rKTs


H440

(e-text produced by ACIP)

see text in transliteration
424b
།།རྒྱ་གར་སྐད་དུ། ཤྲི་རཀྟ་ཡ་མཱ་རི་ཏནྟྲ་ར་ཛ་ནཱ་མ། བོད་སྐད་དུ། དབལ་གཤིན་རྗེ་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་
425a
༄#། །བྷ་ག་རྣམས་ལ་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང་བ་ལས་ཤིན་ཏུ་གསང་བའི་མཆོག་།ེ་མ་ཧོ། ཕྱག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོའི་རྡོ་རྗེ། ཞེ་སྡང་རྡོ་རྗེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་པོ་གཤིན་རྗེ་གཤེད་དམར་པོའི་སྐུ་ཉོན་ཅིག་།ཕྱག་ན་རྡོ་རྗེ་གསོལ་པ། གཤིན་རྗེ་འཇོམས་པ་པོ་རྣམས་ཇི་སྙེད་ལགས་པ་འདིར་བཤད་དུ་གསོལ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང ། ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དང ། འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དང ། ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་ཅེས་བྱའོ།། རྡོ་རྗེ་ཙ་རྩི་ཀ་དང ། རྡོ་རྗེ་ཕག་མོ་དང ། རྡོ་རྗེ་དབྱངས་ཅན་མ་དང ། རྡོ་རྗེ་གཽ་རི་རྣམས་ཀྱང་ངོ ། །ཟུར་དུ་བུམ་པ་བཞི་རྣམས་སོ། །དེ་ལྟར་རབ་ཏུ་བསོར་\?\་བའི་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོ་རྣམས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ། རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བོས་པར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་།བདུན་ཐམས་ཅད་ངེས་པར་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཉིད་ཀྱི་སྐུ་དང་གསུང་དང་
425b
ཐུགས་རྡོ་རྗེ་རྣམས་ལས་ཕྱུང་བར་མཛད་པ་ནི་།སྔགས་ཀྱི་དགུག་དང་དབང་ཆེན་དང ། །དེ་བཞིན་ནུས་པ་རྣམ་མང་པོ། །རལ་གྲི་སྒྲུབ་དང་རྒྱལ་སྲིད་དང ། །ཕ་རོལ་སྡེ་ནི་རྣམ་འཇོམས་དང ། །མི་སྣང་མིག་སྨན་བཅུད་ཉིད་དང ། །ངེས་པར་གྲིག་ལ་འཕྲོག་པར་མཁས། །རོ་ལངས་གནོད་སྦྱིན་སྒྲུབ་པ་དང ། །སྦྲུལ་དང་གདུག་པའི་ཚོགས་སྲུང་དང ། །སྦྱིན་སྲེག་དཀྱིལ་འཁོར་ལས་རྣམས་དང ། །བྱང་ཆུབ་སེམས་ནི་རྣམ་དཔྱོད་དང ། །ཉེར་མཁོ་ཐམས་ཅད་སྤྱོད་པ་དང ། །ཕ་རོལ་གྲོང་དུ་རབ་འཇུག་པའོ། །འོད་ཟེར་ལྡན་ནི་མཉམ་འཁྲིགས་པའི། ། རྡོ་རྗེ་སྲུང་བའི་དོན་བསྒོམ་བྱ། །ས་ཡི་ཆ་ཡང་རྡོ་རྗེ་ཡིས། །དེ་བཞིན་ར་བ་དང་ནི་གུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ་པོ་བདུད་ཐམས་ཅད་རྣམ་པར་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ཐམས་ཅད་ཀྱི་ས་བོན་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ལས་ངེས་པར་ཕྱུང་ངོ ། །དབུས་སུ་ཡའོ། །ཀྵེ་མ་མེ་དང་ཡཙྪ་ན་རཱི་ཛ་དོ་རུ་ཎ་ཡོ་ནི་ར་ཡ་ཡིག་ལ་སོགས་པ་གཤིན་རྗེ་འཇོམས་པར་འགྱུར་རོ། །གཏི་མུག་ཀྵེ་ཡིག་ལ་བརྗོད་བྱ། །ཕྲ་མ་ཉིད་བརྗོད་མ་ཡིག་ལའོ། །འདོད་ཆགས་ཉིད་ཀྱང་མེ་ཡིག་ལ། །ད་ཡིག་ལ་ཡང་ཕྲག་དོག་ཡིན། །ལྔ་རྣམས་གཤིན་རྗེ་འཇོམས་པར་བསྒྲགས། །ཛ་ཡིག་ཙརྩི་ཀ་རུ་བརྗོད།།
426a
༄#། །ས་ཡིག་ལ་ནི་ཕག་མོ་སྟེ། །དབྱངས་ཅན་མ་བརྗོད་དོ་ཡིག་ལ། །རུ་ཡིག་ལ་ནི་གཽ་རཱ་རི་འདོད། །ཎ་ཡོ་ནི་ར་ཟུར་བཞི་རུ། །མི་ཡི་ཐོད་པ་བཞི་རྣམས་སོ། །དེ་ནས་ངེས་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་གཤིན་རྗེ་གཤེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་སྡང་ཆེན་པོའི་རིགས་འདི་སྒོམ་པའི་རྣལ་འབྱོར་འདི་གསུངས་སོ། །སྦྱིན་པ་ཚུལ་ཁྲིམས་བཟོད་པར་ལྡན། །བློ་བཟང་སེམས་ཅན་དོན་དང་གཅིག་།བྱམས་སོགས་ཡོན་ཏན་ཡང་དག་རྫོགས། །དད་དང་ཐོས་པས་རྣམ་པར་བརྒྱན། །བརྩེ་བའི་བདག་ཉིད་ཅན་སྔ་དྲོ། །ཐོག་མར་ཁ་སོགས་དག་བྱས་ཏེ། །སྐྱེ་བོས་དབེན་ཕྱོགས་དུར་ཁྲོད་སོགས། །བདེ་བའི་སྟན་ལ་རང་བརྩམ་བྱ། །རང་ཉིད་པདྨར་ཉི་མ་ལ། །རྣམ་བཀོད་ཤིན་ཏུ་གསལ་བའི་བལྟ། །དེ་འོད་རྣམས་ཀྱིས་སེམས་ཅན་དོན། །ཕུན་ཚོགས་བྱས་ནས་སྤྱན་དྲངས་ཏེ། །བླ་མ་རྫོགས་སངས་རྒྱས་བསྒོམ་བྱ། །མ་ལུས་མཁའ་དཀྱིལ་རྣམས་ཁྱབ་པ། །དམིགས་ཏེ་དེ་རྣམས་ལ་ནི་ཕྱག་།ལུས་ཀྱི་ཚོགས་ཀྱིས་རྣམ་པར་བརྩོན། །ཙརྩི་ཀ་སོགས་རྣམས་ཀྱིས་མཆོད། །དེ་ནས་སྡིག་པ་རབ་བཤགས་བྱ། །ལུས་ངག་ཡིད་ཀྱིས་ཡང་དག་སྡིག་།བྱས་དང་བྱེད་འགྱུར་དེ་བཞིན་དུ། །གང་ཡང་རྗེས་སུ་ཡི་རང་བ། །མགོན་པོ་དུས་གསུམ་
426b
བྱས་དེ་བཤགས། །རྫགས་སངས་རྒྱས་དང་མཚུངས་རྣམས་ཀྱི། །བསོད་ནམས་ཚོགས་ལ་རྗེས་ཡི་རང ། །རྫོགས་པའི་སངས་རྒྱས་དམ་ཆོས་བཅས། །ཚོགས་མཆོག་རྣམས་ལ་སྐྱབས་སུ་མཆི། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །རང་ལུས་དག་ནི་དབུལ་བར་བགྱི། །དམ་ཆོས་ཐམས་ཅད་སྟོན་མཛད་ཅིང ། །ཤིན་ཏུ་མཐར་ཐུག་མཇེས་པར་བཞུགས། །ཡང་དག་རྫོགས་སངས་རྒྱས་དམ་ཆོས། །དེ་ཉིད་སྦྱིན་སོགས་རང་བཞིན་ལ། །སྐུ་གསུམ་ཡེ་ཤེས་ཐོབ་ཕྱིར་དུ། །རབ་ཏུ་དང་བས་གནས་པར་བགྱི། །སེམས་ཅན་རྣམས་ཀྱི་དོན་བསྒྲུབ་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །བསོད་ནམས་ཡང་དག་ཉེར་སྒྲུབ་གང ། །རྫོགས་པའི་བྱང་ཆུབ་ཏུ་ཡོངས་བསྔོ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དུ། །གྱུར་ནས་བདག་གིས་འགྲོ་ཕན་བགྱི། །སྨོན་ལམ་འདི་ནི་བཏབ་བྱས་ཏེ། །དེ་དང་དེ་རྣམས་བློས་གཤེགས་བྱ། །བརྩེ་བས་ཆོ་ག་བཞིན་བལྟས་ཏེ། །སྣ་ཚོགས་སྟོང་པར་རྣམ་བསམ་བྱ། །སྦྱོར་བ་བྲལ་བའི་རང་བཞིན་ཏེ། །རྒྱུ་ཉིད་ཀྱིས་དང་མཚན་མ་མེད། །རྣམ་པར་རྟོག་དང་བྲལ་ཉིད་ཕྱིར། །སྨོན་པ་རྣམ་པར་སྤངས་པའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་སཝཱ་བྷ་ཝ་ཨཱཏྨ་ཀོཉཧཾ། ཡཾ་རཾ་བཾ་ལཾ་དཀྱིལ་འཁོར་བཞི། །བསྡུས་པའི་བྷྲུཾ་ཡིག་ལས་སྐྱེས་པའི། །ཁང་པ་བརྩེགས་པ་བསྒོམ་པར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་སྟེ། །དོ་
427a
༄#། །ཤལ་དོ་ཤལ་ཕྱོད་པས་སྤྲས། །ལྷ་དང་ལྷ་མོས་ལེགས་པར་མཛེས། །སྣ་ཚོགས་རྩེ་མོ་རླུང་བསྐྱོད་པའི། །བདན་དྲིལ་བུ་མཉམ་པར་ལྡན། །དེ་ཡི་དབུས་གནས་པཾ་ཡིག་གིས། །སྣ་ཚོགས་པདྨ་རྣམ་བསམ་བྱ། །དེར་ནི་ལྟེ་བའི་དབུས་གནས་པའི། །སྣ་ཚོགས་རྡོ་རྗེ་དབྱུག་པར་བཅས། །མཚན་མ་མཐའ་དག་ཡོངས་གྱུར་ནས། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །པདྨ་ཉི་མ་མཉམ་མནན་ཅིང ། །མ་ཧེ་དམར་པོའི་སྟེང་བཞུགས་པ། །གཡོན་བརྐྱང་པ་ཡི་ཞབས་ཀྱིས་ནི། །བདུད་རྣམས་ཐམས་ཅད་ངེས་འཇོམས་པ། །ཉི་མ་བྱེ་བའི་འོད་ལྡན་ལྷ། །རོ་ལངས་མ་ཡིས་མགྲིན་མཁྱུད་ཅིང ། །དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། །ཀླུ་ནི་བརྒྱད་ཀྱིས་རྣམ་པར་བརྒྱན། །སྤྱན་གསུམ་དམར་པོ་འཇིགས་པ་སྟེ། །ཁྲག་ལྡན་མགོ་བོའི་ཕྲེང་བ་ཅན། །གཡས་ན་རྡོ་རྗེ་དབྱུག་པ་དང ། །གཡོན་ན་ཐོད་པ་འཛིན་པའོ། །ཁྲོ་བོ་ཞལ་དང་མཉམ་ལྡན་ཞིང ། །ལྗགས་འདྲིལ་མཆེ་བ་གཙིགས་པ་ཅན། །ཁྲོ་གཉེར་ལྡན་ཞིང་སྐུ་རྒྱས་པ། །སྟག་གི་པགས་པས་རྐེད་པ་གཡོགས། །ཐུང་ཞིང་གསུས་འཕྱང་འཇིགས་པར་བྱེད། །དྲི་མེད་དག་པའི་འོད་ཟེར་འབར། །རོ་ལངས་མ་ཡི་གཡས་པ་ན། །གྲི་གུག་གཡོན་ན་ཐོད་པ་ཅན། །སྤྱན་གསུམ་ལྡན་ཞིང་སྐྲ་གྲོལ་བ། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །མགོ་ཡི་ཕྲེང་བ་
427b
མཉམ་ལྡན་ཞིང ། །གཙོ་བོའི་མཆུ་ལ་མྱང་བ་མོ། །ཤར་གྱི་འདབ་མ་ལ་གཏི་མུག་རྡོ་རྗེ་དཀར་པོ་རྡོ་རྗེ་ཙ་རྩི་ཀཱ་དང་སྙོམས་པར་ཞུགས་སོ། །ལྷོའི་འདབ་མ་ལ་ཕྲ་མ་གཤིན་རྗེ་གཤེད་སེར་པོ་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའོ། །ནུབ་ཀྱི་འདབ་མ་ལ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་རྡོ་རྗེ་དབྱངས་ཅན་མ་དང་སྙོམས་པར་ཞུགས་པའོ། ། བྱང་གི་འདབ་མ་ལ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་རྡོ་རྗེ་གཽ་རཝི་དང་སྙོམས་པར་ཞུགས་བའོ། །ཙརྩི་ཀཱ་ནག་མོ། ཕག་མོ་སེར་མོ། དབྱངས་ཅན་མ་དཀར་མོ། གཽ་རཱི་ལྗང་གུ་།གཡོན་པ་ན་ཐོད་པ་དང ། གཡས་པ་ན་གྲི་གུག་སྟེ། ཕྱག་དང ། ཞལ་དང ། དབྱིབས་ནི། དཔའ་བོ་ཇི་ལྟ་བ་བཞིན་ནོ། །མེའི་ཟུར་དུ་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བའོ། །བདེན་བྲལ་དུ་གསེར་གྱི་བུམ་པ་གླ་རྩིས་གང་བའོ། །རླུང་དུ་བྱི་རུའི་བུམ་པ་སིཧལས་གང་བའོ། །དབང་ལྡན་དུ་དངུལ་གྱི་བུམ་པ་ག་བུར་གྱིས་གང་བ་སྟེ་ཐོད་པས་ཁ་བཅད་པ་རྣམ་པར་སྒོམ་པའོ། །ཁྲོ་བོ་འཆིང་བའི་སྔགས་གསུངས་པ། གཙོ་བོ་དཔའ་བོའི་ནི། ཨོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། སྙིང་པོའི་སྔགས་སོ། །ོཾ་ཧཽཾ་ཀྵཽ་ཀྵ་ཡཾ་ཀ་རཱ་ཡ། གྲིཧྣ་གྲིཧྣ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །ོཾ་མ་ཧཱ་ཡཀྵ་སེ་ནཱ་དྷི་པ་ཏ་ཡོ་མ་ཧཱ་དུར་དཱནྟ་ད་མ་ཀཱ་ཡ་ནཱ་ཤ་ལ་ནཱ་ཤ་ཡ། བི་དྲཱ་པ་ཡ་བི་དྲཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་
428a
༄#། །ཕཊ་སཝཱཧཱ། ཕྲེང་བའི་སྔགས་སོ། །ོཾ་དྭེ་ཥ་ར་ཏི་ནུ་ད་ནུ་ད་ཏྲུ་ཊ་ཏྲུ་ཊ་ཧཱུཾ་ཛཿ ་སཝཱཧཱ། རྗེ་བཙུན་མའི་སྔགས་སོ། །ོཾ་མོ་ཧཱ་ནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པི་ཤུ་ནཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ར་གཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱི་ར་ཥྱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། དཔའ་བོ་བཞིའི་སྔགས་སོ། །ོཾ་མོ་ཧ་ར་ཏི་ཧཱུཾ་ཛཿ ་ཨོཾ་པི་ཤུ་ན་ར་ཏི་ཧཱུཾཿ ་ཛཿ ། ཨོཾ་རཱ་ག་ར་ཏི་ཧཱུཾཿ ་ཛཿ ། ཨོཾ་ཨིར་ཥྱ་ར་ཏི་ཧཱུཾ་ཛཿ ། དཔའ་བོའི་དབང་ཕྱག་\?\་མ་བཞིའི་སྔགས་སོ། །ོཾ་མརྨེ་མརྨ་བི་གྷ་ཏེ། ཨོཾ་བཛྲ་ཙརྩི་ཀེ་།ཧ་ར་ཧ་ར། བུཀྐཾ་མཱ་ར་ཡ། ཨ་མུ་ཀཱ་ཡ་ཛཿ ། ཨོཾ་གྷོ་ཎེ།་སུ་གྷོ་ཎེ། བཛྲ་མཱ་མ་ཀཱི་།བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར་ཧཱུཾ་ཛཿ ། ཨོཾ་མརྨེ་མརྨ་ཀྵོ་བྷ་ཎི་བཛྲ་ས་ར་སཝ་ཏི། ད་ར་ད་ར། ཐ་ར་ཐ་ར། ཕ་ར་ཕ་ར། ཀཾ་པ་ཀཾ་པ། དྷུ་ན་དྷུ་ན་ཧཱུཾ་ཨ་མུ་ཀཾ་ཛཿ ། ཨོཾ་གཾ་བྷཱི་རེ། བཛྲ་ཀརྟི་ཀེ་།གྷ་གྷ་རཀྟ་ཤོ་ཎི་ཏ་བྲི་ཡེ། གཽ་རཱི་ཡེ་ཨ་མུ་ཀཾ་ཛཿ ། གདེངས་ཅན་མཐའ་ཡས་སྔོན་པོ་ཡིས། །སྐྲ་བཅིངས་ཤིན་ཏུ་འཇིགས་པར་མཛད། །ཀླུ་ནི་འཇོག་པོ་དམར་པོ་ཡིས། །རྣ་བར་དྲག་པོའི་རྣ་རྒྱན་བྱས། །རིགས་ལྡན་སྣ་ཚོགས་དཔུང་པའི་རྒྱན། །གདེངས་ཅན་སེར་པོ་དུང་སྐྱོང་ནི། །ལག་གདུབ་དག་ཏུ་འཛིན་པ་སྟེ། །པདྨ་དཀར་པོ་དོ་ཤལ་མཛེས། །ཀ་རྐོ་ཊ་ནི་སྔོ་བསངས་ཀྱང ། །མཆོད་ཕྱིར་ཐོགས་པས་མཛེས་པ་སྟེ། །གདེངས་ཅན་ནོར་རྒྱས་བདུད་རྩི་ཡི། །ཁ་དོག་ལྟ་བུའི་
428b
སྐ་རགས་བྱས། །པད་རྩ་ལྟ་བུ་དཀར་བའི་མདོག་།པདྨ་ཆེན་པོས་རྐང་གདུབ་བྱས། །ཐམས་ཅད་ཕུད་ཀྱི་རྣམ་པ་སྒྲོག་།ལྕེ་གཉིས་ཕྲེང་བའི་མཆེ་བ་ཅན། །ཞེས་པ་འཁོར་བ་མྱང་འདས་ཀྱིས། །གཟུགས་ཅན་གཤིན་རྗེ་གསོད་པ་སྟེ། །རྣམ་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྔགས་ཀྱིས་ཡང་དག་བྱིན་བརླབ་བྱ། །རང་ཉིད་ས་བོན་ལྕགས་ཀྱུས་དགུག། ཞལ་ནས་ཞུགས་ཏེ་ཐམས་ཅད་དུ། །མཁའ་ཁྱབ་རྫོགས་པའི་སངས་རྒྱས་ཀུན། །ཞལ་ནས་ཞུགས་རྣམས་སྙིང་གར་ཞུ། །དེར་ནི་ས་བོན་ཕྱུང་བྱས་ཏེ། །རྡོ་རྗེའི་ལམ་ནས་ཞུ་བ་སྟེ། །རང་འོད་པདྨའི་ནང་གནས་པ། །ས་བོན་རང་བཞིན་ཅན་བལྟ་བྱ། །ས་བོན་དེ་རྣམས་ཀྱིས་བྱིན་བརླབ། །འོད་ཟེར་མི་བཟད་འཕྲོ་བ་ནི། །མཁས་པས་ཆོ་ག་བཞིན་བསྒོམ་བྱ། །བལྟས་ཏེ་སྙིང་གར་ཞུ་བྱས་ལ། །རྡོ་རྗེའི་ལམ་ནས་ངེས་ཕྱུང་སྟེ། །རང་གི་རིག་མའི་པདྨ་ཡི། །ཟེ་འབྲུར་ལྷ་མོའི་ཚོགས་བལྟ་བྱ། །མེ་ཏོག་སྣ་ཚོགས་ཉེར་སྤྱོད་སོགས།། ལག་པའི་ཡལ་གས་བཟུང་བ་དང ། །ཡིད་འཕྲོག་ཀླུ་ཡི་མཆོད་པ་དང ། །སྣ་ཚོགས་གར་གྱི་རང་བཞིན་ཉིད། །བདེ་བ་ཆེན་པོ་རབ་སྟེར་བ། །རོལ་བཅས་དེ་རྣམས་ཀྱིས་མཆོད་བྱ། །ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁྱོད་མཐོང་ཁོ་བོ་རྣམ་བར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱིས་གར་
429a
༄#། །མཛད་ས་སྟེང་དང ། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པའི་ཁྲོ་བོ་ཡིད། །གར་མཛད་ཁྱོད་ནི་རོ་ལངས་ལགས། །སྐུ་ནི་དམར་ཞིང་ཐུང་བ་སྟེ། ། རྣམ་པ་སྣ་ཚོགས་གཟུགས་སྤྲུལ་པ། །རྡོ་རྗེ་དབྱངས་ཅན་མས་བཏུད་ཞུས། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿ ་ཥྚིཿ ་གསང་སྔགས་དག་གིས་ཁྱོད། །ས་གསུམ་པོ་ཡི་འཁྲུལ་པ་སེལ། །སྙིང་རྗེའི་ཁྲོ་བོ་རྗེ་བཙུན་ཁྱོད། །གར་མཛད་འགྲོ་བ་རྣམས་ལ་གཟིགས། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སཝ་བྷ་ཝ་ཨཱཏྨ་ཀོཉྷཾ། སྒྲ་ཡི་ཚོགས་རྣམས་ཐམས་ཅད་ནི།། སྒྲ་བརྙན་དང་མཚུངས་རྣམ་པར་བལྟ། །འཁོར་ལོའི་གཙོ་ལ་བསྟོད་བྱས་ཏེ། །དེ་ཡིས་དེ་རྣམས་དེ་ལྟ་བཞིན། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཤིན་ཏུ་འཇིགས་པ་གཤིན་རྗེ་གཤེད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །ཤིན་ཏུ་འཇིགས་པའི་གཤིན་རྗེ་གཤེད། །ཐུགས་ཀྱི་རྡོ་རྗེ་རབ་གསལ་བ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །ཁྱབ་བདག་ཆགས་པའི་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག་།གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །ལས་ཀུན་བྱེད་པའི་གཤིན་རྗེ་གཤེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་
429b
ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པས། །སངས་རྒྱས་ཀུན་རབ་མཆོག་གི་མཆོག་།དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཿ ་ཡིག་ལས་སྐྱེས་པདྨའི་སྣོད། །མི་མགོ་གསུམ་གྱི་སྟེང་གནས་པ། །དག་པར་རྣམ་པར་བསྐྱེད་བྱས་ཏེ། དེར་ནི་འོག་ཏུ་མེ་དཀྱིལ་འཁོར། །ཟུར་གསུམ་རཾ་ཡིག་ལས་བྱུང་བའོ། །དེར་ནི་འོག་ཏུ་རླུང་དཀྱིལ་འཁོར། །སྔོན་པོ་གཡོ་བ་གཞུ་ལྟ་བུ། །བ་དན་གྱིས་མཚན་ཡཾ་ལས་བྱུང ། །དེར་ནི་དེའི་མིང་དང་པོ་ལས། །བསྐྱེད་དེ་རྣམ་སྣང་ལ་སོགས་པ། །དཾ་ཡིག་སོགས་ལས་ཡང་དག་བྱུང ། །གླང་པོ་ཆེ་ལ་སོགས་པ་ལྔས། །ཧཱུཾ་སྐྱེ་རྡོ་རྗེའི་ཁ་ཆོད་ཀྱིས། །བཀབ་པ་མཁས་པས་བསྒོམ་པར་བྱ། །མེ་ལ་རླུང་གིས་བསྐྱོད་པ་ན། །དེར་ནི་ཞུ་བ་རྣམ་བསམ་བྱ། །རྡོ་རྗེའི་རོ་མཉམ་དག་གྱུར་ཅིང ། །ཤིན་ཏུ་དྲི་མ་མེད་བལྟས་ཏེ། །ཧཱུཾ་ཡིག་འོད་ཀྱིས་སངས་རྒྱས་རྣམས། །སྤྱན་དྲངས་ཡེ་ཤེས་རང་བཞིན་ཅན། །སྔགས་ཀྱི་གཟུགས་ཀྱིས་རབ་གཞུག་ཅིང ། །མཆོག་གི་བདུད་རྩི་ལྔར་བལྟས་ནས། །དེ་ཉིད་གསུམ་གྱིས་བྱིན་བརླབ་བྱ། །དཀྱིལ་འཁོར་བདག་པོ་ཚིམ་བྱ་སྟེ། །ལྕེ་ལ་རྡོ་རྗེ་གཙང་མ་ཉིད། །ཧཱུཾ་ཡིག་ཡང་དག་བྱུང་བལྟ་དེར། །དེ་འོད་སྦུ་གུའི་རྣམ་པ་ལས། །ཡང་དག་བཀུག་པ་དེ་ཡིས་ཀྱང ། །རྫོགས་སངས་རྒྱས་ཀུན་སྣ་ཚོགས་གནས། །དཀྱིལ་འཁོར་བ་རྣམས་དེ་བཞིན་གཞན། །
430a
༄#། །ཡེ་ཤེས་འོད་ཀྱིས་སྙིང་གར་བཀུག་།ཀུན་ཏུ་རྟོག་པ་ཐམས་ཅད་སྤང ། །ཐོག་མ་ཐ་མ་དབུས་དབྱེ་བས། །དེར་ཡང་གཟུང་བ་གཅིག་ཡོད་མིན། །དེ་ཉིད་ཀྱིས་\?\་གཟུགས་མེད། །གང་ལ་འཁྲུལ་པ་གཉིས་ལ་གནས། །ཐམས་ཅད་ཚེ་ན་སེམས་འཁྲུལ་མེད། །ལུས་ནི་སྤྲོ་དང་སྡུད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། མངོན་པར་རྟོགས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པ། ལས་ཀྱི་དབྱེ་དང་རབ་དབྱེ་ལས། །ཇི་ལྟར་སེམས་ཅན་རབ་ཏུ་འཇུག་།རྡོ་རྗེ་ཆེན་པོས་བཤད་དུ་གསོལ། །ཡེ་ཤེས་རྒྱ་མཚོ་རྣམས་ཉན་འཚལ། །དེ་ནས་རྡོ་རྗེ་འཆང་རྒྱལ་པོ། །ཉེས་པ་ཐམས་ཅད་གསོ་བའི་བདག་།ལས་ཀུན་རབ་ཏུ་སྒྲུབ་པ་པོ། །གསུང་ནི་འདི་དག་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་མཐུ་མངའ་བ་ལ་མཆོད་པ་བྱས་ཏེ་ཕྱག་འཚལ་བ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཡང་དང་ཡང་དུ་ཕྱག་འཚལ་ཞིང ། བཅོམ་ལྡན་འདས་ཀྱི་གསུང་མཉན་ཏོ། །དེ་ནས་རྡོ་རྗེ་འཆང་རྒྱལ་པོས། །དབང་བྱེད་
430b
