rKTs


H427

(e-text produced by ACIP)

see text in transliteration
243a
རྒྱ་གར་སྐད་དུ། ཤྲཱི་བཛྲ་ཙཎྜ་ཙིཏྟ་གུ་ཧྱ་ཏནྟྲ་ཨུཏྟ་རོཏྟ་ར། བོད་སྐད་དུ། དཔལ་རྡོ་རྗེ་ག་ཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །དེ་ནས་འཁོར་དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་གཏུམ་པོ་ཞེས་བྱ་བ་འཁོད་པ་སྟན་ལས་ལངས་ཏེ་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་མིག་འཛུམ་དང་བཅས་པས་རང་གི་སྤྱོད་པ་ལས་ཤིན་ཏུ་སྤ་གོང་བར་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །ཀྱེ་བཅོམ་ལྡན་འདས། སླད་མའི་དུས་ན་གདུག་བཅན་གྱིས་སེམས་ཅན་ལ་རྣམ་པར་འཚེ་ཞིང་རྣམ་པ་གསུམ་གྱིས་སེམས་ཅན་མ་རུངས་པར་བགྱིད་དེ། རེག་པའི་དུག་གིས་ཀྱང་རབ་ཏུ་ཡང་གཟིར་བར་བགྱིད་དོ། །ཁ་རླངས་ཀྱི་དུག་གིས་ནི། རབ་ཏུ་མྱོས་ཤིང་ཤིན་ཏུ་ཡང་ལྕི་བར་བགྱིད་དོ། །མཐོང་བའི་
243b
དུག་གིས་ནི། ཟ་ཞིང་འཕྲུག་ཅིང་ཚ་བར་བྱེད་དོ། །འཕྲོ་བ་ཁ་རླངས་ཀྱི་དུག་ཅན་དང ། རེག་པ་ལུས་ཀྱི་དུག་རྣམས་ཀྱི་གདུང་བ་བསལ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་གནོད་སྦྱིན་གསང་བའི་བདག་།དུག་གསུམ་དུག་གི་རྩ་བ་ཡང ། །དུག་གསུམ་ལས་ནི་བྱུང་བ་ཡིན། །རྩ་བའི་དུག་ལ་རང་བཞིན་མེད། །དེ་ནི་དུག་གསོ་སྨན་གྱི་མཆོག་།སྨན་ཉིད་རང་འབྱུང་གཞན་ལ་མིན། །དེ་ཉིད་རང་དང་གཞན་ལས་གྲོལ། །རྩ་བའི་དུག་ལ་རང་གྲོལ་ན། །དུག་གསུམ་ལ་སོགས་གཞན་དུ་མེད། །དུག་ལྔ་ལས་འཕྲོས་འབྱུང་ལྔའི་དུག། །ཀུན་རྫོག་ཙམ་དུ་འབྱུང་བ་འཇོམས། །དེ་དག་རབ་ཏུ་གཞོམ་པའི་ཕྱིར། །རང་བཞིན་རང་གྲོལ་བདུད་རྩི་ཡིས། །རྩ་བའི་དུག་སོགས་འཇོམས་པར་བྱེད། །ལྷ་ཡི་སྐུར་དང་སྔགས་ཀྱི་མཐུ། །ཡེ་ཤེས་འབྱུང་བ་ཆེན་པོ་ཡིས། །ལས་ཀྱི་འབྱུང་བ་འཇོམས་པར་བྱེད། །རྫས་ཀྱིས་ཀྱང་ནི་དེ་བཞིན་ནོ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། དུག་དང་དུག་འཇོམས་བྱེད་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་གནོད་སྦྱིན་གཏུམ་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས། དུག་ཆེན་དེ་དག་སྨིན་པ་ལ། །གདོན་པའི་ལས་དག་གང་གིས་བགྱི། །ནན་ཏན་གྱིས་ནི་བཀའ་སྩོལ་ཅིག་།ཅེས་གསོལ་པས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཛྲ་སརྦ་ཥྚི་ཙིཏྟ་རྦད་ནན། མྷཱ་ཀཱ་ལ་ཙིཏྟ་
