རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀྲྀཥྞ་ཡ་མ་རི་ནཱ་མ་ཏནྟྲ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གུ་\?\་དང་གསུང་དང་ཐུགས་རྡོ་རྗེའི་བཙུན་མོ་ཐམས་ཅད་ནི་བྷ་ག་རྣམས་ལ་བཞུགས་ཏེ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ 347b དང ། ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དང ། འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དང ། ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དང ། ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དང ། ཐོ་བ་གཤིན་རྗེ་གཤེད་དང ། དབྱུག་པ་གཤིན་རྗེ་གཤེད་དང ། པདྨ་གཤིན་རྗེ་གཤེད་དང ། རལ་གྲི་གཤིན་རྗེ་གཤེད་དང ། མཚམས་རྣམས་སུ་རྡོ་རྗེ་ཙ་རྩི་ཀ་དང ། རྡོ་རྗེ་ཕག་མོ་དང ། རྡོ་རྗེ་དབྱངས་ཅན་མ་དང ། རྡོ་རྗེ་གཽ་རཱི་རྣམས་མཚམས་སུའོ། །དེ་དག་ལ་སོགས་ཏེ་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་གསོལ་བ་བཏབ་པ་དང ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བདུད་ཐམས་ཅད་རྣམ་པར་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ངེས་པར་བཏོན་ཏོ། །ཟླ་བ་རྡོ་རྗེ་སྦྱོར་བ་ཡིས། །གཤིན་རྗེ་མཐར་བྱེད་བསྒོམ་པར་བྱ། །བདུད་རྣམས་ཞི་བར་བྱ་ཕྱིར་དང ། །ཞེ་སྡང་ཐམས་ཅད་བསལ་བའི་ཕྱིར། །འོད་ཟེར་ལྔ་ཡིས་འཁྲིགས་པ་ཡིས། །རྡོ་རྗེ་སྲུང་བའི་དོན་དུ་སྒོམ། །ཕྱིར་མཚམས་རྡོ་རྗེ་ས་གཞི་དང ། །ར་བ་དྲ་བ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐྱེད་པ་པོ་བདུད་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་ཐམས་ཅད་ཀྱི་ས་བོན་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ 348a ༄#། །རྣམས་ལས་ངེས་པར་ཕྱུང་བ། དབུས་སུ་ཡ་དང་ཀེཥ་མ་མེ་ད་ཡཙྪ་ནི་རཱ་ཛ་ས་དོ་རུ་ཎ་ཡོ་ནི་རའོ། །ཡ་སོགས་ཡི་གེ་དང་པོ་ལས། །གཤིན་རྗེ་གཤེད་དུ་འགྱུར་བ་ཡིན། །ཡི་གེ་ཀྵ་ནག་ཏ་མུག་བརྗོད། །ཡི་གེ་མ་ནི་ཕྲ་མར་གསུངས། །ཡི་གེ་མེ་ནི་འདོད་ཆགས་ཉིད། །ཡི་གེ་ད་ནི་ཕྲག་དོག་འགྱུར། །གཤིན་རྗེ་གཤེད་སོགས་ལྔ་རུ་གྲགས། །ཡི་གེ་ཡ་ལས་ཐོ་བར་འགྱུར། །ཡི་གེ་ཙྪ་ལས་དབྱུག་པའི་གཙོ། །ལག་ན་པདྨ་ནི་ཡིག་ལས། །ལག་ན་རལ་གྲི་རཱ་ལས་ཡིན། །ཛ་ལས་ཙ་རྩི་ཀ་ཞེས་བརྗོད། །ཡི་གེ་ས་ལས་ཕག་གདོང་མ། །ཡི་གེ་དོ་ལས་དབྱངས་ཅན་བསྒྲགས། །ཡི་གེ་རུ་ལས་གཽ་རཱྀ་དྲན། །ན་ཡོ་ཎི་ར་མཚམས་ཀྱི་བཞི། །ཐོད་བ་བཞི་རུ་འདོད་པ་ཡིན། །སྣ་ཚོགས་རྡོ་རྗེ་འཇིགས་རུང་བ། །ནམ་མཁའ་རྡོ་རྗེ་དཀྱིལ་དུ་བསམ། །དེ་དཀྱིལ་བཞུགས་པའི་གཤིན་རྗེ་གཤེད། །ནག་ཅིང་འབར་བ་བསྒོམ་པར་བྱ། །ཤར་དུ་གཏི་མུག་རྡོ་རྗེ་སྟེ། །ལྷོ་རུ་དེ་བཞིན་ཕྲ་མ་ཡིན། །ནུབ་ཏུ་འདོད་ཆགས་རྡོ་རྗེ་སྟེ། །དེ་བཞིན་བྱང་དུ་ཕྲག་དོག་གོ་།མཚམས་ཀྱི་རྡོ་རྗེ་རྩེ་བཞི་ལ། །རྩ་རྩི་ཀ་སོགས་རྣམ་པར་བསྒོམ། །སྒོ་ཡི་རྡོ་རྗེ་རྩེ་བཞི་ལ། །ཐོ་བ་ལ་སོགས་རྣམ་པར་བསྒོམ། །སྣ་ཚོགས་རྡོ་རྗེའི་མཚམས་བཞི་རུ། །མི་ཡི་མགོ་བོ་བཞི་དག་གོ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གཤིན་རྗེ་གཤེད་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེ་སྡང་ཆེན་པོའི་རིགས་ཀྱི་སྔགས་གསུངས་པ། ཨོཾ་ཧྲཱིཿ ་ཥྚྲི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ 348b བདག་བོས་གཏི་མུག་རྡོ་རྗེ་ཆེན་པོའི་སྔགས་གསུངས་པ། ཨོཾ་ཛི་ནི་ཛི་ཀ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲ་མ་རྡོ་རྗེའི་སྔགས་གསུངས་པ། ཨོཾ་རཏྣ་དྷྲིཀ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་འདོད་ཆགས་རྡོ་རྗེའི་སྔགས་གསུངས་པ། ཨོཾ་ཨཱ་རོ་ལིཀ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲག་\?\་དོག་རྡོ་རྗེའི་སྔགས་གསུངས་པ།་ཨོཾ་པྲ་ཛྙཱ་དྷརྀ་ཀ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཐོ་བའི་སྔགས་གསུངས་པ། ཨོཾ་མུཌྒ་ར་དྷརྀཀ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་དབྱུག་པའི་སྔགས་གསུངས་པ། ཨོཾ་དཎྜ་དྷརྀཀ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་པདྨའི་སྔགས་གསུངས་པ། ཨོཾ་པདྨ་དྷརྀཀ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་རལ་གྲིའི་སྔགས་གསུངས་པ། ཨོཾ་ཁཌྒ་དྷརྀཀ་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཙ་རྩི་ཀའི་སྔགས་གསུངས་པ། ཨོཾ་མེ་ཏོག་རཏི།་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཕག་མོའི་སྔགས་གསུངས་པ། ཨོཾ་དྭེ་ཥ་ར་ཏི་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་དབྱངས་ཅན་མའི་སྔགས་གསུངས་པ། ཨོཾ་རཱ་ག་ར་ཏི་།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཀཽ་རཱི་མའི་སྔགས་གསུངས་པ། ཨོཾ་བཛྲ་ར་ཏི་།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྐུ་གསུང་ 349a ༄#། །ཐུགས་བྱིན་གྱིས་བརླབ་པའི་སྔགས་གསུངས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སཝ་བྷཱ་བ་ཨཱཏམྐོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སཝ་བྷཱ་བ་ཨཱ་ཏམྐོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏཙིཏྟ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉྷཾ། དེ་ནས་བཅོམ་ལྡན་འདས་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེ་སྡང་ཆེན་པོའི་སྐུ་ངེས་བར་བསྟན་པ། ཞལ་གསུམ་ཕྱག་དྲུག་ཁྲོས་པ་ལ། །ིནྡྲ་ནཱི་ལ་འདྲ་བའི་མདོག་།ཕྱག་ན་རྡོ་རྗེ་བསྣམས་པ་ཉིད། །གཤིན་རྗེ་གཤེད་ནི་བསྒོམ་བར་བྱ། །ཞལ་གསུམ་ཕྱག་དྲུག་ཞི་བ་ལ། །གསལ་བའི་གཟུགས་དང་འདྲ་བའི་འོད། །ཕྱག་ན་འཁོར་ལོ་བསྣམས་པ་ཉིད། །གཏི་མུག་རྡོ་རྗེ་རྣམ་བསྒོམ་བྱ། །ཞལ་གསུམ་ཕྱག་དྲུག་རྒྱས་གྱུར་བ། །གསེར་གྱི་རྣམ་པའི་འོད་དང་ལྡན། །ཕྱག་ན་རིན་ཆེན་བསྣམས་པ་ཉིད། །ཕྲ་མ་རྡོ་རྗེ་རྣམ་བསྒོམ་བྱ། །ཞལ་གསུམ་ཕྱག་དྲུག་དབང་བྱེད་པ། །པདྨ་རཱ་\?\་ཚུངས་པའི་འོད། །ཕྱག་ན་པདྨ་བསྣམས་པ་ཉིད། །འདོད་ཆགས་རྡོ་རྗེ་རྣམ་བསྒོམ་བྱ། །ཞལ་གསུམ་ཕྱག་དྲུག་ཐམས་ཅད་ལ། །རིན་ཆེན་མརྒད་འོད་དང་ལྡན། །ཕྱག་ན་ཤུབས་ཅན་བསྣམས་པ་ཉིད། །ཕྲ་མ་རྡོ་རྗེ་རྣམ་བསྒོམ་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། མངོན་པར་རྟོགས་བའི་རིམ་པར་ཕྱེ་བ་སྟེ་ལེའུ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་བསྟོད་པ། གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་རི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་ 349b འཇིགས་པའི། །ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད། །རྡོ་རྗེ་ཐུགས་དང་རབ་མ་ཚུངས་པ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །རྡོ་རྗེ་གསུང་དང་རབ་མཚུངས་པ། ། རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་ངོ་བོའི་རིང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་ཆགས་དང་རབ་ཏུ་མཚུངས། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། ། སངས་རྒྱས་ཐམས་ཅད་གཅིག་བསྡུས་པས། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་མིག་དང་།རྡོ་རྗེ་སྣ་བ་དང ། རྡོ་རྗེ་ལྕེ་དང ། རྡོ་རྗེ་ལུས་དང་།རྡོ་རྗེ་ཐུགས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའོ། །དེ་ནས་ཡང་དག་བཤང་བྱ་བ། །འདོད་པའི་དོན་གྲུབ་སྒྲུབ་བྱེད་པའི། །གཤིན་རྗེ་གཤེད་པོ་ཉིད་མཚུངས་པ། །གཤིན་རྗེ་རྗེ་འཇིགས་པའི་དཀྱིལ་འཁོར་ལོ།། སྐུད་པ་གསར་པ་ལེགས་བསྒྲིམས་ལ། །ལེགས་པའི་ཚད་ལ་མཛེས་པ་ཡིས། །སྐུད་པ་བྱས་པས་ཐིག་གདབ་བོ། །གཤིན་རྗེ་ཚོགས་ཀྱི་དཀྱིལ་འཁོར་ལོ། །མཚན་རྣམས་ཐམས་ཅད་རབ་རྫོགས་ཤིང ། །བར་ཆད་ཐམས་ཅང་རབ་ཉམས་པ། །ཞི་བ་ལ་སོགས་རབ་འཇུག་པའི། །དཀྱིལ་འཁོར་འཁོར་ལོའི་ཆ་བྱད་ལ། །རྩེ་མོ་ལྔ་དང་མཉམ་ལྡན་པའི། །ལས་ཀྱི་རྡོ་རྗེ་དེ་ལ་བྲིས། །རྡོ་རྗེ་འབར་བ་འཁྲིགས་པ་ཡིས། །རྡོ་རྗེ་དེ་ཡི་དབུས་སུ་བྲི། །རལ་གྲི་བྱང་གི་ཕྱོགས་སུ་བྲི། །འཁོར་ལོའི་འོད་ཀྱིས་བསྐོར་བ་ཡི། །འཁོར་ལོ་ཤར་གྱི་ཕྱོགས་སུ་བྲི། །འོད་ཀྱི་ཕྲེང་བ་མཉམ་འཕྲོ་བའི། །རིན་པོ་ཆེ་ནི་ལྷོ་རུ་བྲི། །པདྨ་རཱ་གའི་མདངས་འདྲའི་འོད། །པདྨ་ནུབ་ཀྱི་ཕྱོགས་སུ་བྲི། །འོད་ཟེར་ལྔ་དང་མཉམ་ལྡན་པའི།། 350a ༄#། །ཤར་གྱི་མཚམས་སུ་འཁོར་ལོ་བྲི། །ལྷོ་རུ་རྡོ་རྗེ་བྲི་བར་བྱ། །ནུབ་ཏུ་པདྨའི་མེ་ཏོག་ནི། །ཡུ་བ་དང་བཅས་ཁ་བྱེ་གསལ། །འོད་ཀྱི་ཕྲེང་བ་མཉམ་འཕྲོ་བའི། །ུཏྤལ་ལ་ནི་བྱང་དུ་བྲི། །ཤར་གྱི་སྒོར་ནི་ཐོ་བ་སྟེ། །དབྱིག་པ་དེ་བཞིན་ལྷོ་ཡི་སྒོར། །འདམ་ལས་སྐྱེས་པ་ནུབ་ཀྱི་སྒོར། །བྱང་དུ་རྡོ་རྗེ་རལ་གྲིའོ། །ཤེས་པས་དཀྱིལ་འཁོར་རྫོགས་པ་ལ། །མཆོད་པ་ཁྱད་པར་འཕགས་པ་ནི། །འདོད་པའི་ཡོན་ཏན་ལྔ་དག་གིས། །འཇིགས་པ་མེད་པར་མངོན་པར་མཆོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤད་ནག་པོའི་རྒྱུད་ལས། དཀྱིལ་འཁོར་ཆེན་པོའི་རིམ་པར་ཕྱེ་བ་སྟེ་ལེའུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པའི་རྒྱལ་པོ་འདིས་བསྟོད་ནས་གསོལ་བ་བཏབ་པ། སྡིག་པ་ཐམས་ཅད་འཇོམས་པ་ཡི། །འཇིགས་པའི་གཤིན་རྗེ་འདོམས་དཀྱིལ་འཁོར། །དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། ། མགོན་པོ་དཀྱིལ་འཁོར་བྲི་བར་མཛོད། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོས་ཉིད་ཀྱི་སྐུ་གསུང་ཐུགས་རྣམས་ལས་བདུད་རྩི་མྱང་བའི་ཆོ་ག་ངེས་པར་ཕྱུང་བ། ཨོཾ་ཨཱཿ ་ཧཱུཾ། རྡོ་རྗེ་མེ་ལྕེ་སྦྱོར་བ་ཡིས། །རྡོ་རྗེ་ཅན་ཀུན་མཉེས་པ་དང ། །རྫོགས་པའི་སངས་རྒྱས་ཐམས་ཅད་བཞུགས། །ཡེ་ཤེས་འབྱུང་གནས་ངོ་བོ་ཉིད། །དགུག་པ་དང་ནི་གཞུག་ 350b པ་དང ། །བཅིང་དང་དེ་བཞིན་དབང་བྱ་ཉིད། །ཐོ་བ་ལ་སོགས་སྔགས་བཞི་ཡིས། །མཉམ་པར་གཞག་པས་རྣམ་པར་བསྒོམ། །མ་ཧེ་རྡོ་རྗེ་རྣམ་བསྒོམས་ལ། །དཀྱིལ་འཁོར་གཙོ་བོ་རྣམ་བསྒོམ་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །གཏི་མུག་རྡོ་རྗེ་རྣམ་བསྒོམ་བྱ། །རྟ་བདུན་ལྡན་པའི་དབུས་གནས་པ། །ཕྲ་མ་ཞེས་བྱ་རྣམ་བསམ་བྱ། །དཀྱིལ་འཁོར་དམ་པའི་དབུས་གནས་པ། །འདོད་ཆགས་རྡོ་རྗེ་རྣམ་བསྒོམ་བྱ། །ལས་ཀྱི་དཀྱིལ་འཁོར་དབུས་གནས་པ། །རྡོ་རྗེ་ལས་ནི་བསྒོམ་པར་བྱ། །ཞི་བའི་གཏི་མུག་རྡོ་རྗེ་སྟེ། །རྒྱས་པ་དེ་བཞིན་ཕྲ་མ་ཡིན། །འདོད་ཆགས་རྡོ་རྗེ་དབང་དུ་བྱས། །རྡོ་རྗེ་ལས་ཀྱིས་ཐམས་ཅད་དུའོ། །རྡོ་རྗེ་ལས་ཀྱི་སྦྱོར་བ་ཡིས། །མི་ཚིལ་མི་ཡི་ཐོད་པར་གཞག་།དེ་བཞིན་མི་སྐྲས་སྡོང་བུ་བྱ། །དུར་ཁྲོད་དག་ཏུ་དུ་བ་བསྒྲུབ།། མིག་སྨན་དག་ནི་དེ་བཞིན་དུ། །མིག་སྨན་ལས་ཀྱི་སྒོམ་པ་དང ། །ལས་ཀྱི་བཟླས་པའི་སྦྱོར་བ་ཡིས། །མིག་སྨན་འདི་ནི་འགྲུབ་པར་འགྱུར། །ཁྲག་དང་གུར་གུམ་བཟུང་བྱས་ནས། །སྒྲུབ་པ་བྱུག་པ་བསྒྲུབ་པར་བྱ། །ལས་ཀྱི་རྡོ་རྗེ་སྦྱོར་པ་ཡི། །རྐང་བ་བྱུག་པ་འགྲུབ་པར་འགྱུར། །བདུད་རྩི་ལྔ་ནི་མཉམ་པ་ལ། །ཤ་ལྔ་དང་ནི་ལྡན་པ་ཡིས། །ལྕགས་གསུམ་དུ་ནི་བཅུག་བྱས་ན། །ལས་ཀྱི་སྦྱོར་བས་འགྲུབ་པར་འགྱུར། །ཀནྟའི་ལྕགས་ཀྱི་རལ་གྲི་ནི། །ལས་ཀྱི་སྦྱོར་པ་བསྒྲུབ་པར་བྱ། །ལས་ཀྱི་རྡོ་རྗེ་སྦྱོར་བ་ཡིས། །ལས་ཀྱི་རལ་གྲི་རབ་འགྲུབ་འགྱུར། །དེ་བཞིན་གཤེགས་པ་ 351a ༄#། །ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་བོའི་རྒྱུད་ལས། ལས་ཀྱི་རིམ་བར་ཕྱེ་བ་སྟེ་ལེའུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་ནས་གསོལ་བ་བཏབ་པ། ལས་ཀྱི་དབྱེ་བའི་དབྱེ་བ་ལས། །སེམས་ཅན་འཇུག་པ་ཇི་ལྟར་འགྱུར། །རྡོ་རྗེ་ཆེན་པོས་བཤད་དུ་གསོལ། །ཡོན་ཏན་རྒྱ་མཚོ་རྣམས་ཉན་ལགས། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །ལས་ནི་ཐམས་ཅད་རབ་སྒྲུབ་པ། །ཉེས་ཀུན་གསོལ་བའི་བདག་ཉིད་ཀྱིས། །འདི་སྐད་ཀྱི་ནི་ཚིག་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྡོ་རྗེ་ཉིད་ཀྱི་མཐུས་ཕྱག་འཚལ་ཞིང་མཆོད་པ་བྱས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཡང་དང་ཡང་དུ་ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི་གསུང་ཉན་ཏོ། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །དབང་དུ་བྱ་བའི་འཁྲུལ་འཁོར་བསྟན། །གཤིན་རྗེ་གཤེད་ཀྱི་འཁོར་ལོ་མཆོག་།མ་བྱུང་འབྱུང་བར་མི་འགྱུར་རོ། །བུད་མེད་དབང་དུ་བྱ་བ་དང ། །བསྲུང་བའི་དོན་དང་དེ་བཞིན་དུ། །ཞི་བ་རོ་ཙ་ནས་བཟུང་སྟེ། །གྲོ་གའམ་དེ་བཞིན་སྨྱུག་ཤུན་ལ། །འཁོར་ལོ་གཉིས་ནི་མཉམ་བྲིས་ནས། །ན་མཿ ནཱ་མས་རྣམ་བསྟེན་ལ། །ནག་དང་ཡུ་ཅན་མ་ཡིན་པའི། །ཁམ་ཕོར་གཉིས་ནི་ 351b ཁ་སྦྱར་ཏེ། །མར་དང་སྦྲང་རྩིས་བཀང་བར་གཞུག་།སྐུད་པ་དཀར་པོས་ཁམ་ཕོར་བཅིང ། །ཤར་དུ་མངོན་པར་ཕྱོགས་པ་ཡིས། །མེ་ཏོག་དཀར་པོས་དུས་གསུམ་གཏོར། །གཤིན་རྗེ་མཐར་བྱེད་ཆུ་ཤེལ་འདྲར། །བདག་ཉིད་བསྒོམས་ནས་མདུན་བཀོད་ལ། །ཟླ་བའི་དཀྱིལ་འཁོར་ལ་གནས་ནས། །བསྒྲུབ་བྱ་བལྟས་ནས་དབང་བསྐུར་བྱ། །བདུད་རྩི་ལྔ་ཡིས་གང་བ་ཡི། ། བུམ་པ་དཀར་པོ་ཟླ་བ་འདྲས། །རྫོགས་སངས་དུ་མས་ཁྲུས་བྱས་ཏེ། །བལྟས་ནས་སྔགས་ཀྱི་བཟླས་པ་བརྩམ། །ོཾ་ན་མཿ ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་དེ་བ་དཏྟ་ཡ་ཤཱིནྟཾ་ཀུ་རུ་ན་མཿ ་སཝཱཧཱ།་ཞི་བའི་ཆོ་ག་གསུངས་པ་འོ། །སྐྱེས་པ་ཞི་བའི་གུར་གུམ་གྱིས། །བྲི་བྱ་དེ་བཞིན་རྒྱས་པ་ཡང ། །འཁོར་ལོ་གཉིས་ནི་ཁ་ཆེ་ཡི། །སཝཱཧཱས་མིང་ནི་བརྒྱན་པ་ཡི། །བསྒྲུབ་བྱའི་མིང་ནི་བྲིས་བྱས་ལ། །མར་དང་སྦྲང་རྩིས་བཀང་ནས་ནི། །ཁམ་ཕོར་ཁ་སྦྱར་ནང་དུ་གཞུག་།སྐུད་པ་སེར་པོས་བཅིངས་ནས་ནི། །མེ་ཏོག་སེར་པོ་དུས་གསུམ་གཏོར། །བྱང་དུ་ཁ་བལྟས་མདོག་སེར་བའི། །གཤིན་རྗེ་གཤེད་དུ་བདག་ཉིད་བསམ། །བསྒྲུབ་བྱ་ཟླ་བ་སེར་ནག་ལ། །བུམ་པ་སེར་པོས་བསྐྲུ་བྱ་ཞིང ། །དབང་བསྐུར་བ་ནི་བསྒོམས་བྱས་ལ། །སྤྲོས་ལ་རྒྱས་པའི་བཟླས་པ་བྱ། །ོཾ་ཧྲཱིཿ ཥྚྲཱི་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། དེ་བ་དཏྟ་པུཥྚྲིཾ་ཀུ་རུ་སཝཱཧཱ། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་བཽ་ཥ་ཊ་དེ་བ་དཏྟ་སྱ་པུཥྚིཾ་ཀུ་རུ་བཽ་ཥ་ཊ་སཝཱཧཱ། འདི་ནི། བཅོམ་ལྡན་འདས་ཀྱིས་རྒྱས་པའི་ཆོ་ 352a ༄#། །ག་གསུངས་པའོ། །གྲོ་གའམ་རས་ལ་རྒྱ་སྐྱེགས་ཀྱི། །ཁུ་བའམ་ཙནྡན་དམར་བོ་འམ། །སྲིན་ལག་གི་ནི་ཁྲག་ཀྱང་རུང ། །ཡི་གེ་ཧོ་ཡིས་བསྟེན་པ་ཡི། །འཁོར་ལོ་གཉིས་ནི་མཉམ་པར་བྲི། །འཁོར་ལོ་ནག་པོ་སོགས་བྲལ་བའི། །ཁམ་ཕོར་གཉིས་ནི་ཁ་སྦྱར་དུ། །མར་དང་སྦྲང་རྩིས་བཀང་པ་གཞག་།སྐུད་པ་དམར་པོས་བཅིངས་བྱས་ལ། ། ནུབ་ཕྱོགས་སུ་ནི་ཁ་བལྟས་ནས། །མེ་ཏོག་དམར་པོས་མཆོད་པར་བྱ། །བདག་ཉིད་གཤིན་རྗེ་མཐར་བྱེད་བ། །ཁ་དོག་དམར་པོ་ཆེར་འབར་བ། །ཟླ་བ་དམར་པོ་ལ་གནས་པའོ།། བསྒྲུབ་བྱ་ཡང་ནི་རྣམ་བསམ་བྱ། །རང་གི་ལུས་ལས་བྱུང་བ་ཡི། །འོད་ཟེར་དམར་བོ་ལྕགས་ཀྱུ་ཡིས། །བསྒྲུབ་བྱ་དགུག་པར་བྱ་བར་བསམ། །སྔགས་ནི་སྤྲོ་ཞིང་ཁྲི་བཟླས་བྱ། ། དེས་ནི་བསྒྲུབ་བྱ་ཉམས་གྱུར་ནས། །རྐང་པ་གཉིས་སུ་ལྷགས་གྱུར་ནས། །གོས་བྲལ་སྐྲ་ནི་བཤིག་གྱུར་བ། །རྣམ་པར་བསམ་ལ་བཟླས་པ་བརྩམ། །གལ་ཏེ་དབང་དུ་མ་གྱུར་ན།། མར་ལ་སོགས་པ་བྲལ་བྱས་ལ། །དུ་བ་མེད་པའི་སེང་ལྡེང་མེས། །འཁོར་ལོ་དེ་ནི་སྒྲུབ་པོས་བསྲོ། །ོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཧོ་དེ་བ་དཏྟཾ་བ་ཤཾ་ཀུ་རུ་ཧོ། །ོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། བཽ་ཥཊ་དེ་བ་དཏྟ་སྱ་ཡ་བ་ཤ་མ་ན་ཡ་བཽ་ཥཊ་འདི་ནི། བཅོམ་ལྡན་འདས་ཀྱིས་དབང་དུ་བྱ་བའི་ཆོ་ག་གསུངས་སོ། །དུར་ཁྲོད་ 352b གོས་སམ་ཡང་ན་ནི། །རང་བྱུང་གིས་བསྐུལ་རས་ལ་ནི། །ཁྲག་དང་རྒྱ་སྐྱེགས་བསྲེས་པ་ཡིས། །འཁོར་ལོ་གཉིས་ནི་མཉམ་བྲིས་ལ། །ཡི་གེ་ཛ་དང་ཡི་གེ་ཧྲཱིས། །མིང་ནི་རྣམ་པར་བསྟེན་བྱས་ལ། །བཙུན་མོ་ཡི་ནི་པདྨའི་སྣོད། །ཁ་སྦྱོར་ནང་དུ་བཙུད་བྱས་ཏེ། །སྐུད་པ་དམར་པོས་བཅིངས་བྱས་ལ། །མེ་ཏོག་དམར་པོས་མཆོད་པར་བྱ། །བདག་ཉིད་གཤིན་རྗེ་མཐར་བྱེད་པ། ། ནུབ་ཀའི་ཉི་མ་དང་འདྲ་དམར། །ལྕགས་ཀྱུ་དམར་པོས་བཀུག་པ་ཡིས། །བསྒྲུབ་བྱ་དག་ནི་རྣམ་བསྒོམ་བྱ། །སྙིང་ལ་ལྕགས་ཀྱུས་བརྒྱབ་ནས་ནི། །སྐེ་ནས་ཞགས་པས་བཅིངས་བྱས་ཏེ།། གཅེར་བུ་སྐྲ་ནི་མ་བཅིངས་པར། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །སེངྒེ་དམར་པོའི་སྟེང་འདུག་ལ། །རྫས་ལྔ་ཡིས་ནི་བཀྲུ་བྱ་ཞིང ། །འོངས་པ་རུ་ནི་བསམ་པར་བྱ། །གལ་ཏེ་བསྒྲུབ་བྱ་མི་འོང་ན། །སེང་ལྡེང་གི་ནི་མེ་མདག་ལ། །དེར་ནི་བཟླས་པ་བརྩམ་པར་བྱ། །བརྟུལ་ཞུགས་ཅན་གྱིས་འཁོར་ལོ་བསྲོ། །ོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧྲཱིཿ ་མུ་ཀཾ་ཨཱ་ཀཪྵ་ཡ་ཧྲཱིཿ ། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿ ། དེ་བ་དཏྟ་ཨཱ་ཀཪྵ་ཡ་ཛཿ ། འདི་ནི། བཅོམ་ལྡན་འདས་ཀྱིས་དགུག་པའི་ཆོ་ག་གསུངས་པའོ། །དུར་ཁྲོད་གོས་ལ་མཁས་པས་ནི། །ཡུང་བ་ཡི་ནི་ཁུ་བ་ཡིས། །འཁོར་ལོ་གཉིས་ནི་མཉམ་པར་བྲི། །ཡི་གེ་ལམ་གྱིས་བསྟེན་པ་ཡི། །བསྒྲུབ་བྱའི་མིང་ཡང་བྲི་བར་བྱ། །ཁམ་ཕོར་ཁ་སྦྱོར་ནང་དུ་སྟེ། །ཁམ་ཕོར་ 353a ༄#། །སེར་པོའི་སྟེང་དུ་གཞག་།དེ་ལ་མཁས་པས་རེ་ཁཱ་བྲི། །རེ་ཁ་བདུན་ནམ་ཡང་ན་བཞི། །མཉམ་པར་བཞག་པས་བྲི་བར་བྱ། །རི་རབ་ལྕོག་བརྒྱད་ཅེས་གྲགས་པ། །དེ་ཡི་སྟེང་དུ་མཉམ་པར་བྲི། །ཡི་གེ་ཧཱུཾ་དང་ཡི་གེ་བཾ། །རི་རབ་དེ་ནི་བསྟེན་པར་བྱ། །དེ་ཡི་སྟེང་དུ་ལམ་ཡིག་ལས། །དབང་ཆེན་དཀྱིལ་འཁོར་དགོད་པར་བྱ། །སྣ་ཚོགས་རྡོ་རྗེས་མནན་པ་ལ། །སྐུད་པ་སེར་པོས་བཅིངས་ནས་ནི། །གཤིན་རྗེ་གཤེད་པོ་མདོག་སེར་པོ། །དབང་ཆེན་དཀྱིལ་འཁོར་ལ་གནས་པ། །བསྒྲུབ་བྱ་སེར་པོ་རྣམས་བསམས་ལ། ། རི་རབ་ཀྱིས་ནི་མནན་བྱས་པ། །ཕྱག་ན་རྡོ་རྗེས་མནན་བྱས་པ། །དབང་ཆེན་དཀྱིལ་འཁོར་གྱི་འོག་ཏུ། །མནྡྷ་ར་སོགས་རི་བོ་དང ། །སྣ་ཚོགས་རི་བོ་རྣམས་ཀྱིས་ཀྱང ། །བསྒྲུབ་བྱ་མནན་པར་བསྒོམ་པར་བྱ། །དེ་ལ་གནས་ནས་བཟླས་པ་བྱ། །ོཾ་ཧྲཱཾཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ལཾ་དེ་བ་དཏྟ་སྠཱ་ནེ་སྟམྦྷ་ཡ་ཀུ་རུ་ལཾ། འདི་ནི། བཅོམ་ལྡན་འདས་ཀྱིས་རེངས་པར་བྱེད་པའི་ཆོ་ག་གསུངས་པའོ། །ངག་ནི་རེངས་པར་འདོད་པ་ཡིས། །དེ་བཞིན་འཁོར་ལོ་གཉིས་བྲིས་ལ། །བསྒྲུབ་བྱའི་མིང་ཡང་བྲི་བར་བྱ། །དེར་ནི་སྔགས་ཀྱང་སྤྲོས་ལ་བཟླས། ། ོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ལཾ་དེ་བ་དཏྟ་སྱ་ཡ་ཐཱ་སྲ་ར་ཐཱ། ག་ར་གྲིཏྟེ་ནནྟི་བར་ཡ་ས་ཐཱ་ཨ་བི་རཱུ་པ་ཀཾ་དེ་བ་དཏྟོ་ཡ་ཛྙཱ་དཏྟ་ཡ་སྱ་བཱ་ཀ་སྟམྦྷ་ན་ཀུ་རུ་ལཾ། བཅོམ་ལྡན་ 353b