འཁྲུལ་འཁོར་རབ་གསལ་བྱེད། །གཤིན་རྗེ་གཤེད་ནག་འཁྲུལ་འཁོར་རྣམས། །མ་བྱུང་འབྱུང་བར་མི་འགྱུར་རོ། །བུད་མེད་དབང་བྱེད་ཕྱིར་དེ་བཞིན། །བསྲུང་བའི་དོན་དུ་བྱ་བ་ཉིད། །གི་ཝང་གཟུང་བྱ་ཞི་བ་ལ། །གྲོ་ག་དེ་བཞིན་སྨྱུག་ཤུན་ལ། །འཁོར་ལོ་གཉིས་ནི་མངོན་བྲིས་ཏེ། །ན་མཿ ་མིང་ནི་ནང་དུ་སྤེལ། །ནག་པོ་རྩ་བ་སོགས་སྤངས་ཏེ། །ཁམ་ཕོར་གཉིས་ནི་ཁ་སྦྱར་ལ། །མར་དང་སྦྲང་རྩིའི་དབུས་བཞག་སྟེ། །སྲད་བུ་དཀར་པོས་དཀྲི་བར་བྱ། །མེ་ཏོག་དཀར་པོས་ཐུན་གསུམ་དུ། །ཤར་དུ་ཁ་བལྟས་མཆོད་པར་བྱ། །གཤིན་རྗེ་མཐར་བྱེད་ཟླ་ཤེལ་འོད། །བདག་ཉིད་བསམས་ཏེ་འདུ་འགོད་བྱ། །བསྒྲུབ་བྱ་ཟླ་བའི་དཀྱིལ་འཁོར་ལ། །ཞེན་པ་བལྟས་ཏེ་དབང་བསྐུར་བྱ། །བུམ་པ་དཀར་པོ་ཟླ་འདྲ་བ། །བདུད་རྩི་ལྔ་ཡིས་གང་རྣམས་ལ། །རྫོགས་པའི་སངས་རྒྱས་ཁྲུས་བྱེད་པ། །བལྟས་ནས་བཟླས་པ་བརྩམ་བར་བྱ། །ོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ན་མཿ ་ལྷ་སྦྱིན་ལ་ཤཱནྟིཾ་ཀུ་རུ་ན་མཿ ། ཞི་བའི་དམ་ཚིག་གསུངས་པ་འོ། །སྐྱེས་པ་རྣམས་ཀྱི་ཞི་བ་ལ། །གུར་གུམ་གྱིས་བྲིས་རྒྱས་པ་ལའང ། །ཁ་ཆེ་རྣམས་ཀྱིས་འཁོར་ལོ་གཉིས། །སཝཱ་ཧཱ་མིང་གི་ནང་དུ་སྤེལ། །བསྒྲུབ་བྱའི་མིང་ནི་བླངས་ནས་ནི། །མར་དང་སྦྲང་རྩིའི་དབུས་བཞག་ནས། །ཁམ་ཕོར་ཁ་སྦྱར་དུ་བཞག་སྟེ། །སྲད་བུ་སེར་པོས་དཀྲི་བར་བྱ། །མེ་ཏོག་སེར་པོས་ཐུན་གསུམ་དུ། །བྱང་དུ་ཁ་བལྟས་
431a
༄#། །མཆོད་པར་བྱ། །གཤིན་རྗེ་འཇོམས་པ་སྐུ་མདོག་སེར། །བདག་ཉིད་ངེས་པར་བལྟ་བར་བྱ། །བསྒྲུབ་བྱ་སེར་པོ་ཟླ་བར་གནས། །བུམ་པ་སེར་པོས་དབང་བསྐུར་བྱ། །དབང་བསྐུར་བ་ནི་བསྒོམས་ནས་སུ། །རྒྱས་པར་བྱེད་འདོད་ཡང་དག་བཟླ། །ོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ལྷས་སྦྱིན་གྱི་པུཥྚིཾ་ཀུ་རུ་སཝཱ་ཧཱ། བཽ་ཥ་ཊ་ཨོཾ་ཧྲཱིཿ ་ཥྚྭྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། བཽ་ཥ་ཊ་ལྷས་སྦྱིན་གྱི་བུཥྚིཾ་ཀུ་རུ་བཽ་ཥ་ཊ་ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་རྒྱས་པའི་དམ་ཚིག་གོ་།གྲོ་ག་འམ་ཡང་ན་རས་དག་ལ། །རྒྱ་སྐྱེགས་ཁུ་བ་འམ་ཙནྡན་དམར། །མིང་མེད་ཁྲག་དང་བསྲེས་པ་ཡིས། །འཁོར་ལོ་གཉིས་ནི་མཉམ་བྲིས་ཏེ། །ཧོཿ ་ཡིག་གིས་ནི་ནང་དུ་སྤེལ། །ནག་པོ་ལ་སོགས་སྤངས་འཁྲུལ་འཁོར། །ཁམ་ཕོར་གཉིས་ནི་ཁ་སྦྱར་ཏེ། །མར་དང་སྦྲང་རྩིས་ཡོངས་གང་བར། །སྲད་བུ་དམར་པོས་དཀྲི་བར་བྱ། །ནུབ་ཏུ་མངོན་པར་ཕྱོགས་བྱས་ཏེ། །མེ་ཏོག་དམར་པོས་མཆོད་པར་བྱ། །བདག་ཉིད་གཤིན་རྗེ་འཇོམས་པ་པོ། །སྐུ་མདོག་དམར་པོ་ཆེར་འབར་བ། །བསྒྲུབ་བྱ་ཟླ་བ་དམར་པོ་ལ། །ཞོན་པ་ཉིད་ཀྱང་རྣམ་བསམ་བྱ། །རང་ལུས་ལས་འཕྲོས་འོད་ཟེར་ནི། །དམར་པོ་ལྕགས་ཀྱུའི་དབྱིབས་རྣམས་ཀྱིས། །བསྒྲུབ་བྱ་བཀུག་པར་བསམས་ནས་ནི། །སྤྲོ་བའི་སྔགས་ནི་ཁྲི་བཟླ་བྱ། །དེ་ཡིས་བསྒྲུབ་བྱ་
431b
བརྒྱལ་འགྱུར་ཞིང ། །རྐང་པ་དག་ནི་དེ་བཞིན་འགྱེལ། །གོས་དང་བྲལ་བའི་སྐྲ་གྲོལ་པ། །བསམས་ཏེ་བཟླས་པ་བརྩམ་པར་བྱ། །གལ་ཏེ་དབང་དུ་མ་གྱུར་ན། །བུད་མེད་སེང་ལྡེང་མེ་ལ་ནི། །མར་སོགས་དོར་བཅས་བརྟུལ་ཞུགས་ཅན། །འཁོར་ལོ་དེ་ནི་གདུང་བར་བྱ། །ོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧོཿ ་ལྷས་སྦྱིན་གྱི་མཆོད་སྦྱིན་བ་ཤིཾ་ཀུ་རུ་ཧོཿ ། ཨོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། བཽ་ཥ་ཊ་ལྷས་སྦྱིན་གྱི་བ་ཤཱ་མཱ་ན་མཆོད་སྦྱིན་བཽ་ཥཊ། ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་དབང་དུ་བྱ་བའི་དམ་ཚིག་གོ་།དུར་ཁྲོད་རས་སམ་ཡང་ན་ནི། །རང་བྱུང་བསྐུས་པའི་རས་དག་ལ། །རྒྱ་སྐྱེགས་སྒ་རློན་ཁྲག་བསྲེས་པས། །འཁོར་ལོ་གཉིས་ནི་མཉམ་བྲིས་ཏེ། །ཛཿ ་ཡིག་དང་ནི་ཧྲཱིཿ ་ཡིག་གིས། །བསྒྲུབ་བྱའི་མིང་ནི་ནང་སྤེལ་བྱ། །བཙུན་མོའི་པདྨའི་སྣོད་དུ་ནི། །ཁ་སྦྱར་བཞག་སྟེ་མཆོད་པར་བྱ། །སྲད་བུ་དམར་པོས་དཀྲིས་ནས་ནི། །མེ་ཏོག་དམར་པོས་མཆོད་པར་བྱ། །བདག་ཉིད་གཤིན་རྗེ་གཤེད་པོ་ནི། །མཚམས་ཀྱི་ཉི་མ་ལྟར་འབར་བ། །ལྕགས་ཀྱུ་ཁ་དོག་དམར་པོ་ཡིས། །བསྒྲུབ་བྱ་བཀུག་པ་ཉིད་བསྒོམ་བྱ། །ལྕགས་ཀྱུ་རྣམས་ཀྱིས་སྙིང་ཕུག་ཅིང ། །ཞགས་པས་རྐེད་པ་ལ་བཅིངས་ཏེ། །རླུང་གི་དཀྱིལ་འཁོར་སྦྱོར་བ་ལས། །སེངྒེ་དམར་བོ་མཉམ་ཞོན་པ། །རྫས་ལྔ་ཡིས་ནི་གསང་བྱ་སྟེ། །དེ་ནི་འོང་བར་རྣམ་བསམ་བྱ། །གལ་ཏེ་
432a
༄#། །བསྒྲུབ་བྱ་མ་འོངས་ན། །སེང་ལྡེང་ཤིང་མེ་འབར་བ་ལ། །འཁྲུལ་འཁོར་དེ་གསོས་བརྟུལ་ཞུགས་ཅན། །དེར་ནི་བཟླས་པ་ཡང་དག་བརྩམ། །ོཾ་ཧྲཱིཿ ་ཥྚྲི་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧྲཱིཿ ་ཨཱ་མུ་ཀ་ཨཱ་ཀཪྵ་ཡ་ཧྲཱིཿ ། ཨོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཛཿ ་ལྷས་སྦྱིན་ཨཱ་ཀཪྵ་ཡ་ཛཿ ། ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་འགུགས་པའི་དམ་ཚིག་གོ་།བློ་ལྡན་དུར་ཁྲོད་རས་མ་ལ། །ཡུང་བ་ཡི་ནི་ཁུ་བ་ཡིས། །འཁོར་ལོ་གཉིས་ནི་མཉམ་བྲིས་ཏེ། །ལཾ་ཡིག་གིས་ནི་ནང་དུ་སྤེལ། །བསྒྲུབ་བྱའི་མིང་ནི་ཡང་དག་བླང ། །ཁམ་ཕོར་ཁ་སྦྱར་དུ་བཞག་སྟེ། །ཁམ་ཕོར་སེར་པོ་སྟེང་བཞག་ནས། །དེར་ནི་མཁས་པས་རི་མོ་བྲི། །དང་པོ་རི་མོ་བཞི་བཅུ་བདུན། །མཉམ་པར་བཞག་སྟེ་མཉམ་བྲི་བྱ། །ལྕོག་བརྒྱད་དུ་གྲགས་རི་རབ་ནི། །དེ་ཡི་སྟེང་དུ་ཡང་དག་བྲི། །ཧཱུཾ་ཡིག་དང་ནི་བཾ་ཡིག་སྟེ། །དེ་ཡིས་རི་རབ་ནང་དུ་སྤེལ། །དེ་ཡི་ནང་དུ་ལཾ་ཡིག་གིས། །དབང་ཆེན་དཀྱིལ་འཁོར་དགོད་པར་བྱ། །སྣ་ཚོགས་རྡོ་རྗེས་མནན་པ་ལ། །སྲད་བུ་སེར་པོས་དཀྲི་བར་བྱ། །བདག་ཉིད་གཤིན་རྗེ་གཤེད་པོ་ནི། །སྐུ་མདོག་སེར་པོ་རྣམ་བསམ་བྱ། །ལྷོ་རུ་མངོན་ཕྱོགས་རྣལ་འབྱོར་པས། །དབང་ཆེན་དཀྱིལ་འཁོར་དང་ལྡན་པའི། །བསྒྲུབ་བྱ་སེར་པོ་རྣམ་བསམས་ནས། །རི་རབ་ཀྱིས་མནན་མྱུར་དགོད་བྱ། །སྣ་ཚོགས་
432b
རྡོ་རྗེ་མཉམ་མནན་ལ། །དབང་ཆེན་དཀྱིལ་འཁོར་ལས་འོག་ཏུ། །མནྡྷ་ར་སོགས་འཇིགས་རུང་རི། །གངས་རི་གཡོ་མེད་མཚུངས་རྣམས་ཀྱིས། །བསྒྲུབ་བྱ་མནན་པ་བསྒོམ་བྱ་སྟེ། །དེ་ཉིད་བཟླས་པ་བྱ་བ་ཉིད། །ོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ལཾ་ལྷས་སྦྱིན་སཝ་སྠཱ་ན་སྟཾ་བྷ་ཡ་ལཾ་སཝཱཧཱ། ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་རངས་པ་ཆེན་པོའི་དམ་ཚིག་གོ་།ངག་ནི་རེངས་པར་འདོད་པ་ཡིས། །རང་བཞིན་འཁོར་ལོ་གཉིས་བྲིས་ནས། །བསྒྲུབ་བྱའི་མིང་རྣམས་ནང་སྤེལ་ཏེ། །དེ་ལས་སྤྲོས་ཤིང་སྔགས་བཟླས་བྱ། །ོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ལཾ་ལྷས་སྦྱིན་ཡ་ཐཱ་པྲརྠཱ་ཀཱརྱ་ཀྲྀ་ཏེ་ཏཾ་ནི་བ་ར་ཡ་ཏོ་བི་རུ་པ་ཀཾ་།བ་ར་ཏ་ཡ་ཏོ་བི་རུ་པ་ཀཾ་།བ་ར་ཏ་ཡ་ཛྙཱ་དཏ་སྱ་ནཱ་ག་སྟཾ་བྷ་ན་ཀུ་རུ་ལཾ། ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་དག་རེངས་པའི་དམ་ཚིག་གོ་།དེ་ལྟར་དགོངས་པ་གསུངས་པ་འདི། །ནང་དུ་ཤིན་ཏུ་ལེགས་སྤྲས་པས། །གཤིན་རྗེ་གཤེད་དམར་རབ་སྦྱོར་ལས། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །དུར་ཁྲོད་རས་ལ་འཁོར་ལོ་གཉིས། །སྔར་བཞིན་བྲི་བྱ་བརྟུལ་ཞུགས་ཅན། །སྐེ་ཚེ་དང་ནི་ལན་ཚཝས་ཀྱང ། །དུག་དང་ནིམ་པ་ཡིས་ཀྱང་སྟེ། །དེ་བཞིན་ལན་ཚཝ་ཚ་བ་གསུམ། །དུར་ཁྲོད་སོལ་བ་ཉིད་དང་ནི། །སྨྱོ་བྱེད་འདབ་མའི་ཁུ་བ་དང ། །དེ་བཞིན་གཏུམ་པོའི་ས་བོན་ཉིད། །མཛུབ་མོའི་ཁྲག་ནི་བླངས་བྱས་ཏེ། །ཙི་ཏྲ་ཀ་ཡི་ཁུ་བ་འམ། །ཚཝ་སྒོ་ཅན་གྱི་ས་བླངས་ཏེ། །གདོལ་པའི་
433a
༄#། །རྫ་མའི་དྲེག་པ་དང ། །ལྟོགས་པ་ཅན་གྱི་སྨྱུ་གུ་ཡིས། །གདུག་བའི་སེམས་ཀྱིས་བཅུ་བཞི་ལ། །ཉི་ཕྱེད་ན་བྲི་བརྟུལ་ཞུགས་ཅན། །མ་རུངས་པ་རྣམས་བསད་རྒྱུ་ཡི། །སྣ་ཚོགས་སེམས་ཅན་རྣམ་འཇོམས་པའི། །ཧཱུཾ་ཡིག་གིས་ནི་རྣམ་སྤེལ་བྱ། །ལྷོ་རུ་མངོན་ཕྱོགས་རྣལ་འབྱོར་པ། །བདག་ཉིད་གཤིན་རྗེ་གཤེད་པོ་ནི། །གཏུམ་པོ་ཆེན་པོ་ཁྲོ་བོའི་གཟུགས། །ཐོད་པའི་དུམ་བུས་རྣམ་པར་བརྒྱན། །མ་ཧེ་ལ་ཞུགས་ལྗགས་འགྱུར་བ། །གསུས་པ་ཆེ་ཞིང་འཇིགས་སུ་རུང ། །གཙིགས་ཤིང་གྱེན་དུ་འབར་བའི་སྐྲ། ། དེ་བཞིན་སྨ་ར་སྨིན་མ་སེར། །གཡས་པ་རྡོ་རྗེའི་དབྱུག་པ་ཆེ། །གཡོན་པ་ཐོད་པ་ཉིད་ཀྱང་སྟེ། །རྣམ་འགྱུར་མཆེ་བ་གཙིགས་པའི་ཞལ། །བསྐལ་པའི་མེ་ལྟར་ཡང་དག་མཚུངས། །དེ་ལྟར་བདག་ཉིད་རྣམ་བསམས་ཏེ། །དེ་མདུན་བསྒྲུབ་བྱ་མྱུར་དགོད་བྱ། །དྲི་ལྡན་རིམས་གཟིར་ནད་རྣམས་ཀྱིས། །གདུག་པའི་ལུས་ལ་གཟིར་བ་དང ། །གོས་དང་བྲལ་བས་འདར་བ་དང ། །ཉམ་ཆུང་ལུས་ནི་རྨ་དང་ལྡན། །འབྲས་ཀྱི་ཕྲེང་བས་ཡན་ལག་བསྐོར། །མཚོན་ཆ་ཡིས་ནི་གཟིར་བར་བྱ། །གྲང་བའི་རླུང་གིས་ཉེ་བར་གཙེས། ། མེ་ཡི་དབུས་སུ་ཡང་དག་གནས། །མ་ཧེ་དག་དང་སྟག་དང་ནི། །ཁྱི་དང་མཆུ་རིང་ཅན་རྣམས་ཀྱིས། །སངས་རྒྱས་སྡེ་ནི་རྣམ་འཇོམས་པའི། །མ་རུངས་ཆེན་པོ་ཟ་བྱེད་ཅིང ། །
433b
མཐར་བྱེད་ལྟོ་བའི་ནང་ན་གནས། །ཚེར་མ་རྣམས་ཀྱིས་ལུས་གང་བ། །གདོས་དང་སྒྲོག་གིས་རྐང་པར་བསྡམས། །དེ་བཞིན་དུམ་བུ་དུམ་བུར་བྱས། །ཕགས་པ་མེད་པར་བྱས་བསམས་ཏེ། །སྐེ་ཚེ་དང་ནི་ལན་ཚཝས་བྱུག་།སཱིད་ཡིག་བརྗིད་པས་བསམ་པར་བྱ། །དེ་ཡི་ལུས་ཀྱི་སྲུང་བ་སོགས། །བཅངས་ནས་བདག་མདུན་དགོད་པར་བྱ། །དེ་ཡི་གོ་ཆ་བགོས་བྱས་ཏེ། །སྟོང་པའི་ལུས་བཞིན་བསྒོམ་པར་བྱ། །བདག་ལུས་ལས་བྱུང་གཤིན་རྗེ་གཤེད། །ཁྲོ་བོས་བདག་ཉིད་སྐུ་རྣམས་ཀྱི། །དེ་ནི་གདུང་བར་བསྒོམ་བྱ་ཞིང ། །ཞག་དང་ཚིལ་དག་འཐུང་བར་བྱེད། །དེ་མདུན་གཤིན་རྗེ་བསམ་བྱ་སྟེ། །ལག་ན་དབྱུག་པ་སྟོབས་པོ་ཆེ། །གདུག་པ་དེ་ཡིས་གདུངས་པ་ནི། །མ་རུངས་དེ་ལ་རྣམ་བསྒོམ་བྱ། །དེ་ཡི་ནང་གྲོལ་བླང་བྱ་སྟེ། །བྱ་རྒོད་ཀྱིས་ཁྱེར་མཁའ་དཀྱིལ་འགྲོ་།ཀླུ་རྣམས་ཀྱིས་ནི་ས་འོག་དགུག་།དྲན་མེད་ལ་སོགས་རྣམ་པར་གཟིར། །དེ་ལྟར་བསྒྲུབ་བྱ་རྣམ་བསམས་ཏེ། །སེམས་ནི་སྙིང་རྗེས་ངེས་འཁྱུད་པས། །འཁོར་བ་ལས་ནི་བཏོན་བྱས་ཏེ། །སངས་རྒྱས་ཞིང་རྣམས་སུ་སྐྱེས་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རབ་ཏུ་དགྱེས་ཏེ་ཚིག་འདི་གསུངས་སོ། །ེ་མའོ་གསོད་པ་འདི་ནི་བཟང ། །གསོད་པ་གསོད་པ་མ་ཡིན་ཏེ། །ཅི་སྲིད་སྡིག་པ་ལས་གྲོལ་བའི། །འཆི་བ་འཆི་བ་ཉིད་མ་ཡིན། །སྡིག་
434a
༄#། །པ་སྟོང་ཕྲག་རྣམས་བྱས་ནས། །མནར་མེད་སོགས་པར་གནས་འགྱུར་བ། །ེ་མ་སངས་རྒྱས་བདག་ཉིད་ཆེ། །གསོད་པ་བྱང་ཆུབ་ཐོབ་པར་མཛད། སླར་ཡང་སྙིང་རྗེ་རྣམ་མཛད་ནས། །གསད་འོས་སེམས་ཅན་གསོད་པར་མཛད། །ེ་མ་སྙིང་རྗེ་མཆོག་གི་སྟོབས། །སྙིང་རྗེ་དམན་པས་མི་འགྲུབ་བོ། །ོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་དེ་བ་དཏྟམཾ་མཱ་ར་ཡ་ཧཱུཾ། ཨོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་ཕཊ་དེ་བ་དེ་ཏྟཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་རྣམ་པར་རྟོག་བ་ཆེན་པོ་གསོད་པའི་རྡོ་རྗེ་འཁྲུལ་འཁོར་དང ། སྔགས་དང ། རྒྱུད་ཀྱི་གསོད་པ་ལ་སོགས་པའི་དམ་ཚིག་གོ་།དེ་ནས་འཁོར་ལོ་གཉིས་བྲིས་ཏེ། །ཕཊ་ཀྱི་ཡི་གེས་རྣམ་སྤེལ་བྱ། །བསྒྲུབ་བྱའི་མིང་ནི་བླངས་བྱས་ཏེ། །ཐོད་པ་ཁ་སྦྱར་དུ་དགོད་བྱ། །སྲད་བུ་ནག་པོས་ཡང་དག་དཀྲི། །སྡང་བའི་སེམས་ཀྱིས་ཉིན་ཕྱེད་ན། །དུར་ཁྲོད་རྣམས་སུ་སྦ་བར་བྱ། །གཤིན་རྗེ་མཐར་བྱེད་དུ་ཡང་དམིགས། །མདུན་དུ་བསྒྲུབ་བྱ་དགོད་པར་བྱ། །རྟ་དང་མ་ཧེ་མཉམ་ཞོན་པ། །ལག་ན་མཚོན་ཐོགས་དེ་གཉིས་དང ། །ཁྲོ་བོ་འདུས་པ་རྣམས་ཀྱིས་བསྐོར། །གཉིས་ཀའི་ཕྱོགས་སུ་རྣམ་བསམ་བྱ། །ཁྲོ་བོས་དཀྲིས་པ་ཡི་སེམས་ཀྱིས། །གཉིས་པོ་དེ་དག་དབྱུག་འགྱེད་པར། །བསྒོམ་བྱ་འཐབ་
434b
མོའི་བསམ་པ་ཅན། །བསྒོམས་ཏེ་བཟླས་པ་བརྩམ་པར་བྱ། །ོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟཾ་ཡ་ཛྙཱ་དཏྟོ་བི་དྭེ་ཥཱ་ཡ་ཕཊ། ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་དབྱེ་བ་ཆེན་པོའི་དམ་ཚིག་གོ་།སྔར་བཞིན་ཆོ་ག་དེ་ཉིད་ཀྱིས། །འཁོར་ལོ་གཉིས་ནི་བྲི་བྱ་སྟེ། །ཧཱུཾ་དང་ཕཊ་ཡིག་རྣམ་སྤེལ་བས། །ཐོད་པ་ཁ་སྦྱར་དུ་བཀོད་དེ། །སྲད་བུ་ནག་པོས་ཡང་དག་དཀྲིས། །མ་མོའི་ཚལ་རྣམས་སུ་སྦ་བྱ། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གཟུང ། །མདུན་དུ་བསྒྲུབ་བྱ་རྣམ་བསྒོམ་བྱ། །ཡཾ་བྱུང་རླུང་གི་དཀྱིལ་འཁོར་ནི། །ནག་བོ་གཞུ་ཡི་རྣམ་པ་ལ། །རྔ་མོ་ཆེན་པོ་མདོག་སྔོན་པོ། །དེ་ཡི་སྟེང་དུ་རྣམ་བསྒོམ་བྱ། །དེ་ལ་མ་རུངས་ཆེ་བསྐྱོན་ཏེ། །ལྷོ་ཡི་ཕྱོགས་སུ་དེ་ཁྱེར་ལ། །ཁྲོ་ཚོགས་རྣམས་ཀྱིས་གདུངས་པས་ན། །ངེས་པར་སངས་རྒྱས་རྣམས་ཀྱང་སྐྲོད། །ོཾ་ཧྲཱིཿ ་ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟཾ་ཨུཙྪ་ཊ་ཡ་ཧཱུཾ་ཕཊ། ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་བསྐྲད་པ་ཆེན་པོའི་དམ་ཚིག་གོ་།ཁྲོས་པ་གཤིན་རྗེར་བལྟས་རྣལ་འབྱོར། །ཁྲག་བཅས་རོ་བསྲེགས་ཐལ་བ་དང ། །དུག་དང་ལན་ཚཝ་སྐེ་ཚེ་དང ། །ཏིལ་མར་སྨྱོ་བྱེད་འདབ་དེ་བཞིན། ། དུར་ཁྲོད་རས་ལ་འཁོར་ལོ་གཉིས། །དེ་ལྟར་རིམ་པས་བྲི་བར་བྱ། །གཤིན་རྗེའི་ལུས་གནས་བསད་བ་ལ། །རྟ་དང་མ་ཧེ་དག་ལས་དབྱེ། །རྔ་མོའི་ལུས་གནས་བསྐྲད་བ་ལ། །ཞི་བ་
435a
༄#། །ཟླ་བའི་དཀྱིལ་འཁོར་ལ། །རྒྱས་པ་ཟླ་བ་སེར་པོ་ལ། །བཙུན་མོའི་སྙིང་གར་དབང་དུ་བྱེད། །ལྐུགས་པ་ར་ཡི་ལུས་ལ་གནས། །ལྷུན་པོའི་དབུས་སུ་རེངས་པ་སྟེ། །སེངྒེ་ཤ་ར་བྷ་གནས་དགུག་།དེ་ལྟར་གཞན་རྣམས་ལས་མཚོན་བྱ། །གི་ཝཾ་རྒྱ་སྐྱེགས་ཉིད་དང་ནི། །ཁ་ཆེ་ཡི་ནི་བྱེ་བྲག་གིས། །གྲོ་གའི་འདབ་མ་ལ་བྲིས་དབང ། །འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཁམ་པོར་ཁ་སྦྱར་དུ་བཞག་སྟེ། །དགེ་བའི་སེམས་ཀྱིས་ཡང་དག་གཟུང ། །བྱ་རོག་སྒྲོ་ཡི་སྨྱུག་གུ་ཡིས། །ཉི་མའི་གུང་ལ་ངེས་པར་བརྩམ། །རོ་བསྲེགས་པདྨ་ཁ་སྦྱར་ལ། །གཤིན་རྗེ་གཤེད་བདག་རྣལ་འབྱོར་ལས། །ོཾ་ཧྲཱིཿ ་ཥྚྲཱིཿ ་སོགས་སྔགས་བརྗོད་ཅིང ། །ལྷོ་རུ་གནས་པའི་ཚར་གཅོད་བྱ། །ཞི་ལ་མཐའ་ཡི་ཡི་གེ་ཡཾ། ། དབྱེ་བ་ནི་གཉིས་ཀྱིས་ཡང་ངོ ། །ཕྱི་ནས་དབུས་ཀྱི་ཡ་ཡིག་གིས། །ལྷག་མའི་ཡི་གེ་ཅི་བདེ་བའོ། །སྔོན་དུ་བསྙེན་པ་ཁྲི་བཟླས་ཏེ། །ལས་འདི་རབ་ཏུ་སྒྲུབ་པ་ནི། །གཤིན་རྗེ་གཤེད་དམར་རབ་སྦྱོར་ལས། །ཡེ་ཤེས་རྡོ་རྗེ་ཡིས་བྱ་སྟེ། །དྲག་པོ་ཆེན་པོའི་འཁོར་ལོ་འདི། །བྲིས་པ་གང་དུ་གནས་པ་དང ། །ཡི་གེ་བྲིས་པའི་ཁྱིམ་དུ་ཡང ། །རྟག་ཏུ་འཐབ་མོ་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། འཁྲུལ་འཁོར་གྱི་དབང་དུ་བྱས་པའི་ལེའུ་སྟེ་
435b
གཉིས་པའོ།། །།རི་བོ་སྐྱེ་བོས་དབེན་ཕྱོགས་དང ། །ལེགས་སྦས་ཡིད་བརྟག་ཁྱིམ་རྣམས་སོ། །ཐང་སྐུ་བཀྲམ་སྟེ་རྣལ་འབྱོར་བདག་།སྔགས་ཀྱིས་དགུག་པ་ཡང་དག་བརྩམ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གྲི་གུག་ཐོད་པ་འཛིན་པ་མོ། །ཁྲག་འགུགས་པ་ཡི་རབ་སྦྱོར་ལ། །ཅ་རྩི་ཀཱ་སྒོམ་རྣལ་འབྱོར་པ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་ཆེན་པོ་འཇོམས་པའི་རྡོ་རྗེ་ཁྲག་འགུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་ཙ་རྩི་ཀཱའི་སྔགས་འདི་དག་གསུངས་སོ། །ོཾ་བཛྲ་ཙ་རྩི་ཀེ་སིདྡྷི་ནྡྲ་ནཱི་ལ་ཧཱ་རི་ཎི་རཏྣ་ཏྲ་ཡ། ཨ་པ་ཀ་རི་ཎེ་རུ་དྷི་རཾ་ཨ་ཀཪྵ་ཡ་ཛཿ ། ཁ་ནི་རབ་ཏུ་གདངས་བྱ་སྟེ། །སྔགས་འདི་རྗེས་སུ་དྲན་པར་བྱ། །ཁམས་གསུམ་པ་ཡི་ཁྲག་ཆེན་པོ། །འདིར་ནི་གུགས་པར་ཐེ་ཚོམ་མེད། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེད་པོས་ཆང་དགུག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཕག་མོས་ཆང་དགུག་པའི་དམ་ཚིག་འདི་གསུངས་སོ། །ོཾ་གྷོ་ཎེ་སུ་གྷོ་ཎེ་བཛྲ་མཱ་མ་ཀཱི་བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། ཏྲྱཻ་དྷཱ་ཏུ་ཀ་མ་དྱ་ཨཱ་ཀཪྵ་ཡ་ཛཿ ། རྫ་མཁན་ལག་པ་ཕྱིས་པའི་སས། ། བུམ་པ་བྱས་ཏ་ཀུན་ནས་བསྒྲིབས། །རྐུན་པོའི་སྐྲ་ཡི་གཞིར་བཞག་སྟེ། །སྔགས་ནི་རྗེས་སུ་དྲན་པར་བྱ། །པཎྜྀ་ཏས་ནི་མཆོད་རྟེན་དུ། །སྔགས་འདིའི་བདག་ཉིད་ཆེ་བ་བསྟན། །
436a
