rKTs


H435

(e-text produced by ACIP)

see text in transliteration
407a
།།རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷེར་ཝ་ཀལྤ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་
407b
བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་ནས་འདིར་ནི་བཤད་བྱ་བ། །ཇི་ལྟར་འགྲོ་རྣམས་ཟད་བྱེད་བ། །སྡུག་བསྔལ་རྣམས་མཐར་བྱེད་པ་ཡི། །སྒྲུབ་པའི་ཐབས་ཆེན་མཆོག་གྱུར་པ། །གསང་སྔགས་དེ་ལས་འབྱུང་བར་འགྱུར། །དང་པོ་རྣམ་པར་སྣང་མཛད་དེ། །དེ་དང་ཉེ་བར་ངག་དབང་ཕྱུག་།རྡོ་རྗེ་འཁོར་ལོ་སྒྱུར་བའོ། །གདན་གྱི་བདག་དང་འབྱུང་པོའི་རྗེ། །མགོ་དང་མཐའ་མ་གཉིས་ལྡན་བྱ། །མཆོད་རྟེན་སྲེག་བྱེད་མཐའ་དང་བཅས། །གཞན་དུ་ཤེས་པར་མི་འགྱུར་རོ། །རྡོ་རྗེ་ཅན་གྱི་མཁའ་ལ་གནས། །ཡི་གེ་འབུམ་ཕྲག་ཁྲི་བརྗོད་ན། །ཉམས་པ་ཐམས་ཅད་སེལ་བྱེད་ཅིང ། །ཞི་དང་རྒྱས་དང་དབང་མངོན་སྤྱོད། །གསོད་དང་སྐྲོད་དགུག་དབྱེ་རེངས་དང ། །དམན་པར་བྱེད་དང་རྒྱལ་སྲིད་སོགས། །ཐོབ་པ་ཉིད་ལ་ཐེ་ཚོམ་མེད། །དུར་ཁྲོད་ཚང་ཚིང་ཁྲོད་ངོགས་རྩུབ། །ཤིང་གཅིག་ཁང་སྟོང་མཚན་གཅིག་དབེན། །གང་འདོད་གནས་སུ་བསམ་གཏན་བརྩམ། །དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་ཁྱབ་པ་མེ་ལོང་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང་ཡེ་ཤེས་ཐམས་ཅད་ལ་ཁྱབ་པར་བྱ་བའི་ཕྱིར་སྐུ་མདོག་དཀར་པོ་ཞལ་དྲུག་དང་ལྡན་པར་བྱས་ནས་འཇིག་རྟེན་པ་ཐམས་ཅད་ལ་གཟིགས་ནས་རང་གི་རིགས་ཀྱི་ཡི་གེ་ཉིད་བརྗོད་པས་སྐུ་དང ། གསུང་དང ། ཐུགས་དང ། ཡོན་ཏན་དང ། འཕྲིན་ལས་དང ། ཡེ་ཤེས་ཀྱང་གཅིག་གི་ངོ་བོ་སྤྲུལ་པའི་སྐུར་གྱུར་ཏོ། །ཀྱེ་མ་བཅོམ་ལྡན་རྡོ་རྗེ་ཆེ། །དོན་རྣམས་སྐྱེད་པ་ཡང་ཉིད་དོ། །མཁའ་དཀྱིལ་འོད་ཀྱིས་
408a
༄#། །འགེངས་འགྱུར་བ། །སླར་ཞིང་ཁ་དོག་ལྔ་ལྡན་པ། །ས་བོན་སྔགས་ཀྱིས་བསྐུལ་བ་\?\་ཡི་འོད་ཀྱི་རྩེ་ཕྲན་ཐུབ་པའི་སྐུ། །ཀུན་ཀྱང་སངས་རྒྱས་གནས་ལས་སྐྱེས། །རང་ལ་ཞུགས་པས་སྐུ་རྫོགས་གྱུར། །ཞལ་དྲུག་ཁྲོ་གཉེར་རབ་བརྗིད་པ། །མ་ཧེའི་ཞལ་ལྡན་སྟེང་གནས་པ། །འཇམ་དཔལ་ཞལ་ནི་འཛུམ་བཅས་བཞུགས། །ལྷག་མ་དཀར་དང་སེར་དང་དམར། །དུ་བའི་མདོག་མཚུངས་གྱེན་སྐྲར་ལྡན། །ཐོད་བ་སྐམ་རློན་རྒྱུ་མ་སྤྲུལ། །རུས་པ་རྡོ་རྗེའི་ཕྲེང་བས་བརྒྱན། །གླང་ཆེན་སྟག་ལྤགས་གྱོན་ནས་ནི། །ཧཱུཾ་ཕཊ་གླུར་ལེན་གད་མོ་ཅན། །ནམ་མཁའི་ལུས་ཅན་ཁྲོ་བོའི་སྤྲིན། །ཡང་དང་ཡང་དུ་སྤྲོ་བྱེད་པའི། །ཕྱག་དྲུག་རབ་ཏུ་བརྗིད་པ་སྟེ། །དབྱུག་པ་ཐོ་བ་གཏུན་ཤིང་དག་།གཡས་པའི་ཕྱག་གིས་རིམ་བཞིན་འཛིན། །དགྲ་སྟ་དང་ནི་ལྕགས་ཀྱུ་དང ། །ཞགས་པ་གཡོན་པའི་ཕྱག་གིས་འཛིན། །པདྨ་ཉི་མ་མ་ཧེ་དང ། །གཤིན་རྗེའི་སྟེང་ན་འགྱིང་བག་ཅན། །ཞབས་དྲུག་གཡོན་བརྐྱང་གར་གྱིས་གནས། །འཇིག་རྟེན་བདག་པོ་མཐར་མཛད་པའོ། །དེ་ལྟར་གང་ཞིག་དད་པ་དང ། །བློ་ལྡན་གཡོ་སྒྱུ་རབ་སྤངས་ཤིང ། །ལེགས་པར་དབང་རྣམས་ཐོབ་བྱས་ནས། །རྡོ་རྗེ་སློབ་དཔོན་མཉེས་བྱེད་པས། །ཡང་ནས་ཡང་དུ་དྲན་བྱེད་ན། །བརྟན་པ་ཆེན་པོ་ཐོབ་པར་འགྱུར། །ལྷ་ཡི་དགེ་འདུན་ང་ལ་ཉོན། ། དཔའ་བོ་ཆང་ལ་རབ་དགའ་ཞིང ། །ཤ་ཆེན་རྟག་ཏུ་མུར་བྱེད་ན། །ལས་རྣམས་དེ་ཡིས་མྱུར་དུ་འགྲུབ། །སྐུ་ནི་དུ་མ་འཕྲོ་བྱེད་ཅིང ། །སྐུ་ལ་སྐུ་རྣམས་ངེས་ཐིམ་བྱེད། །ཐམས་ཅད་སྒྱུ་མ་ཉིད་ཤེས་
408b
