rKTs


H386

(e-text produced by ACIP)

see text in transliteration
327b
།།རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀ་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛཱ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་
328a
༄#། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པ་ཡི་ནི་ལྷ་གཅིག་ཉིད། །འབྱུང་གནས་སྒྲ་ཚུལ་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་ཡང་དག་གནས། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཡེ་ཤེས་མཆོག་།རྙེད་དང་བདེ་བ་ཀུན་མོས་པས། །ངན་པར་སྤྱོད་པའང་འགྲུབ་པར་འགྱུར། །ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །སྣ་ཚོགས་ཀུན་ཏུ་ཕྱག་རྒྱ་ནི། །སྣ་ཚོགས་ཀུན་གྱི་སྡོམ་པ་ཡིས། ། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་ཞེས་བྱར་གྲུབ། །དེ་ཉིད་མེད་སེམས་རྣལ་འབྱོར་བ། །ལྷ་ལ་དམིགས་པར་བྱེད་པ་དང ། །ཀུན་ཏུ་གཟུགས་བརྙན་ཡིད་ཀྱིས་ནི། །ལུགས་སོགས་རྣལ་འབྱོར་སྐྱེ་བ་མིན། །བྱང་ཆུབ་སེམས་ཆེན་རྣལ་འབྱོར་གང ། །རྣལ་འབྱོར་དབང་ཕྱུག་རང་ཉིད་གཙོ། །བྱང་ཆུབ་སེམས་འདི་རྡོ་རྗེ་
328b
སྟེ། །སངས་རྒྱས་ཀུན་གྱི་རང་བཞིན་ནོ། །འགྲོ་པའི་རྩལ་ལག་རང་བཞིན་གྱིས། །སྣ་ཚོགས་གཡོགས་ཏེ་རྣམ་བཞུགས་པས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སྣ་ཚོགས་ཚུལ་གྱིས་མཆོད་པར་བྱ། །བདག་ཉིད་སངས་རྒྱས་ཐམས་ཅད་དང ། །དཔའ་བོ་ཐམས་ཅད་བདག་ཡིན་ཏེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང ། །དཔའ་བོ་ཐམས་ཅད་ཉིད་དང་ནི། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་ལྡན་བཅོམ་ལྡན་འདས་ཀྱིས་གསུངས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ཁམས་གསུམ་པ་ནི་མ་ལུས་པའི། །འགྲོ་ཀུན་སྒྱུ་མ་སྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་རེག་པའི་དངོས། །ཐམས་ཅད་སྒྱུ་མ་ཇི་བཞིན་ནོ། །གང་གིས་བླུན་པོ་འཆིང་འགྱུར་བ། །འདིར་དེས་མཁས་རྣམས་རྣམ་པར་གྲོལ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་མ་ལུས་བཟའ་བར་བྱ། །གཞན་དུ་གལ་ཏེ་སྦྱོར་བ་ནི། །མ་ཚང་མར་མེ་ལྟ་བུར་འདའ། །གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཚོར་བ་རྡོ་རྗེ་ཉི་མ་ཡིན། །འདུ་ཤེས་
329a
༄#། །པདྨ་གར་དབང་སྟེ། །འདུ་བྱེད་རྡོ་རྗེ་རྒྱལ་པོ་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །འདི་དག་དངོས་ཀུན་རང་བཞིན་ནོ། །རྡོ་རྗེ་མཁའ་འགྲོ་ཞེས་བྱར་གྲགས། །ཡང་དག་ཆེན་པོ་གཅིག་པའི་ལྷ། །བདེ་བ་ཐམས་ཅད་རབ་སྟེར་བ། །སྒྱུ་མ་ཆེན་པོའི་རང་བཞིན་གྱིས། །ཆགས་བྲལ་ཆགས་པ་ཞེས་བྱར་བཤད། ། ས་ཁམས་ལྟུང་བྱེད་མ་ཡིན་ཏེ། །དེ་བཞིན་ཆུ་ཁམས་གསོད་མའོ། །མེ་ཁམས་འགུགས་བྱེད་མ་ཡིན་ཏེ། །དེ་བཞིན་རླུང་ནི་གར་དབང་ངོ ། །ནམ་མཁའི་ཁམས་ནི་སྒྱུ་མ་ཆེ། །རང་ཉིད་འགྲོ་མ་ཞེས་བྱར་བཤད། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ནི་འབར་བའི་མཆོག་།འབྱུང་བ་ལྔ་ཡི་རང་བཞིན་གྱིས། །དེ་ནི་རྡོ་རྗེ་གཙོ་མོར་གནས། །མིག་གཉིས་གཏི་མུག་རྡོ་རྗེར་བཤད། །ཉན་པ་ཞེ་སྡང་རྡོ་རྗེར་བརྗོད། །སྣ་ནི་སེར་སྣ་རྡོ་རྗེ་སྟེ། ཁ་ནི་འདོད་ཆགས་རྡོ་རྗེར་གསུངས། །ལུས་ནི་ཕྲག་དོག་རྡོ་རྗེ་སྟེ། །སྐྱེ་མཆེད་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།གཟུགས་འདི་ཐམས་ཅད་སྟོང་པ་ཉིད། །སྟོང་པའི་ཚུལ་གྱིས་མིག་གིས་ནི། །དོགས་པ་མེད་པར་སྒོམ་པའི་མཆོག་།རྣམ་པར་མི་རྟོག་པ་ཡིས་བལྟ། །ནམ་མཁའི་ཚུལ་གྱི་སེམས་ཀྱིས་ནི། །དེར་ནི་ཐམས་ཅད་ནམ་མཁའི་དངོས། །དགོས་པ་མེད་པའི་
329b
སྒོམ་པར་ལྡན། །རྣམ་པར་མི་རྟོག་སྐྱེ་འགྱུར་ཞེས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐོགས་པ་མེད་ཅིང་གདོན་མི་ཟ་བ་བདེ་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་རིམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་བར། །དེ་སྲིད་སེམས་ཅན་མཚུངས་མེད་དེ་ན། །མྱ་ངན་མི་འདའ་བར་ནི་མཛད། །དེ་ལྟར་སེམས་ཅན་དམ་པ་རྣམས། །སྲིད་པའི་ཞགས་པས་འཇིགས་མེད་པར། །མི་སྐྱོ་བར་ནི་བརྩོན་འགྲུས་ཀྱིས། །རྟག་ཏུ་སེམས་ཅན་དོན་རྣམས་མཛད། །ནམ་མཁའི་གནས་ཀྱི་མཐས་ཐུག་པར། །སྨོན་ལམ་རྣམ་པར་སྤྱོད་བྱེད་ཅིང ། །སེམས་ཅན་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོ་སྲིད་པ་སྦྱོང་བར་མཛད། །རྟག་ཏུ་འདོད་པས་མྱོས་པ་ཡི། །ལྷ་ཡི་བུ་འདི་རྣམས་དང་ནི། །གཞན་ཡང་སྐྱེ་བོ་ཆགས་ཅན་ཕིར། །འདོད་ཆགས་ཐམས་ཅད་དག་པར་མཛད། །བདེ་ཆེན་ཤིན་ཏུ་གྲུབ་བྱའི་ཕྱིར། །རྟོག་པ་རྒྱས་པར་སྦྱིན་པ་དང ། ། ཐོག་མ་ཐ་མ་མེད་པའི་མཆོག་།རྟོག་པ་ཐམས་ཅད་དང་པོར་བཤད། །འདས་པའི་དུས་ན་སྔོ་ན་བྱུང་བ། །རྟོག་པ་དང་པོ་བདེ་བ་ཆེ། །དེར་ནི་རྡོ་རྗེ་སེམས་ཆེན་གྱི། །ལྷག་པ་ཡི་ནི་ལྷ་
330a
༄#། །གཅིག་བཞུགས། །འཇིག་རྟེན་ཁམས་རྣམས་མཐའ་ཡས་ཀྱི། །སེམས་ཅན་ཀུན་དོན་འབྱུང་བའི་ཕྱིར། །གླུ་དང་རོལ་མོ་སོགས་པའི་གར། །སྲིད་པ་ཀུན་གྱི་གཙོ་བོར་གྱུར། །སེམས་ཅན་ཐམས་ཅད་འབྱུང་བ་ཡི། །དགའ་བ་ཡང་དག་བསྡུས་པ་དང ། །དེ་ནས་སེམས་ཅན་སྐྱེ་འགྱུར་བའི། །འདོད་པའི་ཆགས་པ་རྣམ་སྤངས་ཏེ། ། དེས་འདུལ་བར་ནི་མཁྱེན་ནས་སུ། །ཡི་གེ་ལས་བྱུང་རྣམ་སྤངས་ཤིང ། །ནམ་མཁའི་ལྟ་བུར་བདག་མེད་པར། །དག་པ་ཉིད་དུ་དེ་ནས་སོ་ན། །དེ་ནས་སེམས་ཅན་སངས་རྒྱས་ཀྱི། །བླ་མེད་དོན་ནི་ནུས་མེད་པའི། །སྟོང་པ་ཉིད་ལ་རྟག་བཞུགས་པས། །འགྲོ་ཀུན་སྟོང་པས་བཅོམ་ནས་ནི། །ཐམས་ཅད་དམྱལ་བར་ལྟུང་མཐོང་སྟེ། །སླར་ཡང་བདག་དང་གཞན་དོན་ལ། །མོས་པས་གུས་པ་ཉིད་དུ་གྱུར། །དེ་ནས་འཇིག་རྟེན་ཁམས་ཀུན་ན། །བཞུགས་པའི་སངས་རྒྱས་ཀུན་བསྡུས་ཏེ། །མྱུར་བ་ཉིད་དུ་བདག་ལ་བསྐུལ། །ོཾ་མ་ཧཱ་སུ་ཁ་བྫྲ་སྟྭ་ཛཿ ཧཱུཾ་བཾ་ཧེཿ སུ་ར་ཏ་སྟཾ། འོངས་ནི་བསྐུལ་བ་ཙམ་གྱིས་ཀྱང ། །དག་པའི་བདེ་བ་ཀུན་སྟེར་བ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཅིང ། །འགྲོ་ཀུན་བདེ་བ་བསྐྱེད་པར་གྱུར། །ང་ནི་འདོད་པའི་གཟུགས་ཀྱི་མཆོག་།སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །ང་ཉིད་ཆོས་ཀྱི་སྐུ་ཡི་མཆོག་།སངས་རྒྱས་ཀུན་གྱི་བདག་པོ་ཡིན། །སངས་རྒྱས་ཀུན་གྱི་སྦྱོར་
330b
འཕྲོག་ཅིང ། །སངས་རྒྱས་ཀུན་གྱི་བདེ་བ་ཆེ། །སངས་རྒྱས་ཀུན་གྱི་གསུང་སྙན་པ། །སངས་རྒྱས་ཀུན་གྱི་ཐུགས་ཆེན་ཡིན། །སངས་རྒྱས་ཀུན་གྱི་མཆོད་པ་ཆེ། །སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག་།འཇིག་རྟེན་དབང་ཕྱུག་ཀུན་གྱི་གཙོ། །རིན་ཆེན་འཛིན་པ་ཀུན་གྱི་དབང ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པས་ན། །རྡོ་རྗེ་མཁའ་འགྲོ་ཞེས་བྱར་འགྲུབ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །དེ་ནས་དཀྱིལ་འཁོར་ཐམས་ཅད་བྲི། །དེ་ཡི་དབུས་སུ་ཚུལ་བཞིན་དུ། །རྡོ་རྗེ་སེམས་དཔའ་གཞག་པར་བྱ། །ཟླ་བའི་མདོག་ཅན་འཛུམ་དང་བཅས། །འོད་ཟེར་དམར་པོ་འཁྲུགས་པ་ལས། །སངས་རྒྱས་ཕྲེང་བས་མཛེས་པ་སྟེ། །རྒྱན་ཀུན་གྱིས་ནི་རྣམ་པར་ཀླུབས། །ཞལ་བཞི་ཕྱག་བཞི་སྤྱན་གསུམ་དང ། །རལ་བའི་ཐོར་ཚུགས་ཀྱིས་བརྒྱན་ཅིང ། །ལྷ་མོ་བཞི་དང་ཡང་དག་ལྡན། ། སངས་རྒྱས་གཟུགས་ཀྱིས་ཉེ་བར་བརྒྱན། །རྩ་ཞལ་ཞི་ཞིང་གཡས་དཀར་མིན། །དེ་བཞིན་གཞན་ཡང་གཡོན་པ་དམར། །རྒྱབ་ཞལ་སེར་པོ་གསེར་བསྲེགས་འདྲ། །ཐོད་པ་ལ་བཞུགས་གར་དང་ལྡན། །སུམ་ཅུ་གསུམ་པ་འཇིགས་པར་མཛད། །རྡོ་རྗེ་དང་ནི་རལ་གྲི་དང ། །དྲིལ་བུ་ཐོད་པ་བསྣམས་པ་ཉིད། །མཁའ་འགྲོ་མ་ཡི་འཁོར་ལོས་གང ། །