༄#། །འབད་པས་བརྟན་པར་དམིགས་བྱས་ནས། །ཆང་དགུག་པ་ནི་རབ་ཏུ་འགྲུབ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་ཆེན་པོ་འཇོམས་པའི་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དབྱངས་ཅན་མས་སྔགས་འདི་གསུངས་སོ། །ོཾ་པི་ཙུ་པི་ཙུ་པྲ་ཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ། མེ་དྷཱ་ཝརྡྷ་ནི།་དྷི་རི་དྷི་རི། བུདྡྷི་ཝརྡྷ་ནི་སཝཱཧཱ། བཟུང་ནས་ཇི་སྲིད་ཚེས་གཅིག་ནས། །ཀུན་ནས་ཟླ་བ་རྫོགས་པའི་བར། །ལེགས་སྦྱར་བྱེད་འདོད་བརྩམ་བྱ་སྟེ། །ཇི་སྲིད་ཟླ་བའི་རྗེས་འཇུག་ལས། །ངག་གི་དབང་ཕྱུག་འགྲུབ་པར་འགྱུར། །དེ་ནས་ཚིགས་བཅད་བརྒྱ་ཕྱེད་ཅིང ། །ཁམས་གསུམ་པ་ནི་མ་ལུས་ཤིང ། །མ་ལུས་ལུས་པ་མེད་པར་འཁྲུགས། ། དེ་ནས་བཅོམ་ལྡན་འདས་མཐར་བྱེད་ཆེན་པོ་འཇོམས་པའི་རྡོ་རྗེའི་ཁུ་བ་འགུགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཁུ་བ་འགུགས་པ་གཽ་རཱིས་སྔགས་འདི་གསུངས་སོ། །ོཾ་ཨཱ་ཀཪྵ་ནི་ཨཱ་ཀཪྵ་ནི་གཽ་རཱི་ཛཿ ཧྲིཿ ་དུཥྚ་པྲ་དུཥྚ་ཡ། ཤུ་ཀྲ་ཨཱ་ཀརྵྚ་ཡ་ཛཿ ་ཛཿ ་ཧཱུཾ་སཝཱཧཱ། མཁའ་སྒོ་རྡོ་རྗེ་ལམ་དང་རླུང ། །དྲིལ་བུ་ལྕགས་ཀྱུའི་སྦྱོར་བ་ལས།། བཟླས་དང་སྒོམ་པར་རབ་སྦྱོར་ལས། །ཁུ་བའི་ཚོགས་རྣམས་འགུགས་པར་བྱེད། །དབེན་པའི་ནགས་ཁྲོད་རྣམས་སུ་ཡང ། །ལས་འདི་རབ་ཏུ་བསྒྲུབ་བྱ་སྟེ། །མཚན་མོ་བདུན་
436b
གྱི་རབ་སྦྱོར་གྱིས། །འདིར་ནི་འགྲུབ་པར་ཐེ་ཚོམ་མེད། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཆེན་བོ་དུས་འཇིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་དབང་བསྐུར་བ་མཆོག་གི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་ངེས་པར་ཕྱུང་བར་གྱུར་ཏོ། །ུ་དུམ་ཝ་ར་མནྡཱ་ར། །པ་རི་ཛཱ་ཏ་ཀཾ་མཱ་ལི་ཀ་།ཀརྞ་ཀ་རའི་ཕྲེང་བ་ཡང། །བུ་ཁྱོད་ཟུངས་ལ་བྱིན་གྱིས་རློབས། །ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཐམས་ཅད་ཕྱག་མཛད་པ། །བཟུང་ནས་བདུད་ལས་རྒྱལ་བར་འགྱུར། །ལས་ཀྱི་རལ་གྲི་དང་མཚུངས་མཆོག་།ཤེས་རབ་ཐབས་ཀྱི་རང་བཞིན་ནི། །རྡོ་རྗེ་དྲིལ་བུ་བསྒྲུབ་པའི་ཕྱིར། །མཉེས་ཤིང་གསང་བའི་རྡོ་རྗེ་ཟུང ། །ཁྱོད་ནི་སློབ་མ་བསྡུ་བར་གྱིས། །འདི་ནི་བཏུང་བ་རིན་ཆེན་ཏེ། །འགྲུབ་པའི་ལུས་ནི་རབ་སྒྲུབ་བྱེད། །སྐྱེས་བུ་བྱུང་བའི་ཆུ་འཐུངས་ཤིག་།མཉེས་གཤིན་ཀུན་ཏུ་ཡེ་ཤེས་ཉིད། །སློབ་མའི་ཁ་ཡིས་བཏུང་བྱ་སྟེ། །གཤིན་རྗེ་གཤེད་ནི་རབ་བསྒྲུབ་ཕྱིར། །རྡོ་རྗེ་སློབ་མ་བདག་ཉིད་ཆེ། །སེམས་ནི་ཤིན་ཏུ་དགའ་བར་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། སྔགས་ཀྱི་དགུག་པའི་རབ་ཏུ་སྦྱོར་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང ། །རལ་གྲིའི་སྒྲུབ་ཐབས་བཤད་པར་བྱ། །ཁབ་
437a
༄#། །ལན་ལྕགས་ཀྱི་རང་བཞིན་ལས། །རལ་གྲི་ཡང་ན་དངུལ་ཆུ་ཡིས། །བྱེད་བྱས་ཁྲུ་གང་ཚད་ཀྱིས་ནི། །རལ་གྲི་རྣམ་བསམ་བརྟུལ་ཞུགས་ཅན། །བཅུ་བཞི་ཡང་ན་བརྒྱད་པ་ལ། །དུར་ཁྲོད་དབུས་སུ་གཟུང་བར་བྱ། །བདུད་རྩི་ལྔ་དང་ཡང་དག་ལྡན། །ཐུན་གསུམ་ཁྲི་ཕྲག་བཟླ་བར་བྱ། །ཟླ་བ་སོ་སོའི་བཅུ་བཞི་ལས། །གཏོར་མ་མཆོད་པ་སྔོན་འགྲོ་བར། །ཟླ་བ་གཅིག་གིས་འབུམ་ཕྲག་བཟླ། །འབུམ་ཕྲག་ལྔས་ནི་འགྲུབ་པར་འགྱུར། །གྲུབ་ནས་རལ་གྲི་རབ་ཏུ་འབར། །སྣང་བ་ཆེན་པོའི་འོད་ཟེར་ལྔ། །དེ་ནས་གཟུང་བྱ་འགྲུབ་པར་འགྱུར། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་མི། །འཇིགས་བྱེད་གཤིན་རྗེ་གཤེད་སྦྱོར་ལས། །གང་ཚེ་རལ་གྲི་གྲུབ་རྣལ་འབྱོར། །རྩེད་རྨོད་ས་ནི་གྲུབ་བྱེད་དེའི། །གཡུལ་དུ་དེ་ཡི་བཟོད་པར་དཀའ། །རྐང་པ་གཉིས་དང་རྐང་བཞི་དང ། །བལྟ་ཕྱིར་ཕྱོགས་བཅུ་རྣམས་སུ་འགྲོ་།ལྷ་དང་ལྷ་མིན་རྣམས་མི་བཟོད། །མི་ཡི་འཇིག་རྟེན་སྨོས་ཅི་དགོས། །རྒྱ་མཚོའི་འཇིམ་པ་བླངས་བྱས་ཏེ། །ཟླ་བ་གཅིག་གིས་ཡང་དག་བསྒྲུབ། །ོཾ་ཕུའིཿ ཡི་གེ་སྙིང་གར་དགོད། །ཧྲཱིཿ ཥྚྲཱིཿ ་ལ་སོགས་སྔགས་བཟླ་བྱ། །ཆར་པ་མི་འབབ་དུས་རྣམས་སུ། །ཁྲི་ཁྲག་བཟླས་བས་འགྲུབ་བར་འགྱུར། །སྦྲུལ་ནག་དག་གི་ཤ་རྣམས་དང ། །ནིམ་པའི་ལོ་མས་བསྲེས་བྱས་ཏེ། །དེ་ཡིས་རི་ལུར་བྱས་ནས་ནི། །རྒྱ་
437b
མཚོར་ཞུགས་བྱས་བརྟུལ་ཞུགས་ཅན། །ཁྲི་ཁྲག་ཙམ་ཞིག་རབ་བཟླས་པས། །ཆུ་རླབས་རེངས་པའི་མཆོག་ཡིན་ནོ། །གཏུམ་པོ་ས་བོན་བརྒྱ་བླངས་ཏེ། །སྲན་མ་འབྲས་དང་བསྲེས་པ་ནི། །འབུམ་ཕྲག་བདུན་དུ་རབ་བཟླས་པས། །ལྷ་ནི་སྦྱིན་སྲེག་ལས་གཟིགས་འགྱུར། །དུར་ཁྲོད་ཀྱིས་ནི་གསོ་མ་བླང ། །གཟུགས་བརྙན་བྱ་བ་བརྟུལ་ཞུགས་ཅན། །སྨྱོ་བྱེད་ཁུ་བས་བྱུག་པ་ཡིས། །ཁྲི་ཁྲག་གཅིག་གིས་འགུགས་པར་བྱེད། །འབུམ་ཕྲག་བཞི་ནི་བཟླས་པ་ཡིས། །དོན་གྲུབ་ས་བོན་ཀུན་བསགས་པས། །གཉིད་ལོག་ལངས་ཏེ་བྱ་བ་དང ། །ཚོར་བར་ཡང་ནི་ཐེ་ཚོམ་མེད། །རྒྱུན་ལམ་གྱི་ནི་ས་བླངས་ཏེ། །སྔགས་ནི་འབུམ་ཕྲག་བཟླས་པ་ལས། །སྤྱི་བོར་རབ་ཏུ་བྱུགས་ཙམ་གྱིས། །སྤྱི་བོའི་ནད་ནི་རྣམ་པར་འཇོམས། །ལན་བདུན་མངོན་པར་བསྔགས་བྱས་ཏེ། །ལག་པས་སྤྱི་བོར་མཉེ་བར་བྱ། །ནད་ཀྱིས་ཉམས་པ་མེད་འགྱུར་ཏེ། །འདིར་ནི་ཐེ་ཚོམ་ཡོད་མ་ཡིན། །བྲམ་ཟེ་ཡི་ནི་ཤ་དག་དང ། །དུར་ཁྲོད་ཐལ་བ་ས་དེས་ནི། ། གཤིན་རྗེ་གཤེད་ཀྱི་སྐུ་གཟུགས་བྱ། །ཕྱག་གཉིས་དང་ནི་ཞལ་གཅིག་པ། །གཡས་པ་རྡོ་རྗེ་ཆེན་པོ་སྟེ། །དེ་བཞིན་གཡོན་ན་མི་མགོའོ། །སྐུ་མདོག་དཀར་པོ་འཇིགས་བྱེད་ཆེན། །དེ་ཡིས་མ་རུངས་འཇོམས་པར་བྱེད། །ཤ་དང་བདུད་རྩི་ལྔ་ཡིས་ནི། །ཉི་མ་སོ་སོར་གཏོར་མ་དབུལ། །རྟག་ཏུ་གསོལ་བཏབ་རྣལ་འབྱོར་པ། །བདག་གི་དགྲ་བོ་འཇོམས་པར་མཛོད། །ཅེས་པ་བརྗོད་
438a
༄#། །དེ་མཚན་མོ་ཉལ། །དགྲ་ནི་ཐོ་རངས་འཆི་བར་འགྱུར། །ཡང་ན་ན་བར་འགྱུར་བ་སྟེ། །མྱོས་པ་ལ་སོགས་ཀུན་ཏུ་འཁྲུག་།དགྲ་བོའི་རྣམ་སྣང་བླང་བྱ་སྟེ། །མི་ཡི་རྐང་ནི་རབ་བཀང་བྱ། །འབུམ་ཕྲག་བཟླས་པས་རྫོགས་ནས་ནི། །ཤིང་གི་རྩེ་མོར་སྦྱང་བྱ་ཉིད། །རྟག་ཏུ་ཡི་དྭགས་ཚལ་དུ་བསྐོར། །རྣལ་འབྱོར་དབང་ཕྱུག་མཉེས་ན་བདེ། །དེ་ནས་གཞན་ཡང་རབ་བཤད་བྱ། །རོ་ལངས་ཆེན་པོའི་སྒྲུབ་ཐབས་སོ། །ཐམས་ཅད་འགྲུབ་པར་བྱེད་པའི་མཆོག་།སྣ་ཚོགས་བྱ་བ་རབ་སྒྲུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། འཇིགས་བྱེད་ཅེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྒྱལ་སྲིད་སྒྲུབ་ཐབས་མཆོག་།འདི་ལས་ཡང་དག་རབ་བཤད་བྱ། །འཕྱང་བའི་ཤིང་ནི་གཟུང་བྱ་སྟེ། །མ་ཉམས་དེ་བཞིན་རྨ་མེད་པ། །བླངས་ལ་གདུད་པར་བྱ་དེ་ཡང ། །བཟླས་པའི་ཕྲེང་བར་རབ་བསྒྲུབ་བྱ། །ཟླ་བ་ཟླ་བའི་བཅུ་བཞི་ལ། །ཤ་ལྔ་ཡིས་ནི་བྱུག་པར་བྱ། །བདུད་རྩི་ལྔ་དང་ཡང་དག་ལྡན། །བཟླས་པ་འགྲུབ་པར་བྱེད་པའི་མཆོག་།འདི་ཡིས་འབུམ་ཕྲག་བཟླས་པ་ཡིས། །ངེས་པར་རྒྱལ་སྲིད་འགྲུབ་པར་འགྱུར། །ེ་མ་སྔགས་ཀྱི་ནུས་པ་ནི། །གཉིད་ལོག་སྒྲ་ནི་སྒྲོག་པར་བྱེད། །གཤིན་རྗེ་གཤེད་ཀྱི་སྦྱོར་ལྡན་པས། །སྐད་ཅིག་ཀྱང་ནི་འཇིགས་མི་བྱ། །གང་གང་འདོད་
438b
པའི་རྣལ་འབྱོར་པས་དེ་དག་ཐམས་ཅད་ཐོབ་པར་འགྱུར། །མ་ཧེ་དང་ནི་ཆུ་སྲིན་དང ། །སྟག་དང་དེ་བཞིན་གཞན་རྣམས་ཀྱིས། །དོམ་དང་ལྕེ་སྤྱང་དག་དང་ནི། །སྤྲེའུ་ཡང་ནི་བྱེ་བྲག་ལས། ། སྐེད་ཚེ་ལན་ཚཝ་དེ་བཞིན་དུ། །ཤཽ་བྷཱ་ཛ་ན་ཚཝ་བ་གསུམ། །འདི་ཡིས་སྐུ་གཟུགས་ཡང་དག་བསྒྲུབ། །འཇིགས་པའི་གཟུགས་ཅན་གཤིན་རྗེ་གཤེད། །དེ་ལ་གསོལ་བཏབ་རྣལ་འབྱོར་པ།། ཧྲཱིཿ ཥྚྲཱིཿ ་ལ་སོགས་སྔགས་བཟླས་ཏེ། །རྒྱལ་པོ་ཆ་གེ་བསད་ནས་ནི། །བདག་དེ་རེངས་པར་སྦྱར་བར་བྱ། །བྱེ་བ་བཟླས་པས་འགྲུབ་འགྱུར་ཏེ། །བདེན་ཞིང་བདེན་པར་ཐེ་ཚོམ་མེད། །དེ་ནས་གཞན་ཡང་རྒྱལ་ཟླ་ཡི། །དཀར་ཕྱོགས་ཉི་མ་བསྒྲུབས་ལྡན་ཚེ། །རྡུལ་ལྡན་གོས་ནི་ཡང་དག་བླང ། །ཐང་སྐུ་མཆོག་ནི་བྲི་བར་བྱ། །བྲི་བྱ་བཀྲ་ཤིས་མཆོག་སྣག་ཚ། །ཆེན་པོ་ཡང་དག་ལྡན་རྣམས་ཀྱི། །སྐུ་མདོག་དཀར་བོ་དྲག་ཤུལ་ཆེ། །ཕྱག་གཉིས་དང་ནི་ཞལ་གཅིག་མཆོག་།གཡས་པ་རྡོ་རྗེ་འབར་བ་སྟེ། །གཡོན་པས་འཛག་པའི་མགོ་བོ་འཛིན། ། ཞབས་ནི་གཡོན་བརྐྱང་རྣམ་འགྱུར་དང ། །རིན་ཆེན་ཅོད་པན་རྣམ་པར་བརྒྱན། །རིན་ཆེན་རྒྱན་རྣམས་ཡོངས་སུ་རྫོགས། །འོད་ཟེར་ཕྲེང་བས་ཀུན་ཏུ་འཁྲིགས། །གསོད་པའི་བསམ་པས་རྒྱལ་པོ་ནི། །འོག་གི་ཆ་ལ་ངེས་པར་སྦྱར། །ཐུན་མོང་ཁ་དོག་ཡང་དག་ལྡན། །ཇི་ལྟའི་དབྱིབས་ནི་རྣམ་པར་གནས། །འདུས་བྱས་ལྷ་ནི་བསྒྲུབ་པར་བྱ། །ཇི་ལྟར་འབྱོར་པའི་ཚད་ལ་ནི།།
439a
༄#། །དེ་ཡི་མདུན་དུ་སྦྱིན་སྲེག་བྱ། །ངེས་པར་ཟུར་གསུམ་དཀྱིལ་འཁོར་ལའོ། །སྦྱིན་སྲེག་འབུམ་གྱིས་དེ་རྒྱལ་སྲིད། །ཐོབ་འགྱུར་འདི་ནི་ཐེ་ཚོམ་མེད། །དེ་ནས་གཞན་ཡང་ཟླ་གཟས་བཟུང ། །གལ་ཏེ་ཉི་མ་ལ་བལྟ་བྱ། །དུར་ཁྲོད་ཐལ་བ་ཡང་དག་བླངས། །གཟུགས་བརྙན་བྱ་བ་བརྟུལ་ཞུགས་ཅན། །ཤྲཱིཾ་གཱི་རཱ་ཛཱི་ཤ་ལྔ་དང ། །ནིམ་པ་དྷ་དུ་རའི་ལོ་མས། །མཁས་པས་ཆོ་ག་འདི་ཡིས་ནི། །གཅིག་ཏུ་བྱས་ཏེ་གཟུགས་བརྙན་བྱ། །སྐུ་མདོག་སྔོན་པོ་དྲག་ཤུལ་ཆེ། །ཕྱག་གཉིས་དང་ནི་ཞལ་གཅིག་པ། །མ་ཧེ་ལ་བཞུགས་རྣམ་འགྱུར་ཞལ། །རྡོ་རྗེ་དང་ནི་ཐོད་པ་འཛིན། །བསྒྲུབས་ཏེ་སྐུ་གཟུགས་རང་བཞིན་ལ། །མཆོད་པ་བྱས་ན་སླར་ཡང་ནི། །རྒྱུན་དུ་ཧྲཱིཿ ་ཥྚྲཱིཿ ་ལ་སོགས་སྔགས། །འབུམ་ཕྲག་བཟླས་ཏེ་མཉེས་པར་བྱ། །སྡེ་བཅས་གཡོག་འཁོར་བཅས་པ་ཡིས། །རྒྱལ་པོ་ཆེ་གེ་གཞོམ་བྱ་སྟེ། །བཟླས་པ་འབུམ་གྱི་བདག་རྣལ་འབྱོར། །བྱས་ནས་འབུམ་ཕྲག་ཁྱད་པར་ལས། །མཆོད་པའི་ལས་ནི་ཡང་དག་ལྡན། །བཟླས་པའི་སྦྱིན་སྲེག་ཆོ་ག་འདིས། །སེམས་ཅན་དོན་མཆོག་བློ་དང་ལྡན། །རྒྱལ་སྲིད་ཐོབ་འགྱུར་ཐེ་ཚོམ་མེད། །དེ་ནས་གཞན་ཡང་བཀྲ་ཤིས་ཀྱི་རས་ལ་རྡོ་བའི་ནམ་མཁའི་ཆུས་ཟླ་མཚན་གྱི་གོས་བཀྲུས་ཏེ་ཐང་སྐུ་མངོན་པར་བྲི་བར་བྱའོ། །ཞལ་གཅིག་པ་དང་ཕྱག་གཉིས་པ། །སྐུ་མདོག་ནག་པོ་
439b
འཇིགས་རུང་བ། །དབུ་སྐྲ་འབུར་བ་ཡང་དག་ལྡན། །མགོ་བོའི་ཕྲེང་བ་རབ་ཏུ་འཕྱང ། །གྲི་གུག་དང་ནི་ཐོད་པ་ཕྱག་།མ་ཧེའི་སྟེང་དུ་བྲི་བར་བྱ། །དེ་ནི་སྒོམ་པ་བརྩམས་བྱས་ཏེ། །དགྲ་ཡི་མདུན་དུ་རྣམ་པར་བསྒོམ། །གྲི་གུག་གིས་ནི་བཅད་བྱས་ཏེ། །ཚིལ་དང་ཞག་རྣམས་འཐུང་བ་དང ། །རྒྱུ་མ་རྣམས་དང་འཇིམ་པ་དང ། །ཁྲག་ནི་མང་པོ་འཐུང་བར་བྱེད། །འབུམ་ཕྲག་ཙམ་གྱིས་བསྐུར་བར་འགྱུར། །ཡང་ན་རྨ་ཡིས་སྙིང་གར་གཟིར། །དེ་ནས་གཞན་ཡང་མིའི་རུས་པ་སོར་བཞི་པ་བླངས་ལ། ཧྲཱིཿ ་ཥྚྲཱིཿ ་ལ་སོགས་པའི་སྔགས་ནང་དུ་སྤེལ་བ་དགྲ་བོའི་སྒོར་མནན་པ་བྱས་ན། གལ་ཏེ་བརྒྱ་བྱིན་དང་མཚུངས་པའང་འཁོར་དང་བཅས་པ་སྐྲོད་པར་འགྱུར་རོ། །གཅིག་པུར་སྐྱེ་བོས་དབེན་པར་འདུག་སྟེ་རྗེ་བཙུན་གྱི་ཐང་སྐུ་བཀྲམ་ནས་ཕྱོགས་བཅུ་ན་ཞུགས་པའི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བྱས་ནས་མིའི་རུས་པ་བཅད་པའི་ཁྲག་ཆེན་པོ་དང་བསྲེས་པའི་བྱ་རོག་གི་ཁྲག་གིས་སོར་བཅུ་གཉིས་པའི་ཚད། རྩིབས་བཅུ་གཉིས་པའི་འཁོར་ལོ་ལ་ས་བོན་བཅུ་གཉིས་དང ། དེ་ཉིད་དུ་དགྲ་བོའི་མིང་དབུས་སུ་སྤེལ་ལ། ཚེག་དྲག་དང་བཅས་པའི་ཁ་སྦྱར་བ་ཐ་ཡིག་གསུམ་གྱིས་ཕྱི་རོལ་ཏུ་བསྐོར་བ་བྱ་རོག་གི་མགྲིན་པར་བཏགས་ཏེ། གལ་ཏེ་འབབ་ཆུ་ལ་བསྐྱུར་ན། དེའི་ཚེ་འཁྲུག་པར་འགྱུར་རོ། །དེ་ཁོ་ན་ལྟར་ས་བོན་བཅུ་གཉིས་བྲི་བར་བྱ་སྟེ། ཕཊ་
440a
༄#། །ཕཊ་ཧཱུཾ་ཧཱུཾ་ན་ན་ཏཱ་ཀྲྀ་ཝི་ཥྚྲཱིཿ ཧྲཱིཿ ་ཨོཾ། །ཇི་ལྟར་འབྱོར་པས་མཆོད་བྱས་ནས། །སྟོབས་པོ་ཆེ་ཡི་བདུག་པ་ཕུལ། །གལ་ཏེ་འབབ་ཆུ་ལ་བསྐྱུར་ན། དེ་གཞུང་དུ་མེད་དོ། །གལ་ཏེ་མ་གྱུར་ན་བྱ་རོག་གི་གཤོག་པ་ལ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་དགྲ་བོའི་སྒོ་ནང་དུ་མིང་དང་སྤེལ་བ་ནི། འཕྲལ་དུ་འཁོར་དང་བཅས་པ་སྐྲོད་པར་བྱེད་དོ། །དེ་ཁོ་ན་ལྟར་རྩིབས་བཅུ་གཉིས་པའི་འཁོར་ལོའི་དབུས་སུ་ཚ་བ་གསུམ་དང་དུག་དང་སྐེ་ཚེ་རྣམས་རུས་པ་ཆེན་པོའི་འབྲི་སྨྱུག་གིས་མེའི་ས་བོན་གྱི་དབུས་སུ་ཚེག་དྲག་དང་བཅས་པའི་གྷཿ ཡིག་གཉིས་ཁ་སྦྱར་བའི་ཐ་ཡིག་གསུམ་གྱིས་ཕྱི་རོལ་ཏུ་བསྐོར་བའི་མེའི་བུད་ཤིང་གི་མེ་ལ་གདུང་བར་བྱ་སྟེ། དེའི་སྐད་ཅིག་ལ་བུ་དང་ཆུང་མ་དང་གཡོག་འཁོར་དང་བཅས་པ་འཆི་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། རྒྱལ་སྲིད་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཕ་རོལ་སྡེ་རྣམས་འཇོམས། །འདི་ལས་ཡང་དག་རབ་བཤད་བྱ། །བྲམ་ཟེ་མོ་ཡི་རྡུལ་གོས་ལ། །རྒྱལ་དང་ཉི་མས་ཡང་དག་བརྩམ།། མ་ཧེའི་ཞལ་གྱི་ཐང་སྐུ་བྲི། །བརྒྱ་ཕྲག་ཕྱག་ནི་རབ་གསལ་བ། །དེ་ནི་ཕྱག་མཚན་རྣོན་པོ་བསྣམས། །ཐམས་ཅད་དུ་ནི་བྲི་བར་བྱ། །ཐང་སྐུ་དཀར་བོ་བྲི་བྱ་སྟེ། །པདྨ་དཀར་པོས་
440b
མཆོད་པར་བྱ། །སྔགས་ཀྱི་བཟླས་པ་འབུམ་ཕྲག་རྣམས། །བྱས་ཏེ་དེ་བཞིན་པདྨ་སླར། །ཐང་སྐུ་བཀྲམ་པ་མངོན་ཕྱོགས་པར། །བ་དན་སྟེང་དུ་འཛིན་པ་ནི། །རྐང་གཉིས་རྐང་བཞི་ལ་སོགས་པ། །སྐྱེ་བོ་རྣམས་ཀྱིས་མཐོང་གྱུར་གང ། །དེ་ནས་ཐམས་ཅད་གདོང་གཞན་འགྲོ། །སེངྒེ་མཐོང་བའི་གླང་པོ་བཞིན། །དེ་ནས་གཞན་ཡང ། ཚངས་པའི་ས་བོན་མར་ཁུ་ཆེ། །ཀུ་དཱ་ར་ཙྪིན་གྱིས་ལྡན་བ། །རྔ་མོའི་གཅིན་གྱིས་ཡང་དག་ལྡན། །རིལ་བུ་བྱ་འོ་བརྟུལ་ཞུགས་ཅན། །རང་གི་གདོང་པར་ཐིག་ལེ་བྱ། །ཕ་རོལ་སྡེ་ནི་རྣམ་པར་འཇོམས། ། ཤཝི་ཀ་ཤིང་རྩར་སོང་སྟེ། །བརྒྱད་པའམ་ཡང་ན་བཅུ་བཞི་ལ། །ཐུན་གསུམ་དུ་ནི་ཟླ་བ་གཅིག་།སྔོན་བསྙེན་འབུམ་ཕྲག་གཅིག་བྱར་འགྱུར། །ོཾ་སིདྡྷི་ཨ་ནནྟ་ནཱ་ལ་ཧཱ་རི་ཎི་པ་ར་སྱཻ་ནྱ་བ་ནཱི་ཤ་ནི་ཧྲཱིཿ སཝཱཧཱ།་འདི་ཉིད་ཀྱིས་ནི་འགྲུབ་པར་འགྱུར། །མཐོང་བ་ལས་ཕ་རོལ་གྱི་སྡེ་རྣམ་པར་འཇོམས་ཤིང་གང་ལ་བལྟས་པ་དེ་འབྲོས་པར་འགྱུར་རོ། །དེ་ནས་གཞན་ཡང ། ཤིང་གཅིག་རྩ་བར་ཕྱིན་ནས་ནི། །མཆོག་གི་རོ་ལ་འདུག་བྱས་ཏེ། །གཡས་ན་རལ་གྲི་འཛིན་པ་དང ། །གཡེན་བརྐྱང་བ་ཡི་ཞལ་གྱིས་ནི། །ཧྲཱིཿ ཥྚྲཱིཿ ་ལ་སོགས་པའི་སྔགས་མཚན་མོ་མཐའ་དག་བཟླ་བར་བྱ་སྟེ། དེའི་ཚེ་རལ་གྲི་ཡོངས་སུ་འཕྲོ་ཞིང་དེའི་ཚེ་ཕ་རོལ་གྱི་སྡེ་རྣམས་སྲུང་ངོ ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་
441a
༄#། །དམར་པོའི་རྒྱུད་ལས། ཕ་རོལ་གྱི་སྡེ་རྣམ་པར་འཇོམས་པའི་ལེའུ་སྟེ་དྲུག་པ་འོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །མི་སྣང་འགྲུབ་པར་རབ་གསལ་མཛད། །ཐོག་མར་མི་སྣང་བསྒྲུབ་པའི་དོན་དུ་རྣལ་འབྱོར་པས་རྒྱལ་དང་ཉི་མའི་ཉིན་མོ་བརྩམ་ཞིང་སྔོན་དུ་ཡང་དག་པར་བཏགས་ལ་འབུམ་ཕྲག་བཟླ་བར་བྱ་སྟེ། དེའི་དྲོད་འབྱུང་བར་འགྱུར་རོ། །གཟས་བཟུང་བའི་དུས་ནས་པ་ཎི་ཊ་ཀ་རིའི་རྩ་བ་དང ། རོ་དང ། ཁཾ་གྷ་རི་དང ། ེ་ར་བ་ཌའི་རྩ་བ་དང་ཐམས་ཅད་གཅིག་ཏུ་བྱས་ཏེ་རིལ་བུ་བྱས་ནས་ཁར་བཅུག་ན་མི་མཐོང་བར་འགྱུར་རོ། །དེ་བཞིན་དུ་གཞན་ཡང་ཁོ་ཊི་ཛཱ་ལ་ཛ་ཡ་ན་ཏི་དང ། བྲིདྡྷ་ར་ཀའི་རྩ་བ་དང་ཐམས་ཅད་མཉམ་པོར་གཅིག་ཏུ་བྱས་ཏེ་བྷེ་གའི་གཅིན་ལ་ཉི་མ་གསུམ་བསྐམས་ལ་རིལ་བུ་བྱས་ནས་ཁར་བཅང་བར་བྱ་སྟེ། མི་མཐོང་བར་འགྱུར་རོ། །དེ་ནས་གཞན་ཡང་ཉི་མ་གཟས་བཟུང་བའི་དུས་ན་ཨུལྐཱིའི་མཆུ་དང ། རོ་དང ། དྷ་དུ་ར་ཀ་ན་ཀ་ཧཱ་ཡ་ཉིད་བ་ཌ་བྷིའི་གཅིན་གཅིག་ལ་ཡང་དག་པར་བཞག་སྟེ་རིལ་བུ་བྱས་ནས་ཁར་བཅུག་ན། མི་སྣང་བའི་མཆོག་གོ་།དེ་ནས་གཞན་ཡང་བྱི་བའི་མིག་དང ། བྱ་རྒོད་ཀྱི་མིག་དང ། ས་འོག་སྐྱོང་བས་ཀྱང་ཆ་མཉམ་པོར་གཅིག་ཏུ་བྱས་པའི་རིལ་བུ་བཤང་ལམ་དུ་གཞུག་པར་བྱ་སྟེ། སྐད་ཅིག་དེ་ལས་དེ་མི་མཐོང་བར་འགྲོ་བར་བྱེད་དོ། །དེ་ནས་ཡང་
441b
ཉི་མའི་རེས་ལ་བྱི་བའི་མིག་རབ་ཏུ་བླངས་ཏེ། རམས་དང་ཙི་ཏྲ་ཀ་སྔོན་པོའི་རྩ་བ་དང་ལྷན་ཅིག་བྱ་རྒོད་ཀྱི་ཁག་གིས་བཏགས་པར་བྱ་སྟེ། མི་སྣང་བའི་མཆོག་གོ་།དེ་ནས་གཞན་ཡང་པཱ་ཤཱི་མཱན་ས་དང ། བ་ལ་མཱན་ས་དང ། བ་ཧཱུཾ་ར་ཕ་ལ་བསྙམས་ཏེ་དར་གོས་ཀྱིས་དཀྲིས་ནས་བྲམ་ཟེའི་ཐོད་པ་ལ་མེ་ལྕེའི་དྲེག་པ་འཆགས་པར་བྱའོ། །དེའི་མིག་སྨན་གྱིས་མིག་གཉིས་ལ་བྱུག་ན་མི་མཐོང་བར་འགྱུར་རོ། །དེ་ནས་གཞན་ཡང་གདོལ་པའི་མེ་ཏོག་དང ། ཤཱ་ཏཱ་བ་དྷ་དང ། འདབ་བཟང་གི་མིག་རྣམས་རིལ་བུ་བྱས་ཏེ་ཁར་བཅུག་ན། དེ་མིས་མི་མཐོང་བར་འགྱུར་རོ། །དེ་ནས་གཞན་ཡང་འདབ་བཟང་བླངས་ལ་ཉི་མ་བདུན་གྱི་བར་དུ་དངུལ་ཆུ་མ་ཤཱ་གཅིག་བྱས་ཏེ་བཟའ་བར་བྱ་འོ། །དེས་བྲུན་དུ་གྱུར་བ་གང་ཡིན་པ་དེ་དང་ལྷན་ཅིག་བདག་ཉིད་ཀྱི་ཁུ་བས་ཐིག་ལེ་བྱས་ན། མི་མཐོང་བར་འགྱུར་རོ། །འདི་ནི། མི་སྣང་བའི་རབ་ཏུ་བྱ་བ་འོ། །མིག་སྨན་བཤད་བར་བྱ་སྟེ། ཐོག་མར་རེ་ཞིག་མིག་སྨན་གྱི་དོན་དུ་བཅོམ་ལྡན་འདས་ཀྱི་སྔགས་འབུམ་ཕྲག་ལྔ་ཡོངས་སུ་བཟླས་ཏེ་མིག་སྨན་སྒྲུབ་པ་བརྩམ་པར་བྱ་འོ། །དུང་དང་བྱ་རྒོད་དང་ཀུ་ར་ར་རྣམས་ཀྱི་མིག་བླངས་ཏེ་མ་ཉམས་ནས་ས་འོག་གི་སྦྲང་རྩིའི་ཁུ་བ་ལ་དར་གོས་ཀྱི་སྡོང་བུས་དྲེག་པ་འཆགས་པར་འགྱུར་རོ། །གང་གིས་འདིའི་མིག་སྨན་བྱུགས་བ་ཙམ་གྱིས་སའི་བུ་ག་མཐོང་བར་འགྱུར་རོ། །སྐར་མ་ལག་ལ་བྲྀ་ཧ་ཏི་དཀར་པོའི་རྩ་བ་དང །