པས། །འཇིག་རྟེན་རྣམས་སུ་ཡིད་སད་བྱེད། །ཁོང་སྟོང་ཁ་དོག་དཀར་བ་སྟེ། །རྒྱུན་དུ་རླུང་ནི་འཛག་པར་བྱེད། །ཆུ་སྐྱེས་དམར་པོ་ཁ་སྦྱར་གཉིས། །ཡན་ལག་གཉིས་ཀྱིས་ལེགས་པར་གཅུན། །ཤེས་པ་འཕེལ་བ་མེ་དང་རླུང ། །ཉི་མ་ཟླ་བ་ཐབས་ལྡན་དང ། །ཤེས་རབ་ལྡན་པར་ཤེས་པར་བྱ། །གཉིས་པོ་དེ་ཉིད་རྣམ་སྤངས་ན། །ཁོང་དུ་ཆུད་པར་མི་འགྱུར་རོ། །ཆུ་སྐྱེས་ཁ་སྦྱོར་ལ་བརྟེན་ཏེ། །གསུམ་གནས་པ་ཡི་ཏིང་འཛིན་ལ། །རྡོ་རྗེ་ཆོས་ཀྱིས་བཏབ་པ་ཡིས། །ཐབས་དང་ཤེས་རབ་གྲོལ་བའི་རྒྱུ། །བློ་ལྡན་འདས་པ་ཤེས་པར་འགྱུར། །དེ་ཕྱིར་དེ་ལ་བརྩོན་པར་བྱ། །ཆོས་རྣམས་ཆོས་ཉིད་དབྱེར་མེད་པས། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེ། །མི་ཤིགས་རྟོག་བྲལ་མཚན་མ་མེད། །བདེ་ཆེན་ཡེ་ཤེས་རྡོ་རྗེ་སྐུ། །ཡེ་ཤེས་མི་རྟོག་རྟོག་པ་བྲལ། །རྟོག་པའི་མཚན་མ་ཐམས་ཅད་སྲེག་།སྤྲོས་པའི་མཚན་མ་མཐའ་དག་ནི། །ཇི་སྙེད་སྒྱུ་མའི་རྣམ་པར་ཤེས། །དེ་ཉིད་ཤེས་ནས་གྲོལ་བའོ། །མི་ཤེས་པས་ནི་ཕྱིར་ཞིང་འཁོར། །འཇིག་རྟེན་སྐྱེ་བོ་བློ་ལྡན་འགས། །ངེས་པར་རྟོག་པ་ཐབས་ཀྱི་མཆོག་།སྡུག་བསྔལ་ཆེན་པོས་རབ་འཇིགས་ནས། །བདེ་བ་འདོད་པས་ནན་ཏན་བྱ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཐབས་དང་ཤེས་རབ་ཀྱི་བསམ་གཏན་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྔགས་གྲུབ་པ་ལས་བྱུང་བ་ཡི། །ལས་རྣམས་འདིར་ནི་ཤེས་བྱ་སྟེ།། དེར་ནི་ལྷ་ཡི་སྐུ་ཡང་སྦྱར། །ཞི་སོགས་བཟླས་པའི་རིམ་པ་ལ། །རྡོ་རྗེའི་དབུས་སུ་རྡོ་རྗེ་ནི། །ཉི་ཟླ་ལ་བརྟེན་ཡི་གེ་ཡི། །ཕྲེང་བ་ཁ་དོག་ལྔར་ཤེས་པ། །སྐྱེན་བུལ་སྤངས་ནས་བཀླག་པ་ནི། །མཁས་པས་བཟླས་པའི་རིམ་པའོ། །དྲག་
409a
༄#། །པོའི་ལས་རྣམས་སྒྲུབ་པ་ལ། །ཉོན་མོངས་གཅོད་པའི་འཁོར་ལོ་ནི། །སྔོན་པོ་རྩེ་རྩིབས་བཅུ་པ་ལ། །འོད་ཟེར་སྣ་ཚོགས་འཕྲོ་བ་བསམ། །ཞི་བར་འདོད་པའི་སྐྱེས་བུ་དེས། །སེམས་ནི་ཡང་དག་མཉམ་བཞག་ནས། །སྔགས་ཀྱི་འོད་ཀྱང་འགྲོ་གཞན་ལ། །ཕན་པའི་ཡིད་དང་ལྡན་པར་བྱ། །གྲོ་ག་རས་དང་ཤིང་ཤུན་ལ། །གུར་གུམ་གི་ཝཾ་དྲི་རྣམས་ཀྱིས། །མཆོད་རྟེན་རིམ་པ་ལྔ་ལྡན་ཞིང ། །གདུགས་དང་འཁོར་ལོ་ལྡན་པར་བྱ། །སྒྲུབ་པ་པོ་ཡི་མིང་དང་རུས། །དེ་ཡི་བུམ་པའི་ནང་དུ་བྲི། །རྟེན་འབྲེལ་སྙིང་པོ་ལ་སོགས་པའི། །སྔགས་ཀྱིས་གཡོན་ནས་བསྐོར་བ་བྲི། །གཅིག་ཤོས་གཡས་ནས་གཡོན་དུ་བྲི། །དེ་ལ་སྤེལ་ཚིག་མེད་པ་འམ། །ཡང་ན་འཁོར་ལོའི་བར་དུ་གཞག་།འཁོར་ལོ་ཀུན་ལ་ཁ་སྦྱོར་གནད། །རབ་ཏུ་གནས་པར་བྱས་ནས་ཀྱང ། །ལུས་སམ་མགུལ་ལམ་གང་བདེར་བཞག་།དེས་ནི་གདོན་དང་བྱད་སྟེམས་དང ། །རིམས་དང་ཡམས་རྣམས་སེལ་བར་བྱེད། །གང་ཞིག་ཡུལ་རྣམས་གཞོམ་འདོད་ན། །ཧཱུཾ་གི་ས་བོན་དང་ལྡན་པར། །མིང་ཡིག་ཙམ་པོ་བྲི་བར་བྱ། །སོ་ཕག་ཕྱེ་མ་ལྡོང་རོས་དང ། །བ་བླ་མ་ཧེའི་ཁྲག་གིས་བརྫིས། །ཟླ་གམ་གཉིས་པའི་གཟུགས་བྱས་ཏེ། །བར་དུ་གང་འདོད་བསྒྲུབ་པ་ཡི། །གཟུགས་བརྙན་སོར་བརྒྱད་པ་ཡི་ཚད། །བྱས་ལ་གན་རྐྱལ་དུ་བཞག་ལ། །མ་ཧེ་གདོང་གི་སྦྱོར་བ་ཡིས། །ཁྲི་ཕྲག་གཅིག་
409b
