་བྱ་སྟེ། །འདོད་པའི་རྫས་ལ་འཁོར་ལོ་བྲི། །དེ་ཡི་ནང་དུ་ཆུད་པ་ཡི། །ལོངས་སྤྱོད་མིང་དང་སྤེལ་བྲིས་ནས། །དགུག་ལ་བཅུག་ལ་སྔགས་འདི་བཟླས། །ོཾ་ཙཎྚ་མཧཱ་རོ་ཥ་ཎ། ཏྡྱཱ་ཐ། ཨོཾ་ཙ་ལེ་ཕྲ་ཙ་ལེ་ལ་ལཱ་ལུ་ཏེ་ཡཱ། དེ་བ་ཀཱ་མྷཱ་ཀཱ་ལ་ཨ་ན་ཙ་ར་ཡ་བི་སི་སཝཱ་ཧཱ། ཁྲི་བཟླས་པས་རང་ཅི་འདོད་པ་འོང་བར་འགྱུར་ཏེ། གོང་བུ་དགུག་པའོ། །རང་ཉིད་རྡོ་རྗེ་འཛིན་དུ་བསམས་ལ་ཏ་ལའི་ལོ་མ་ལ་རི་རབ་ཀྱི་འཁོར་ལོ་བྱས་ཏེ། ཟུར་དུ་ཧཱུཾ་དང་ཧྲཱིའི་བར་དུ་བསྒྲུབ་བྱའི་མིང་བྲིའོ། །ལྟེ་བར་སྔགས་བྲི། །རྩིབས་ལ་ཡང་སྔགས་བྲིས་ཏེ། །རྐང་པ་གཡོན་པས་མནན་ཅིང ། ོཾ་ཙཎྚ་མཧཱ་རོ་ཥ་ཎ་ཙ་མུཎྚི་དུ་མ་ཀེ་ཤི་ཧྲཱིཿ ་ཧ་ན་ཧ་ན་ཧྲཱི། པ་ཙ་པ་ཙ་ཧྲི། དེ་བ་དད་ཏ་ཆེ་གེ་མོ་མེ་པ་ཤི་རི་སཝཱ་ཧཱ། ཞེས་ཁྲི་བཟླས་པས་རྐང་པ་དགུག་པའོ། །ོཾ་ཙཎྚ་མཧཱ་རོ་ཥ་ཎ་ག་ག་ཨ་རི་ 545b གརྐ་ཐ་ཏ་རི་སཝཱ་ཧཱ། སྔགས་འདི་བཟླས་ལ་ཁ་བཀྲུས་ལ། །ཁྱུ་མཆོག་གི་ལྕི་བ་དང ། ལྡོང་རོས་བསྲེས་ལ་རྡོ་རྗེའི་གཟུགས་བྱས་ཏེ། ལྟེ་བར་འཁྲུལ་འཁོར་བཅུག་ལ་དགྲའི་སྒོར་སྤས་ན་འཆི་བར་འགྱུར་རོ། ། བཀླགས་པས་འགྲུབ་འགྱུར་ནུས་པ་ནི། །རྡོ་རྗེ་འཛིན་པར་རབ་ཞུགས་ནས། །རྫ་མཁན་ལག་པའི་འདག་པ་ལ། །རྡོ་རྗེའི་རྣམ་པར་འཁྲུལ་འཁོར་བཅའ། །ོཾ་ཙྞྚ་མཧཱ་རོ་ཥ་ཎ་ཆེ་གེ་མོ་མུཁ་ཏེ་ཐཱཾ་ཏི་ས་གྷ་ཚཱ་ན་ཏིང་གྷན་ད་ན་ཏིང་ལཾ་གྷཱ་མུ་ཏྲ་མུ་རཱི་ཥེ་ནཾ་ཆེ་གེ་མོ་བྷ་ནྡྷཱ་ནི་སཝཱ་ཧཱ། སྔགས་འདི་ཁྲི་བཟླས་ཁང་བར་མནན། །ངེས་པར་ཤགས་ལས་རྒྱལ་བར་འགྱུར། །ོཾ་བཛ་ཙཎྚ་མ་ཧཱ་རོ་ཥ་ཎ་ན་མ་ནི་ཁ་བེ་རཱ་ཡ་ཙི་རི་ཙི་རི་ཀརྟ་ཏུ་བེ་ན་མུ་ཤི་ཏུནྟེ་བནྡྷ་སི་རི་ཁ་ལི་སཝཱཧཱ། རྡོ་རྗེ་ལ་ནི་ཁྲག་གི་བྲི། །གང་གིས་ཕྱོགས་མཚམས་སྤས་པ་ན། །བྱི་བ་ཁ་ནི་འཆིང་བ་ཡིན། །ོཾ་ཙཎྚ་མཧཱ་རོ་ཥ་ཎ་ནི་ཏུ་ན་ཏེ་སི་རི་སི་རི་ཁི་ལི་ཁི་ལི་སཝཱཧཱ། སྟག་གི་སྤགས་པ་ལ་བྲིས་ཏེ། །གང་ལ་བཏགས་པའི་སྤྱང་གི་བསྲུང ། །ོཾ་ཙཎྚ་མྷཱ་རོ་ཥ་ཎ་མཾ་ར་ར་ཀྵ་ཏོ། །ནཱ་ཤ་ཀ་རཱ་ཡ་སཝཱ་ཧཱ། ཤིང་ཐོག་ལ་བཟླས་ར་བར་སྤས། །སྤྲེའུ་གནོད་པ་བཟློག་བར་འགྱུར་ཨོཾ་ཙཎྚ་མཧཱ་རོ་ཥ་ཎ་སརྦ་སྟཾ་བྷ་ཡ་དུཾ་བྷེ་སཝཱཧཱ། སྦྲང་རྩི་བུ་རམ་ཁུ་བ་ལ། །འདི་བཟླས་བྱུག་པས་དོམ་འབྲོས་སོ། །ོཾ་ཙཎྚ་མཧཱ་རོ་ཥ་ཎ་བཱ་རཱ་ཧ་དྷི་ནཾ་དྲུཾ་དྲུཾ་དེཧ་སཝཱཧཱ། དུག་དང་ལན་ཚཝ་སྐེ་ཚེ་དང ། །ཡུངས་ཀར་ལ་ཕུག་ས་པོན་དང ། །དྷ་དུ་ར་དང་ཀལ་བི་དང ། །མ་ཧེ་ཕག་དང་ཅེ་སྤྱད་ཁྲག་།སྦྲུས་ལ་རྡོ་རྗེ་བརྒྱད་བྱས་ལ། །ཕྱོགས་མཚམས་སྤས་ན་གནོད་པ་ཞི། །མཚམས་བཅད་པ་ཡི་དམ་པ་ཡིན། 546a ༄#། །ོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་བྷི་དྷ་ཧཱི་ནི་ཀཾ་བྷེ་སཝཱཧཱ། སྔགས་ནི་བརྒྱ་རྩ་བརྒྱད་བཟླས་ན། །བསྲུང་བ་འདི་ཡང་མཚམས་གཅད་ཡིན། །ོཾ་བི་ཏི་པི་ན་ཧཱི་བྷྲཱིཾ་བི་ཊ་བི་ཊ་བིཊ་ཧཱུཾ་ཧཱུཾ་སཝཱཧཱ། སྔགས་འདི་གང་ཡིན་ལྕི་བལ། །བཟླས་ཏེ་མ་ཧེ་འཐུང་བའི་ཆུ། །ནང་བཅུག་ཞོ་རྣམས་བརླག་པར་འགྱུར། །གསེར་མེ་ལ་མ་རེག་པ། གཡུ་མིག་མ་ཕུག་པ། མུ་ཏིག་མུ་མེན། གསེར་གྱིས་བྲིས་པའི་ཁྲོཾ། བ་བླ་མུ་ཟི། བཙན་དུག་གུ་གུལ་གི་ཝང་སྤྲེའུའི་སྤུས་གཏུམས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ག་རུ་ཌ་ཙ་ལེ་ཙ་ལེ་བདུད་རུ་དྲཱ་མཱ་ར་ཡ། བཛྲ་བྷ་ཏི་ག་རུ་ཌ་བེ་གེ་ཧཱུཾ་རི་ཛ་པྲི་ཛ་ནཱ་ག་རཱ་ཛ་མཱ་ར་ཡ་ཧཱུཾ་ཕཊ། སྔགས་ཁྲི་བཟླས་ཏེ་ལུས་ལ་བཅངས་ན་ཀླུ་ཐམས་ཅད་འབྲོས་པར་འགྱུར་རོ། །ོཾ་པདྨ་ཀྵ་པདྨ་ཀཥ་བ་རུ་ནི་ཧཱུཾ་ཕཊ་སཝཱ་ཧཱ། ཆུ་གཙང་མ་ལ་བཟླས་ཏེ་མིག་བཀྲུས་ན་མིག་ནད་ཐམས་ཅད་འབྱང་བར་འགྱུར་རོ། །སུག་སྨེལ་དང ། ཛཱ་ཏི་དང ། ན་ག་གེ་སར་དང ། ་ཤོ་ཏ་ཀའི་འབྲས་བུ་རྣམས་ལ་སྔགས་འདི་བཟླས་ཏེ་དཔྲལ་བར་ཤུ་ཏྲས་ཐིག་ལེ་བྱས་ན་ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། །ོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཛཾ་བྷེ་མོ་ཧ་ཡ་ཧྲཱི་སཝཱཧཱ། བརྒྱ་རྩ་བརྒྱད་བཟླས་སོ། །བྱིས་པ་གསར་བཙས་བསྲུང་བ་ན། །ཁམ་ཕོར་ནང་དུ་རྡོ་རྒྱུས་ཀྱིས། །རྡོ་རྗེ་རྒྱ་གྲམ་ལྟེ་བའི་ནང ། །ོཾ་བཛྲ་ཙཎྜ་མྷཱ་རོ་ཥ་ཎ་ཆེ་གེ་མོ་ཡ་རཀྵ་ར་ཀྵ་སཝཱ་ཧཱ། ཧཱུཾ་བཅུ་བྲིས་ཏེ་ལྷ་བསྟིམས་ལ། །མཆོད་སྦྱིན་གཏོར་མ་སྦྱིན་བྱས་ཏེ། །དེ་ཡི་སྟེང་དུ་སྦྱང་བར་བྱ། །ལུས་ལ་གུར་གུམ་ཆུས་བྲིས་པའི། ། 546b འཁོར་ལོ་གཉིས་པས་བསྲུང་བར་བྱ། །ོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་བ་ས་ཧ་དོ་ལཱ་ཡཱི་སཝཱཧཱ། མེ་དོ་ཡཱ་སཱ་བཙི་ན་མོ་ཧ་ཡི་སཝཱཧཱ། ཨེ་ས་བ་ཛི་ཧཱ་ཡི་ན་མཱ་ཏ་ཡི་སཝཱཧཱ། སྔགས་འདི་མེ་ཏོག་དང ། གོས་དང ། ཟས་དང ། རྒྱན་ལ་མངོན་པར་སྔགས་ཏེ་བྱིན་ན་དབང་དུ་འགྱུར་རོ། །ོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ན་མ་ས་ར་ནཱ་མ་ཏདྱ་ཐཱ། དྷ་ར་ད་མཧཱ་དྷ་ན་དྷ་དྷ་ཌ་དུ་ཌི་དེ་སཝཱཧཱ། བྱེ་མ་དང་ཐལ་ཆེན་ལ་བསྔགས་ཏེ་ཞིང་ལ་གཏོར་ན་སྲོག་ཆགས་ཀྱིས་ཟ་བར་མི་འགྱུར་རོ། །ོཾ་བཛྲ་སུ་ཁ་དྷེ་བྷི་ཤུདྡྷ་ཨ་ལླཱི་པ་བ་ར་ཙུ་ལི་ཙེ་ག་ས་ག་གནྡྷ་སཱ་བ་མི་ཧ་བནྡྷ་ལི་ས་སཝཱཧཱ། སྔགས་འདི་རྡོ་རྗེའི་ཤིང་དང ། ད་ལིས་དང ། རྒ་གསུམ་ལ་ལན་བདུན་བདུན་བཟླས་ཏེ། རྣ་བའི་འོག་ཏུ་བཅུག་ན་ཚོར་བ་ཐམས་ཅད་ཀྱིས་གནོད་པར་བྱ་བར་མི་ནུས་སོ། །མི་རུས་ལ་བྱས་ཕུར་བུ་ནི། །བགེགས་ཀྱི་ལུས་ཅན་ཞལ་གཅིག་པ། ། ཕྱག་བཞི་ཐོ་བ་ཞགས་པ་དང ། །དགྲ་སྟེ་རྩེ་གསུམ་བསྣམས་པ་སྟེ། །དུག་ཁྲག་ལན་ཚཝ་སྐེ་ཚེ་དང ། །རྒྱ་ཚཝ་མར་ནག་ནང་དུ་གཙོ། །སྟོབས་ཆེན་སྔགས་བྲིས་རས་མས་གཏུམ། །ཁྱིམ་སྒོར་སྦས་ན་འཆི་བར་འགྱུར། །ོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བིདྷཱནྶ་ཡ། ཨུད་སཱ་ད་ཡ་མཱ་ར་ཡ་ཧཱུཾ་ཕཊ། སྤྲུལ་མགོ་གཉིས་པའི་ཐོད་པར་ཁྱི་སྨྱོན་པའི་ལྕེ་ལ་དགྲའི་ལིང་ག་བྲིས་ཏེ་རྟའི་རྨིག་པའི་འོག་ཏུ་བཅུག་ལ་སྔགས་འདི་བཟླས་ནས་གང་གི་སྒོར་སྦས་ན་བསྐྲད་པའམ་སྨྱོ་བར་འགྱུར་རོ། །ོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཆེ་གེ་མོ་མུ་པྟ་ཡ་ཕཊ་ཅེས་ཁྲི་བཟླ་སོ། །ཤིང་ལོ་དང་སྟག་པ་ལ་རྡོ་རྗེའི་རྣམ་པར་ 