442a
༄#། །ཛ་ཡནྟཱི་ནག་པོའི་རྩ་བ་དང ། ལྕེ་སྤྱང་གི་མིག་བསྙམས་ཏེ་སྦྲང་རྩིས་ལྷན་ཅིག་བཏགས་ནས་ཐིག་ལེ་བྱས་ན། སའི་བུ་ག་མཐོང་བར་འགྱུར་རོ། །བྷཱུ་མི་ལ་ཏའི་ཏིལ་མར་དང ། བི་ཤཾ་ཀ་རའི་རྩ་བའི་ཁུ་བར་ཛ་དང་བཅས་པས། དར་གོས་ལ་གཞོན་ནུ་མས་བྱས་པའི་སྲད་བུས་དཀྲིས་ནས་སྡོང་བུ་བྱས་ཏེ་མིའི་ཐོད་པ་ལ་དྲེག་པ་འཆགས་པར་བྱས་ལ་མིག་སྨན་བྱས་ན། ངེས་པར་གཏེར་མཐོང་བར་འགྱུར་རོ། །དེ་ནས་གཞན་ཡང་རྒྱལ་གྱི་ཟླ་བ་དང ། སྐར་མ་སྣུབས་ལ་ཟླ་མཚན་གྱི་གོས་བླངས་ཏེ་བརྒྱད་པའམ་བཅུ་བཞི་པ་ལ་རྡོ་རྗེ་ཙ་རྩི་ཀའི་ཐང་སྐུ་མངོན་པར་བྲིས་ལ་མཆོད་པ་ཆེན་པོ་བྱས་ན། མཚན་མོ་འབུམ་ཕྲག་གཅིག་བཟླས་ན་ངེས་པར་རྨི་ལམ་གྱི་གཏེར་མཐོང་བར་འགྱུར་རོ། །དེ་ནས་གཞན་ཡང་ཤིང་ནི་མ་པའི་རྩེར་སོང་སྟེ་བརྒྱད་པའམ་བཅུ་བཞི་པ་ལ་ཐང་སྐུའི་མདུན་དུ་ཙརྩི་ཀ་བསམས་ནས་ལྕེ་སྤྱང་གི་མགོའི་སྟེང་དུ་ཁྲི་ཕྲག་བཟླས་ན། ཙརྩི་ཀ་དྲུང་དུ་འོངས་ནས་བདག་གིས་ཅི་བྱ་འདྲི་བར་འགྱུར་ཞིང་སྒྲུབ་པ་པོས་བདག་ལ་མིག་སྨན་གྱི་གྲུབ་པ་རབ་ཏུ་སྩོལ་ཅེས་པ་དང ། བདག་ལ་རོའི་བཅུད་ལེན་སྩོལ་ཅེས་བརྗོད་པར་བྱའོ། །གི་ཝང་དང་ལྕེ་སྤྱང་གི་མིག་དང ། དངུལ་ཆུ་དང ། ཤིང་ཏ་ལའི་ཁུ་བ་དང ། སྦྲང་རྩི་མཉམ་པ་རྣམས་མཁས་པས་རིལ་བུ་བྱའོ། །འདིས་མིག་སྨན་བྱས་པའི་མིག་ནི། སའི་བུ་ག་
442b
མཐོང་བར་འགྱུར་རོ། །ལྕེ་སྤྱང་གི་མིག་དང ། བྱ་རྒོད་ཀྱི་མིག་དང ། ཀུ་ར་རའི་མིག་རྣམས་དེ་ཁོ་ན་ལྟར་གཡོན་པས་གཡོན་པ་དང ། གཡས་པས་གཡས་པ་བཟུང་སྟེ་ཏིལ་མར་ཆེན་པོས་དྲེག་པ་འཆགས་པར་བྱ་འོ། །འདིས་མིག་སྨན་བྱས་པའི་མིག་ནི། སའི་བུ་ག་མཐོང་བར་འགྱུར་རོ། །དེ་ནས་གཞན་ཡང་གི་ཝང་དང ། མིའི་མཁྲིས་པ་དང ། ག་བུར་དང ། དངུལ་དང ། དེ་བཞིན་དུ་ཧ་རཾ་བྱིན་ནས་བརྟག་པར་བྱའོ། །འདིས་མིག་སྨན་བྱས་ན་སའི་བུ་ག་མཐོང་བར་འགྱུར་རོ། །དེ་ནས་གཞན་ཡང ། གྲུབ་པ་སྣ་ཚོགས་གནས་ཀྱི་དོན། །ནོར་དང་འབྲུ་སོགས་ཕུན་སུམ་ཚོགས། །ལྕགས་བརྒྱད་འཇོམས་ཤིང་ནམ་མཁའ་ལ། །སྤྱོད་པ་ཉིད་ཀྱང་སྟེར་བར་འགྱུར། །སྔོན་དུ་བསྙེན་པའི་དོན་དུ་སྔགས་འབུམ་ཕྲག་གཅིག་བཟླས་ནས་དངུལ་ཆུའི་སྒྲུབ་ཐབས་བརྩམ་པར་བྱ་འོ། །ཐོག་མར་དངུལ་ཆུ་བླངས་ཏེ་ཙི་ཏྲ་ཀ་དམར་པོའི་ཁུ་བས་བསྣུར་བར་བྱ་འོ། །དེའི་རྗེས་ལ་ཟངས་ཀྱི་ཁུ་བ་དང ། གསེར་གྱི་ཕྱེ་མ་བྱིན་ནས་ཤཱ་ཁོ་ཌའི་ཁུ་བས་བཞི་ཆ་ཚད་ཀྱི་ནོར་བུ་བྱ་འོ། །གླང་པོ་ཆེའི་ཤ་དང ། ལྡོང་རོས་ཀྱིས་མཉམ་པོར་བཏགས་ཏེ་ཀོང་བུ་ཁ་སྦྱར་གྱི་ནང་དུ་ར་ཛ་བྱིན་ནས་བསྲོ་བར་བྱ་འོ། །གོང་བུ་གྱུར་པ་ཕྱེད་མར་བྱས་ནས་ར་ཏིའི་ཚད་ཀྱིས་ཟངས་འཇོམས་ཤིང་གསེར་དང་མཚུངས་པར་འགྱུར་རོ། །རོ་འདི་དག་ཏིལ་མར་ཆེན་པོས་བསྣུར་ནས་ལྷང་ཚེར་དང ། མུ་ཟིས་ཏིལ་མར་ཆེན་པོ་ཉི་མ་གསུམ་བཙོ་བར་བྱ་
443a
༄#། །སྟེ།་ཇི་སྲིད་སླར་གོང་བུར་གྱུར་གྱི་བར་དུ་འོ། །སྦྲང་རྩི་དང་ལྷན་ཅིག་ཅུང་ཟད་ཟོས་པ་ལ་སྐྱེས་བུ་ལོ་སྟོང་ཕྲག་ཏུ་འཚོ་བར་འགྱུར་ལ། དངུལ་བཅོས་ནས་གསེར་དུ་འགྱུར་རོ། །གཞན་ཡང་བཱ་ཧལཱ་བའི་ཁུ་བ་བྱིན་ནས་དངུལ་ཆུ་བསྣུར་བར་བྱ་སྟེ། ཇི་སྲིད་གོང་བུར་གྱུར་གྱི་བར་དུ་འོ། །ཤ་ཏཱ་ལ་དང་ཛམྦྷི་རའི་ཁུ་བ་དང ། ཤཱ་ཁོ་ཌ་ཀའི་འབྲས་བུའི་ཤུན་པ་སོ་སོར་མཉམ་པོར་བྱིན་ནས་ཀོང་བུའི་ནང་དུ་བཞག་སྟེ། དེ་ཉིད་ཀྱིས་རབ་ཏུ་བྱུག་པར་བྱ་ཞིང་བསྐམས་ལ་ཕྱི་ནས་ཀོང་བུར་བསྲེག་པར་བྱ་སྟེ། མྱུར་དུ་གོང་བུའི་ཚད་དུ་འགྱུར་རོ།། ར་ཏི་གཉིས་ཀྱི་ཚད་ཀྱི་ཉི་མ་ཉི་ཤུ་རྩ་གཅིག་ཇི་སྲིད་པར་ལོ་མ་དང་སྐྱུར་པོ་སྤངས་ཤིང་ཐམས་ཅད་དུ་བུད་མེད་བསྟེན་པ་ཡང་སྤང་བར་བྱ་སྟེ། སྐྱེས་བུ་ལོ་སྟོང་ཕྲག་བཅུ་གཉིས་སུ་འཚོ་ཞིང ། མཁའ་ལ་སྤྱོད་པ་ཉིད་ཐོབ་པར་འགྱུར་རོ། །བཾ་ག་བཅོམ་ན་ས་དངུལ་ཆུར་འགྱུར་རོ། །དེ་ནས་གཞན་ཡང་རན་ཛཱ་ནི་ལའི་ཁུ་བས། སུ་པ་ར་ན་མཱཀྵི་དང ། པཥྚེ་ས་ར་ཏའི་རྩ་བ་མཉེ་བར་བྱ་སྟེ། ལྷང་ཚེར་དང ། ན་ར་དོ་ཎིའི་ཁུ་བས་གོད་བུར་བྱ་འོ། །ཀོང་བུའི་ནང་དུ་བཞག་ནས་ཕ་རིའི་ཏིལ་མར་ལ་སྦྱར་བར་བྱ་སྟེ། ཟླ་བ་དྲུག་གིས་གོང་བུར་འགྱུར་ན་ལྕགས་བརྒྱད་རྣམས་ངེས་པར་གསེར་དུ་འགྱུར་ལ། ཟོས་པས་མཁའ་ལ་སྦྱོད་པ་ཉིད་ཐོབ་པར་འགྱུར་རོ། །མཐོང་བ་དང་རེག་པ་ཙམ་གྱིས་ལོ་ལྔ་བརྒྱ་རྣམས་སུ་འཚོ་བར་འགྱུར་རོ།།
443b
དེ་ནས་གཞན་ཡང་དངུལ་ཆུ་ཀུ་མ་རིའི་ཁུ་བས་བསྣུར་བར་བྱ་སྟེ། སོ་མ་ཧ་དང ། བ་ལཱ་ཤའི་རྩ་བ་དང ། ནཱ་ག་ཀེ་ཤ་རའི་ཤུན་པ་དང ། བཙག་དང ། ཀ་ཐི་ནཱི་དང ། དེ་བཞིན་དུ་སླར་བ་ཌའི་འོ་མ་དང་མཉམ་པོས་བསྲོ་བར་བྱ་སྟེ། ཐུན་གཉིས་ཀྱིས་གོང་བུར་འགྱུར་རོ། །ཅུང་ཟད་ཟོས་པ་ཙམ་གྱིས་ངེས་པར་ས་གསུམ་དུ་འགྲོ་བར་བྱེད་ཅིང ། ར་ཏི་ཙམ་གྱིས་ངེས་པར་ཟངས་སྲང་གསེར་དུ་འགྱུར་རོ། །དེ་ནས་གཞན་ཡང་དངུལ་ཆུ་ཤྲཱི་ཁཎྜའི་སོ་ཛུའི་འོ་མས་ཅུང་ཟད་མཉེས་ཏེ་མུ་ཟི་དང་ཟངས་ཀྱི་སྣོད་དུ་ཛམྦྷི་རའི་ཁུ་བས་མཉེ་ཞིང་ཉི་འོད་ལ་བསྐམ་པར་བྱ་འོ། ། གོང་བུར་གྱུར་པ་ཀོང་བུའི་ནང་དུ་བཞག་སྟེ་ཐུན་གཉིས་སུ་བསྲོ་བར་བྱ་འོ། །སུ་ཀི་ཏིའི་ཀོང་བུར་བཅུག་ལ་ར་ཏིའི་ཚད་ཀྱིས་དབུག་པར་བྱ་སྟེ་ཟངས་བཅོམ་ནས་གསེར་དུ་འགྱུར་རོ། །ལུས་ཀྱི་ཡང་མཉེར་མ་དང་སྐྲ་དཀར་སྤོང་ཞིང་ཕན་པར་འགྱུར་རོ། །དེ་ནས་གཞན་ཡང་དངུལ་ཆུ་བ་ལའི་རྩ་བར་བསྣུར་བར་བྱ་ཞིང ། སླར་ཡང་གདོལ་པའི་མེ་ཏོག་གི་ཁུ་བས་བསྣུར་བར་བྱ་འོ། ། སླར་ཡང་སྐན་ཙ་ཀ་དང ། བ་ཧ་རིའི་ཁུ་བ་ལ་བསྣུར་བར་བྱའ་ ། །དེའི་ལ་ར་ཏིའི་ཚད་ཀྱི་གསེར་གྱི་ཕྱེ་མ་བྱིན་ནས་གོང་བུར་བྱ་འོ། །འདབ་མ་བདུན་པའི་ཀོང་བུའི་ནང་དུ་ཀུན་ཛཱ་རའི་རྐང་པའི་ཚད་ཀྱིས་དུམ་བུ་བྱིན་ན་གོང་བུར་འགྱུར་རོ། །དེ་བླངས་ཏེ་ར་ཏིའི་ཚད་ཀྱིས་ཟངས་འཇོམས་ཤིང་གསེར་དུ་འགྱུར་རོ། །ལུས་ལའང་ར་ཏིའི་ཚད་ཀྱིས་སྐྱོན་གསུམ་འཕྲོག་པར་འགྱུར་རོ། །གཅོང་
444a
༄#། །ནད་ལ་ཡང་འཚོ་བ་དང ། རྣལ་འབྱོར་པ་ཆེན་པོར་འགྱུར་རོ། །ཟོས་བ་ཙམ་གྱིས་རྒྱང་གྲགས་སུ་འགྲོ་བར་བྱེད་དོ། །དེ་ནས་གཞན་ཡང་དངུལ་ཆུ་སྣོད་དུ་བཞག་སྟེ་རྡོ་བའི་གཞི་ལ་བསྣུར་ཞིང་ཏྲི་ཧྲིའི་རྩ་བ་དང ། ཀ་ར་ན་ཛ་དང ། བཱ་ཐཱའི་རྩ་བས་བསྣུར་བར་བྱའོ། །གོང་བུ་བྱས་ནས་ཀོང་བུའི་ནང་དུ་བཞག་སྟེ་མཚན་མོ་མཐའ་དག་པར་བསྲེ་བར་བྱ་འོ། །དེ་ནས་རྫོགས་པར་འདུས་བྱས་ཏེ་ར་ཏིའི་ཚད་ཀྱི་ཆོ་ག་ལ་ཟངས་འཇོམས་པ་དང ། ཟོས་ན་ར་ཏིའི་ཚོད་ཀྱིས་སྐྲ་དཀར་དང་གཉེར་མ་སྤོང་བར་འགྱུར་རོ། །ཟླ་བ་དྲུག་གི་རབ་ཏུ་སྦྱོར་བ་ལས་ལོ་སྟོང་ཕྲག་རྣམས་སུ་འཚོ་བར་འགྱུར་རོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་ཉིད་དེ། དངུལ་ཆུ་སྲང་གཅིག་བླངས་ནས་ཤིངྒ་བེ་རའི་ཁུ་བས་བསྣུར་བར་བྱ་འོ། །ལྷང་ཚེར་དང་གསེར་ཅུང་ཟད་དང་ལྡན་པ། ཤིངྒི་དམར་པོ་དང་མཉམ་པོས་ག་ཌཱ་ཡའི་ཁུ་བ་བླངས་ཏེ་ངེས་པར་ཞག་བཅུ་གཉིས་རྣམས་སོ། །དེའི་རྗེས་ལ་ཀོད་བུའི་ནང་དུ་བཞག་སྟེ་བསོ་བར་བྱའོ། །ཀུཉྫའི་རྐང་པའི་ཚད་ལས། དེ་ནས་བླངས་ཏེ་ར་ཏིའི་ཚད་ཀྱིས་ཡང་དག་པར་བླངས་ལ་གཞུག་པར་བྱ་སྟེ། ཟངས་མ་ལུས་བཅོམ་ནས་ངེས་པར་གསེར་དུ་འགྱུར་རོ། །ཟོས་ནས་མཁའ་ལ་སྤྱོད་པ་ཉིད་ཐོབ་ཅིང་ལོ་སྟོང་དུ་འཚོ་བར་ཐེ་ཚོམ་མེད་དོ། །གནོད་སྦྱིན་དང་མི་འམ་ཅིའི་བདག་པོ་རྣམས་ཀྱིས་བསྟེན་ཅིང་གཤིན་རྗེའི་འཇིག་རྟེན་
444b
རྣམས་སུ་འགྲོ་བར་མི་འགྱུར་རོ། །དེ་ནས་གཞན་ཡང་ལྷང་ཚེར་ནག་པོ་སྲང་གཅིག་དང ། བྷ་ཀ་དང་པརྞ་དང་དངུལ་ཆུ་དང་ལྡན་བ་རྣམས་ཀྱིས་ཟླ་བ་ཕྱེད་དུ་སྦྱར་ཏེ་རྩི་བོ་ཆེ་དང་རོ་མཉམ་དུ་བྱས་པ་ཟ་བའི་ཚད་ཀྱིས་ཆུ་གྲང་མོ་དང་ཡང་དག་པར་ལྡན་པར་བཟའ་བར་བྱ་སྟེ། ཟླ་བ་སྦྱོར་བའི་རྣལ་འབྱོར་པས་བདག་ཉིད་རྒས་པ་དང་འཆི་བ་མེད་པར་འགྱུར་རོ། །དེ་ནས་གཞན་ཡང་ལྕགས་སྲང་གང་ཙམ་བླངས་ཏེ་ར་གན་ཕྱེ་མར་བྱས་ཏེ་ཀ་ཤིའི་ཁུ་བས་མཉམ་པར་ལྡན་པ་མེ་ལྕེའི་འོད་ཟེར་ལ་བསྐམ་པར་བྱ་འོ། །དངུལ་ཆུ་དང་མུ་ཟི་རྣམས་དེར་བཞི་ཆའི་ཚད་སྦྱར་བ་ལས། ཀཀྐོ་ལ་དང ། ལི་ཤིའི་ཕྱེ་མ་རྣམས་ཕྱེད་དང་གཉིས་སྔ་མའི་ཚད་ལས་ཏེ། ཐམས་ཅད་གཅིག་ཏུ་བྱས་ལ་རྡོ་བའི་གཞི་ལ་ལྕགས་བསྣུར་བར་བྱ་འོ། །གསེར་ཀོང་བུར་བཞག་ནས་བསྲོ་བར་བྱ་འོ། །དེ་ནས་བླངས་ཏེ་ལྕགས་ཆེན་པོ་ཟླ་བའི་ཚད་ཀྱིས་བཟའ་བར་བྱ་སྟེ། སྐྲ་དཀར་དང་གཉེར་མ་རྣམས་འཇོམས་ཤིང་རྒས་པ་དང་འཆི་བ་མེད་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། མི་སྣང་བ་ལ་སོགས་ཀྱི་ལེའུ་བདུན་བའོ།། །།དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོས་གྲིབ་མ་འཕྲོག་པའི་རབ་ཏུ་དབྱེ་བ་གསུངས་པ། རྐང་གཉིས་དང་རྐང་བཞི་པ་རྣམས་ཀྱི་དགྲ་བོ་ཚར་གཅོད་བའི་ཕྱིར་རབ་ཏུ་སྦྱོར་བ་འདི་བརྗོད་པར་བྱ་འོ། །ཐོག་མར་རེ་ཞིག་
445a
༄#། །སེམས་ཅན་ཐམས་ཅད་རྨོངས་པར་བྱ་བའི་ཕྱིར་དཔའ་བོ་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །རང་ཁྱིམ་རྣམས་སམ་མཚན་མོའི་དུས། །སྟག་ཝགྶ་གདན་ལ་འདུག་བྱས་ཏེ། །ཞལ་གཅིག་དམར་པོ་མི་བཟད་པ། །ཞགས་པ་དང་ནི་ལྕགས་ཀྱུ་འཛིན། །རོ་ལ་བཞུགས་པ་དྲག་ཤུལ་ཆེ། །སྤྱན་གསུམ་ཤིན་ཏུ་འཇིགས་རུང་པ། ། ཐམས་ཅད་རྨོངས་པར་བྱེད་པའི་ལྷ། །མི་བཟད་པ་ཡི་མེ་སྟག་འཕྲོ། །འདི་ལྟར་བསམས་ནས་འབུམ་ཕྲག་བཟླས། །ཕྱི་ནས་ཆོ་ག་ཀུན་སྤྱོད་པ། །ཀཱ་ར་བཱི་ར་དཀར་རྩ་བ། །དེ་བཞིན་དནྟཱི་དམར་རྩ་བ། །སྦལ་པའི་ཁྲག་གིས་བསྣུར་བྱས་ཏེ། །ཐིག་ལེ་བཅང་བྱ་བརྟུལ་ཞུགས་ཅན། །གང་གི་གྲིབ་མ་འཕྲོག་བྱེད་པ། །རྐང་པ་དེ་ཡང་རྨོངས་པས་འཐོབ། །རྐང་གཉིས་རྐང་བཞི་ཐམས་ཅད་ནི། །རྨོངས་པར་འགྱུར་བར་ཐེ་ཚོམ་མེད། །ཉི་མ་རེངས་དང་དཀར་ཕྱོགས་ལ། །སྲིན་བུ་ལྟོ་བ་ནས་སྐྱུགས་པ། །རབ་ཏུ་འབད་པས་དེ་བླངས་ཏེ། ། རཝ་ཅོ་ཡིས་ནི་ཐིག་ལེ་བྱ། །དཔྲལ་བར་ཐིག་ལེ་བྱིན་བྱས་པ། །གང་གི་གྲིབ་མ་འཕྲོག་བར་བྱེད། །ངེས་པར་རྨོངས་པ་འཐོབ་པར་འགྱུར། །འོ་མ་རྣམས་ཀྱིས་རབ་དཀྲུས་དག་།དནྟཱི་རོ་ཧ་ཨུ་ཧ་རཥྚིའི། །རྩ་བ་འདི་རྣམས་སྐམ་མཉམ་པར། །བྱ་རོག་ཁྲག་གིས་བསྣུར་ནས་ནི། །ཐིག་ལེ་བྱའོ་བརྟུལ་ཞུགས་ཅན། །ཐིག་ལེ་འདི་ཡིས་བྱིན་རླབས་
445b
ཀྱིས། །ལྷ་ཡང་རབ་ཏུ་བསྐྱོད་པར་བྱེད། །ངེས་པར་སོམ་ཉི་མི་བྱ་སྟེ། །བྱ་བ་ལ་ཡང་རྨོངས་པར་འགྱུར། །དེ་བཞིན་རབ་ཏུ་སྦྱོར་བ་གཞན། །ར་ས་ཤྲིངྒི་ཀུ་ཐཱ་རཱི། ཕ་ཎཱི་ན་ག་པ་ཎཱི་དང ། །འདི་རྣམས་ཀུན་གྱི་ཤ་བཅས་པ། །རིལ་བུ་བྱ་འོ་བརྟུལ་ཞུགས་ཅན། །ནམ་མཁའི་རྡོ་བའི་ཆུ་ཉིད་ཀྱིས། །སྤྱི་བོར་ཐིག་ལེ་བཅང་བར་བྱ། །ངེས་པར་རེག་སྟེ་གདོང་བལྟས་ན། །མི་ནི་ཁྲག་ཏུ་སྐྱུག་པར་བྱེད། །ཀཱ་ཀ་མ་རྩི་སྦྲང་རྩི་དཀར། །ཁུ་བྱུག་དཀར་པོའི་མིག་གིས་ནི། །ནམ་མཁའི་ཆུ་དང་མཉམ་པར་ལྡན། །སྤྱི་བོ་ལ་ནི་ཐིག་ལེ་བྱ། །ཐིག་ལེ་འདི་ཡི་བྱིན་རླབས་ཀྱིས། །དགྲ་བོ་རྣམས་ནི་དབང་དུ་འགྱུར། །གང་དུ་ཕྱག་ནི་འཚལ་བྱེད་པ། །དེ་རྣམས་ངེས་པར་རྨོངས་པར་འགྱུར། །དེ་ནས་གཞན་ཡང་རབ་སྦྱོར་ཏེ། །སྦྲུལ་ནག་པོ་ཡི་ལྕེ་དང་ནི། །དེ་བཞིན་སྲེ་མོའི་ལྕེ་ཉིད་དང ། །བྱི་བའི་མཁྲིས་པ་ཡང་དག་བསྲེས། །ཁྲི་ཕྲག་ལྔ་ཡི་རིལ་བུ་རྣམས། །ཐིག་ལེ་འདི་ཡི་བྱིན་རླབས་ཀྱིས། །དགྲ་བོ་བྲན་དུ་བྱེད་པར་འགྱུར། །མ་རུངས་འཁོར་དང་བཅས་པ་ཡིས། ། རྒྱལ་པོ་རྨོངས་པར་བྱེད་པར་འགྱུར། །དེ་ནས་གཞན་ཡང་རབ་སྦྱོར་ཏེ། །འཆི་མེད་རྩ་བའི་སཱི་ཏ་ཀ་།དེ་བཞིན་བ་ཧུ་ཌཱ་ཕ་ལ། །འདི་རྣམས་མཉམ་པོའི་ཆ་ཡིས་ཀྱང ། །རིལ་བུ་བྱ་འོ་མཁས་པ་ཡིས། །ཐིག་ལེ་འདི་ཡིས་ཡང་དག་བཟུང ། །འཇིག་རྟེན་གསུམ་པོ་རྨོངས་པར་འགྱུར། །ཁ་ཡིས་བདུད་རྩི་བླངས་བྱས་ཏེ། །གཡོན་པའི་མིང་མེད་ཀྱིས་ཀྱང་ནི། །འདི་ནི། རིལ་བུ་བྱིན་གྱིས་
446a
༄#། །བརླབ་པའི་སྔགས་ཏེ། ཨོཾ་མ་ཧཱ་ཡཀྵ་སེ་ན་ཨ་དྷི་པ་ཏ་ཡེ་མ་ཧཱ་དུར་དཱནྟ་ད་མ་གཱ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། བི་དྲཱ་པ་ཡ་བི་དྲཱ་པ་ཡ། ཧཱུཾ་ཧཱུཾ་སརྦ་དུཥྚ་ན་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། ལེའུ་བརྒྱད་པའོ།། །།འདིར་བཅོམ་ལྡན་འདས་ཀྱིས་རོ་ལངས་ལ་སོགས་པའི་སྒྲུབ་ཐབས་གསུངས་ཏེ། ཨོཾ་ཧཱུཾཿ ཛཿ ་ཨ་པ་རཱ་ཛི་ཏཿ ། ཨོཾ་ཧཱུཾཿ ཛཿ ་ཨ་ཛི་ཏ། ཨོཾ་ཧཱུཾ་ཛཿ ་པུ་ར་ཎཿ ། ཨོཾ་ཧཱུཾ་ཛཿ ་ཨ་པུ་ར་ཎཿ ། ཨོཾ་ཤྲཾ་ཛཥྨ་ས་ན་ཨ་དྷི་པ་ཏི། ཨོཾ་རུཾ་ཛཿ ་ཀུ་ལེ་ཤཝ་ར། ཨོཾ་ཧཱུཾ་ཛཿ ་བུདྡྷེ་ཤཝ་རཿ ། ཨོཾ་ཨཾ་ཛཿ ་ཀི་ཀ་ར་ཨུཏྟ་མ། ཞེས་པ་འདི་རྣམས་འབྱུང་པོའི་བདག་པོ་ཆེན་པོ་རྣམས་སོ། །གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ནི། དཔལ་རྡོ་རྗེ་དབྱུག་པ་འཛིན་པའི་མདུན་དུ་འབུམ་ཕྲག་བཟླ་བར་བྱ་སྟེ། སྔོན་དུ་བསྙེན་པར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་མཆོད་པ་ཆེན་པོ་བྱས་ནས་ཞོ་དང ། བུ་རམ་དང ། འོ་མ་སྦྱར་བའི་ཟས་དཀར་པོ་རྣམས་ཀྱིས་ཇི་ལྟར་གསུངས་པའི་མཆོད་པ་བྱའོ། །གུ་གུལ་གྱི་དུད་པ་བྱིན་ནས་མཚན་མོ་མཐའ་དག་བཟླ་བར་བྱའོ། །ངེས་པར་ཐོ་རངས་འོངས་པར་འགྱུར་ཏེ། གལ་ཏེ་འོངས་པར་མ་གྱུར་ན་སྐད་ཅིག་དེ་ལ་འཆི་བར་འགྱུར་རོ། །འོངས་ནས་ཀྱང་བདག་གིས་ཅི་བྱ་ཞེས་བཀའ་སྩལ་དུ་གསོལ། སྒྲུབ་པ་པོས་བདག་གི་བྲན་དུ་མཛོད་ཅེས་སྨྲ་བར་བྱའོ། །དེ་ནས་བརྩམས་ཏེ་ཅི་བྱ་བའི་ལས་རྣམས་
446b
བྱེད་དེ།་རིག་པ་འཛིན་པའི་རྒྱལ་སྲིད་ཀྱང་སྟེར་བ་དང ། དགྲ་རྣམས་ཚར་གཅོད་པར་བྱེད་དོ། །ལྷ་མོ་རི་བོང་ཅན་བླངས་ཏེ་སྟེར་བར་བྱེད་ཅིང་རྒྱབ་ཏུ་ཁུར་ཏེ་ལྷའི་འཇིག་རྟེན་དུ་འགྲོ་བ་དང ། བརྒྱ་བྱིན་ཉིད་སྟེར་བར་བྱེད་དོ། །བསྐལ་པ་བདུན་དུ་འཚོ་བ་བྱེད་པར་འགྱུར་རོ། །དེ་ནས་མི་ཐུབ་པའི་སྒྲུབ་ཐབས་འདི་ཡིན་ཏེ། མཚན་མོ་མཆོད་རྟེན་གྱི་མདུན་དུ་འདུག་སྟེ་ཞག་བདུན་དུ་སྟོང་ཕྲག་བརྒྱད་བཟླ་བར་བྱའོ། །ཞག་བརྒྱད་པ་ལ་མཆོད་པ་ཆེན་པོ་བྱས་ནས་གཏོར་མ་ཕུལ་ཏེ་གུ་གུལ་གྱི་དུད་བ་དབུལ་ཞིང་བཟླ་བར་བྱའོ། །བཟླས་པ་ན་ངེས་པར་འོང་བར་འགྱུར་རོ། །ཀྱེ་སྒྲུབ་པ་པོ་བདག་གིས་ཅི་བྱ་ཞེས་སོ། །སྒྲུབ་པ་པོ་བདག་གིས་ཅི་བྱ་བ་ཁྱོད་མཁྱེན་ནོ། །ཞེས་སྨྲ་བར་བྱའོ། །དེ་ནས་བརྩམས་ནས་ཅི་བྱ་བའི་ལས་རྣམས་བྱེད་དོ། །སླར་ཡང་རྒྱལ་སྲིད་སྟེར་རོ། །ལོ་སྟོང་ཕྲག་ཏུ་འཚོ་བར་འགྱུར་རོ།། ཇི་སྲིད་འཚོ་བའི་བར་དུ་ཅི་བྱ་བའི་ལས་རྣམས་བྱེད་དོ། །ཆེ་གེ་འཚོ་བར་གྱིས་ཤིག་།ཅེས་པ་དང ། ཆེ་གེ་འཆི་བར་གྱིས་ཤིག་ཅེས་པ་ཐམས་ཅད་བྱེད་དོ། །དེ་ནས་གསང་བའི་སྒྲུབ་ཐབས་ཡིན་ཏེ།་རྡོ་རྗེ་འཛིན་པ་ཁང་པར་སོང་སྟེ་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླ་བར་བྱའོ། །ཉི་མ་བརྒྱད་པ་ལ་མཆོད་པ་ཆེན་པོ་བྱས་ནས་ཟན་ཞོ་དཀར་པོ་ཇི་ལྟར་གསུངས་པ་དབུལ་བར་བྱའོ། །མཚན་ཕྱེད་པ་ཇི་སྲིད་པ་དེ་སྲིད་དུ་བཟླ་བར་བྱའོ། །ཇི་སྲིད་མཚན་ཕྱེད་པ་དེ་ནས་རང་ཉིད་འོང་བར་འགྱུར་རོ། །མེ་ཏོག་གི་མཆོད་ཡོན་དབུལ་བར་བྱ་སྟེ། མཉེས་པར་གྱུར་ན་རྒྱལ་སྲིད་སྟེར་ཞིང་བསམ་པ་ཐམས་
447a