ཏུ་སྔགས་བཟླས་ནས། །དུམ་བུ་དུམ་བུར་གཏུབས་བྱས་ཏེ། །ཆུ་བོའི་གཞུང་དུ་གཏོར་བྱས་ན། །སྐད་ཅིག་དེ་ལ་དེ་དབང་འགྱུར། །བྱ་རོག་འུག་པའི་གཟུགས་བྱས་ཏེ། །མ་ནུ་མ་ལི་རོ་ཙ་ནས། །ཁྱོ་ཤུག་བསྒྲུབ་བྱའི་མིང་བྲིས་ཏེ། །གཤིན་རྗེའི་ཕྱོགས་བལྟས་གསང་སྔགས་གདོན། །རྐང་པ་གཡོན་པས་མནན་ནས་ནི། །མི་ཡི་རྗེ་ངར་ཕུར་བུས་གདབ། །སྐད་ཅིག་ཙམ་ལ་དེ་དག་དབྱེ། །དེ་ནས་འདིར་ནི་བསད་པ་ཡི། །ཆོ་གའི་རིམ་པ་བཤད་པར་བྱ། །ཞལ་དྲུག་ཕྱག་དྲུག་ཞབས་དྲུག་པའམ། །ཡང་ན་ཞལ་བཞི་ཕྱག་བཞི་པའམ། །ཞལ་གཅིག་ཕྱག་གཉིས་པ་ཡང་རུང ། །མ་ཧེ་གདོང་བའི་སྦྱོར་བ་ཡིས། །ཁྲག་རྣམས་སྣ་ཚོགས་ཐ་དད་དང ། །བསྒྲུབ་བྱའི་རྗེས་དང་དུག་གི་རིགས། །རྟ་དང་མ་ཧེ་བོང་བུའི་ཆུས། །སྤྲུས་པའི་བསྒྲུབ་བྱའི་ལིངྒ་བྱ། ། ལུས་ལ་ཚེར་མས་གཟུགས་བྱ་ཞིང ། །ཏིལ་མར་གྱིས་ཀྱང་བསྐུ་བར་བྱ། །ཡང་ན་ཤིང་ལེ་གྲོ་གའམ། །དུར་ཁྲོད་རས་སམ་ཤུན་པ་ལ། །རང་ཉིད་གཅེར་བུ་སྐྲ་བཤིག་ནས། །ལུས་ནི་ཐལ་བས་བྱུགས་བྱས་ཏེ། །མངོན་སུམ་ཁྲོས་ནས་ཤ་ཆེན་བཟའ། །རབ་ཏུ་ཞིམ་པའི་ཆང་བཏུང་ཞིང ། །ནག་པོའི་ཚེས་ཀྱི་མཚན་ཕྱེད་དུས། །འཁོར་ལོ་བྲི་བར་བརྩམ་པར་བྱ། །ལེ་ཚེ་བཅུ་གཉིས་འཁོར་ལོ་ནི། །ཧཱུཾ་དང་ཧྲཱིཿ ཥྚྲཱིཿ དྦུས་སུ་དགོད། །ཎ་ཡོ་ནི་ར་རྩིབས་མཆན་ལ། །ཡུངས་ཀར་ཏིལ་དང་སྐར་ཆུ་དང ། །རྟ་དང་མ་ཧེ་ཁྱི་ཕག་ཁྲག་།བྱ་རོག་འུག་པའི་སྒྲོ་ཡིས་བྲི། །
410a
༄#། །ཡི་གེ་ཡ་ཡི་ལྟོ་བར་ཡང ། །མིང་དང་རུས་སུ་ལྡན་བ་བྲིས། །ཕྱོགས་བཞིར་ཡི་གེ་བཅུ་པ་ནི། །མིང་དང་བཅས་པ་བྲི་བར་བྱ། །བརྒྱད་པོ་དག་ལ་རིམ་པ་བཞིན།། ཡི་གེ་འདི་དག་བྲི་བར་བྱ། །ོཾ་ཡ་མ་རཱ་ཛ་ཀཱ་ལ་རུ་པ་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཡི་གེ་རྣམས་ལ་བསྐོར་ནས་ནི། །བསྒྲུབ་བྱ་གཟུགས་དང་ལྡན་པ་བྲི། །དེ་ཡི་མུ་ཁྱུད་དག་ལ་ནི། །ཡི་གེ་བཅུ་པ་མིང་བཅས་བྲི། །ཕྱོགས་བཞིར་རྩེ་གསུམ་རྡོ་རྗེས་མཚན། །དེ་བཞིན་རྫས་རྣམས་མ་ལུས་པས། །འཁོར་ལོ་ལྟ་བར་ལྡན་པ་བྲི། །གཤིན་རྗེའི་གཟུགས་ནི་རལ་གྲི་དང ། །དབྱིག་པ་འཛིན་པ་བྲིས་ནས་ནི། །དེ་དང་དེ་ཉིད་ལྟོ་སྦྱར་ལ། །མཚན་ངན་ཐོད་པའི་ནང་དུ་གཞུག་།ཚཝ་གསུམ་སྐེ་ཚེ་དུག་མུ་ཟི། །རོ་ཉེས་བཀང་ནས་དཀྱིལ་འཁོར་ནི། །གྲུ་གསུམ་དབུས་སུ་གཞག་པར་བྱ། །ཡུངས་དང་བྲ་བོ་སཱ་ལུ་ནག་།ཛ་བྷི་བྲ་བོ་སོགས་རྣམས་ལ། །གསང་སྔགས་རྒྱལ་པོ་བརྗོད་བྱས་ཏེ། །དྲོའམ་དུ་བ་འཐུལ་བར་དུ། །རིམ་དང་རིམ་གྱིས་ཁྲག་རྣམས་ནི། །མ་ལུས་ཟད་པར་འཐུང་བ་ཡི། །མ་ཡེངས་པར་ནི་བསམ་གཏན་བྱ། །ཡང་ན་བསྒྲུབ་བྱ་ཟ་བར་མཐོང ། །ཤིང་གཅིག་རྩར་ནི་རེངས་པ་དང ། །མལ་འོག་ཏུ་ནི་ཞ་ཞིང་ལྐུགས། །ཆུ་མདོར་བྱེད་ཅིང་རི་རྩེ་བསྐྲད། །བསད་པ་མེ་ཐབ་འོག་ཏུ་སྦ། །དགུག་པ་ལ་ནི་སྒོ་ཁང་འོག་།ལྷའམ་འཁོར་ལོ་སྒྱུར་བའོ། །བདེ་གནས་རྣམས་ཀྱིས་དབང་དུ་འགྱུར། །
410b
མར་ཁུ་ཆེན་པོ་ཐོད་པ་ཡི། །ནང་དུ་བླུགས་ནས་བསྐོལ་བྱས་ཏེ། །བཞར་བས་མིག་ལ་བྱུག་བྱེད་ན། །མངོན་ཤེས་དེ་ཉིད་མྱུར་དུ་འཐོབ། །རིགས་ལྡན་རྒྱལ་པོ་ལས་རྙེད་ཅིང ། །མདོག་ལྡན་ལང་ཚོ་གསར་བཀུག་ལ། །ཙནྡན་ལྡེ་གུ་མང་བྱས་ཏེ། །ལས་ཀྱི་སྦྱེར་བས་དེ་ཉིད་བཅིང ། །ཡང་ན་མེ་ལ་གདུང་བས་གྲུབ། །ོཾ་བཛྲ་ཀྲོ་ཏ་ཡ་མ་རཱ་དཿ ། བཛྲ་ཀཱི་ལི་ཀཱི་ལ་ཧ་ན་ཧ་ན་མཱ་ར་ཡ་ཕཊ། ཅེས་བྱ་བའི་གསང་སྔགས་བརྗོད་བྱས་ལ། །རུས་པའི་ཕུར་བས་གདབ་པར་བྱ། །གསལ་ཤིང་ལ་བཙུགས་སྐྱེ་བུ་ཡི། །རྫས་ལ་བརྟེན་ཏེ་བསྒྲུབ་པར་བྱ། །ཏིལ་མར་བྱུགས་ལ་ཐོད་པས་བཞར། །མར་མེ་བྱས་པའི་དུད་པ་ཡིས། །མིག་རྣོན་དག་ནི་འགྲུབ་པར་འགྱུར། །གསང་སྔགས་རྒྱལ་པོ་ཐོགས་མེད་ལ། །བསྟེན་པས་ཐོབ་བྱ་མང་ཡོད་ཀྱང ། །འདི་ནི་བརྗོད་བ་ཅི་ཞིག་དགོས། །ཡང་ན་འདི་ལྟར་ཤེས་བྱ་སྟེ། །རང་ཉིད་སྔགས་དང་ཏིང་འཛིན་ལྡན། །བརྩོན་ཆེན་གཞན་དུ་མ་ཡེངས་པས། །གང་དུ་བརྩམས་པ་དེ་འགྲུབ་འགྱུར། །སྨད་འཚོང་རང་བྱུང་ཉིད་ཀྱིས་ནི། །སྔོན་བསྟེན་ཙཀྲ་ལེགས་བྲིས་ཏེ། །ལིངྒའི་སྙིང་གར་བཅུག་བྱས་ལ། །རང་མདུན་ཁྲག་གི་ཟླ་གམ་སྟེ། །ཁྲག་གིས་བྱུགས་པའི་སྟེང་དུ་བཞག་།མི་འམ་རྒྱལ་པོའི་བུ་མོ་དག་།དགུག་དང་དབང་གི་ཡི་གེ་ཡིས། །དེ་ཉིད་དུ་ནི་ངེས་པར་འགྱུར། །ཉལ་སའི་འོག་ཏུ་མནན་པར་བྱ། །མི་གླང་ར་ཁྱི་བོང་ཕག་ཁྲག་།འཁོར་ལོ་བྲིས་ནས་ལིངྒ་ཡི། །