འདས་ཀྱིས་རེངས་པར་བྱེད་པའི་ཆོ་ག་དེ་སྐད་གསུངས་སོ། །ཤིན་ཏུ་ལེགས་པར་སྦས་པ་ཡིས། །འདི་ལས་གསུངས་བཞིན་དགོངས་པ་དག་།གཤིན་རྗེ་གཤེད་ནག་སྦྱོང་བ་ཡིས། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །སྔར་བཞིན་དུར་ཁྲོད་ཀྱི་རས་ལ། །འཁོར་ལོ་གཉིས་བྲིས་བརྟུལ་ཞུགས་ཅན། །སྐེ་ཚེ་དང་ནི་ཚཝ་དང་ནི། །དུག་དང་གཞན་ཡང་ནིམ་པ་དང ། །ཚ་བ་གསུམ་དང་ཚ་བའི་མར། །དུར་ཁྲོད་ཀྱི་ནི་སོལ་བ་དང ། །དྷ་དུར་ལོ་མའི་ཁུ་བ་དང ། །ཙནད་ལི་འབྲས་མཛུབ་མོ་ཁྲག་།ཚཝ་སྒོ་ཅན་གྱི་ས་བླངས་ཏེ། །གདོལ་བའི་རྫ་མའི་དྲེག་པ་དང ། །རབ་ཏུ་ལྟོགས་པའི་སྨྱུ་གུ་ཡིས། །བཅུ་བཞི་ལ་བྲིས་བརྟུལ་ཞུགས་ཅན། །ཁྲོས་པའི་སེམས་ཀྱིས་ཉིན་ཕྱེད་ན། །གདུག་པ་ཅན་རྣམས་གསད་པའི་ཕྱིར། །སེམས་ཅན་གནོད་པ་བྱེད་པའི་མིང ། །ཡི་གེ་ཧཱུཾ་གིས་བསྟེན་བྱས་ལ། །བདག་ཉིད་གཤིན་རྗེ་མཐར་བྱེད་པའི། །སྦྱོར་བས་ལྷོ་ཕྱོགས་ཁ་བལྟས་ཏེ། །ཁྲོ་ཆེན་རབ་ཏུ་དྲག་པོའི་གཟུགས། །རུས་པས་མགོ་བོ་རྣམ་བརྒྱན་ལ། །མ་ཧེ་ལ་ཞུགས་ལྕེ་ཕྱུང་འདྲིལ། །གསུས་པ་ཆེ་ལ་རབ་འཇིགས་པ། །སྐྲག་བྱེད་སྐྲ་འབར་གྱེན་དུ་འགྲེང ། །སྨ་ར་སྨིན་མ་དེ་བཞིན་སེར། །གཡས་ན་རྡོ་རྗེ་ཆེན་པོ་དང ། །གཉིས་པ་ན་ནི་རལ་གྲི་དང་།། གསུམ་པའི་ཕྱག་ན་གྲི་གུག་གོ་།ད་ནི་གཡོན་པའི་བྲི་བར་བྱ། །འཁོར་ལོ་དང་ནི་པདྨ་ཆེ། །ཐོད་པ་ཉིད་ནི་གཡོན་ན་འོ། །རྩ་བའི་ཞལ་ནི་ཤིན་ཏུ་ནག་།གཡས་པའི་ཟླ་འོད་བཟང་པོ་འདྲ། ། 354a ༄#། །གཡོན་པའི་དམར་པོ་ཡིན་པར་བརྟག་།རྡོ་རྗེ་རྒྱན་གྱིས་རབ་ཏུ་བརྒྱན། །བ་སྤུ་ཁུང་ནས་འཇིགས་ཆེན་པོ། །རང་རིགས་བདག་པོ་རབ་འཕྲོ་བ། །ཉི་མའི་དཀྱིལ་འཁོར་སྟེང་ན་ནི། །ཞབས་ནི་གཡོན་པ་བརྐྱང་བས་གནས། །མཆེ་བ་གཙིགས་ཤིང་རྒྱགས་པ་ཡིས། །བསྐལ་པའི་འབར་བ་མེ་དང་མཚུངས། །འདི་ལྟ་བུ་ཡི་བདག་ཉིད་ཀྱིས། །བསྒྲུབ་པར་བྱ་བ་མདུན་དུ་དགོད། །གདུག་པའི་མཚོན་གྱིས་བརྒྱབ་པ་ཡིས། །དྲི་མ་ཅན་ལ་ནད་ཀྱིས་གཟིར། །གོས་མེད་འདར་ཞིང་ཉམ་ཆུང་བས། །དོན་འདོད་པ་ཡི་ཚིག་སྨྲ་ཞིང ། །མཚོན་གྱིས་གཟིར་བར་བྱས་པ་ཡིས། །རྣག་གི་ཐུམ་པོས་ལུས་གང་བ། །གྲང་བའི་རླུང་གིས་གཙེས་གྱུར་ཅིང ། །མེ་ཡི་ནང་དུ་ཞུགས་པ་ལ། །མ་ཧེ་དང་ནི་སྟག་དག་དང ། །ཁྱི་དང་མཆུ་རིང་ཅན་དག་གིས། །སངས་རྒྱས་སྡེ་ནི་སྔོན་འཇིགས་པའི། །སྡིག་པོ་ཆེ་དག་ཟ་བར་བྱེད། །མཐར་བྱེད་པ་ཡི་ལྷོར་གནས་པ། །ཚེར་མས་ལུས་ནི་བཀང་བ་དང ། །རྐང་པ་ཤིང་ལྕགས་སྒྲོག་གིས་བསྔམས། །དེ་བཞིན་དུམ་བུ་དུམ་བུར་བྱས། །པགས་པ་དག་ནི་བཤུས་བྱས་ནས། །དེ་ལ་ཚཝ་དང་སྐེ་ཚེ་བསྐུས། །ཧཱུཾ་ཞེས་ཟེར་བ་བསྒོམ་པར་བྱ། །དེ་ཡི་ལུས་སྲུང་ལ་སོགས་ལ། །བཅད་པ་དག་ནི་མདུན་དུ་དགོད། །དེ་ཡི་གོ་ཆའང་མེད་བྱས་ནས། །སྟོང་པའི་ལུས་ནི་མདུན་དུ་བསམ། །རང་གི་ལུས་བྱུང་ཁྲོ་བོ་ནི། །གཤིན་རྗེ་གཤེད་སོགས་བདག་ཉིད་འདྲས།། 354b དེ་ཡི་ལུས་ལ་བརྒྱབ་ནས་ནི། །ཚིལ་བུ་རྐང་དག་འཐུང་བར་བྱེད། །དེ་ཡི་མདུན་དུ་གཤིན་རྗེ་བསྒོམ། །ལག་ན་དབྱིག་པ་སྟོབས་པོ་ཆེ། །གདུག་པ་ཅན་དེས་རྡེག་པར་བྱེད། །དེ་ཡི་རྒྱུ་མའི་ཕྲེང་བ་སོགས། །བྱ་རྒོད་ཀྱིས་ཁྱེར་མཁའ་ལ་འགྲོ། །ས་ཡི་འོག་ནས་ཀླུ་དང་ནི། །ལྷ་མ་ཡིན་ལ་སོགས་པས་རྡེག་།འདི་ལྟར་བསྒྲུབ་བྱ་ཉམས་བྱ་བ། །སྙིང་རྗེ་ལ་གནས་སེམས་ཀྱིས་ནི། །བྱེད་པས་འཁོར་བའི་གནས་བཏོན་ནས། །སངས་རྒྱས་ཞིང་དུ་འགྲོ་བར་བྱེད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཁྱད་པར་ཅན་གྱི་ཐུགས་ཀྱིས་འདི་ལྟ་བུའི་གསུང་ཕྱུང་བར་མཛད་དོ། ། ེ་མའོ་བསད་པའི་ཡང་དག་བསད། །བསད་པ་མ་ཡིན་སྡིག་ལས་དཀྲོལ། །ཇི་སྲིད་བསད་ཀྱང་མ་བསད་དོ། །སྡིག་པ་སྟོང་ཕྲག་བྱས་པ་ཡིས། །མནར་མེད་ལ་སོགས་མི་སྐྱེ་བས། །ེ་མའོ་སངས་རྒྱས་ཆེ་བའི་བདག་།བསད་པས་བྱང་ཆུབ་ཐོབ་པར་བྱེད། །སེམས་ཅན་གསོད་པ་བསད་པ་ཉིད། །སྙིང་རྗེ་ཆེན་པོ་ཉིད་ཀྱིས་བྱས། །ེ་མའོ་སྙིང་རྗེ་སྟོབས་ཀྱི་མཆོག་།སྙིང་རྗེ་དམན་པས་འགྲུབ་མི་འགྱུར། །ོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་དེ་བ་དཏྟ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་མཱ་ར་ཡ་ཕཊ། དེ་ནི། བཅོམ་ལྡན་འདས་ཀྱིས་རྣམ་པར་རྟོག་པའི་རྡོ་རྗེ་འཁྲུལ་འཁོར་དང་སྔགས་དང་སྨན་གྱིས་བསད་པ་ལ་སོགས་པའི་ཆོ་གའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ 355a ༄#། །ནག་པོའི་རྒྱུད་ལས། རིམ་པར་ཕྱེ་བ་བཞི་པའོ།། །།དེ་ནས་འཁོར་ལོ་གཉིས་བྲིས་ལ། །ཡི་གེ་ཕཊ་ཀྱིས་བསྟེན་པ་ཡི། །བསྒྲུབ་བྱའི་མིང་ནི་བྲིས་བྱས་ལ། །ཐོད་པ་ཁ་སྦྱར་ནང་དུ་གཞུག་།སྐུད་པ་སྔོན་པོས་བཅིངས་བྱས་ཏེ། །ཉི་མ་ཕྱེད་ཀྱི་དུས་སུ་ནི། །དུར་ཁྲོད་ས་ཡི་ནང་དུ་སྦས། །གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཡིས། །རྟ་དང་མ་ཧེ་ཞོན་པ་ཡི། །ལག་ན་མཚོན་ཐོགས་བསྒྲུབ་བྱ་གཉིས། །མདུན་དུ་བསྒྲུབ་བྱ་དགོད་པར་བྱ། །ཁྲོས་པའི་ལུས་ལ་སྤྲུལ་པའི་ཚོགས། །གཉིས་ཀའི་ཕྱོགས་སུ་བསམ་པར་བྱ། །གཉིས་ཀས་འཐབ་མོ་མང་པོ་བྱེད། །ཁྲོས་ཤིང་གདུག་པའི་སེམས་ལྡན་པའི། །སྟོབས་ལྡན་ཁྲོས་པ་བསྒོམ་པར་བྱ། །བསྒོམས་པས་བཟླས་པ་བརྩམ་པར་བྱ། །ོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་ཡ་ཛྙཱ་དཏྟེ་བི་དྭེ་ཥཱ་ཡ་ཧཱུཾ་ཕཊ། འདི་ནི། བཅོམ་ལྡན་འདས་ཀྱིས་དབྱེ་བའི་ཆོ་ག་གསུངས་པའོ། །ཆོ་ག་དག་ནི་སྔ་མ་བཞིན། །འཁོར་ལོ་གཉིས་ནི་བྲིས་བྱས་ལ། །ཡི་གེ་ཧཱུཾ་ཕཊ་གྱིས་བསྟན་པ། །ཐོད་པ་ཁ་སྦྱར་ནང་དུ་གཞུག་།སྐུད་པ་ནག་པོས་བཅིངས་བྱས་ལ། །ཤ་ཟའི་ཚུལ་དུ་སྤ་བར་བྱ། །གཤིན་རྗེའི་སྦྱོར་བ་ལ་གནས་པས། །མདུན་དུ་བསྒྲུབ་བྱ་བསྒོམ་པར་བྱ། །ཡཾ་བྱུང་གཞུ་ཡི་དབྱིབས་འདྲ་བའི། །རླུང་གི་དཀྱིལ་འཁོར་ནག་པོ་ལ། །དེ་སྟེང་མདོག་སྔོན་རྔན་རྔ་མོ་བསྒོམ། །དེ་ལ་གདུག་པ་ཅན་བསྐྱོན་ལ། །ལྷོ་ཡི་ཕྱོགས་སུ་ཁ་ 355b བསྟན་ཏེ། །ཁྲོ་བོའི་ཚོགས་ཀྱིས་དེ་བརྡེག་པ། །སངས་རྒྱས་ཡིན་ཡང་བཟློག་པར་དཀའ། །ོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་ཕཊ་དེ་བ་དཏྟ་ཨུཙྪི་ཊ་ཡ་ནཾ་ཧཱུཾ་ཕཊ། འདི་ནི། བཅོམ་ལྡན་འདས་ཀྱིས་བསྐྲད་པའི་ཆོ་ག་གསུངས་པའོ། །ཁྲོས་པས་རྣལ་འབྱོར་ལྷོར་བལྟས་ལ། །ར་ཁྲག་རོ་བསྲེགས་ཐལ་བ་དང ། །དུག་གི་ཚཝ་དང་སྐེ་ཚེ་དང ། །མར་ཁུ་སྨྱོན་པའི་ཁུ་བ་ཡིས། ། དུར་ཁྲོད་རས་ལ་འཁོར་ལོ་གཉིས། །རིམ་བ་འདི་བཞིན་བྲི་བར་བྱ། །བསད་པ་གཤིན་རྗེའི་ལུས་ལ་གནས། །དབྱེ་བ་རྟ་དང་མ་ཧེ་ཡི། །བསྐྲད་པ་རྔ་མོའི་ལུས་ལ་གནས། །ཞི་བ་ཟླ་བའི་དཀྱིལ་འཁོར་གྱིས། །རྒྱས་པ་ཟླ་བ་སེར་པོ་ལ། །བཙུན་མོ་སྙིང་གར་དབང་དུ་བྱ། །ར་ལ་བསྐྱོན་པས་འགུགས་པར་བྱེད། །རི་བོའི་དཀྱིལ་དུ་རེངས་བྱ་གཞག་།ཤ་ར་བྷ་འམ་སེངྒེས་དགུག་།དེ་བཞིན་གཞན་ཡང་མཚོན་པར་བྱ། །རོ་ཙ་ན་དང་རྒྱ་སྐྱེགས་དང ། །ཁ་ཆེ་ཡི་ནི་ཁྱད་པར་གྱི། །དབང་དུ་བྱ་བ་གྲོ་གར་བྲི། །དགེ་བའི་སེམས་ཀྱིས་བཟུང་བྱས་ན། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། ། ཁམ་ཕོར་ཁ་སྦྱར་ནང་དུ་གཞུག་།ཁཝ་ཡི་སྒྲོ་ཡི་སྨྱུ་གུ་ཡིས། །ཉི་མ་ཕྱེད་ནས་བྲི་བར་བྱ། །པདྨའི་ཁ་སྦྱོར་རོ་བསྲེགས་སར། །གཤིན་རྗེའི་རྣལ་འབྱོར་བདག་ཉིད་ཀྱིས། །ོཾ་ཧྲཱིཿ ཥྚྲཱིཿ ལ་སོགས་གསང་སྔགས་བཟླས། །ལྷོ་ཕྱོགས་གནས་ཏེ་ཚར་གཅད་བྱ། །མཐའ་ཡི་ཡ་བོར་ཞི་བ་ལ། །ཡི་གེ་ནི་དེ་གཉིས་ཀ་དང ། །ཕྱི་ནས་དཀྱིལ་གྱི་ཡ་སྤངས་ཏེ། །ཡི་གེ་ལྷག་མ་ཅི་བདེ་བར། ། 356a ༄#། །སྔོན་དུ་བསྙེན་པ་ཁྲི་ཙམ་བྱ། །འདིས་ནི་ལས་རྣམས་རབ་སྒྲུབ་པ། །ཡེ་ཤེས་རྡོ་རྗེས་བྱ་བ་སྟེ། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས། །རབ་ཏུ་གྲགས་པའི་འཁོར་ལོ་འདི། །ཡི་གེར་བྲིས་ནས་གནས་པ་དང ། །འཁོར་ལོ་བྲིས་ནས་གནས་པ་ཡི། །ཁྱིམ་དེར་འཐབ་མོ་རྟག་ཏུ་འབྱུང ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། འཁྲུལ་འཁོར་གྱི་གོ་རིམ་བྲི་བ་ཞེས་བྱ་བ་སྟེ་རིམ་པར་ཕྱེ་བ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པ། གང་གིས་རྡོ་རྗེ་ཅན་མཉེས་པ། །ཞེ་སྡང་ཕྱག་རྒྱའི་རྣལ་འབྱོར་གྱིས། །རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་པས། །དངོས་གྲུབ་རྒྱ་ཆེན་ཐོབ་པར་བྱེད། །དེ་ནས་རྡོ་རྗེ་འཆང་རྒྱལ་པོས། །འདི་ལྟ་བུ་ཡི་གསུང་བསྒྲགས་སོ། །དཀྱིལ་འཁོར་གྱི་ནི་ལྷ་ཀུན་གྱི། །དབུ་ལ་གཤིན་རྗེ་གཤེད་པོ་བསྒོམ། །རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། །རྟག་ཏུ་སྦྱིན་སྲེག་གིས་ཀྱང་དགང ། །རྟག་ཏུ་དམ་ཚིག་དག་ཀྱང་གཟུང ། །སྡོམ་པ་དག་ཀྱང་ཡང་དག་གཟུང ། །དང་པོ་ལ་ནི་ཅོད་པན་དབང ། །གཉིས་པ་རལ་གྲི་སྦྱིན་པར་བྱ། །གསུམ་པ་རྡོ་རྗེ་དྲིལ་བུ་དང ། །ཟླ་བ་བཟའ་བ་བཞི་པ་སྟེ། །བཞི་པོ་འདི་ནི་དབང་ཆེན་པོ། །ནག་པོའི་ཞལ་ནས་བྱུང་བ་ཡི། །དབང་འདི་དག་གི་བྱེ་བྲག་གིས། །རྒྱལ་བའི་སྲས་ཀྱིས་བྱང་ཆུབ་ 356b ཐོབ། །འབྱུང་པོ་ཀུན་གྱི་གཏོར་མའི་ལུས། །སྔགས་འདི་དེ་ནས་རབ་བཤད་བྱ། །སྔགས་ཆེན་བཟླས་པ་ཙམ་གྱིས་ནི། །འབྱུང་པོ་ཐམས་ཅད་འདར་འགྱུར་བ། །ོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མཱ་ཡ་ཥྚྲཱིཿ བ་རུ་ཎཱ་ཡ་ཝི། ཀུ་པེ་རཱ་ཡ་ཀྲྀ་།ཱི་ཤཱ་ན་ཡ་ཏ། ཨགྣ་ཡེ་ཨཱ། ནཻ་རི་ཏེ་ཡེ་ན། བཱ་ཡ་བེ་ན། ཙནྡྲཱ་ཡ་ཧཱུཾ། ཨ་ཀཪྵ་ཡ་ཧཱུཾ། བྲཧྨ་ཎེ་ཕཊ། བ་སུ་དྷ་རི་ཎྷྱེ་ཎྱེ། བཻ་མ་ཙི་ཏྲི་ཎེ་སཝཱཧཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ།་ཧ་ཧ་ཧི་ཧི། ཧཱུཾ་ཧཱུཾ། ཕེཾ་ཕེཾ། ཕཊ་ཕཊ་སཝཱཧཱ། བི་ཊ་མུ་ཏྲ་ཆུ་བསྲེས་པས། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །ལྷ་རྣམས་ཀྱང་ནི་ཚིམ་པར་བྱས། །ཧ་ཧ་ཞེས་ཀྱང་དྲན་པར་བྱ། །དཀྱིལ་འཁོར་རིམ་གསུམ་བྱ་བ་ནི། །བརྒྱད་དང་བཅུ་གཉིས་བཅུ་དྲུག་པའི། །དཀྱིལ་འཁོར་མཁས་པས་བྲིས་པ་ལ། །སྔགས་ནི་ཀུན་ཏུ་དགོད་པར་བྱ། །བརྟུལ་ཞུགས་ཅན་གྱིས་བཅུ་གཉིས་པར། །གྲུབ་པའི་སྔགས་རྣམས་དགོད་པར་བྱ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །མ་ལུས་ལུས་པ་མེད་པར་འགྲུབ། །ོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ། ནི་རཱ་མ་ཡ། ཧཱུཾ་ཧཱུཾ་ཕཊ། དཀྱིལ་དུ་ཡ་བྱས་ཤར་དུ་ཀྵེ། །ལྷོ་རུ་འཇམ་པའི་རྡོ་རྗེ་སྟེ། །ཡི་གེ་མེ་ནི་ནུབ་ཏུ་བྲི། །བྱང་དུ་ད་སྟེ་ད་མ་ན། །བསྒྲུབ་བྱའི་མིང་ནི་སྤྱིན་བྱ་བ།། མཚམས་ཀྱི་སྟོང་པ་དག་ཏུ་འོ། །ཧཱུཾ་གཉིས་ཀྱིས་ནི་བསྟེན་བྱས་ལ། །དགོད་པ་ཐམས་ཅད་སྒྲུབ་པར་བྱེད། །ཡ་ཙ་ནི་ར་ཛས་དོ་རུ། །ན་ཡོ་ན་རི་ལ་སོགས་པ། །ཕྱི་རོལ་རིམ་པར་གཡོན་ 357a ༄#། །བརྩམས་བྲི། །དོན་ཀུན་རབ་ཏུ་བསྒྲུབ་པའི་ཕྱིར། །རིམ་པ་གསུམ་པ་དེ་ལ་ནི། །ཀུན་ཏུ་ཆ་རེ་བོར་བ་ལ། །ཤར་ནས་བརྩམས་ནས་བྲི་བར་བྱ། །ོཾ་ཧྲཱིཿ ཥྚྲཱིཿ ལ་སོགས་པའི་སྔགས། །དེ་ཡི་བར་དག་ཐམས་ཅད་ཀྱི། །ཆ་བརྒྱད་བོར་བ་དག་ལ་བྲི། ། མུ་ཀཾ་ཀུ་རུ། ཨུཙྪ་ཊ་ཡ་བ་ཤིཾ་ཀུ་རུ། བི་དྭེ་ཥ་ཡ། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། འདི་ལྟར་གཡོན་ནས་བརྩམས་ནས་ནི། །ལས་དང་རྗེས་སུ་མཐུན་པར་ནི། །ཕྱག་འཚལ་ན་མ་ཐ་མའི་བར། །ཐ་མ་རུ་བཽ་ཥཊ་དང ། །ཧཱུཾ་ཕཊ་དང་ལྡན་ས་བོན་གྱིས། །ཞི་དང་རྒྱས་དང་མཐར་དབང་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། འཁོར་ལོ་རྣམ་པར་བྲི་བ་ཞེས་བྱ་བ་སྟེ་རིམ་པར་ཕྱེ་བ་དྲུག་པའོ།། །། ཁྲག་དགུག་པ་ཡི་སྦྱོར་བ་ནི། །ཞལ་གསུམ་ཕྱག་དྲུག་སྐེམ་པ་ཡི། །ཕྱག་ན་འཁོར་ལོ་ཟླ་འོད་འདྲའི། །མཁས་པས་ཙརྩི་ཀ་བསྒོམ་བྱ། །ཆང་དག་དགུག་པའི་སྦྱོར་བ་ནི། །ཞལ་གསུམ་ཕྱག་དྲུག་ཕག་གདོང་མ། །རབ་སྔོ་ཕྱག་ན་རྡོ་རྗེ་བསྣམས། །མཁས་པས་ཕག་མོ་བསྒོམ་པར་བྱ། །ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར། །ཞལ་གསུམ་ཕྱག་དྲུག་དམར་བ་ལ། །ཞི་བ་ཕྱག་ན་པདྨ་བསྣམས། །དབྱངས་ཅན་བརྟུལ་ཞུགས་ཅན་གྱིས་བསྒོམ། །ཁུ་བ་དགུག་བའི་སྦྱོར་བ་ནི། །ཞལ་གསུམ་ཕྱག་དྲུག་རལ་གྲི་བསྣམས། །ནོར་བུ་མྲྒད་ 357b འདྲ་བ་ནི། །གཽ་རི་མཁས་པས་བསྒོམ་པར་བྱ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེད་པོ་བསད་པ་དང་དགུག་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཙརྩི་ཀའི་སྔགས་འདི་གསུངས་སོ། །ོཾ་ཙ་རྩི་ཀེ་སིདྡྷཱི་ནྡྲ་ནཱི་ལ་ཧ་རི་ཎི་རཏྣ་ཏྲ་ཡ་ཨ་པ་ཀ་རི་ཎོ་རུ་དྷི་ར་ཨ་ཀརཱ་ཡ་ཛཿ ། སྔགས་འདི་དག་ནི་དྲན་བྱས་ན། །ཁ་གདངས་པ་དག་བྱས་པ་ཡིན། །འཇིག་རྟེན་གསུམ་གྱི་ཁྲག་ཆེན་པོ། །འགུགས་པར་འདི་ལ་ཐེ་ཚོམ་མེད། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེད་ཆེན་པོ་ཆང་འགུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་ཕག་མོའི་ཆང་འགུགས་པའི་སྔགས་གསུངས་པ། ཨོཾ་བཛྲ་གྷོ་ན་སུ་གྷོ་ནེ་བཛྲ་མཱ་མ་ཀཱི་བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ཏཻ་དྷ་ཏུ་ཀརྱཾ། ཨཱ་ཀཪྵ་ཡ་ཛཿ ། རྫ་མཁན་ལག་པ་ཕྱིས་པའི་སས། །བུམ་པ་ཁ་མཛེས་ཉེར་བྱས་ལ། །རྐུན་མའི་སྐྲ་ནི་རྟེན་བཞག་སྟེ། །སྔགས་ནི་རྗེས་སུ་དྲན་པར་བྱ། །སྔགས་འདི་ཆེ་བའི་བདག་ཉིད་འདི། །བ་ཏ་མཆོད་རྟེན་དག་ཏུ་བསྟན། །དལ་གྱིས་དམིགས་ནས་འབད་པར་བྱ། །ཆད་ནི་འགུགས་པར་རབ་ཏུ་གྲགས། །དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་གཤིན་རྗེ་གཤེད་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་དབྱངས་ཅན་མའི་སྔགས་གསུངས་པ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི། ཛྭཱ་ལ་ཛྭཱ་ལ། མེ་དྷ་བརྡྷ་ནི། དྷི་རི་དྷི་རི། བུདྡྷི་བརྡྷ་ནི་སཝཱཧཱ། ཚེས་ 358a ༄#། །ཀྱི་དང་པོ་ནས་བཟུང་སྟེ། །ཀུན་ཏུ་ཟླ་བ་ཉ་ཡི་བར། །སྦྱར་བའི་སྐད་ནི་སྨྲ་བར་བྱ། །ཇི་སྲིད་ཟླ་བའི་རྗེས་འཇུག་པས། །རྟག་ཏུ་ཚིགས་བཅང་བརྒྱ་ཟིན་འདི། །ངག་གི་དབང་ཕྱུག་འགྲུབ་པར་འགྱུར། །ཁམས་གསུམ་མ་ལུས་པ་དག་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་རྡོ་རྗེས་ཁུ་བ་འགུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཁུ་བ་འགུགས་པར་བྱེད་པའི་གཽ་རཱིའི་སྔགས་འདི་གསུངས་སོ། །ོཾ་ཨཱ་ཀཱཪྵ་ཎི་ཨཱ་ཀཪྵ་ཎི་གཽ་རི་ཧྲཱིཿ དུཥྚཱ་ཡ་དུཥྚཱ་ཡ། ཤུ་ཀྲ་མ། ཨ་ཀཪྵ་ཡ་ཛ་ཛ་ཛ་ཧཱུཾ་ཧཱུཾ་ཧཱུཾ་སཝཱཧཱ། པདྨ་ཁ་དང་རྡོ་རྗེ་དང ། །དྲིལ་བུ་ལྕགས་ཀྱུའི་རླུང་སྦྱོར་གྱིས། །བཟླས་དང་སྒོམ་པའི་སྦྱོར་བ་ནི། །ཁུ་བའི་ཚོགས་ནི་འགུགས་པར་བྱེད། །ནགས་ཀྱི་ནང་ངམ་དབེན་པ་རུ། །ལས་འདི་དག་ནི་བསྐུལ་བྱས་ནས། །ནུབ་བདུན་ཙམ་དུ་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེད་ཆེན་པོ་རྡོ་རྗེ་ནག་པོ་འཇིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་བསྐུར་བ་མཆོག་གི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་བར་མཛད་དོ། །ུ་དུམ་བ་ར་མནྡཱ་ར། །བ་རི་ཛ་ཏ་ཀ་ཕྲེང་དང ། །ཀར་ནི་ཀ་ཡི་ཕྲེང་བ་ནི། །བུ་ཁྱོད་ཟུངས་ལ་བྱིན་གྱིས་རློབས། །རལ་གྲི་ཆེན་པོས་ཁམས་ 358b གསུམ་པའི། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །འབྱུང་པོ་ཐམས་ཅད་འགུགས་པར་བྱེད། །ལས་ཀྱི་རལ་གྲི་དམ་པ་འདི། །བཟུང་ན་བདུད་ལས་རྒྱལ་བར་འགྱུར། །ཤེས་རབ་ཐབས་ཀྱི་ངོ་བོ་ཉིད། །རྡོ་རྗེ་དྲིལ་བུ་སྒྲུབ་པ་འདི། །ལོངས་ལ་སློབ་མ་ཡང་དག་གཟུང ། །བཏུང་བ་རིན་པོ་ཆེ་འདིས་ནི། །རྡོ་རྗེ་ལུས་ནི་རབ་ཏུ་བསྒྲུབ། །ཀུན་ཏུ་ཡེ་ཤེས་བུ་ཁྱོད་ཀྱིས། །འཐུངས་ཤིག་ཡེ་ཤེས་ལས་བྱུང་བ། །སློབ་མའི་ཁར་ཡང་བླུག་བྱ་བ། །གཤིན་རྗེ་གཤེད་ཀྱིས་བསྒྲུབས་པ་ཡིན། །རྡོ་རྗེ་སློབ་མ་བདག་ཉིད་ཆེས། །ཤིན་ཏུ་དགའ་བའི་སེམས་སུ་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། འགུགས་པ་ལ་སོགས་པའི་སྦྱོར་བ་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་པོ། །སྲུང་བའི་འཁོར་ལོ་སྦྱོར་བར་བྱེད། །བགེགས་དང་ལོག་པར་འདྲེན་པ་དང ། །གདུག་པ་ཅན་དག་བསལ་ཕྱིར་གསུངས། །དཔལ་ལྡན་རལ་གྲི་འཆང་བའི་བདག ། སྲུང་བའི་འཁོར་ལོ་སྦྱོར་བར་བྱེད། །རལ་གྲི་འབར་བའི་བདག་ཉིད་ཀྱིས། །རིག་པ་གསུམ་ལས་མཆོད་པར་བྱེད། །སེམས་ཅན་ཐམས་ཅད་སྐྱོབ་པ་ཡི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི། །སློབ་དཔོན་དག་གིས་དཀྱིལ་འཁོར་བྲི། །གོས་ཀྱིས་གདོང་ནི་བཅངས་བྱས་ལ། ། 359a ༄#། །དཀྱིལ་འཁོར་གྱི་ནི་མདུན་སྒོར་གཞག་།ཁྱོད་སུ་ཞེས་ཀྱང་འདི་སྐད་དྲི། །སྐལ་བཟང་བདག་ཅེས་ཚིག་ཏུ་བརྗོད། །གསོལ་བཏབ་པ་ཡི་བློ་བཟང་ལ། །ཡོལ་བའི་ནང་དུ་སྦྱིན་པར་བྱ། །དབང་བསྐུར་དོན་དུ་གུས་ཆེན་པོས། །དེ་ནས་ལན་གསུམ་ཆེད་དུ་བརྗོད། །ཇི་ལྟར་སངས་རྒྱས་ཆོས་ཆེན་པོས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང ། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །དེ་བཞིན་གླུ་དང་རོལ་མོས་མཆོད། །དེ་བཞིན་ཁྲུས་དང་བྱུག་པས་ཀྱང ། །སློབ་མ་དད་པས་བླུག་པར་བྱ། །དེ་ལ་བསྟོད་པ་ཀུན་ཀྱང་བྱ། །དེ་ནས་རྡོ་རྗེ་འཆང་གི་རྒྱལ་པོས་སྟོང་པའི་སྔགས་གསུངས་པ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་པཱུ་ཛ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་དྷརྨཱ་དྷཱ་ཏུ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞི་བ་ལ་སོགས་བྱེད་པ་ཡིས། །སྦྱིན་སྲེག་དེ་ནས་བཤད་པར་བྱ། །སྦྱིན་སྲེག་གང་གིས་གྲུབ་པ་ཡི། །ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཞི་བ་ཞི་བའི་སེམས་ཀྱིས་ཏེ། །རྒྱས་པ་རྒྱས་པའི་སེམས་ཀྱིས་སོ། །དབང་ཡང་དེར་གཏང་སེམས་ཀྱིས་ཏེ། །བསད་དང་བསྐྲད་པ་ལ་ཡང་ངོ ། །ཞི་བའི་དཀྱིལ་འཁོར་ཟླུམ་བོ་སྟེ། ། རྒྱས་པ་ཡི་ནི་རྫིང་བུ་འདྲ། །དབང་དུ་བྱ་བ་ཟླ་གམ་ལྟར། །ནམ་མཁའི་ཁམས་འདྲ་བས་ནི་བསད། །ཞི་བ་ཁྲུ་གང་ཚད་དུ་སྟེ། །དེ་བཞིན་རྒྱས་པའི་ཁྲུ་དོ་བ། །ཇི་ལྟར་རྒྱས་པ་དེ་ལྟར་ 359b དབང ། །བསད་པ་ལ་ནི་སོར་ཉི་ཤུ། །ཞི་བ་སྟེང་དུ་ཁྲུ་ཕྱེད་ཚད། །རྒྱས་པ་ལ་ནི་ཁྲུ་ཙམ་སྟེ། །སོར་ལྔ་གཉིས་ནི་བསད་པ་ལ། །དབང་ལ་ཇི་ལྟར་དེ་བཞིན་དགུག་།ཚེས་གཅིག་ལ་ནི་ཞི་བ་བྱ། །ཟླ་བ་ཉ་ལ་རྒྱས་པ་སྟེ། །བཅུ་བཞི་ལ་ནི་མངོན་སྤྱོད་དོ། །དབང་གི་ལས་ནི་ཚེས་བརྒྱད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། །།རྒྱ་མཚོའི་ས་ནི་བླངས་བྱས་ལ། །ཀླུ་ཡི་གཟུགས་གཅིག་བརྩམས་བྱས་ཏེ། །ཡི་གེ་ཧཱུཾ་ཕུ་སྙིང་གར་ནི། །ཧྲཱིཿ ་ཥྚྲཱིཿ ལ་སོགས་བཟླས་པ་བྱ། །ཆར་ནི་མི་འབབ་དུས་དག་ཏུ། །བཟླས་པ་ཁྲི་བྱས་འབབ་པར་འགྱུར། །སྦྲུལ་ནག་པོ་ཡི་ཤ་དང་ནི། །ནིམ་པའི་ལོ་མ་དང་བསྲེས་ལ། །དེ་ལ་རིལ་བུ་བྱས་ནས་ནི། །བརྟུལ་ཞུགས་ཅན་གྱིས་རྒྱ་མཚོར་བཞུགས། །སྔགས་ཀྱི་བཟླས་པ་ཁྲི་བྱས་ན། །མཚོ་རླབས་རེངས་བྱེད་མཆོག་ཡིན་ནོ། །ཙནྡན་འབྲས་བུ་བརྒྱ་བླངས་ལ། །འབྲས་དང་མར་ཤས་བསྲེས་བྱས་ཏེ། །འབུམ་ཕྲག་བརྒྱ་ནི་རབ་བཟླས་ལ། །སྦྱིན་སྲེག་བྱས་ན་ལྷ་མཐོང་འགྱུར། །དུར་ཁྲོད་རོ་བསྲེགས་ཡོག་པའི་ཤིང ། །བརྟུལ་ཞུགས་ཅན་གྱིས་གཟུགས་སུ་བྲི། །སྨྱོན་པའི་ཁུ་བས་བསྐུས་བྱས་ལ། །སྔགས་ཁྲི་བཟླས་པས་མཛེས་ཐེབས་འགྱུར། །གྲུབ་པའི་ཡུངས་ཀར་བླངས་བྱས་ན། །འབུམ་ཕྲག་བཞི་ནི་བཟླས་བྱས་ན། །སྦྲུལ་གྱིས་ 