331a
༄#། །སྐྱོབ་པ་སྣ་ཚོགས་བྲི་བར་བྱ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་བདེ་མཆོག་ཅེས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །མ་དང་སྲིང་མོ་བུ་མོ་དང ། །དེ་བཞིན་ཉེ་དུ་མོ་རྣམས་ནི། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་པས། །འདོད་པའི་སྦྱོར་བས་ཆགས་པར་བྱ། །བ་ལང་ཤ་དང་རྟ་ཤ་སོགས། །དོགས་པ་མེད་པར་བཟའ་བར་བྱ། །འཇིག་རྟེན་ལ་རྟག་གཡོན་ལ་སྤྱོད། །བརྟན་པ་དང་ནི་གཡོ་བ་ཡིས། །འགྲོ་ཀུན་གཡོན་ལས་བྱུང་བས་ནི། །གཡོན་གྱིས་བཟའ་ཞིང་གཡོན་མཆོད་བྱ། །ཕོ་ཉ་མ་གཏོགས་གཞན་རྣམས་ལ། །འདོད་ལ་རྨོངས་པས་བགྲོད་མི་བྱ། །ཕོ་ཉ་མོ་རྟག་ཞེན་ཐར་པར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །སྒྲུབ་པོས་མཆོག་ཏུ་འབད་བྱས་ཏེ། །བརྟུལ་ཞུགས་མིན་སྤངས་བརྟུལ་ཞུགས་རྫོགས། །དམ་ཚིག་རིགས་ལ་སྤྱོད་པ་དང ། །ཙ་རུའི་བཟའ་བ་ལྷན་ཅིག་བྱ། །རིགས་ལྔ་ལ་ནི་ཀུན་སྤྱོད་པར། །རིགས་གཅིག་ཉིད་དུ་བརྟག་པར་བྱ། །སྦྲང་རྩི་ཁྲག་དང་ག་བུར་བཅས། །ཙནྡན་དམར་པོ་སྦྱར་བྱས་ལ། །རྡོ་རྗེ་ཆུ་དང་བསྲེས་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའི། །དེ་དག་བདུད་རྩི་ལྔར་ནི་འགྱུར། །མཐེ་བོ་སྲིན་ལག་སྦྱར་བ་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་བཟའ། །ཞི་བའི་བཏུང་བ་
331b
བཞིན་མྱངས་ན། །དེངས་གྲུབ་རྟག་པ་ཐོབ་པར་འགྱུར། །འདི་དག་དམ་ཚིག་དམ་བ་སྟེ། །མཛེས་མའི་གདོང་ཅན་ཁྱོད་ལ་བཤད། །ལས་རྣམས་ཀུན་ལ་ཐབས་བཅས་ཤིང ། ། དོགས་པ་མེད་པར་གང་སྤྱོད་དང ། །རྣམ་པར་མི་རྟོག་སྒོམ་པ་ནི། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག་།ལས་རྣམས་ཀུན་ལ་ཀུན་ཏུ་ནི། །རྣམ་པར་མི་རྟོག་སྒོམ་བྱེད་ཅིང ། །དོགས་པ་མེད་པར་ཀུན་ཏུ་སྤྱོད། །དེ་ནི་དཀའ་ཐུབ་རྣམས་ཀྱི་མཆོག་།ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །སྐྲ་ཟླ་ལ་སོགས་རྗེས་དངོས་ཀྱི། །ཡུལ་རྣམས་མ་ལུས་སྟེན་བྱེད་པའི། །དཀའ་ཐུབ་ཤིན་ཏུ་འདའ་དཀའ་བའོ། །གང་ཡང་ལས་རྣམས་ཐམས་ཅད་ལ། །ཤེས་རབ་དང་ནི་སྦྱར་བྱས་ཏེ། །དེ་ཡང་སྟོང་པའི་གནས་སུ་སྦྱར། །དེ་འདིར་བདག་ཆེན་དཀའ་ཐུབ་ཡིན། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །ཤེས་རབ་དང་ནི་མཚུངས་གཟུགས་ལ། །དོགས་མེད་སྤྱོད་པའི་ཀུན་སྤྱོད་པ། །དེ་ནི་བདག་ཆེན་དཀའ་ཐུབ་ཡིན། །ཤེས་རབ་ཐབས་ནི་མ་གཏོགས་པར། །གང་ཚེ་བྱམས་གཞན་མི་གཡོ་ན། །དེ་ཚེ་བྱང་ཆུབ་ཆེན་པོ་ནི། །ངེས་པར་སྟེར་བ་ཉིད་དུ་བཤད། །རྣམ་པར་མི་རྟོག་རྗེས་འཇུག་ལ། །རྣལ་འབྱོར་པ་ནི་མངོན་པར་བརྩོན། །དེ་ནི་ཐམས་ཅད་འབྱུང་བ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །གང་ཚེ་འདུས་བྱས་ཚུལ་རྣམས་ནི། །རྣམ་པར་མི་རྟོག་སེམས་
332a
༄#། །ཀྱིས་སུ། །མེ་ལོང་ལྟ་བུར་རབ་ཤེས་པ། །དེ་ནི་ཤེས་རབ་བསྟེན་པ་ཡིན། །གློག་དང་ཆུ་བུར་ལྟར་སྨིན་པ། །གང་ཚེ་འདུས་བྱས་ཚུལ་རྣམས་ནི། ། གང་གིས་ཇི་ལྟར་མཐོང་འགྱུར་བ། །དེ་ནི་ཤེས་རབ་བསྟེན་པ་ཡིན། །མེ་ལོང་ནང་གི་གཟུགས་བརྙན་དང ། །རྨི་ལམ་སྒྱུ་མ་དྲི་ཟའི་གྲོལ། །མིག་འཕྲུལ་མཚུངས་པར་གང་གིས་མཐོང ། །དེ་ནི་གཙོ་བོ་ཡིན་པར་བརྗོད། །དེ་ནི་གང་དུའང་མངོན་ཞེན་དང ། །གང་དུའང་གནས་པ་ཡོད་མ་ཡིན། །དེ་ལྟར་ཡང་དག་འབྱུང་མོད་ཀྱི། །སྒྱུ་མ་ལྟ་བུའི་དངོས་དག་ནི། །ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་བ། །བདེ་བ་ཡོངས་སུ་འགྱུར་བཞིན་པས། །འབྲས་བུ་ཁྱད་འཕགས་ཐོབ་འགྱུར་པར། །ཅི་ཡི་ཕྱིར་ན་འདོད་མི་བྱ།། བརྟན་གཡོའི་དངོས་པོ་ཡོད་མིན་ཏེ། །འོན་ཀྱང་སྣང་བ་ཙམ་མཚན་ཉིད། །སྒོམ་པ་ཁྱད་པར་ཅན་གང་ཞིག་།གོམས་པའི་སྟོབས་ནི་རྫོགས་པ་ན། །ཡིད་འོད་བདེ་བའི་འབྲས་བུ་ནི། །བླ་མེད་གསལ་བའི་བློ་ཡི་མཐུ། །འབྲས་བུ་དོན་གཉེར་རྒྱུ་བསྒྲུབས་ན། །དེར་ནི་ལྷ་མོ་སུ་ཞིག་འགོག་།དེ་བས་འབད་པ་ཐམས་ཅད་ཀྱིས། །ཀུན་ཏུ་འགྲོ་བ་མཆོད་པར་བྱ། །དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ནི་བསྐམས་ཤིང་སྡུག་བསྔལ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ན། །གཡེངས་པས་
332b
དངོས་གྲུབ་གཞན་དུ་འགྱུར། །ལུས་དང་སེམས་ནི་བརྟན་གྱུར་ན། །བདེ་བ་ཐམས་ཅད་བརྟན་པར་འགྱུར། །སྡུག་བསྔལ་གྱིས་ནི་གཡོ་གྱུར་པས། །ཤིན་ཏུ་འགོག་པར་འགྲོ་བར་འགྱུར། །དེས་ན་ལུས་དང་ངག་སེམས་རྣམས། །བརྟན་པར་བྱས་ནས་བྱང་ཆུབ་ཐོབ། །གཞན་དུ་དུས་མིན་འཆི་བ་དང ། །དམྱལ་བར་ངེས་པར་སྲེག་འགྱུར་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དང་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་རིམ་པར་ཕྱེ་བ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་བཙུན་མོ་རྣམས་ཀྱིས་སླར་ཡང་མཆོད་ཅིང་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྙིང་པོ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་འབྲལ་པའི་ལྷ་ལ་སོགས་པའི་གདུག་པ་ཅན་རྣམས་དང ། སྐྱེ་བོ་གདུག་པ་ཅན་གཞན་དག་ཀྱང་གདུལ་བ་དང ། འཇོམས་པ་དང ། ཞུམ་པར་བྱེད་པ་དང ། ལྟུང་བ་དང ། ཞི་བར་བྱས་ཏེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་གནོད་པ་བྱེད་པར་མི་འགྱུར་བའི་སྙིང་པོ་སྡང་བ་ཐམས་ཅད་རབ་ཏུ་འཇོམས་པ་ལྷས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་
333a
༄#། །བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེའི་བདག་པོས་གླུར་བླངས་ཏེ་འདི་སྐད་ཅེས་གསུངས་སོ། །དང་བོར་རྣམ་པར་སྣང་མཛད་གནས། །དེར་ནི་སྡེ་མཚན་རྣམས་ཀྱི་མཐའ། །ཏ་དང་པོ་ཡི་དྷ་བྷའི་མཐའ། །དབྱངས་ཀྱི་གསུམ་པས་སྤྱིར་བརྒྱན་པའི། །ས་ཡི་མཐའ་ནི་རང་གིས་བལྟ། །ལ་སའི་དབུས་ཀྱི་སྟན་བཞུགས་པའི། །ས་ཡི་མཐའ་ནི་སྦྱར་བར་བྱ། །མདའ་གཉིས་ཀྱིས་ནི་རྣམ་པར་སྦྱངས། ། སྟན་གནས་པ་ས་ཡི་མཐའ། །སླར་ཡང་ས་མཐའ་མདའ་ལྔ་སྟན་ཟླ་བའི་དུམ་བུ་ཐིག་ལེས་བརྒྱན། །ལ་སའི་དབུས་གནས་ས་བོན་ནི། །མདའ་བཅུ་ཡིས་ནི་ཡོངས་སུ་སྦྱངས། །ཤ་དང་ས་ཡི་དབུས་གནས་ལ། །ཞལ་གསུམ་གྱིས་ནི་བརྒྱན་པ་དང ། །རླུང་གི་ཕྱོགས་གནས་ས་བོན་ལ། །རུ་ཏ་ཡིས་ནི་རྣམ་པར་བརྒྱན། །ཧཱུཾ་ཧཱུཾ་ཧ་ནི་བཟུང་ནས་སུ། །དབྱངས་ཀྱི་དགུ་པས་ཡང་དག་དགང ། །ཕཊ་ཅེས་བྱ་བ་དགོད་པར་བྱ། །ལྷག་མ་ཧ་ཡི་རྐང་པ་དགང ། །ལྔ་པའི་དབུས་གནས་དེ་ཉིད་དེ། །དེ་ལ་ཧ་ཛོ་ཞེས་བྱའོ། །ར་སྟན་ལ་གནས་ས་ཡི་མཐའ། །ི་ཞེས་བྱ་བའི་མདའ་དང་སྦྱོར། །སླར་ཡང་པ་ཞེས་བྱ་བའི་མཐའ། །མདའ་ནི་གསར་པས་ཡོངས་སུ་སྦྱངས། །ས་མཐའ་དེར་ནི་ར་ཡིག་ཞོན། །ེ་ཞེས་བྱ་བའི་སྣང་བའི་རྒྱན། །ི་དབྱངས་