411a
༄#། །མགྲིན་པར་བཅུག་ནས་བྱ་རོག་གི་།ཁྲག་གིས་ཁྲག་སྐྱུག་སྔགས་བྲིས་ནས། །ཡི་གེ་དེ་ལྡན་ཐོད་པ་རུ། །བཅུག་ནས་གསང་སྔགས་མང་བཟླས་ཏེ། །དུར་ཁྲོད་མེ་ཐབ་འོག་བཞག་ན། །ཁྲག་སྐྱུག་པ་ལ་ཐེ་ཚོམ་མེད། །བསྲོས་ན་ཚ་བའི་ནད་ཀྱིས་འཆི། །སྦལ་ཁྲག་ཕ་ཝང་ཀླད་པ་ཡིས། །འཁོར་ལོ་དེ་ཉིད་ལེགས་བྲིས་ནས། །ལིངྒའི་མཆན་ཁུང་གཡོན་བཅུག་ལ། །གཡས་གཡོན་སྦལ་ཁྲག་གླང་ཁྲག་བྱུགས། །ལིངྒའི་ཕྱོགས་སུ་རང་ཉིད་ཀྱི། །རྐང་པ་གཡོན་པའི་མཐེ་བོས་མནན། །དེ་ཚེ་བཟླས་པ་མང་བྱས་ནས། །རྒྱ་གྲམ་ལམ་དུ་མནན་ལ་བཞག་།དེ་ལས་ལྡོག་པ་བྲིས་ནས་ནི། །ཤིང་གཅིག་ཁོང་པར་སྦས་ན་རེངས། །རྔ་མོང་བྱ་རོག་རྒན་པོའི་ཁྲག་།འཁོར་ལོ་བྲིས་ནས་ལིངྒ་ཡི། ། རྐང་གཉིས་བར་བཅུག་རང་མདུན་དུ། །ཁྲག་གིས་རྔ་མོང་གཟུགས་བྲིས་ཏེ། །དེ་ཡི་སྟེང་བཞག་རང་ཉིད་ཀྱིས། །རླུང་གི་བསམ་གཏན་ངེས་ལྡན་ན། །བསྐྲད་པ་ཉིད་དུ་ཐེ་ཚོམ་མེད། །རི་བོའི་རྩེ་ལ་འཛེགས་ཏེ་སྦ། །ནེའུ་ལེ་སྦྲུལ་རྟ་མ་ཧེ་དང ། །བྱ་རོག་འུག་པའི་ཁྲག་གིས་ནི། །ཁྱོ་ཤུག་རྐང་པའི་རྗེས་སྦྲུས་པའི། །ལིངྒ་སོར་བརྒྱད་པར་བྱས་ཏེ། །ཁྲག་དེས་བྲིས་པའི་འཁོར་ལོ་དག་།སྙིང་གར་བཅུག་པ་གཉིས་བྱས་ཏེ། །ནེའུ་ལེ་གཟུགས་བྱས་སྟེང་དུ་བཞག་།ལག་གཉིས་རྟ་དང་མ་ཧེ་ཡི། །རུས་པས་བརྡུང་ཞིང་གསང་སྔགས་
411b
ཟླས། །རྩ་\?\་དྲུང་ཤིང་ཁར་སྦས་ན་འབྱེད། །ཙནྡན་དཀར་པོས་ལེགས་བྲིས་ནས། །གསེར་སོགས་རིན་ཆེན་རྫས་སུ་དྲིལ། །མདུན་དུ་ཟླ་བའི་གཟུགས་སྟེང་དུ། །བཞག་ལ་ཉིན་རེ་བསྐོར་བ་ནི། །ཇི་སྲིད་བྱས་ན་སྲུང་བར་ངེས། །སྤྱི་བོར་བཏགས་ན་གཡུལ་ལས་རྒྱལ། །རྐང་པར་བཏགས་ན་ཆུ་སྟེང་འགྲོ། །བ་ཡི་འོ་མས་ཁྲུས་བྱས་ཏེ། །ཀུ་ཤ་བ་མར་སོགས་མཆོད་ནས། ། གསོལ་བཏབ་ནད་རྣམས་ཐམས་ཅད་སྲུང ། །དེ་ནས་བཅོམ་ལྡན་འདས་ལས་ཕྲ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་སྔགས་འདི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །མཱ་ར་ཡ་ཕཊ། ཅེས་བ་བསད་པའི་འོ། །བི་དྭེ་ཥ་ཡ་དབྱེ་བའི་འོ། །ུཙྪ་ཊ་ཡ་བསྐྲད་པའི་འོ། །མོ་ཧ་ཡ་རྨོངས་པའི་འོ། །ཝ་ཤཾ་ཀུ་རུ་དབང་དུ་བྱ་བའི་འོ། །སྟམྦྷ་ཡ་མནན་པའི་འོ། །ཱ་ཀཪྵ་ཡ་ཛཿ ་དགུག་པའི་འོ། །ོཾ་ཧྲཱིཿ ་སཝཱཧཱ། ཁ་དང་ལག་པ་བཤལ་བའི་སྔགས་སོ། །ོཾ་ཧྲཱིཿ ཥྚྲཱིཿ ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་སརྦ་ཤ་ཏྲཱུན་ནཱ་ཤ་ལ་སྟམྦྷ་ཡ་ཕཊ་ཕཊ་སཝཱཧཱ། སྙིང་པོའི་སྔགས་སོ། །ོཾ་ཧྲཱིཿ ་ཀཱ་ལ་རཱུ་པ་ཧཱུཾ་ཁཾ། ཉེ་བའི་སྙིང་པོའོ། །ོཾ་ཧྲཱིཿ ་ཀྲུཾ་པྲུཾ་སྲུཾ་ཛྲུཾ་ཧཱུཾ་ག་།སྙིང་པོ་དམ་པའོ། །ོཾ་ཧྲཱིཿ ་ཧཱཾཿ ་བྷོ་མཧཱ་ཀྲོ་དྷ་གཙྪ་གཙྪ་སྨཏྤཱུ་ཛ་པྲ་ཏི་གྲཧྣ་པྲ་སཱ་དཾ་དེ་བི་མཱཾ་ཀུ་རུ་སཝཱཧཱ། སྤྱན་དྲངས་པའོ། །ོཾ་ཧྲཱིཿ ་ཥྚྲཱིཿ ་ཧཿ ་ཡོན་ཆབ་བོ། །ོཾ་ཧཱུཾ་ཧཱུཾ་ཕཊ་ཞབས་བསིལ་ལོ། །ོཾ་སརྦ་དུཥྚཱ་ས་ཏྭད་མ་ཀ་ག་ག།
412a
