།།རྒྱ་གར་སྐད་དུ།་བཛྲ་པཱ་ཎི་ནཱི་ལཱཾ་ཝ་ར་བི་དྷི་དཎྜ་ཏནྟྲ། བོད་སྐད་དུ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་རྡོ་རྗེ་བེ་ཅན་གྱི་རྒྱུད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། གནོད་སྦྱིན་ཐམས་ཅད་ཡོངས་སུ་རྒྱུ་བ། ཤིན་ཏུ་དབེན་པ། ཤིན་ཏུ་ཡོངས་སུ་དག་པ་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དཀྱིལ་འཁོར་ཀྱི་ཁྲོ་བོར་དབང་བསྐུར་བ། མཆེ་བ་གཙིགས་པ། ཡིད་ཁྲོས་པ་ལྟ་བུ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན། ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་བ། ཀླུ་དགའ་བོ་དང་ཉེ་དགའ་བོས་སྙན་བརྒྱན་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དཔྲལ་བར་བསྡུས་པ། ཡ་སོས་མ་མཆུ་ 203a ༄#། །མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྱུར་བ། སྦྲུལ་ཟ་བ། གསུས་པ་ཆེ་བ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོག་པར་བྱེད་པ། རྒྱ་མཚོའི་ཞབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་རབ་ཏུ་ཁུར་བ། ཀླུ་ཐམས་ཅད་བརླག་པར་བྱེད་པའི་གད་རྒྱངས་ཆེན་པོ་དགོད་པས་ཀུན་ཏུ་འཁྲུག་པར་བྱེད་པ། ཀླུ་ཐམས་ཅད་འཆིང་བར་བྱེད་བ། འབྱུང་པོ་ཐམས་ཅད་འགུགས་ཤིང་འཆིང་བར་མཛད་པ། སྦྱོར་བ་ཐམས་ཅད་གཅོད་པར་མཛད་པ། སྦྱོར་བ་ཐམས་ཅད་ཟློག་པར་མཛད་པ། སྦྱོར་བ་ཐམས་ཅད་གནོན་པར་མཛད་པ། ཡོན་ཏན་ཐམས་ཅད་མ་ལུས་པའི་བདག་ཉིད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང ། གནོད་སྦྱིན་མཐུ་བོ་ཆེ་ཐམས་ཅད་དང ། གནོད་སྦྱིན་དྲག་པོ་ཐམས་ཅད་དང ། ལྷ་ཐམས་ཅད་དང ། ཀླུ་ཐམས་ཅད་དང ། དྲི་ཟ་ཐམས་ཅད་དང ། ལྷ་མ་ཡིན་ཐམས་ཅད་དང ། ནམ་མཁའི་ལྡིང་ཐམས་ཅད་དང ། མི་འམ་ཅི་ཐམས་ཅད་དང ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང ། འབྱུང་པོ་དང ། ཡི་དྭགས་དང ། བརྗེ་བྱེད་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། འདི་ལྟར་ཉི་མ་དང ། ཟླ་བ་དང ། སྐར་མའི་ཚོགས་ལྟ་བུར་བཞུགས་སོ། །དེའི་ཚེ་ས་ 203b ཡང་ཆེར་གཡོས་སོ། །འབྲུག་གི་སྒྲ་ཡང་བྱུང ། ཉི་མ་དང་སྐར་མ་ཡང་མི་སྣང་བར་གྱུར་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་འཁོར་ཐམས་ཅད་ཀྱིས་གསོལ་པ། གོས་སྔོན་པོ་ཅན་ཁྱོད་ཅི། བདེ་གཤེགས་ཀུན་གྱི་སྤྲུལ་པ་འམ། །གལ་ཏེ་བསྡུས་པའི་སྐུ་ཡིན་ནམ། །ལས་ཀྱི་ཁྲོ་བོར་དབང་བསྐུར་རམ། །བདག་ཅག་འཁོར་དང་བཅས་པ་རྣམས། །ཇི་ལྟ་བུ་ཡི་དུས་གསུམ་བཀའ་ཉན་ཏེ། །ལས་དང་བྱ་བ་ཐམས་ཅད་བཀའ་སྩལ་མཛོད། །དྲག་པོའི་ཏིང་ངེ་འཛིན་ནི་བསྟན་དུ་གསོལ། །ཞེས་གསུངས་སོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ལག་ན་རྡོ་རྗེ་དྲག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏུ་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །ཕྱག་རྒྱ་གསང་སྔགས་མཐུ་སྦྱོར་ལས། །ཁྲོ་བོའི་རྒྱལ་པོ་བསམ་པར་བྱ། །ཁྲོ་བོ་རྡོ་རྗེའི་ཏིང་འཛིན་གྱིས། །བྱིན་རླབས་ཡ་མཚན་སྣ་ཚོགས་ལྡན། །ཏིང་འཛིན་དེ་ལ་དབང་ཐོབ་ནས། །ལས་རྣམས་སྒྲུབ་ལ་ཐོགས་པ་མེད། །ཞི་རྒྱས་དབང་དང་དྲག་པོ་དང ། །བསད་རྨོངས་སྣ་ཚོགས་ངེས་པར་འགྲུབ། །དེ་ཉིད་འགྲུབ་པར་གདོན་མི་ཟ། །རང་གཞན་འཕགས་དང་བླ་མ་དང ། །ཤིན་ཏུ་བླ་མ་དམ་པ་ཡང ། །མཆོད་གནས་དངོས་གྲུབ་མྱུར་དུ་འབྱུང ། །གལ་ཏེ་གཞན་ལ་ཕན་འདོགས་ན། །སྐུ་དེ་སྣ་ཚོགས་སྐུ་རུ་སྣང ། །སྣང་བའི་སྒྱུ་མའི་སྐུ་ཡིན་ཡང ། །གདུག་པ་འདུལ་ཕྱིར་རགས་པར་སྣང ། །སྣ་ཚོགས་དེ་ཉིད་བསམ་བྲལ་བའི། །དངོས་གཞི་ཡང་དག་ཐར་པ་གཅིག ། 204a ༄#། །ལེའུ་གཉིས་པའོ།། །།གཞན་ཡང་གསང་སྔགས་སྦྱོར་བ་ནི། །ད་ཧ་སྲེག་སོགས་གསང་སྔགས་ཀྱིས། །ཐོགས་མེད་ལས་རྣམས་གྲུབ་པ་ཡིན། །གཉིས་ཀྱི་འོག་མས་གསུམ་པ་བརྒྱན། །ར་ཡི་མཐའ་ནི་གསུམ་པའི་མཐའ། །དེ་ལ་གཉིས་ཀྱི་གོང་ལྡན་པ། །ཟུང་དང་རབ་ཟུང་མིང་དང་ལྡན། །ཡང་མིང་སྐལ་ལྡན་བསམ་གཏན་ནི། །ལྕགས་ཀྱུའི་སྦྱོར་བ་རབ་ཏུ་བྱ། །ོཾ་བཛྲ་པཱ་ཎི་མ་ཧཱ་ཡ་ཀཱ་ནཱི་ལཾ་ཝ་ར་ཧཱུཾ་ཕཊ། མཇུག་རྫོགས་གོང་དང་གསུམ་པའི་མཐའ། །ལན་གཉིས་གོང་བཞིན་བརྡེགས་སྔགས་ཤེས། །གསུམ་པའི་དང་པོ་གཉིས་པ་དང ། །དྲུག་པའི་དང་པོ་ཡི་གེ་ནི། །ལན་གཉིས་གོང་བཞིན་གཏོགས་བྱེད་སྔགས། །གཉིས་ཀྱི་དང་པོ་ལྔ་དང་པོས། །དྲག་པོ་དགའ་བའི་ས་བོན་ལྡན། །ལན་གཉིས་ལྡན་གྱུར་ལས་གྲུབ་པ། །གོང་མ་བཞིན་དུ་མཆོད་བྱེད་དོ། །ལེའུ་གསུམ་པའོ།། །།དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་བོ་ཅན་སྣ་ཚོགས་མངོན་པར་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །ོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱཾ་བ་ར་ད་ཧ་ནི་བཛྲ་ཧཱུཾ་ཕཊ། གང་ཞིག་ཏིང་འཛིན་རྣལ་འབྱོར་དེ། །ཉེས་པ་ཀུན་ལས་རབ་ཏུ་ཐར། །ལེགས་པའི་ཡོན་ཏན་ཐམས་ཅད་ཐོབ། །འབྲས་བུ་ཡང་དག་མངོན་པར་འགྲུབ། །སྔགས་ནི་གང་ཡིན་མིང་ཡིན་ཏེ། །གདུལ་བྱའི་མཐའ་དང་ལྡན་བ་ལ། །མཐའ་མ་ལས་སྔགས་ 204b མཐའ་དང་ལྡན། །ལེའུ་བཞི་པའོ།། །།དེ་ནས་གོས་སྔོན་པོ་ཅན་འཁོར་ལོ་མངོན་པར་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །འབྱུང་བཞིའི་སངས་རྒྱས་\?\་བ་བསྒོམས་ནས། །སོ་སོ་ལས་ཀྱིས་བསྒོམ་པ་ནི། །མེ་བརྒྱད་རླུང་གཉིས་ལྡན་པར་བསམ། །ཆུ་བརྒྱད་དངོས་པོ་གཉིས་ཡིན་ཏེ། །དེ་བཞིན་ས་བརྒྱད་ཧཱུཾ་འབྲས་ལྡན། །རླུང་བརྒྱད་མེ་གཉིས་ལྡན་པ་སྟེ། །འབྲས་བུ་རིམ་གྱིས་གནོད་སྦྱིན་གཙོ། །སྒྲུབ་པ་སྔགས་བཞིན་མངོན་པར་འགྲུབ། །ེ་དང་སོ་སོའི་མཐའ་དང་ལྡན། །མ་ལ་གོང་མས་མངོན་པར་འགྲུབ།། རྒྱུན་དུ་རྩ་བའི་གསང་སྔགས་བཟླས། །ལེའུ་ལྔ་པའོ།། །།དེ་ནས་འཕགས་པ་གོས་སྔོན་གྱིས། །ལས་བཅུ་མངོན་པར་སྒྲུབ་པ་ནི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ལས་བཅུའ་སྦྱིན་སྲེག་འདི་གསུངས་སོ། །ཞི་ལ་ཤཱནྟིཾ་ཀུ་རུ་སྟེ། །རྒྱས་པ་པུཥྚིཾ་ཀུ་རུ་འོ། །དབང་ལ་བ་ཤཾ་ཀུ་རུ་འོ། །དྲག་པོ་མཱ་ར་གསུམ་པར་ལྡན། །ཐབ་ཁུང་དབྱིབས་ནི་ལས་བཞི་སྟེ། །ཤིང་ནི་རིགས་དང་སྦྱར་བར་བྱ། །ཞི་ལ་དཀར་པོའི་ཤིང་རྣམས་ཏེ། །རྒྱས་ལ་གསེར་ཤིང་ལ་སོགས་པའོ། །དབང་ལ་སེང་ལྡེང་ཤིང་བསྲེག་སྟེ། །དྲག་པོའི་ཚེར་མ་ཅན་གྱི་ཤིང ། །གཞན་གྱི་ཙནྡན་ཤིང་ལས་བྱ། །ཐབ་ཁུང་འདབ་རྒྱས་དབྱིབས་ཡིན་ཏེ། བི་དྷྭཾ་ས་ཡ། ཨུཙྪ་ཊི་ནི། མོ་ཧ་ཡ་མོ་ཧ་ཡ། སྟམྦྷ་ཡ་སྟམྦྷ་ཡ། ཨུད་མན། ཨུད་མན། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། བ་ཤིཾ་ཀ་ར་ 205a ༄#། །བ་ཤིཾ་ཀ་ར། རཀྵ་ཡ་རཀྵ་ཡ། མོ་ཧ་བྷ་ཡ། སརྦ་ཀརྨ་ཀུ་རུ་ཧཱུཾ་ཕཊ། ལེའུ་དུག་བའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །གདུལ་དཀའ་བ་ནི་གདུལ་བའི་མཆོག་།གསང་བའི་བདག་པོ་གོས་སྔོན་ཅན། །དྲག་པོ་ཆེན་པོ་རབ་འབར་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །འཁོར་གྱི་ཀླུ་ཚོགས་དབང་བསྡུས་ཏེ། །ཉེན་རྣམས་ཟློག་པའི་ཆོ་གར་གསུངས། །གནས་ཁང་རིམ་པ་གསུམ་དག་ལ། །ཕྱི་རོལ་སྨེ་བསྲེགས་དཔྲལ་བར་བྱ། །བར་དུ་ཕྱི་ནང་ཁྲུས་བྱས་ཏེ། །མཉེས་པའི་ལས་ཀྱང་ཅི་ནུས་བྱ། །ནང་དུ་བུམ་པའི་དབང་བསྐུར་བས། །ཉེན་རྣམས་བཟློག་ལ་ཐེ་ཚོམ་མེད། །ཀྱེ་ཧོ་ཉེན་རྣམས་འདུལ་བའི་མཆོག་།ེ་མ་གསང་ཆེན་དྲག་པོ་ཆེ། །ེ་མ་མ་རུངས་འཇིགས་པ་ཅན། །ེ་མ་གསང་སྔགས་རྣལ་འབྱོར་ཆེ། །ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྱོགས་བྲལ་ཁྲོ་བོ་ཁྱོད་ཕྱག་འཚལ། །ལེའུ་བདུན་པའོ།། །།དེ་སྐད་ཅེས་གསུངས་ནས་འཁོར་ཐམས་ཅད་དགའ་བའི་རྗེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐམས་ཅད་ལྡན་པའི་གཏོར་མ་ལ། རཾ་གྱིས་སྦྱངས་ནས་ཡཾ་གྱིས་བུས། །ཁཾ་གིས་བཀྲུས་ཏེ་དག་པ་ལ། །བཾ་ལས་བདུད་རྩི་ཆུ་རྒྱུན་བསྐྱེད། །ཡཾ་རཾ་དབབ་པའི་སྦྱོར་བ་བྱ། །ཛ་ཡིས་བཀུག་སྟེ་གཏོར་མ་བསྟིམ། །བསམ་གཏན་ལྷ་མོས་མཆོད་པ་དབུལ། །དེ་ནས་འཁོར་ལ་འདི་སྐད་བསྒོ། །ང་ནི་ཁྲོ་བོ་ 205b གོས་སྔོན་ཅན། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དབང་བསྐུར་མཆོག་ཐོབ་ང་ཡི་སྐུ། །ཅི་སྟེ་ང་ཡི་དམ་འདས་ན། །གཏོར་མ་དུག་གི་རང་བཞིན་གྱིས། །ཁྱེད་རྣམས་ཐལ་བའི་རྡུལ་དུ་རློག་།གལ་ཏེ་དམ་ཚིག་མ་འདས་ན། །གཏོར་མ་ཡེ་ཤེས་བདུད་རྩི་ཡིས། །ཁྱེད་ཀྱི་སྒོ་གསུམ་སྒྲིབ་སྦྱངས་ནས། །ངེས་པར་ལེགས་པའི་ཡོན་ཏན་འཐོབ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནན་ཏྭཏ་ཨོཾ་ཨཱཿ ་ཧཱུཾ་སཝཱཧཱ། ལེའུ་བརྒྱད་པའོ།། །།དེ་ནས་དཔལ་ལྡན་གོས་སྔོན་ཅན། །གདུལ་དཀའ་འདུལ་བའི་བདག་པོ་དེས། །བསམ་གཏན་འཁོར་ལོ་མེད་པ་ལ། །སྔགས་ཀྱི་ངེས་པ་བཤད་པར་བྱ། །ཏདྱ་ཐཱ་བྷོ་བྷོ་པན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤརཱི་རཾ། བཛྲ་པཱ་ཎི་ཧྲཱི་ད་ཡཾ། ཡཿ ་ས་མཱ་ཏི་ཀྲ་མ་ཐཱ།་མ་ཀུ་ལ་ཨུཏ་སཱ་ད་ནཾ། བྷ་བིཥྱ་ཏི། ལས་ཐམས་ཅད་པའི་སྔགས་སོ། །ལས་སོ་སོ་ལ་ཀླུ་འདུལ་བའི་སྔགས། ཏདྱ་ཐཱ། བུདྡྷ་བུདྡྷ། བུ་བུ་དྡྷ་བི་བུདྡྷ་མ་ཏི་ཀྲ་མཱ་ཐ། ཧ་ར་ཧ་ར་ནཱ་གཱ་ནཱན། བྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱ་ན། ཙྪིནྡ་ཙྪིནྡ། ནཱ་ག་ཧྲི་ད་ཡཱ་ནི་བྷིནྡ་བྷིནྡ། ནཱ་ག་མརྨཱ་ཎི་བི་ཥིརྱནྟུ་ནཱ་ག་ཤ་རི་རཱ་ཎི། བི་སྥོཊ་ཡ། ནཱ་ག་ན་ཡ་ནི། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱི་ཡ་ཧཱུཾ། ནཱ་ག་ཨུ་ཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ཡི་དྭགས་ཐམས་ཅད་ཟློག་པ་ནི། ནཱི་ལཱཾ་བ་ས་མཱ་ཡ་ཧཱུཾ་ཕཊ། ཨོཾ་པྲ་ཏི་ཧ་ཏ་བ་ལཱ་པ་རཱ་ཀྲམཱ་ཡ་ཕཊ། ཀྲྀ་ཏཱནྟ་ཡ་ཕཊ། ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་སནཱ་ཡ་ 206a ༄#། །ཕཊ།་ཀུཾ་བྷཾ་ཌོཏ་སཱ་ད་ནཱ་ཡ་ཕཊ། གཤིན་རྗེ་ཟློག་པའོ། །པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡི་དྭགས་ཐམས་ཅད་ཟློག་པའོ། །ཡཀྵ་ཨ་བ་སྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ།་གནོད་སྦྱིན་ལ་སོགས་པ་ཟློག་པའོ། །ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཾ་བནཱི་ཤ་ཀ་རཱ་ཡ་ཕཊ། བགེགས་ཐམས་ཅད་ཟློག་པའོ། ། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། དགེ་འདུན་གྱི་དགྲ་འདུལ་བའོ། །ནི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སཝཱཧཱ། རྡོ་རྗེ་ཅོན་དྲག་པོ་ཆེ། །རྡོ་རྗེ་འཇིགས་པ་སྔགས་ཀྱི་བདག། རྡོ་རྗེ་ཁྲོ་བོ་བགེགས་ཀྱི་གཤེད། །རྡོ་རྗེ་མི་ཐུབ་འཇིགས་པ་ཆེ། །རྡོ་རྗེ་ལས་ཀུན