333b
ཟླ་དུམ་ཐིག་ལེས་བརྒྱན། །ཡི་གེ་ར་ཞོན་ས་ཡི་མཐའ། །སླར་ཡང་ས་མཐར་སྒྲ་ལྔར་ལྡན། །ཟླ་དུམ་ཐིག་ལེས་ཅོད་པན་བརྒྱན། །སླར་ཡང་དེ་ཉིད་མགོན་པོ་བཟླ། །རིན་ཆེན་མཐའ་མ་ཕཊ་ཀྱིས་བརྒྱན། །རྣམ་པར་སྣང་མཛད་སྣ་ཚོགས་ཀྱིས། །ཚིག་རྣམས་ཀུན་ལ་དགང་བྱ་ཞེས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། ། དཔའ་བོ་དྲུག་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །སྣ་ཚོགས་པདྨའི་ཉི་དཀྱིལ་ལ། །དེར་ནི་ཧཱུཾ་ལས་བྱུང་བ་ཡི། །ལས་ཀྱི་རྡོ་རྗེའི་དབུས་གནས་པར། །ཧཱུཾ་གི་དེ་ཉིད་རྣམ་སྒོམ་པའོ། །འོད་ཟེར་སྣ་ཚོགས་འབར་བ་ལས། །མཁའ་འགྲོ་མ་ཡི་ཚོགས་སྤྲོ་བའོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པའི། །སྐུ་མདོག་ད་མར་མོ་དྲག་ཆེན་མོ། །མདུང་གི་དབྱིབས་ཅན་འཇིགས་པའི་གཟུགས། །སྤྱན་དམར་ཁམ་སྐྲ་གྱེན་དུ་བརྫེས། །ལང་ཚོ་ཕུན་སུམ་ཚོགས་པར་ལྡན། །སྟག་གི་པགས་པའི་ན་བཟའ་ཅན། །ལྗགས་འདྲིལ་བས་ནི་ཆེར་འཇིགས་ཏེ། །འཇིགས་པ་དག་ཀྱང་འཇིགས་པར་མཛད། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་རབ་གྲགས་ཞེས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །སྔོན་བསགས་ལས་ནི་མཐར་བྱེད་པ། །མེ་དང་བཅས་ཏེ་ལན་གཉིས་བཟླ། །ཀུ་རུ་ཀུ་རུ་སེམས་
334a
༄#། །དཔའ་བྲལ། །རལ་པ་གྱ་གྱུ་བནྡྷ་གསལ། །དེ་ནི་སླར་ཡང་བཟླ་བར་བྱ། །འཇིག་རྟེན་གཟུགས་དང་བྲལ་བ་ཡི། །ཏྲཱ་ས་ཡ་ཞེས་བྱ་སྟེ་རྫུན། །དམ་པ་དེ་ནི་ལན་གཉིས་བཟླ། །ཀྵ་ཞེས་བྱ་བ་ཨོ་སྒྲར་ལྡན། །གློ་ན་བྷ་ཡ་ཡང་དག་གནས། །དེ་ཡང་སླར་ནི་བཟླ་བར་བྱ། །ས་ཡི་མཐའ་ནི་ཉི་སྟན་གནས། །མདའ་བཅུ་ཟླ་དུམ་ཐིག་ལེས་དགང ། །དེ་ཡང་སླར་ནི་བརྗོད་པར་བྱ། །འོད་བྱེད་སྦྱངས་པའི་ས་ཡི་མཐའ། །གཤེགས་སུ་གསོལ་བ་གློ་ན་གནས། །ཉིས་འགྱུར་དུ་ནི་བྱ་བ་ཡིན། །ཟླ་ཞོན་ཐིག་གསལ་ཕེ་ཞེས་བྱ། །དེ་ཡང་སླར་ནི་བཟླ་བར་བྱ། །ཕཊ་ཅེས་བྱ་བ་བསྒྱིངས་ཏེ་བསྒྲགས། །རྣམ་པར་རྟོག་པ་ཀུན་གྱི་ཤིང ། །ད་ཧ་ད་ཧ་མཁའ་འགྲོའི་སྡོམ། །ལྔ་སྡེའི་ཐོག་མ་གཉིས་དང་ལྡན། །སྡེ་གཙོ་དེ་ནི་སླར་བཟླ་བྱ། །བྷ་ཀྵ་བྷ་ཀྵ་ཞེས་བྱ་དང ། །པ་ས་རུ་དྷི་ར་ཨནྟྲ། །མཱ་ལཱ་བ་ལཾ་བི་ནེ་དང ། །གྲྀཧྞ་གྲྀཧྞ་སཔྟ་སྟེ། །པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་།སརྦཾ་བཱ་ཏརྫ་ཡ་ཉིས་འགྱུར་བྱ། །ཱ་དང་ཀ་ཡི་ཡི་གེ་དང ། །གསུམ་པ་ཡི་ནི་གསུམ་པར་སྦྱར། །བཞི་པ་དང་ནི་རླུང་ལ་གནས། །ལན་གཉིས་སུ་ནི་བཟླ་བར་བྱ། །ས་ཡི་མཐའ་ནི་ཉི་མར་གནས། །ཡི་གེ་བཞི་པས་དགང་བར་བྱ། །སླར་ཡང་དེ་ནི་ལན་གཉིས་བཟླ། །ལྔ་སྡེ་མཐའ་ཡི་སྟན་བཞུགས་པ། །ཀ་ཥ་ཨ་དང་ཐིག་ལེར་ལྡན། །
334b
ས་བོན་དེ་ནི་གཉིས་བཟླ་བྱ། །ས་མཐའ་མདའ་གཉིས་དང་ལྡན་པ། །སླར་ཡང་ས་མཐའ་མདའ་གསུམ་སྦྱར། །དེ་བཞིན་ས་མཐའ་མདའ་ལྔའི་སྟན། །དེ་ཀུན་ཟླ་བའི་དུམ་བུ་དང ། །ཐིག་ལེ་ཡིས་ནི་ཅོད་པན་བརྒྱན། །དེ་དག་ཡང་ཡང་བསྒྱུར་བར་བྱ། །ཀ་ས་ཙ་དང་དྷ་རྣམས་ནི། །ི་སྒྲ་ཡི་ནི་མཆོག་གིས་བཟུང ། །ལི་ཡི་མཐའ་ནི་རེ་རེར་སྦྱར། ། དེ་དག་ཀྱང་ནི་ཡང་ཡང་བསྒྱུར། །ུ་སྒྲ་ལ་ཞོན་ས་ཡི་མཐའ། །སླར་ཡང་ཟླ་དུམ་ཐིག་ལེས་སྦྱངས། །ཕཊ་ཅེས་བྱ་བའི་རིན་ཆེན་སྒྲུབ། །ཆ་དང་ཆ་མིན་སྣ་ཚོགས་པའི།། མེ་ཏོག་མང་པོས་ཡང་དག་ཟིན། །དེ་དག་ལྷ་མོ་སྒྱུ་མ་ཆེ། །དངོས་གྲུབ་ཐམས་ཅད་རབ་སྟེར་བའོ། །འདི་ནི་གསུངས་པ་ཙམ་གྱིས་ཀྱང ། །འཇིག་རྟེན་ཁམས་ཀུན་གཡོས་གྱུར་ཅིང ། །དེ་བཞིན་གཤེགས་པ་ཀུན་སྐྲག་ནས། །སླར་ཡང་དེ་བཞིན་གཤེགས་པ་ཀུན། །བྱང་ཆུབ་ཏུ་ནི་མངོན་སངས་རྒྱས། །རི་བོ་ཐམས་ཅད་འདར་ཞིང་གས། །མ་མོའི་ཚོགས་དང་འབྱུང་པོའི་ཚོགས། །གདོན་དང་རིམས་དང་དབྱིག་དུག་དང ། །གནོད་སྦྱིན་སྲིན་པོ་ལོག་འདྲེན་སོགས། །སྡང་བ་ཐམས་ཅད་བཏུལ་ཞིང་བཅོམ། །ཞི་འགྱུར་བཀུག་སྟ་\?\་དཀྱིལ་འཁོར་གྱི། །དབུས་སུ་བཅུག་སྟེ་དམ་ཚིག་གིས། །བཅིངས་ནས་ཀྱང་ནི་དབང་དུ་མཛད། །དམྱལ་བ་པ་ཡི་སྡིག་པ་ཀུན། །དྲལ་ཏེ་ངེས་བཅོམ་བསྙིལ་ལོ་ཞེས། །མཁའ་
335a
༄#། །འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། གྲུ་བཞི་པ་ལ་སྒོ་བཞི་པ། །སྒོ་སྐྱོང་དང་ནི་ཡང་དག་ལྡན། །དེ་དབུས་པདྨ་བྲི་བྱ་བ། །འོད་ཟེར་དམར་ཆེན་གསལ་བའི་མདངས། །ཕྱི་རོལ་རི་མོ་ཟླུམ་པོར་བསྐོར། །དེ་ཡི་དབུས་སུ་བཅོམ་ལྡན་འདས། །ཁྲོ་བོ་ཆེན་པོ་ཞལ་བཞིས་བརྒྱན། །ཞལ་ནི་མཆེ་བ་ཅུང་ཟད་གཙིགས། །ཁྲོ་དང་བཅས་ཤིང་བཞད་པའི་ཞལ། །གཡས་པ་དཀར་ཞིང་ཞི་བ་སྟེ། ། གཡོན་པ་དམར་པོ་ཆེར་འཇིགས་པ། །རྒྱབ་ནི་འོད་ཟེར་སེར་པོའི་མདོག་།ཕྱག་བཞི་ཡིས་ནི་བརྒྱན་པ་སྟེ། །དཔའ་བོ་གཡོན་ན་ཁ་ཊྭཱཾ་དང ། །དེ་བཞིན་དུ་ནི་ཐོད་པ་བསྣམས།། གཡས་ན་འབར་བའི་རྡོ་རྗེ་དང ། །ཁྱད་པར་དུ་ནི་གཤོར་གྱིས་བརྒྱན། །རིག་པ་བཞི་དང་ཡང་དག་ལྡན། །སངས་རྒྱས་གཟུགས་ཀྱིས་ཉེ་བར་བརྒྱན། །དཔའ་བོའི་ཤེས་རབ་དགའ་མཛེས་མ། །མདའ་དང་གཞུ་ནི་བསྣམས་པ་སྟེ། །སེམས་དཔའ་སྔོན་པོ་འབར་བའི་དངོས། །འོད་ཀྱི་དཀྱིལ་འཁོར་དམར་པོ་ཅན། །དུར་ཁྲོད་མེ་ལྟར་གསང་མཐོ་ཞིང ། །འཇིག་པ་ཡི་ནི་དུས་ལྟར་དྲག་།མེ་ལྟར་འབར་བའི་སྐྲ་ལ་ནི། །ཐོད་པ་ཡི་ནི་དབུ་རྒྱན་བཅིངས། །རོ་ལངས་དང་ནི་ལྷན་ཅིག་རོལ། །ཧེ་རུ་ཀ་ཡི་གར་གྱིས་སྤྱོད། །མ་མོའི་
335b
གྲོང་ཁྱེར་ཉམས་དགའ་བར། །ས་ཡི་དབང་ཕྱུག་རོལ་པར་མཛད། །ཐམས་ཅད་དུ་ནི་ཐམས་ཅད་ཀྱིས། །ཀུན་ཏུ་ཐམས་ཅད་ཀུན་བདག་ཉིད། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།བསམ་གཏན་བཟླས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད། །དུས་བཞི་རུ་ནི་རབ་སྦྱོར་བས། །བདེ་མཆོག་བླ་མ་སྒོམ་བྱས་ཏེ། །རྡོ་རྗེ་ཆེན་པོ་འབུམ་བཟླས་ན། །ཁྲོ་བོའི་རྒྱལ་པོ་མཚུངས་པར་འགྱུར། །རྡོ་རྗེ་ཚེ་འཛིན་ཚེ་དང་ནི། །མདོག་དང་ན་སོ་སྟོབས་དང་རྩལ། །དངོས་གྲུབ་རྫུ་འཕྲུལ་ཆེན་པོར་ལྡན། །མི་ཟད་འགྲོ་དོན་བྱེད་མཐུར་ལྡན། །ཡང་ན་མ་བསྒྲུབས་པར་ཡང་སྔགས་པས་ལན་གཅིག་བཟླས་པས་ལས་བརྒྱ་ཐམ་པ་བྱེད་པར་འགྱུར་བ་ནི། འདི་ལྟ་སྟེ། །རྒྱུ་དང་མི་རྒྱུ་བ་ཐམས་ཅད་ངེས་པར་གནོན་པ་དང ། ལྟུང་བ་དང ། བསྐྱོད་པ་དང ། སྐྲག་པ་དང ། རྒྱ་གདབ་པ་དང ། རྨུགས་པ་དང ། རེངས་པ་དང ། ཟློག་པ་དང ། རྨོངས་པ་དང ། བཅིང་བ་དང ། དགས་པ་དང ། གཏོར་བ་དང ། བརླག་པར་བྱ་བ་དང ། སྨྱོ་བར་བྱ་བ་དང ། གཏུབ་པ་དང ། སྤྱུག་པ་དང ། དབྱེ་བ་དང ། རྨེག་མེད་པར་བྱ་བ་དང ། ནོར་དབྲོག་པ་དང ། བསྡུ་བ་དང ། ལྐུགས་པ་དང ། བཅིང་བ་དང ། བདག་ཉིད་བརྡུང་བ་དང ། གསོད་དུ་གཞུག་པ་དང ། ལོང་བར་བྱ་བ་དང ། ས་བོན་བརླག་པར་བྱ་བ་དང ། རིམས་དང ། དུག་དང ། དབྱིག་དུག་གིས་གཟུང་བ་དང ། ས་གཡོ་བ་དང ། དམྱལ་
336a