༄#། །ཞེས་པ་དྲི་ཆབ་ཀྱི་སྔགས་སོ། །ོཾ་ཀུ་མཱ་ར་རཱུ་པ་ཎི་ཛཿ ་ཛཿ ཧཱུཾ་ཕཊ། མེ་ཏོག་འབུལ་བའི་སྔགས་སོ། །ོཾ་ཧྲཱིཿ ཧཿ ཧེ་ཕཊ། བདུག་པའིའོ། །ོཾ་ཀཱ་ལ་རུ་པ་སརྦ་དུཥྚ་སཏྭ་ད་མ་ཀཾ་མ་ཧཱ་བྷུ་ཏ་པ་ཏི་ཨི་མཾ་བ་ལིཾ་གྲིཧྣ་གྲིཧྣ་པ་ཡ་སཝཱ་ཧཱ། གཏོར་མའི་སྔགས་སོ། །ོཾ་དཱིཔྟ་ལོ་ཙ་ན་བི་ཀྲི་ཏཱ་ན་ན་མ་ཧཱ་ཊྚ་ཊྚ་ཧཱ་ས་ནཱ་དཱི་ནཾ་དཱིཔྟ་ཡ་སཝཱཧཱ། མར་མེའི་སྔགས་སོ། །ོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ་བི་ཤཝ་རཱུ་པ་དྷ་རི་གཙྪ་གཙྪ་སཝ་སྠཱ་ནི་ཀྲི་ཏཾ་ཏེ་ན་ཏ་ཐཱ་ག་ཏ་ཤྩ་བི་སརྫ་ཡ་མ་མ་ཀཱརྱཾ་ཀུ་རུ་སཝཱ་ཧཱ། ཞེས་པ་གཤེགས་སུ་གསོལ་བའི་སྔགས་སོ། །དེ་ནས་རྡོ་རྗེ་འཛིན་པ་ཉིད་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང ། ལྡོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་ཡོངས་སུ་རྫོགས་པའི་འཕྲིན་ལས་འདི་ཉིད་བཀའ་སྩལ་ཏོ། ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཧཱུཾ་ལས་ཡོངས་སུ་རྫོགས་པ་ཡི། །རྡོ་རྗེ་འཇིགས་བྱེད་བསམ་པར་བྱ། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཤེས་རབ་མོ་དང་མཉམ་དུ་སྦྱོར། །སྲིན་པོ་རབ་ཏུ་ཁྲོས་པ་འདྲ། །དབྱུག་པ་ཐོད་ཁྲག་ཕྱག་ན་འཛིན། །མ་ཧེ་པདྨ་ཉི་མ་ལ། །གཡོན་བརྐྱང་བ་ཡི་ཚུལ་གྱིས་བསྒོམ། །ོཾ་ཡ་མནྟ་ཀྲྀཏ་ཧཱུཾ་ཕཊ། གསང་སྔགས་རྒྱལ་པོ་འདི་བཟླས་ན། །འདོད་པའི་དངོས་གྲུབ་ཐམས་ཅད་འབྱུང ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཡ་ཡིག་སྔོན་པོ་ལས་སྐྱེས་པའི། །ཁྲོ་བོ་རྡོ་རྗེ་འཇིགས་
412b
བྱེད་ནི། །པདྨ་ཉི་མའི་གདན་སྟེང་ན། །སེམས་དཔའི་སྐྱིལ་ཀྲུང་གིས་གནས་པའི། །གྲི་གུག་བི་དྷི་པཱ་ལ་དང ། །དགྲ་སྟ་དང་ནི་ཐོད་ཁྲག་དང ། །ཕྱག་བཞི་པོ་ན་རིམ་པས་འཛིན། །མ་ཧེ་ནག་པོའི་ཞལ་སྟེང་ན། །འཇམ་དཔལ་ཞལ་ནི་སེར་ཞིང་འཛུམ། །དཔའ་བོ་ཆེན་པོ་རང་ཉིད་བསྒོམ། །རབ་ཏུ་ཞིམ་པའི་ཆང་བཏུང་ཞིང ། །ཤ་ཆེན་དག་ཀྱང་མུར་བ་བྱ། །མཚན་མོ་དུར་ཁྲོད་རྒྱུ་བྱེད་ཅིང ། །རྟག་པར་གསང་སྔགས་བཟླས་པར་བྱ། །ཐིག་ལེ་འདྲེན་པའི་རྣལ་འབྱོར་ནི། །བསྒྲུབ་བྱའི་ཕྱོགས་སུ་བསམ་པར་བྱ། །ལས་རྣམས་མྱུར་དུ་འདིས་འགྲུབ་བོ། །ཡང་ན་འདི་ལྟར་ཤེས་བྱ་སྟེ། །མ་ཧེ་གདོང་གི་སྦྱོར་བ་ཡིས། །སྐུ་ཡི་ཁ་དོག་སོ་སོར་ཤེས། །ཁྱད་པར་དུ་ནི་བསད་པ་ལ། །ནག་པོ་མ་ཧེའི་ཞལ་ཅན་ནི། །རྩེ་གསུམ་ལྕགས་ཀྱུ་འཛིན་པ་སྟེ། །མ་ཧེ་ཤ་སྟེང་བསམ་བྱས་ན། །ཁྲག་འདྲེན་པ་ཡི་མཆོག་ཏུ་གསུངས། །རེས་འགའ་སྐུ་ལས་ཁྲོ་བོ་ནི། །ལྕགས་ཀྱུ་འཛིན་པ་གྲངས་མེད་སྤྲོ། །ཟླ་བ་སྤྱང་ཀིས་ཟིན་དུས་སུ། །བྱི་ལའི་སྡེར་མོ་ར་སྙིང་དང ། །བྱ་ཡི་ཁྲག་དང་མི་རུས་བསྲེ། །གང་ལ་ཕོག་པ་སྨྱོ་བར་འགྱུར། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས། སྦྱོར་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །སྒྲུབ་པར་བྱེད་པའི་རྣལ་འབྱོར་པས། །དུར་ཁྲོད་རས་སམ་དཔའ་བོའི་གོས། །ཡང་ན་མཚན་གྱི་ཁབ་མ་ལ། །རྣམ་སྣང་མཛད་དང་རྡོ་རྗེའི་ཆུ། །དཔའ་
413a
༄#། །བོའི་ཁྲག་དང་ཆང་དང་དུག་།གོ་རོ་ཙ་ནས་རས་འཚེས་བྱ། །ལེགས་པར་དམ་པོར་དྲུད་བྱས་ཏེ། །ལུས་ངག་ཡིད་ཀྱི་གནས་སུ་ནི། །བདུད་རྩི་ལྔ་དང་ལྡན་པ་པའི་ཆུས། །ཡི་གེ་ཨོཾ་དང་ཨཱཿ ཧཱུཾ་བྲི། །སྐྲ་ཕྱེད་དུར་ཁྲོད་སོལ་བ་དང ། །ཁྲག་ཆེན་ལྡོང་རོས་བ་བླ་ཡིས། །དབང་ཐོབ་དམ་ཚིག་སྲུང་བྱེད་ཅིང ། །ཤིན་ཏུ་གསང་ལ་དམ་པ་ཡི། །རི་མོ་མཁན་ནི་བརྩོན་ལྡན་དེས། །རྒྱུད་ཀྱི་དོན་ལ་མཁས་བྱས་ནས། །ནག་པོའི་དུས་ཀྱི་མཚན་ཕྱེད་དུས། །གསང་བའི་གནས་སུ་རབ་ཞུགས་ནས། །བཅོམ་ལྡན་རྡོ་རྗེས་འཇིགས་མཛད་བྲི། །རྩ་བ་མ་ཧེ་ཁྲོས་པའི་ཞལ། །དེ་སྟེང་འཇམ་དཔལ་འཛུམ་པའི་ཞལ། །ལྷག་མ་དཀར་དང་སེར་དང་དམར། །དུ་བའི་མདོག་མཚུངས་གྱེན་སྐྲ་ཅན། །རབ་ཏུ་རྗིད་ཅིང་ཁྲོ་བའི་ཞལ། །དྲུག་དང་ལྡན་པའི་སྐུ་ལུས་ཆེ། །ཐོད་པ་སྐམ་རློན་རྒྱུ་མ་སྦྲུལ། །རུས་པ་རྡོ་རྗེའི་ཕྲེང་བས་བརྒྱན། །གླང་ཆེན་སྟག་ལྤགས་གྱོན་ནས་ནི། །པདྨ་ཉི་མ་མ་ཧེ་ལ། ། གཤིན་རྗེ་མནན་ནས་ཞབས་དྲུག་གིས། །གཡོན་བརྐྱང་གཡས་བསྐུམ་གར་གྱིས་འགྱིང ། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །རྩེ་གཅིག་གཉིས་པ་ཐོ་བ་སྟེ། །གསུམ་པ་གཏུན་ཤིང་མཁའ་ལ་འཕྱར། །དགྲ་སྟ་ལྕགས་ཀྱུ་ཞགས་པ་ནི། །གཡོན་པའི་ཕྱག་གིས་འཛིན་པ་བྲི། །ནམ་མཁའི་མདོག་ཅན་ཐལ་བས་བྱུགས། །སྐུ་ལས་ཁྲོ་བོ་དུ་མ་
413b
འཕྲོ། །སྣ་ཚོགས་མཆོད་པའི་ལྷ་མོས་བསྐོར། །ལེགས་པར་དེ་ལྟར་བྲིས་པ་ཡི། །རྒྱབ་དང་ཕྱོགས་རྣམས་ཐམས་ཅད་དུ། །དུར་ཁྲོད་ཆེན་པོས་བསྐོར་བ་བྲི། །མགོ་རྡུམ་རྒྱུ་མ་མཁའ་ལ་ཁྱེར། །རྐང་རྡུམ་ལག་རྡུམ་རོ་ལངས་དང ། །ཝ་དང་སྤྱང་ཀི་གཏུམ་པོ་དང ། །མཁའ་འགྲོ་ཕོ་མོ་ཤ་ཟའི་ཚོགས། །བྱ་དང་གཅན་གཟན་སྣ་ཚོགས་བྲི། །སྐྱི་བུང་རབ་ཏུ་འཇིགས་བྲིས་ནས། །དེར་ནི་སྒྲུབ་པ་པོ་ཡང་བྲི། །གྲི་ཐོད་བཟུང་ནས་ཤ་ཆེན་མུར། །གོས་ནག་གྱོན་ནས་ཁྲག་ཆེན་འཐུང ། །རྟ་དང་མ་ཧེ་རུས་པ་ཡི། །ཕྲེང་བ་བཟུང་ནས་གསང་སྔགས་འདོན། །བཅོམ་ལྡན་འདས་ལ་བལྟ་བ་བྲི། །དེ་ལྟར་བྲིས་ནས་ཆང་དང་ཁྲག་།ཤ་ཆེན་གོ་རོ་ཙ་ནས་མཆོད། །མཉམ་གཞག་ལྷ་ཡི་དགེ་འདུན་དེས། །དུས་གསུམ་རྒྱུན་དུ་མཆོད་བྱེད་ན། །རྡོ་རྗེ་འཛིན་པ་མྱུར་དུ་ཐོབ། །སྐུ་ནི་རབ་ཏུ་སྦ་ཞིང་གསང ། །ཕན་ཡོན་དམ་པ་འདི་ལས་འབྱུང ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱལ་པོ་ལས། བྲིས་སྐུའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །རྟོག་པ་མ་ལུས་ཟད་བྱེད་ཅིང ། །ལས་རྣམས་ཐམས་ཅད་འགྲུབ་འདོད་པས། །བློ་ལྡན་སེར་སྣ་རྣམ་སྤངས་ཏེ། ། བརྟུལ་ཕོད་གཡེང་བ་རྣམ་སྤངས་ནས། །སྦྱིན་སྲེག་ལས་ལ་རབ་བརྩོན་བྱ། །མཚལ་དང་བ་བླ་ལྡོང་རོས་དང ། །བཤན་པའི་གོ་ཐལ་དུར་ཁྲོད་ས། །མི་དང་མ་ཧེ་ཁྲག་གིས་བརྫི། །
414a
༄#། །ཁྲུ་དོ་པ་ལ་ཁྲུ་ཕྱེད་བརྩི་།གྲུ་བཞིའི་སྟེང་དུ་ཟླུམ་པོ་ནི། །རྡོ་རྗེ་རྒྱ་གྲམ་ལྡན་བྱས་ལ། །དེ་སྟེང་འཁོར་ལོ་རྩིབས་དྲུག་ལ། །མཚན་མ་དྲུག་ནི་དགོད་པར་བྱ། །ལྟེ་བར་མེ་ཡི་དཀྱིལ་འཁོར་ནི། །མཐོ་གང་ཚད་དུ་བྱས་པ་ལ། །མ་ཧེའི་ཁྲག་གིས་ལེགས་པར་བྱུག་།བདག་ཉིད་ལྷོ་ཡི་ཕྱོགས་བལྟས་ཏེ། །མ་ཧེ་ཞལ་གྱི་སྦྱོར་བ་ཡིས། །ཐབ་ཀྱི་ནང་གི་ལྟེ་བ་ལ། །མེ་ཡི་ས་བོན་མངོན་བལྟས་ལ། །བསྐལ་པའི་མེ་ཆེན་ལྟ་བུར་བསྒོམ། །དེར་ནི་མེ་ལྷ་བསྒོམ་བྱ་སྟེ། །ཞལ་གསུམ་ཕྱག་དྲུག་ནག་ལ་རྩུབ། །ཕྱག་གཉིས་རང་འདྲའི་ཡུམ་ལ་འཁྱུད། །གཡས་པའི་ཕྱག་གིས་འགྲོ་རྣམས་ལ། །སྐྱབས་སྦྱིན་མཛད་ཅིང་བགྲང་ཕྲེང་འཛིན། །གཡོན་པས་རིལ་བ་མཆོག་སྩོལ་བརྩོན། །ཞབས་དྲུག་རིགས་དྲུག་མཚན་མ་བརྫིས། །ཞལ་ནས་མེ་རྣམས་རབ་འཕྲོ་ཞིང ། །འོད་རྣམས་སྣ་ཚོགས་རྣམས་ཀྱིས་བརྒྱན། །དེ་ལྟར་ཤེས་ནས་རབ་བསྲེགས་ན། །འདོད་པའི་དོན་རྣམས་རབ་ཏུ་འབྱུང ། །དགྲ་བོའི་གཟུགས་རྣམས་ཤ་ཆེན་དང ། །ཆང་དང་མ་ཧེའི་ཁྲག་བཅས་པ། །སྟོང་ཕྲག་གསུམ་དུ་བསྲེགས་བྱས་ན། །བསྒྲུབ་བྱ་ཁྲག་ཏུ་སྐྱུགས་ནས་འཆི། ། གླང་པོ་རྟ་བོང་ཁྱི་ཤ་ལ། །སྟོང་ཕྲག་གསུམ་གྱིས་དབང་དུ་བྱེད། །བྱ་རོག་འུག་པ་ཁྱི་ཤ་ཆུ། །བསྲེགས་ན་མེ་ལྷ་འབྱེ་བར་འགྱུར། །ཏིལ་དང་ནས་དང་གྲོ་སཱ་ལུ། །ཡུང་བ་གི་ཝཾ་