360a ༄#། །བཟུང་ནས་འགྱེལ་བ་ལ། །གཏོར་ན་འཚོ་བར་ཐེ་ཚོམ་མེད། །རི་གཤོང་ཆུ་ཡི་ས་བླངས་ལ། །སྔགས་ཀྱི་བཟླས་པ་འབུམ་བྱས་ནས། །མགོ་ལ་བསྐུས་པ་ཙམ་གྱིས་ནི། །མགོ་ཡི་ནད་ནི་ཉམས་པར་བྱེད། །སྔགས་ནི་ལན་བདུན་མངོན་བཟླས་པའི། །ལག་པས་མགོ་བོ་མཉེས་ན་ནི། །མགོ་ནི་ཟུག་གཟེར་འབྱུང་མི་འགྱུར། །དེ་ནི་འདི་ལྟར་ཐེ་ཚོམ་མེད། །བྲམ་ཟེ་ཡི་ནི་ཤ་དག་ལ། །དུར་ཁྲོད་ས་དང་ཐལ་བ་ལས། །གཤིན་རྗེ་གཤེད་ཀྱི་གཟུགས་བྱས་ཏེ། །ཕྱག་གཉིས་ཞལ་ནི་གཅིག་པ་ལ། །རྡོ་རྗེ་ཆེན་པོ་གཡས་པ་ན། །དེ་བཞིན་མི་མགོ་གཡོན་པ་ནའོ། །མདོག་ནི་དཀར་པོ་ཆེར་འཇིགས་པ། །དེ་ཡིས་གདུག་པ་འཇོམས་པར་བྱེད། །བདུད་རྩི་ལྔ་ནི་ཤ་ལྔ་ཡིས། །ཉིན་རེ་བཞིན་དུ་གཏོར་མ་སྦྱིན། །བདག་གི་དགྲ་བོ་ཆོམས་ཤིག་ཅེས། །རྣལ་འབྱོར་པས་བདག་གཡོལ་བ་གདབ། །ནུབ་མོ་དེ་སྐད་བརྗོད་པས་ཉལ། །དགྲ་ནི་ཐོ་རངས་འཆི་བར་འགྱུར། །ཆུ་འགགས་ལ་སོགས་པས་གཟིར་ཞིང ། །ཡང་ན་ནད་ཀྱིས་ཐེབས་པར་འགྱུར། །དགྲ་ཡི་བཻ་རོ་ཙ་ན་བླང ། །མི་ཡི་རྐང་སྦུབས་ཡོངས་བཀང་སྟེ། །རབ་ཏུ་བཀང་ནས་འབུམ་བཟླས་ན། །ཤིང་རྩེར་རྒྱུ་བའི་ཡི་དྭགས་མཚུངས། །ལྷ་རྫས་དངོས་གྲུབ་ཀུན་བྱེད་ཅིང ། །དགོས་པ་སྣ་ཚོགས་རབ་སྒྲུབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་ 360b གཤེད་ནག་པོའི་རྒྱུད་ལས། འཇིགས་བྱེད་གཤིན་རྗེ་གཤེད་ཅེས་བྱ་བའི་རིམ་པར་ཕྱེ་བ་སྟེ་དགུ་པའོ།། །།རོ་ལངས་ཆེན་པོའི་སྒྲུབ་ཐབས་ནི། །དེ་ནས་ཡང་དག་བཤད་བར་བྱ། །སྒྲུབ་པ་བཟང་པོ་ཀུན་བྱེད་ཅིང ། །དགོས་པ་སྣ་ཚོགས་རབ་སྒྲུབ་པའི། །བཟང་པོ་མ་གོད་རྨ་མེད་པ། །ཤིང་ལ་སྦྱངས་པས་བསྡུས་བྱས་ལ། །ཕབ་ལ་ལེགས་པར་བཀྲུ་བྱ་སྟེ། ། དེར་འདུག་སྔགས་བཟླས་བརྟུལ་ཞུགས་ཅན། །ེ་མའོ་ངོ་མཚར་སྔགས་ཀྱི་མཐུ། །བསམ་པ་ཆེན་པོས་འོ་དོད་འབོད། །གཤིན་རྗེ་རྣལ་འབྱོར་ལྡན་པ་ཡི། །ཡིད་ཀྱིས་ཅུང་ཟད་འཇིགས་མི་བྱ། །རྣལ་འབྱོར་ལམ་ནི་གང་འདོད་བ། །དེ་ཀུན་ཐམས་ཅད་སྟེར་བར་བྱེད། །མ་ཧེ་དང་ནི་ཀུ་བེ་ར། །སྟག་དང་དེ་ལས་གཞན་པ་དང ། །དོམ་དང་སྤྲེ་འུ་དག་ལ་ནི། །ཁྱི་དག་གི་ནི་ཁྱད་པར་དང ། །དུག་དང་སྐེ་ཚེ་ཚཝ་དང་ནི། །དེ་བཞིན་ཚ་གསུམ་སོ་བན་ཛ། །འདི་དག་ལེགས་པར་སྦྱར་གཟུགས་བྱ། །གཤིན་རྗེ་གཤེད་པོ་འཇིགས་པའི་གཟུགས། །དེ་ལ་རྣལ་འབྱོར་པས་གསོལ་གདབ། །ཧྲཱིཿ ཥྚྲཱིཿ ལ་སོགས་སྔགས་ཀྱིས་ནི། །ཆེ་གེ་མོ་དེ་བདག་ལ་སྩོལ། །དེ་ཡི་ཕ་ཡིས་སྟེར་བར་བྱེད། །གལ་ཏེ་རྣལ་འབྱོར་པ་མ་ཕྱིན། །རྨི་ལམ་གཤིན་རྗེ་གཤེད་རྡེག་ཅིང ། །ལྷོ་ཡི་ཕྱོགས་སུ་ཁྱེར་མཐོང་ནས། །སད་ན་དེ་ཡི་ཕ་ཡིས་སྟེར། །ཞལ་གསུམ་ཕྱག་དྲུག་འཇིགས་པ་ལ། །ིནྡྲ་ནཱི་ལ་འདྲ་བའི་མདོག་།ཐོ་བ་འཛིན་པའི་བརྟུལ་ཞུགས་ཅན།། 361a ༄#། །ཕྱག་ཏུ་ཐོ་བ་དགོད་པར་བྱ། །ཞལ་གསུམ་ཕྱག་དྲུག་ཁྲོས་པ་ལ། །མདོག་དམར་པོ་སྟེ་ཁྲོས་པས་འཇིགས། །འཇིགས་པ་ཡང་ནི་འཇིགས་པར་མཛད། ། མཁས་པས་ཕྱག་ཏུ་དབྱིག་པ་དགོད། །ཞལ་གསུམ་ཕྱག་དྲུག་དམར་བ་ལ། །འཇིགས་པ་ཆེན་པོ་བསྡིགས་པ་ཡིས། །ཕྱག་ན་པདྨ་དམར་པོ་བསྣམས། །པདྨ་ཞེས་བྱ་མཁས་པས་བསྒོམ། །ཞལ་གསུམ་ཕྱག་དྲུག་ལྗང་གུ་སྟེ། །ཕྱག་ན་རལ་གྲི་བསྣམས་པ་ཡི། །ལས་ཀུན་བྱེད་པར་གྱུར་པ་འོ། །རལ་གྲི་ཞེས་བྱ་རྣམ་བསྒོམ་བྱ། །བྷ་གར་ལིངྒ་རྣམ་བསྒོམ་ཉིད། ། དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཞེ་སྡང་རྗེས་དྲན་རྣལ་འབྱོར་གྱིས། །གཏི་མུག་རྗེས་དྲན་བསྒོམ་པར་བྱ། །གཏི་མུག་རྗེས་དྲན་ལ་དམིགས་ནས། །ཕྲ་མ་རྗེས་དྲན་བསྒོམ་པར་བྱ། །ཕྲ་མ་རྗེས་དྲན་རྣལ་འབྱོར་གྱིས། །འདོད་ཆགས་རྗེས་དྲན་བསྒོམ་པར་བྱ། །འདོད་ཆགས་རྗེས་དྲན་རྣལ་འབྱོར་གྱིས། །ཕྲག་དོག་དྲན་བྱ་བརྟུལ་ཞུགས་ཅན། །སོ་སོའི་རིགས་ཀྱི་སྤྲིན་རྣམས་ནི། །བ་སྡུའི་ཁུང་ནས་སྤྲོ་བར་བྱ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །གཏུམ་པོའི་ཁྲོ་བོ་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ལྷ་མོ་བཞི་པོ་རབ་བསྒོམ་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། རྗེས་སུ་དྲན་པ་རིམ་པར་ཕྱེ་བ་སྟེ་བཅུ་པའོ།། །།ཞེ་སྡང་ 361b གིས་མནན་འགྲོ་མཐོང་ནས། །ཞེ་སྡང་གཤིན་རྗེ་གཤེད་གཟུགས་སུ། །བཅོམ་ལྡན་གཤིན་རྗེའི་དབང་དུ་མཛད། །ཞེ་སྡང་ཐམས་ཅད་ཟད་པར་བྱེད། །གཏི་མུག་གིས་མནན་འགྲོ་མཐོང་ནས། །གཏི་མུག་གཤིན་རྗེ་གཤེད་གཟུགས་སུ། །བཅོམ་ལྡན་གཤིན་རྗེ་གཤེད་དབང་མཛད། །གཏི་མུག་ཐམས་ཅད་ཟད་པར་མཛད། །འགྲོ་བ་ཕྲ་མས་མནན་མཐོད་ནས། །ཕྲ་མ་གཤིན་རྗེ་གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེ་ཅན་གྱིས་མཛད། །ཕྲ་མ་ཐམས་ཅད་ཟད་པར་མཛད། །འདོད་ཆགས་ཀྱིས་མནན་འགྲོ་མཐོང་ནས། །འདོད་ཆགས་གཤིན་རྗེ་གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེ་ཅན་མཛད་ནས། །འདོད་ཆགས་ཐམས་ཅད་ཟད་པར་མཛད། །ཕྲག་དོག་གིས་མནན་འགྲོ་མཐོང་ནས། །ཕྲག་དོག་གཤིན་རྗེ་གཤེད་གཟུགས་སུ། །བཅོམ་ལྡན་སྙིང་རྗེ་ཅན་མཛད་ནས། །ཕྲག་དོག་ཐམས་ཅད་ཟད་པར་མཛད། །བྱམས་པ་ཙ་རྩི་ཀར་གསུངས་ཏེ། །སྙིང་རྗེ་དེ་བཞིན་ཕག་མོ་འོ། །དབྱངས་ཅན་མ་ནི་དགའ་བ་སྟེ། ། བཏང་སྙོམས་གཽ་རཱི་ཡི་གཟུགས་སོ། །བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། །རྫོགས་པར་བྱས་ནས་དཀྱིལ་འཁོར་གྱི། །རྣལ་འབྱོར་སྙིང་གའི་ས་བོན་སྤྲོ། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །དེ་ནས་ད་ནི་བཤད་བྱ་བ། །སྤྱོད་པ་ཡི་ནི་མཚན་ཉིད་མཆོག་།གཤིན་རྗེ་གཤེད་པོ་འཇིགས་གཟུགས་ཀྱིས། །སྐུ་དང་གསུང་དང་ཐུགས་སུ་འགྲུབ། །དགོན་པ་ཆེན་པོའི་ས་ 362a ༄#། །ཕྱོགས་སུ། །མ་ཧེ་མཆོག་ནི་བཀུག་ལ་ཞོན། །སྦྲུལ་དག་གིས་ནི་བརྒྱན་བར་བྱ། །ལྕགས་ཀྱི་རྡོ་རྗེ་གཟུགས་པར་བྱ། །སྐྲ་ཡང་སེར་པོ་དག་ཏུ་བྱ། །གྱེ་ན་བརྗེས་པ་ཡི་ཁྱད་པར་གྱིས། །མགོ་ལ་ཐོད་པས་ཡང་དག་བསྐོར། །སྨ་ར་ལྐོག་སྤུ་སེར་པོར་བྱ། །ཧྲཱིཿ ཥྚྲཱིཿ ལ་སོགས་སྔགས་བརྗོད་ཅིང ། །ལྕགས་ཀྱི་རྡོ་རྗེ་མཁའ་ལ་གསོར། །རྡོ་རྗེ་གཤིན་རྗེ་གཤེད་སྦྱོར་བས། །སེངྒེའི་སྒྲ་ཡང་དེ་ལ་བྱ། །ནུས་པ་ཅུང་ཟད་སྐྱེས་པ་ནི། །རོལ་ཅིང་གྲོང་དུ་འཇུག་པར་བྱ། །གར་དང་བདེ་བའི་ཆ་ཀུན་གྱིས། །དྲུག་ལས་སྐྱེས་སོགས་གླུ་བླང་བྱ། །དེ་ནས་རྒྱལ་མཚན་ཁམས་མཐོང་ན། །དེར་ནི་འོ་མ་རབ་བསྒྲུབ་བྱ། །འོ་མ་ལ་སེམས་གཅིག་གོམས་པས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཕག་མོ་ཡི་ནི་གཟུགས་བཟུང་བའི། །བཙུན་མོ་ཀུན་ལ་འཁྱུད་པ་ཡིས། །དཔའ་བོ་སེངྒེ་བཞིན་དུ་སྤྱད། །འདོད་པའི་དོན་ཀུན་རབ་ཏུ་འགྲུབ། །དེ་ནས་ད་ནི་བཤད་བྱ་བ། །ཕྱག་རྒྱ་མ་ནི་རབ་སྒྲུབ་བབས། ། གསང་སྔགས་ཆེན་པོ་ཡི་གེ་གཅིག་།དེ་ཡི་བཟླས་པ་མངོན་བཤད་བྱ། །ཡི་གེ་ཧྲཱིཿ ་ལས་བྱུང་བ་ཡིས། །མ་ཧེ་ཡང་དག་བསྒོམ་བྱ་སྟེ། །རྡོ་རྗེ་དཀྱིལ་འཁོར་ལ་གནས་པ། །མ་ཧེ་སྟེང་དུ་བསྒོམ་པར་བྱ། །གང་ཡང་ཅུང་ཟད་གཅོད་ཅིང་འབིགས། །མཚོན་ཆ་སྣ་ཚོགས་གཟུགས་དེ་ནི། །མ་ཧེ་སྣ་ཚོགས་སྒྲུབ་པ་ཡི། །བློ་དང་ལྡན་པའི་ཕྱག་ན་བསྣམས། ། 362b དེ་ནས་ཡང་དག་བཤད་བྱ་བ། །དབྱིག་པ་གཤིན་རྗེ་གཤེད་སྒྲུབ་ཐབས། །ཡི་གེ་ཧྲཱི་ནི་གསང་སྔགས་ཆེ། །མ་ཧེ་ཆེན་པོ་ལ་བཅིབས་པ། །ཕྱག་ནི་འབུམ་ཕྲག་རྫོགས་པའི་ཕྱག་།སྐུ་ནི་མི་རོའི་ཐལ་བས་བསྐུས། །རི་རབ་དང་ནི་མཉམ་པའི་ལུས། །གསེར་གྱི་ས་གཞི་ཐུག་པར་མནན། །དེ་ནས་ཡང་དག་བཤད་བྱ་བ། །བྱེ་བའི་ཕྱག་ཅན་སྒྲུབ་པའི་ཐབས། །ཡི་གེ་ཧཱུཾ་ལས་བྱུང་བའི་གཙོ། །ཝི་ཀྲྀ་ཏཱ་ན་གསང་སྔགས་ཆེ། །ོཾ་ཧྲཱིཿ ཥྚྲཱི་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ ་ཕཊ་སཝཱཧཱ། དགོས་པ་ཐམས་ཅད་སྒྲུབ་པ་ཡི། །དམ་ཚིག་སྒྲུབ་ཐབས་བཤད་པར་བྱ། །སྔགས་ཀྱིས་དུབ་པས་ཁ་ཟས་བཟའ། །ངན་པ་དང་བྲལ་རྙེད་དཀའ་མིན། །ཤ་ཆེན་དང་ནི་རྟ་དང་ནི། །གླང་པོ་ཆེ་ཡི་ཁྱད་པར་དང ། །བ་ལང་གི་དང་ཁྱི་དང་ནི། །བོང་བུ་རྔ་མོ་ལྕེ་སྤྱང་ངོ ། །སྔོན་པོ་དང་ནི་བསྲེས་པ་ཡི། །སྣུམ་ཆེན་གྱིས་ནི་ལུས་བྱུགས་ན། །ལུས་ལ་བྱུགས་པ་ཙམ་གྱིས་ནི། །འགྲོ་བ་ཐམས་ཅད་དབང་དུ་འགྱུར། །སྣང་མཛད་སི་དུ་བ་ར་དང ། །དེ་བཞིན་བིལ་བའི་ལོ་མ་དང ། །སོ་ཕག་ཕྱེ་མ་བསྲེས་པ་དང ། །གསེར་ཤིང་ལོ་མའི་ཁུ་བ་རྣམས། །འདི་ཡིས་དྲིལ་ཕྱིས་བྱས་གྱུར་ན། །ཁམས་གསུམ་པོ་ནི་དབང་དུ་འགྱུར། །དུག་དང་ཆུ་བུར་དེ་བཞིན་མཛེ། །དྲིལ་ཕྱིས་བྱས་པས་ཉམས་པར་བྱེད། །གཅི་བ་ཆེན་པོ་བཏུང་བར་བྱ། །རྡོ་རྗེ་བདུད་རྩི་དེ་བཞིན་དུ། །འདི་ནི་རྣལ་འབྱོར་མཆོག་གཙོ་བོ། །རང་བྱུང་མེ་ཏོག་བཏུང་བ་ 363a ༄#། །བཞིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། སྤྱོད་པ་སྟོན་པ་ཞེས་བྱ་བའི་རྒྱུད་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་དམ་ཚིག་རྡོ་རྗེ་སེམས་དཔའི་ངོ་བོ་ཙ་རྩི་ཀའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་ཕག་མོའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང ། དབྱངས་ཅན་གྱི་རྣམ་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་ཞུགས་པ་དང ། གཽ་རཱི་མའི་རྣམ་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་ཞུགས་ཏེ་མཆོད་པའི་གླུ་འདི་དག་བརྗོད་པར་མཛད་དོ། ། ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་བླ། །སྲིན་པོའི་གཟུགས་ཅན་རང་བཞིན་ཁྱོད། །བདག་གིས་ཁྱོད་མཐོང་ཤིན་ཏུ་འཇིགས། །ཁྲོས་པའི་རང་བཞིན་འདི་ཐོང་མཛོད། །མཐོ་རིས་ས་སྟེང་ས་འོག་བཅས། །ཁྱོད་ཀྱི་གར་གྱིས་གཡོས་པར་མཛོད། །ཉྫ་ནག་པོ་བཅག་འདྲ་བའི། །ཁྲོ་ཁྱོད་རོ་ལངས་ཞི་གར་མཛོད། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང ། །མདངས་ནག་ཚད་ནི་ཐུང་བ་ལ། །བདེ་ཆེན་ངོ་བོ་བྲོ་གར་གྱིས། །རྡོ་རྗེ་དབྱངས་ཅན་མ་གསོལ་འདེབས། །ཧྲཱིཿ ་ཥྚྲཱིཿ སྔགྶ་དང་གར་གྱིས་ཁྱོད། །སྲིད་པ་གསུམ་གྱི་འཁྲུལ་པ་ཆོད། །སྙིང་རྗེ་ཁྲོས་པའི་དང་གྲོལ་གར། །འགྲོ་བས་དད་ནི་ངོ་མཚར་འགྱུར། །དེ་ནས་ཡང་དག་བཤད་བྱ་བ། །བཟླས་ 363b པ་ཡི་ནི་མཚན་ཉིད་མཆོག་།བཟླས་པ་གང་ཞིག་རབ་བཟླས་ན། །དངོས་གྲུབ་ཡངས་པ་ཐོབ་པ་ནི། །མྱུར་བར་མ་ཡིན་དལ་བར་མིན། །རིང་དུ་མ་ཡིན་ཐུང་དུ་མིན། །སྔགས་ནི་ཅུང་ཟད་ཐོས་པར་བཟླས། །གཤིན་རྗེ་སློབ་དཔོན་མི་མཆོག་གི། །མ་ཧེ་མི་དང་སོ་གཉིས་དང ། །བ་ལང་དང་ནི་རྟ་དག་དང ། །བོང་བུ་རྔ་མོའི་རུས་པ་ལས། །བཟླས་པའི་ཕྲེང་བ་རབ་བསྒྲུབ་བྱ། །ཟླ་ངོ་གཅིག་གི་བཅུ་བཞི་ལ། །བདུད་རྩི་ལྔ་དང་ལྡན་པ་ཡིས། །ཤ་ལྔ་དག་ནི་བསྡུས་བྱས་ནས། །བཟླས་ན་དངོས་གྲུབ་འགྲུབ་པའི་མཆོག་།རིལ་བུ་དག་ནི་སེ་སོ་ལ། །རྣལ་འབྱོར་པ་ཡིས་གཤིན་གཤེད་བསྒོམ། །མཁས་བས་ནི་ཡང་མི་མགོ་སྟེ། །ཁྲག་གིས་བཀང་པའི་མགོ་བསྒོམ་བྱ། །ཁྲི་ཙམ་གྱི་\?