༄#། །བར་བཏང་བ་དང ། བྱོལ་སོང་གི་མངལ་དུ་སྤོ་བ་དང ། སྐྱེས་པ་བུད་མེད་དུ་བྱ་བ་དང ། མངལ་ན་གནས་པ་དབྱུང་བ་དང ། ཆུ་བསྒག་པ་དང ། མ་ནིང་དུ་བྱ་བ་དང ། འདོད་པའི་ཆགས་པ་བསྐྱེད་པ་དང ། གསད་པ་དང ། གཞན་གྱིས་གསོད་དུ་གཞུག་པ་དང ། མཚོན་བཅིང་བ་དང ། བྱས་པ་ཆུད་གསན་པ་དང ། གཅེར་བུར་བྱ་བ་དང ། བྷ་ག་དང ། བཤད་པའི་ལྕགས་སྒྲོགས་དང ། བྷ་ག་དང ། བཤད་པའི་སྨྲ་བ་དང ། རྒོད་དུ་གཞུག་པ་དང ། ཁྲག་དང་ཁུ་བ་དབབ་པའི་ནད་དང ། གཞོམ་པ་དང ། ཁྲག་དང་མཛེ་ལ་སོགས་པའི་ནད་བསྐྱེད་པ་དང ། མྱ་ངན་དང ། སྡུག་བསྔལ་དང ། བཏགས་པ་དང ། བཅིང་བ་རྣམས་དང ། དུམ་བུ་དུམ་བུར་བྱ་བ་དང ། ལུས་ཐམས་ཅད་ཕྱེ་མར་བྱ་བ་དང ། གཟེར་བ་དང ། ཐམས་ཅད་ཚོགས་པ་དང ། དགུག་པ་དང ། གཞུག་པ་དང ། བསྐྱོད་པ་དང ། གར་དང ། གླུ་དང ། རྒོད་དུ་གཞུག་པ་དང ། མང་དུ་སྨྲར་གཞུག་པ་དང ། ལྟས་ངན་བསྟན་པ་དང ། ཐོབ་པ་དང ། དབང་དུ་བྱ་བའི་ལས་ཐམས་ཅད་ལ་སྦྱར་བ་དང ། བཀོལ་བ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང་ལོག་འདྲེན་དང ། འདུལ་བྱེད་དང ། འབྱུང་པོ་དང ། མ་མོ་དང ། མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་གདུལ་བ་དང ། མཆོག་སྦྱིན་དང ། ས་དང ། ཆུ་དང ། མེ་
336b
དང ། རླུང་དང ། ནམ་མཁའ་རྣམས་ཐམས་ཅད་མཁྱེན་པའི་ལས་བྱ་བ་དང ། ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་ལས་རྒྱལ་བ་དང ། ཆགས་པ་ཐམས་ཅད་གཞོམ་པ་དང ། རིམས་དང ། དུག་དང ། དབྱིག་དུག་དང ། མཁའ་འགྲོ་མ་ལས་དགྲོལ་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བ་དགས་པ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་བའི་སྐྱོ་བ་བསལ་བའོ། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པར། །འདི་ནི་ལྷ་མོ་བཤད་པ་ཡིན། །སྔགས་ཀྱི་རྒྱལ་པོ་འདི་ཉིད་ནི། །མ་བྱུང་འབྱུང་བར་མི་འགྱུར་ཞེས། །སྒྱུ་མ་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཞེས་རབ་གྲགས་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །ལས་ཐམས་ཅད་ཀྱི་ཆོ་ག་ལས་སྒྱུ་མ་ཆེན་པོས་རྣམ་པར་འཕྲུལ་བའི་སྔགས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། །།དེ་ནས་གསང་བ་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །སྒྱུ་མ་ཀུན་གྱིས་མཉམ་སྦྱོར་བས། །ལས་རྣམས་ཐམས་ཅད་རྣམ་འཕྲུལ་བ། །སྒྱུ་མ་ཀུན་གྱི་རྫུ་འཕྲུལ་གྱིས། །དབང་ཕྱུག་ཐམས་ཅད་རབ་སྒྲུབ་ཅིང ། །འབྱུང་པོ་གདོན་གྱི་རིག་པ་ཆེ། །གང་གིས་སྡུད་ཅིང་སྤྲོ་བྱེད་པའོ། །ཧི་མ་བནྡྷ་
337a
༄#། །སྱ་ཨུཏྟ་རེ་ཎ། བྷ་བཙྪི་བོ་ན་མ། །མ་ཧཱ་མ་སོ། །སོ་བ་ཨི་ཨ་དྷཱ་མ། སི་ཧཾ་བེ་ཧི་མ་སེ་ཧི་ཧི་མ་སེ་ཧི། བ་ཧི་བུཛྫ། ཨི་སོ་ནི་དོ། །མ་ཧི་ནཱ་དོ། །ཀུམྦྷ་ཀཎྜ། སནྣི་དྷོ་སཱ་ག་ར། ས་ས་ཏྱ། པ་ཌ་བེ་སི་ན་སནྣི་དཾ་བནྡྷ་མི། ཀུ་ཀུ་ར་སསས་བི་ཌ་ལས། ཏུ་ཎྜ་བནྡྷ་མི། ཛཱ་བ་སུ་རུ་ཨུ་ད་ནི། ཛ་བ་ར་དི། པྱ་བྷ་བ་ཨ་དྷི་ཨ་ཏ་ཏོ་བ་རྞ། ཨ་ནུ་བ་དེ་ན། །སཱ་དྷུ་ན། མ་མ་ཙ་རི་ཡ། སརྦྦ་སིདྡྷ་ན་སཝཱཧཱ་ཞེས། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །སྔགས་འདི་ལན་བདུན་མངོན་པར་བཟླས་ཏེ་ཁང་ཐོག་ཏུ་བཞག་ན། ཁྱིམ་གྱི་མི་རྣམས་དྲན་པ་མེད་པར་འགྱུར་རོ། །བ་ས་ཧ་དོ་ལ་ཨི། །མི་ཛྙ་ཨ། ས་བ་བ་ཛ་ན་མོ་ཧ་ཨི། །ེ་ས་བཛྫི་ཙ་ཧི། ན་མནྟ་ཨིནྡྲ་ན། ཧ་ཨ་བཱ་ཨི། །ཛ་བེ་ན་དིཎྞ་ཎི་དྷ། ཏ་མ་པི་ཧ། མ་ཧཱ་སཝ་བ་ཨ་ནེ་ན། བཱ་ཏོ་སི། རཱ་ཛཱ་ཀུ་ལ་ཁཎྜ། ཌ་ཎི་ཌ། ཛེ་བཱ་ཨི་བ་དྷ། ཏི་དྷི་ཎ་ཏ་ཎ་ན་མཿ སི་དྷ་ན། ན་མཿ ་པུ་པ་ཙ་ཛ་ཛ། པཱ་ད་ན། བ་གླང་གི་གདོང་ཞེས་བྱ་བའོ། །མ་ས་ར་བ་ཎཾ། ཏདྱ་ཐ་རེ། མ་ཧཱ་དཎྜེ་ད་ཧ་ཧེ་དུ་ན་ཧེ་ཧེ་སཝཱཧཱ། །སྔགས་འདི་བྱེ་མ་ལ་ལན་བདུན་མངོན་པར་བསྔགས་ཏེ་ཞིང་ལ་གཏོར་ན། རི་དྭགས་ལ་སོགས་པའི་སྲོག་ཆགས་ཐམས་ཅད་ཀྱིས་ཟ་བར་མི་འགྱུར་རོ། །དེ་ཉིད་ཀྱི་བཀའ་ཙམ་གྱིས་སྤྲིན་བཟློག་པར་འགྱུར་རོ། །རཏྣ་ར་ཏི། ཨོཾ་ཨ་ལི་ལ། བ་རུ་ཙུ་ལི་ལ། ཙོ་ར་བག་གྷ། ཀནྡ། ས་བཱ་མུ་ཧ། བནྡྷ་མི་སཝཱཧཱ། སྔགས་འདི་ཤིང་སོར་བཞི་པ་ལ་ལན་བདུན་བསྔགས་ཏེ་རྣ་གོང་གཡས་
337b
པར་བཙུགས་ན། ཙོ་ར་བ་ཐམས་ཅད་བཙིངས་པར་འགྱུར་རོ། །ིཾ་ད་སི་ཨ་ཏི་ཎི་ཛ་ཧ་ཨ། ཀ་ལི་ལོ་ཧི་དྷི། པིཾ་ག་ལི་མ། མེ་ག་བྷ་ན་ཨི། ཨ་ཧཾ་སི་ལ་ཨུ་ས་རི་མི། ཨ་བ་ར་བྷ་ན་ཨི། ཨ་ཧཾ་བཱ་ད་ཨུ་ས་ར་མི། ཨ་བ་ར། བྷ་ཎ་མི། ཨ་ཧཾ་དུ་ཧ་མི་བྷི་ཏོ་བ་ཛ་ཛ་པ། མི་ལོ་ལོ་ཀ་ལི། ལོ་ཧི་དི། བིཾ་གི་ལི་ཧཱུཾ་ཕཊ། ཁྱུ་མཆོག་གི་རཝ་གོང་དུ་ཆགས་པའི་ས་ས་ལ་མ་ལྷུང་བ་བླངས་ཏེ་སྔགས་འདི་ལན་བདུན་དུ་བཟླས་པར་བྱས་ན། བས་མཐའ་དང ། འབྲོག་དགོན་པའི་ལམ་དང ། རྒྱལ་པོའི་ཕོ་བྲང་དུ་ཡང་འཚེ་བ་ཐམས་ཅད་འབྱུང་བར་མི་འགྱུར་རོ། །བ་གླང་གི་གདོང་གི་ཆོ་ག་ལ་ཡང་འདི་ཉིད་དོ། །ཀཱ་ར་བཱི་རའི་ལྕུག་མ་ལ་སྔགས་བཟླས་པའི་ཆོ་ག་འདིས་རླུང་དང ། ཆར་པ་དང ། སེར་བ་བཟློག་པར་འགྱུར་རོ། །ོཾ་ཛཾ་བཾ་ལི་ཨ། པི་ཛེ་ཛ་སུ་ཏི་ཐ་ད་སི་ཨི་སུ་བྷ་དེ་ཨོ། །ས་ན་ཨོ། ། ཙ་ལ་ཧི། སུ་ཎྞ་པ་ད་ནེ། ཧི་སི་ལ་པ་ད། །པཪྵ་བ། ཛ་ཧེ་སཝཱཧཱ། ཞིབ་མའི་ནང་དུ་ཆུ་བླུགས་ལ་སྔགས་འདི་ལན་བདུན་བཟླས་ཏེ་རླུང་ཕྱོགས་སུ་ནམ་མཁའ་ལ་གཏོར་ན། རླུང་དང ། ཆར་དང ། སེར་བ་ལ་སོགས་པ་བཟློག་པར་འགྱུར་རོ། །ན་ཡ་མོ་དྷེ། བྷ་ག་བ་ཏེ། ཀི་བྷི་ཀུ་རེ་ཎ་ཤ་ཏྲ་ཡ། ཐ་མ་ཀེ་ཧ་ཐ་ཀ་ར་ལ་བཱ་ཀེ་ནི་ཏ་སོམ་རུ་བི་ཏི་བི་བྷ་ཏུ་ཡ། རུ་ཚ་རེ་ཊ་ར་མ། ཊ་ཀུ་ཀེ་ཏོ་ལ་ཊི་ཀུ་ཀེ་ཏི་ལིཊ་ལུ་ཡ། །ལུ་དཾ་ཧི་ཥྛ་ལོ་ཀ་སི་ར་ལེ་ལོ་ཏི་གྲ་ལེ་བྷི་ཥི་ཥ་ལེ་ཎ་སི་མུ་ལེ་ཁ། ཨ་ཡ་ཐེ་སརྦ་ཧ་དེ་སྲ་ན་བྷུ་ཛ་ཀུ་བྷ་ན་སུ་ཐེ་ར་ཥ་ཡ། །ན་པ་ལ་
338a
༄#། །ར་ཏིཥུ་དྷ་ཡ་ན་ཤོ་པ་དྱ་ཏི་ཏ་ཀ་སུ་སེ་ལ་ཀ་ཁ་སེ་ཊཾ་གྷེ་གྷ་སེ་དྷ་གྷ་རི་ས་ཎེ། མ་བྱཱ་ཧ་གྷ་གྷ་ཛེ་སེན་གྷཾ་བ་ས་ར། གྷ་དྷ་སེ་ར་ས་ཨ་ཧ། ཨ་ཨོཾ་ཧ་པི་རུ་ག་ཨཾ་བྲ་ལ་ཨནྡྷ་ཀྵ་ཀ་ཨ་ར་ཧཱུཾ་ཧཱུཾ་ཧཱུཾ་བ་ཕ་པུཊ་ཥ་ཡ། ཟླ་ཚེས་ཐིག་ལེར་ལྡན་པའི་ཨོས། །རྐང་པ་བརྒྱད་པ་མཛེས་པར་བྱ། །སཝཱཧཱ་ཞེས་བྱས་བརྒྱན་པ་སྟེ། །མཐའ་དང་མཐར་ནི་ཕཊ་མཆོག་བྱ། །འདི་ནི་གསུངས་པ་ཙམ་གྱིས་ཀྱང ། །ཀླུ་རྣམས་སྐྲག་ཅིང་བརྒྱལ་བར་འགྱུར། །སྔགས་ཀྱི་རྒྱལ་པོ་འདིའི་སྦྱོར་བ་ནི། འདི་ཡིན་ཏེ། སྔགས་པ་བདག་ཉིད་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ཧཱུཾ་མཛད་ཞལ་བཞི་པ། ཕྱག་བཞི་པ། འདམ་སྐྱེས་སྔོན་པོ་ལྟ་བུ་མདོག་ཅན་སངས་རྒྱས་ལྔའི་མེ་ཏོག་གི་ཕྲེང་བས་དབུ་བརྒྱན་པ། བསྐལ་པའི་མེ་ལྟར་འབར་བ། ཡན་ལག་གི་ཆ་ཤས་ཐམས་ཅད་ནས་རྡོ་རྗེ་མཁའ་འགྲོ་མ་སྤྲོ་ཞིང་ཞལ་བཞི་ནས་ཧཱུཾ་བཞི་སྒྲོགས་པར་མཛད་པར་བྱའོ། ། དེ་ནས་ཁམ་ཕོར་གཉིས་བཟུང་སྟེ་ཁམ་ཕོར་གཉིས་པོ་དེ་བ་བླས་རླུང་དང་མེའི་དཀྱིལ་འཁོར་རང་གི་མཚན་མས་མཛད་ཅིང་འབར་བ་ལ། ཀླུ་བརྒྱད་ཀྱི་དཀྱིལ་འཁོར་རེའུ་མིག་དགུ་པར་བྲིས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ཀླུ་ལྷག་མ་ཅན་མགོ་ལ་གདེངས་ཀ་བདུན་གྱིས་བརྒྱན་པ། ཅུང་ཟད་བསྐུམ་པའི་ཕྱེད་ཀྲུང་ཅན་དུ་བྲི། དེའི་བརླ་
338b