་གྲུབ་པ་ཆེ། །རྡོ་རྗེ་ལྕགས་ཀྱུ་རླུང་གི་སྦྱོར་བས་འགྲུབ་པར་འགྱུར། །དེ་བཞིན་མེ་ཡིས་ཀྱང་ནི་འདུལ་ངོ་བོ་ཁྱོད་ཕྱག་འཚལ། །ལེའུ་དགུ་པའོ།། །།དེ་ནས་ཀླུ་དགུག་པའི་སྔགས་བསྟན་ཏེ། །རྡོ་རྗེ་ལྕགས་ཀྱུ་རླུང་གི་སྦྱོར་བས་འགྲུབ་པར་འགྱུར། །དེ་བཞིན་མེ་ཡིས་ཀྱང་ནི་འདུལ་བར་ནུས་པ་ཡིན། །དེ་ལྟར་ནུས་ཕྱིར་དགུག་པའི་སྔགས་ནི་བཤད་པར་བྱ། །བཛྲ་པཱཎི་མ་ཧཱ་ཡཀྵ་ནཱི་ལཱཾ་བ་ར་ནཱ་ག་ཧྲཱིཿ ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། བསམ་གཏན་དྲག་པོས་བཟླས་པ་བྱ། །བཟླས་པ་འདི་ལ་རབ་འབད་བྱ། །ཀླུ་རིགས་དུ་མ་ཐམས་ཅད་ཀུན། །འགུགས་འགྱུར་འདི་ལ་གཞན་དུ་མིན། །ཇི་སྲིད་འགུགས་པའི་ཏིང་ 206b འཛིན་གྱིས། །ཁུགས་པར་གྱུར་བའི་ཀླུ་རྣམས་ཀུན། །ཟངས་གཞོང་ནང་དུ་སྤྱན་དྲངས་ཏེ། །ཁྲོ་བོའི་ཆེ་བ་བརྗོད་ནས་ནི། །དམ་ཚིག་བསྲེ་ཞིང་དུག་རྣམས་གཞོམ། །སྨན་གྱི་མཆོག་གིས་གསོས་ནས་ནི། །གང་གནོད་ཕྱོགས་སུ་གཤེགས་སུ་གསོལ། །ལེའུ་བཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་སྟེ། །ཞི་བའི་ལས་ཀྱིས་མི་འདུལ་བའི། །ཀླུ་གཟིར་དྲག་སྔགས་བསྟན་པར་བྱ། །ོཾ་བཛྲ་པཱ་ཎཱི་མ་ཧཱ་ཡཀྵ་ནཱི་ལཱཾ་བ་ར་ནཱ་ག་ཧ་ན་ཧ་ན་ཧཱུཾ་ཕཊ། ནཱ་ག་ད་ཧ་ད་ཧ་ཧཱུཾ་ཕཊ། ནཱ་ག་སྥོཊ་སྥོ་ཊ་ཧཱུཾ་ཕཊ། ནཱ་ག་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཧཱུཾ་ཕཊ། ནཱ་ག་གརྫ་གརྫ་ཧཱུཾ་ཕཊ། ནཱ་ག་བྷནྡི་བྷནྡི་ཧཱུཾ་ཕཊ། བསམ་གཏན་རྡོ་རྗེ་ཐོགས་པ་ཡིས། །གདུལ་བའི་སྟེང་ནས་གདབ་པར་བྱ། །འོག་ཏུ་མེ་ཡི་འཁོར་ལོ་བསམ། །མེ་ཕུང་ཆེན་པོའི་ཏིང་འཛིན་གྱིས།། མེ་འབར་གློག་ཆེན་དཀྱིལ་དུ་གཟིར། །ཡུངས་ཀར་ཡུངས་ནག་སྐེ་ཚེ་ཡིས། །བརྡེག་ཅིང་ཁྲོ་བོའི་སྤྲུལ་པ་སྤྲོ། །ཁྲ་སྤྱང་ལ་སོགས་རྩ་ལྔའི་གསོབ། །གཅན་གཟན་སྣ་ཚོགས་མཆེ་སྡེར་དང ། །མཆུ་སྡེར་དབབ་ཅིང་སྤྲུལ་པ་སྤྲོ། །མྱུར་དུ་ཐར་པར་གདོན་མི་ཟ། །ལེའུ་བཅུ་གཅིག་པའོ།། །།དེ་ནས་འཕགས་པ་གོས་སྔོན་པོ་ཅན་གྱིས་ཉིད་ལ་ཉིད་ཀྱིས་མཆོད་པ་ཕུལ་བ།་ཧཱུཾ་རྡོ་རྗེ་བདུག་པ་མ། བདག་ཉིད་དྲི་ཡིས་རྒྱས་མཛད་མ། །བཛྲ་དྷུ་པེ་པཱུ་ཛོ་མེ་ཧཱུཾ། ཧཱུཾ་རྡོ་རྗེ་མེ་ཏོག་མ། བདག་ཉིད་ཡོངས་སུ་བཀྲ་མཛད་མ། །བཛྲ་པུཥྤ་པཱུ་ཛ་མེ་ཧཱུཾ། ཧཱུཾ་རྡོ་རྗེ་དྲི་ཆབ་མ། 