༄#། །ཅད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནས་ཀུན་ཏུ་གསང་བའི་སྒྲུབ་ཐབས་ཡིན་ཏེ། གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཁྲི་ཕྲག་བཟླ་བར་བྱ་སྟེ། སྔོན་དུ་བསྙེན་པར་འགྱུར་རོ། །དེ་ནས་ཟླ་བ་ཉ་བ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མཚན་ཕྱེད་པ་ཇི་སྲིད་པ་དེ་སྲིད་དུ་བཟླ་བར་བྱའོ། །དེ་ནས་མཚན་ཕྱེད་ན་མྱུར་དུ་འོངས་ཤིང་མདུན་དུ་གནས་ཏེ། ཀྱེ་མཉེས་གཤིན་ཅི་བྱེད་ཅེས་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་བདག་གིས་ཅི་བྱ་བ་ཁྱེད་མཁྱེན་ཅེས་བརྗོད་པར་བྱའོ། །དེ་ནས་བརྩམས་ཏེ་ཅི་བྱ་བའི་ལས་རྣམས་བྱེད་དོ། །གནོད་སྦྱིན་གྱི་བུ་མོ་མཆོག་བཀུག་ནས་སྟེར་བར་བྱེད་དོ། །འདོད་ལྡན་གྱི་མཆོག་སྟོན་མོ་སྟེར་བར་བྱེད་དོ། །ཉི་མ་སོ་སོར་བཟའ་བ་དང ། གོས་ཟུང་དང ། དཱི་ནཱ་ར་ལྔ་རྣམས་རབ་ཏུ་སྟེར་རོ། །ལོ་ལྔ་བརྒྱ་རྣམས་འཚོ་བར་བྱེད་དོ། །དེ་ནས་དུར་ཁྲོད་བདག་པོའི་སྒྲུབ་ཐབས་ཡིན་ཏེ། མཚན་མོ་དུར་ཁྲོད་དུ་སོང་ནས་ཉི་མ་བདུན་དུ་སྟོང་ཕྲག་བརྒྱད་བཟླ་བར་བྱའོ། །ཉི་མ་བརྒྱད་པ་ལ་ཉ་དང ། ཤ་དང ། ཏིལ་དང ། ཛམྦུ་ལི་ཀ་དང ། ཟན་དཀར་པོ་དང ། ཞོ་དང ། བུ་རམ་དང ། བདུག་པ་དང ། འབྲས་བུ་ཇི་ལྟར་གསུངས་པའི་ཉི་བར་མཁོ་བ་རྣམས་ཀྱི་གཏོར་མ་དབུལ་བར་བྱའོ། །གུ་གུལ་གྱི་བདུག་པ་དབུལ་པར་བྱའོ། །མཚན་ཕྱེད་པ་དེ་ཇི་སྲིད་པ་དེ་སྲིད་དུ་བཟླ་བར་བྱའོ། །དེ་ནས་མཚན་ཕྱེད་ནས་ཧ་ཧའི་སྒྲ་ཐོས་པར་བྱེད་དོ། །དེ་ལ་འཇིགས་པར་མི་བྱའོ། །འཁོར་དང་བཅས་པ་ཚོགས་ཀྱིས་ཡོངས་སུ་
447b
བསྐོར་ནས་འོང་བར་འགྱུར་རོ། །འོངས་པ་ན་མཆོད་པ་དབུལ་ཞིང་མཉེས་པར་གྱུར་ན། འབྱུང་པོ་ཐམས་ཅད་བྲན་དུ་འགྱུར་རོ། །ཉི་མ་ཉི་མར་དཱི་ནཱ་ར་བརྒྱད་རྣམས་རབ་ཏུ་སྟེར་བར་བྱེད་དོ། །དགྲ་ཐམས་ཅད་འཇོམས་པར་འགྱུར་རོ། །ལོ་སྟོང་ཕྲག་འཚོ་བར་འགྱུར་རོ། །དེ་ནས་རིགས་ཀྱི་དབང་ཕྱུག་གི་སྒྲུབ་ཐབས་ཡིན་ཏེ། ལྷའི་གནས་སུ་སོང་སྟེ་དྲི་དང་ལྡན་པའི་མེ་ཏོག་དམར་པོ་དང ། གུ་གུལ་གྱི་བདུག་པ་བྱིན་ནས་ཁྲི་ཕྲག་བཟླ་བར་བྱ་སྟེ། སྔོན་དུ་བསྙེན་པར་འགྱུར་རོ། །ནག་པོའི་ཕྱོགས་ལ་མཚན་མོར་ཉ་དང ། ཤ་དང ། ཏིལ་དང ། ཛམྦུ་ལི་ཀ་དང ། བཟའ་བ་དམར་པོའི་ཆོ་ག་གཏོར་མ་བཞིན་དབུལ་བར་བྱའོ། །ཏུ་རུ་ཀའི་བདུག་པ་བྱིན་ནས་ཇི་སྲིད་མཚན་བྱེད་ཀྱི་བར་དུ་བཟླ་བར་བྱའོ། །དེ་ནས་འབར་བ་ཆེན་པོ་ཟབ་ཅིང་འཇིགས་པའི་གཟུགས་ཀྱིས་འོང་བར་འགྱུར་ཏེ། དེ་ལ་འཇིགས་པར་མི་བྱའོ། །མཉེས་གཤིན་ཅི་བྱེད་ཅེས་སྨྲ་བར་བྱེད་དོ། །སྒྲུབ་པ་པོས་བདག་གིས་ཅི་བྱ་བ་ཁྱེད་མཁྱེན་ཅེས་བརྗོད་པར་བྱའོ། །དེ་ནས་ཇི་སྲིད་འཚོ་བའི་བར་དུ་ཅི་བྱ་བའི་ལས་རྣམས་བྱེད་དོ། །ཉི་མ་ཉི་མར་ཐུན་གསུམ་དུ་དཱི་ནཱ་ར་ལྔ་སྟེར་རོ། །འདོད་པའི་ལྷ་རྫས་ཀྱི་སྟོན་མོ་སྟེར་རོ། །ལོ་ལྔ་བརྒྱ་འཚོ་བར་བྱེད་དོ། །དེ་ནས་འབྱུང་པོའི་དབང་ཕྱུག་གི་སྒྲུབ་ཐབས་ཡིན་ཏེ། མཚན་མ་གཅིག་པར་སོང་སྟེ་གཅིག་པུས་ཞག་གསུམ་དུ་མཚན་མོར་བཟའ་བ་ཁ་ཟས་དམར་པོ་དང ། ཉ་ཤ་དང ། ཏིལ་དང ། ཛམྦུ་ལི་ཀའི་གཏོར་མ་དབུལ་བར་བྱའོ། །ཉི་མ་གསུམ་པ་ལ་རང་ཉིད་
448a
༄#། །མྱུར་དུ་འོང་ཞིང་མདུན་དུ་གནས་སོ། །དེ་འདི་ལྟར་བདག་གིས་ཅི་བྱ་ཞེས་སྨྲའོ། །སྒྲུབ་པ་པོས་བདག་གིས་ཅི་བྱ་བ་ཁྱེད་མཁྱེན་ཅེས་བརྗོད་པར་བྱའོ། །རྟག་ཏུ་རྗེས་སུ་འབྲང་བར་འགྱུར་ཏེ། ངེས་པར་ལྷ་མོ་བླངས་ནས་སྟེར་བར་བྱེད་དོ། །རང་ཉིད་ཀྱིས་བཟའ་བ་དང་གོས་བླངས་ཏེ་རྣམ་པ་སྟེར་བར་བྱེད་དོ། །ལོ་སྟོང་ཕྲག་གཉིས་རྣམས་འཚོ་བར་བྱེད་དོ། ། དེ་ནས་ཕོ་ཉ་མཆོག་གི་སྒྲུབ་ཐབས་ཡིན་ཏེ། རྡོ་རྗེ་འཛིན་པ་ཁང་པར་སོང་ནས་ནག་པོའི་བཅུ་བཞི་ལ་བཟླས་པ་ཁྲི་བྱའོ། །ཉི་མ་བདུན་རྣམས་སུ་སྔོན་དུ་བསྙེན་པ་བྱའོ། །དེ་ནས་སྒྲུབ་ཐབས་བརྩམ་པར་བྱ་སྟེ། ཙནྡན་གྱི་མཎྜལ་\?\་བྱས་ནས་གུ་གུལ་གྱི་བདུག་པ་བྱིན་ལ། ཞོ་དང་མར་དཀར་པོ་སྦྱར་བའི་ཟས་དང ། ཀུ་ཤའི་ཆུན་པོ་ལ་ཉེ་བར་འདུག་པས་མར་གྱི་མར་མེ་རབ་ཏུ་སྦར་ཏེ་མཚན་མོར་ཇི་སྲིད་མཚན་ཕྱེད་གྱུར་པ་དེ་སྲིད་བཟླ་བར་བྱ་སྟེ། རང་ཉིད་ཕོ་ཉ་མཆོག་ཏུ་འོང་བར་འགྱུར་རོ། །འོངས་པ་ན་ཙནྡན་གྱི་ཆུས་མཆོད་ཡོན་སྦྱིན་པར་བྱའོ། །མཉེས་པར་གྱུར་ན་བདག་གིས་ཅི་བྱ་ཞེས་དྲིའོ། །སྒྲུབ་པ་པོས་བདག་གིས་ཅི་བྱ་བ་ཁྱེད་མཁྱེན་ཅེས་བརྗོད་པར་བྱའོ། །དེ་ནས་བརྩམས་ཏེ་ཅི་བྱ་བའི་ལས་རྣམས་བྱེད་དོ། །འདོད་པའི་འབྲས་བུ་ཐམས་ཅད་རབ་ཏུ་སྟེར་རོ། །ཡིད་ལ་འདོད་པ་ཕུན་སུམ་ཚོགས་པར་བྱེད་དོ། །དེ་ནས་འདོད་པའི་དབང་ཕྱུག་མ་སྒྲུབ་པ་ནི། གྲོ་གའི་འདབ་མ་ལ་གི་ཝང་གི་གཟུགས་བརྙན་བྲིས་ཏེ་
448b
གཅིག་པུ་སྟན་ལ་འདུག་ནས་བཟླས་པ་སྟོང་ཕྲག་བྱའོ། །དེ་ནས་བཟླས་པའི་མཐར་མཆོད་པ་ཆེན་པོ་བྱས་ནས་མར་གྱི་སྒྲོན་མེ་རབ་ཏུ་སྦར་ཏེ་མི་སྨྲ་བར་བཟླ་བར་བྱའོ། །དེ་ནས་མཚན་ཕྱེད་ནས་ངེས་པར་འོང་བར་འགྱུར་རོ། །འོངས་པ་ན་འདོད་པ་བྱས་ཏེ་ཆུང་མར་འགྱུར་རོ། །ལྷ་རྫས་ཀྱི་རྒྱན་དང་བཟའ་བ་ལ་སོགས་པ་གདན་ལ་བཞག་སྟེ་འགྲོའོ། །བུད་མེད་དང་འགྲོགས་པ་དོར་བར་བྱ་སྟེ།་གཞན་དུ་ན་རྣམ་པར་འཇོམས་པར་བྱེད་དོ། །དེ་ནས་ཀ་ན་ཀ་མ་ཏིའི་སྒྲུབ་ཐབས་ཡིན་ཏེ། ཤིང་བ་ཌའི་རྩ་བར་སོང་ནས་ཉ་དང་ཤའི་གཏོར་མ་ཆོ་གས་དབུལ་བར་བྱའོ། །བདག་ཉིད་ཀྱང་འཐུངས་ཏེ་ལྷག་མས་མཆོད་ཡོན་སྦྱིན་པར་བྱའོ། །སྟོང་ཕྲག་གཅིག་བཟླ་བར་བྱ་སྟེ། འདི་ལྟར་ཞག་བདུན་གྱི་མཚན་མོ་རང་ཉིད་འོང་བར་འགྱུར་རོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་འཁོར་བརྒྱ་ཕྲག་གསུམ་དང་མཉམ་དུ་འདི་རྣམས་མཚན་ཕྱེད་ནས་ངེས་པར་འོང་བར་འགྱུར་རོ། །འོངས་པ་ན་འདོད་པ་བྱས་ཏེ་ཆུང་མར་འགྱུར་རོ། །སྐྱེ་བ་བཅུ་གཉིས་རྣམས་ཀྱི་གོས་དང་རྒྱན་དང་བཟ།་བ་རྣམས་སྟེར་རོ། །ཉི་མ་སོ་སོར་དཱི་ནཱ་ར་བརྒྱད་རྣམས་རབ་ཏུ་སྟེར་རོ། །དེ་ནས་དགའ་མའི་སྒྲུབ་ཐབས་ཡིན་ཏེ། རི་མོ་མཁན་ལ་གན་ལ་ཐང་སྐུ་བྲི་བར་བྱའོ། །གསེར་གྱིས་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་ཨུཏྤལ་ཅན་ཛཱ་ཏིའི་མེ་ཏོག་གིས་མཆོད་པར་བྱའོ། །གུ་གུལ་གྱི་བདུག་པ་བྱིན་པ་སྟོང་ཕྲག་བརྒྱད་བཟླ་བར་བྱའོ། །བཟླས་པའི་མཐར་ཇི་
449a
༄#། །ལྟར་འབྱོར་བའི་མཆོད་བ་བྱས་ནས་མར་གྱི་སྒྲོན་མེ་རབ་ཏུ་སྦར་ཏེ་ཇི་སྲིད་མཚན་ཕྱེད་དེ་སྲིད་པར་བཟླས་པ་བྱ་སྟེ། རང་ཉིད་འོང་བར་འགྱུར་རོ། །འོངས་ནས་མི་སྨྲ་བར་འདོད་པ་བྱས་ཏེ་ཆུང་མར་འགྱུར་རོ། །སྒྲུབ་པོའི་འཁོར་རྣམས་སྐྱོང་ཞིང ། ལྷ་རྫས་ཀྱི་འདོད་པ་དང་སྟོན་མོ་རྣམས་དང ། དངུལ་ཆུའི་བཅུད་ལེན་རྣམས་སྟེར་བར་བྱེད་དོ། །དཱི་ནཱ་ར་ཉི་ཤུ་རྩ་ལྔ་སྟེར་བར་བྱེད་དོ། །དེ་ནས་པདྨ་མ་ནིའི་སྒྲུབ་ཐབས་ཡིན་ཏེ། །རང་གི་ཁྱིམ་དུ་སྤྱི་བོའི་གནས་སུ་ཙནྡན་གྱི་མཎྜལ་བྱས་ཏེ། གུ་གུལ་གྱི་བདུག་པ་བྱིན་ནས་སྟོང་ཕྲག་གཅིག་ཚད་བཟླ་བར་བྱའོ། །དེ་ནས་ཟླ་བ་ཉ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་ཇི་སྲིད་མཚན་ཕྱེད་པ་དེ་སྲིད་དུ་བཟླས་པ་བྱ་སྟེ། ངེས་པར་འོང་བར་འགྱུར་རོ། །འོངས་པ་ན་འདོད་པ་བྱས་ཏེ་ཆུང་མར་འགྱུར་རོ། །ལྷ་རྫས་ཀྱི་འདོད་པ་རབ་ཏུ་སྟེར་ཞིང ། །དངུལ་ཆུའི་བཅུད་ལེན་དང ། གྲུབ་པའི་རྫས་ཀྱང་སྟེར་བར་བྱེད་དོ། །དེ་ནས་རལ་གཅིག་མའི་སྒྲུབ་ཐབས། །འདི་ལས་ཡང་དག་རབ་བཤད་བྱ། །གནོད་སྦྱིན་མོ་རྣམས་སྒྲུབ་དུས་སུ། །རལ་གཅིག་མན་ ་རྣམ་བསྒོམ་བྱ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གྲི་གུག་ཐོད་པ་འཛིན་པ་མོ། །སྐུ་མདོག་སྔོན་མོ་འཇིགས་བྱེད་ཆེ། ། བྷ་གའི་དཀྱིལ་འཁོར་ལ་བསྒོམ་བྱ། །ཤར་དུ་ཛམྦྷ་ལ་བསམ་བྱ། །ནོར་འཛིན་ཡང་ནི་ལྷོ་རུ་སྟེ། །ཆུ་དབང་ནུབ་ཏུ་དགོད་པར་བྱ། །བྱང་དུ་ཙི་བི་ཀུཎྜ་ལི། །མེ་ལ་སོགས་པའི་ཟུར་དུ་ཡང་།། །
449b
གནོད་སྦྱིན་མོ་བཞི་རྣམ་བསྒོམ་བྱ། །ཀུཎྜ་ལ་ཧ་ཏཱི་ནཱི་རོ་ཧི། །མཛེས་མ་ཆོ་གས་དགོད་པར་བྱ། །དེ་ནས་སྒོ་སྐྱོང་བསམ་བྱ་སྟེ། །དབྱུག་པ་ལ་སོགས་མཐའ་དག་ལས། །ཇི་ལྟར་སྔ་མའི་འཁོར་ལོ་མཐོང ། །དེ་ལྟར་ཁ་དོག་རབ་སྦྱར་བྱ། །ཐམས་ཅད་གཙོ་བོའི་མཚན་མ་འཛིན། །སླར་ཡང་ཕྱི་ནས་བསྔགས་བཟླས་བྱ། །ོཾ་ཨེ་ཀ་ཛ་ཊི་བ་སུ་སཱ་དྷ་ནཱི་སཝཱཧཱ། དེ་ནས་ཕུཀྐ་སཱིའི་སྒྲུབ་ཐབས། ། འདི་ལས་ཡང་དག་རབ་བཤད་བྱ། སྐད་ཅིག་གང་གིས་བསྒོམས་ཙམ་གྱིས། །འཇིག་རྟེན་གསུམ་པོ་པུཀྐ་སཱིར། །སྐུ་མདོག་སེར་སྐྱ་ཞལ་བཞི་པ། །ཕྱག་བཞི་བོང་བུ་ལ་ཞོན་པ། །བསྒོམ་བྱ་པུཀྐ་སཱི་ཡི་ལས། །བྱ་རོག་ཐོ་བ་མདའ་དང་ནི། །གཞུ་རྣམས་བསྒོམ་བྱ་བརྟུལ་ཞུགས་ཅན། །སྔགས་བཟླ་བར་བྱ་སྟེ། ཨོཾ་པུཀྐ་སཱི་ཨོཾ། །དེ་ནས་འཇམ་པའི་རྡོ་རྗེ་ཡི། །སྒྲུབ་ཐབས་ཡང་དག་རབ་བཤད་བྱ། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་སྒྲུབ་པ་ལས་སྐད་ཅིག་ལས་མི་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། གནོད་སྦྱིན་མོ་སྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་པོས།།ཉལ་བ་སློང་བར་བྱེད་པ་དང ། །སྦྲུལ་གྱི་སོས་བཏབ་ལ་སོགས་པ། །སྲུང་བའི་གསང་སྔགས་ལས་གསུངས་པ། །འབུམ་ཕྲག་བཞི་ནི་བཟླས་པ་ཡིས། །དོན་གྲུབ་ས་བོན་བསགས་རྣམས་ཀྱིས། །ཉལ་བ་སློང་བར་བྱེད་པ་དང ། །འཚོ་བར་ཡང་ནི་
450a
༄#། །ཐ་ཚོམ་མེད། །ཞི་བ་གཤིན་རྗེ་གཤེད་དཀར་པོ། །རྟག་ཏུ་རྣལ་འབྱོར་རིགས་རྣམས་བསྒོམ། །ཕྱག་ཏུ་དོན་གྲུབ་ས་བོན་རྣམས། །འབུམ་ཕྲག་བཞིར་ནི་བཟླ་བར་བྱ། །སོས་བཏབ་ཡང་དག་ཁ་བལྟས་ཏེ། །ཉུངས་ཀར་གྱིས་ནི་བྲབ་པར་བྱ། །གལ་ཏེ་གང་གིས་བཟུང་བ་ཡང ། །ཐེ་ཚོམ་མེད་པར་ལྡང་བར་འགྱུར། །ཧཱུཾ་ཡིག་ཁ་དོག་དཀར་པོ་ནི། །བསྒྲུབ་བྱའི་སྙིང་གར་བསམ་བྱ་སྟེ། །ཧྲཱིཿ ཥྚྲིཿ ་ལ་སོགས་སྔགས་བཟླ་ཞིང ། །འོད་ཟེར་རྣམས་ཀྱིས་དུག་དགུག་བྱ། །ཕྱག་གཡས་དེ་བཞིན་གཡོན་པ་ལ། །འདབ་བརྒྱད་པདྨ་དགོད་པར་བྱ། །དེ་དབུས་སུ་ཡང་ཧཱུཾ་ཡིག་གིས། །འོད་ཟེར་རྣམས་ཀྱིས་བདུད་རྩི་འཛག་།དེ་ཉིད་ཀྱིས་ནི་སྤྱི་བོར་ཡང ། །འོད་དཀར་དཀྱིལ་འཁོར་གྱི་དབུས་སུ། །མཁས་པས་ཧ་ཡིག་བསམ་པར་བྱ། །དེ་ནས་ཧྲཱིཿ ཥྚྲཱིཿ ལ་སོགས་སྔགས། །བྱུགས་པས་དུག་ནི་དགུག་པར་བྱ། །ོཾ་ཧྲཱིཿ ཧ་ཧྲཱཾཛཿ ཕུཿ ་ཡིག་།སྔགས་ཀྱིས་སྤྱི་བོ་ནས་བརྩམས་ཏེ། །རྐང་མཐར་བྱ་བ་སྔགས་བཟླས་ཀྱི། །བདུད་རྩིའི་ཆར་པ་བསྒོམས་བྱ་སྟེ། །འཚོ་བར་ཡང་ནི་ཐེ་ཚོམ་མེད། །ས་བོན་ཡི་གེ་རྫོགས་པ་ནི། །འཛིན་པ་བཅིངས་པའི་མཆོག་ཡིན་ནོ། །ཁ་དོག་སེར་པོ་ཡང་དག་བྱུང ། །སོས་བཏབ་གནས་ལ་ངེས་པར་བསྒོམ། །ོཾ་ཡིག་དང་པོ་ཚེག་དྲག་མཐའ། །ཆོ་ག་ངེས་སྦྱར་ཧ་ཐ་དག་།དུག་གི་བྱ་བས་བཅིངས་པ་ལ། །སྦྱོར་བ་རྣམས་ཀྱིས་བཅིངས་པ་ལ། །སྤྱི་བོར་གསེར་འཇོམས་ལེགས་
450b
པར་རྟོགས། །དེ་ལྟར་གཞན་རྣམས་ཀྱང་གཡན་པ་དང ། །ཕོལ་མིག་དང ། དམུ་ཆུ་ལ་སོགས་པ་གོས་པ་ལེགས་པར་ཚར་གཅོད་པའི་རབ་ཏུ་སྦྱོར་བ་མང་པོས་ཀྱང་ངོ ། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །སྲུང་བའི་འཁོར་ལོ་རབ་སྦྱོར་མཛད། །བགེགས་དང་ལོག་འདྲེན་གདུག་པ་རྣམས། །དགུག་པའི་དོན་ཕྱིར་ཡང་གསུངས་པ། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །སྲུང་བའི་འཁོར་ལོ་རབ་སྦྱོར་ལས། །འབར་བའི་སྐུ་དང་དབྱུག་པ་ཡིས། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །སྐྱོབ་པ་སངས་རྒྱས་རྣམས་ཀུན་གྱི། །ལྷ་མོ་ཁྱོད་ནི་དཔང་པོར་གྱུར། །སློབ་དཔོན་གཤིན་རྗེ་འཇོམས་དཀྱིལ་འཁོར། །བདག་ནི་དཀྱིལ་འཁོར་བྲི་བར་བགྱི། །གོས་ཀྱིས་གདོང་བ་བཅིངས་ནས་ནི། །དཀྱིལ་འཁོར་ཁང་པའི་ནང་བཞག་ནས། །ཀྱེ་ཁྱོད་སུ་ཞེས་བརྗོད་བྱ་སྟེ། །བདག་སྐལ་བཟང་ཞེས་སྨྲ་བར་བྱ། །བློ་བཟང་ཡོལ་བ་ནང་བྱས་ནས། །བླ་མ་མཆོག་ལ་གསོལ་བཏབ་བྱ། །དབང་བསྐུར་དོན་དུ་གུས་ཆེན་གྱིས། །མགོན་པོའི་རྗེས་སུ་གསུམ་བརྗོད་བྱ། །ཇི་ལྟར་སངས་རྒྱས་ཆོས་ཆེན་གྱིས། །རྡོ་རྗེ་སེམས་དཔས་དབང་བསྐུར་ལས། །བདག་ལ་མགོན་པོས་ཡང་དག་དབང ། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །གླུ་དང་རོལ་མོས་དེ་བཞིན་མཆོད། ། མཆོད་ཡོན་ཞབས་བསིལ་དེ་བཞིན་ཉིད། །སློབ་མས་མཆོད་པ་ལ་དབུལ་བྱ། །ཡང་ན་དེར་ནི་བསྟོད་པ་བྱ། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོ། །སྟོང་ཉིད་ཡང་དག་གསུང་བར་མཛད། །ོཾ་ཤའ་
451a
༄#། །ནྱ་ཏཱ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་པུ་ཛ་བྫྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་དྷ་རྨ་དྷཱ་ཏུ་སཝ་བྷཱ་པ་ཨཱཏྨ་ཀོཉཧཾ། དེ་ནས་སྦྱིན་སྲེག་རབ་བཤད་བྱ། །ཞིབ་ལ་སོགས་རབ་དབྱེ་ལས། །གང་གི་སྦྱིན་སྲག་གིས་འགྲུབ་འགྱུར། །ལས་ཀུན་རབ་ཏུ་སྒྲུབ་པ་པོའི། །ཞི་བའི་སེམས་ཀྱིས་ཞི་བ་ལ། །རྒྱས་པའི་སེམས་ཀྱིས་རྒྱས་པ་ལ། །རབ་དགའ་སེམས་ཀྱིས་དབང་ལ་ཉིད། །དྲག་པོ་ཡིས་ནི་གསོད་པ་ལའོ། །ཟླུམ་པོ་རྣམ་པ་ཞི་བ་སྟེ། །རྫིང་བུ་རྣམ་པ་རྒྱས་པའོ། །དབང་ལ་ཟླ་བ་ཕྱེད་པར་བརྗོད། །མཁའ་ཁམས་མདོག་ཅན་གསད་པ་ལའོ། །ཞི་བ་ལ་ནི་ཁྲུ་གང་ཡིན། །དེ་བཞིན་ཁྲུ་གཉིས་རྒྱས་པ་ལའོ། །ཇི་ལྟར་རྒྱས་པ་དེ་བཞིན་དབང ། །སོར་མོ་ཉི་ཤུ་གསད་པ་ལའོ། །ཁྲུ་ཕྱེད་བརྩིགས་པ་ཞི་བ་ལ། །རྒྱས་པ་ལ་ནི་ཁྲུ་གང་ངོ ། །ལྔ་གཉིས་གསད་པ་ལས་བྱས་ཏེ། །ཇི་ལྟར་དགུག་པ་དེ་བཞིན་དབང ། །ཞི་པའི་སྦྱིན་སྲེག་ཚེས་གཅིག་ལ། །ཟླ་བ་ཉ་ལ་རྒྱས་པ་སྟེ། །བཅུ་བཞི་པ་ལ་མངོན་སྤྱོད་དོ། །བརྒྱད་པ་ལ་ནི་དབང་གི་ལས། ། ཤེལ་དང་ཉ་ཕྱིས་ཞི་བ་ལ། །མུ་ཏིག་འབྲས་བུ་རབ་བསྔགས་ཏེ། །དུང་དང་བོ་དེ་ཙི་ཏ་དང ། །ནད་མེད་པ་ལ་མི་རུས་སོ། །ཙནྡན་དམར་པོས་བསྒོས་པ་ཡིས། །བྱི་རུ་ཡི་ནི་ཁྱད་པར་ལས། །དྲག་མིག་ལུང་ཐང་དེ་བཞིན་དུ། །མི་རུས་ནཱ་ག་ཕ་ཎི་ཡི། །བརྒྱ་ཕྲག་གཅིག་ནི་ཞ་བ་ལ། །དེ་བཞིན་བརྒྱད་ལྷག་རྒྱས་པ་ལ། །དབང་དང་དགུག་པ་ཉི་ཤུ་ལྔ། །དྲུག་ཅུ་རྩ་བཞི་
451b
མངོན་སྤྱོད་ལའོ། །བརྒྱ་ཕྱེད་སྔགས་ཀྱིས་བསྒྲུབ་པ་ལའོ། །རིལ་བུ་རྒྱུ་བར་བྱ་སྔགས་ལ། །ཕྲེང་བ་རྣམས་ནི་ཐམས་ཅད་ཀྱི། །དེ་བཞིན་ལྷུན་པོ་གཉིས་རྒྱུ་བྱ། །ཞི་བ་མཛུབ་མོ་ལ་བཞག་སྟེ། །གུང་མོ་ལ་ནི་རྒྱས་པའོ། །དབང་དང་དགུག་པ་མིང་མེད་ལ། །ཚར་གཅད་པ་ནི་མཐེ་ཆུང་ལའོ། །ཁ་དོག་དཀར་པོ་ཞི་བ་ལ། །ཁ་དོག་སེར་པོ་རྒྱས་པ་ལ། །དབང་ལ་དམར་པོ་རྟག་བསམ་བྱ། ། ངེས་པར་གསོད་ལ་ནག་པོ་འདོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། སྦྱིན་སྲེག་གི་ཆོ་གའི་ལེའུ་སྟེ་བཅུ་པའོ།། །།རྣལ་འབྱོར་བཞི་དང་ལྡན་པའི་རྣལ་འབྱོར་པའི་སྣ་ཚོགས་པའི་བཟའ་བ་དང ། སྟོན་མོ་དང ། མྱང་བ་དང ། བླག་པ་དང ། བཏུང་བ་ལ་སོགས་པ་ཡང་དག་པར་ལྡན་པའི་དྲི་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། གོས་དང ། གདུགས་དང ། རྒྱལ་མཚན་དང ། དྲིལ་བུ་དང ། བ་དན་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་གང་བའི་རོལ་མོའི་སྒྲ་ཆེན་པོ་ལྔ་བསྒོམ་པར་བྱ་སྟེ། མདུན་དུ་གཏོར་མའི་སྣོད་སྐྱོགས་སམ་ཟངས་གཞོང་གི་ནང་དུ་བཟའ་བ་ཙམ་བཅས་པའི་ཆུ་ཁྱོར་པ་གསུམ་ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་དང་ལྡན་པ་བཞག་ལ། དེ་རབ་ཏུ་གསལ་བར་དྲུང་དུ་བཞག་ལ་སྒོམ་པ་བརྩམ་པར་བྱའོ། །ནམ་མཁའི་དབྱིངས་སུ་པདྨ་འདབ་མ་བརྒྱད་པ་ཟེ་བ་དང་བཅས་པ་བསྒོམ་པར་བའོ།།
452a
༄#། །ཟེ་འབྲུ་ལ་ཡཾ་ཡིག་ལས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་གཞུའི་དབྱིབས་ཅན། མཐའ་གཉིས་སུ་གཡོ་བའི་བ་དན་དང་རྒྱལ་མཚན་བརྒྱད་ཀྱིས་བརྒྱན་པའོ། །དེའི་སྟེང་དུ་རཾ་ཡིག་དམར་པོ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་ཟུར་གསུམ་ལ་རཾ་ཡིག་གིས་མཚན་པའོ། །དེའི་སྟེང་དུ་རུ་ཡིག་གསུམ་ཡོངས་སུ་གྱུར་པ་ལས་མགོ་པོ་གསུམ་གྱི་སྒྱེད་བུ་ལ་གནས་པའི་ཨཱཿ ཡིག་དམར་པོ་ལས་སྐྱེས་པའི་པདྨའི་སྣོད་ཕྱི་དཀར་ལ་ནང་དམར་པའོ། །དེར་པདྨ་འདབ་མ་བརྒྱད་པའི་རྣམ་པ་བསམ་པར་བྱའོ། །དེ་ལ་ཤར་ལ་སོགས་པའི་འདབ་མ་ལ་བྷྲཱུཾ་ཨཾ་ཛིཾ་ཁཾ་ཧཱུཾ་གི་ཡི་གེས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་རྣམས་དང ། དེ་བཞིན་དུ་མེ་ལ་སོགས་པའི་ཟུར་དུ་ལཱཾ་མཱཾ་པཱཾ་ཏཱཾ་བཱཾ་གྱི་ཡི་གེས་སྤྱན་མ་ལ་སོགས་པའི་རང་བཞིན་རྣམས་བསམ་པར་བྱ་ཞིང ། ཡི་གེ་བཅུ་པོ་འདི་རྣམས་ཡོངས་སུ་གྱུར་པ་ལས་གོ་ཀུ་ད་ཧ་ན་རྣམས་དང ། བི་ར་ཤུ་མཱ་མཱུ་ཞེས་པ་འདི་རྣམས་ཀྱི་ཡི་གེ་རྣམས་ཀྱིས་མཚན་པའི་དམ་ཚིག་གི་རྫས་བཅུ་པོ་འདི་རྣམས་པདྨའི་སྣོད་དུ་བལྟ་བར་བྱའོ། །དེའི་སྟེང་དུ་ཨོཾ་ཡིག་ཁ་དོག་དཀར་པོ་དེས་བཀབ་པའི་རང་བཞིན་བསམས་ལ། ཨོཾ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་ལས་བྱུང་བའི་དབྱུག་པ་དེའི་ས་བོན་གྱིས་མཚན་པ་བལྟ་བར་
452b