\་སཾ་\?\་ན་\?\་འབྱུང་པོ་རྣམས། །མཁའ་འགྲོ་མ་རྣམས་སྟོང་ཕྲག་གིས། །བདུད་དང་ཡི་དྭགས་ཚོགས་ཀྱང་འཆི། །གཤིན་གཤེད་རྡོ་རྗེའི་སྦྱོར་བ་ཡིས། །རྣལ་འབྱོར་བདག་ཉིད་འབུམ་བཟླས་ན། །དེས་ནི་ལས་ཀུན་བྱེད་པ་ཡིན། །བྱེ་བ་བཟླས་ན་དངོས་གྲུབ་སྟེར། ། བྱེ་བ་ལྔ་བཟླས་སྨོས་ཅི་དགོས། །ཉིན་རེའང་ཡང་ན་ཟླ་རེ་འམ། །དེ་བཞིན་ལོ་ནི་རེ་རེ་འམ། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། །དབྱུག་གུ་དྲུག་ཅུ་རྩ་བཞིར་ཤེས། །རྟག་ཏུ་ཅུང་ཟད་ཅི་ཟ་དང ། །དེ་བཞིན་ཅུང་ཟད་འཐུང་བ་དང ། །གཞན་ཡང་བཟའ་བ་ཐམས་ཅད་ཀྱི། །ཕུད་ནི་གཤིན་རྗེ་གཤེད་ལ་དབུལ། །དེ་ནས་ཡང་དག་བཤད་བྱ་བ། །བླ་མ་ལ་ནི་ཡོན་དབུལ་བའོ། །ལས་ 364a ༄#། །ནི་ཐམས་ཅད་སྒྲུབ་པ་དང ། །བདག་ཉིད་ཞི་བར་བྱ་བའི་ཕྱིར། །བདག་ཉིད་ཀྱང་ནི་དབུལ་བ་དང ། །རྟ་དང་བ་ལང་གླང་པོ་དང ། །གསེར་དང་དེ་ལས་གཞན་པ་དང་།། རང་གི་ཆུང་མ་དེ་བཞིན་བུ། །མ་དང་སྲིང་མོ་ཚ་མོ་དང ། །དེ་བཞིན་དུ་ནི་སྤུན་ཟླ་དང ། །ན་བཟའ་སྣ་ཚོགས་དག་དང་ནི། །གདུགས་དང་རྡུལ་ཡང་མཛེས་པ་དང ། །ཁྱིམ་དང་གདན་དང་དྲི་ཞིམ་དང ། །དེ་བཞིན་གླུ་དང་རོལ་མོ་དང ། །རལ་གྲི་དང་ནི་རྒྱན་དག་དང ། །བརྟུལ་ཞུགས་ཅན་གྱིས་བླ་མར་དབུལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ཉེ་བར་མཁོ་བའི་ལས་ཀྱི་ཁྱད་པར་ཐམས་ཅད་ཞེས་བྱ་སྟེ་རིམ་པར་ཕྱེ་བ་བཅུ་གཉིས་པའོ།། །།དེ་ནས་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་དག་ནི་ཇི་སྙེད་པ། །དེ་དག་གཅོད་པའི་གྲི་གུག་སྟེ། །ཞེ་སྡང་གཅོད་པའི་ཤུབས་ཅན་ནོ། །དེ་ནས་ཡང་དག་བཤད་བྱ་བ། །རིང་པོའི་ཐོད་པ་བསྒྲུབ་པའི་ཕྱིར། །རྡོ་རྗེ་མཁའ་འགྲོ་མ་སྒྲུབ་ཐབས། །ནམ་མཁའི་ཁམས་ཀྱི་དབུས་གཏོགས་པར། །ཉི་མའི་དཀྱིལ་འཁོར་མཆོག་བསམ་བྱ། །གནས་དེར་རྩེ་ལྔ་པ་ཡང་བསྒོམ། །དེ་ཡི་སྟེང་དུ་གནས་དགོད་བྱ། །མཐིང་མདོག་ནག་པོ་འཇིགས་ཚུལ་ལ། །ཕྱག་དྲུག་འཇིགས་སུ་རུང་བ་སྟེ། །ཕྱག་ན་རྡོ་རྗེ་རྣམ་བསྒོམ་བྱ། །ཕྱག་གཞན་དག་ལ་གཞན་དག་དགོད། །ཤར་དུ་སངས་རྒྱས་ 364b མཁའ་འགྲོ་མ། །ཕྱག་དྲུག་གཏི་མུག་རྡོ་རྗེ་མཚུངས། །ལག་ན་འཁོར་ལོ་འཇིགས་པར་བྱེད། །བསྒོམ་བྱ་སྦྱོར་བའི་དཀྱིལ་འཁོར་དུ། །ལྷོ་རུ་རིན་ཆེན་མཁའ་འགྲོ་མ། །ཕྱག་དྲུག་ཕྲ་མ་དང་མཚུངས་པ། །ཕྱག་ན་རིན་ཆེན་རབ་འབར་བ། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །ནུབ་ཏུ་པདྨའི་མཁའ་འགྲོ་མ། །ཕྱག་དྲུག་པདྨ་འཛིན་པ་འོ། །བྱང་དུ་ལས་ཀྱི་མཁའ་འགྲོ་མ། །རལ་གྲི་འཛིན་པའི་དཀྱིལ་འཁོར་རིམ་པ་འོ། །མེ་ལ་སོགས་པ་མཚམས་བཞི་རུ། །ལྷ་མོ་བསྒོམ་བྱ་བརྟུལ་ཞུགས་ཅན། །ལཱ་སྱ་མ་ལེ་དེ་བཞིན་གར། །གླུ་མ་ཡི་ནི་ཁྱད་པར་རོ། །ལས་ཀྱི་ཆོ་ག་མཐོང་བ་དེས། །དེར་ནི་སྒོ་སྐྱོང་བསྒོམ་པར་བྱ། །ཐོབ་དབྱིག་པ་དང་པདྨ། །དེ་བཞིན་གཞན་ནི་རལ་གྲི་འོ། །ོཾ་བཛྲ་ཌཱ་ཀི་ནཱི། ཨོཾ་བུདྡྷ་ཌཱ་ཀི་ནཱི། ཨོཾ་རཏྣ་ཌཱ་ཀི་ནཱི། ཨོཾ་པདྨ་ཌཱ་ཀི་ནཱི། ཨོཾ་ཀརྨ་ཊཱ་ཀི་ནཱི། ལཾ་ནཾ་གཾ་མཾ། མཚམས་སུའོ། །ོཾ་མུངྒ་ཛཿ ། ཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁཌྒ་ཧོ། །འདི་ནི། བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་ཐབས་གསུངས་པའོ། །རིང་པོའི་ཐོས་པ་བསྒྲུབ་དོན་དུ། །རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ། །དེར་ནི། གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་ཏེ། ཨོཾ་ཨ་ཀཱི་ཤ་ཙ་ར་བཛྲ་ཌཱ་ཀི་ནཱི་སཝཱཧཱ། དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ས་འོག་སྒྲུབ་ཐབས་སོ། །ས་འོག་རྣམ་པར་བསྒྲུབ་དོན་དུ། །གནོད་མཛེས་རྡོ་རྗེ་བསྒོམ་པར་བྱ། །ཕྱག་དྲུག་མདོག་སྔོན་འཇིགས་པ་ཡི། །ཕྱག་ཏུ་གཏུན་ཤིང་དགོད་ 365a ༄#། །པར་བྱ། །དཀྱིལ་འཁོར་གྱི་ནི་དཀྱིལ་དག་ཏུ། །འདི་ནི་རབ་ཏུ་དགོད་པར་བྱ། །ཤར་དུ་སྤྱན་མ་དགོད་པར་བྱ། །དེ་བཞིན་ལྷོ་རུ་མཱ་མ་ཀཱི་།ནུབ་ཏུ་ལྷ་མོ་གོས་དཀར་མོ། ། སྒྲོལ་མ་བྱང་གི་ཕྱོགས་སུ་དགོད། །མེ་ཏོག་སྤོས་དང་དེ་བཞིན་དྲི། །མར་མེ་ལ་སོགས་མཚམས་སུ་དགོད། །ཐོ་བ་ལ་སོགས་སྒོ་དྲུང་སྟེ། །སྦྲུལ་གྱིས་བརྒྱན་པའི་སྐ་རགས་བྱས། །ལས་ཀྱི་ཆོ་ག་མཐོང་ནས་ནི། །དཀྱིལ་འཁོར་འདི་ལྟར་བསྒོམ་པར་བྱ། །རྡོ་རྗེ་ས་འོག་སྦྱོར་ལྡན་པས། །རྨི་ལམ་དུ་ནི་ལམ་མཐོང་འགྱུར། །དེ་ནས་ཡང་དག་བཤད་བྱ་བ། །བདུན་པའི་རྒྱལ་པོའི་དཀྱིལ་འཁོར་ཏེ། །མཁའ་སྤྱོད་ཉིད་ནི་རབ་བསྒྲུབ་ཕྱིར། །རྟ་ཡི་མཆོག་ནི་རབ་ཏུ་བསྒྲུབ། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྐུ་མདོག་ལྗང་གུ་འཇིགས་པར་བྱེད། །ཉི་མའི་དཀྱིལ་འཁོར་སྟེང་དུ་གཞག་།རྟ་ཡི་གདོང་པ་རབ་མཛེས་པས། །གཡས་པ་སྲད་བུ་ཁུ་ཚུར་བཅས། །ཕྱག་གཡོན་པ་ནི་ཐོད་པ་འོ། །ོཾ་ཕུཾ་ཕུཾ་ཕུཾ་ཧི་ཧི་ཧི། གསང་སྔགས་འདི་ནི་མཁས་པས་བཟླ། ། རྟ་ཡི་མཆོག་ཏུ་གྱུར་པར་གྲགས། །ཤར་དུ་བ་ཌ་བིད་བསྒོམ་བྱ། །ལྷོ་ཕྱོགས་སུ་ནི་རིམ་གྲོ་མ། །ནུབ་ཏུ་བདུན་པའི་རྒྱལ་པོ་སྟེ། །རྟ་མཆོག་མ་ནི་བྱང་ཕྱོགས་དགོད། །བདག་པོའི་ཞལ་ཕྱག་ཇི་ལྟ་བར། །ཐམས་ཅད་དེ་དང་འདྲ་བར་བསྒོམ། །སྔགས་འདི་ཡིས་ནི་ཐམས་ཅད་དུ། །གཤེགས་སུ་གསོལ་བར་རབ་ཏུ་གྲགས། །སྨྱུག་མའི་གླིང་བུ་པི་ཝང་དང ། །རྔ་ཟླུམ་རྔ་ 365b བྲན་མཚམས་སུ་གཞག་།བ་ལང་སྣ་དང་གླང་པོའི་སྣ། །དེ་བཞིན་གདོང་བཟང་གདོང་ངན་ཏེ། །གཏུན་ཤིང་དང་ནི་སྟ་རེ་དང ། །ལྕགས་ཀྱུ་དང་ནི་ཞགས་པ་དང ། །གར་ལ་སོགས་པའི་རྣལ་འབྱོར་གྱིས། །སྒོ་བཞི་རུ་ནི་རྟག་ཏུ་བསྒོམ། །སྔོ་ཆགས་གཡོན་པར་བསྒོམ་པར་བྱ། །རང་གི་ཕྱག་མཚན་དེ་བཞིན་གཡས། །ཇི་ལྟར་རྟ་མཆོག་སྔགས་ཀྱིས་ནི། །རྡོ་རྗེ་ས་འོག་གི་ཡང་གཏེར། །རྟ་མཆོག་རྣལ་འབྱོར་ཉིད་ཀྱིས་ནི། །ཁམས་གསུམ་ནམ་མཁའི་ཁམས་སུ་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས།་དངོས་གྲུབ་ངེས་པར་བསྟན་པ་སྟེ་རིམ་པར་ཕྱེ་བ་བཅུ་གསུམ་པའོ།། །།དེ་ལ་འདི་ནི། སྲད་བུ་བརྒྱད་པའི་དམ་ཚིག་གི་མཆོག་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏྟ་ཨོཾ་ཨཱཿ ཧཱུཾ། དཔལ་ལྡན་གཤིན་རྗེ་གཤེད་བསྒོམས་ལ། །སློབ་མ་རྣམ་སྣང་མཛད་དུ་བསྒོམ། །ཡེ་ཤེས་ཐིག་མཆོག་རྩེ་མོ་རྩེ། །ཤིན་ཏུ་མཉམ་པར་བཞག་ནས་གདབ། །དེ་ལ་འདི་ནི། དཀྱིལ་འཁོར་ཆེན་པོའི་དམ་ཚིག་གོ། །ོཾ་ཨཱཿ ་ཧཱུཾ། དཀྱིལ་འཁོར་ཉིས་འགྱུར་རིམ་པར་བྱ། །དེ་ཡི་སྒོ་ཡི་ཉི་ཤུའི་ཚད། །བ་ཡི་རྣམ་ལྔ་མཉམ་བྱུགས་པའི། །སྐུད་པ་སངས་རྒྱས་ཀྱིས་རབ་བརྟགས། །དེ་ལ་འདི་ནི། རྡོ་རྗེ་ཆེན་པོ་གསོལ་བ་བཏབ་པའི་དམ་ཚིག་གོ། །ེ་མ་ཧོ་སངས་རྒྱས་སློབ་དཔོན་ཆེ། །ེ་མ་ཧོ་ཆོས་དང་ཚོགས་ཀྱི་ 366a ༄#། །གཙོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དེ་ལ་འདི་ནི། ས་ཆེན་པོ་ཡོངས་སུ་གཟུང་བའི་ཆོ་ག་སྟེ། རྡོ་རྗེ་སའི་ལྷ་མོ་བཀུག་ལ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པ་ཡི་ནི་ཁྱད་པར་དང ། །ས་དང་ཕ་རོལ་ཕྱིན་པ་ལའོ། །སྒོ་ནི་དཀྱིལ་འཁོར་ཆ་བརྒྱད་དེ། །ཁྱམས་ཆེན་དག་ནི་བོར་བ་ལ། །བདག་ཉིད་ཆེན་པོས་ཤེས་པར་བྱ། །ཡིད་དུ་འོང་ཞིང་ལེགས་སྤྲས་པའི། །མུ་ཁྱུད་སྒོ་ཙམ་ཤེས་པར་བྲིས། །ལྷ་ཡི་སྣམ་བུའང་དེ་ཙམ་མོ། །རྡོ་རྗེ་ལྷ་མོ་ལྡན་པ་ཡིས། །གླུ་དང་རོལ་མོ་གར་ཡང་དགོད། །མཆོད་སྣམ་སྒོ་ཡི་བྱེད་ཉིད་དེ། །འགྲམ་དང་ངོས་ཀྱང་དེ་ཙམ་མོ། །དོ་ཤལ་སེན་མོ་དོ་དང་ནི། །ཉི་མ་ཟླ་བ་མེ་ཏོག་ཕྲེང ། །དེ་ལ་གོས་དང་འཕན་དག་གོ་།རྩ་བ་ས་ཡི་ཐིག་རྒྱབ་ཏུ། །ཚོན་རྩིའི་སྣམ་བུ་དེ་ཡི་ཕྱེད། །དེ་ལ་སྙིང་པོ་ཆེན་པོ་འདིས། །བདག་ཉིད་འཁོར་ལོ་རྣམ་པར་དགོད། །དེར་ནི་རང་གི་ཕྱག་རྒྱའང་བསྟེན། དམ་ཚིག་ཡེ་ཤེས་གཞུག་པ་སྟེ། །དེ་ལྟར་དཀྱིལ་འཁོར་བསྒྲུབ་པར་བྱ། །ཤར་དུ་དཀར་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་དང་ལྡན་པས། །ནུབ་ཀྱི་ཆར་ནི་དམར་པོ་འོ། །བྱང་དུ་ལྗང་གུ་དང་ལྡན་པར། །ིནྡྲ་ནཱི་ལའི་འོད་འདྲ་བའི། །དབུས་ཀྱི་ཆར་ནི་ཡང་དག་བྲི། །དེ་ལ་ཕྱག་རྒྱ་དགོད་པར་བྱ། །ལས་ཀྱི་ཆོ་ག་མཐོང་ནས་ནི། །རྟག་ཏུ་ཕྱག་རྒྱ་མཁའ་མཉམ་པ། །ཕྱག་རྒྱ་ 366b