244a
༄#། །རྦད་ནན། སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན། ཞག་གྲངས་ཉི་ཤུ་གཅིག་ཏུ་བྱ། །ནམ་ལངས་ཉི་མ་ཤར་ཁ་རུ། །སྟོང་ཚར་རེ་སྟེ་དེ་བཞིན་དུ། །སྲོད་དང་ཐོ་རངས་ནམ་གུང་ལ། །མེ་ཁྲག་གསུམ་དང་དུག་སྣ་དང ། །དྲག་པོའི་རྫས་རྣམས་དག་གིས་བྲབ། །ནཱ་གའི་གཟུགས་བྱས་རྫ་ཡི་ནང ། །གཟུགས་ནད་ཕུ་ལ་སྔགས་ཕྲེང་བསྐོར། །རྫས་ནང་ཐལ་ཆེན་འབྲུབ་ཁུང་དུའོ། །སྔགས་བར་རྩ་བའི་འཁོར་ལོ་ཡིས། །ཁ་ཆོད་སྨེ་གོས་ནག་པོ་དགབ། །དེ་ནས་དྲག་པོའི་སྦྱིན་སྲེག་བྱ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། གདུག་པ་སྲོག་གི་འཁོར་ལོའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསུངས་པ། ནཱ་གའི་གཟུགས་ལ་རེག་བྱ་ནི། །སྔགས་ཀྱི་འབྲུ་བཞིན་སྔགས་བཀོད་དོ། །ཀླུ་རྒྱལ་བཞི་གཟུགས་མཐར་གཞག་ནས། །གདུག་པ་ལས་ཀྱི་འཁོར་ལོ་བསྐོར། །དང་པོར་ཞི་བ་ཐ་མར་དྲག་།དང་པོར་དྲག་ལ་ཐ་མར་ཞི། །ཐོག་མ་གཉིས་ཀ་ཞི་དང་དྲག་།ོཾ་ནཱ་ག་རཱ་ཛ་ས་མ་ཡ། ཨ་པ་ལཱ་ཡ་ཙིཏྟ་ཛཱ་ལཱ་ཡ་ས་མ་ཡ་སཝཱ་ཧཱ། ཉི་ཤུ་ཅིག་གིས་མཐར་དབྱུང་ངོ་ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། དམ་ཚིག་སྲོག་གི་འཁོར་ལོ་འཇམ་པ་དང་རྩུབ་བའི་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་གནོད་སྦྱིན་གཏུམ་པོས་གསོལ་བ། ཀྱེ་བཅོམ་བཀའ་སྩལ་དུ་གསོལ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་
244b
ལ་གནད་པ་དང ། གདུག་པ་ཅན་འདུལ་བ་ཐུན་མོང་གི་ལས་བཀའ་སྩལ་དུ་གསོལ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐུན་མོང་ཕྱི་རུ་གསད་འདོད་ན། །འཕྲིན་ལས་མི་འགྱུར་འཁོར་ལོ་བསྐོར། །འཁོར་ལོར་གཞུག་དང་གཟུགས་ལ་གདབ། །གསད་པའི་འཁོར་ལོ་ལྟོ་སྦྱར་དུ། །གང་དམིགས་གཟུགས་དེ་ཁྲག་ཏུ་བྲི། །