བྱའོ། །དེ་ནས་སླར་པདྨའི་སྣོད་ལས་འོག་གི་སྒྱེད་བུ་ལ་ཨོཾ་ཨཱཿ ཧཱུཾ་ལན་གསུམ་བཟླས་ཤིང་བརྗོད་ལ་བསྒོམས་ཏེ། སྔ་མ་བར་མ་ཆད་པར་རླུང་གི་དཀྱིལ་འཁོར་བསྐྱེད་དེ་མེའི་དཀྱིལ་འཁོར་རབ་ཏུ་འབར་བས་གདུངས་ཤིང་བསྐོལ་ཏེ་སྤར་བས་འབར་བའི་གོང་བུ་ལ་སོགས་པ་དམ་ཚིག་གི་རྫས་བཅུའི་རང་བཞིན་མཐའ་དག་ཞུ་བས་རྡོ་རྗེའི་དབྱུག་པས་དཀྲུགས་པ་བལྟ་བར་བྱའོ། །དེ་ནས་སླར་རྡོ་རྗེའི་དབྱུག་པ་ཞུ་བར་གྱུར་ཏེ་བདུད་རྩི་ཉི་མ་འཆར་ཁའི་ཁ་དོག་གམ་དངུལ་ཆུའི་རྣམ་པར་བསམ་པར་བྱའོ། །དེ་ལས་སླར་ཨོཾ་ཨཱཿ ཧཱུཾ་གི་ཡི་གེ་གསུམ་ལས་ཐོན་པའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ཁམས་གསུམ་མ་ལུས་པ་ལ་གནས་པའི་བདུད་རྩི་ཤིན་ཏུ་མང་བར་བླངས་པར་བསྒོམ་ཞིང ། དེ་ཉིད་རབ་ཏུ་གཞུག་པར་བྱའོ། །དེ་ཉིད་རབ་ཏུ་བཅུག་པ་ལ་མཁའི་རྣམ་པ་ཤིན་ཏུ་གསལ་བའི་ཚོགས་བསིལ་བའི་སྦྲང་རྩི་འདུས་པའི་གཟུགས་སུ་བརྟན་པར་བྱ་ཞིང ། ཕྱི་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །ཁ་དོག་དྲི་རོ་ཕུན་སུམ་ཚོགས། །དྲི་མེད་སྟོན་ཀའི་ཟླ་བའི་འོད། །ཡེ་ཤེས་བདུད་རྩིར་རབ་སྦྱོར་གྱིས། །འབད་ནས་གཏོར་མ་རྫོགས་བྱས་ཏེ། །གཤིན་རྗེ་གཤེད་ཀྱི་གཟུགས་འཛིན་པའི་སྔགས་པ་ཁྲོ་བོ་ཕྱག་ན་ཞགས་པ་དང་ལྕགས་ཀྱུ་འཛིན་པ་སྦྲོས་ནས་ཕྱོགས་སྐྱོང་རྣམས་ཀྱི་སྙིང་ལ་ལྕགས་ཀྱུས་ཕུག་ཅིང ། མགུལ་བ་ལ་ཞགས་པས་བཅིངས་ཏེ་བཀུག་པར་བསམ་པར་བྱའོ། །དེ་ནས་ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་
453a
༄#། །ཕཊ་ཕཊ་དུཥྚ་ཨིནྡྲཾ་ས་པ་རི་ཝཱ་ར་ཨཱ་ཀཪྵ་ཡ་ཛ། སྔགས་འདིས་མིག་སྟོང་པ་དཀར་སེར་གླང་པོ་ཆེ་དཀར་པོའི་གདན་ལ་གཡས་པ་དང ། གཅིག་ཤོས་ན་རྡོ་རྗེ་དང ། སྡིགས་མཛུབ་མཛད་པ་བཀུག་སྟེ་ཤར་དུ་གཞག་པར་བྱའོ། །སྔགས་དེ་ཉིད་ཀྱིས་ཉེ་དབང་མཁའ་ལྡིང་གི་གདན་ལ་རིན་པོ་ཆེའི་ཅོད་པན་ཅན་གཡས་ན་བེ་ཅོན་དང་འཁོར་ལོ་འཛིན་པ། གཡོན་ན་དྲུང་དང་ཀཽ་སྟུ་བྷ་འཛིན་པ། དེ་ཉིད་ཀྱི་གཡོན་དུ་ཧ་ཅང་མི་རིང་བར་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་གཤིན་རྗེ་མ་ཧེ་ལ་ཞོན་པ་དབྱུག་པ་འཛིན་པ་ལྷོ་རུ་གཞག་པར་བྱའོ། །ཡང་དེའི་ཉིད་ཀྱིས་ཆུ་ལྷ་ཁ་དོག་དཀར་པོ་བྲང་འགྲོ་ལ་ཞོན་པ། ཕྱག་ན་ཀླུའི་ཞགས་པ་ཅན་ནུབ་ཏུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་ལུས་ངན་སེར་པོ་གཏེར་ལ་གནས་པ། ཕྱག་ན་བཱི་ཛ་པཱུ་ར་ཀ་དང ། ན་ཀུ་ལི་ཅན་བྱང་དུ་གཞག་པར་བྱའོ། །དེ་ཉིད་ཀྱིས་གླང་སྣ་དཀར་པོ་བྱི་བ་ལ་གནས་པ། གཡས་ན་བགྲང་ཕྲེང་དང་དགྲ་སྟ་འཛིན་པ། གཡོན་ན་ལ་ཕུག་དང་ལ་དུ་འཛིན་པ་དབང་ལྡན་དུའོ། །དེ་ཉིད་ཀྱིས་དབང་ཕྱུག་དཀར་པོ་ཁྱུ་མཆོག་ལ་ཞོན་པ་རལ་པ་འཛིན་པ། ཕྱག་ན་རྩེ་གསུམ་དང་ཐོད་པ་ཅན། །ཕྱག་གཉིས་དཀར་མོ་ལ་འཁྱུད་པ་དབང་ལྡན་དུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་མེ་ལྷ་དམར་པོར་ལ་གནས་པ། ཕྱག་ན་བགྲང་ཕྲེང་དང་སྦྱི་བླུགས་ཅན་མེར་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་སྲིན་པོ་རོལ་ཞོན་པ། ཕྱག་ན་གྲི་གུག་དང་ཐོད་པ་ཅན་སྔོན་པོ་མི་སྡུག་པ་ཁྲོ་བ་དང་བཅས་པ་བདེན་བྲལ་དུ་
453b
གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་རླུང་ལྷ་དུ་བའི་མདོག་ཅན་རི་དྭགས་སེར་པོ་ལ་གནས་པ་རླུང་དུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་ཉི་མ་དམར་པོ་ཕྱག་གཉིས་ཀྱིས་པདྨ་འཛིན་པ། རྟ་བདུན་ལ་གནས་པ་སྟེང་དུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་ཟླ་བ་དཀར་པོ་ཕྱག་གཉིས་ཀྱིས་ཀུ་མུད་འཛིན་པ། ཤིང་རྟ་ལ་གནས་པ་སྟེང་དུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་ཚངས་པ་སེར་པོ་ཞལ་བཞི་པ། སྤྱི་བླུགས་དང ། མི་འཇིགས་པ་དང ། དབྱུག་པ་དང ། བགྲང་ཕྲེང་འཛིན་པ་རལ་བས་བརྒྱན་པ། ངང་པ་ལ་གནས་པ་སྟེང་དུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་སའི་ལྷ་མོ་པདྨ་ལ་གནས་པ་གཡོན་ན་བུམ་པ་འཛིན་པ། ཕྱག་གཡས་ན་དམ་བཅས་ཁས་ལེན་པ་འོག་ཏུ་གཞག་པར་བྱའོ། །ཡང་དེ་ཉིད་ཀྱིས་ཐགས་བཟང་རིས་སྔོན་པོ་ཤིང་རྟ་ལ་གནས་པ། གཡས་པ་དང་གཅིག་ཤོས་ན་རལ་གྲི་དང ། སྡིགས་མཛུབ་འཛིན་པ་དེ་ཉིད་དུ་གཞག་པར་བྱའོ། །དེ་ནས་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་གཟུགས་ཕྱག་ན་ཕུར་བུ་འཛིན་པ་རྣམས་ལ་ཁྲོ་བོ་མགྲིན་པ་འཕྱང་བ་ཉིད་ཐུགས་ཀའི་ས་བོན་གྱིས་བཀུག་སྟེ། དེ་རྣམས་ཀྱི་སྙིང་ག་དང ། མགྲིན་པ་དང ། སྦྱི་བོ་རྣམས་སུ་རྐང་པའི་མཐའ་ཡང་སྔགས་འདིས་བུར་བུ་གདབ་པར་བྱའོ། །ོཾ་ཧྲཱིཿ ཥྚཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སརྦ་ཨཱིནྡྲ་ཨཱ་དཱི་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་པས་ཕུར་བུ་བཏབ་པའི་མཐར་གྲུབ་པའི་བཅུད་བསྡུས་ལ་ལྷ་དེ་རྣམས་ཐམས་ཅད་ཀྱང་གཤིན་རྗེ་མཐར་བྱེད་ཀྱི་རྣམ་པར་བསྐྱེད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཁུ་བས་
454a
༄#། །སམ།་ཡང་ན་དེའི་ཚེ་ས་བོན་དང་མཚན་མའི་རིམ་པས་བསྐྱེད་པར་བྱའོ། །དེ་ལས་ས་བོན་ཧྲཱིཿ ་ཡིག་ལས་རྫོགས་པ་དབང་པོའོ། །ས་བོན་ཥྚྲཱིཿ ་ལས་རྫོགས་པ་གཤིན་རྗེའོ། །ས་བོན་ཝི་ལས་རྫོགས་པ་ཆུ་ལྷའོ། །ས་བོན་ཀྲྀ་ཡིག་ལས་རྫོགས་པ་ལུས་ངན་ནོ། །ས་བོན་ཏ་ཡིག་ལས་རྫོགས་པ་དབང་ལྡན་ནོ། །ས་བོན་ཨཱ་ཡིག་ལས་རྫོགས་པ་མེ་ལྷའོ། །ས་བོན་ན་ཡིག་ལས་རྫོགས་པ་བདེན་བྲལ་ལོ། །ས་བོན་ན་ཡིག་ལས་རྫོགས་པ་རླུང་ལྷའོ། །ས་བོན་ཧཱུཾ་ཡིག་ལས་རྫོགས་པ་ཟླ་བའོ། །ས་བོན་ཧཱུཾ་ཡིག་ལས་རྫོགས་པ་ཉི་མའོ། །ས་བོན་ཕཊ་ཡིག་ལས་རྫོགས་པ་ཚངས་པའོ། །ས་བོན་ཕཊ་ཡིག་ལས་རྫོགས་པ་ནོར་འཛིན་མའོ། །ས་བོན་སཝཱ་ཡིག་ལས་རྫོགས་པ་ཐགས་བཟང་རིས་སོ། །ས་བོན་ཧཱ་ཡིག་ལས་རྫོགས་པ་འབྱུང་པོ་ཐམས་ཅད་དོ། །ཞེས་པའོ། །དེ་ལྟར་བསྐྱེད་དེ་རྣམ་པར་བསམས་ནས་དེ་རྣམས་ཀྱི་མིག་ལ་སོགས་པ་རྣམས་ལ་གནས་ཇི་ལྟ་བར་མིག་ལ་སོགས་པ་བསྐྱེད་ཅིང ། ལུས་ལ་སོགས་པ་རྣམས་ལ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་དང ། གཤིན་རྗེ་མཐར་བྱེད་ཀྱི་ཅོད་པན་ཉིད་དང ། དང་པོ་མཆོད་ཡོན་བསང་གཏོར་དང་ཞབས་བསིལ་ལ་སོགས་པ་ཕུལ་ཕྱི་ནས་གཏོར་མའི་ཡོ་བྱད་བདུད་རྩི་སྒྲུབ་པའི་རིམ་པས་སྔོན་དུ་སྟེ། དེ་ཉིད་གསུམ་གྱིས་མངོན་པར་བསྔགས་ཤིང ། །སླར་དེ་རྣམས་ཀྱི་སྔགས་ཀྱི་རབ་ཏུ་སྦྱོང་བ་རྣམ་པར་བསམས་
454b
ལ་ཕྱི་ནས་སྔགས་འདིས་བདུད་རྩི་དབུལ་བར་བྱའོ། །ོཾ་རཀྟ་མུ་ཀུ་ནཱ་ཡ། རཀྟ་ཛ་ཊཱ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤ་རི་རཱ་ཡ། རཀྟ་བྷུ་ཛཱ་ཡ། རཀྟ་མུཎྜ་མཱ་ལཱ་བྷ་ར་ནཱ་ཡ། རཀྟ་ར་ཐ་ས་མཱ་རུ་ཌྷཱ་ཡ། རཀྟ་པདྨ་ཨཱ་ས་ནཱ་ཡ། རཀྟ་བྷ་ར་ན་བྷུ་ ་ཎཱ་ཡ། ཨི་དཾ་བ་ལིམ་གྲྀཧྣ་གྲྀཧྞ། མ་མ་བིགྷྣཱཾ་ཧ་ར་ཧ་ར། ཙ་ཏུར་མཱ་རཱ་ན་ནི་བ་རཱ་ཡ་ནི་བཱ་ར་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་ཡ་བྷྲ་མ་ཡ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཕྱི་ནས་ཡན་ལག་སོ་སོས་དབུལ་བར་བྱ་སྟེ། ཨོཾ་ཨིནྡྲ་ཡ་ན་མཿ ་ཧྲཱིཿ ། ཡ་མཱ་ཡ་ན་མཿ ཥྚྲཱིཿ ། བ་རུ་ཎཱ་ཡ་ན་མཿ ཝི། ཀུ་བེ་རཱ་ཡ་ན་མ་ཀྲྀ། ཨཱི་ཤྲ་ར་ཡ་ན་མཿ ་ཏ། ཨགྣེ་ཡེ་ན་མཿ ་ཨཿ ། ནཻ་རི་དྱ་ཡ་ན་མ་ན། བྷ་ཡ་བེ་ན་མཿ ་ན། ཙནྡྲ་ཡེ་ན་མཿ ཧཱུཾ། ཨཀྐཱ་ཡ་ན་མཿ ཧཱུཾ། བྲཧྨ་ཎེ་ན་མ་ཕཊ། བ་སུ་དྷ་རཱ་ཡེ་ན་མཿ ་ཕཊ། བཻ་མ་ཙི་ཏྲི་ཎཻ་ན་མ་སཝཱ། སརྦ་བྷུ་ཏེ་བྷྱོ་ན་མ་ཧཱཿ ་ཧ་ཧ་ཧ། ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕེཾ་ཕེཾ་ཕེཾ། ཕྱིས་ནས་མེ་ཏོག་དང ། བདུག་པ་དང ། མར་མེ་དང ། ལྷ་བཤོས་ལ་སོགས་པ་དབུལ་བར་བྱའོ། །དེ་རྣམས་ལ་སྒྲུབ་པ་པོས་ཕུལ་བའི་བཅུད་ཐམས་ཅད་གསོལ་ཞིང་ཉེ་བར་ལོངས་སྤྱོད་པར་མཛད་དོ། །དེ་གནས་པ་རྣམས་ལ་རྡོ་རྗེ་གསོར་ལ་འགྱིད་བ་དང་བཅས་པར་དྲིལ་བུ་འཁྲོལ་ཞིང་བསྟོད་པ་བྱས་ཏེ། གཏི་མུག་དགའ་མ་ལ་སོགས་པས་མངོན་པར་འདོད་པས་གསོལ་བ་གདབ་ཅིང ། བཞད་པ་རྣམ་པ་བརྒྱད་ཀྱི་སྔགས་བརྗོད་པར་བྱའོ། །དེ་ལ་སྔགས་འདི་ཡིན་ཏེ། ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཱུཾ་ཧཱུཾ། གཤེགས་པར་བྱ་སྟེ། ཨོཾ་ཨཿ ་མུཿ ་ཞེས་པ་འདིས་
455a
༄#། །ཀྱང་ངོ ། །ཕྱི་ནས་སྒྲུབ་པ་པོའི་མངོན་པར་འདོད་པ་ཡང་མཛད་དོ། །ཁྱོད་ཀྱིས་སེམས་ཅན་ཐམས་ཅད་དོན། །ཇི་ལྟའི་རྗེས་མཐུན་གྲུབ་པ་སྩོལ། །སངས་རྒྱས་ཡུལ་དུ་གསེ་མཛད་དེ། །སླད་ནས་ཀྱང་ནི་འབྱོན་པར་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། གཏོར་མའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ངེས་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་སེམས་དཔའ་ཆེན་པོ་ལ་བསྟོད་པ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད།། ཤིན་ཏུ་འཇིགས་རུང་གཤིན་རྗེ་གཤེད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེར་ཕྱག་འཚལ་ལོ། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །ཤིན་ཏུ་འཇིགས་རུང་གཤིན་རྗེ་གཤེད། ། ཐུགས་ཀྱི་རྡོ་རྗེ་རབ་གསལ་བ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག་།གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །ལས་ཀུན་བྱེད་པའི་གཤིན་རྗེ་གཤེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག་།དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །རྡོ་རྗེ་སྦྱན་དང ། རྡོ་རྗེ་སྙན་
455b
དང ། རྡོ་རྗེ་ཤངས་དང ། རྡོ་རྗེ་ལྗགས་དང ། རྡོ་རྗེ་ལུས་དང ། རྡོ་རྗེ་ཐུགས་ཞེས་གསུངས་པ་ནི། བཅོམ་ལྡན་འདས་ཀྱི་རྡོ་རྗེའི་སྦྱན་ལ་སོགས་པ་བྱིན་གྱིས་བརླབ་པའི་དམ་ཚིག་གོ་།དེ་ནས་དྲག་ཤུལ་གཤིན་རྗེ་གཤེད། །དཀྱིལ་འཁོར་འདི་ལས་རབ་བཤད་བྱ། །གཞིན་རྗེ་གཤེད་པོ་རབ་གསལ་བ། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །གསར་བ་ལེགས་པར་བཀལ་བ་དང ། །ལེགས་པའི་ཚད་ལྡན་གཙང་མ་ཡི། །སྲད་བུས་ཐིག་གདབ་ཤེས་རབ་ཅན། །གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་ནི། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །སྡིག་པ་ཐམས་ཅད་རྣམ་པར་འཇོམས། །ཞི་བ་ལ་སོགས་རབ་སྟོན་པ། །ཟླུམ་པོའི་དབྱིབས་ཀྱི་དཀྱིལ་འཁོར་ཏེ། །དེར་ནི་ཀུན་ནས་རྩེ་ལྔ་པ། །ལས་ཀྱི་རྡོ་རྗེ་བྲི་བར་བྱ། །རྡོ་རྗེ་འབར་བས་ཡང་དག་འཁྲིགས། །དེ་ཡི་དབུས་སུ་རྡོ་རྗེ་བྲི། །རྡོ་རྗེའི་འོད་ཟེར་ཡང་དག་འཁྲིགས། །འཁོར་ལོ་ཤར་རྩེར་བྲི་བར་བྱ། །འོད་ཟེར་ཕྲེང་བས་ཡང་དག་འཁྲིགས། །རིན་ཆེན་ལྷོ་རུ་བྲི་བར་བྱ། །པདྨ་རཱ་གའི་འོད་འཕྲོ་བ། །སྦྲིན་གྱི་མདོག་དང་མཚུངས་པའི་འོད། །རལ་གྲི་བྱང་དུ་བྲི་བར་བྱ། །འཁོར་ལོ་ཤར་གྱི་ཟུར་དུ་བྲི། །ལྷོ་རུ་རྡོ་རྗེ་བྲི་བར་བྱ། །ནུབ་ཏུ་པདྨ་བྲི་བ་སྟེ། །ཁ་ཁྱེར་ཟེར་འབྲུར་བཅས་པའོ། །འོད་ཟེར་ལྔ་དང་ཡང་དག་ལྡན། །རལ་གྲི་བྱང་དུ་བྲི་བར་བྱ། །ཤར་གྱི་སྒོ་རུ་ཐོ་བ་སྟེ། །ལྷོ་རུ་རྡོ་རྗེའི་དབྱུག་པ་ཡང ། །འདམ་སྐྱེས་ནུབ་ཀྱི་སྒོ་རུའོ། །བྱང་དུ་རལ་གྲི་རྡོ་རྗེ་ཅན། །དཀྱིལ་འཁོར་རྫོགས་པར་ཤེས་བྱ་སྟེ། །མཆོད་པའི་ཁྱད་པར་རྣམས་བྱའོ། །འདོད་ཡོན་ལྔ་
456a
༄#། །ཡིས་སངས་རྒྱས་རྣམས། །སོམ་ཉི་མེད་པར་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། དཀྱིལ་འཁོར་ཆེན་པོའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་འདེབས་པར་མཛད་དེ། གང་གིས་རྡོ་རྗེ་ཅན་མཉེས་པ། །ཕྱག་རྒྱའི་རབ་ཏུ་སྦྱོར་བ་གསུངས། ། རྡོ་རྗེའི་ཕྱག་རྒྱས་ཕྱག་རྒྱ་རྣམས། །སླར་ཡང་འགྲུབ་པར་མཛད་དུ་གསོལ། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོ། །ཚིག་འདི་དག་ནི་གསུང་བར་མཛད། །དཀྱིལ་འཁོར་བ་རྣམས་ཐམས་ཅད་ཀྱི། ། སྤྱི་བོར་གཤིན་རྗེ་གཤེད་བསྒོམ་བྱ། །རྟག་ཏུ་དཀྱིལ་འཁོར་བྲི་བྱ་ཞིང ། །རྟག་ཏུ་སྦྱིན་སྲེག་གིས་མཆོད་བྱ། །རྟག་ཏུ་དམ་ཚིག་བསྒྲུབ་བྱ་སྟེ། །སྡོམ་པ་གཟུང་བར་བྱ་དེ་ནས། །ཐོག་མར་ཅད་པན་དབང་ཡིན་ཏེ། །གཉིས་པ་རལ་གྲི་སྦྱིན་པར་བྱ། །གསུམ་པ་རྡོ་རྗེ་དྲིལ་བུ་ཡང ། །བཞི་པ་ཟླ་བ་བཟའ་བའོ། །འདི་རྣམས་དབང་བསྐུར་ཆེན་པོ་བཞི། །དམར་པོའི་ཞལ་ནས་འབྱུང་བ་སྟེ། །དབང་བསྐུར་འདི་དག་བྱིན་རླབས་ཀྱིས། །རྒྱལ་བའི་སྲས་འགྱུར་བྱང་ཆུབ་ཐོབ། །དེ་ནས་འབྱུང་པོ་ཐམས་ཅད་ཀྱི། །གཏོར་མ་བྱ་བ་སྔར་རབ་བཤད། །སྔགས་ཆེན་བརྗོད་པར་གྱུར་
456b
པ་ན། །འབྱུང་པོ་ཐམས་ཅད་རབ་ཏུ་འབར། །ཧྲཱིཿ ཥྚྲཱིཿ ་སོགས་སྔགས་ས་བོན་དང ། །སཝཱཧཱ་མཐའ་ཡིས་ངེས་པར་སྦྱར། །བཤད་གཅི་ཆུ་དང་བསྲེས་པ་ཡིས། །མཎྜལ་གྲུ་གསུམ་བྱས་ནས་ནི། །ལྷ་རྣམས་ཚིམ་བྱས་རྣལ་འབྱོར་པ། །ཧཱ་ཧཱའི་རྣམ་པ་སླར་དྲན་བྱ། །དཀྱིལ་འཁོར་གསུམ་ནི་བྱས་ནས་ནི། །བརྒྱད་དང་བཅུ་གཉིས་བཅུ་དྲུག་རྣམས། །མཁས་པས་ཆོ་གས་ཡང་དག་བྲི། །སྔགས་རྣམས་ཐམས་ཅད་དགོད་བྱ་སྟེ། །གྲུབ་པའི་སྔགས་རྣམས་བརྟུལ་ཞུགས་ཅན། །རེ་མིག་བཅུ་གཉིས་ལ་དགོད་བྱ། །མི་རྒྱུ་རྒྱུ་བཅས་འཇིག་རྟེན་གསུམ། །མ་ལུས་ལྷག་མ་མེད་པར་འགྲུབ། །ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ན་ཡོ་ད་ཡ། ཡ་ད་ཡོ་ནི་རཱ་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཡ་དབུས་ཤར་དུ་ཀྵེ་དགོད་བྱ། །ལྷོ་རུ་འཇམ་པའི་རྡོ་རྗེ་སྟེ། །མེ་ཡིག་ནུབ་ཏུ་བྲི་བར་བྱ། །བྱང་དུ་ད་ཡིག་དག་བྱེད་དོ། ། བསྒྲུབ་བྱའི་མིང་ནི་བླང་བྱ་ཞིང ། །ཕྱོགས་བྲལ་སྟོང་པ་ལག་ཟུང་བྱ། །ཧཱུཾ་དག་གིས་ནི་ནང་སྒེལ་བྱ། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཡཙྪ་ནི་རཱ་ཛཱ་ས་དོ་རུ། །ཎ་ཡོ་ནི་ར་ཞེས་ཕྱི་རོལ། །ཐམས་ཅད་དོན་ཕྱིར་སྒྲུབ་པ་ལ། །གཡོན་ནས་བརྩམས་ཏེ་ཡང་དག་བྲི། །རེ་མིག་རིམ་པ་གསུམ་པ་ཡི། །མདུན་དུ་གཅིག་དོར་རེ་མིག་ལ། །ཧྲཱིཿ ཥྚཱིཿ ་ཞེས་སོགས་སྔགས་རྣམས་ཀྱིས། །ཤར་ནས་བརྩམས་ཏེ་བྲི་བར་བྱ། །དེ་མཐར་དོར་བའི་རེ་མིག་ལ། །རེ་མིག་བརྒྱད་པོ་ཡང་དག་བྲི། ། མུ་ཀཾ་ཀུ་རུ་མཱ་ར་ཡ་ཨུཙྪ་ཊ་ཡ། བ་ཤཾ་ཀུ་རུ། བི་དྭེ་ཥཱ་ཡ། ཤའྣྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། ཞེས་པ་དེ་ལྟ་བུ་ལ་སོགས་
457a
༄#། །པ་ལས་ཀྱི་རྗེས་སུ་མཐུན་པ་ལས། །དང་པོ་ཨོཾ་ཡིག་མཐར་ན་མཿ ། །མཐར་ནི་བ་ཤིཾ་བཽ་ཥ་ཊ། །ཧཱུཾ་ཕཊ་ཡི་གེ་ལྡན་ས་བོན། །ཞི་བ་རྒྱས་པ་དབང་མཐར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། འཁོར་ལོ་སྣང་བ་ཞེས་བྱ་བའི་དབང་བསྐུར་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། ཐུགས་རྗེ་མངའ་བ་བཅོམ་ལྡན་འདས། །ཞེ་སྡང་གཤིན་རྗེ་གཤེད་སྐུ་མཆོག་།ཞེ་སྡང་གིས་མནན་འགྲོ་གཟིགས་ནས། །ཞེ་སྡང་ཐམས་ཅད་ཟད་པར་མཛད། །ཐུགས་རྗེ་མངའ་བ་བཅོམ་ལྡན་འདས། །གཏི་མུག་གཤིན་རྗེ་གཤེད་སྐུ་མཆོག་།གཏི་མུག་གིས་མནན་འགྲོ་གཟིགས་ནས། །གཏི་མུག་ཐམས་ཅད་ཟད་པར་མཛད། །ཐུགས་རྗེ་མངའ་བ་བཅོམ་ལྡན་འདས། །ཕྲ་མ་གཤིན་རྗེ་གཤེད་སྐུ་མཆོག་།ཕྲ་མས་མནན་པའི་འགོ་གཟིགས་ནས། །ཕྲ་མ་ཐམས་ཅད་ཟད་པར་མཛད། །ཐུགས་རྗེ་མངའ་བ་བཅོམ་ལྡན་འདས། །འདོད་ཆགས་གཤིན་རྗེ་གཤེད་སྐུ་མཆོག་།འདོད་ཆགས་ཀྱིས་མནན་འགྲོ་གཟིགས་ནས། །འདོད་ཆགས་ཐམས་ཅད་ཟད་པར་མཛད། །ཐུགས་རྗེ་མངའ་བ་བཅོམ་ལྡན་འདས། །ཕྲག་དོག་གཤིན་རྗེ་གཤེད་སྐུ་མཆོག་།ཕྲག་དོག་གིས་མནན་འགྲོ་གཟིགས་ནས། །ཕྲག་དོག་ཐམས་ཅད་ཟད་པར་མཛད། །བྱམས་པ་ཙ་རྩི་ཀཱ་རབ་བརྗོད། །དེ་བཞིན་སྙིང་རྗེ་ཕག་མོའོ། །དགའ་བ་དབྱངས་ཅན་རབ་གྲགས། །བཏང་སྙོམས་གཽ་རཱི་གཟུགས་
457b
