།རྒྱ་གར་སྐད་དུ། ཀྲོ་དྷ་རཱ་ཛ་སརྦ་མནྟྲ་གུ་ཧྱ་ཏནྟྲ་ནཱ་མ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་ཐམས་ཅད་གསང་སྔགས་གསང་བའི་རྒྱུད་ཅེས་བྱ་བ། ཁྲོ་བོ་མི་ 258a ༄#། །གཡོ་མགོན་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །ཁམས་གསུམ་ཞེས་སྡང་ཅན་གཟིགས་ནས། །ཞེ་ལྡང་ཐམས་ཅད་ཟད་པའི་ཕྱིར། ། བཅོམ་ལྡན་ཐུགས་རྗེའི་རང་བཞིན་ཅན། །ཞེ་སྡང་མི་གཡོ་མགོན་པོར་མཛད། །ངོ་བོ་ཉིད་ཀྱིས་དག་པའི་བདག། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང ། །རྣམ་དག་བསམ་གཏན་འཕྲིན་ལས་རྣམས། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་གྱིས། །དུར་ཁྲོད་འབར་པ་འཁྲུགས་པའི་སར། །འཛིན་པས་བཏུད་དེ་ངེས་ཞུས་ལ། །ཀྱེ་ཀྱེ་ཡང་དག་ཁྲོ་ཆེན་གཙོ། །མ་ལུས་རྣམ་དག་ལ་གནས་ཕྱིར། །མགོན་པོ་མི་གཡོའི་གསང་རྒྱུད་ལས། །སེམས་དཔའ་ཆེན་པོའི་ཏིང་འཛིན་གང ། །ངོ་མཚར་ཐར་པ་ངེས་པར་གསོལ།། དེ་ནས་ཡང་དག་ཡེ་གསུངས་པ། །དཔའ་བོ་དུར་ཁྲོད་གནས་པས་ལེགས། །རུས་པའི་རྒྱན་ངེས་ཕྱག་རྒྱ་དྲུག་།གནས་པའི་ཚོགས་ཀྱི་བདག་ཉིད་དེ། །རྒྱུ་བཞི་ཚད་མེད་བཞི་རུ་གནས། །ཡེ་ཤེས་རྟོག་པའི་རྟོག་པའོ། །རྒྱུན་མ་ཆད་པའི་དམ་པ་ཡིས། །ཉི་ཟླ་ཤེས་རབ་ཐབས་ཀྱི་གདན། །སྐུ་གསུང་ཐུགས་ཀྱི་ངོ་བོར་གནས།། གྱུར་པའི་མཚན་ལྡན་ཡེ་ཤེས་ལྔ། །ཕྱག་རྒྱ་དྲུག་མཛེས་བྱིན་བརླབས་ནས། །དུར་ཁྲོད་མ་ནི་འཁྱུད་པའོ། །ཕུང་པོ་ལ་སོགས་ཐུབ་པར་གནས། །པདྨ་རྡོ་རྗེ་བྱིན་གྱིས་ 258b བརླབས། །སྲུང་བའི་སྦྱོར་བ་མེད་པ་དང ། །མཚན་མ་བྲལ་དང་འདུས་མ་བྱས། །བྱེད་པ་རྣམས་མེད་རྟོག་པས་འདས། །སྐུ་ནི་དུག་འཇོམས་གང་པའི་ཚུལ། །རྡོ་རྗེ་ཞགས་པ་བསྡི་གནས་པ། །གཡོན་བརྐྱང་གནས་པ་སྤྱན་རྩ་དམར། །པདྨ་གྲི་གུག་ཤེས་རབ་ཚུལ། །གཡོན་འཁྱུད་ཚིམ་བྱེད་རྒྱན་བྲལ་བའི། །ཐབས་དང་ཤེས་རབ་མ་ཆགས་དང ། །ཐ་མ་བྱིས་ཟ་མནན་ཏེ་གནས། །འབར་བའི་དཀྱིལ་འཁོར་དབུས་སའོ། །ཧཱུཾ་ལ་རྒྱ་གྲ་མ་རྡོ་རྗེ་གནས། །ེ་ལས་ཆོས་འབྱུང་གྲུབ་པ་མོ། །མཚོན་ཆ་ར་བ་དྲ་བས་སོ། །རྟེན་པ་ཕྱག་རྒྱ་ལྷ་ལྔ་གནས། །མོས་པ་རྣམས་པར་དག་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ། །གཉིས་མེད་འགྱུར་བའི་གསང་བ་ནི། །འཁོར་ལོ་མི་བསྐྱོད་ཡེ་ཤེས་མགྲིན་པ་ཕྲེང་བའི་རིན་ཆེན་འབྱུང ། །རྣ་ཆ་གཟུགས་ཀྱིས་འོད་དཔག་མེད། །རུས་པའི་རྣ་རྒྱན་དོན་ཡོད་གྲུབ། །ཐལ་བ་སྣང་མཛད་རྣམ་དག་གོ། །མིག་ལ་འདོད་ཆགས་རྡོ་རྗེ་མ། །རྣམ་ཞེས་སྡང་མ་ཞེས་གྲགས། །སྣ་ནི་སེར་སྣའི་རྣམ་པར་བོར། །ལྕེ་ལ་ཕྲག་དོག་རྡོ་རྗེ་མ། །ལུས་ལ་རྡོ་རྗེ་གཏི་མགུ་གོ། །ཡིད་ལ་ཆོས་ཀྱི་དབང་ཕྱག་སྟེ། །དཀྱིལ་འཁྲོ་ལུས་ཉིད་རྣམ་དག་པ། །རྩ་ནི་ཐིག་གི་རང་བཞིན་ཏེ། །ཀ་བ་བརྒྱད་ནི་རྐང་བརྒྱད་དོ། །བདུད་རྩི་རྣམ་ལྡ་ཚོན་སྣ་ལྔ། །གཡས་གཡོན་སྟེང་འོག་སྒོ་ཉིད་དེ། །སོ་སེན་བ་སྤུ་ཏྭ་ར་ན། །སྙིང་གི་དབུས་ཀྱི་ 259a ༄#། །ལྟེ་བ་ཉིད། །ཕུང་པོ་ལྔ་ཡི་གཙོ་མོ་སྟེ། །ཁམས་དང་སྐྱེ་མཆེད་ལྷ་མོར་གྲགས། །འབྱུང་བ་སྒོ་བ་བཞི་ཉིད་དེ། །འདོམ་གང་གྲུ་བཞི་ལྷ་མ་པ་སྟེ། །མི་གཡོ་མགོན་པོ་རྣམས་པར་དེས། །ལུས་ཀྱི་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ།། །།ོཾ་ཨཱརྱ་ཨ་ཙ་ལ་མཱརྱར་ཡ་ཀྲོ་དྷ་ཧཱུཾ་ཕཊ། སྙིང་པོའོ། །ོཾ་ཨཱརྱ་ཨ་ཙ་ལ་ཀྲོ་དྷ་བི་བ་ཏི་ས་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ོཾ་ཙཎྜ་མ་ཧཱ་རི་ཥ་ཎ་ཧཱུཾ་ཕཊ། གསང་བའི་སྙིང་པོའོ། །ོཾ་ཧ་ན་མ་ཧཱི། སཝཱཧཱ། བཽ་ཥ་ཊ་ཧེ། ཧཱུཾ་ཧའ མ་ཧོ། ཕཊ་ཧཾ། རྒྱན་བྱིན་གྱིས་བརླབ་པའོ། །ོཾ་པདྨ་པོ་ལརྒ་མི་ཡཾ། ཊཾ་ཧཾ་མཾ་བྱཾ། བཛྲ་པྲ་ཏ་ཀ་ཀོ་ལ་ཧཱུཾ་ཕཊ། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབ་པའོ། །ཀ་ས་མཱ་ར་ཁ་ན་ཧི་མཱ་ར་ཁ་ནི་ས་མཱ་ར་ཡ་ཕཊ། པ་ཅད་པའི་འོ། །སརྦ་ཨ་མརྒཾ་མེ་ཨ་ཧཱུཾ། ཐུན་མོང་གྲུབ་པའོ། ། གཙྪ་ཕཊ། བསྐྲད་པའིའོ། །སཝཱཧཱ། རནྟ། རྒྱས་པའིའོ། །དྷ་མ་གུ་ཏ་ཧཱུཾ། དབང་གིའོ། །ཀརྨ་པུ་ཏ་ཤཱནྟིཾ་ཀུ་རུ་ཧཱུཾ། ཞི་བའིའོ། །སྔགས་ཀྱི་རྣམ་པར་དག་པའི་རྟོག་པའི་དུམ་བུ་ལས། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་སྔགས་གསང་བའི་རྒྱུད་ཅེས་བྱ་བ་འཕགས་པ་མི་གཡོ་བའི་ཕགས་རྣམ་པར་དག་པའི་བུ་སྡེ་གསུམ་པའོ།། །།དེ་ནས་ཡང་དག་བཤེད་བྱ་བ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །ཁྲོ་བོའི་ཚོགས་རྣམས་སྤྲོས་ནས་ནི། ། 259b གཙོ་མོ་ཐབས་ཀྱི་ཡན་ལག་བཀང ། །ལག་པ་གཡས་པ་གཤིན་རྗེ་གཤེད། །གཡོན་པ་གཞན་གྱིས་མི་ཐུབ་པ། །རྟ་མགྲིན་ཁ་ལ་བསམ་པར་བྱ། །རྡོ་རྗེ་ལ་ནི་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་མི་ག་ལོ་བ། །གཡོན་པར་འདོད་པའི་རྒྱལ་པོ་འོ། །པུས་མོ་གཡས་པར་བསམ་པ་ནི། །དབྱིག་པ་སྔོན་པོ་ཆེར་འབར་བ། །པུས་མོ་གཡོན་པར་སྟོབས་པོ་ཆེ། །སྤྱི་བོར་གཙུག་ཏོར་འཁོར་ལོས་སྒྱུར། །གནོད་མཛེས་རྒྱལ་པོ་བསམ་པ་ནི། །རྐང་པ་གཉིས་ལ་དགོད་པར་བྱ། །ཡང་ནི་ཡབ་ཡུམ་སྦྱོར་བ་ལས། །བྱང་ཆུབ་སེམས་སྤྲིན་འདུ་འཕྲོ་ལས། །ཧཱུཾ་ཚོགས་ཁྲོ་བོར་སྤྲོས་ནས་ནི། །གཙོ་མོ་ཤེས་རབ་ཡན་ལག་དང ། །ལག་གཡས་རྡོ་རྗེ་རོ་ལངས་མ། །གཡོན་ན་གཞན་གྱིས་མི་ཐུབ་མོ། །དེ་ཡི་ཁར་ནི་ཁྲོ་གཉེར་མ། །གསང་བར་རལ་པ་གཅིག་མ་འོ། །གཞན་ཡང་དཔུང་པ་གཡས་གནས་པར། །དེ་བཞིན་གཤེགས་ཡུམ་རྡོ་རྗེ་མ། །གཡོན་དུ་སྣ་ཚོགས་རིན་ཆེན་གྱི། །ཕྱག་རྒྱ་དག་ནི་བསྒོམས་པར་བྱ། །པུས་མོ་གཡེས་ལ་གནས་པར་ཡང ། །སྣ་ཚོགས་པདྨ་དེ་བཞིན་གཤེགས། །གཡོན་པ་ལས་ནི་སྣ་ཚོགས་ལས། །སྤྱི་བོར་ནམ་མཁའི་རྡོ་རྗེ་མ། །རྐང་བ་གཉིས་ལས་ཡི་ནི། །ས་འཛིན་ལྷ་མོ་གཞག་པར་བྱ། །ཐབས་དང་ཤེས་རབ་སྦྱར་བ་ཡིས། །བྱང་ཆུབ་སེམས་སྤྲིན་འཕྲོ་འདུ་ལས། །གདོད་གྲུབ་པའི་སངས་རྒྱས་རིགས་ 260a ༄#། །ཕུང་ནས་ལུས་ལ་དཀྱིལ་འཁོར་བཀོད། །དེ་དག་ཕན་ཚུན་སྦྱོར་བ་ལས། །རྗེས་ཆགས་ཆེན་པོའི་སྒྲ་ཡིས་ནི། །བདེ་གཤེགས་ཚོགས་རྣམས་བསྐུལ་བྱ་སྟེ། །དེ་དག་ལ་ནི་ཡང་ཡང་གཞུག་།ོཾ་སརྦ་ཏ་ཐཱ་ཏ་ཨ་ནུ་རཱ་ག་ཎ་བཛྲ་སཝཱ་བྷཱ་ཝ་ཨཱཏྨ་ཀོཉྷཾ། ཆུ་ལས་ཟླ་བའི་དཀྱིལ་འཁོར་བཞིན། །གསལ་བ་ལྷ་ཡི་རང་བཞིན་ནི། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །བརྗིད་པའི་ཁྲོ་བོ་གར་དང་བཅས། །ཡང་ན་ཞལ་གཅིག་ཕྱག་གཉིས་པར། །རྣལ་འབྱོར་ཅན་གྱིས་བསྟན་པར་བསྒོམ། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །དེ་ཕྱིར་ནན་ཏན་བསྐྱེད་པར་བྱ། །འཕགས་པ་མི་གཡོ་བའི་རྟོག་པ་ལས། ལུས་ཀྱི་དཀྱིལ་འཁོར་བཀོད་པའི་རིམ་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཕྱི་ཡི་དཀྱིལ་འཁོར་དུ། །རིགས་ཀྱི་ཁྲོ་བོ་སྤྲོ་བ་ནི། །ཐབས་དང་ཤེས་རབ་སྦྱོར་བ་ལས། །རྣམ་པར་འཕྲུལ་པར་བཤད་པར་བྱ། །རང་སྔགས་ས་བོན་ལས་བྱུང་བའི། །གཏི་མུག་མི་གཡོ་མངོན་པོ་ནི། །ཞལ་ནི་གང་དང་དཀར་དང་དམར། །འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས། །དབྱིག་པ་འཁོར་ལོ་རྡོ་རྗེ་རྣམས། །ཕྱག་ ་ན་ནི་བསྣམས་པར་མཛད། །ཐུགས་ཀར་བསྡིགས་མཛུབ་ཞགས་པ་དང ། །དྲིལ་བུ་དགྲ་སྟ་གཡོན་པ་ནི། །དབང་པོ་ལ་སོགས་ཚོགས་བཅས་དང ། །མི་བཟད་བགེགས་ནི་སྐྲག་པར་མཛད། །པད་ 260b མ་ཉི་མ་མནན་ནས་ནི། །ཤར་གྱི་ཕྱོགས་སུ་བཞུགས་གྱུར་པ། །རྣམ་སྣང་དབུ་རྒྱན་ལྡན་པའོ། །རང་སྔགས་ས་བོན་ལས་བྱུང་བའི། །སེར་སྣའི་མི་གཡོ་མགོན་པོ་ནི། །རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན། །གསེར་མདོག་ཞལ་གསུམ་ཕྱག་དྲུག་པ། །སྤྱན་གསུམ་གསུས་ཆེན་ནོར་བུས་བརྒྱན། །སེར་དང་གནག་དང་དམར་བའི་ཞལ། །མཆེ་བ་གཙིགས་ཤིང་རྣམ་པར་རྒྱུ། །འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས། །རྡོ་རྗེ་དབྱུག་པ་རླ་གྲི་ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །སྙིང་གར་སྡིགས་མཛུབ་ཞགས་པ་དང ། །དྲུལ་བུ་དགྲ་སྟ་གཡོན་པ་ན། །གཡོན་བརྐྱང་པ་ཡི་གནས་པ་ཡིས། །མི་བཟད་བགེགས་ནི་སྐྲག་མཛད་པ། །པདྨ་ཉི་མ་མནན་ནས་ནི། །ལྷོ་ཡི་ཕྱོགས་ན་བཞུགས་པར་གྱུར། །རང་སྔགས་ཡི་གེ་ལས་བྱུང་བའི། །འདོད་ཆགས་མགོན་པོ་མི་གཡོ་བ། །སྤྱན་གསུམ་པད་མ་རཱ་གའི་མདོག་།ཞལ་ནི་དམར་དང་གནག་དང་དཀར། །ཞལ་གདངས་གསུས་ཁྱིམ་ཆེ་བ་དང ། །འོད་དཔག་མེད་པའི་ཅོད་པན་ཅན། །དཔའ་བོ་གཡོན་བརྐྱང་བ་ཡིས་གནས། །འབར་བའི་ཚོགས་ནི་རྣམ་པར་འཁྲུག། །པདྨ་རལ་གྲི་གཏུན་ཤིང་ནི། །གཡས་ཀྱི་ཕྱག་ན་བསྣམས་པར་མཛད། །སྙེམས་དང་བཅས་པས་དྲིལ་བུ་དང ། །དགྲ་སྟ་ཞགས་པ་གཡོན་ན་བསྣམས། །པདྨ་ཉི་མ་ལ་གནས་ཏེ། །ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི། །ཀླུ་རྣམས་ 261a ༄#། །སྐྲག་པར་མཛད་ནས་སུ། །ནུབ་ཀྱི་ཕྱོགས་སུ་བཞུགས་པར་གྱུར། །རང་སྔགས་ས་བོན་ལས་བྱུང་བའི། །ཕྲག་དོག་མི་གཡོ་མགོན་པོ་ནི། །དོན་ཡོད་རྡོ་རྗེའི་དབུ་རྒྱན་ཅན། །སྔོ་ལྗང་ཨུཏྤལ་འདབ་མའི་མདོག་།ཞལ་ནི་སྔོ་དང་དམར་དང་དཀར། །ཞལ་གདངས་ལ་ནི་རྣམ་པར་འགྱུར། །གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ། །འབར་བའི་འོད་ཀྱིས་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེ་འཁོར་ལོ་དང ། །གཏུན་ཤིང་རྣམས་ནི་གཡས་པ་ན། །སྡིགས་མཛུབ་\?\་ཞགས་པས་ཕྱག་མཚན་ཅིང ། །དྲིལ་བུ་དགྲ་སྟ་གཡོན་ན་བསྣམས། །གཡོན་བརྐྱང་བ་ཡིས་གནས་པ་ཡིས། །པདྨ་ཉི་མ་མནན་ནས་ནི། །ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི། །བགེགས་ཆེན་འཇིགས་པ་བསལ་མཛད་ནས། །བྱང་གི་ཕྱོགས་སུ་བཞུགས་པར་གྱུར། །དེ་ལྟར་ཕྱོགས་བཅུའི་བགེགས་ཀྱི་ཚོགས། །མཐར་བྱེད་རབ་ཏུ་ཟད་མཛད་ནས། །སེམས་ཅན་ཡོངས་སུ་བཏུལ་བྱས་ཏེ། །ཞིང་རྣམས་སངས་རྒྱས་ཚོགས་ཀྱིས་བཀང ། །འཕགས་པ་མི་གཡོ་བའི་རྟོག་པ་ལས་བྱུང་བའི་དཀྱིལ་འཁོར་བཀོད་པའི་ལེའུ་ལྔ་པ་རྫོགས་སོ།། །། |