207a ༄#། །བདག་ཉིད་དངོས་པོ་དག་མཛད་མ། །བཛྲ་གནྡྷེ་པཱུ་ཛ་མེ་ཧཱུཾ། ཧཱུཾ་རྡོ་རྗེ་མར་མེ་མ། བདག་ཉིད་དཀྱིལ་འཁོར་གསལ་མཛད་མ། །བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་ཧཱུཾ། ཇི་སྲིད་ཐམས་ཅད་མཆོད་པ་ཆེ། །ཇི་སྲིད་མཆོད་པ་བདེ་བ་ཆེ། །ཇི་སྲིད་མཆོད་པ་བླ་ན་མེད། །ཇི་སྲིད་མཆོད་པ་ཡང་དག་ཆེ། །ེ་མ་ཧོ། །ལེའུ་བཅུ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བཅོམ་ལྡན་གསང་བ་གོས་སྔོན་ཅན། །བསྡུ་བ་ཐབས་ཀྱི་ཏིང་འཛིན་གྱིས། །འཁོར་གྱི་ཀླུ་རྣམས་སྡུད་མཛད་ནས། །མེ་ཡི་འཁོར་ལོ་སྙོམས་བཞུགས་ཆེ། །གསང་བ་མེ་ཡི་སྔགས་བཟླས་པས། །ཀླུ་རྣམས་མ་ལུས་ཚིག་པར་མཛད། །བྲལ་ནས་དཔག་ཚད་གནས་སུ་བྲོས། །སླར་བསྡུས་བདུད་རྩི་སྨན་གྱིས་གསོས། །ལས་བཅོལ་སོ་སོའི་གནས་སུ་འཁོད། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ། །ཐལ་མོ་སྦྱར་ནས་འདི་སྐད་གསོལ། །མེ་བརྒྱད་འཁོར་ལོའི་བདག་ཉིད་ཆེ། །རྟག་ཏུ་མེ་ཡི་ཏིང་འཛིན་ལ། །སྙོམས་ཞུགས་ཁྱོད་ནི་རྒྱལ་གྱུར་ཅིག་།བདེ་བའི་རོལ་མོ་མེ་ཀློང་དུ། །སྲེག་མཛད་མེ་བརྒྱད་ཁྱོད་ཕྱག་འཚལ། །རང་བཞིན་རྣམ་དག་ཁྱོད་ཕྱག་འཚལ། །ཆུ་ཡི་ངང་ལ་གནས་འདོད་ན། །ཆུ་བརྒྱད་ཏིང་འཛིན་ལ་གནས་ཏེ། དེ་ཚེ་འཁོར་གྱིས་འདི་སྐད་བསྟོད། །ཆུ་བརྒྱད་འཁོར་ལོའི་བདག་ཉིད་ཆེ། །རྟགས་ཆུ་ཡི་དཀྱིལ་འཁོར་ཅན། །འབྱུང་བའི་གཙོ་བོའི་ཆུ་ཡི་བདག། ། 207b ཆུ་བརྒྱད་མངའ་བདག་ཁྱོད་ཕྱག་འཚལ། །རླུང་བརྒྱད་ཏིང་འཛིན་ལ་གནས་ན། །འཐོར་ཞིང་འབུད་པའི་བདག་ཉིད་ཆེ། །རླུང་ཆེན་དྲག་པོ་རྩལ་ཤུགས་ལྡན། །རླུང་ལྷ་གོས་སྔོན་ཁྱོད་ཕྱག་འཚལ། །ས་ཡི་ཏིང་འཛིན་ལ་གནས་ནས། །མི་གཡོ་བརྟན་པའི་ལས་མཛད་པ། །གསེར་ལྡན་རོལ་མོ་སྣ་ཚོགས་ལྡན། །ས་བརྒྱད་འཁོར་ལོ་ཁྱོད་ཕྱག་འཚལ། །ལེའུ་བཅུ་གསུམ་པའོ།། །། དེ་ནས་དཔལ་ལྡན་གོས་སྔོན་ཅན། །ཕྲ་མོའི་ཏིང་འཛིན་ལ་གནས་ནས། །འཁོར་གྱི་གནོད་སྦྱིན་མང་པོ་ཀུན། །ཤིན་ཏུ་ཡིད་དགའ་དད་པས་ཞུས། །ཕྲ་མོའི་ཐིག་ལེ་ཆེན་པོ་ཡིས། །ཙིར་སྣང་དངོས་པོ་གཅིག་ཏུ་འདུས། །དེ་ཉིད་མཐའ་འདས་རང་བཞིན་མེད། །དེ་ནས་དཔལ་ལྡན་གོས་སྔོན་ཅན། །འདོད་ཆགས་ཏིང་འཛིན་གནས་པས། །འཁོར་གྱི་གནོད་སྦྱིན་མང་པོ་ཀུན།། སྡངས་དང་དུས་དང་བརྒྱལ་བ་ལས། །བསླངས་ཏེ་བླ་མེད་དོན་བསྟན་པས། །ཐམས་ཅད་འདོད་ཆགས་མངོན་སངས་རྒྱས། །འཁོར་གྱི་སྐུ་ལ་མངོན་པར་བསྟོད། །ཀྱེ་ཧོ་གསང་བདག་གོ་ས་སྔོན་ཅན། བླ་མེད་རྫོགས་པའི་ཀློང་དཀྱིལ་ན། །འདོད་ཆགས་དག་པའི་བློ་ལྡན་པས། །མངོན་པར་སངས་རྒྱས་ཁྱོད་ཕྱག་འཚལ། །ལེའུ་བཅུ་བཞི་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །འཁོར་གྱི་གཙོ་ལ་མངོན་པར་བསྟོད། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །གསང་བའི་བདག་པོ་གོས་སྔོན་ཅན། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །དངོས་མེད་ 208a ༄#། །དག་པ་ཁྱོད་ཕྱག་འཚལ། །འཁོར་གྱི་ཀླུ་ཚོགས་འདུལ་བའི་ཕྱིར། །ཀླུ་བརྒྱད་སྐུ་ལ་རབ་བརྒྱན་ནས། །ཀླུ་ཚོགས་ཞལ་དུ་གསོལ་མཛད་པ། །ཀླུ་འདུལ་བྱམས་པ་ཁྱོད་ཕྱག་འཚལ། །སྣ་ཚོགས་དག་པའི་སྐུ་མངའ་ཞིང ། །རིགས་དྲུག་སྡེ་བརྒྱད་འདུལ་བར་མཛད། །སྐྱོན་གྱིས་མ་གོས་རང་སངས་རྒྱས། །ཐོག་མེད་ཀུན་དུལ་ཕྱག་འཚལ་བསྟོད། །ཇི་ལྟར་བསམ་པའི་དངོས་པོ་ཀུན། །ཁྱོད་ལས་འབྱུང་བས་མི་ཟད་གཏེར། །སྣ་ཚོགས་ཡིད་བཞིན་འཕུལ་པོ་ཆེ། །ཡིད་བཞིན་ནོར་བུ་ཁྱོད་ཕྱག་འཚལ། །ནད་དང་རིམས་ཀྱི་གཤེད་པོ་མཛད། །ནོར་དང་ཟས་ཀྱི་བདག་པོ་མཛད། །འཇིགས་པ་ཀུན་ལས་སྐྱོབ་པར་མཛད། །བླ་མེད་སྐྱོབ་མཛད་ཁྱོད་ཕྱག་འཚལ། །ཞེས་བསྟོད་ན་རྗེས་སུ་ཡི་རང་ངོ ། །ལྷ་དང ། ཀླུ་དང ། །གནོད་སྦྱིན་དང ། །ལྷ་མ་ཡིན་ལ་སོགས་པ་ཡང་ཡིད་དགའ་བའི་མཆོད་པས་ཁྱབ་པར་གྱུར་ཏོ། །མི་ལ་སོགས་པ་འཇིགས་པའི་ཉེན་དང་ལྡན་པ་ཐམས་ཅད་བདེ་བ་ལ་བཀོད་དོ། །ལེའུ་བཅོ་ལྔ་པའོ།། །།འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་རྡོ་རྗེ་བེ་ཅོན་གྱི་རྒྱུད་རྫོགས་སོ།། |