གཡོན་པ་ལ་གནས་པར་ཀླུ་མོ་གདེངས་ཀ་གསུམ་དང་ལྡན་པ་གཡོན་གྱིས་འཁྱུད་པར་བྲི། དེ་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་རྣམས་སུ་མཐའ་ཡས་ལ་སོགས་པ་བྲིས་ལ། གདེངས་ཀ་རྣམས་ལ་ཧཱུཾ་དང་སྤེལ་བའི་ཕུ་བཀོད་དེ་ཐམས་ཅད་ཀྱི་ལག་པ་གཡས་ན་རལ་གྲི་ཐོགས་པའོ། །དཔྲལ་བ་རྣམས་སུ་ཡང་ཧཱུཾ་ཕུ་ཧཱུཾ། རྐང་མཐིལ་རྣམས་ལ་ཛ་བྲི། རྐང་པ་རྣམས་ཀྱང་ཀླུ་གཞན་གྱིས་བཅིངས་པ་སྟེ་དེ་དག་གི་གདེངས་ཀ་ལ་ཡང་ཧཱུཾ་ཕུ་ཧཱུཾ་བྲིའོ། །དེ་ནས་ཨོཾ་དྷྲི་ཨ་ནི་ལ་ཏ་ར་པེ་ག་དི་ཐི་བི་བ་ར་ཥེ་ཥེ་ཡ་ཧི་རུ་སརྦྦ་ནཱ་ག་ཀུ་ལ་བྱ་ན་ཡ་ཕུ། ས་མ་ཡེ་པྲ་པེ་ཥ་ཡ་ཕུ། སརྦྦ་ན་སཱ་དྷ་ཡ་ཕུཿ ་ཕུཿ ་ཕུཿ ་ཕུཿ ་ཞེས་བྱ་བ་འདིས་དཀྱིལ་འཁོར་བསྐོར་ལ་ཡང་སྔགས་འདི་དང ། ཕྱག་རྒྱས་སོ་སོའི་ལུས་ལ་བཀུག་སྟེ་གཞུག་པར་བྱའོ།། ཕྱག་རྒྱ་ནི། འདི་ཡིན་ཏེ། མཐེ་བོང་ཁ་སྦྱར་ཏེ་བཅིངས་ལ་ཕྱི་རོལ་ཏུ་བཞག་སྟེ་སོར་མོ་ལྷག་མ་རྣམས་གདེངས་ཀ་ལྟར་བྱ་བའོ། །ཛཿ ཧཱུཾ་བཾ་ཧོ་ཞེས་བྱ་བ་སྔགས་ཀྱི་མཐར་བཟླ་ཞིང་དགུག་པ་དང ། གཞུག་པ་ལ་སོགས་པ་བྱས་ལ། དེ་དེ་ནས་ཁམ་ཕོར་དེ་མར་ནག་ཚ་བས་བཀངས་ཏེ་སྡོང་བུ་ལ་མེ་སྦར་ལ། ཁམ་ཕོར་གཞན་གྱིས་བཀབ་ལ། ཁམ་ཕོར་དེ་རི་རབ་ཏུ་བསྒོམས་ནས་དེའི་སྟེང་དུ་ཧཱུཾ་གིས་ཁྲོ་བོའི་དཀྱིལ་འཁོར་བསྒོམས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་ཆོ་ག་བཞིན་དུ་གཞུག་པར་བྱའོ། །དེ་ནས་
339a
༄#། །ཁམ་ཕོར་གྱི་སྟེང་དུ་བསྒོམས་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོའི་དཀྱིལ་འཁོར་བའི་ལུས་ཀྱི་གཟར་བུ་ལས་བྱུང་བའི་ཆུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་མཐོང་བར་བསམ་ལ། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཞལ་བཞི་ནས་ཧཱུཾ་བཞི་སྒྲོགས་ཤིང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་པའི་མཛུབ་མོའི་རྩེ་མོར་ཧཱུཾ་གཉིས་བསྒོམས་ཏེ་དེ་ལས་བྱུང་བའི་མེ་ལྕེའི་ཕྲེང་བས་སྤྲིན་རྣམས་བཟློག་པར་བསམ་སྟེ་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཀྱང་རུང་བ་བཟླའོ། །སྦྱོར་བ་འདིས་ནི། དཀྱིལ་འཁོར་གྱི་ཕྱི་རོལ་ཁྲུ་བརྒྱད་ཀྱི་བར་དུ་ཆར་བཟློག་པར་བྱའོ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་དབུས་གྱུར་པདྨ་ནི།། ཁ་དོག་དཀར་པོ་མཛེས་པ་ལ། །ཉི་མའི་དཀྱིལ་འཁོར་དབུས་གནས་པའི། །ཡེ་ཤེས་ས་བོན་བསྒོམ་པར་བྱ། །རླུང་དང་མེ་ཡི་དབུས་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །དབང་ཆེན་དཀྱིལ་འཁོར་དབུས་སུ་ནི། །གསལ་བའི་དཀྱིལ་འཁོར་རབ་བསྒོམས་ཏེ། །ཟླ་བ་རྡོ་རྗེའི་སྦྱོར་བ་ཡིས། །རྡོ་རྗེ་མཁའ་འགྲོ་བསྒོམ་བྱ་བ། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །གླང་ཆེན་སྟན་ལ་གཡས་བརྐྱང་བཞུགས། །སྤྱན་གསུམ་སྐྲ་ནི་གྲོལ་བས་བརྒྱན། །གཟུགས་བཟང་གཞོན་པ་ཕུན་སུམ་ཚོགས། །ཐོད་པའི་ཕྲེང་བ་རྣམ་པར་
339b
ཀླུབས། །ཁ་དོག་དམར་པོ་གསལ་བའི་མདངས། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །འབར་བའི་རལ་གྲི་ཐོད་པ་དང ། མངའ་དང་གཞུ་ནི་འགེངས་པ་སྟེ། །ཁྲག་ལ་དགྱེས་པའི་ཧྲཱི་ལས་བྱུང ། །འོད་ཟེར་དམར་པོའི་ཕྲེང་འཁྲུགས་ཤིང ། །འཇིགས་པ་དག་ཀྱང་འཇིགས་པར་མཛད། །གྲུ་བཞི་པ་ལ་སྒོ་བཞི་པའི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒོམ། །བླ་རེ་དམ་པ་བྲེས་པ་དང ། །རླུང་བསྐྱོད་བ་དན་བསྒྲེངས་ནས་ནི། །སྣ་ཚོགས་གོས་ནི་རྣམ་དཔྱངས་པར། །དུར་ཁྲོད་སོ་ཕག་ལ་སོགས་པའི། །ཚོན་རྩི་རྣམ་པ་ལྔ་ཡིས་ནི། །ཁྲུ་བཞི་པ་ཡི་ཚད་ཙམ་དུ། །དཀྱིལ་འཁོར་དགེ་བའི་ལས་ཙམ་སོགས། །དེ་ནས་རྫིང་བུ་བྱ་བ་ནི། །ཚོན་རྩི་སྔོན་པོས་གཅལ་བཀྲམ་སྟེ། །རྦ་རླབས་ཆུ་གཉེར་ལ་སོགས་བྲི། །ཚོན་ཆེན་གྱིས་ནི་གང་བའི་གཟུགས། །ཉ་དང་ཉ་མིད་ལ་སོགས་པའི། །སྲོག་ཆགས་རྣམ་པ་སྣ་ཚོགས་བྲི། །ཕྱི་རོལ་བྱ་རོག་སོགས་པས་བརྒྱན། །དེ་ནས་ཆོ་ག་འདི་ཡིས་ནི། །རིག་པ་ཆེ་དང་ཀླུ་བརྒྱད་དགོད། །སྒོ་བཞིར་མགོ་གཉིས་བསྣོལ་བ་ལ། །མཇུག་མས་གྲཝ་བཞིར་དཀྲིས་ནས་སུ། །ཤར་དུ་ཀླུ་རྒྱལ་མཐའ་ཡས་ནི། །འདམ་སྐྱེས་སྔོན་པོ་ལྟ་བུའི་མདོག་།གདེངས་ཀ་བདུན་ནི་བསྒྱིངས་པ་ལ། །ཀླུ་མོ་དང་ནི་བཅས་པར་དགོད། །ཕྱག་ན་པདྨ་བསྣམས་པའོ། །བྱང་དུ་ནོར་རྒྱས་སེར་པོ་སྟེ་ནུབ་ཏུ་འཇོག་པ་དམར་པོ་ཡིན། །ལྷོ་རུ་སྟོབས་རྒྱུ་ལྗང་སྐྱ་སྟེ།
340a
༄#། །དབང་ལྡན་དུ་ནི་དུང་སྐྱོང་ཡིན། །རླུང་མཚམས་པདྨ་བདེན་བྲལ་དུ། །པདྨ་ཆེན་པོ་དགོད་པར་བྱ། །མེ་མཚམས་སུ་ནི་རིགས་ལྡན་རེ། །ཆོག་སྔ་མས་བྲི་བར་བྱ། །ཀླུ་ནི་བརྒྱད་པ་ཐམས་ཅད་ཀྱང ། །རིན་ཆེན་ཅེད་པན་ལྟ་ལྡུག་ལྡན། །རྒྱན་ཀུན་གྱིས་ནི་རྣམ་པར་ཀླུབས། །གདེངས་ཀའི་ནོར་བུའི་འོད་ཀྱིས་ནི། །མུན་པ་ཐམས་ཅད་སེལ་བྱེད་པ། །ཐལ་མོ་སྦྱར་ཞིང་སྐྲག་ནས་སུ། །གདེངས་ཀ་ལས་ནི་ཆུ་རྒྱུན་འབེབས། །སྤྲིན་གྱི་དབང་ཕྱུག་རྒྱལ་པོ་རྣམས། །ཕྱོགས་བརྒྱད་ནས་ནི་དགུག་པར་བྱ། ། སྨྲ་གྲག་དང་ནི་རྨུགས་པ་དང ། །དྲག་པོ་འགུགས་བྱེད་དེ་བཞིན་ནོ། །རྒྱལ་བ་བཟང་པོ་དཔལ་དགའ་མོ། །ཆར་འབེབས་དང་ནི་སྡུག་མ་དང ། །མྱུར་བ་དང་ནི་དབྱངས་ཅན་མ། །གཏུམ་དང་འབེབས་དང་གང་དང་གཡོ། །འདི་དག་སྤྲིན་རྒྱལ་བརྒྱད་པོ་ཞེས། །མཁའ་འགྲོ་མ་དང་མཉམ་སྦྱོར་བའི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །བུད་མེད་གཉིས་ཀྱི་ཐོད་པ་མིང་དང་ལྡན་པ་ལ་གོ་རོ་ཙ་ན་དང ། ཁྲག་གིས་མེའི་དཀྱིལ་འཁོར་གཉིས་བྲིས་ཏེ་མེའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ཡི་གེ་ཀྵུཾ་དང་ཧྲཱིཿ བྐོད་ལ། དབུས་སུ་བསྒྲུབ་བྱའི་མིང་བྲིས་ཏེ་རི་མོ་གསུམ་གྱིས་བསྐོར་ནས་མོ་ཛའི་ས་བོན་ནམ། རེ་ཕས་དཀྱིལ་འཁོར་
340b
གསུམ་རིམ་དུ་བསྐོར་ཏི་ཐོད་པའི་སྟེང་འོག་གི་བྱེ་བྲག་ཤེས་པར་བྱས་ལ་སེང་ལྡེང་གི་མེ་ལ་དུས་གསུམ་དུ་བསྲོས་ན། ཕྱི་དེ་ཉིན་པར་འོང་བའམ་བསྐམ་པར་འགྱུར་རོ། །གནས་དབེན་པའི་ས་ཕྱོགས་སུ་བླ་གབ་མེད་པར་རྡོ་རྗེ་སེམས་དཔའི་སྐུ་གཟུགས་མར་ནག་ཚ་བས་བྱུགས། །དེ་ཤིང་སྟེག་མཛེས་པ་ལ་བཞག་ལ། ཁྲུས་ཆབ་གསོལ་ནས་བསྐམས་ཏེ་སྒྲུབ་པའི་གྲོགས་དང་བཅས་པར་ཆར་དབབ་པར་དམིགས་ནས་ཁ་ཤར་སྟོད་དུ་བལྟས་ལ་སྔགས་བཟླས་ན་བརྒྱད་བྱིན་གྱིས་ཆར་འབེབས་སོ། །མིན་ན་དཔལ་ཕྱག་ན་རྡོ་རྗེའི་སྔགས་དང་སྤེལ་ཏེ་བཟླས་ན་རྒྱུན་མི་འཆད་པར་འབབ་བོ། །ཡང་ན་ཁམ་ཕོར་ལ་སྦྲུལ་མགོ་གཉིས་པའི་ཤ་དང ། ཁྲག་གིས་སྔ་མ་ལྟར་བྲིས་ཏེ། མེ་ལྕེས་མ་རེག་པར་ནམ་མཁའ་ལ་བཞག་ལ་ཆར་དབབ་པ་ལ་སྔགས་བཟླས་ན་འབབ་པར་འགྱུར་རོ། །ཆར་གཅོད་པར་འདོད་ན་རྡོ་རྗེ་ཅན་ལ་ཕུལ་བའི་མེ་ཏོག་གི་བདུག་པ་ཁང་སྟེང་དུ་གནས་ཏེ་གཅེར་བུར་བྱུང་ལ་སྤྲིན་ལ་བདུགས་ཤིང་སྔགས་བཟླས་ན་བཟློག་པར་འགྱུར་རོ། །ཁམ་ཕོར་སོ་མ་བཏང་བ་ལ། དུག་ལ་སོགས་པས་རླུང་ལ་སོགས་པའི་དཀྱིལ་འཁོར་གསུམ་བྲིས་ཏེ་དེའི་ས་བོན་ལས་གྱུར་པར་བསམ་ལ། ཆུའི་སྟེང་དུ་ཡང་པདྨ་འདབ་བརྒྱད་བྲིས་ནས་ལྟེ་བ་ལ་ཧཱུཾ་གཉིས་ཀྱིས་གཟིར་བའི་ནཱ་བྲི། འདབ་མ་བརྒྱད་ལ་ཡང་ཀླུ་བརྒྱད་ཀྱི་སྙིང་པོ་གཟིར་བ་
341a
༄#། །བྲིས་ལ་སྟོབས་པོ་ཆེའི་སྔགས་དང ། ཧཱུཾ་དགུས་ཆོག་བཞིན་དུ་མཚོ་སྐྱེས་བསྐོར་ཏེ་སྔགས་བཟླས་ཤིང་ཇི་ལྟར་འབྱུང་བ་བཞིན་དུ་མཆོད་པ་བྱས་ལ། ཁམ་ཕོར་ཁ་སྦྱར་ཏེ་ཀླུའི་གནས་སུ་བཅུག་ན་ཀླུ་ཐམས་ཅད་ཆར་གྱི་རྒྱུན་འབེབས་སོ། །གལ་ཏེ་དེས་སྡང་བའི་ཀླུ་རྣམས་ཆར་མི་འབབས་ན་དེར་སྦྱོར་བ་འདི་ལྟར་བྱ་སྟེ། གཏུམ་པོའི་ས་བོན་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ། ཀླུའི་མཚོར་སྦྱིན་སྲེག་བྱས་ན་ཆར་འབབ་པར་འགྱུར་རོ། །གལ་ཏེ་དེས་ཀྱང་ཆར་འབབ་པར་མ་གྱུར་ན། དེའི་ཚེ་ཡུངས་ཀར་དང ། ཚ་བའི་མར་ནག་དང ། སྦྲང་རྩི་དང ། ཀཱ་ར་བཱི་རའི་མེ་ཏོག་རྣམས་ལྷན་ཅིག་ཕྱེ་མར་བྱས་ཏེ་རིལ་བུ་བྱས་ལ། དེ་ཉིད་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བཟླས་ཏེ་ཀླུའི་མཆོར་བཅུག་ན་འབབ་པར་འགྱུར་རོ། །གལ་ཏེ་ཀླུ་རྣམས་སྡང་བས་ཆར་མི་འབེབས་ན་མགོ་འགགས་པར་འགྱུར་རོ། །གལ་ཏེ་ཡང་མི་འབབ་ན་དུར་ཁྲོད་ཀྱི་ཐལ་བ་བཟུང་སྟེ་རྩ་བའི་སྐྱུར་པོར་སྤངས་ནས་སྔགས་བཟླས་ཏེ་མཚོར་བཅུག་ན། ཀླུ་རྣམས་མྱོས་ཤིང་ཆར་གྱི་རྒྱུན་འབེབས་སོ། །ཅི་སྟེ་དེས་ཀྱང་མ་བབས་ན་པདྨ་དང་ཨུཏྤ་ལ་སྔོན་པོ་དང ། བ་བླ་དང ། ཟངས་ཀྱི་ཕྱེ་མ་དང ། ཡུངས་ཀར་དང ། དབང་པོའི་ལག་པ་དང ། པ་ལ་ཤ་རྣམས་ལས་རིལ་བུ་རྒྱ་ཤུགས་ཀྱི་འབྲུ་གུ་ཙམ་བྱས་ལ། རིལ་བུ་རེ་རེ་ཞིང་ལན་བདུན་འདུན་མངོན་པར་བསྔགས་ཏེ་ཇི་སྲིད་ཆར་འབབ་ཀྱི་བར་དུ་རིལ་བུ་རྣམས་མཆོར་བསྐྱུར་ན།
341b
ཉིན་མོ་དང་མཚན་མོ་བྱེ་བྲག་མེད་པར་ཆར་འབབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་སྔགས་ཀྱི་རྒྱལ་པོ་འདི་གསུངས་ཏེ། ཨོཾ་ན་མོ་ནཱི་ལཱམྦ་ར་དྷ་རཱ་ཡ།་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨ་ནེ་ཀ་གཾ་གཱ་ན་དཱི་བཱ་ལ་ཀོ་ས་མ་བུདྡྷ་ཀོ་ཊི། ཤ་ཏ་ས་ཧ་སྲ་པ་རི་བྲིཏྟཱ་ཡ། བི་ཀྲྀ་ཏཾ་དཾཥྚ། ཀཱ་ལ་རཱུ་པཱ་ཡ། ཨཀྣི་ར་སི། ན་ཡཱ་ན་ཡཱ། ཛ་ལི་ཏ།་བི་ཥེ་ས་སཝ་ཡ། བྷཱི་མན་དཱ་ཡ། བ་སུ་ཀི་ནཱ་ག་རཱ་ཛི། བི་བྷུ་ཥི་ཏ། ཀ་ར་ཙ་ར་ཎཱ་ཡ། ཀྲྀཥྞ་བྷུ་ཛ་གཱ་ཡ། ཡཛྙོ་པ་ཝཱི་ཏཱ་ཡ། ཛྭ་ལི་ཏ་བྷུ་ཛ་མ་ཎི་མ་ཀུ་ཊཱ་ཡ། པུ་རི་ཏ་ཊ་པ། བཱ་ད་ནཱ་ཡ། སཾ་ཀྲུ་ཙི་ཏ་བྷུ་ལ་ཏ་ཡ་ད་ཤ་ན་ཥཎྜ་རོ་ཥ་ཎཱ་ཡ། ཀྲི་ཏནྟ་རཱུ་པཱ་ཡ་བིདྱུ་ཛྫི་ཧཝཱ་ཡ། མ་ཧོ་རཱ་ག་བྷ་ཀྵ་ཎཱ་ཡ། ཀ་ར་སྥོ་ཊ་ཏྲཱ་ས་ན་ཀ་རཱ་ཡ། སུ་བརྞ་ཀ་ན་ཀ་ར་ཛ་མེ་ཁ་ལཱ་ཡ། ཧཱུཾ་ཀཱ་ར་ནཱ་ད་ཏྲ་ས་ན་ཀ་རཱ་ཡ། ཨ་ཤཱི་ཏི་ཡོ་ཛ་ན་སཝཱཧཱ། སྲ་གམྦྷི་ར། སཱ་ག་ར་ཛ་མུ་མཎྜ་ལཱ་ཡ། ཙཀྲཱ་དི་ཏྱ་ཀ་མ་དྷ་བྷ་ཧ་ནཱ་ཡ། དཾཥྚ་ཀ་ར་ལཱ་ཡ། ཧ་སི་ཏྲཱ་ཊྣ། ཧཱ་ས་ནཱདཱ་ནཱ་དཱ་ཡ། མ་ཧཱ་སཾ་ཀྵོ་བྷ་ཀ་རཱ་ཡ། ཀཱ་ལ་རུ་པཱ་ཡ། ཏྲཻ་ལོ་ཀྱ་བྷ་ཀྵ་ཎ་ཀ་ར་ཎཱ་ཡ། ནཱ་གཱ་ནཱཾ་མྲི་ཏྱུ་ཀཱ་ལཱ་ཡ། ཨི་མཾ་གཾ་གཱནྡཱི་བ་ལེ་ཀ་ས་མེ་བུདྡྷ་བྷ་ག་བད་བི་བྷུ་ཥི་ཏཾ། མནྟྲ་མ་བཱ་ཏྲ་ཡི་ཥྱི་མི། བྷོ་བྷོ་ཡནྣཱ་གཱ་དྷི་པ་ཏ་ཡོ། ཨི་དཾ་ནཱི་ལཱ་མྦ་ར་དྷ་ར་ཤ་རཱི་རཾ་བཛྲཱ་པཱ་ཎཱི་ཧྲི་ད་ཡ། ཡ་ས་མཱ་ཏི་ཀྲ་མ་ཐ། མཱ་ཀུ་ལོཚཝ་ད་ནི། བྷ་བི་ཥྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཧཱ་ཝ་ལོ་ཀ་པཱ་ལི་ནཱི་ཛ་ཧ་ར་ཛ་ཧ་ར། ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར། སརྦ་
342a
༄#། །ནཱ་གཱ་ནཱཾ། ཚིནད་ཚིནད་ནཱ་ག་ནཱཾ་ཧྲཱི་ད་ཡཱ་ནི་བྷི་ནྡྷ་བྷིནྡྷ། ནཱ་ག་མརྨཱ་ཎི་བི་ཤཱི་རྱ་ནྟུ། ནཱ་ག་ཧྲི་ད་ཡཱ་ནི། སྥོ་ཊ་ཡ་སྥོ་ཊ་ཡ། ནཱ་ག་ན་ཡ་ནཱ་ནི། བི་ཤཱི་རྱཾ་ཏུ། ནཱ་ག་ཤ་རཱི་རཱ་ཎཾ། ཏདྱ་ཐཱ། ཧཱུཾ་ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ། ནཱ་ག་ཚིནད་ནཱ་ཡ་ཕཊ། ནི་ལ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ། བ་ལ་པ་ར་ཀྲ་མ་ཡ་ཕཊ། ཀྲི་ཏཱནྟ་ཡ་ཕཊ། ཀྲི་ཏཱནྟ་རུ་པཱ་ཡ་ཕཊ། རོཥྞ་ཡ་ཕཊ། ཏྲ་ས་ནཱ་ཡ་ཕཊ། ཀུཥྨ་ཎཌྪཱ་ད་ན་ཀ་རཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་སྨ་ར་བི་ན་ཤ་ཀཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཾ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱ་མྦ་ར་དྷ་རོ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སཝཱ་ཧཱ། གནོད་སྦྱིན་དང་སྲིན་པོ་ལ་སོགས་པས་ཟིན་པ་ལ་ནི་ཆུ་ལ་བཟླས་ཏེ་གཏོར་ན་གྲོལ་བར་འགྱུར་རོ། །ཆར་བཟློག་པ་ལ་ནི་ཐལ་བ་ལ་བཟླས་ནས་སྤྲིན་ལ་བལྟས་ཏེ་གཏོར་བར་བྱའོ།། ཆུ་ལ་བཟླས་ཏེ་གཏོར་ན་ནི་ཆར་འབབ་པར་འགྱུར་རོ། །རིམས་ལ་ནི་སྐུད་པ་སྔོན་པོ་ལ་བཟླས་ཏེ་ལག་པ་ལ་བཏགས་ན་གྲོལ་བར་འགྱུར་རོ། །ཟླ་བ་དང་ཉི་མ་གཟས་ཟིན་པའི་དུས་སུ་གོ་རོ་ཙ་ན་ལ་ལན་སྟོང་མངོན་པར་བཟླས་ཏེ་དཔྲལ་བར་ཐིག་ལེར་བྱས་ན་མི་སྣང་བར་འགྱུར་རོ། །དོན་ལ་དམིགས་
342b
ཏེ་གཙང་ཞིང་གཙང་བའི་གོས་གྱོན་ལ་ཉིན་མཚན་དུ་ཀུན་ཏུ་རུ་བསྲེགས་ཏེ་ལན་བརྒྱད་བརྒྱ་བཟླས་ན། རྨི་ལམ་དུ་དགེ་སྡིག་ཐམས་ཅད་སྟོན་བར་འགྱུར་རོ། །ས་ལ་ལན་བདུན་བཟླས་ཏེ་ཆོམ་པོ་ལ་བལྟས་ནས་བུས་ན། ཆོམ་པོ་བས་མི་མཐོང་ཞིང་བཟློག་པར་འགྱུར་རོ། །མེ་ཏོག་གམ་འབྲས་བུ་ལ་ལན་བདུན་བཟླས་ཏེ་གང་ལ་ཕྱིན་པ་དེ་དབང་དུ་འགྱུར་རོ། །ཞེས། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཀླུ་ཐམས་ཅད་འགུགས་པའི་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་སླར་ཡང་མཆོད་པས་མཆོད་ཅིང་ཕྱག་གསུམ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །ལས་ཐམས་ཅད་ཀྱི་ཚོགས་བཅོམ་ལྡན་འདས་ལྷ་ཡིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རིག་པའི་རྒྱལ་པོ་འདི་མགུར་དུ་བཞེས་ཏེ་བཀའ་སྩལ་པ། གྷི་ལི་གྷི་ལི་བཪྵ་ཡ་བཪྵ་ཡ་བཛྲ་ད་ཨི་ནི་ཤ་པ་རི་ཤ་པ་ཨ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། བུ་ས་ཐ། བུ་ས་ཐ། བུ་ས་ཐ། ཧ་ས་ཧ་ས། ཧ་ཧ། ཨོཾ་ནི་ཟླ་ཕྱེད་ཐིག་ལེས་བརྒྱན། །དེ་ནི་ཆུ་འཛིན་བརྒྱད་ལ་གནས། །མཁའ་འགྲོ་མ་ཡི་རིག་སྔགས་ཏེ། །སྒྱུ་མཆེན་བོའི་རང་བཞིན་ནོ། །
343a
༄#། །འདི་ནི་གསུང་མ་ཐག་ཏུ་ཡང ། །ཀླུ་རྣམས་ཐམས་ཅད་བརྒྱལ་འགྱུར་ཞེས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ན་མཿ ་ཤྨ་སཱ་ན་བཱ་སི་ནི། མཧཱ་ཀ་ལ། ཨ་ནུཙྪ་ཡ། ཏ་དྱ་ཐཱ། ཨོཾ་ཙ་ལེ་ཙ་ལེ་པྲ་ཙ་ལེ། ལ་ལཱ་ལ་ལཱ་ཡ། དེ་བི་ལམ་ག་སཝཱ་ཧཱ། སྔགས་འདི་བསྙེན་པ་ཁྲི་བྱས་ཏེ་མཚན་ཕྱེད་ན་ལིངཱི་དྲུང་དུ་ཇི་སྲིད་འོངས་ཀྱི་བར་དུ་བཟླས་པ་བྱས་ཏེ་གོང་བུ་དགུག་པའི་ཆོ་གའོ། །ོཾ་ཙ་མུ་ཎྜེ་དྷཱུ་མ་ཀེ་ཤི་བ་དྷུ་ཛེ་ཧེ། བྷེ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཅ་པ་ཙ། དེ་པ་དནྟ་མཱ་ར་ཡ་སཝཱ་ཧཱ། རང་གི་རྐང་མཐིལ་གཡོན་པར་སེན་རྩིས་རི་རབ་བྲིས་ལ། དེའི་ནང་རོལ་གྱི་གྲ་བཞིར་ཡི་ག་ཧྲཱིཿ ་བཞི་བྲི། དབུས་སུ་སྔགས་ཀྱི་ཆིག་བྲིས་ལ། ། རྡོག་པས་མནན་ཏེ་བཟླས་ན་ཁུགས་ཤིང་དབང་དུ་འགྱུར་རོ། །སྐྱེས་བུའི་བྱིན་པ་གཡོན་པའི་རུས་པའི་ཐུར་མ་ལ་སྟེང་གི་ཆར་ཚོགས་ཀྱི་དབང་ཕྱུག་ཕྱག་བཞི་པ། ཞལ་འོག་ཏུ་གཟིགས་པ། ལག་པ་གཡས་པ་དང ། གཡོན་པར་ཐོ་བ་དང ། དགྲ་སྟ་དང ། ཞགས་པ་དང ། མདུང་རྩེ་གསུམ་པ་བསྣམས་པ་བྱས་ལ། དུག་དང ། ཁྲག་དང ། སྐེ་ཚེ་དང ། ལན་ཚ་དང ། ལྕེ་མྱང་ཚར་བཅས་པའི་མར་ནག་གི་ནང་དུ་ཕུར་བུ་དེ་བཙོས་ཏེ་སྟོབས་པོ་ཆེའི་སྔགས་བཟླས་ལ། གང་གི་ཁྱིམ་སྒོར་སྤས་པ་དེ་ལ་གཅོང་