ཅན་མ། །བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། །རྫོགས་གྱུར་དཀྱིལ་འཁོར་རྣལ་འབྱོར་པ། །སྙིང་གའི་ས་བོན་ལས་སྤྲོ་བྱ། །འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །དེ་ནས་སྤྱོད་པའི་མཚན་ཉིད་མཆོག། འདི་ལས་ཡང་དག་རབ་བཤད་བྱ། །འཇིགས་བྱེད་གཤིན་རྗེ་གཤེད་གཟུགས་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཕྱིར། །དགོན་པ་ཆེན་པོའི་ས་ཕྱོགས་སུ། །མ་ཧེ་མཆོག་ལ་ཞོན་བྱ་ཞིང ། །སྦྲུལ་རྣམས་ཀྱིས་ནི་བརྒྱན་བྱས་ནས། །ལྗགས་ཀྱི་རྡོ་རྗེ་བསྒོམ་བྱ་སྟེ། །གྱེན་འགྲེང་ཁྱད་འཕགས་ལ་སོགས་པ། །དབུ་སྐྲ་དམར་སེར་དག་ཏུ་བྱ། །སྦྱི་བོར་ཅོད་པན་རྣམས་ཀྱིས་བསྐོར། །སྨ་ར་སེར་པོ་དག་བྱས་ལ། །ཧྲཱིཿ ཥྚིཿ ་ལ་སོགས་སྔགས་བརྗོད་ཅིང ། །རྡོ་རྗེ་དབྱུག་པ་ཡང་དག་གསོར། །དེ་ནས་སེངྒེའི་སྒྲ་བྱས་ཏེ། །གཤིན་རྗེ་གཤེད་དམར་རབ་སྦྱོར་ལས། །ཅུང་ཟད་ནུས་པ་ཐོབ་པ་ནི། །རོལ་ཅིང་གྲོང་དུ་འཇུག་པར་བྱ། །སྐལ་བ་བཟང་པོ་གར་བྱ་ཞིང ། །དྲུག་ལས་སྐྱེས་སོགས་གླུ་བླང་བྱ། །དེ་ནས་རྒྱལ་མཚན་ཁྱམས་བལྟས་ཏེ། །དེ་ནི་འོ་མ་རབ་སྦྱར་བྱ། །འོ་མ་གོམས་པའི་སེམས་གཅིག་གིས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཕག་མོའི་གཟུགས་སུ་བསམ་བྱ་ཞིང ། །བཙུན་མོ་ཀུན་ལ་འདོད་པ་བྱ། །སེངྒེ་ལྟར་སྤྱོད་རྣལ་འབྱོར་པ། །འདོད་དོན་ཐམས་ཅད་གྲུབ་པར་བྱེད། །དེ་ནས་ཕྱག་རྒྱར་སྒྲུབ་པའི་ཐབས། །འདི་ལས་ཡང་དགར་བ་བཤད་བྱ། །སྔགས་ཆེན་ཡི་གེ་གཅིག་པོ་སྟེ། །དེ་ཡི་བཟླས་པས་རབ་བརྟན་བྱ། །ཧྲཱིཿ ཥྚཱིཿ ་སོགས་ས་བོན་ཡང་དག་བྱུང ། །མ་ཧེའི་གདོང་ནི་རྣམ་པར་བསྒོམ། །རྡོ་
458a
༄#། །རྗེ་དཀྱིལ་འཁོར་མཉམ་ཞུགས་པ། །མ་ཧེའི་སྟེང་དུ་བསྒོམ་པར་བྱ། །གང་ཞིག་ས་ལ་འབིགས་བྱེད་པ། །སྣ་ཚོགས་མཚོན་ཆའི་རང་བཞིན་ཅན། །མ་ཧེའི་གདོང་ནི་སྒྲུབ་པ་ལ། །བློ་ལྡན་ཕྱག་རྣམས་ལས་བསྒོམ་བྱ། །དེ་ནས་རྡོ་རྗེ་དབྱུག་པ་ཡི། །སྒྲུབ་ཐབས་འདི་ལས་རབ་བཤད་བྱ། །ཧྲཱིཿ ་ཡིག་སྔགས་ནི་ཆེན་པོ་སྟེ། །མ་ཧེ་ཆེན་པོ་ལ་ཞོན་པའོ། །འབུམ་གཉིས་ཡང་དག་རྫོགས་པའི་ཕྱག་།ཐལ་བའི་རྡུལ་གྱིས་བྱུགས་པའི་སྐུ། །རི་རབ་ལྷུན་པོ་དང་མཉམ་པ། །ས་ཡི་འོག་ཏུ་མནན་པའོ། །དེ་ནས་བྱེ་བའི་ཕྱག་སྒྲུབ་ཐབས། ། འདི་ལས་ཡང་དག་རབ་བཤད་བྱ། །སྔགས་ཆེན་བི་ཀྲྀ་ཏཱ་ན་ན། །གཙོ་བོ་ཧཱུཾ་ཡིག་ལས་བྱུང་བ། །ོཾ་ཝི་ཀྲྀ་ཏཱ་ན་ན་ཧཱ་ཧཱ་ཧཱི་ཧཱི་ཧཱུཾ་ཧཱུཾ་ཧེ་ཧེ་ཧོ་ཧོ་སཝཱ་ཧཱ། དགོས་པ་ཐམས་ཅད་རབ་བསྒྲུབ་ཕྱིར།། འདི་ལས་དམ་ཚིག་སྒྲུབ་ཐབས་བཤད། །སྔགས་ཀྱིས་དུབ་པའི་བཟའ་བ་ནི། །བཟང་པོ་རྙེད་པར་དཀའ་བའི་ཟས། །ཤ་ཆེན་དང་ནི་རྟ་ཉིད་དང ། །གླང་པོ་ཆེ་ཡི་ཁྱད་པར་ཉིད། །བ་ལང་རང་བཞིན་ཁྱི་ཉིད་དང ། །བོང་བུ་རྔ་མོ་ཅེ་སྦྱང་ཉིད། །མར་ཁུ་ཆེན་པོས་ལུས་ལ་བྱུག་།སྔོན་པོ་བསྲེས་པ་བཙོ་བར་བྱ། །འདི་ནི་ལུས་ལ་བྱུགས་ཙམ་གྱིས། །འགྲོ་བ་ཐམས་ཅད་དབང་དུ་བྱེད། །གི་ཝཾ་རྒྱམ་ཚའི་ཁུ་བ་དང ། །དེ་བཞིན་བིལ་བའི་ལོ་མ་ཉིད། །སོ་ཕག་བྱེ་མར་བཅས་པའམ། །གསེར་ཤིང་ལོ་མའི་ཁུ་བས་ཀྱང ། །འདི་ཡི་ལུས་ལ་དྲིལ་ཕྱིས་བྱ། །དེ་བཞིན་
458b
རྡོ་རྗེ་བདུད་རྩི་ཆེ། །འདི་ནི་རྣལ་འབྱོར་མཆོག་རྩེའོ། །རང་འབྱུང་མེ་ཏོག་ལྟུང་བར་ལྡན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། སྤྱོད་པ་དང་དམ་ཚིག་སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་དམ་ཚིག་ཙ་རྩི་ཀའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང ། རྡོ་རྗེ་ཕག་མོའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང ། དབྱངས་ཅན་མའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང ། གཽ་རཱིའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་མཆོད་པའི་གླུ་འདི་རྗོད་པར་མཛད་དོ། །ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁྱོད་མཐོང་ཁྲོ་བོ་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱིས་གར་མཛད་ས་སྟེང་དང ། །ས་བླ་དག་དང་ས་འོག་གཡོ། །ཆགས་པས་བརྒྱན་པའི་ཁྲོ་བོའི་ཡིད། །གར་མཛད་ཁྱོད་ནི་རོ་ལངས་ལགས། །སྐུ་ནི་དམར་ཞིང་ཐུང་བ་སྟེ། །རྣམ་པ་སྣ་ཚོགས་གཟུགས་སྦྲུལ་པ། །རྡོ་རྗེ་དབྱངས་ཅན་མས་བཏུད་ཞུས། །གར་མཛད་བདེ་བ་ཆེན་པོ་ཁྱོད། །ཧྲཱིཿ ཥྲྚཱིཿ གྶང་སྔགས་དག་གིས་ཁྱོད། །ས་གསུམ་པོ་ཡི་འཁྲུལ་པ་སེལ། །སྙིང་རྗེའི་ཁྲོ་བོ་རྗེ་བཙུན་ཁྱོད། །གར་མཛད་འགྲོ་བ་རྣམས་ལ་གཟིགས། །དེ་ནས་བཟླས་པའི་མཚན་ཉིད་མཆོག་།འདི་ལས་ཡང་དག་རབ་བཤད་བྱ། །གང་གིས་
459a
༄#། །བཟླས་པའི་རབ་སྦྱོར་གྱིས། །རྒྱ་ཆེན་དངོས་གྲུབ་ཐོབ་པར་འགྱུར། །མྱུར་བ་མ་ཡིན་བུལ་བ་མིན། །རིང་པོ་མ་ཡིན་ཐུང་དུ་མིན། །སྔགས་ནི་ཅུང་ཟད་ཐོས་པ་སྟེ། །གཤིན་རྗེའི་སློབ་དཔོན་མི་ཡི་མཆོག་།མ་ཧེ་མི་དང་གླང་པོ་ཆེ། །བ་ལང་རང་བཞིན་རྟ་ཉིད་དང ། །བོང་བུ་རྔ་མོའི་རུས་པ་གཟུང ། །བཟླས་པའི་ཕྲེང་བ་རབ་བསྒྲུབ་བྱ། །ཟླ་བ་ཟླ་བའི་བཅུ་བཞི་ལ། །ཤ་ལྔ་ཡིས་ནི་བྱུག་བྱ་ཞིང ། །བདུད་རྩི་ལྔ་དང་ཡང་དག་ལྡན། །མཆོག་གི་དངོས་གྲུབ་རྒྱུར་བཟླས་ཏེ། །ཚེས་གཅིག་རིལ་བུ་རྣལ་འབྱོར་པ། །མཁས་པ་གཤིན་རྗེ་གཤེད་བསྒོམ་བྱ། །ཡང་ན་མི་ཡི་མགོ་བོ་ནི། །ཁྲག་དང་ལྡན་པར་རྣམ་བསྒོམ་བྱ། །ཁྲི་ཕྲག་ཙམ་གྱིས་འབྱུང་པོ་རྣམས། །མཁའ་འགྲོ་མ་རྣམས་སྟོང་ཕྲག་གིས། །གཤིན་རྗེ་གཤེད་ཀྱི་རབ་སྦྱོར་ལས། །ཡི་དྭགས་ཚོགས་རྣམས་གསང་པར་བྱ། །བཟླས་པ་འབུམ་གྱིས་རྣལ་འབྱོར་བདག་།དེ་ནི་ལས་ཀུན་བྱེད་པ་ཡིན། །བྱེ་བ་བཟླས་པས་འགྲུབ་འགྱུར་ཏེ།། བྱེ་བ་ལྔ་ཡིས་སྨོས་ཅི་དགོས། །ཉིན་རེ་ཟླ་བ་སོ་སོ་འམ། །ཡང་ན་ལོ་རྣམས་སོ་སོ་ལ། །དབྱུག་གུ་དྲུག་ཅུ་རྩ་བཞིར་མཁས། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། །རྟག་ཏུ་ཅུང་ཟད་ཟླ་བ་གང། །དེ་བཞིན་ཅུང་ཟད་གང་འཐུང་བ། །གཞན་ཡང་བཟའ་བ་ཐམས་ཅད་ཀྱི། །ཕུད་ནི་གཤིན་རྗེ་གཤེད་ལ་དབུལ། །དེ་ནས་བླ་མར་ཡོན་དབུལ་བ། །འདི་ལས་ཡང་དག་རབ་བཤད་
459b
བྱ། །བདག་ཉིད་ཞི་བ་ཉིད་ཕྱིར་དང ། །ལས་ཀུན་གྲུབ་པའི་ཕྱིར་དུ་ཡང ། །ཕངས་པ་མེད་པར་དབུལ་བྱས་ཏེ། །བདག་ཉིད་དངུལ་གྱི་རྣ་རྒྱན་དང ། །གསེར་དང་ནོར་དང་མ་མ་དང ། །དེ་བཞིན་བུ་དང་ཆུང་མ་དང ། །སྐྱེད་བྱེད་སྲིང་མོ་བུ་མོ་དང ། །རྣམ་པ་སྣ་ཚོགས་ན་བཟའ་ཉིད། །གདུགས་དང་རྔ་ཡབ་མཛེས་པ་ཉིད། །ཁང་པ་ཁྲི་དང་དྲི་བཟང་དང ། །དེ་བཞིན་གླུ་དང་རོལ་མོ་ཉིད། །རལ་གྲི་དང་ནི་རྒྱན་ཉིད་ཀྱང ། །བླ་མར་རབ་དབུལ་བརྟུལ་ཞུགས་ཅན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། ཉེ་བར་མཁོ་བ་ཐམས་ཅད་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་སེམས་ཅན་ཐམས་ཅད་ཀྱི་བདུད་འཇོམས་པའི་དོན་དུ། །དམར་པ་ཉིད་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འཇོམས་པའི་དོན་ཏོ། །སྤྱན་གསུམ་ནི། །འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དུས་གསུམ་མོ། །ཕྱག་གཉིས་ནི། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་འཇོམས་པའི་ཕྱིར་རོ། ། ཤེས་རབ་དང་འཁྱུད་པ་ནི། སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སྦྱོར་བ་ལས་སོ། །ཀླུ་བརྒྱད་ནི། །རྣམ་པར་ཤེས་པ་བརྒྱད་མཚོན་པའི་ཕྱིར་རོ། །མགོ་བོའི་ཕྲེང་བ་བརྒྱ་ཕྱེད་ནི། ཡི་གེ་ལྔ་བཅུ་པའི་སྦྱོར་བ་ལས་སོ། །གཡོན་ན་ཐོད་པ་ནི། །ཡེ་ཤེས་ལྔའི་བདུད་རྩིའི་ངོ་ཡོངས་སུ་རྫོགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཡས་ན་དབྱུག་པ་ནི། ཕུང་པོ་དང ། ཉོན་མོངས་པ་དང །
460a
༄#། །ལྷའི་བུ་དང ། འཆི་བདག་གི་བདུད་བཞི་རྣམ་པར་འཇོམས་པ་སྙིང་རྗེའི་རང་བཞིན་ནོ། །གཡོན་བརྐྱང་བ་ནི། ཁམས་གསུམ་པ་རབ་ཏུ་རྟོགས་པའི་ཕྱིར་རོ། ། ལྷ་མོའི་ཕྱག་གཡོན་ན་བདུད་བཞིའི་ཁྲག་དང་བཅུད་ལེན་གྱི་རོ་དུ་མ་མྱང་བའི་ཕྱིར་ཐོད་པའོ། །གཡས་པ་ན་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་གཅོད་པའི་ཕྱིར་གྲི་གུག་གོ་།མ་རུངས་པ་འདུལ་བའི་ཕྱིར་ཁྲོ་བོའི་གཟུགས་དང་གསུས་པ་འཕྱང་བ་ཉིད་དོ། །མྱ་ངན་ལས་མི་འདའ་བ་ཉིད་ལས་དབུ་སྐྲ་སེར་པོ་གྱེན་དུ་འགྲེང་བ་ཉིད་དོ། །གྲུ་བཞི་ནི། སྡུག་བསྔལ་བ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་གྱི་བདེན་པ་བཞི་རབ་ཏུ་རྟོགས་པའི་ཕྱིར་རོ། །སྒོ་བཞི་ནི། བདུད་བཞི་ཀུན་ཏུ་སྐྲག་པར་བྱེད་པའི་ཕྱིར་རོ། ། ཟུར་བཞི་ནི། ཚངས་པའི་གནས་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཀ་བ་བརྒྱད་ནི། རྨི་ལམ་དང ། དྲི་ཟའི་གྲོང་ཁྱེར་དང ། བྲག་ཅ་དང ། སྒྱུ་མ་དང ། སྨིག་རྒྱུ་དང ། མེ་ལོང་གི་གཟུགས་བརྙན་དང ། ཆུའི་ཟླ་བ་ལྟ་བུ་བརྒྱད་ཀྱི་རང་བཞིན་ལས་ནམ་མཁའ་ལྟར་དངོས་པོ་དང་དངོས་པོ་མེད་པའི་ཉོན་མོངས་པ་འཇོམས་པའི་དོན་ནོ། །གང་གིས་སྐྱེས་པ་རབ་ཏུ་འཇོམས་པ་ཉིད་ལས་དྲ་བ་ཕྱེད་པ་རྣམས་སོ། །རྟ་བབས་བཞི་ནི། སྦྱིན་པ་དང ། སྙན་པར་སྨྲ་བ་དང ། དོན་སྤྱོད་པ་དང ། དོན་མཐུན་པ་ཉིད་དང ། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་
460b
པའི་ཕྱིར་རོ། །དེ་ནས་རྡོ་རྗེ་མཁའ་འགྲོ་མའི། །སྒྲུབ་ཐབས་འདི་ལས་རབ་བཤད་བྱ། །མཁའ་དབྱིངས་དབུས་སུ་གནས་པ་ཡིས། །ཉི་མའི་དཀྱིལ་འཁོར་མཆོག་བསམ་བྱ། །ཕྱག་ཏུ་རྡོ་རྗེ་རྣམ་བསྒོམས་ནས། །ལྷག་མ་ཕྱག་གཞན་རྣམ་དགོད་བྱ། །ཤར་དུ་སངས་རྒྱས་མཁའ་འགྲོ་མ། །ཕྱག་དྲུག་གཏི་མུག་ཡང་དག་མཚུངས། །ཕྱག་ན་འཁོར་ལོ་འཇིགས་བྱེད་ཆེ། །རྣལ་འབྱོར་དཀྱིལ་འཁོར་ལ་བསྒོམ་བྱ། །ལྷོ་རུ་རིན་ཆེན་མཁའ་འགྲོ་མ། །ཕྱག་དྲུག་ཕྲ་མ་ཡང་དག་མཚུངས། །ཕྱག་ན་རིན་ཆེན་འཇིགས་བྱེད་ཆེ། །ཉི་མའི་དཀྱིལ་འཁོར་ལ་བསྒོམ་བྱ། །ནུབ་ཏུ་པདྨ་མཁའ་འགྲོ་མ། །ཕྱག་དྲུག་པདྨ་འཛིན་པའོ། །བྱང་དུ་ལས་ཀྱི་མཁའ་འགྲོ་མ། །དཀྱིལ་འཁོར་སྙིང་པོ་རལ་གྲི་མའོ། །མེ་ལ་སོགས་པའི་ཟུར་བཞི་རུ། །ལྷ་མོ་རྣམ་སྒོམ་བརྟུལ་ཞུགས་ཅན། ། སྒེག་མོ་ཕྲེང་བ་གར་དེ་བཞིན། །གླུ་མ་དག་གི་ཁྱད་པར་ཉིད། །དེ་ནས་སྒོ་སྐྱོང་བསམ་པར་བྱ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །དང་པོ་ཐོབ་དབྱུག་པ་དང ། །པདྨ་དེ་བཞིན་རལ་གྲིའོ། །ོཾ་བུདྡྷ་ཌཱ་ཀི་ནི། ཨོཾ་བཛྲ་ཌཱ་ཀི་ནི། ཨོམ་རནྟ་ཌཱ་ཀི་ནི། ཨོཾ་པདྨ་ཌཱ་ཀི་ནི། ཨོཾ་ཀརྨ་ཌཱ་ཀི་ནི། ལཱཾ་མཱཾ་ནཱཾ་གཱཾ་ཟུར་དུའོ། །ོཾ་མུངྒ་ར་ཛཿ ། ཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁངྒ་ཧོཿ ། ཞེས་གསུངས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་ཐབས། །རིང་པོ་ནས་ཐོས་བསྒྲུབ་དོན་དུ། །རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ། །དེ་ལྟར་རབ་ཏུ་འགྲུབ་པའི་སྔགས་ཀྱི་ཚིག་ཏུ་གྱུར་པ་ནི། ཨོཾ་ཨཱ་ཀཱ་ཤ་ཙ་
461a
༄#། །ར་བཛྲ་ཌཱ་ཀི་ནི་སཝཱ་ཧཱ། དེ་ནས་རབ་ཏུ་བཤད་བྱ་གཞན། །རྡོ་རྗེ་ས་འོག་སྒྲུབ་པའི་ཐབས། །ས་འོག་འཇུག་པ་བསྒྲུབ་དོན་དུ། །གནོད་མཛེས་རྡོ་རྗེ་བསྒོམ་པར་བྱ། །ཕྱག་དྲུག་སྐུ་མདོག་སྔོན་པོ་མདངས། །ཕྱག་ཏུ་གཏུན་ཤིང་དགོད་པར་བྱ། །དཀྱིལ་འཁོར་སྙིང་པོའི་དབུས་སུ་ནི། །འདི་དགོད་རབ་ཏུ་བསྒོམ་པར་བྱ། །ཤར་དུ་སྤྱན་མ་དགོད་བྱ་སྟེ། །དེ་བཞིན་ལྷོ་རུ་མཱ་མ་ཀཱི། །ནུབ་ཏུ་ལྷ་མོ་གོས་དཀར་མོ། །བྱང་དུ་སྒྲོལ་མ་དགོད་པར་བྱ། །མེ་ཏོག་བདུག་པ་མར་མེ་དྲི། །མེ་ལ་སོགས་པ་རྣམས་སུ་དགོད། །ཐོ་བ་ལ་སོགས་སྒོ་རྣམས་ལ། །སྦྲུལ་གྱི་རྒྱན་དང་སྐ་རགས་ཏེ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །འཁོར་ལོ་འདི་ལྟར་བསྒོམ་པར་བྱས། །རྡོ་རྗེ་ས་འོག་རྣལ་འབྱོར་ལྡན། །བུག་པ་རྨི་ལམ་དུ་ཤེས་འགྱུར། །དེ་ནས་རྒྱལ་པོ་བདུད་དཀྱིལ་འཁོར། །འདི་ལས་ཡང་དག་རབ་བཤད་བྱ། །མཁའ་ལ་སྤྱོད་ཉིད་བསྒྲུབ་དོན་དུ། །རྟ་མཆོག་རབ་ཏུ་བསྒྲུབ་པར་བྱ། །ཕྱག་གཉིས་པ་དང་ཞལ་གཅིག་པ། །སྐུ་མདོག་ལྗང་གུ་འཇིགས་རུང་བ། །ཉི་མའི་སྟེང་དུ་ཡང་དག་བཞུགས། །ཤིན་ཏུ་འཇིགས་བྱེད་རྟ་ཡི་ཞལ། །གཡས་པ་རལ་གྲི་ཁུ་ཚུར་ཏེ། །གཡོན་པའི་ཕྱག་ན་ཐོད་པ་སྟེ། །ོཾ་ཕུ་ཕུ་ཧི་ཧི། སྔགས་འདི་བཟླ་བྱ་ཤེས་རབ་ཅན། །རྟ་མཆོག་རབ་ཏུ་བསྒྲུབ་པའི་ཕྱིར། །ཤར་དུ་རྡོ་རྗེ་མ་རྣམས་བསམ། །ལྷོ་ཕྱོགས་སུ་ཡང་མྱུར་འགྲོ་མ། །
461b
ནུབ་ཏུ་རྒྱལ་པོ་བདུན་པ་སྟེ། །བྱང་དུ་རྟ་མཆོག་དགོད་པར་བྱ། །གཙོ་བོའི་ཞལ་དང་ཕྱག་དག་གིས། །ཐམས་ཅད་གཡས་ཀྱིས་བསྒོམ་བྱ་ཉིད། །སྔགས་འདི་ཡིས་ནི་ཐམས་ཅད་ཉིད། སྤྲོ་བ་དག་ཏུ་རབ་ཏུ་གྲགས། །གླིང་པུ་པི་ཝང་རྫ་རྔ་དང ། །རྔ་ཟླུམ་ཡང་ནི་ཟུར་དུ་འོ། །བ་ལང་སྣ་བ་གླང་ཆེན་སྣ། །བཞིན་བཟང་བཞིན་ངན་དེ་བཞིན་དུ། །གཏུན་ཤིང་ངང་ནི་དགྲ་སྟ་དང ། །ལྕགས་ཀྱུ་ཞུགས་པ་ཉིད་ཀྱང་སྟེ། །གར་ལ་སོགས་ཚུལ་རྣལ་འབྱོར་ལས། །སྒོ་བཞིར་རྟག་ཏུ་བསམ་པར་བྱ། །གཡོན་དུ་ཡ་བ་སི་བསམ་བྱ། །དེ་བཞིན་གཡས་སུ་རང་རྟགས་སོ། །རྟ་མཆོག་སྔགས་ནི་ཇི་ལྟ་བ། །རྡོ་རྗེ་ས་འོག་གཡོ་བར་བྱེད། །རྟ་མཆོ་ག་སྒོམ་པའི་རྣལ་འབྱོར་ལས། །ཁམས་གསུམ་མཁའ་ལ་ཡོངས་སུ་བསྐོར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། རྣམ་པར་དག་པ་དང་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་འདི་ལ་ཐིག་གདབ་པའི་དམ་ཚིག་ལས། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨ་དྱ་ནུཏྤནྣ་ཏྭཱཏ། སློབ་མ་རྣམ་སྣང་དུ་བྱས་ཏེ། །གཤིན་རྗེ་མཐར་བྱེད་དཔལ་གཟུགས་ཀྱིས། །ཡེ་ཤེས་སྲད་བུ་རྩེ་གཟུང་མཆོག་།ལེགས་པར་མཉམ་བཞག་གདབ་པར་བྱ། དེ་ལ་འདི་ནི། དཀྱིལ་འཁོར་ཆེན་པོར་འཇུག་པའི་དམ་ཚིག་གོ་།ོཾ་ཨཱཿ ཧཱུཾ། རིང་བ་དཀྱིལ་འཁོར་ཉིས་འགྱུར་
462a
༄#། །ལ། །སྒོ་ཡི་ཉི་ཤུ་ཆ་དག་སྟེ། །བ་ཡི་རྣམ་ལྔས་ཡང་དག་བྱུག་།སྲད་བུ་གཉིས་ནི་ཡང་དག་བརྟག་།དེ་ལ་འདི་ནི། རྡོ་རྗེ་ཆེན་པོ་ལ་གསོལ་བ་བཏབ་པའི་དམ་ཚིག་གོ་།ེ་མ་སངས་རྒྱས་སློབ་དཔོན་ཆེ། །ེ་མ་ཆོས་དང་ཚོགས་ཀྱི་གཙོ། །བདག་ལ་དམ་ཚིག་དེ་ཉིད་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དེ་ལ་འདི་ནི། །ས་ཆེན་པོ་ཡོངས་སུ་གཟུང་བའི་དམ་ཚིག་གོ་།རྡོ་རྗེ་སའི་ལྷ་མོ་སྤྱན་དྲངས་ཏེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར།། དཀྱིལ་འཁོར་གྱི་ནི་བརྒྱད་ཆ་སྒོ། །ཤེས་བྱ་བདག་ཉིད་ཆེ་རྣམས་ཀྱིས། །ཁྱམས་ཆེན་དག་ནི་དོར་བྱ་སྟེ། །ཡིད་དུ་འོང་བ་ལེགས་པར་སྤྲས། །སྒོ་མཉམ་སྒོ་ཁྱུད་ཤེས་བྱ་སྟེ། །དེ་ཕྱེད་ལྷ་ཡི་སྣམ་པུའོ། །རྡོ་རྗེ་ལྷ་མོ་ཡང་དག་ལྡན། །གླུ་གར་རོལ་མོ་སོགས་རྣམས་ཀྱིས། །སྒོ་ཡི་ཕྱེད་ཀྱི་འགྲམ་དང་ལོགས། །ཞེས་པ་དྲ་བ་དྲ་ཕྱེད་ཀྱང ། །ཉི་ཟླ་མེ་ཏོག་ཕྲེང་སྣམ་བུ། །འདི་ཡི་ཕྱེད་ཀྱི་རྡུལ་ཚོན་ས། །དེ་བཞིན་དཀྱིལ་འཁོར་ཕྱི་རོལ་ཐིག་།དེ་ལ་འདི་ནི་སྙིང་པོ་ཆེ། །བདག་ཉིད་དཀྱིལ་འཁོར་མཁའ་ལ་དགོད། །དེ་ནས་ཕྱག་རྒྱར་བཅས་པ་བརྟེན། །དམ་ཚིག་གིས་ནི་ཡི་གེ་གཞུག་།དེ་ལྟར་དཀྱིལ་འཁོར་རབ་ཏུ་བསྒྲུབ། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །ལྗང་གུ་བྱང་དུ་ཡང་དག་ལྡན། །
462b
འོད་འབར་ཨིནྡྲ་ནི་ལའི་ཚུལ། །དབུས་ཀྱིས་གཞི་ཡང་དག་བྲི། །དེ་ནས་ཕྱག་རྒྱ་དགོད་པར་བྱ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །དབུས་སུ་རྡོ་རྗེ་ཡང་དག་བྲི། །འཁོར་ལོ་ཤར་དུ་མཉམ་པར་བྲི། ། དེ་བཞིན་ལྷོ་རུ་རིན་ཆེན་ཏེ། །ནུབ་ཀྱི་ཕྱོགས་སུ་པདྨའོ། །རལ་གྲི་དེ་བཞིན་བྱང་དུ་དགོད། །དེ་ལྟར་སྒྱུ་མ་མཁའ་མཚུངས་པ། །རྟག་ཏུ་ཕྱག་རྒྱ་བལྟ་བར་བྱ། །དེ་ལ་འདི་ནི་དགང་གཟར་དང ། ། བླུགས་གཟར་ཡུ་བའི་ཚད་བྱའོ། །ཀུན་ནས་ཁྲུ་གང་ཚད་དག་གིས། །དེ་ཕྱེད་དཀྱིལ་འཁོར་བྱ་བ་སྟེ། །སོར་མོ་བཞི་ཡི་ཚད་དང་ལྡན། །ཟབས་ནི་སོར་མོ་གཉིས་པ་ལ། །ཕྱི་རོལ་ཚད་ནི་སོར་གསུམ་མོ། །དམའ་བ་མཐེ་པོའི་ལྟོ་གང་སྟེ། །རྒྱར་ནི་སོར་མོ་གཉིས་པའོ། །པད་འདབ་རྣམ་པའི་བླུགས་གཟར་གང ། །ཚད་ལྡན་རྒྱུད་དུ་རབ་ཏུ་བསྔགས། །དཀྱིལ་འཁོར་རབ་ཏུ་མ་ཞུགས་ཤིང་།། མཚམས་མེད་ལྔ་ནི་བྱས་པ་དང ། །གང་ཞིག་སྲོག་ཆགས་གསོད་པ་དང ། །ཉ་དང་ཤ་ལ་སོགས་པ་ཟ། །ཆང་དང་འདོད་པ་དག་ལ་ཆགས། །ཡོད་པ་མིན་པའི་བརྟུལ་ཞུགས་འཛིན། ། མི་གང་མངོན་པར་དབང་མ་བསྐུར། །གང་ཞིག་རྩེད་མོ་དུ་མ་བྱེད། །གྲོང་པའི་སྐྱེ་བོར་དགའ་བ་ཡང ། །གཤིན་རྗེ་གཤེད་རྒྱུད་ཕ་རོལ་བགྲོད། །ཇི་ལྟར་དམར་པོའི་གསུང་བཞིན་དུ། །སོམ་ཉི་མེད་པར་འགྲུབ་པར་འགྱུར། །དེ་ནས་བྱམས་པ་ལ་སོགས་པ་རྡོ་རྗེ་ཆེན་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་འཛིན་པ་ཆེན་པོའི་ཚིག་ཐོས་ནས་ཅང་མི་སྨྲ་བར་གྱུར་ཏོ།།
463a