547a ༄#། །བྱས་ལ་ལྟེ་བར་ལས་ཀྱི་རིག་པ་བཅུག་།དཔའ་བོ་གཡུལ་དུ་ཤི་བའི་སྐྲའི་ཐེ་གུས་རྐེད་པར་བཏགས་ལ་ཀླད་ལ་བསྐོར་ན་བགེགས་འབྲོས་པར་འགྱུར་རོ། ། གྲོ་གའི་འདབ་མ་ལ་རྡོ་རྗེའི་ནང་དུ་ཆུད་པའི་ལྟེ་བར་སྐུ་གསུང་ཐུགས་ཀྱི་སྔགས་དང་བསྲུང་བྱ་བྲི། །དེའི་མཐའ་མར་ལས་རབ་འབྱམས་བྲི། །དེའི་ཉེ་བར་བསྟན་པའི་འཁོར་གྱི་སྔགས་བྲི། དེའི་མཐའ་མར་ཤེས་རབ་ཀྱི་སྔགས་བྲི། །དེའི་མཐའ་མར་མེའི་ཚོགས་བྲིས་ཏེ་དྲིལ་ལ་ལུས་ལ་བཅངས་ན་གདོན་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །བྱི་ཁུང་ཤར་བལྟས་ས་དང་ནི། །འུག་ཆུད་རུས་པ་ལང་ཀཱའི་རྩཝ། །སྒོ་ལྕགས་ཁུང་བུར་བླུགས་བྱས་ཏེ། །ོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཀུར་ཏྲི་ས་ནཱ་ཀར་ཏི་ཚུམས་དང་ཕུ་ཊ་ཕུ་ཊ་སཝཱཧཱ། སྔགས་དེ་བརྒྱ་དང་བརྒྱད་བཟླས་ན། །སྨྱིག་མས་ཡང་ཡང་དཀྲོག་པ་ནི། །སྒོ་ལྕགས་འབྱེ་བར་ཐེ་ཚོམ་མེད། །དུར་ཁྲོད་སོལ་བས་བསྲེགས་པས་ནི། །སླར་ཡང་སྔ་མ་དག་ཏུ་འགྱུར། །རྒྱ་གྲམ་ནང་དུ་ཆུད་པ་ཡི། །དམག་གི་གཙོ་བོ་བྲི་བྱ་སྟེ། །སྔགས་དང་སྤེལ་ནས་སྙིང་ག་རུ། །སེང་ལྡེང་ཕུར་བ་བཏབ་ན་ནི། །ངེས་པར་དེ་ཉིད་རེངས་པར་གྱུར། །བྱི་བ་ནག་པོའི་རྟུག་པ་དང ། །ཤ་ཅན་ར་ཡི་རཝ་དང་ནི། །ཁྱི་ནག་སྤུ་དག་བསྲེགས་གྱུར་ན། །འབྲུ་ཡི་རྣམ་པ་འཕེལ་བར་འགྱུར། །དེ་སོགས་ལས་ཀྱི་རིམ་པ་ནི། །བསམ་གྱིས་མི་ཁྱབ་ཇི་སྙེད་པ། །ཁྱོད་ལ་བསྟན་པར་མི་ནུས་པས། །སྔགས་གྲུབ་དེ་ཡིས་རྟོགས་ 547b པར་འགྱུར། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལས་སྣ་ཚོགས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་གི་ཆར་དབབ་པའི་ཆོ་ག་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། ། བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ཆུ་བདག་གནས་པའི་ས་ཡི་ཆར། །དཀྱིལ་འཁོར་པདྨ་བརྒྱད་པ་ལ། །སྒོ་དང་རྟ་བབས་སྦྲུལ་གྱིས་བརྒྱན། །མེ་ཏོག་མཆོད་པས་མཉེས་བྱ་བ། །བྲམ་ཟེའི་ཐོད་པ་གཙང་མ་གཉིས། །ཆུ་བདག་དམ་ཚིག་ཀླུ་ཡི་གཟུགས། །གུར་གུམ་བཟང་པོས་བྲི་བར་བྱ། །ཁ་སྦྱར་བར་དུ་རྡོ་རྗེ་འཛིན། །ཞལ་བཞི་པ་ལ་ཕྱག་བརྒྱད་པ།། བཻཌཱུརྱ་ལྟར་གནས་པ་ནི། །ཆུ་དར་ཡང་ན་རས་ལ་བྲི། །རྩ་བ་ཁྲོ་བོ་གཡས་གཡོན་རྒྱབ། །དཀར་དམར་དེ་བཞིན་ལྗང་ཁུ་སྟེ། །རྩ་བ་ཁྱུང་ཆེན་ཟིལ་གྱིས་གནོན། །གཡས་ཀྱི་ཕྱག་ན་རིམ་པ་ལྟར། །རྡོ་རྗེ་འཁོར་ལོ་རལ་གྲི་དང ། །ལྕགས་ཀྱུ་རིགས་ལྡན་པདྨ་དང ། །བད་ཆེན་དུར་སྐྱོང་ཡུམ་དང་བཅས། །གཡོན་པ་དྲིལ་བུ་རྩེ་གསུམ་དང ། །ཕུར་བུ་སྦྲིན་གྱི་ཞགས་པ་སྟེ། །མཐའ་ཡས་ནོར་རྒྱས་འཇོག་པོ་དང ། །སྟོབས་རྒྱུ་ཡུམ་གྱིས་བཅིངས་པ་ནི། །ཐམས་ཅད་གཙོ་ལ་ཐལ་སྦྱར་ཏེ། །སྤྲུལ་\?