343b
ནད་ཆེན་པོ་འབྱུང་བར་འགྱུར་ལ། བཏོན་ན་ཐར་པར་འགྱུར་རོ། །ོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་བ་ཙ། བི་དྷྭཾ་ས་ཡ་ཨུཚཱ་དཱ་ཡ་མཱ་ར་ཡ་ཧཱུཾ་ཕཊ། གྲོག་མཁར་གྱི་ས་དང་བའི་རྣམ་ལྔར་བཅས་པས་ཀླུ་བཱ་སུ་ཀིའི་གཟུགས་བརྙན་མཐོ་གང་ཙམ་པ་བྱས་ཏེ་ཀཱ་ར་བཱི་རའི་ལྕུག་མས་བཀབ་ལ། གུ་གུལ་གྱི་བདུག་པ་རྒྱུན་མི་འཆད་པར་བདུག་ཅིང་དཀར་གསུམ་གྱི་གཏོར་མ་བྱིན་ལ། ཀཱ་ར་བཱི་རའི་ལྕུག་མས་རྒྱུན་མི་འཆད་པར་ཆུ་གཏོར་ཞིང་བཟླས་ན། ཞག་བདུན་གྱིས་ཆར་གྱི་རྒྱུན་འབེབས་པར་བྱེད་དོ། །ཇི་སྟེ་བབ་པར་མ་གྱུར་ན། ཉི་མ་བདུན་པ་ལ་དུམ་བུ་དུམ་བུར་བྱས་ཏེ་བུམ་པའི་ནང་དུ་བླུགས་ལ། ཧཱུཾ་བཞི་པའི་སྔགས་བཟླས་ཤིང་ཆུ་བོ་ཆེན་པོར་བསྐུར་ན་ངེས་པར་བབ་པར་འགྱུར་རོ། །ོཾ་ག་ག་ཨ་རི་ག་ག་སཝཱ་ཧཱ། སྔགས་འདི་ནང་བར་སྔར་གདོང་མ་བཀྲུས་པར་རྡེའུ་ལ་ལན་བདུན་བཟླས་ཏེ་གང་ཡང་རུང་བའི་བུ་གར་བཅུག་ལ། ཆེ་གེ་མོའི་ཁ་ཆིངས་ཤིག་ཅེས་བརྗོད་ན་ཁ་ཆིངས་པར་འགྱུར་རོ། །མུ་ཁ་ཏི་ཥྛཾ་ཏི་མུ་ཀ་གཙྪ་ཏི། མུ་ཁ་ཌཾ་ཏ་ལཾ་ག་ལཾ་མུ་ཀ་ན་མུ་དྲ་པུ་རི་ཥ་ཎ། དེ་བ་དཏྟ་སྱ་མུ་ཁ་བཾ་དྷཱ་མི་སཝཱ་ཧཱ། གླང་གི་ལྕི་བ་ས་ལ་མ་ལྟུང་བ་བྱི་བའི་ཁུང་བུ་སྒོ་གནམ་དུ་བལྟས་པའི་ནང་དུ་བཅུག་ལ་བཟླས་ཤིང་ཁ་ཆིངས་ཤིག་ཅེས་བརྗོད་ན། རྒྱལ་པོའི་ཕོ་བྲང་ལ་སོགས་པ་དང །
344a
༄#། །ཤགས་འགྱེད་པ་ལ་བཟླས་པ་ཙམ་གྱིས་ཁ་བཅིངས་པར་འགྱུར་རོ། ། ཀཱ་རོ་མུ་ཁཾ་ཐོག་མར་སྦྱར། །སརྦ་དྷརྨཱ་ཎཾ་དེ་མཐར། །རབ་ཏུ་སྦྱར་ཏེ་སླར་ཡང་ནི། །ཱདྱ་ནུད་པནྣྟ་ཏྭཱ་ཏ་ཅེས་བྱ། །སྔོན་དུ་གསུངས་པའི་སྦྱོར་བ་ཡང ། །བློ་གྲོས་ཆེན་མོ་མདུན་གནས་ཏེ། །སྔགས་འདི་བདུན་ནི་བརྗོད་བྱ་ན། །མཁར་གནས་རྣམས་ཀྱིས་ངེས་པར་ནི། །ཆུ་ནི་རབ་ཏུ་མང་པོ་འབེབས། །སྡེ་ཚན་ཐ་མ་རའི་སྟན་ལ་གནས་པ་ལ། དབྱངས་ཡིག་བཞི་པ་དང་ནི་ཐིག་ལེས་བརྒྱན་ཏེ། ཙནྡན་དམར་པོས་ཉལ་བའི་སྔགས་ཀྱིས་གཞི་ལ་བྱུགས་ཏེ་དེར་རང་གི་ཁྲག་གིས་སྙིང་པོ་ལ་མིང་བྲིས་ལ། ཉལ་བའི་དུས་སུ་མེ་ཏོག་དམར་པོས་གཏོར་ཞིང་བདུག་པས་བདུགས་ན།་རང་གི་བུད་མེད་ཆགས་པས་མི་ཕྱེད་པར་འགྱུར་རོ། །སྙིང་གར་ཉི་མ་ལ་ཧཱུཾ་བསྒོམས་ཏེ་བདག་ཉིད་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པར་བསྒོམས་ལ།། རྡོ་རྗེ་སོ་ཅན་གྱི་ཁྲག་གིས་ཤིང་ཛ་ཏའི་ལྕུག་མའི་སྨྱུག་གུས་རས་སམ། གྲོ་ག་ལ་རླུང་གི་ས་བོན་གྱི་དབུས་སུ་བསྒྲུབ་བྱའི་མིང་དང་བསྐུལ་ཚིག་ཏུ་བཅས་པ། ཧཱུཾ་ཊཀྐི་ཞེས་བྱ་བའི་ས་བོན་གཉིས་ཀྱི་དབུས་སུ་བྲིས་ལ་ལྕགས་ཀྱུ་ལ་སོགས་པས་དགུགས་པ་ལ་སོགས་པའི་ལས་བྱས་ཏེ་སོ་ཕག་གི་དབུས་སུ་བཅུག་ལ། སྐུད་པ་དམར་པོས་དཀྲིས་ནས་
344b
རླུང་མཚམས་སུ་གཡོན་བརྐྱང་གི་རྐང་པས་མནན་ཏེ་བཟླས་ན། རྒྱ་མཚོ་ལ་ཐུག་གིས་གཞི་ཐམས་ཅད་དུ་འཁྱམས་པར་འགྱུར་རོ། །བཏོན་ནས་འོ་མས་བཀྲུས་ན་གྲོལ་བར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །བདག་ཉིད་མཾ་དམར་པོ་ལས་བུད་མེད་ཀྱི་གཟུགས་སུ་བསྐྱེད་དེ་ཨོཾ་དམར་པོ་སྦྱི་བོར་ཡང་བསམ་ལ། བུ་མོའི་ཁ་ནས་བདག་གི་ཁར་སྔགས་ཀྱི་ཕྲེང་བ་ཆོ་ག་བཞིན་དུ་ཞུགས་པར་བསམ་ན་དབང་དུ་འགྱུར་རོ། །བུད་མེད་ཀྱི་གཅི་བའི་ཤུལ་གྱིས་དང ། རང་གི་གཅི་བའི་ཤུལ་གྱི་ས་ལས་མོ་མཚན་གྱི་གཟུགས་བྱས་ཏེ་དེའི་སྟེང་དུ་རང་གི་མཚན་མ་བཞག་ལ་སྔགས་ལན་བདུན་བཟླས་ནས་དེར་གཅི་བའི་ལས་བྱས་ལ། ཉི་མ་བདུན་དུ་དུས་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླས་ན། བརྒྱ་བྱིན་གྱི་ཆུང་མ་ཡང་འོང་བར་འགྱུར་ན་གཞན་རྣམས་ལྟ་ཅི་སྨོས། །སྐྱེས་པའི་ཐོད་པར་གོ་རོ་ཙ་ན་དང་སེན་རྩིས་བསྒྲུབ་བྱའི་གཟུགས་བརྙན་བྲིས་ཏེ་སྙིང་གར་མིང་དང་སྤེལ་བའི་སྔགས་བྲིས་ལ། དྲི་ཆུས་བྱུགས་ནས་ཐོད་པ་གཉིས་ཁ་སྦྱར་ཞིང་རོའི་སྐུད་པས་ཀུན་ཏུ་དཀྲིས་ཏེ་སྤྲ་ཚིལ་གྱིས་བྱུགས་ལ། རོ་བསྲེགས་པའི་སོལ་བའི་མེ་ལ་ཇི་སྲིད་སྤྲ་ཚིལ་ཞུ་བར་མ་གྱུར་གྱི་བར་དུ་རིག་པའི་རྒྱལ་པོ་འདི་ཟློས་ཤིང་གདུངས་ན། ལས་ཀྱི་ཆོག་དེ་ལྟ་བུས་ལྷའི་འཇིག་རྟེན་ཡང་འོང་བར་འགྱུར་རོ། །དུག་ཅན་གྱི་ཐོད་པར་གནོད་སྤྱིན་སྨྱོན་པའི་ལྕ་བཅུག་ལ། རྟའི་རྨིག་པའི་
345a
༄#། །སེར་ཁར་བཅུག་སྟེ་གང་གི་ཁྱིམ་སྒོར་སྤས་བ་དེ་ཉི་མ་བདུན་གྱིས་བསྐྲད་པར་འགྱུར་རོ། །ཡང་ན་ལས་ཀྱི་དུས་སུ་ཁ་ཟས་ཀྱི་ཕུད་ཀྱི་ཆང་བུ་ལ་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཁྲོ་བ་དང་བཅས་པས་བསྒྲུབ་བྱར་གཞུག་སྟེ་ཉི་མ་བདུན་གྱིས་བསྐྲད་ཕར་འགྱུར་རོ། །ལྕི་བ་ས་ལམ་ལྷུང་བ་ལ་བསྒྲུབ་བྱའི་གཟུགས་བརྙན་སོར་བཅུ་དྲུག་པའམ། ཕྱེད་དང་བཅུ་གསུམ་པ་བྱས་ལ། རས་མི་འདུ་མ་བུ་ལ་དེའི་མིང་བྲིས་ཏེ་ལྟོར་བཅུག་ལ། བག་ཟན་གྱིས་དེའི་ཁ་བཀང་སྟེ་རོ་སྐྲས་དཀྲིས་ལ། གཏུན་ཤིང་ལ་སྔགས་ལན་བདུན་བཟླས་ཏེ་ཁྲོ་བོ་དང་བཅས་པས་དའི་གདོང་བཙེགས་ན་བཅིངས་པར་འགྱུར་རོ། །དཔའ་བོ་གཡུལ་དུ་བསད་པའི་རས་ལ་བུ་མོའི་གཟུགས་བརྙན་རི་མོར་བྲིས་ཏེ་བ་གླང་གི་རྡུལ་དང ། ཤིང་པུ་བ་ཏ་ལའི་རྩ་བའི་བདུག་པས་བདུགས་ན་བུ་མོ་དེ་འོང་བར་འགྱུར་རོ། །རས་སམ། གྲོ་གའམ། སྤང་ལེབ་བམ། རྩིག་ངོས་ལ་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་གཟུགས་ཁ་དོག་ཐམས་ཅད་དང་ལྡན་པ་གཡས་བརྐྱང་བས་གནས་པ། ལག་པ་གཡས་ན་ཐོ་བ། གཡོན་ན་སྤྲུལ་ཞགས་འཛིན་ཅིང་ཁྲོ་གཉེར་དང ། སྨིན་མ་བཅུམ་པ། མཆེ་བ་གཙིགས་ཤིང་སྤྱན་དམར་བ། སྐྲ་གྱེན་དུ་འགྲེང་ཞིང་སྦྲུལ་གྱིས་རྒྱན་གྱིས་བརྒྱན་པ་འོད་འབར་བ་དང་བཅས་པ་བྲིས་ལ། སྦྲུལ་ཞགས་ཀྱི་ལྟོར་དུར་ཁྲོད་ཀྱི་སོལ་བས་དགྲའི་ཚོགས་ཀྱི་མིང་སྔགས་དང་སྤེལ་བ་བྲིས་ཏེ་
345b
བཞག་ན། ཇི་སྲིད་གནས་ཀྱི་བར་དུ་དགྲ་རྣམས་བཅིངས་པར་འགྱུར་ཏེ། ཐ་ན་ཡིད་ཀྱིས་ཀྱང་ཅུང་ཟད་ཙམ་ཡང་གནོད་པར་སེམས་པར་མི་འགྱུར་ཏེ། གལ་ཏེ་གནོད་པར་སེམས་ན་འབྱུང་པོ་དང།་རིམས་དང ། གདོན་དང ། ཤ་ཟ་དང ། མཁའ་འགྲོ་མས་ཉེ་བར་འཚེ་བར་འགྱུར་ལ། ལྷ་རྣམས་ཀྱིས་ཀྱང་སྟོར་བར་འགྱུར་ཏ། ཕ་རོལ་གྱི་དཔུང་གི་ཚིག་སྤེལ་ན་དབུང་བཅིངས་པར་འགྱུར་རོ། །གཞན་ཡང་ཤིང་ལོ་ལ་སོགས་པ་ལ་སྔགས་ཕྲེང་གཉིས་སུ་བྲིས་ཏེ་ཕྲེང་གཉིས་པའི་མཐར་བསྒྲུབ་བྱའི་མིང་གི་ཡི་གེ་དང་སྤེལ་ཏེ་བྲིས་ནས་བཅིངས་ལ། ཁམ་ཕོར་དུ་བཞག་སྟེ་དེར་བཤང་བ་བཏང་ལ། བ་གླང་གི་ལྕི་སྐམ་གྱི་ཐལ་བས་བཀང་སྟེ་ཁམ་ཕོར་ཁ་སྦྱར་ལ་དབུགས་ནང་དུ་རྡུབ་ཅིང་ས་འོག་ཏུ་སྤས་ནས་སའི་འཐུག་པ་ཁོ་ནར་བཀབ་ན། དགྲ་བཅིངས་པར་འགྱུར་བ་ལས་གཞན་དུ་མ་ཡིན་ནོ། །རཏྣ་བཛྲ་ཞེས་བྱས་ནས། །དེ་ནས་ཨོཾ་དང་བཛྲ་བརྗོད། །ཧྲའི་དང་ཕཊ་ནི་མཐར་སྦྱར་བ། །སྔགས་འདི་དཔུང་ནི་འཆིང་བྱེད་ཡིན། །ས་ནག་པོ་ལ་ལྷ་མོ་ཙ་མུཎྜའི་གདོང་བྱས་ལ། གོ་རོ་ཙ་ནས་བསྒྲུབ་བྱ་དུ་ཡོད་པའི་མིང་དང་སྦེལ་བའི་སྔགས་བྲིས་ཏེ་དེའི་ཁར་བཅུག་ལ། དེའི་ཁར་མཆོད་པ་རྣམ་པ་ལྔས་མཆོད་ཅིང་ཁྱིམ་གྱི་ཕྱོགས་གཅིག་\?\་ཏུ་བཞག་ལ། ཉིན་གཅིག་བཞིན་དུ་མཆོད་པར་བྱས་ན་ཁ་བཅིངས་ཤིང་དབང་དུ་འགྱུར་རོ། །ཁམ་ཕོར་ལ་ལྡོང་རོས་ཀྱིས་བུད་མེད་ཀྱི་གཟུགས་བརྙན་བྲིས་ལ། དེའི་བྷ་ག་
346a