དེ་ཉིད་རྟག་ཏུ་བྲི། །དེ་ཡི་དཀྱིལ་དུ་རྡོ་རྗེ་བྲི། །ཤར་དུ་འཁོར་ལོ་ཡང་དག་བྲི། །དེ་ལྟ་བུ་ལ་སོགས་པ་བལྟ། །ཕྱག་མཚན་ཀུན་ཏུ་ཞལ་དང་མཚུངས། །དེ་ལ་འདི་ཡི་དགང་གཟར་ནི། །དེ་ཡི་ཡུ་བའི་ཚད་བྱ་བ། །ཁྲུ་གང་དང་ནི་ལྡན་པར་བྱ། །དེ་ཡི་དཀྱིལ་འཁོར་རྩེ་མོ་ནི། །སོར་བཞི་པོ་ལ་ཟླུམ་པོར་བ། །གཏིང་དུ་སོར་གཉིས་ཟབ་པ་ལ། །དེ་ལ་སོར་ཕྱེད་མཆུར་བྱས་པའོ། །བླུགས་གཟར་པདྨའི་འདབ་འདྲ་བའི། །ཁ་ནི་མཐེ་བོའི་ལྟོ་གང་ལ། །དེ་ལ་སོར་གཅིག་ཙམ་ཟབ་པ། །རྒྱུད་འདི་རུ་ནི་རབ་ཏུ་བསྔགས། །དཀྱིལ་འཁོར་དུ་ནི་མ་ཞུགས་དང ། །མཚམས་མེད་ལྔ་ནི་བྱས་པ་དང ། །སེམས་ཅན་སྲོག་ནི་གཅོད་པ་དང ། །ཉ་དང་ཤ་ནི་མངོན་ཟ་དང ། །ཆང་ལ་མངོན་པར་དད་པ་དང ། །ཆད་ལྟའི་བརྟུལ་ཞུགས་འཛིན་པ་དང ། །མངོན་པར་དབང་ནི་མ་བསྐུར་དང ། །ཀུན་ཏུ་འཁྱམས་ཤིང་ལྡོམ་བུ་དང ། །གྲོང་གི་གླ་མི་བྱེད་པས་ཀྱང ། །གཤིན་རྗེ་གཤེད་རྒྱུད་མངོན་གཞོལ་ན། །ནག་པོའི་ཚིག་ནི་ཇི་ལྟ་བར། །གྲུབ་པ་འདི་ལ་ཐེ་ཚོམ་མེད། །དེ་ནས་བྱམས་པ་ལ་སོགས་ཀྱིས། །རྡོ་རྗེ་ངེས་པ་འདི་མཐོང་ནས། །རྡོ་རྗེ་བྱང་ཆུབ་སེམས་དཔའ་ཀུན། །མི་སྨྲ་བར་ནི་སྡོད་པར་འགྱུར། །དེ་ལ་འདི་ནི། །རྡོ་རྗེ་དབབ་པའི་ཆོ་གའོ། །འབྱུང་བཞིའི་ས་བོན་ཆེན་པོ་ཡིས། །འཁོར་ལོ་བཞི་ནི་རབ་བསྒྲུབ་བྱ། །གནས་བཞི་རབ་ཏུ་སྦྱོར་བ་བསམ། །ནམ་མཁའ་ལ་ནི་གཡོ་བར་བྱེད། །རྐང་པ་དག་གི་འོག་ཏུ་ཡཾ། །ལྟེ་བར་རཾ་སྟེ་སྙིང་གར་ལཾ། །མགོ་བོ་ 367a ༄#། །ལ་ནི་ཡི་གེ་བཾ། །ཡི་གེ་ཡ་ནི་ནག་ཆེན་པོ། །དྲག་ལ་རྔམ་པ་རབ་གྱུར་བའི། །གྲུ་གསུམ་སྲེག་བའི་མེ་ལྟར་འབར། །ཉི་མའི་དཀྱིལ་འཁོར་ལྟ་བུར་དམར། །རྡོ་རྗེ་ས་གཞི་འཛིན་བཟོད་པའི། །སེར་པོ་ཆེན་པོ་གྲུ་བཞི་བ། །རི་རབ་རི་ཡིས་མནན་པ་ཡིས། །ནོར་འཛིན་དེ་ནི་བསྒོམ་པར་བྱ། །དཀར་པོ་ཟླུམ་པོ་བསིལ་ཆེན་པོ། །སྤྲིན་བཞིན་དུ་ནི་ཆར་པ་འཛིན། །རྒྱ་མཚོ་དུ་མ་ཆུས་གང་བའི། །གངས་ཀྱི་རི་བོ་ལྟར་བསིལ་བའི། །གནས་བཞི་རུ་ནི་སྦྱོར་བས་ན། །ཁར་ནི་སྣང་བ་མཐའ་ཡས་ཏེ། །སློབ་མ་རྡོ་རྗེ་བསྒོམ་པར་བྱ། །མྱུར་བ་རུ་ནི་འབེབས་པར་བྱེད། །དེ་ལ་འདི་ནི་སྤྲོ་བའི་ཆོ་གའོ། །རྡོ་རྗེ་ཆོས་ནི་མགོན་ཆེན་པོ། །སྣང་བ་མཐའ་ཡས་བདེ་བ་ཆེ། །གསུངས་ཤིག་འདོད་ཆགས་ཆོས་ཆེན་པོ། །དགེ་དང་མི་དགེ་ལེགས་པར་བྲི། །ཁྲུ་གང་ནས་ནི་བརྩམས་ནས་ནི། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །སློབ་མ་ཆེན་པོ་འཕར་བར་འགྱུར། །དེ་ནི་དབབ་པའི་ཆོ་ག་འོ། །འཇིགས་གཟུགས་རི་མོའི་མཚན་ཉིད་ནི། །དེ་ནས་ཡང་དག་བཤད་པར་བྱ། །ས་ནི་འཇམ་པོ་བླངས་བྱས་ལ། །བརྟུལ་ཞུགས་ཅན་གྱིས་བཟླས་པ་བྱ། །སྲན་གྲེའུ་འོ་མ་དེ་བཞིན་ཤ་།བུ་རམ་ཏིན་ནི་ནི་ལ་སོགས། །སྣུམ་དང་ནིམ་པའི་ལོ་མ་དང ། །ན་ཏི་དེ་བཞིན་ཛ་གེ་ས། །དང་པོར་དཀར་བོར་བྲི་བར་བྱ། །ཁ་དོག་གཞན་གྱིས་དེ་ནས་བསྒོམ། །རྡོ་རྒྱུས་དང་ནི་བཙག་དག་ལས། །རྒྱ་སྐྱེགས་ལྟ་བུའི་ 367b མདོག་ཏུ་འགྱུར། །ཡུང་བ་དེ་དག་རམས་དག་ལས། །དེ་བཞིན་ཁ་དོག་ལྗང་གུར་འགྱུར། །སྔོན་པོ་དག་ནི་རམས་ཀྱིས་བྱ། །དེ་བཞིན་དུ་བས་ནག་པོ་འོ། །ལྡོང་རོས་ཀྱིས་ནི་སེར་པོ་སྟེ། །དམར་པོ་དེ་བཞིན་འཚལ་གྱིས་སོ། །དེ་ལ་པིལ་བའི་སྙིང་པོ་གཞག་།ཧ་ཅང་ཉུང་དང་མང་བ་མིན། །མང་ན་ནག་པོར་འགྱུར་བ་སྟེ། །ཉུང་ན་དེ་བཞིན་འཐུལ་བར་འགྱུར། །གཟུགས་ནི་ཁྲོ་དང་ཞི་བ་འོ། ། མཚན་ཉིད་དག་ནི་བཤད་པར་བྱ། །རོལ་བ་ཞི་བར་གསུངས་པ་སྟེ། །ཁྲོ་བོ་སྦོམ་ལ་ཐུང་བར་བཤད། །སྣ་ན་སོར་བཞི་བྱ་བ་སྟེ། །དཔྲལ་བ་ཀོས་ཀོ་མཆུ་དེ་བཞིན། །མགྲིན་པ་འགྲམ་པ་དེ་བཞིན་མཚན། །སོར་བཞི་དག་ཏུ་བྱ་བ་ཡིན། །ཉི་ཤུ་རྩ་བཞི་ལག་པ་ལ། །གྱེན་དུ་སོར་ནི་ཉི་ཤུ་ཡིན། །ལག་པ་རྐང་པ་གདོང་ཇི་ལྟར། །མིག་ནི་མཐེ་བོང་གང་ཙམ་སྟེ། །རྣ་བ་གཉིས་ལ་སོར་གཉིས་བསྒྲགས། །འབྲས་བུ་གཉིས་ལ་དེ་བཞིན་བཞི། །མཆུ་ནི་སོར་གཉིས་བསྔོམས་པ་འོ། །ལྟེ་བར་སོར་གཅིག་ཟབ་པ་ཡིན། །ལུས་ནི་མགྲིན་པ་བོར་བ་ཡི། །གདོང་ནི་སུམ་འགྱུར་ལུས་ལ་དགོད། །རལ་བ་ཅོད་པན་དེ་ཡི་ཚད། །རིན་ཆེན་ཅོད་པན་སོར་དྲུག་པའོ། །རལ་པ་གཅིག་མ་རབ་སྒྲུབ་ཐབས། །དེ་ནས་ཡང་དག་བཤད་བྱ་བ། །གནོད་སྦྱིན་མོ་ནི་སྒྲུབ་འདོད་པས། །རལ་པ་གཅིག་མ་རབ་སྒྲུབ་ཐབས། །ཕྱག་གཉིས་པ་ལ་ཞལ་གཅིག་སྟེ། །གྲི་གུག་དང་ནི་ཐོད་པ་ལ། །ཤིན་ཏུ་སྦོམ་ལ་མདོག་སྔོ་བ། །དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ། །ཛཾ་བྷ་ལ་ནི་ཤར་དུ་ 368a ༄#། །བསྒོམ། །བསུ་དྷ་ར་ལྷོ་ཕྱོགས་སུ། །ཆུ་དབང་ནུབ་ཏུ་དགོད་བར་བྱ། །བྱང་དུ་རྣ་ཆ་གོས་ཀོ་འཕྱང ། །མེ་ལ་སོགས་པའི་མཚམས་དག་ཏུ། །གནོད་སྦྱིན་མོ་བཞི་རབ་བསྒོམ་བྱ། །ཀུ་ཏ་ལ་ཀྱེ་ཧེ་ནི་གྱི་ཧཾ། །བ་སུ་དྷ་རི་ཆོག་བཞིན་དགོང ། །དེར་ནི་སྒོ་བ་རྣམས་བསྒོམས་ཏེ། །ཐོ་བ་ལ་སོགས་མཉམ་པར་རོ། །འཁོར་ལོ་ལྔ་མ་མཐོང་བ་བཞིན། །དེ་བཞིན་མདོག་ནི་རབ་སྦྱར་བྱ། །ཕྱག་མཚན་བདག་ནི་ལྷར་འཛིན་པ། །མཁས་པས་ཕྱི་ནས་སྔགས་བཟླས་ཏེ། །ོཾ་ཨེ་ཀ་ཛ་ཊི་བ་སུ་དྷཱ་ར་ཎི་སཝཱཧཱ། པུཀྐ་སི་ནི་རབ་སྒྲུབ་ཐབས། དེ་\?\་ནས་ཡང་དག་བཤད་པར་བྱ། །གང་ཞིག་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་ལ་འཚ་ནུས་པ། །སྐུ་མདོག་སེར་པོ་ཞལ་བཞི་པ། །ཕྱག་བཞི་བོང་བུ་ལ་བཅིབས་པ། །པུཀྐ་ས་ཡ་\?\་ལུས་བསྒོམ་བྱ། །ཞགས་པ་ཐོ་བ་མདའ་དག་དང ། །བརྟུལ་ཞུགས་ཅན་གྱིས་གཞུ་བཅས་བསྒོམ། །ོཾ་པུཀྐ་སི་ཨཾ་ཞེས་སྔགས་བརྗོད་དོ། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི། །དེ་ནས་ཡང་དག་བཤད་བྱ་བ། །དེ་ཡི་མོད་ལ་མི་སྣང་བར། །འཇམ་པའི་རྡོ་རྗེ་གྲགས་འགྱུར་བ། །འབར་བའི་གསེར་འོད་འདྲ་བ་ཡི། །སེར་པོ་ཞལ་གསུམ་ཕྱག་དྲུག་པ། །གཞོན་ནུའི་གཟུགས་ནི་འཛིན་པའི་མགོན། །མི་མཐོང་བྱ་བའི་དོན་དུ་བསྒོམ། །ཤར་དུ་མཛེས་མ་དགོད་པར་བྱ། །དེ་བཞིན་ལྷོ་རུ་སྐྲ་ཅན་མ། །ནུབ་ཏུ་སེར་བོ་བསྒོམ་པར་བྱ། །བྱང་དུ་ཉེ་བའི་སྐྲ་ཅན་མ། །ཐམས་ 368b ཅད་ཕྱག་ན་རལ་གྲི་དང ། །འཁོར་ལོ་ལ་སོགས་གཞན་ལ་དགོད། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་འོ། །ས་བོན་ཡི་གེ་མཾ་ལས་བྱུང ། །དཀྱིལ་འཁོར་གྱི་ནི་དབུས་ན་བཞུགས། །ཐམས་ཅད་ཞབས་ནི་གཡོན་བརྐྱང་བས། །རི་བོང་ཅན་གྱི་གདན་ལ་བཞུགས། །འོད་ཟེར་ཅན་དང་རི་ཁྲོད་མ། །དེ་བཞིན་ནོར་འཛིན་སྐུལ་བྱེད་མ། །མེ་ལ་སོགས་པའི་མཚམས་བཞི་རུ། །བསྡུས་པ་དགོད་བྱ་སྙིང་པོ་ལའོ། །མྱ་ངན་མེད་དང་ཡལ་འདབ་དང ། །འབྲས་ཀྱི་སྙམ་དབྱིག་པ་འོ། །སེར་དང་ལྗང་དང་ཡང་སེར་པོ། །དཀར་པོའི་ལུས་ནི་བསྒོམ་པར་བྱ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །དཀྱིལ་འཁོར་དག་ཏུ་གདབ་པར་བྱ། །ཐོ་བ་ལ་སོགས་སྒོ་བ་བཞི། །བསྒོམས་ན་མཐོང་བར་མི་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ་སྟེ་རིམ་པར་ཕྱེ་བ་བཅུ་བཞི་པའོ།། །།འཕགས་པ་ཛངྒུ་ལའི་སྒྲུབ་ཐབས། །དེ་ནས་ཡང་དག་བཤད་པར་བྱ། །གང་ཞིག་བསྒོམས་པ་ཙམ་གྱིས་ནི། །ཆུ་ཡི་སྟེང་ནས་འགྲོ་འགྱུར་བ། །སེར་པོ་ཞལ་གསུམ་ཕྱག་དྲུག་པ། །ས་བོན་ཕུ་ལས་ཡང་དག་བྱུང ། །སྐུ་ཆེན་ཕྱག་ན་སྦྲུལ་བསྣམས་པ། །རྨ་བྱ་ལ་ནི་ཞོན་པར་དགོད། །ཤར་དུ་རྨ་བྱ་དགོད་པར་བྱ། །དེ་བཞིན་ལྷོ་རུ་ཁྲོ་གཉེར་ཅན། །ནུབ་ཏུ་རི་ཁྲོད་ལོ་མ་ཅན། །བྱང་དུ་རྡོ་རྗེ་ལྕགས་ 369a ༄#། །སྒྲོག་མ། །རྨ་བྱའི་སྒྲོ་དང་སྤྱི་བླུགས་དང ། །ལོ་མ་དང་ནི་ལྕགས་སྒྲོག་མ། །དེ་དག་རྣམ་པར་བསྒོམ་པར་བྱ། །སེར་དང་དམར་དང་དེ་བཞིན་ལྗང ། །ཁ་དོག་སྔོན་པོ་དབྱེ་བ་ཉིད། །མཁས་པས་འདི་ལྟར་བསྒོམ་པར་བྱ། །དེ་བཞིན་སྔགས་འདི་དག་ཀྱང་བཟླས། །ོཾ་ཕུ་ཛ། ཐོ་བ་ལ་སོགས་སྒོ་རུ་དགོད། །མེ་ཏོག་ལ་སོགས་མཚམས་སུ་དགོད། །ཛངྒུ་ལི་ཡི་སྦྱོར་བ་ཡིས། །ཆུ་ཡི་སྟེང་ནས་རྟག་ཏུ་འགྲོ། །ཀུ་རུ་ཀུལླེ་རབ་སྒྲུབ་ཐབས། །དེ་ནས་ཡང་དག་བཤད་པར་བྱ། །གང་གིས་བསྒོམས་པ་ཙམ་གྱིས་ནི། །ཀླུ་ཡི་བུ་མོ་རབ་འགུགས་པ། །ཁ་དོག་དམར་པོ་ཞལ་བཞི་པ། །ཕྱག་བརྒྱད་དང་ནི་རབ་ཏུ་ལྡན། །ཧྲཱི་ཡི་ས་བོན་ལས་བྱུང་བས། །ཀླུ་ནི་འགུགས་པར་བྱེད་པ་ཡིན། །ཕྱག་བརྒྱད་དུ་ནི་ཀླུ་དགོད་དེ། །མཐའ་ཡས་ལ་སོགས་ཀླུ་རིགས་བརྒྱད། །ལུས་ནི་སྦྲུལ་གྱིས་རབ་ཏུ་བརྒྱན། །བརྟུལ་ཞུགས་ཅན་གྱིས་མཛེས་མ་བསྒོམ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཕུཿ སཝཱཧཱ། དེ་ནས་གསང་བ་བཤད་པར་བྱ། །བསྡུས་ནས་ཡིན་གྱི་རྒྱས་པ་མིན། །གང་ཞིག་ཤེས་པ་ཙམ་གྱིས་ནི། །ལྷ་ཡི་བུ་མོ་འགུགས་བྱེད་པ། །ཕྱག་གཉིས་པ་ལ་ཞལ་གཅིག་སྟེ། །ཕྱག་ན་མདའ་དང་གཞུ་བསྣམས་པ། །ལུས་ནི་སེར་པོ་ཆེན་པོ་ཡི། །རྡོ་རྗེ་ལུས་མེད་བསྒོམ་པར་བྱ། །ཤར་དུ་དགའ་མ་བསྒོམ་པར་བྱ། །ལྷོ་རུ་འདོད་པའི་མཛེས་མ་བསྒོམ། །ནུབ་ཏུ་ 369b འདོད་པའི་ལྷ་མོ་བསྒོམ། །བྱང་དུ་འདོད་པའི་ལྕགས་ཀྱུ་འོ། །འདོད་པའི་ལྷ་མོ་ཐམས་ཅད་ཀྱི། །ཕྱག་ཏུ་མདའ་དང་གཞུ་བསྒོམ་བྱ། །སེར་དང་དམར་དང་དེ་བཞིན་ལྗང ། །དམར་སྐྱ་དག་ནི་བསྒོམ་པར་བྱ། །མཚམས་རྣམས་སུ་ནི་རྟག་དགོད་པ། །མི་འགག་དེ་བཞིན་མཚམས་ཀྱི་བདག་།གཡི་དང་སྤྲེའུའི་རྒྱལ་མཚན་ནི། །སྒོ་ཡི་ཕྱོགས་ཀྱི་བཤད་པར་བྱ། །འདོད་པ་འགྱིང་དང་འགྱིང་བག་ཅན། །དྲན་དང་དེ་བཞིན་མདའ་གྲི་ཅན། །ལྷ་རྣམས་དེ་དག་ཐམས་ཅད་ཀྱི། །དབུ་ལ་གཤིན་རྗེ་གཤེད་པོ་བསྒོམ། །བུད་མེད་ཀྱི་ནི་པདྨ་རུ། །རྡོ་རྗེ་ལུས་མེད་བསྒོམ་པར་བྱ། །ཡི་གེ་ཡིད་ལས་ཡང་དག་བྱུང ། །ཀུན་ཏུ་འཁོར་བར་རྣམ་པར་འཕྲོ། །བསླུས་ཤིང་གཡེངས་པ་བསྒོམ་པར་བྱ། །མྱོས་ནས་བདེ་བའི་འདོད་ཡིད་ཀྱི། །དམར་པོའི་གོས་ཀྱིས་ཡོངས་དཀྲིས་ཏེ། །རྐང་པའི་དྲུང་དུ་ལྷུང་བར་འགྱུར། །དེར་ནི་སྔགས་ཀྱང་བཟླས་པར་བྱ། །ཡི་གེ་ཨོཾ་ནི་རིང་པོར་དྲང ། །ཡི་གེ་སཝཱཧཱ་ཐ་མར་སྦྱིན། །ཡི་གེ་སི་ཏིའི་སྔགས་བཟླས་བྱ། །ཆེ་གེ་མོ་ཞིག་བདག་དབང་གྱུར། །ཐམས་ཅད་དུ་ནི་བསྒོམས་བྱས་ནས། །ནག་པོའི་ཚིག་ནི་ཇི་བཞིན་གྱིས། །རྣལ་འབྱོར་འདོད་པས་དེ་ཐོབ་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་རིམ་བར་ཕྱེ་བ་སྟེ་བཅོ་ལྔ་བའོ།། །།ཧེ་རུ་ག་ཆེན་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་ 370a ༄#། །པར་བྱ། །རྣལ་འབྱོར་འཁོར་བར་བཅིངས་པ་ལ། །གང་ཞིག་ཤེས་བས་མྱུར་གྲོལ་བ། །ཕྱག་གཉིས་པ་ལ་ཞལ་གཅིག་སྟེ། །ཁ་དོག་སྔོན་པོ་ཕྱེད་གར་ཅན། །རྡོ་རྗེ་ཕྱག་ཏུ་བསྒོམ་པར་བྱ། །གཞན་ཡང་ཐོད་པ་བསྒོམ་པར་བྱ། །སྤྱན་གསུམ་སྐྲ་ནི་གྱེན་དུ་འགྲེང ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཁ་ཊྭཱཾ་ག་ནི་གཡོན་ཕྱོགས་སུ། །ཕྲེང་བ་དག་གི་རྐང་པ་བརྒྱན། །ས་བོན་ཧཱུཾ་ལས་ཡང་དག་བྱུང ། །ཡི་དྭགས་ལ་གནས་རྟག་ཏུ་དགོད། །སངས་རྒྱས་ལྔ་རུ་རབ་སྦྱོར་བ། །ཐོད་པ་ལྔ་ནི་དབུ་ལ་འོ། །ཅོད་པན་ལ་ནི་མི་བསྐྱོད་བསྒོམ། ། ཧེ་རུ་ཀར་གྲགས་བསྒོམ་པར་བྱ། །ཤར་དུ་ཆོས་ཀྱི་འཁོར་ལོ་མ། །སངས་རྒྱས་བྱང་ཆུབ་ལྷོ་རུ་འོ། །འདོད་པ་ཀུན་གྱི་འཁྲིས་མ་ནུབ། །བྱང་དུ་ཧེ་རུ་ཀ་ཉིད་འདྲ། །རྒྱན་ཀུན་གྱིས་ནི་རྣམ་བརྒྱན་པའི། །ཁ་དོག་སྣ་ཚོགས་རྣམ་པར་དགོད། །གཟུགས་མཛེས་ཡི་དྭགས་ལ་བཞུགས་པ། །གཏི་མུག་ཐམས་ཅད་ཉེར་འཇོམས་བྱེད། །ཆོས་འཁོར་ཨ་ཤད་ཐའི་དབྱུག་པ། །དེ་བཞིན་ཡིད་བཞིན་ནོར་བུའི་ཤིང ། །ལྷ་མོ་རྣམས་ཀྱི་ཕྱག་གཡས་སུ། །རྡོ་རྗེ་ཡང་ནི་བསྒོམ་པར་བྱ། །ཆོས་ཀྱི་འཁོར་ལོ་ཐམས་ཅད་ལ། །ཐོད་པའི་སྣོད་ནི་གཡོན་པ་ལ། །སྤྱན་མ་མཱ་མ་ཀཱི་སྒྲོལ་མ། །གོས་དཀར་ཡིད་དུ་འོང་བ་རྣམས། །མེ་ལ་སོགས་པའི་མཚམས་བཞི་རུ། །འཁོར་ལོ་ཕྱི་རོལ་གཤིན་གཤེད་དོ། །ཤེས་རབ་མཐར་བྱེད་རྟ་ 370b མགྲིན་དང ། །འཁྱིལ་པར་བཅས་པར་བསྒོམ་པར་བྱ། །འཁོར་ལོ་ཡི་ནི་སྒོ་སྲུང་སྟེ། །ཆོ་གའི་ལས་ནི་མཐོང་བས་སོ། །གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ཧེ་རུ་ཀ་སྒྲུབ་པའི་རིམ་པར་བྱེ་བ་སྟེ་བཅུ་དྲུག་པའོ།། །།རྣམ་པ་ལྔ་ནི་བསྒོམས་བྱས་ལ། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་བསྒོམས་པ་ཡིས། །མཁས་པས་འཁོར་ལོ་བསྒོམ་པར་བྱ། །གྲུ་བཞི་ཡི་ནི་སྦྱོར་བ་ཡིས། །འཁོར་ལོ་བསྐྱེད་པར་བྱ་བ་སྟེ། །ཙ་རྩི་ཀ་སོགས་གླུ་དང་ནི། །དྲུག་ལས་སྐྱེས་སོགས་ལེན་པར་བྱེད། །སྙིང་རྗེ་ཁྲོས་པའི་དད་སྒྲོལ་བཞེངས། །ཁམས་གསུམ་ཀུན་གྱི་གཏི་མུག་གསོལ། །དད་སྒྲོལ་གསོལ་བས་མ་བཞུགས་བཞེངས། །བདུད་འདི་དག་ལས་རྒྱལ་བར་མཛོད། །འཇིག་རྟེན་མགོན་པོ་སྟོང་ཉིད་ཅི་སྟེ་བཞུགས། །དད་སྒྲོལ་འཇིག་རྟེན་བསོད་ནམས་ཀྱིས་བཞུགས་ཤིག་།བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་བོས་ནས། །ཁྱོད་ནི་སྟོང་པ་ཉིད་ལ་སེམས་པར་བྱེད། །ཇི་ལྟར་སྐར་མདའ་འཕོ་བ་བཞིན། །བྱང་ཆུབ་སེམས་ལ་ཞུགས་པར་གྱུར། །རྡོ་རྗེ་འཆང་རང་ངོ་བོ་ཉིད། །སྙིང་རྗེ་དང་ནི་འདོད་ཆགས་སེམས། །དང་པོར་སྒོམ་པ་རྣལ་འབྱོར་ཏེ། །གཉིས་པ་རྗེས་ཀྱི་རྣལ་འབྱོར་ཡིན། །གསུམ་པ་ཤིན་ཏུ་རྣལ་འབྱོར་ཏེ། །བཞི་པ་རྣལ་འབྱོར་ཆེན་པོ་འོ། །རྡོ་རྗེ་སེམས་དཔའ་རྫོགས་པ་ཡིན། །རྣལ་འབྱོར་ཡིན་པར་འདི་ལྟར་འདོད། །དེ་ནི་ 371a ༄#། །རྒྱུ་མཐུན་ལྷ་ཡི་སྐུ། །རྗེས་ཀྱི་རྣལ་འབྱོར་ཡིན་པར་གྲགས། །འཁོར་ལོ་ཐམས་ཅད་ཡོངས་རྫོགས་པ། །ཤིན་ཏུ་རྣལ་འབྱོར་ཡིན་པར་བསྒྲགས། །སྐུ་དང་གསུང་དང་ཐུགས་རྣམས་དང ། །ལྷ་ཡི་མིག་སོགས་བྱིན་བརླབ་དང ། །ཡེ་ཤེས་འཁོར་ལོ་གཞུག་པ་དང ། །བདུད་རྩི་མྱང་བ་དང་ནི། །མཆོད་དང་བསྟོད་པ་ཆེན་པོ་དག་།རྣལ་འབྱོར་ཆེན་པོ་ཞེས་བྱ་འོ། །སློབ་དཔོན་ལ་ནི་བརྙས་མི་བྱ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་སྤུན་ལ་ཁྲོ་བ་དང ། །ཉེས་པ་བསྒྲག་པར་མི་བྱ་འོ། །བྱང་ཆུབ་སེམས་ཀྱང་གཏང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སེམས་ཅན་ལ་ནི་བྱམས་པ་དག་།ནམ་ཡང་གཏང་བར་མི་བྱ་འོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་དག་ནི་བསྟན་མི་བྱ། །བདག་སོགས་ཕུང་པོ་བརྙས་མི་བྱ། །གྲོང་པའི་ཆོས་ནི་སུན་མི་གདོན། །གདུག་ལ་བྱམས་པ་རྟག་ཏུ་གཏང ། །ཆོས་ལ་ཚད་ནི་གཞལ་མི་བྱ། །སེམས་ཅན་དད་པ་ཅན་མི་བསླུ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །བུད་མེད་ཤེས་རབ་རང་བཞིན་ལ། །སྨོད་པ་ཉེས་པ་དེ་བཞིན་ནོ། །རྣལ་འབྱོར་སློང་མོས་རྒྱུ་མི་བྱ། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླ། །རྟག་ཏུ་དམ་ཚིག་ལ་སོགས་བསྟན། །གལ་ཏེ་བག་མེད་བྱུང་གྱུར་ཏེ། །བླ་མ་དམ་ཚིག་ལ་གནོད་ན། །དེས་ནི་དཀྱིལ་འཁོར་བྲིས་བྱས་ལ། །བདེ་གཤེགས་རྣམས་ལ་ཉེས་པ་ 371b བཤགས། །སྙིང་རྗེ་ཅན་གྱིས་མི་བརྟག་པར། །དད་པས་བླ་མའི་དམ་ཚིག་སྲུང ། །ཉེས་པ་མ་ལུས་རྣམ་སྤངས་སེམས་ཀྱིས་ནི། །བསམ་གཏན་ལ་སོགས་བཟླས་པ་མཆོག་གཞོལ་བར། ། བྱས་ལ་རྟག་ལ་བླ་མ་བླ་མར་བྱ། །བརྟན་ཅིང་དུལ་ལ་སྙིང་རྗེ་གཅིག་ཏུ་སེམས། །དད་དང་ལྷག་པའི་བསམ་པས་བཟོད་པ་འཛིན། །སློབ་མ་བླ་མ་ལ་ནི་གུས་པ་དང ། །དད་པས་གཤིན་རྗེ་གཤེད་ལ་གུས་པ་ལ། །བརྟུལ་ཞུགས་ལྡན་པས་དེ་ནི་ཡོངས་སྦྱིན་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་དགའ་བ་ཆེན་པོའི་ངོ་བོ་རྡོ་རྗེ་འཆང་གི་གསུང་ཉེ་བར་ཐོས་ནས་ཅང་མི་སྨྲ་བར་གྱུར་ཏེ། །འདི་ལྟ་བུའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །བརྟུལ་ཞུགས་མཐར་ཐུག་ཐོད་པ་ཆེན་པོ་ལྟར། །འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་ཀྱི་རྒྱུད། །རྒྱུད་ཀྱི་མཐར་ཐུག་པ་ནི་འདུས་པ་སྟེ། །བྱུང་བར་མ་གྱུར་འབྱུང་བར་མི་འགྱུར་རོ། །ེ་མའོ་ཞི་བ་ཆེན་པོའི་ཆོས། །ེ་མའོ་ཁྲོ་བོ་འཇིགས་མཛད་པ། །ེ་མའོ་མྱ་ངན་འདས་པའི་མཆོག་།ེ་མའོ་འཁོར་བ་ཞི་བ་ཉིད། །ེ་མའོ་འདི་ནི་རབ་ཏུ་མཚར། །ཉེས་པ་གང་དེ་ཡོན་ཏན་གྱུར། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །དངོས་པོ་མ་ཡིན་བསྒོམ་བྱ་མིན། །ཁམས་མ་ཡིན་ཞིང་རྣམ་ཤེས་མིན། །ནམ་མཁའི་ཁམས་དང་མཚུངས་པ་ཉིད། །ནམ་མཁའ་ལྟ་བུར་བདག་མེད་པ། །ཆོས་འདི་བདེ་བ་ཆེན་པོ་སྟེ། །ས་ཡང་མ་ཡིན་ཆུ་མིན་ཏེ། །མེ་མིན་རླུང་ 372a ༄#། །མིན་ནམ་མཁའ་མིན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །བསྐྱེད་པ་ཡང་ནི་རབ་གནས་ནས། །དངོས་པོ་ཐམས་ཅད་དངོས་མེད་བཤད། །དངོས་པོ་མེད་ཅེས་མ་བསྒྲགས་པ། །རྣལ་འབྱོར་སྦྱོར་བ་དང་འབྲེལ་ཕྱིར། །ཆད་པ་མ་ཡིན་རྟག་པ་ཡིན། །ཡན་ལག་མེད་ཅིང་ཁ་དོག་མེད། །ཐོག་མ་བར་དང་མཐའ་སྤངས་པ། །དངོས་པོ་ཐམས་ཅད་མེད་པར་འགྱུར། །མཆོག་ཏུ་དགའ་བའི་མཚན་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཙརྩི་ཀ་ཆེན་པོ་ལ་སོགས་པས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །བསོད་ནམས་སྡིག་པ་དག་དང་མ་འབྲེལ་བས། །མཆོག་ཏུ་དགའ་བ་དྲི་མེད་དག་པ་ཡི། །མགོན་པོ་དེ་བཞིན་ཉིད་ཀྱི་གཏེར་ཆེན་གཅིག་པུ་དང ། །ཀུན་ཀྱང་སྙིང་རྗེའི་སེམས་ཀྱིས་མགོན་འདི་ཡོད། །ཆོས་རྣམས་ངོ་བོ་བདེ་བ་ཆེན་པོའི་དངོས། །མཆོག་ཏུ་དགའ་བ་འདི་ཡི་ངོ་བོ་ཉིད། །དེ་ལ་གཟུགས་མེད་བསོད་ནམས་མེད་ཅིང་སྡིག་པ་མེད། །སྐྱེ་བ་དང་ནི་འགག་པ་དག་ནི་ཡོད་པ་མིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་ཀྱི་རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ།། །།དེ་ནས་གཏམ་རྒྱུད་བཤད་པར་བྱ་སྟེ། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་བྱང་ཆུབ་ཀྱི་བར་དུ་གཅོད་པའི་ཕྱིར་ཤིན་ཏུ་འཇིགས་སུ་རུང་ 372b བའི་འཇིགས་པ་ཆེན་པོ་སྟོན་ཅིང་བདུད་ཀྱི་དཔུང་ཆེན་པོ་ལྷགས་ཏེ། །དེའི་དུས་ན་བདུད་ཆེན་པོ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་ངེས་པར་ཕྱུང་སྟེ། །ངེས་བར་ཕྱུང་ནས་ཀྱང་ལག་ན་རྡོ་རྗེ་ཐུབ་པ་ཆེན་པོའི་བཀའ་བཞིན་བྱེད་པ་ལ་ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུའི་གཤིན་རྗེ་གཤེད་ཀྱི་ཁྲོ་བོའི་གཟུགས་སུ་བསྒྱུར་ཏེ་བདུད་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ལྷ་རྣམས་ཀྱང་ཆོམས་ཤིག་།ཆིངས་ཤིག་།རྟོགས་ཤིག་ཅེས་གསུངས་སོ། །དེའི་དུས་ན་ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ཏེ། སྐད་ཅིག་ལ་བཟུང་ཞིང་དོན་བཟུང་སྟེ་བསྡུས་ནས་རབ་ཏུ་ཡིད་ལ་བྱས་སོ། །ཞེས་གསང་བ་ཆེན་པོའི་བདག་པོ་ཆེན་པོ་རྡོ་རྗེ་རིགས་ཀྱི་གཙོ་བོ་ནྣཱ་ད་ཀུ་བེ་རའི་ཡབ་ཀྱིས་དེ་སྐད་ཅེས་གསུངས་སོ། །ོ་ཌྱན་གྱི་ཡུལ་ནས་ཡང་དག་པར་བྱུང་བ། དངོས་གྲུབ་ཐམས་ཅད་སྐྱེད་པར་བྱེད་པ། རྒྱུད་ཀྱི་རྒྱལ་པོ་འབུམ་ཕྲག་བདུན་པ་ལས་ཕྱུང་བ་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ལེའུ་བཅོ་བརྒྱད་པའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་མཁས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང ། བོད་ཀྱི་ལོཙྪ་བ་དགེ་སློང་ཚུལ་ཁྲིམས་ 373a ༄#། །རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བ། སླད་ཀྱིས་ལོཙྪ་བ་དགེ་སློང་དར་མ་གྲགས་ཀྱིས་བཅོས་ལ་དེ་ལས་ཀྱང་དགེ་སློང་རྡོ་རྗེ་གྲགས་ཀྱིས་བཅོས་སོ།། |