\་མགོ་སྤྲིན་ཆེན་བཞིན་དུ་གཏིབས། །འདབ་མར་ཀླུ་ཆེན་བརྒྱད་བསྐྱེད་ལ། །སྤྱན་དྲངས་མཆོད་པ་བྱས་ནས་ཀྱང་།། 548a ༄#། །ཆར་གྱི་རྒྱུན་ཆེན་འབབ་པར་བསམ། །ཀླུ་ཆེན་རྩ་བའི་སྔགས་རྣམས་ལ། །བྷ་རི་ཤ་ཡ་བཏགས་ཏེ་བཟླས། །ངེས་པར་ཆར་རྒྱུན་འབབ་པར་འགྱུར། །གལ་ཏེ་འབབ་པར་མ་གྱུར་ན། །གུ་གུལ་དུད་པས་གཟིར་བྱས་ནས། །ཕྲིན་ལས་སྔགས་ཀྱིས་སྲོག་ཀྱང་གཡོ། །གལ་ཏེ་མ་བབ་ན་རྡོ་རྗེ་འཛིན་པ་ཕྱུང་ལ་ཚ་བའི་མར་ནག་གིས་བླུགས་ལ་སྔགས་བཟླས་ན་འབབ་པར་འགྱུར་རོ། །ཡང་ན་ཁམ་ཕོར་ལ་སྦྲུལ་མགོ་གཉིས་པའི་ཁྲག་དང་ཤས་སྔར་ལྟར་བྱས་ལ་སྐྱེར་བའི་སོལ་བའི་མེ་ལ་སྔར་ལྟར་བསྲོ་བར་བྱ་སྟེ། དེས་ངེས་པར་འབབ་པར་འགྱུར་རོ། །ཡང་ན་གཏུམ་པའི་འབྲས་བུ་ལ། །སྔགས་ཀྱིས་བཏབ་སྟེ་ཀླུ་ཡི་ཁྱིམ། །སྦྱིན་སྲེག་བྱས་པས་འབབ་པར་འགྱུར། །དེས་ཀྱང་འབབ་པར་མ་གྱུར་ན། །ཡུངས་ཀར་སྐྱེ་ཚེ་སྦྲང་རྒོད་དང ། །བུ་མའི་མེ་ཏོག་ཕྱེ་མར་བྱས། །ར་ཡི་འོ་མས་རིལ་བུ་སྦྱར། །སྔགས་བཟླས་མཚོ་འམ་ཆུ་མིག་ཏུ། །བརྒྱ་དང་བརྒྱད་དུ་བསྐྱུར་ན་འབབ། །དེས་ཀྱང་འབབ་པར་མ་གྱུར་ན། །སྟ་རུའི་ཁུ་བས་རིལ་བུ་བྱས། །མཚོར་བསྐྱུར་ངེས་པར་འབབ་པ་ཡིན། །གལ་ཏེ་དེས་ཀྱང་མ་འབབ་ན། །པདྨ་ཨུཏྤལ་སྔོན་པོ་དང ། །ཡུངས་ཀར་ཟླངས་ཕྱ་བ་བླ་དང ། །དབང་པོ་ལག་པ་རྒྱ་སྐྱེགས་ཤིང ། །བུ་རམ་ར་ཡི་འོ་མས་བསྡུས། །རྒྱ་ཤུགས་འབྲུ་ཙམ་རིལ་བུ་ལ། །ལན་བདུན་བསྔགས་ཏེ་མཚོར་བསྐྱུར་ན། །ཆར་རྒྱུན་མཚུངས་པ་མེད་པར་འབབ། །མི་འབེབས་ཀླུ་རྣམས་མགོ་གས་ཏེ། །ལུས་ནི་བསྐམས་ཏེ་འཚིག་པར་འགྱུར། །ང་ཡི་ 548b བཀའ་ལས་གང་འདའ་བ། །སྐད་ཅིག་ཉིད་ལ་བརླག་པར་འགྱུར། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཆར་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་གི་སྦྱིན་སྲེག་གི་ཆོ་ག་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ཐབ་དང་རྫས་དང་ལྷ་དང་ནི། །སྔགས་ཀྱི་རིམ་པ་ཕན་ཡོན་རྣམས། །རིམ་པས་མཛེས་མཁོད་ལ་བསྟན། །སྦྱང་བའི་ལས་ནི་སྔོན་འགྲོ་བས། །སོར་ནི་ཉི་ཤུ་རྩ་བརྒྱད་དང ། །བཅུ་དྲུག་བཅུ་བཞི་བཅུ་གཉིས་དང ། །བཅུ་དང་བརྒྱད་ལས་ཆུང་བ་སྤང ། །རིམ་བཞིན་ནད་རྣམས་ཞི་ཞིང་ནོར་འཕེལ་དང ། །རིམས་རྣམས་ཞི་ཞིང་ཞི་ལས་འགྲུབ། །དབང་དུ་བསྡུ་དང་རྒྱས་པ་དང ། །གསོད་པའི་ཐབས་སུ་ཤེས་པར་བྱ། །ཐུར་དུ་རྐོ་བ་སུམ་གཉིས་ཏེ། །ཁ་ཁྱེར་བརྒྱད་ཆ་མཐོ་བའོ། །རིམ་བཞིན་ཕྱེད་ཕྱེད་རྡོ་རྗེས་མཚན། །དཀར་སེར་དམར་ནག་ལྗང་ཁུ་སྟེ། །ལས་དང་འབྲལ་བ་ཤེས་པར་བྱ། །མཆོད་པའི་རྫས་དང་ཡམ་ཤིང་དང ། །དཱུར་བ་ལ་སོགས་བསྲེག་པའི་རྫས། །གཡས་དང་གཡོན་གྱི་རིམ་པ་ཡིན། །རང་ཉིད་རྡོ་རྗེ་འཛིན་པར་བསྐྱེད། །རྒྱས་ལ་དགའ་དང་ཞི་ལ་ནི། །དབང་ལ་ཆགས་པ་ཁྲོ་ལ་བསད། །གཞན་རྩུབ་བསྐྲད་པ་ལ་སོགས་ཡིན། །དམར་བ་མེ་ཕྱོགས་གདུང་བའི་ལས། །བསྐྲད་པ་རླུང་སྟེ་གནོན་པ་ནི། །བདེན་ 