།།རྒྱ་གར་སྐད་དུ། བྲི་ལོ་ཏ་རེ། བོད་སྐད་དུ། །ཏེའུ་ལོ་བའི་སྒྲུབ་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བསྙེན་པར་རྫོགས་པའི་རྣལ་འབྱོར་པས། །དྲག་པོའི་བསམ་པས་གནས་འདུག་སྟེ། ། 423a ༄#། །ཏེའུ་ལོ་པགས་པ་སྲོག་འཁོར་ལྡན། །དེ་ཡི་ཤ་ཁྲག་མཆོད་གཏོར་ཏེ། །རྐྱལ་བུའི་ནང་དུ་བསྒྲུབ་བྱའི་རྫས། །རུས་པ་མིང་རུས་ལྡན་པ་གཞུག་།སྐྲ་ཡིས་བཅིངས་ལ་ཁུང་བུར་གཞུག་།བདག་ཉིད་ལྷར་བསྐྱེད་མདུན་དུ་ནི། །བྷྲུཾ་ལས་དབྱུག་ཏོ་དེ་ཡིས་མཚན། །དེ་གྱུར་དབང་ཆེན་ཐལ་བའི་མདོག་།དབྱུག་ཐོ་ཐོད་པ་འཛིན་པ་སྟེ། །ཁྲག་དང་ཐལ་བས་སྤྲས་པ་ལས། །མི་སྲུན་འཁོར་གྱིས་བསྐོར་བ་བསྐྱེད། །མ་ཧཱ་དེ་བ་ཤཝ་ར་ར། དགྲ་བོ་མཱ་ར་ཡ་ཙིཏྟ་ཧུ་ར་ཐུཾ། ལྷ་ཡི་ལས་ལ་བསྐུལ་ནས་ནི། །དེ་ཡི་གང་ཡིན་བཀུག་ལ་བསྟིམ། ། རྟགས་བྱུང་ནས་ནི་ཧོཾ་དུ་བྱ། །ཏེའུ་ལོ་པའི་ཤ་ཁྲག་སྤུ་དང་རུས། །སྔར་གྱི་ལིངྒ་བཅས་པ་དེ། །དབང་ཕྱུག་ཆེན་པོའི་ཞལ་དུ་དབུལ། །ན་མཿ ་མཧཱ་བྷུ་ཏི་དགྲ་བོ་མཱ་ར་ཡ་ཕཊ། བསྟན་པའི་དགྲ་འདུལ་ལས་མཁན་ཡིན། །ལས་མཁན་ཏེའུ་ལོ་པའི་རྟོག་པ་རྒྱུད་འབུམ་པ་ནས་ཕྱུང་བ་རྫོགས་སོ།། |