།།རྒྱ་གར་སྐད་དུ། ཨཱརྱ་བཛྲ་བྷཻ་ར་བ་དྷཱ་ར་ཎཱི་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་ཞེས་བྱ་བ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་བ་སྲས་དང་བཅས་པ། དྲི་མ་མེད་པ། དྲི་མ་སེལ་བ། མཐའ་ཡས་པ། མུ་ཐུག་པ་མེད་པ། དམ་པ་སྦྱིན་པ། ཤིན་ཏུ་རྒྱ་ཆེ་བ། ཐམས་ཅད་བདག་ལ་མཐུན་པར་རྟག་ཏུ་མཐའ་ཡས་པའི་དམ་པའི་མཆོག་སྩོལ་བར་གྱུར་ 423b ཅིག་།དེ་ལ་ངའི་རྡོ་རྗེའི་ཚིག་འདི་དག་གོ། ། ར་ར། ཨ་ས་མ། ས་མ་ཏཱ། ཨ་ནནྟ། དྷརྨེ་ཏྲེ། ཁ་ཎཱ་ཁ་ཎཱ། མ་ཧཱ་བི་རེ། ཙ་ལེ་ས་མ་མ། ཨཱ་ས་ཧ། མ་ཧཱ་བ་ལེ། ཀཎ་ཀ་ཎ། མ་ཧཱ་བ་ལ་ཨག་གྲི་ཧེ། ཧ་ཧ་བཛྲ་བཛྲ་ཧཱ་ཡེ། དྷ་ར་དྷ་ར། ཧཱུཾ་ཧཱུཾ་མཎྜ་ལ་ས་མ་བ་ར་ཨཀྐྲ་བི་ཀྲ་མེ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ། སརྦཾ་ཐཱ། སརྦ་ཏི། ཛྭ་ལ་ཛྭ་ལ། ཨཀྐྲི་ཎི་ཕཊ་སཝཱ་ཧཱ། རིག་སྔགས་དང ། གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་འདི་དེ་བཞིན་གཤེགས་པའི་སྤྱན་སྔར་ལན་སྟོང་བཟླས་བརྗོད་བྱས་ན། རིག་སྔགས་དང ། གསང་སྔགས་ཐམས་ཅད་ལན་འབུམ་བཟླས་བརྗོད་བྱས་པར་འགྱུར་རོ། །ལས་གཞན་ཐམས་ཅད་ཀྱང་དོན་ཡོད་ཅིང་ཐོགས་པ་མེད་པར་བྱེད་དེ། དམ་ཚིག་གསུམ་པའི་ཆོ་ག་ལས་འབྱུང་བའི་རིག་སྔགས་དང ། གསང་སྔགས་དང ། སྙིང་པོ་དང ། གཟུངས་ཐམས་ཅད་ཀྱི་ནང་ན་ལས་ཐམས་ཅད་བྱེད་པ་ཡིན་ནོ། །དེ་ནས་ཆོ་ག་མི་བཟད་པ། །རྡོ་རྗེ་གཏམས་པ་འདྲ་བ་ནི། །ཀླུ་དང་ལྷ་སྲིན་བཅས་པ་ཡི། །སུམ་ཅུ་གསུམ་ལྷས་མི་ཤིགས་པ། །དེ་ཁྲོས་པས་ནི་ལྷས་མཆོད་པའི། །བརྒྱ་བྱིན་ཉིད་ཀྱང་འདར་བར་འགྱུར། །འབྱུང་པོ་ཀུན་གྱིས་མ་སྨད་པ། །དེ་ནི་སྲུང་བར་བྱེད་པའི་མཆོག་།ཇི་ལྟར་ལྷར་བཅས་འཇིག་རྟེན་ན། ། སངས་རྒྱས་འདྲ་བའི་སྟོན་པ་མེད། །བདེན་པའི་ཚིག་ནི་དེ་ཡིས་ནི། །སྐྱེ་བོ་ཀུན་ལ་སྲུང་གྱུར་ཅིག་།ཏདྱ་ཐཱ། ཨོཾ་བཛྲ་པྲ་ཀ་ར། བཛྲ་པྲ་ཀ་ར། བཛྲ་དཾ་ཥྚཾ། བྷ་ཡཱ་པ་ཧཱ། ཙུ་རུ་ཙུ་རུ། བ་རི་ཙུ་མ་ 424a ༄#། །བི་ཀེ་།ཙུ་ལུ་ཏེ་ལེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་བྷེ་ར་ཝ་སྱ། མ་ཧཱ་ག་ཎ་བ་ཏི་སྱ། བཛྲ་ཤཀྟི། བར་ཤུ། པཱ་ཤ་།ཧསྟཱ་ཡ། བཛྲ་ཀ་ན་ཀ་།བཛྲེ་བཻ་ཌཱུརྱ། ཨ་ལཾ་ཀྲི་།ཤཱ་རཱི་རཱ་ཡ། བཛྲ་པཱ་ཎི་ར་ནུ་པ་ལཱ་ཡ། ཏདྱ་ཐཱ། བྷུ་རུ་བྷུ་རུ། ཨ་ན་ཡཱ། ཨ་ན་ཡཱ། མ་ཧཱ་ག་ཎ་པ་ཏི་ལ་གྷུ་ལ་གྷུ། ཨེ་ཧི་ཨེ་ཧི། ཨ་ཀྲ་མ་ཨ་ཀྲ་མ། ཤ་རཾརཱཾ། གྲི་ཧཱི་ཏ་མ། གྲི་ཧཱི་ཏ་མ།་དཾཥྚ་མ། དཾཥྚ་མཱ་བཱ། ཨཏྟྲ་བི་ཤ་ཏུ་ཤ་རཱི་རཾ། ཀིཉྩི་རཱ་ཡ་སི། བི་དྷུ་ན། བ་དྷ་ན། བ་ཊ་པ་ཊ། ཀཾ་པ་ཀཾ་པ། རཾ་ག་རཾ་ག་།མོ་ད་མོ་ད། དྷརྨ་དྷརྨ། བཛྲི་བཱ་བཛྲི་བཱ། སྤུ་ར་སྤུ་ར། གུར་ན་གུརྣ།་ཨ་བི་ཤ་ཨ་བི་ཤ། ཤཱི་གྷྲཾ་ཤཱི་གྷྲམ། མ་ཧཱ་བཛྲ་བྷཻ་ར་ཝེ། ག་ཎ་པ་ཏི་ར་ཛྙཱ་པ་ཡ་ཏི་སཝཱ་ཧཱ། ཆོ་ག་ལ་དགྲ་ཐམས་ཅད་རེངས་པར་བྱ་བ་དང ། བྱད་སྟེམས་ཐམས་ཅད་བཅད་པ་ལ་ནི། བའི་ལྕི་བ་ལ་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ། སེམས་ཁྲོས་པས་མཚོན་ཆ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ས་ལ་བཙུགས་ན། དེ་མ་ཐག་ཏུ་བྱད་སྟེམས་ཐམས་ཅད་ཆད་པར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་ཟློག་པར་འདོད་པས་ནི། དབྱུག་པ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་དེ་ཕྱོགས་སུ་འཕངས་ན། དགྲ་ཐམས་ཅད་མྱོས་པར་འགྱུར་རོ། །ཀླུ་དབང་དུ་བྱ་བར་འདོད་ན། ཁྲོས་ཏེ་རྡོ་རྗེ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་བསྣུན་ན་ཀླུ་རྣམས་དབང་དུ་འགྱུར་རོ། །སེར་བ་ཟློག་པར་འདོད་པས་ནི། རྡོ་རྗེ་ཧ་ཅང་ 424b མ་དྲག་བར་བསྐོར་ཞིང་སྒྲ་ཡང་ཧ་ཅང་གསང་མི་མཐོ་བར་བརྗོད་ན། ཀླུ་རྣམས་སེར་བ་མི་འབེབས་པར་འགྱུར་རོ། །ཆང་སྲུང་བར་འདོད་པས་ནི། །ཆང་གི་རྫས་རྣམས་ཡུངས་ཀར་ལ་ལན་བདུན་བསྔགས་ན་ཐུབ་པར་འགྱུར་རོ། །ནད་ཞི་བར་འདོད་པ་ལ་ནི། ནད་དང་མཐུན་བའི་སྨན་ནམ་ཆུ་ལ་ལན་བདུན་བསྔགས་ཏེ་འཐུངས་སམ་བྱུངས་ན་ནད་ལས་གྲོལ་བར་འགྱུར་རོ། །ལས་གང་བྱེད་པ་ཐམས་ཅད་ལའང་ལན་བདུན་བཟླས་བརྗོད་བྱས་ན་བསམ་པ་དེ་འགྲུབ་པར་འགྱུར་རོ། །འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་ཞེས་བྱ་བ་མ་རུངས་པ་ཕྱིར་ཟློག་པ་རྫོགས་སོ།། །།འཕགས་པས་གསུངས་པའི་གཟུངས་རྣམས་རྣམ་མང་ཡང ། །རྡོ་རྗེ་འཇིགས་བྱེད་ཞལ་ནས་གསུངས་བའི་གཟུངས། །བསྲུང་བྱའི་ལས་བདུན་ལྡན་པའི་གཟུངས་མཆོག་འདི། །ཀུན་གྱིས་ཐུན་མོང་མ་ཡིན་རྣལ་འབྱོར་དམ་པའི་གཟུངས། །རྣལ་འབྱོར་གྱི་རྣལ་འབྱོར་ཆེན་པོ་དོན་ཡོད་རྡོ་རྗེའི་ཞལ་སྔ་ནས་བསྒྱུར་ནས་བོད་ཀྱི་བནྡྷེ་སྐྱོ་འོད་འབྱུང་ལ་གནང་ངོ་།། |