549a ༄#། །བྲལ་དབང་དང་དགུག་པ་ཡང ། །ལྷོ་ཡི་ཕྱོགས་སུ་ལྟ་བ་ཡིན། །གསད་ད་དང་དབྱེ་བའང་དེ་བཞིན་ཏེ། །ཤར་ཞི་བྱང་ཕྱོགས་རྒྱས་པ་ཡིན། །ཧཱུཾ་ལས་སྐྱེས་པ་ཁ་དོག་དམར། །མཛེས་པའི་ཞལ་གདངས་ཅུང་ཟད་གནག་།དབྱུག་གུ་རིལ་བ་སྤྱི་བླུགས་དང ། །བགྲང་ཕྲེང་གཡོན་དང་གཡས་སུ་བསམ། །རལ་པའི་ཅོད་པན་གསུས་པོ་ཆེ། །རྒྱན་དང་ལྡན་པ་བསམས་ལ་བསྟིམ། །བསང་གཏོར་འཐོར་འཐུང་མཆོད་ཡོན་དང ། །ཞབས་བསིལ་ལ་སོགས་དབུལ་བར་བྱ། །མེ་ཏོག་ལ་སོགས་རིམ་པ་སྟེ། །གཟར་བུ་གཉིས་ཀྱིས་དགང་བླུགས་དབུལ། །ོཾ་ཨགྣཱ་ཡེ་སཝཱ་ཧཱ། དེ་རྗེས་མེ་ཡི་མཚན་མ་བརྟག་།མདོག་དང་སྒྲ་དང་དྲི་དང་རོ། །དབྱིབས་དང་ཁ་དོག་བལྟ་བར་བྱ། །མེ་ནི་རྩེ་གཅིག་འབར་གྱུར་ན། །བསམ་པ་ཐམས་ཅད་འགྲུབ་པར་སྟོན། །གཉིས་འབར་རྩེ་གསུམ་མི་གཡོན། །འབར་བའི་འབྲས་བུ་ཐམས་ཅད་འཛིན། །རྩེ་བཞི་མཉམ་ཉིད་བརྟན་པ་སྟེ། །རྒྱས་པའི་ལས་ལ་འབྲས་བུ་ཡོད། །ཟླ་འདྲ་སྣུམ་ལ་དྲི་མ་མེད། །དུ་བ་མེད་ཅིང་བཻཌཱུར་འདྲ། །ནད་མེད་རིགས་རྣམས་རྒྱས་པར་བྱེད། །ཆུ་ཤེལ་ནོར་བུ་སྤུང་པ་དང ། །པདྨ་རཱ་ག་གསལ་བ་ནི། །སྡིག་པ་མ་ལུས་ཟད་པར་འགྱུར།། དམང་སེར་པུཎྜ་རི་ཀ་དང ། །བན་དུ་ཁ་དོག་གསལ་བ་ན། །རྒྱལ་སྲིད་དཔལ་རྣམས་འབྱོར་པ་ཡིན། །ུཏྤལ་མ་ལི་ཨུ་ཤིའི་དྲི། །ཙམ་པ་ཀ་དང་སིག་ཀར་དྲི། །ག་པུར་ཨ་ག་རུ་ཡི་དྲིས།། 549b དག་ཞིང་ཚེ་རིང་དཔལ་གྱི་གནས། །ཟབ་པའི་སྐད་དང་དུང་དང་ནི། །རྫ་ཀ་པི་ཝང་ཌཱ་མ་རུ། །དེ་ཡི་སྒྲས་ནི་བདེ་བ་འཕེལ། །དཔལ་བེའུ་བཀྲ་ཤིས་གཟུགས་སུ་འཆར། །རྒྱལ་མཚན་རྔ་ཡབ་ཕྱག་མཚན་རྣམས། །རིན་ཆེན་གདུགས་ཀྱིས་དབྱིབས་སུ་འཆར། །དགེ་བ་མེ་ཡི་དབྱིབས་སུ་བསྟན། །ངན་པ་དེ་ལས་ཅི་རིགས་བཟློག་།དེ་རྗེས་རྫས་ཀྱི་རིམ་པ་ནི། །ོཾ་ཨང་ཡེ་ཨ་མཱུ་ཀ་སྱ་ཤིནྟཾ་ཀུ་རུ་ཡེ་སཝཱཧཱ། བསྲེག་བླུགས་སོ། །ོཾ་བོ་དྷི་བྲྀ་ཀྵཱ་ཡ་སཝཱཧཱ། ཨ་ཤཝད་ཐའི་འོ། །ོཾ་བཛྲ་ཏ་ལཱ་ཡ་སཝཱཧཱ། བླག་ཤའི་འོ། །ོཾ་བཛྲ་ཀུ་བེ་རཱ་ཡེ་སཝཱཧཱ། འོ་མ་ཅན་གྱི་ཤིང་གིའོ། །ོཾ་བཛྲ་ཤ་མ་ཛཱ་ལཱ་ཡ་སཝཱཧཱ། ཨུ་དུམ་ཝཱ་རའི་འོ། །ོཾ་སརྦ་བཱ་པཾ་ད་ཧ་ན་བཛྲ་སཝཱཧཱ། ཏིལ་གྱིའོ། །ོཾ་བཛྲ་པུཥྚ་ཡེ་སཝཱཧཱ། འབྲས་སོ་བའི་འོ། །ོཾ་བཛྲ་སཾ་བ་དེ་སཝཱཧཱ། ཞོ་དང་ཟན་གྱིའོ། །ོཾ་བཛྲ་ཨཱ་ཡུ་ཥེ་སཝཱཧཱ། དཱུར་བའི་འོ། །ོཾ་བཛྲ་པྲ་ཏཱི་ཧ་ཏ་བཛྲཱ་ཡ་སཝཱཧཱ། ཀུ་ཤའི་འོ། །རྫས་རྣམས་རང་སྔགས་ཅི་རིགས་དབུལ། །བསྟོད་ཅིང་གསོལ་བའི་ལས་བྱ་སྟེ། །མེ་ཡི་སྙིང་གར་དཀྱིལ་འཁོར་མཆོད། །གསད་ལ་སོགས་པ་རིམ་པ་བཞིན། །སྔར་བསྟན་པ་ལས་ཤེས་པར་བྱ། །དེ་རྗེས་ལྷག་མས་ཅི་རིགས་མཆོད། །ཞུ་བ་ལ་སོགས་རྫས་རྣམས་ནི། །ལྷ་ཡི་ཞལ་དུ་མཆོད་པར་བྱ། །ཡམ་ཤིང་ཀུ་ཤ་ལ་སོགས་པ།། འོད་ལ་མཆོད་པར་བྱ་བ་ཡིན། །ཕྱག་ཏུ་ཞལ་ཟས་འཐོར་འཐུང་དབུལ། །མེ་ཏོག་བདུག་བ་དབུ་དང་འོད། །ཐིག་ལེ་སྙིང་ག་བསང་གཏོར་ཡང ། །སྐུ་ལ་ཕུལ་ཏེ་ཞབས་བསིལ་ཞབས། །མར་མེ་ལ་སོགས་ 550a ༄#། །རིམ་བཞིན་གནས། །དཀྱིལ་འཁོར་བསྡུ་གཤེགས་རིམ་པ་རྣམས། །མཁས་པས་ཉེ་བར་བརྟགས་ཏེ་བྱ། །དཀྱིལ་འཁོར་ལྷས་ནི་མཆོག་སྟེར་བ། །མེ་ཡིས་འདོད་པའི་དོན་གྲུབ་བྱེད། །ལག་པན་གྱིས་ནི་བདེ་བ་འབྱིན། །འོ་མ་སྦྲང་རྩིས་རིག་པ་འཕེལ། །གྲོ་དང་སྲན་མས་ནད་ཀུན་སེལ། །དཱུར་བས་སྲོག་ནི་འཛིན་པར་བྱེད། །ནས་ཀྱིས་བརྩོན་འགྲུས་ལ་དབང་སྟེ།། སྟོབས་འཕེལ་མཱ་ཤཱ་ཀ་ཡིན་ནོ། །འབྲུ་འཕེལ་སོ་བའི་ལས་ཡིན་ཏེ། །སྡིག་པ་འདག་པ་ཏིལ་ཡིན་ནོ། །འབྲས་ཀྱིས་ནུས་པ་འཕེལ་བྱེད་པ། །ཞི་ལ་ཡུངས་ཀར་ཀུ་ཤས་བསྲུང ། །དཔལ་བསྐྱེད་པ་ནི་བུད་ཤིང་སྟེ། །ཡམ་ཤིང་གཟི་བྱིན་སྟེར་བར་བྱེད། །འབྱོར་བ་འཕེལ་བ་མར་ཡིན་ནོ། །སྦྱིན་བདག་བཀྲ་ཤིས་ཐབ་ཡིན་ཏེ། །དངོས་གྲུབ་ཀུན་སྟེར་མཆོད་པའི་རྫས། །ཐབས་དང་ཤེས་རབ་གཟར་བུ་སྟེ། །བདུད་རྩི་མར་གྱིས་ཚིམ་བྱེད་པ། །མཆོད་པ་གཞན་གྱིས་ཅི་ཞིག་བྱ། །འདི་ནི་མཛེས་མའི་ཡུལ་ཡིན་གྱིས། །གཞན་གྱིས་རྟོགས་པར་ག་ལ་འགྱུར། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་སྦྱིན་སྲེག་གི་ཆོག་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་བ། རྡོ་རྗེ་འཆང་ཁྱོད་ཀྱི་གསང་བའི་མཚན་ཉི་ཤུ་རྩ་གཅིག་གི་བསྟོད་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ 550b ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ང་ཡི་མིང་ནི་ཉི་ཤུ་གཅིག་།དུས་གསུམ་སངས་རྒྱས་རྣམས་ཀྱིས་གསུང ། །མི་འགྱུར་གཡུང་དྲུང་དབང་བསྐུར་ཏེ། །འདི་དག་མཛེས་མ་ཁྱོད་ལ་བསྟན། །ན་མོ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཙཎྜ་བཛྲ། ན་མོ་གྷ་ཛ་ཀྲོཎྞ་བྷོ་ཙྞྜ་བཛྲ་ན་མཿ ་སུ་བྷུ་ཥ་ནི་ས་བྷྱོ་ཙཎྜ་བཛྲ། ན་མོ་རཏྣ་གུ་ཎ་ཀ་ར་སི་ཙཎྜ་བཛྲ། ན་མོ་བྷ་ག་བན་པྲཛྙཱ་དྷ་སཱི་ར་ཙཎྜ་བཛྲ། ན་མཿ ་ཨཱ་རྱ་གྷོ་ཥ་སཱིནྣ་ཙཎྜ་བཛྲ། ན་མཿ པྲ་ས་རཱ་ཡི་ཏོ་སཱི་ཙཎྜ་བཛྲ། ན་མོ་བཛྲ་ལ་ཨར་ཙི་ཤི་སཱི་ཙཎྜ་བཛྲ། ན་མཿ ་སཱ་རུ་པ་ནོ་ཕ་ལ་ཙཎྜ་བཛྲ། ན་མོ་དུར་དཱན་ཏད་མ་ཀ་མ་བ་རཿ ་ཙཎྜ་བཛྲ། ན་མཿ བྷེ་ར་བ་བྷ་ས་ཏཱ་རུ་པི་བྷིཿ ་ཙཎྜ་བཛྲ། ན་མོ་དྲོ་མོ་ཀྲོ་དྷ་བི་གྲ་ཧ་རཱུ་པི་བྷིཿ ་ཙཎྜ་བཛྲ། ན་མཿ ་ཙ་ཏུ་ར་སྨཱ་རཱ་རི་ཥི་སིནྣ་ཙཎྜ་བཛྲ། ན་མོ་མཧཱ་བ་ལ་བ་རཱ་ཀྲ་མ་ཙཎྜ་བཛྲ། ན་མོ་ནཻ་རཱཏྨ་སིདྷ་ནིརྣ་ཏཱ་ཙཎྜ་བཛྲ། ན་མ་ན་མོ་ཨ་མོ་གྷ་ཛ་ག་དརྠ་ཀྲིད་ཙཎྜ་བཛྲ། ན་མོ་དཱ་ཤ་དི་ཀ་བི་ཤཝ་ནི་ར་མཱ་ཎི་ཙཎྜ་བཛྲ། ན་མོ་ཧ་ཧཱ་སཏྭ་སོ་ནི་ར་གྷོ་ཥ་ཙཎྜ་བཛྲ། ན་མོ་ཨ་ཙ་ལོ་ཧི་ཀ་ཛ་ཏ་ཏོ་ཙཎྜ་བཛྲ། ན་མཿ ་པཉྩ་བུདྡྷ་ཏ་མ་མཱུ་ཀུ་ཊ་ཙཎྜ་བཛྲ། ན་མོ་བཛྲ་མཧཱ་བྷེ་ཤ་ཡུདྡྷ་རོད་ཙཎྜ་བཛྲ། རྡོ་རྗེ་གཏུམ་པའི་མཚན་ཉི་ཤུ་རྩ་གཅིག་པོ་འདི་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཡིད་ལ་བྱེད་པ་དང ། འབྲི་བ་དང ། འདྲིར་འཇུག་པ་དང ། གླེགས་བམ་དུ་བྱས་ཏེ་འཆང་བ་ལ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་སྐྱོང་བར་འགྱུར་རོ། །སྲུང་བར་འགྱུར་རོ། །སྲེད་བར་འགྱུར་རོ། །སྐྱོབ་པར་འགྱུར་རོ། །མཚན་འདི་རྣམས་འཛིན་པ་དེ་མཚམས་མེད་པ་ལྔ་ 551a ༄#། །བྱས་པའི་སྡིག་པ་ཡང་བྱང་བར་འགྱུར་རོ། །ལན་ཅིག་ཙམ་བརྗོད་པས་ཀྱང་བསྐལ་བ་བྱེ་བ་ཕྲག་དགུ་བཅུའི་བར་དུ་སེམས་ཅན་དམྱལ་བ་རྣམས་སུ་མི་སྐྱེའོ། །ངན་འགྲོ་གཞན་ཡང་སྤངས་པ་ཡིན་ནོ། །ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །རྡོ་རྗེ་འཆང་ལྔ་བརྒྱ་ཡང་རྟག་ཏུ་མཚན་འདི་འཛིན་པའི་ཕྱི་བཞིན་རྗེས་སུ་འབྲང་ངོ ། །གདུག་པ་ཅན་གྱི་ཀླུ་རྣམས་ཀྱིས་མི་འཚེ་ཞིང་སླར་ལོངས་སྤྱོད་སྣ་ཚོགས་སྦྱིན་ནོ། །འཆི་བའི་དུས་སུ་ཡང་བཻ་དཱུརྱ་ལྟ་བུའི་སྐུ་ལུས་བསྟན་ཏེ། རང་གི་གནས་སུ་ཁྲིད་པར་འགྱུར་རོ། །མཚན་འདི་གནས་པའི་ས་དེ་ནི་ལྕང་ལོ་ཅན་དང་མཚུངས་པ་ཡིན་ནོ། །མི་དང་མི་མ་ཡིན་པ་གདུག་པ་ཅན་རྣམས་ཀྱིས་ནམ་ཡང་གནོད་པ་བྱེད་པར་མི་འགྱུར་རོ། །གྲུབ་པ་བརྒྱ་དང་སངས་རྒྱས་ཀྱང་སྟེར་བར་བྱེད་ན། གཞན་ལྟ་ཡང་ཅི་སྨོས་ཏེ། མཚན་འདི་དག་རིན་པོ་ཆེ་དང་འདྲ་བར་བལྟ་བར་བྱའོ། །འདི་ནི་དུས་གསུམ་སངས་རྒྱས་ཀྱིས། །ཆེད་དུ་བརྗོད་པ་རིན་པོ་ཆེ། །གདུག་པ་ཐམས་ཅད་འཇོམས་པར་བྱེད། །དཔལ་དང་གཟི་བརྗིད་འཕེལ་བ་ཡིན།། ཕྲིན་ལས་སྒོ་རྣམས་ཐོགས་པ་མེད། །འདི་ནི་རྡོ་རྗེ་འཆང་ཡིན་པས། །ཉིན་མཚན་དུས་གསུམ་ཀློག་པ་ཡིན། །ཕྱི་བཞིན་རྟག་ཏུ་སྲུང་བར་བྱེད། །ནད་དང་གདོན་རྣམས་ཀུན་ལས་ཐར། །སྨན་ཆེན་ཉེས་པ་ཐམས་ཅད་འཛོམས། །འབྱུང་པོ་ཀུན་གྱིས་བ་ཀུར་བ་སྟེ། །མཛེས་མ་ཁྱོད་ལ་བསྟན་པ་ཡིན། །འདི་ནི་རྣམ་དག་ལེགས་པའི་ལམ། །སུ་འཆང་ལག་ན་དཔལ་གནས་ཏེ། །རྟག་ཏུ་མཚན་འདི་བརྗོད་པར་ 551b གྱིས། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་མཚན་ཉི་ཤུ་གཅིག་གིས་བསྟོད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་གི་རྒྱུད་འདི་བཤད་པ་དང ། སྦ་བ་དང ། ཇི་ལྟར་གཟུང་བའི་ཆོ་ག་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། ། བདག་མེད་ཤེས་རབ་མ་ཡི་མཆོག་།ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ཕྱི་མའི་དུས་སུ་ང་ཡི་རྒྱུད། །གསང་བ་སྐུ་གསུང་ཐུགས་ཀྱི་གཏེར། །བླ་མེད་རྒྱུད་རྒྱལ་རིན་ཆེན་འདི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །ཐོས་མང་ཤེས་རབ་མཆོག་ཏུ་གསལ། །དད་པ་ཆེ་ཞིང་ལྷ་ལ་གུས། །བླ་མ་བསྟེན་ཅིང་དབང་བསྐུར་ཐོབ། །དམ་ཚིག་སྡོམ་པ་མ་ལུས་ལྡན། །བརྩོན་འགྲུས་ཆེ་ལ་གཞན་དོན་དཔའ། །འཇིག་རྟེན་བདེ་ལ་མ་ཆགས་པས། །རྒྱུད་འདི་མཉན་དང་བཤད་པར་བྱ། །དེ་ལས་བཟློག་པའི་གང་ཟག་ལ། །མིང་ཙམ་བསྟན་པར་མི་བྱའོ། །གལ་ཏེ་བསྟན་པར་གྱུར་པ་ན། །སྔགས་པ་དམ་ཚིག་ཉམས་གྱུར་ཏེ། །ནད་གདོན་འབྱུང་པོ་མ་ལུས་པས། །ཉེ་བར་གཙེས་ཏེ་འཆི་བར་འགྱུར། །དེ་ནས་མནར་མེད་སྡུག་བསྔལ་ནི། །གྲངས་མེད་འདས་ཀྱང་ཐར་མི་འགྱུར། །དེ་བས་གསང་བ་སྐུ་གསུང་ཐུགས། །སྙིང་པོ་དམ་པ་འདི་དག་ལ། །རྒྱ་ཡིས་བཏབ་སྟེ་མཆོད་པ་དང ། །བསྟོད་ཅིང་སྦ་བ་བྱས་གྱུར་ན། །ཡིད་ལ་རེ་བ་ཀུན་རྫོགས་ཤིང ། །འཇིག་རྟེན་ཐམས་ཅད་བདེ་བར་འགྱུར། །གླེགས་བམ་སོར་ནི་བཅུ་དྲུག་ལ། །རིམ་བདུན་ 552a ༄#། །བརྒྱ་ཡིས་བཏབ་ནས་ཀྱང ། །རྟག་ཏུ་སྤྱི་བོའི་གཙུག་ཏུ་གཟུང ། །འདི་དང་བྲལ་བར་མ་གྱུར་ན། །བསྙེན་པ་དེ་ཡིན་བསྒྲུབ་པ་དེ། །སྒྲུབ་པ་ཆེན་པོའང་དེ་ཡིན་ཏེ། །སྔགས་ཀྱང་དེ་ཡིན་ལྷ་ཡང་དེ། །བླ་མ་དེ་ཡིན་སློབ་དཔོན་ཡང ། །སངས་རྒྱས་ཆོས་དང་དགེ་འདུན་ཡང ། །དེ་ཡིན་བསྐྱེད་དང་རྫོགས་པ་དེ། །མ་ལུས་དབང་ཡང་དེ་ཡིན་ཏེ། །འཇིག་རྟེན་བྱ་བ་ཀུན་སྤངས་ནས། །འདི་ལ་མཆོད་པར་གྱུར་པ་ནི། །ཚོགས་གཞན་ཅི་ཡོད་རྨོངས་པའི་རྒྱུ། །ཅི་ཕྱིར་འདི་ལ་འབད་མི་བྱེད། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཡུམ་ལ་རྗེས་སུ་གཏད་པའི་དོན་བསྟན་པ་ནི། སངས་རྒྱས་ཀུན་གྱི་ཡུམ་ཆེན་མོ། །རྡོ་རྗེ་བདེ་མ་བདེ་སྟེར་མ། །རྟོག་པ་གཅོད་མཛད་ཡུམ་ཁྱོད་ལ། །རྒྱུད་འདི་གཏད་ཀྱིས་ལེགས་པར་ཟུང ། །གཟུངས་མ་ཡིད་འོང་རྒྱལ་བའི་ས། །རྣམ་དག་མཆོད་ཅིང་སྡུག་བསྔལ་འཇོམས། །མ་ལུས་འགྲོ་བ་འདྲེན་པའི་དཔལ། །རྡོ་རྗེ་བདེ་མ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་རྒྱུད་གཏད་དོ། །དེ་ནས་ཡུམ་གྱིས་རྗེས་བཟུང་སྟེ། །དུས་གསུམ་བདེ་གཤེགས་མ་ལུས་པའི། ། ཐུགས་ཀྱི་སྲས་པོ་སྡེ་དཔོན་ཆེ། །འཇིག་རྟེན་ཐམས་ཅད་འདུལ་མཛད་པ། །དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །གཏུམ་པོ་དཔའ་བོ་འཇིགས་པར་བྱེད། །ཀླུ་འདུལ་གཞན་གྱིས་མི་ཐུབ་པ། །དྲག་པོ་འཇིགས་པར་བྱེད་པའི་ལྷ། །རྡོ་རྗེ་གཏུམ་པོ་ཁྱོད་ཕྱག་འཚལ། །ཞེས་བསྟོད་ནས་ཕྱག་དང་བསྐོར་བས་མཉེས་པར་བྱས་ནས། །སླར་ཡབ་ཀྱི་ཐུགས་ཀའི་རྡོ་རྗེའི་ལྟེ་བར་ཐིམ་པར་གྱུར་ཏོ། །དེ་ནས་འཁོར་ཐམས་ 552b ཀྱིས་མཆོད་པས་མཆོད་ཅིང་བསྟོད་པས་བསྟོད་དེ། གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་གསུངས་བ་ལེགས་སོ་ལེགས་སོ། །ཞེས་མངོན་པར་མགྲིན་གཅིག་ཏུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། །རྡོ་རྗེ་འཆང་ཆེན་པོས་གསུངས་པ་ལ་མངོན་པར་དགའ་ནས་ཡི་རང་སྟེ་མངོན་པར་བསྟོད་པར་གྱུར་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས། །རྒྱུད་ཇི་ལྟར་བསྟན་ཅིང་སྦ་བ་དང་རྗེས་སུ་ཡི་རངས་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཝ་ལ་ཙཎྜ་གུ་རུ་ཆེན་པོ་དང ། བོད་ཀྱི་ལོ་ཙྪ་བ་གླན་ཆུང་དར་མཚུལ་ཁྲིམས་ཀྱིས་བྱང་ཕྱོགས་ཤམྦྷ་ལའི་དཔེ་དང་བསྟུན་ཏེ་བསྒྱུར་བའོ། །སླད་ཀྱིས་ཡུལ་དབུས་ཀྱི་དཔེ་དང ། ཁ་ཆེ་ནས་བྱུང་པ་དང་བསྟུན་ནས་ལེགས་པར་གཏན་ལ་ཕབ་པའོ།། |