སྙིང་གར་མིང་བྲི་ལྟེ་བ་ལ། །ཤཝ་རཱི་ར་སྟེ་མགོ་བོ་ལ། །བནྡྷ་བནྡྷ་ཞེས་པ་དགོད། །ཡན་ལག་བཞི་ལ་ཧ་ན་སྟེ། །མཱ་ར་ཡ་བྲལ་གཉིས་དང་ནི་མཚན་མ་ལའོ། །དམིགས་པའི་ས་ནས་ཟག་པའི་རྫས། །བླངས་ཏེ་བོང་བུའི་ཆུས་སྦྲུས་ལ།། ཤ་ཏྲཱུཾ་གཟུགས་བྱ་ཡིག་འབྲུ་རྣམས། །གནས་སུ་བཀོད་དེ་སྔོན་མར་བཅིང ། །དུག་རྫས་གཏུམ་པའི་རྫས་ཀྱིས་གཏུམ། །བརྩོན་ཁང་བསྐུར་ཏེ་ཐུན་རྣམས་དབབ། །ཟླ་བ་གཅིག་ཏུ་གནག་པར་བྱ། །བདུན་བདུན་བསྐོར་བྱ་བར་བར་དུ། །མཆོག་པའི་ལས་བྱ་མཚན་ཐུན་དབབ། །སྲེག་དང་མནན་པས་མཐའ་བརྟུལ་བྱ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། འཕྲིན་ལས་མི་འགྱུར་བའི་འཁོར་ལོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གནོད་སྦྱིན་གཏུམ་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས། སླད་མའི་དུས་ན་གདུལ་དཀའ་བའི་གདོལ་པ་རྣམས་ཀྱི་ལོ་ཏོག་འཇོམས་པའི་ཐབས་བཀའ་སྩལ་དུ་གསོལ་ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལོ་ཏོག་འཇོམས་པའི་ལས་བྱ་ན། །ནཱ་ག་གཟིར་
245a
༄#། །ཏེ་གཞོམ་པར་བྱ། །ཞེས་སྟོབས་ཀྱི་ཡི་གེ་འབྲུ་བཞི་དང ། མི་འགྱུར་བའི་ཡི་གེ་འབྲུ་གསུམ་གསུངས་པ། ཨོཾ་ཧཱུཾ་བཛྲ་གསུངས་སོ། །སརྦ་དུཥྚཱ་ན། ཞེས་ཐམས་ཅད་དབང་དུ་སྡུད་པ་སོ། །ནཱ་ག་ཙིཏྟ་རྦད་ནན། །ཞེས་ཀླུའི་སྙིང་གཟེར་དྲུག་པ་གསུངས་སོ། །སརྦ་དུཥྚཱ་ན། ཞེས་ཐམས་ཅད་དབང་དུ་སྡུད་པ་གསུངས་སོ། །ཕོ་ཤར་ཤར་ཕོབ། ཅེས་ཆུ་འཁྱགས་ཀྱི་སྙིང་པོ་གསུངས་སོ། །གཅིག་ཏུ་དྲིལ་ཞིང་བརྡེགས་པར་བྱ། །ནཱ་གའི་གཟུགས་བཅད་སྔགས་བཀོད་ནས། །ཡུངས་ཀར་བརྡེ་གཅིང་ཕུར་བས་གདབ། །མཛེ་ཐོད་ནང་དུ་ཀླུ་གཟུགས་གཞུག་།ཁྲག་ཆེན་བཙན་དུག་གླ་བའི་ཁྲག་།ཡུངས་ཀར་ཡུངས་ནག་བསྔགས་ཤིང་བརྡེག་།ཀླུ་གཟུགས་ནི་མ་པའི་ཆུ་ནས་དབྱུང ། །དང་པོ་ཆུ་འཕྲུལ་ཆེ་བར་འདོད། །ཉ་མ་ཐག་པ་ན་དབབ་ལས་བྱ། །བསད་ཅིང་རོ་རུ་འདུགས་པ་ན། །དུས་ལས་ཡོལ་ཏེ་ཕེབས་མི་འགྱུར། །རྟགས་དང་ལྡན་པར་གྱུར་པ་ནི། །བདག་ཉིད་ཏིང་འཛིན་ལྡན་པ་ཡིས། །དྲག་པོའི་སྔགས་ཀྱིས་ཀླུ་གཟུགས་གཏུམ། །རྫས་དང་ཐོད་པ་ཆུ་མིག་མནན། །དྲག་པོ་རྒྱུ་བའི་དུས་དང་སྦྱར། །འཇིག་རྟེན་ལྡོག་པར་ཐེ་ཚོམ་མེད། །ཅེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། ཆུ་འཁྱགས་ལོ་ཏོག་འཇོམས་བྱེད་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དྲེགས་པ་ཐམས་ཅད་ཤིན་ཏུ་ཡང་ཡི་རང་བར་གྱུར། ལྗོན་ཤིང་ལ་དུས་ཀྱི་རླུང་དྲག་པོས་བསྐྱོད་པ་བཞིན་འདར་བཞིན་
245b
དུ་འཁོད་དེ་བཀའ་བཞིན་དུ་བགྱིད་དོ། །ཞེས་འཛེར་ཅིང་སྦྱན་སྔར་ན་འཁོད་པ་པ་ལས་གནོད་སྦྱིན་གཏུམ་པོས་གསོལ་བ། གྱེ་བཅོམ་ལྡན་འདས། སླད་མའི་དུས་ཀྱི་བསྟན་པ་ལ་གནས་པའི་སླད་དུ་ལས་གནད་ལ་དབབ་ཏུ་གསོལ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་རྣམས་ལས་ལ་གཞུག་པ་ནི། །ཁ་རག་ནག་པོ་ཁྲ་མཱ་ཡ་ནརྀ་མཱ་ར་ཛཱ་ན་ཁུ་ག་ཛཱ། བཙན་རྣམས་ལས་ལ་གཞུག་པ་ནི། ཨཱ་བི་ཤུ་རག་ཤ་ཚལ་པ་ཚལ་པ་ཨ་ནརྀ་ཏྲི་ཛཱཿ ་ཛཿ ་ཀླི་བཙན་ལས་ལ་གཞུག་པ་ནི། ནཱ་ག་རཱ་ཛ་ཤུ་ལ་ཨ། ཏྲི་ཛ་ཛ་མཱ་ར་ཡ་ནརྀ་ལོ་སོད། རྒྱལ་པོ་ལས་ལ་གཞུག་པ་ནི། ཏྲོ་ཏ་ནི་ཏྲོ་ཏ་ནི། པ་ཏྲ་པ་ཏྲ། ཤཱུ་ལ་ཤཱུ་ལ། དྷ་ཤ་དྲི་བ་མཱ་ར་ཡ་ནརྀ་ཛཿ ་ཛཿ ་རྦད། ཀླུ་རྣམས་ལས་ལ་གཞུག་པ་ནི། ནཱ་ག་གུར་ལིང ། སྙིང་ཁྲག་བམ་རུལ། ནཱ་ག་ར་ར་ཧེ་ས་ཏང་རྦད། ཕུ་དུ་མ་ཤི་ཁ་ལ་རག་ཤ་རྦད། གཉན་ལས་ལ་གཞུག་པ་ནི། ཨུ་ཏ་ཁ་ཁ་ད་ར་སིངྒ་ག་ཤ་ཁ་ལ་ནི་དུན་མཱ་ར་ན་དུ་ན་རྦད་ཛཿ ། དེ་དག་གི་ཕྱག་བརྙན་ལས་ལ་གཟུད་པ་ནི། ཛ་ལ་ཛ་ནརྀ་ཧ་ན་ནྲི་མ་དུ་ ། སྙིང་ཁ་ལ་ནི་ཛ་ཛ་ཛ་ནི་རྦད། ཕུ་ཁ་ལ་རག་ཤ་རབད། ལིངྒ་བྱད་གཞུག་རེ་བས་དྲིལ། །རྟ་ནག་ཐོད་པར་བཅུ་གནས་ཀྱང ། །ནུབ་ཀྱི་ཕྱོགས་ཀྱི་བྲ་གནག་རྩར། །མཐུན་པའི་རྫས་དང་མིང་བྱང་སྦྲག ། རྟ་ནག་ལུག་ནག་སྙིང་དག་དང ། །ལུག་ནག་མཐིང་ནག་དར་གྱིས་བརྒྱན། །རྟ་ནག་ཐོད་བཅུག་བྲག་རྯར་གཏང ། །མཐུན་པའི་མིང་བྲིས་དུག་གིས་བྲབ། །མཐིང་ནག་དར་དྲིལ་མཛེ་ཐོད་གཞུག་
246a