414b
སོ་ཕག་རྣམས། །སྟོང་ཕྲག་དྲུག་ཏུ་གང་བསྲེགས་པ། །ལོངས་སྤྱོད་ཐམས་ཅད་རྙེད་པར་འགྱུར། །རྟ་དང་རྔ་མོང་བྱ་རོག་ཤ་།མི་ཤ་རྡོ་རྗེ་ཆུར་བཅས་པ། །གསང་སྔགས་རྣལ་འབྱོར་ལྡན་བྱས་ཏེ། །བརྒྱ་རྩ་བརྒྱད་ཀྱིས་ངེས་པར་སྐྲོད། །ར་ཤ་དཎྜ་ཨུཏྤ་ལ། །ཆང་དང་མ་ཧེ་ཆུར་བཅས་པ། །གང་འདོད་བརྒྱ་རྩ་བརྒྱད་ཀྱིས་ལྐུགས། །དུག་དང་ཁྲག་དང་སྒོག་པ་དང ། །ཤ་ཆེན་ཏིལ་མར་རབ་སྦགས་ཏེ། །བརྒྱ་རྩ་བརྒྱད་དུ་བསྲེགས་བྱས་ན། །ཕ་རོལ་གཞན་གྱི་གསང་སྔགས་གཅོད། །ཙནྡན་དཀར་པོ་འབྲས་དཀར་དང ། །ཏིལ་ཅན་འབྲས་ཅན་ཡུངས་ཀར་དང ། །ུཏྤལ་ཀ་ར་ག་པུར་དང ། །ཤར་དུ་བལྟས་ཏེ་བརྒྱ་རྩ་བརྒྱད། །བསྲེགས་ན་དུས་རྣམས་ཀུན་ཏུ་སྲུང ། །གང་ཞིག་བྱ་བའི་རིག་སོགས་དང ། །སྔགས་རྣམས་བསམ་གཏན་ངེས་ལྡན་པས། །སྙིང་རྗེ་ཡིད་ནི་མ་བྲལ་ན། །འདོད་པ་ཐམས་ཅད་འདིར་བསྒྲུབ་བྱ། །གཞན་དུ་རྨོངས་པས་བྱས་པ་བསླུ། །བློ་གྲོས་མེད་གང་ཤེས་རབ་འཆལ། །སྔགས་དང་དམ་ཚིག་དམན་གྱུར་ཅིང ། །ཏིང་ངེ་འཛིན་ལ་མངོན་གཡེལ་བ། །བརྩོན་པ་ཆུང་ཞིང་ལྷོད་པ་འགས། །བསྐལ་པ་སྟོང་དུ་བསྒྲུབས་བྱས་ཀྱང ། །འབྲས་བུ་ཡོད་པ་མ་ཡིན་ཏེ། །ཤ་ཐང་ཆད་པ་ཉིད་དུ་ཟད། །དཔེར་ན་བློ་ཞན་བྱིས་པ་རྣམས། །འགའ་ཞིག་འབྲས་འདོད་འཁྲུལ་གྱུར་ནས། །ཕུབ་མ་རླུང་ཁར་བྱེད་པ་ལ། །འབྲས་ཡོད་ནམ་ཡང་མི་འགྱུར་བཞིན། །ཇི་ལྟར་སྤྲིན་དང་ཆུ་
415a
༄#། །ཟླ་དང ། །དབང་པོའི་གཞུ་རྣམས་རྟག་མིན་ཏེ། །ཐར་པ་འདོད་པའི་བྱ་བ་ཡང ། །སྒྱུ་མ་ཉིད་ལ་སྒྱུ་མ་རོལ། །ཡེ་ཤེས་གཅིག་པུ་རྣམ་གྲོལ་རྒྱུ། །སྟོང་པ་དཔག་པར་བློས་མི་ནུས། །དེ་ལ་སྤྱད་ཅིང་གཞན་བཟོད་ན། །བརྟགས་པའི་སྙིང་པོ་དེ་ལ་མེད། །དེ་ལ་དངོས་རྣམས་མ་གྲུབ་ན། །སྒྲུབ་པའི་རིམ་གཞན་སྨོས་ཅི་དགོས། །བྱ་བ་དང་ནི་བྱེད་པ་དག་།ངེས་པར་དེ་ལ་བརྟག་མི་བཟོད། །ངམ་གྲོག་གཡང་སར་ལྷུང་ཡང་བླའི། །ཆད་པར་རྟོག་པ་འདི་མི་བཟོད། །རྟག་པ་ཉིད་ཀྱང་རིགས་མིན་ཏེ། །དངོས་པོ་ཡོད་པར་ག་ལ་འགྱུར།། དཔེར་ན་བྱིས་པ་རྣམས་ལ་མས། །ས་འདིར་སྡོད་དང་མ་ཉིད་ཀྱིས། །འབྲས་བུ་ཤིང་ཐོག་མང་བླངས་ལ། །ཁྱོད་ལ་བདེ་བས་སྦྱིན་ཞེས་བརྗོད། །དེ་བཞིན་རྣམ་པ་དུ་མ་ཡང ། །འཇིག་རྟེན་རྟོག་པ་ཐ་དད་པས། །དེ་དག་དྲང་བར་བྱ་ཕྱིར་བཤད། །བཅོམ་ལྡན་ལྷ་ཡི་ལྷ་མདུན་དུ། །ཤ་ཆེན་པོ་ཡི་ཞལ་ཟས་དང ། །ཆང་དང་ཏིལ་མར་མ་ཧེ་ཁྲག་།རབ་ཏུ་ཞིམ་པའི་ཟས་མཆོག་རྣམས། །དུས་རྣམས་རྟག་ཏུ་དབུལ་བར་བྱ། །གསང་སྔགས་རྒྱལ་པོ་ཡི་གེ་བཅུ། །བདག་གིས་རྒྱུན་དུ་གདོན་བྱ་ཞིང ། །བསམ་གཏན་རྟག་ཏུ་བརྩོན་པར་བྱ། །དེ་ལྟར་ཤེས་ཤིང་སྒྲུབ་བྱེད་པའི། །སྐྱེས་བུ་བློ་ལྡན་དེ་ཡིས་ནི། །སངས་རྒྱས་ཉིད་ཀྱང་མྱུར་འགྲུབ་འགྱུར། །ཞི་སོགས་ལས་ལ་སྨོས་ཅི་དགོས། །གྲོང་ཁྱེར་དཀྲུགས་ན་སྔགས་པ་དེས། །
415b
ཁྱི་ཤ་སྦལ་ཤ་རུས་སྦལ་ཤ་།རྔ་མོང་བྱི་ལའི་ཤ་རྣམས་ལ། །སྟོང་རྩ་བརྒྱད་དུ་བསྲེག་པར་བྱ། །རྟ་ཤ་དྲི་ཆེན་རབ་སྦྱར་ནས། །རིལ་བུ་བྱས་ནས་བདག་མདུན་དུ། །གསང་སྔགས་རྒྱལ་པོ་བཟླས་བྱས་ནས། །བརྒྱ་རྩ་བརྒྱད་དུ་བསྲེགས་པས་ནི། །རྒྱལ་པོ་དབང་དུ་བྱེད་པར་འགྱུར། །བུད་མེད་དབང་དུ་བྱེད་འདོད་ན། །ཉ་ཤ་ཆང་དང་ཤ་ཆེན་རྣམས། །རྡོ་རྗེ་ཆུ་ཡིས་སྦགས་བྱས་ཏེ། །བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། །ཐ་མལ་དབང་དུ་བྱེད་འདོད་ན། །ཤ་ཆེན་གླང་པོའི་ཤ་དང་བཅས། །བྱང་ཆུབ་སེམས་དང་བསྲེས་བྱས་ཏེ། །སྟོང་ཕྲག་བརྒྱད་དུ་བསྲེག་པར་བྱ། །དགུག་པ་དུས་རྣམས་ཐམས་ཅད་དུ། །ཁྱི་ཤ་ཉ་ཤ་བདུད་རྩི་ལྔ། །ཆ་མཉམ་རིལ་བུ་བྱས་ནས་ནི། །བརྒྱ་རྩ་བརྒྱད་དུ་བསྲེགས་ན་འགུགས། །སྦྱིན་སྲེག་ལས་རྣམས་ཐམས་ཅད་ཀྱང ། །མ་ཧེ་ཞལ་གྱི་སྦྱོར་བས་ནི། །གསང་སྔགས་རྒྱལ་པོས་འདོད་པ་སྦྱར། །མ་ཡེངས་རྩེ་གཅིག་སེམས་ཀྱིས་བྱ། །གསུངས་དང་མ་གསུངས་མཐའ་དག་ཀྱང ། །ཇི་ལྟ་བ་ཡི་རིམ་པ་ཡིས། །རྒྱུད་ཀྱི་རྒྱལ་པོ་ཉིད་ཉེར་གནས། །སངས་རྒྱས་འབྲས་བུ་མྱུར་དུ་འཐོབ། །ཞི་ལ་ཞི་བའི་སེམས་ཀྱིས་ཏེ། །རྒྱལ་པོ་ལྟ་བུར་རྒྱས་པ་ལ། །སྡང་བྲལ་ཆགས་པས་དབང་ལ་འོ། །དྲག་པོའི་ལས་ལ་ཁྲོ་ཞིང་རྩུབ། །རབ་ཏུ་གཏུམ་པའི་ཡིད་ཀྱིས་ནི། །གསོད་པའི་སེམས་དང་ལྡན་པར་བྱ། །གང་ཞིག་ལྟོས་པ་མེད་པའི་མི། །གྲུབ་པ་མྱུར་དུ་ཚོལ་བྱེད་ན། །སེམས་ཀྱི་རང་བཞིན་རྣམ་དག་པ། །
416a
༄#། །རྡོ་རྗེ་འཛིན་པར་དེ་འགྲུབ་འགྱུར། །དངོས་པོ་གང་དང་གང་སྤྱོད་ཡུལ། །དེ་དང་དེ་ཡི་རང་བཞིན་འགྲོ། །མཉམ་གཞག་ཉམས་པར་མི་བྱ་ལ། །དུས་རྣམས་རྟག་ཏུ་རྣལ་འབྱོར་པས། །ཤིན་ཏུ་མཉམ་པར་གཞག་པར་བྱ། །དེ་ནི་ཐར་པ་ཉིད་ཀྱི་རྒྱུ། །རྒྱུད་ཀྱི་རྒྱལ་པོ་འདི་ལས་ནི། །འདོད་པའི་དངོས་གྲུབ་མྱུར་བྱེད་དེ། །དཀའ་བ་མེད་པའི་ཐབས་འདི་ནི། །དཀའ་སྤྱོད་བརྟུལ་ཞུགས་རྣམ་སྤངས་ཏེ། །ཤིན་ཏུ་བདེ་བར་སྒྲུབ་པའི་ཐབས། །དུཿ ་ཁ་འཇིགས་མེད་བདུད་རྩིའི་རོ། །བློ་ལྡན་ལེགས་པར་བླང་བྱ་སྟེ། །ཤིན་ཏུ་འབད་པས་བསྒྲུབ་པར་བྱ། །མི་ཤེས་བློ་གྲོས་རྨོངས་པ་འགའ། །རྟོག་པའི་དྲ་བས་བསྒྲིབས་པའི་ཚེ། །བསོད་ནམས་དང་ནི་སྡིག་པ་ཡི། །ཕུང་པོ་རྣམ་པ་གཉིས་སུ་བརྟག་།འོན་ཀྱང་འདོད་པ་ཐམས་ཅད་ནི། །རྒྱུད་མཆོག་འདི་ལས་འབྱུང་འགྱུར་ཕྱིར། །དམར་ཞིང་བརྩོན་པ་ཆུང་བ་འགའ། །འདི་ལ་ཞུགས་ན་མྱུར་དུ་འགྲུབ། །དེ་བས་ངོ་མཚར་རྒྱུད་འདི་ནི། །རྙེད་དཀའ་ཁྱད་པར་མཆོག་གྱུར་པ། །ཡི་གེའི་དབྱིབས་ཀྱང་མི་བསྟན་ན། །བཤད་ཅིང་འགྲོལ་བ་སྨོས་ཅི་དགོས། །དབང་རྣམས་ངེས་པར་མ་བླངས་ཤིང ། །བླ་མ་མཉེས་པར་མ་བྱས་ཚེ། ། བསྟན་ཀྱང་ཐོབ་པར་མི་འགྱུར་ཏེ། །ཚ་བ་ལ་སོགས་འཁོར་བར་འཁོར། །དེ་སྐད་སྟོན་པས་བཤད་པའི་ཚེ། །སྡེ་རྣམས་མྱོས་ཤིང་བ་རྒྱལ་རྨོངས་ཏེ། །ཀུན་ཀྱང་འདུད་ཅིང་མགོ་
416b
བོ་\?\་སྨད། །འཇིག་རྟེན་འདི་ནི་ཤིན་ཏུ་གཡོས། །གང་ཞིག་རྒྱུད་འདི་ཉན་པ་དང ། །ཤེས་ནས་འཆད་པར་བྱེད་པ་དང ། །དུས་རྣམས་ཀུན་ཏུ་འདོན་བྱེད་ན། །ཚེ་འདིར་འཇིགས་པ་ཀུན་བསལ་ཏེ། །ཤི་ནས་མཐོ་རིས་མྱུར་དུ་འཐོབ། གལ་ཏེ་གཞན་དུ་རྒྱུད་མཆོག་འདི། །བསྟན་ནས་བཤད་དམ་གསལ་ཕྱེ་ན། །དེ་ནི་སྡུག་བསྔལ་མང་མྱོང་ནས། །ཤི་ནས་མྱུར་དུ་དམྱལ་བར་འགྲོ་།རང་གིས་ཤིན་ཏུ་བཅང་བྱས་ཤིང ། །དངོས་གྲུབ་ཉིད་བཞིན་མངོན་བྱས་ན། །སྡུག་བསྔལ་མཐའ་དག་ངེས་ཟད་ནས། །མྱུར་དུ་བླ་མེད་ཐོབ་པར་འགྱུར། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས། སྦྱིན་སྲེག་གི་རིམ་པར་ཕྱེ་བའི་ལེའུ་སྟེ་བཞི་པའོ།། །།དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་ཀྱི་དངོས་གྲུབ་བརྟག་པ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་མོ་གྷའི་ཞབས་ནུས་བ་ཅན་དང ། བོད་ཀྱི་ལོཙྪ་བ་མར་བ་བནྡྷེ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་ཅིང་ཞུས་པའོ། །སླད་ཀྱིས་གྲུབ་ཐོབ་ཆེན་པོ་ཀརྞ་ཤྲཱིའི་ཞལ་སྔ་ནས་ཉན་ཏེ་ཐར་པ་ལོཙྪ་ཉི་མ་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།