༄#། །དེ་ལ་འདི་ནི། རྡོ་རྗེ་དབབ་པའི་དམ་ཚིག་གོ་།དེ་ཡང་འབྱུང་ཆེན་ས་བོན་གྱིས། །འཁོར་ལོ་བཞི་ལ་རབ་བསྒྲུབ་བྱ། །གནས་བཞིར་རབ་ཏུ་སྦྱོར་བ་ཡིས། །ནམ་མཁའ་ལ་ཡང་གཡོ་བར་བྱེད། །རྐང་པར་ཡི་ཡིག་སྟེ་པར་རཾ། །སྙིང་གར་ལཾ་ཡིག་སྤྱི་བོར་བཾ། །གཞུ་ཡི་རྣམ་པ་ནག་པོ་ཆེ། །གཏུམ་པོ་འཇིགས་པར་བྱེད་པའི་རླུང ། །གྲུ་གསུམ་བསྲེགས་པའི་མི་ལྟར་འབར། །ཉི་མའི་འོད་ཟེར་ལྟ་བུར་འབར། །གྲུ་བཞི་སེར་པོ་ཆེན་པོ་སྟེ། །རྡོ་རྗེའི་ས་གཞི་འཛིན་པས་མནན། །རི་རབ་ལྷུན་པོས་མནན་པ་ཡིས། །ནོར་འཛིན་མར་ནི་བསྒོམ་པར་བྱ། ། ཟླུམ་ཞིང་འཁྱིལ་བ་མདངས་དཀར་པོ། །སྤྲིན་གནས་ཀྱིས་བཞིན་ཆར་པའི་རྒྱུན། །སྟོང་ཕྲག་ཡང་དག་རྫོགས་པ་ཡི། །གཡོ་བ་མེད་ཅིང་བསིལ་བའི་གངས། །གནས་བཞིར་རབ་ཏུ་སྦྱོར་བ་ཡིས། །སློབ་མས་རྡོ་རྗེ་ཅན་བསྒོམ་བྱ། །རྡོ་རྗེ་སྣང་མཐའ་རབ་སྦྱོར་ལས། །མྱུར་བ་རུ་ནི་འབབ་པར་བྱེད། །དེ་ལ་འདི་ནི། དྲི་བའི་དམ་ཚིག་སྟེ། མགོན་པོ་ཆེན་པོ་རྡོ་རྗེ་ཆོས། ། སྣང་བ་མཐའ་ཡས་བདེ་བ་ཆེ། །དགེ་དང་མི་དགེ་གང་དྲིས་པ། །གསུངས་ཤིག་འདོད་ཆགས་ཆོས་ཆེན་པོ། །ཁྲུ་གང་ནས་ནི་ཡང་དག་བརྩམས། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །སློབ་མ་ཆེན་པོ་འཕར་བར་འགྱུར། །འདི་ནི་དབབ་པའི་དམ་ཚིག་གོ་།དེ་ནས་སྐ་\?\་གཟུགས་རི་མོ་ཡི། །མཚན་ཉིད་འདི་ལས་ཡང་དག་བཤད། །སྣུམ་པའི་འཇིམ་པ་བླང་བྱ་སྟེ། །སྦྱར་
463b
བར་བྱའོ་བརྟུལ་ཞུགས་ཅན། །སྲན་མའོ་མ་དེ་བཞིན་ཤ། །བུར་མ་ཏིནྟི་ཌ་ལ་སོགས། །ཏིལ་མར་ནིམ་བ་ལོ་མ་དང ། །དེ་བཞིན་ནཱ་ཌཱའི་འབྲས་བུ་ཡིས། །ཐོག་མར་རི་མོ་བྲི་དེ་ཡང ། །དཀར་པོ་ཁ་དོག་གཞན་ཡང་སྟེ། །དཀར་རྩི་དང་ནི་བཙག་དག་གིས། །སྦྱར་བ་རྒྱ་སྐྱེགས་མདོག་ཏུ་འགྱུར། །ཡུང་བ་དང་ནི་རྣམས་དག་གིས། །དེ་བཞིན་ཁ་དོག་ལྗང་གུར་འགྱུར། །སྔོན་པོ་དག་ནི་རྣམས་ཀྱིས་ཏེ། །དེ་བཞིན་དྲག་པོ་ནག་པོའོ། །སེར་སྐྱ་བ་བླ་ལྡོང་རོས་ཀྱིས། །དེ་བཞིན་དམར་པོ་མཚལ་གྱིས་སོ། །བིལ་བའི་སྙིང་པོ་ལོ་མ་སྦྱིན། །དམན་མིན་དེ་བཞིན་ལྷག་པའང་མིན། །ལྷག་པ་ནག་པོ་དག་ཏུ་འགྱུར། །དམན་ན་སྐྱ་བོ་འགྲོ་བར་འགྱུར། །ཞི་བ་ཁྲོ་བོ་རྣམ་གཉིས་སོ། །སྒོམ་པའི་མཚན་ཉིད་བཤད་པར་བྱ། །ཞི་བ་རོལ་པར་རབ་ཏུ་གསུངས། །ཁྲོ་བོ་སྦོམ་ཐུང་ཞེས་པར་ཐོས། །སོར་མོ་བཞི་ཡི་ཚད་ཀྱིས་ནི། །དཔྲལ་བ་ཤངས་དང་དེ་བཞིན་ཞལ། །སོར་མོ་བཞི་ཡི་ཚད་དག་གིས། །མགྲིན་པ་མགུལ་པ་དེ་བཞིན་བརྟག་།ཉི་ཤུ་རྩ་བཞིས་ཁྲུ་གང་སྟེ། །གྱེན་དུ་སོར་མོ་ཉི་ཤུ་སྐྱེས། །ཕྱག་དང་ཞབས་དང་གདོང་ཇི་བཞིན། །མིག་གི་ཚད་ནི་མཐེ་བོང་སྟེ། །རྣ་བར་སོར་མོ་གཉིས་རབ་གསུངས། །དེ་བཞིན་སྒོ་ཡི་ཤུབས་ལ་བཞི། །མཆུ་དང་སོར་མོ་གཉིས་རབ་གསུངས། །ལྟེ་བའི་ཟབས་ནི་སོར་བཞིའོ། །ཞལ་གྱི་ཆ་ནི་ལུས་ལ་སྟེ། །མགྲིན་པའི་རྣམ་པ་བོར་བར་འདོད། །རལ་པ་དང་ནི་ཞལ་གྱི་ཚད། །སྦྱོར་བ་སོར་མོ་ཅོད་པན་དྲུག་།དེ་ནས་
464a
༄#། །འཕགས་པ་ཛ་མགུ་ལིའི། །སྒྲུབ་ཐབས་འདི་ལས་རབ་བཤད་བྱ། །གང་གིས་བསྒོམས་པ་ཙམ་གྱིས་ནི། །ཆུ་ཡི་སྟེང་དུ་འགྲོ་བར་བྱེད། །ཞལ་གསུམ་ཕྱག་དྲུག། སེར་མོ་སྟེ། །ཆུ་ཡི་ས་བོན་ལས་བྱུང་བ། །ཕྱག་ན་སྦྲུལ་དང་སྐུ་ཆེན་མོ། །རྨ་བྱའི་བཞོན་པ་དག་ལ་དགྱེས། །ཤར་དུ་དགོད་བྱ་རྨ་བྱ་མ། །དེ་བཞིན་ལྷོ་རུ་ཁྲོ་གཉེར་ཅན། །ནུབ་ཏུ་རི་ཁྲོད་ལོ་མ་ཅན། །བྱང་དུ་རྡོ་རྗེ་ལྕགས་སྒྲོག་མ། །སྒྲོ་དང་སྤྱི་བླུགས་ཡལ་ག་དང ། །ལྕགས་སྒྲོག་རྣམས་ཀྱང་བསྒོམ་པར་བྱ། །སེར་པོ་དམར་པོ་དེ་བཞིན་ལྗང ། །སྔོན་པོའི་ཁ་དོག་རབ་དབྱེ་ལས།། དེ་ལྟར་བསྒོམ་བྱ་ཤེས་རབ་ཅན། །དེ་ནས་སྔགས་ཀྱང་བཟླ་བར་བྱ། །ོཾ་ཕུ་ཛ་ཕུ་ཛ། སྒོ་རུ་ཐོ་བ་སོགས་དགོད་ཅིང ། །ཟུར་དུ་མེ་ཏོག་མ་སོགས་དགོད། །འཕགས་མ་ཛམྒུ་ལི་རྣལ་འབྱོར།། ལྡན་པས་རྟག་ཏུ་ཆུ་སྟེང་འགྲོ། །དེ་ནས་ཀུ་རུ་ཀུལླེ་ཡི། །སྒྲུབ་ཐབས་འདི་ལས་རབ་བཤད་བྱ། །གང་གིས་བསམ་པ་ཙམ་གྱིས་ནི། །ཀླུ་ཡི་བཙུན་མོ་འགུགས་པར་བྱེད། །སྐུ་མདོག་དམར་མོ་ཞལ་བཞི་མ། །ཕྱག་བརྒྱད་དང་ནི་ཡང་དག་ལྡན། །ཧྲཱིཿ ཡིག་ས་བོན་ལས་བྱུང་མ། །ཀླུ་རྣམས་འགུགས་པར་བྱེད་པ་མོ། །མཐའ་ཡས་ལ་སོགས་རིགས་བརྒྱད་ཀླུ། །ཕྱག་བརྒྱད་ལ་ནི་དགོད་པར་བྱ། །རྒྱན་རྣམས་ཐམས་ཅད་བརྒྱན་པའི་ལུས། །རང་བཞིན་བསྒོམ་བྱ་བརྟུལ་ཞུགས་ཅན། །སྔགས་ནི་ཀུ་རུ་ཀུལླེ་ཧྲཱིཿ ཕུ་སཝཱ་ཧཱ། དེ་ནས་འདི་ལ་གསང་བ་བཤད། །མདོར་བསྡུས་
464b
བསྟ་\?\་རྒྱས་པར་མིན། །གང་གིས་རྣམ་པར་ཤེས་ཙམ་གྱིས། །ལྷ་ཡི་བུ་མོ་འགུགས་པར་བྱེད། །ཕྱག་གཉིས་པ་དང་ཞལ་གཅིག་སྟེ། །ཕྱག་ན་མདའ་དང་གཞུ་བསྣམས་པ། །སྐུ་མདོག་སེར་མོ་སྐུ་ཆེན་མ། །ལུས་མེད་རྣམ་པར་བསྒོམ་པར་བྱ། །ཤར་དུ་དགའ་མ་བསམ་བྱ་སྟེ། །ལྷོ་རུ་འདོད་པ་མཛེས་པ་མོ། །ནུབ་ཏུ་འདོད་པའི་ལྷ་མོ་སྟེ། །བྱང་དུ་འདོད་པ་ལ་སྤྲོ་མ་འོ། །འདོད་པའི་ལྷ་མོ་ཐམས་ཅད་ནི། །ཕྱག་ཏུ་མདའ་གཞུ་བསྒོམ་པར་བྱ། །སེར་པོ་དམར་པོ་དེ་བཞིན་ལྗང ། །དཀར་དམར་དག་ནི་བསྒོམ་པར་བྱ། །ཟུར་ཉིད་དུ་ནི་རྟག་ཏུ་ཡང ། །མ་འགགས་ཨུཥཱ་བ་སནྟཾ།། ཆུ་སྲིན་རྒྱལ་མཚན་ཡང་བསྒོམ་མོ། །ཆ་ལ་རབ་ཏུ་བཤད་པར་བྱ། །ཀན་དར་བ་ཀཾ་དེ་བཞིན་དུ། །དྲན་པ་དང་ནི་མཚམས་ཀྱི་བདག་།ལྷ་རྣམས་དག་ནི་ཐམས་ཅད་ཀྱི། །སྤྱི་བོར་གཤིན་རྗེ་གཤེད་པོ་བསྒོམ། །བུད་མེད་བྱ་རོག་གདོང་མཐར་གནས། །རྡོ་རྗེ་ལུས་མེད་རྣམ་བསྒོམ་བྱ། །ཤིད་ཡིག་སྔགས་ནི་ཡང་དག་འབྱུང ། །ཀུན་ནས་རྣམ་པར་སྤྲོ་བ་སྟེ། །འཁྲུལ་ཞིང་འཁྲུགས་པར་བསམས་བྱས་ནས། །འདོད་ཡིག་བདེ་བ་ལ་སྤྲོ་བ། །གོས་དམར་གྱིས་ནི་རབ་དཀྲིས་པ། །རྐང་པ་དག་ལ་ལྟུང་བ་ཉིད། །དེ་ལ་ངེས་པར་སྔགས་བཟླས་བྱ། །ོཾ་ཡིག་དབྱངས་ཀྱིས་ཕྱེ་བ་ལ། །སཝཱཧཱ་ཡི་གེ་དེ་ནས་སྦྱིན། །ཤིད་ཡིག་སྔགས་ནི་བརྗོད་པར་བྱ། །ཆེ་གེ་བདག་གི་དབང་གྱུར་ཅིག་།ཞག་བདུན་དུ་ནི་བསྒོམ་པར་བྱ། །ཇི་ལྟར་དམར་པོའི་གསུང་བཞིན་དུ། །འདོད་པ་ཐོབ་འགྱུར་རྣལ་འབྱོར་པ། །དེ་
465a
༄#། །བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། ལུས་མེད་ལ་སོགས་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ཧེ་རུ་ཀ་ཆེན་གྱི། །སྒྲུབ་ཐབས་འདི་ལས་རབ་བཤད་བྱ། །འཁོར་བ་བཅིངས་ལ་རྣལ་འབྱོར་པ། །གང་གིས་ཤེས་ན་མྱུར་གྲོལ་འགྱུར། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ།། གཏུམ་ཆེན་ཕྱག་ཏུ་རྡོ་རྗེ་བསྣམས། །གཞན་ལ་ཐོད་པ་དགོད་པར་བྱ། །སྤྱན་གསུམ་དབུ་སྐྲ་གྱེན་དུ་འགྲེང ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཡོན་གྱི་ཆ་ལ་ཁཊྭཱཾ་ག་།རྐང་གདུབ་ཆེན་པོས་བརྒྱན་པའོ། །ཧཱུཾ་ཡིག་ས་བོན་ལས་བྱུང་བ། །རྟག་ཏུ་བཞད་ཅིང་ཡི་དྭགས་གནས། །སངས་རྒྱས་ལྔ་ཡི་རབ་སྦྱོར་ལས། །སྤྱི་བོར་ཐོད་པ་ལྔ་རྣམས་སོ། །མི་བསྐྱོད་ཅོད་པན་དུ་བསམས་ཏེ། །ཧེ་རུ་ཀར་བརྗོད་རྣམ་བསྒོམ་བྱ། །ཤར་དུ་ཆོས་ཀྱི་འཁོར་ལོ་དགོད། །སངས་རྒྱས་བྱང་ཆུབ་ལྷོ་རུ་འོ། །ནུབ་ཏུ་འདོད་པ་ལྔ་རྙེད་དེ། །ཧེ་རུ་ཀ་མཚུངས་བྱང་དུ་འོ། །སྣ་ཚོགས་གཟུགས་ཅན་རྣམ་པར་དགོད། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་རྣམས། །ཡི་དྭགས་ལ་གནས་མཛེས་པའི་གཟུགས། །གཏི་མུག་ཐམས་ཅད་ངེས་འཕྲོག་པའོ། །དེ་བཞིན་ཆོས་ཀྱི་འཁོར་ལོ་དགོད། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང ། །བུམ་བཟང་དེ་སྒོམ་ལྷ་མོ་ཡི། །ཕྱག་གཡས་ཆ་ལ་རྡོ་རྗེ་སྟེ། །མི་ཡི་ཐོད་པ་གཡས་མིན་ལ། །དཀྱིལ་འཁོར་འཁོར་ལོ་ངེས་
465b
པར་བསྒོམ། །སྤྱན་མ་མཱ་མ་ཀཱི་སྒྲོལ་མ། །གོས་དཀར་ཤིན་ཏུ་ཡིད་འོང་བ། །མེ་ལ་སོགས་པའི་ཟུར་བཞི་ལ། །ཕྱི་རོལ་དཀྱིལ་འཁོར་གཤིན་རྗེ་གཤེད། །ཤེས་རབ་མཐར་བྱེད་རྟ་མགྲིན་དང ། ། འཁྱིལ་པར་བཅས་པར་བསྒོམ་པར་བྱ། །འཁོར་ལོ་ཅན་སྒོམ་རྣལ་འབྱོར་པ། །ཀླུ་བཞིའི་རབ་ཏུ་སྦྱོར་བ་ཡིས། །འཁོར་ལོ་ཅན་བསྐུལ་རིག་པར་བྱ། །རྩ་རྩི་ཀཱ་སོགས་གླུ་སྙན་གྱི། །རོལ་མོ་དྲུག་རྣམས་ཀྱིས་གླུ་བླངས། །རྗེ་བཙུན་སྙིང་རྗེའི་ཁྲོ་བོ་བཞེངས་པར་མཛོད། །ཇོ་བོ་བདུད་བཞི་པོ་འདི་ལས་རྒྱལ་བ། །དགོས་པའི་ཐུགས་ཀྱིས་རྗེ་བཙུན་བཞེངས་པ་མཛོད། །འཇིག་རྟེན་མགྲོན་གཉེར་སྟོང་ཉིད་བཞུགས་སམ་ཅི། །རྗེ་བཙུན་འཇིག་རྟེན་བསོད་ནམས་དབང་གིས་བཞེངས། །འཇིག་རྟེན་བྱང་ཆུབ་རང་བཞིན་མགྲོན་གཉེར་ནས། །ཁྱོད་ཉིད་སྟོང་ཉིད་སེམས་ཤིང་བཞུགས་སམ་ཅི། །ཇི་ལྟར་སྐར་མདའ་འཕྲོ་བ་ལྟར། །བྱང་ཆུབ་སེམས་ལ་དེ་ནས་བཞུགས། །སྙིང་རྗེ་ཆགས་པའི་སེམས་ཀྱིས་ནི། །རྡོ་རྗེ་འཛིན་པ་རང་ཉིད་ཞུ། །དང་པོར་རྣལ་འབྱོར་བསྒོམ་པར་བྱ། ། གཉིས་པ་རྗེས་སུ་རྣལ་འབྱོར་ཏེ། །ཤིན་ཏུ་རྣལ་འབྱོར་གསུམ་པ་ཡིན། །བཞི་པ་རྣལ་འབྱོར་ཆེན་པོའོ། །རྡོ་རྗེ་སེམས་དཔའ་ཀུན་རྫོགས་པ། །རྣལ་འབྱོར་ཅེས་པར་མངོན་པར་བརྗོད། །དེ་ཡི་རྒྱུ་མཐུན་ལྷ་ཡི་སྐུ། །རྗེས་སུ་རྣལ་འབྱོར་ཅེས་པར་བསྒྲགས། །འཁོར་ལོ་ཐམས་ཅད་རྫོགས་པ་ཡིས། །ཤིན་ཏུ་རྣལ་འབྱོར་རྣམ་བསྒོམས་ནས། །ལྷ་ཡི་སྤྱན་སོགས་བྱིན་བརླབ་དང ། །སྐུ་དང་གསུང་
466a
༄#། །དང་ཐུགས་ཉིད་དང ། །ཡེ་ཤེས་འཁོར་ལོ་རབ་གཞུག་དང ། །བདུད་རྩི་མྱང་བ་ཉིད་དང་ནི། །མཆོད་ཆེན་བསྟོད་པ་རྣམས་ཀྱང་སྟེ། །དེ་ནི་རྣལ་འབྱོར་ཆེན་པོ་ཉིད། །སློབ་དཔོན་ངེས་པར་མི་སྨད་ཅིང ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་པས་སྤུན་རྣམས་ཀྱི། །སྐྱོན་ཉིད་རབ་ཏུ་བསྒྲག་མི་བྱ། །སེམས་ཅན་ཀུན་ལ་བྱམས་པའི་སེམས། །ནམ་ཡང་དོར་བར་མི་བྱའོ། །བྱང་སེམས་སྤང་བར་མི་བྱ་ཞིང ། །རང་གཞན་ཆོས་ལ་སྨད་མི་བྱ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་རབ་ཏུ་བསྒྲག་མི་བྱ།། བདག་ཉིད་ཕུང་པོ་རྣམས་མི་སྨད། །བཅོམ་ལྡན་ཆོས་རྣམས་སུན་མི་དབྱུང ། །གདུག་ལ་བྱམས་པ་རྟག་སྤངས་ཤིང ། །ཆོས་ལ་ཚད་ཉིད་མི་བྱ་འོ། །དད་པའི་སེམས་ཅན་བསླུ་མི་བྱ།། དམ་ཚིག་རྣམས་ནི་རྟག་ཏུ་བསྟེན། །ཤེས་རབ་རང་བཞིན་བུད་མེད་རྣམས། །སུན་འབྱིན་ལས་དང་སྐྱོན་ཉིད་དོ། །སློང་མོས་མི་རྒྱུ་རྣལ་འབྱོར་པ། །རྣལ་འབྱོར་རྣམ་པར་སྤང་མི་བྱ།། རྟག་པར་རྒྱུན་དུ་སྔགས་བཟླ་ཞིང ། །དམ་ཚིག་ལ་སོགས་རྟག་བརྟན་བྱ། །བླ་མར་དེ་བཞིན་དམ་ཚིག་དོན། །གལ་ཏེ་བག་མེད་ལས་གྱུར་ན། །དེ་ཚེ་དཀྱིལ་འཁོར་ངེས་བྲིས་ཏེ། །བདེ་གཤེགས་རྣམས་ལ་ཉེས་པ་བཤགས། །བླ་མ་ལ་དད་དམ་ཚིག་བསྲུང ། །རབ་ཏུ་སྟོན་མིན་བརྩེ་བ་ཅན། །ཉེས་པ་མཐའ་དག་རྣམ་སྤང་སེམས། །བཟླས་པ་མཆོག་གཞོལ་བསམ་
466b
གཏན་ཅན། །སྐྱེས་བུ་དེ་བརྟག་བླ་མར་བྱ། །བརྟན་ཞིང་རྣམ་དུལ་སྙིང་རྗེ་ཡི། །སེམས་གཅིག་དད་དང་དམ་ཚིག་དང ། །བཟོད་པ་འཛིན་པ་རབ་བསྔགས་ཏེ། །གཤིན་རྗེ་གཤེད་གུས་བླ་མར་གུས།། སློབ་མ་ལ་བཤད་ཡོངས་སྨིན་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མཆོག་ཏུ་དགའ་བའི་རང་བཞིན་ཅན། རྡོ་རྗེ་སེམས་དཔའི་གསུང་ཉེ་བར་གསན་ནས་ཅང་མི་སྨྲ་བར་འཁོད་དོ། །འདི་ལྟ་བུའི་ཆེད་དུ་བརྗོད་པ་གསུངས་པ། འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད། །བརྟུལ་ཞུགས་མཐར་ཐུག་ཐོད་པ་ཆེ། །རྒྱུད་རྣམས་མཐར་ཐུག་འདུས་པ་སྟེ།། མ་བྱུང་འབྱུང་བར་མི་འགྱུར་རོ། །ེ་མ་ཞི་བ་ཆེན་པོ་ཆོས། །ེ་མ་དྲག་པོ་འཇིགས་སུ་རུང ། །ེ་མ་མྱ་ངན་འདས་པ་མཆོག་།ེ་མ་འཁོར་བ་དག་གི་རྒྱུད། །ེ་མ་འདི་ནི་ཤིན་ཏུ་མཚར། །རབ་སྐྱོན་དེ་ནི་ཡོན་ཏན་འགྱུར། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །དངོས་པོ་མེད་ཅིང་སྒོམ་པའང་མེད། །ཁམས་མེད་རྣམ་པར་ཤེས་པའང་མེད། །ནམ་མཁའ་མཉམ་པ་ཉིད་དུ་གནས། །ནམ་མཁའ་ལྟ་བུར་བདག་མེད་པས། །ཆོས་འདི་བདེ་བ་ཆེན་པོའོ། །ས་མེད་ཆུ་མེད་མེ་མེད་ཅིང ། །རླུང་མེད་ནམ་མཁའ་ཡོད་མ་ཡིན། །རྡོ་རྗེ་སེམས་དཔའི་རབ་སྦྱོར་ལས། །སྐྱེ་བ་འདི་ནི་རབ་ཏུ་གནས།། དངོས་པོ་ཐམས་ཅད་དངོས་མེད་བརྗོད། །དེས་ནི་རང་བཞིན་མེད་པར་བརྗོད། །རྣལ་འབྱོར་ཉིད་ལྡན་རྣལ་འབྱོར་བ། །ཆད་བ་མ་ཡིན་རྟག་པ་མིན། །ཕྱག་མེད་ཞལ་དང་ཁ་དོག་མེད། །མཆོག་ཏུ་
467a
༄#། །དགའ་བའི་མཚན་ཉིད་དོ། །ངེས་པར་བདེ་མིན་དངོས་བོ་ཀུན། །ཐོག་མ་བར་དང་ཐམ་སྤངས། །དེ་ནས་བཅོམ་ལྡན་འདས་ཙ་རྩི་ཀ་ཆེན་མོ་ལ་སོགས་པས་ཆེད་དུ་བརྗོད་པ་འདི་གསུངས་སོ། །ེ་མ་མཆོག་དགའ་དྲི་མེད་དག་པ་སྟེ། །བསོད་ནམས་སྡིག་དང་ཡང་དག་མ་འབྲེལ་བ། །མགོན་པོ་སྙིང་རྗེའི་ཐུགས་ཀྱིས་གནས་པ་འདི། །ཀུན་ཏུ་སྙིང་རྗེའི་གཏེར་ཆེན་གཅིག་པུ་སྟེ། །མཆོག་ཏུ་དགའ་བ་འདི་ཡི་རང་བཞིན་ནི། །བདེ་ཆེན་རང་བཞིན་ཆོས་ཀྱི་ངོ་བོ་སྟེ། །དེ་ལ་སྐྱེ་དང་འགག་པ་ཡོད་མ་ཡིན། །གཟུགས་མེད་བསོད་ནམས་མེད་ཅིང་སྡིག་པ་མེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་ངེས་པར་བཤད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་གཏམ་རྒྱུད་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཐམས་ཅད་སངས་རྒྱས་པ་ན་དཔའ་བོ་འཇིགས་སུ་རུང་བ་དུ་མའི་བདུད་ཀྱི་དཔུང་གི་ཚོགས་རྣམས་ལྷགས་ཏེ། བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་བྱང་ཆུབ་རྣམ་པར་གཞོམ་པར་འདོད་པ་དེའི་དུས་ན་བདུད་ཆེན་པོ་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་འདི་ངེས་པར་ཕྱུང་བར་གྱུར་ཏོ། །ངེས་
467b
པར་ཕྱུང་ནས་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཐུབ་པ་ཆེན་པོས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ། ཁྱོད་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་གཟུགས་འདི་ཡང་དག་པར་ཟུངས་ལ་བདུད་རྣམས་དང ། ཀླུ་རྣམས་དང ། ལྷ་མ་ཡིན་རྣམས་དང ། གནོད་སྦྱིན་རྣམས་དང ། སྲིན་པོ་རྣམས་ལ་སྐྲག་པ་དང ། འཇིགས་པ་དང ། གསོད་པར་གྱིས་ཤིག་ཅེས་གསུངས་སོ། །དེའི་དུས་ན་བཅོམ་ལྡན་འདས་ལ་དངོས་སུ་ཐོས་ཏེ་སྐད་ཅིག་གིས་བླངས་ནས་ངེས་པར་བཟུང་སྟེ་ཡང་དག་པར་བསྡུས་ལ་བསྔགས་ཤིང་སེམས་ལེགས་པར་བསྐྱེད་དོ། །གསང་བའི་བདག་པོ་ཆེན་པོ་ལ། །འདི་སྐད་ཅེས་ནི་བ་\?\་སྩལ་ཏོ། །གསང་བདག་ཆེན་པོ་ཕ་རོལ་གྲོང ། །འཇུག་ཕྱིར་འདི་ནི་རབ་གསལ་བྱ། །འགྲོ་དང་འོང་བར་འདོད་པ་དེ། །མཉམ་པར་བཞག་སྟེ་སྔགས་བཟླ་བྱ། །བྱེ་བ་བཟླས་པས་འགྲུབ་འགྱུར་ཏེ། །བྱེ་བ་ལྡ་རྣམས་ཀྱི་བརྗོད་ཅིང ། །དང་པོའི་རྣལ་འབྱོར་ཡང་དག་བརྩམ། །བདག་ཉིད་ནམ་མཁའ་དང་མཚུངས་པར། །ཐོག་མར་སྒོམ་པའི་དུས་སུ་ཡང ། །སེམས་ནི་གཅིག་པར་ངེས་གཞུག་བྱ། །ཇི་ལྟར་རྨི་ལམ་རང་བཞིན་སེམས། །འགྲོ་ཞིང་སླར་ཡང་འོང་བར་བྱ། །དེ་བཞིན་སྐྱེ་བོ་ཉིད་བྱ་སྟེ། །ཕ་རོལ་དུ་ནི་འགྲོ་ཞིང་འོང ། །ཇི་ལྟར་སེམས་ནི་རིང་པོར་འགྲོ། །སླར་ཡང་སྐད་ཅིག་ལས་ལྡོག་བྱེད། །བར་མེད་གོམས་པའི་སྦྱོར་བ་ལ། །དེ་བཞིན་ཉིད་དུ་རྣམ་པར་གནས། །ཇི་ལྟའི་རང་བཞིན་གནས་བྱ་སྟེ། །གཞུ་ལ་མདའ་བཞིན་བརྗོད་པར་བྱ། །དེ་ལྟར་ཡིད་
468a
༄#། །ཀྱིས་གཞུ་འདི་ཉིད། །བར་ཆད་མེད་པར་འགྲོ་བ་ཉིད། །ཟླ་བའམ་ཉི་མའི་སྦྱོར་བ་ཡང ། །སེམས་ནི་རླུང་ལ་ངེས་གཞུག་བྱ། །ལུས་དང་རྣམ་པར་བྲལ་བ་ཡིད། ། དེ་ཉིད་དུ་ནི་འོང་ཞིང་འགྲོ། །ཅུང་ཟད་དྲོད་ནི་ཡང་དག་ཐོབ། །གནང་བ་ཐོབ་པའི་སྒྲུབ་པ་པོ། །ཇི་ལྟར་ལུས་ཀྱི་ནང་འགྲོ་ཞིང ། །གྲོང་ལས་ཕ་རོལ་འགྲོ་བར་འགྱུར། །སྒྲ་གཅན་དང་ཕྲད་སྦྱོར་བ་ལས། །ཟླ་བ་ཉི་མ་ཟ་བས་འགྲོ། །རླུང་གི་བགྲོད་པའི་རྣལ་འབྱོར་པ། །འཕོ་བ་གོ་འཕང་ཀུན་བསྒྲུབས་ཏེ། །འཆི་ལྟས་མཚན་ཉིད་ཤེས་བྱས་ལ། །འཕོ་བའི་ཆོ་ག་མཚོན་པར་བྱ།། རྒྱུ་བཅས་མི་རྒྱུ་ཇི་ལྟར་འདོད། །སྣ་ཚོགས་རང་འོད་ཀྱིས་སྐྱེ་འགྱུར། །ཐུར་སེལ་བཤང་ལ་མ་རྟགས་ཀྱི་མཐར། །དེ་ནས་ལྟེ་བར་ཡང་དག་བསམ། །སྙིང་ག་མགྲིན་པར་སོན་པའི་སྲོག།། སྣ་བུག་ལ་ནི་རྣམ་པར་རྒྱུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། ཕ་རོལ་གྱི་གྲོང་དུ་རབ་ཏུ་འཇུག་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དཔལ་གཤིན་རྗེ་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།ཡོན་ཏན་མཐའ་ཡས་པ་མངའ་བའི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་བཀའ་ལུང་གིས་དཔོན་ཆེན་ཀུན་དགའ་བཟང་པོས་ཡོན་བདག་བྱས་པའི་དུས་ན་ཁ་ཆེའི་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་དང ། བོད་ཀྱི་ལོ་ཙྪ་བ་དགེ་སློང་བློ་བརྟན་གྱིས་དཔལ་ས་སྐྱའི་
468b
གཅུག་ལག་ཁང་ཆེན་པོར་བསྒྱུར་བའོ།།