༄#། །བ་དམར་རྟ་དམར་སྙིང་དང་གཟུགས། །ཐོད་པར་བཤོས་ཆ་དམར་པོར་གཞུག་།ཆུ་མིག་བྲག་གི་རྩ་བ་མ། །རྩེ་ན་བྲག་དམར་ཡོད་པར་གཏད། །མིང་རུས་བྲིས་ལ་ཟ་འོག་དྲིལ། །འཇོན་མོ་སྤྲེའུའི་མགོ་ཅོ་རུ། །རྟ་དང་བྱ་དང་ལུག་དཀར་སྙིང ། །སྤྱན་གཟིགས་དཀོར་འབྲུ་ཟ་འོག་དྲིལ། །ཐོད་པར་བཅུག་སྟེ་ལྷ་ཁང་གི་།ཐེམ་པའི་འོག་ཏུ་མནན་པར་བྱ། །ཤ་ཏྲཱུཾ་སྤལ་ནག་ལྟོ་བར་བྲི། །གླང་དམར་ར་རུར་བཅུག་ལ་དྲིལ། །རྩི་སྨན་འབྲུ་དང་རིན་པོ་ཆེ། །བ་དམར་གླང་རུར་བླུགས་ནས་ཀྱང ། །ནཱ་ག་གདུག་པའི་ལག་ཏུ་གཏད། །མཛོ་དྲེའི་ཐོད་པར་མིང་བྱང་གཞུག་།ཆུ་རྟའི་གཟུགས་དང་རྟ་སྔོན་སྙིང ། །ཐོད་པར་བཅུག་སྟེ་རྒྱ་མཚོར་བསྐྱུར། །ཙ་ར་དམར་པོའི་ཐོད་པ་རུ། །ཤ་ཏྲཱཾ་མི་གཟུགས་དར་དམར་དྲིལ། །སྔོན་དམར་དོག་པས་དམ་དུ་བཅིང ། །བྱ་དམར་ར་དམར་སྙིང་དང་གཟུགས། །ཐོད་པར་བཤོས་ཆ་དམར་པོ་གཞུག་།བྱང་ཕྱོགས་བྲག་དམར་རྩ་རུ་མནན། །སྔགས་པའི་མི་དབྱང་བྲིས་ནས་ཀྱང ། །ཙ་ར་སྔོན་མོ་འགྲོང་པར་གཞུག་།མཛོ་རྟོལ་བ་གླང་དྲེ་འུའི་ཡང ། །ཐོད་པར་བཅུག་སྟེ་ཆུ་འགྲམ་དང ། །ཤིང་གཅིག་རྩ་རུ་མནན་པར་བྱ། །ཏིང་འཛིན་སྔགས་དང་རྫས་རྣམས་ཀྱིས། །རང་གི་བྱ་བ་ནན་ཏན་བྱོས། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། བསྟན་པར་གནོད་པ་ཆེ་མ་ལ་དབབ་པའི་ལེའུ་སྔགས་ཀྱི་ཕོང་བསྟན་པ་སྟེ་དྲུག་པའོ།། །།
246b
དེ་ནས་གནོད་སྦྱིན་གཏུམ་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས། སླད་མའི་དུས་ན་གདུག་པ་ཅན་ཕྱག་བརྙན་བཅས་པའི་སྦྱོར་བའི་མཐུ་ཟློག་པའི་ཐབས་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་སྦྱོར་བའི་མཐུ་བཟློག་ན། །རང་ལུས་སྦས་ཏེ་དེ་དག་གི་།མིག་གི་འབྲས་བུ་གཅར་བར་བྱ། །རང་ལུས་སྤ་བར་བྱ་བ་ནི། །སྐྱེ་འགྲོ་མིག་གི་འབྲས་བུ་གཅར། །ནག་པོ་ཁཝ་ཏའི་འབྲས་བུ་དང ། །ཙ་ར་རོག་པོའི་འབྲས་བུ་གཉིས། །མིག་ལ་བསྐུས་ཏེ་ནོར་བུ་བཙལ། །རྙེད་ནས་ལུས་བཅང་རི་ཁྲོད་འགྲིམ། །དེ་དག་རྙེད་པར་མ་གྱུར་ན།། གསེར་དང་དངུལ་རྡོ་ཞ་ཉེའི་རྡོ། །སྤྲ་ཚེལ་དང་ནི་ཨ་རུ་ར། །བ་རུ་ར་དང་པི་པི་ལིང ། །ཕོ་བ་རིལ་རྣམས་ཆ་བསྙམས་ཏེ། །བཞུས་ཏེ་རྫི་དང་རླངས་ལ་གཟབ། །དེ་དག་གཞན་གྱི་སྦྱོར་པ་ཡིས། །བདག་གམ་གཞན་ལས་འཚེ་འགྱུར་ན། །དྲེགས་པ་ཀུན་གྱི་འབྲས་བུ་གཅར། །ལྟོ་འཕྱེའི་ཤ་དང་སྤལ་འདྲའི་ཤ་།ས་ཆུ་དག་ན་གནས་པའི་མི། །གླང་མའི་སྒྲོན་ཤིང་འབྲས་བུ་དང ། །མེ་མ་བཏང་བའི་དུ་བ་དང ། །ཉག་གཅིག་པོ་ཡི་དྲི་ཆེན་དང ། །སེམས་མ་ཆགས་པའི་ཤ་རྣམས་ཀུན། །ལེགས་པ་ནན་ཏན་བྱས་བཅས་ནས། །འཇིག་རྟེན་པ་ཡི་ལྷ་རྣམས་ཀྱིས། །རྣམ་པར་དག་བས་མཐོང་མི་འགྱུར། །གདུག་པའི་ཀླུ་རྣམས་འགྲས་པའི་གདོན། །དེ་དག་འབྲས་བུ་གཅར་བ་ནི། །ཕག་ཕོ་རོག་པོའི་དོན་སྙིང་ལྔ། །ལྕེ་པོག་ནག་པོ་གསེར་ལུམ་དང ། །ཐ་ནུའི་ཐང་ཉམས་རྙེད་གདུང་སྟེ། །ལུས་ལ་བཅངས་པར་གྱུར་
247a
༄#། །པ་ན། །ཤ་མིག་རྣམ་པར་དག་པ་ཡི། །ཀླུ་ཆེན་བརྒྱད་ཀྱིས་བལྟས་གྱུར་ཀྱང ། །མཐོང་བར་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། ལུས་རྣམ་པར་སྤ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྷའི་དབང་པོ་དང ། གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་གཏུམ་པོ་དང ། གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དང ། གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་སྟོབས་པོ་ཆེ་དང ། གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་གསང་པའི་བདག་པོ་དང ། དེ་དག་ལ་སོགས་པ་འདུས་པ་ཆེན་པོ་རྣམས་རབ་ཏུ་ཡི་རང་སྟེ་ལན་བརྒྱ་སྟོང་དུ་མར་མཆོད་ཅིང་བསྐོར་ནས་མངོན་པར་བསྟོད་དོ། །དེ་ནས་ལག་ན་རྡོ་རྗེ་བཞི་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་བཞི་པོ་དག། རྒྱུད་འདི་དག་གང་ན་གནས་པར་ཁྱེད་ཀྱང་རྗེས་སུ་འབྲངས་ལ་རྒྱུད་འདི་འཆད་པ་དུས་གསུམ་དུ་མཆོད་ཅིང་བཀུར་བར་གྱིས་ཤིག། དེའི་དགོས་པ་གང་ཅི་ཡང་རུང་མ་ལུས་པར་སྒྲུབས་ཤིག་།ཕྱི་མའི་དུས་ན་ཨོ་ཏྲེའི་ཡུལ་དུ་རྒྱས་པར་འགྱུར་གྱི། དེར་སྲུང་བར་བྱོས་ཤིག་ཅེས་གསུངས་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བཞུགས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །།དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་ཨ་བ་
247b
ཡུག་ཏི་ལ་དང ། བོད་ཀྱི་ལོ་ཙྪ་བ་བླ་བན་ཆོས་ཀྱི་བརྩོན་འགྲུས་ཀྱིས་ཞུས་ཏེ་བསྒྱུར་ཅིང་གཏན་ལ་ཕབ་པའོ།།