༄#། །མཛུབ་མོ་བཙུགས་ཏེ་ཟླ་བ་གཟས་ཟིན་ནས་ཇི་སྲིད་གྲོལ་གྱི་བར་དུ་སྔགས་བཟླ་བའམ། ཡང་ན་བུད་མེད་དངོས་ཀྱི་བྷ་གར་ཡང་རུང་སྟེ་དེ་ལྟར་བསྒྲུབས་པའི་མཛུབ་མོས་དེས་མཛུབ་ཡོགས་ཙམ་གྱིས་བུ་མོ་ཐམས་ཅད་འོང་བར་འགྱུར་རོ། །ནི་མ་པའི་ལོ་མ་ལ་དུག་དང ། རང་གི་ཁྲག་དང ། ད་དུ་རའི་ཁུ་བས་ཡི་གེ་ཕུ་བྲི། དེའི་དབུས་སུ་བསྒྲུབ་བྱའི་མིང་བྲིས་ལ། བག་ཟན་ནམ། ཟན་གྱི་རིལ་བུའི་ནང་དུ་བཅུག་སྟེ་དགོང་མོ་བྱ་རོག་ཆང་དུ་འགྲོ་ཁམ་ལ་ཟར་བཅུག་ན་ངེས་པར་བསྐྲད་པར་འགྱུར་རོ། །རྩིག་ངོས་སམ་སྤང་ལེབ་ལ་ཡི་གེ་ཋ་བྲི། དེའི་ནང་དུ་དབྱངས་ཀྱི་ཡི་གེས་འཁོར་བར་བྲི། དེའི་ནང་དུ་ཕ་བྲི། དེའི་ནང་དུ་ཧ་བྲི། ཧའི་ནང་དུ་ཀ་དེར་བསྒྲུབ་བྱའི་མིང་བྲིས་ལ། དེ་ཁ་བཅད་དེ་བཞག་ན་དབང་དུ་འགྱུར་ཞིང་བཅིང་བས་བཅིངས་པར་འགྱུར་རོ། །ལྟེ་བའི་པདྨའི་དབུས་སུ་མིང་གི་ཡི་གེའམ་ཨ་བསྒོམས་ཏེ་པདྨའི་བསྡུ་བ་བྱས་ལ། སྙིང་གི་ཞགས་པ་བཅིངས་ན་སྲུང་བར་འགྱུར་ཏེ།་ཨ་ནི་སེམས་ཅན་ཐམས་ཅད་ཀྱི། །རང་གི་ཕྱག་རྒྱ་རྟགས་ས་བོན། །སྲོག་སྲུང་ལ་སོགས་དོན་གྱི་ཕྱིར། །སྟོབས་ཀྱིས་ཡང་དག་བཅིང་བར་བྱ། །ཡང་ན་རྡོ་རྗེ་ལྟེ་བ་ཁ་སྦྱོར་གྱི་ནང་དུ་གངས་ཀྱི་འོད་ལྟ་བུའི་ཡི་གེ་ཨ་བསམ་ལ། དེའི་མཐའ་གཉིས་སུ་སྙིང་གི་ཞགས་པས་བཅིངས་ན་ཡང་སྲུང་བའི་དམ་པར་འགྱུར་རོ། །སྙིང་གའི་པདྨ་ལ་གནས་པར་ཡི་
346b
གེ་བ་ཁ་ཐུར་དུ་བལྟས་པ་བསམ་ལ། ལྟེ་བའི་པདྨར་ཡི་གེ་ཨ་ནས་ཀྱི་འབྲུ་ཚོད་ཙམ་བསམས་ཏེ་བ་ལས་བའི་འོ་མའི་རྒྱུན་ལྟ་བུའི་བདུད་རྩིའི་ཆུ་རྒྱུན་འབབ་པས་ཨ་ལ་ཁྲུས་ཆབ་གསོལ་བ་རྟག་ཏུ་བསམ་ན། པདྨ་ཁ་སྦྱོར་གྱི་བསམ་གཏན་གྱི་སྦྱོར་བ་འདིས་ནི། ལུས་བརྟན་པར་འགྱུར་བ་དང ། སྲོག་སྲུང་བ་ལ་སྙིང་གར་དབང་བསྐུར་ཞིང་རྒྱས་པ་ཕུན་སུམ་ཚོགས་པར་འགྱུར་རོ། ། ཤིང་ཏ་ལའི་འདབ་མ་ལ་བསྒྲུབ་བྱའི་མིང་གི་ཡི་གེ་ག་དང་སྤེལ་བ། ཐོག་མ་དང་ཐ་མར་ཨོཾ་ཁ་སྦྱར་བའི་རི་མོ་བྲིས་ལ། རི་མོ་དེ་དུར་ཁྲོད་ཀྱི་སོལ་བས་བཀང་ནས་བུམ་པ་ལ་སོགས་པའི་ནང་དུ་བཅུག་སྟེ་སྤྲ་ཚིལ་ལ་སོགས་པས་ཁ་བཅད་ལ་དབུགས་ནང་དུ་རྡུབ་ཅིང་མི་གཙང་བའི་ཕུང་པོའི་ནང་དུ་བཅུག་ན། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་བཅིངས་པར་འགྱུར་རོ། །ཤིང་ཨརྐའི་རྩ་བ་ལ་ཚོགས་ཀྱི་དབང་ཕྱུག་གི་གཟུགས་ལག་པ་བཞི་དང་ལྡན་པ་བྱས་ཏེ་ས་བོན་དང ། དགུག་པ་དང ། དམ་ཚིག་སྦྱིན་པ་ལ་སོགས་པ་བྱས་ནས་ལན་ཚཝ་དང ། མ་རི་ཅི་དང ། བཅའ་ལྒ་དང ། སྔོན་པོ་དང ། སྐ་ཚེ་དང ། སྤུན་པ་དང ། ཆུ་རྣམས་ཀྱིས་ལེགས་པར་བྱུགས་ཏེ་ཉི་མ་ཕྱེད་ན་ཁྱིམ་གྱི་ཆུའི་ནང་དུ་སྐེ་མན་ཆད་ཁ་ལྷོར་བསྟན་ཏེ་བཅུག་ལ། མཆོད་པ་རྣམ་པ་ལྔས་མཆོད་དེ་སྔགས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱོད་ཀྱིས་བདག་ལ་སོགས་པའི་ལས་འདི་ཞེས་བྱ་བ་བྱས་ན། དེ་ནས་ཅི་ནུས་པའི་རྗེས་སུ་མཐུན་པའི་མཆོད་པ་ཁྱོད་ལ་སྦྱིན་ནོ། །
347a
༄#། །ཞེས་བརྗོད་ལ་ཉི་མ་བདུན་གྱི་བར་དུ་བྱའོ། །དེ་ནས་བྱ་བ་བྱས་པ་དང ། དེ་ནས་བཏོན་ལ་འོ་མས་བཀྲུ་ཞིང་ཅི་ནུས་པའི་མཆོད་པ་བྱིན་ལ་བཟོད་པ་གསོལ་བར་བྱའོ། །བུམ་པ་དྲིའི་ཆུས་བཀང་སྟེ་རིན་པོ་ཆེ་དང ། སྨན་དང ། འབྲུ་དང་ལྡན་པར་བྱས་ཤིང་སྟོབས་པོ་ཆེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་མཎྜལ་གྲུ་བཞི་པར་བྱས་པའི་སྟེང་དུ་སྐྱེས་བུའི་གཙོ་བོ་བཞག་སྟེ། བུམ་པ་དེས་ཁྲུས་བྱས་ལ་སྔགས་དེ་གྲོ་ག་ལ་གོ་རོ་ཙ་ནས་བྲིས་ནས་གཙུག་ཕུད་ལ་བཏགས་ཏེ། གཡུལ་དུ་ཞུགས་ན་ཕ་རོལ་གྱི་དབུང་ལས་རྒྱལ་བར་འགྱུར་རོ། །དུར་ཁྲོད་ཀྱི་རས་སམ། ཨ་བ་དྷུ་ཏིའི་རས་ལ་དུག་དང ། ཁྲག་དང ། ནིམ་བའི་ལོ་མའི་ཁུ་བ་རྣམས་ཀྱིས་སྔགས་ཀྱི་ཡི་གེ་རེ་རེ་ཞིང་བསྒྲུབ་བྱའི་མིང་དང་སྤེལ་བ་ལུགས་ལས་བཟློག་སྟེ་བྲིས་ལ་བཅིངས་ནས་ཉ་ཕོར་གྱི་ནང་དུ་བཅུག་སྟེ་ཤ་ཟའི་ཤིང་གི་རྩ་བའི་རླུང་མཚམས་སུ་སྤས་ན་ནི། བསྐྲད་པར་འགྱུར་ལ། མེ་མཚམས་སུ་བཞག་ན་ནི། ཕན་ཚུན་སྡང་བར་འགྱུར་ལ། བདེན་བྲལ་གྱི་མཚམས་སུ་གསང་སྟེ་སྤས་ན་ནི། གསོད་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་རྣལ་འབྱོར་པས་གཡུལ་དུ་ཞུགས་ན་དཔུང་བཅིངས་པར་འགྱུར་རོ། །སླར་བཟློག་པ་ལ་ནི། བཏོན་ལ་འོ་མས་བཀྲུ་ཞིང ། སྐྱེས་བུའི་མིང་དང་སྤེལ་བའི་སྔགས་ལུགས་སུ་འབྱུང་བར་བཟླས་སོ། །ལྡོང་རོས་ཀྱིས་རང་
347b
གི་ལག་པ་གཡོན་པའི་མཐིལ་ལ་བསྒྲུབ་བྱའི་གཟུགས་བྲིས་ལ། མེ་མར་གྱི་རྩེ་མོ་ལ་བསྲོས་ན་དབང་དུ་འགྱུར་རོ། །མཎྜལ་བྱུགས་ཏེ། ཟན་གྱི་ཆང་བུ་ལ་མིང་དང་སྔགས་བཟླས་ནས་དགོང་མོ་ཚང་དུ་འགྲོ་ཁ་མའི་བྱ་རོག་ལ་བྱིན་ན་ཡང་བསྐྲད་པར་འགྱུར་རོ། །བསྒགས་ནས་བསད་པའི་རོའི་ཐག་གུ་བླངས་ལ། དུམ་བུ་གསུམ་དུ་བྱས་ཏེ། རོ་སྲེག་པའི་ཤིང་ཕྱེད་ཚིག་པ་བླངས་ལ་སྲུབ་ཤིང་བྱས་ནས་དུར་ཁྲོད་དུ་ཤིང་གི་ཁྲི་འཁྲོག་ཅིང་སྒྲ་དང་བཅས་པ་ལ་འདུག་སྟེ། ཐག་གུ་དེས་སྲུབ་ཤིང་ལ་བཏགས་ནས། རོའི་བུམ་པ་བཅུག་སྟེ། དེས་སྲུབ་ཅིང་སྔགས་བཟླས་ན་གང་གི་མིང་ནས་བཟུང་སྟེ། བཟླས་པ་དེ་འོང་བར་འགྱུར་རོ། །ཡང་ཐ་མལ་པའི་རྡོའམ། བརྡར་རྡོ་ལ་ཀླུའི་རྒྱལ་པོ་གདེངས་ཀ་གསུམ་དང་ལྡན་པའི་གཟུགས་བྱས་ལ། རྫ་མ་ནག་པོའི་ནང་དུ་བཞག་སྟེ། སྦྲང་རྩི་དང་འབྲས་ཡོས་ཀྱི་བོ་ག་ལིང་དང ། དྲི་དང ། མེ་ཏོག་དང ། བདུག་པ་དང ། མར་མེ་དང ། འོ་ཐུག་ལ་སོགས་པས་མཆོད་ལ། སྣོད་དེ་ཉིད་ཀྱི་ནང་དུ་བཞག་སྟེ། རས་གསར་པས་བཀབ་ལ་བཅིངས་ནས་རྒྱ་བཏབ་སྟེ། དེའི་སྟེང་དུ་ལག་པ་བཞག་ལ་སྟོང་རྩ་བརྒྱད་བཟླས་ནས་ཤིན་ཏུ་གསང་སྟེ།་གྲོང་ཁྱེར་གྱི་དབུས་སུ་སྤས་ན་ཇི་སྲིད་མ་བཏོན་གྱི་བར་དུ་གྲོང་ཁྱེར་དེ་གནས་པར་འགྱུར་རོ། །གྲོང་ཁྱེར་པ་འབྲོས་པ་རྣམས་དགུག་པར་འདོད་ན་དེ་ཉིད་དུ་མཆོད་ཅིང་དུས་
348a
༄#། །གསུམ་དུ་སྔགས་བཟླས་ན་འོང་བར་འགྱུར་རོ། །གྲོང་ཁྱེར་པ་འབྲོས་པར་རྩོམ་པ་ལ་ནི། བུ་རམ་ལ་བཟླས་ཏེ་བཟའ་བར་བྱིན་ན་མི་འབྲོས་སོ། །གྲོང་བསྟན་པར་བྱ་བའི་སྦྱོར་བ་གཞན་ཡང་རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ལ་སྣོད་བྱས་ལ་སྟོང་རྩ་བརྒྱད་ཡོངས་སུ་བཟླས་ཏེ། དབུགས་མི་འབྱིན་པར་ཆུའི་ནང་དུ་བཞག་ན་བརྟན་པར་འགྱུར་རོ། །ཅི་སྟེ་དགྲ་གསད་པར་འདོད་ན་སྤྲ་ཚིལ་ལམ། བག་ཟན་ལས་གཟུགས་བརྙན་བྱས་ལ། ཆོས་གོས་ཀྱི་རས་ཀྱིས་གཟུགས་བརྙན་གྱི་གདོང་ནས་བརྩམས་ཏེ་རྐང་པའི་མཐར་ཐུག་པར་དཀྲིས་ལ་ལེགས་པར་སྤས་ཏེ། དེའི་སྟེང་དུ་ལག་པ་བཞག་ལ་མིང་དང་སྤེལ་པའི་སྔགས་སྟོང་དུ་གཅིག་གིས་མ་ཚང་བ་བཟླས་ནས་ལྷ་མཆོད་པའི་ཁྱིམ་གྱི་ཕྱོགས་གཅིག་ཏུ་བཞག་སྟེ། སྙིང་གར་སེང་ལྡེང་གི་ཕུར་བུའི་བཏབ་ལ་ཕུར་བུའི་སྟེང་དུ་དུས་གསུམ་དུ་ཆུ་ཚན་བླུགས་ཤིང་ཡོངས་སུ་བཟླས་ན་བརླག་པར་འགྱུར་རོ། །ཉི་ཤུའི་ཕྱེད་ཀྱི་རྫས་དང ། ཁ་ཆེར་སྦྱར་ལ་རྣལ་འབྱོར་པས་ཐིག་ལེ་བྱས་ན་སྐྱེ་བོ་སྐལ་བ་བཟང་པོར་འགྱུར་རོ། །རྫས་དེ་དག་མ་ལ་ཡ་སྐྱེས་དང་བཅས་པས་ཡན་ལག་ཐམས་ཅད་བྱུགས་ཏེ་གང་ལ་རེག་པ་དེ་ཤི་ཡང་མི་གཏོང་ངོ ། །རྫས་དེ་དག་ཉིད་དམར་པོ་དང ། བ་ལ་ཤ་དང ། སྦྲང་རྩི་དང ། ནད་ཀྱི་དབང་པོ་དང ། འཚོད་བྱེད་དང ། ལྷན་ཅིག་ཏུ་
348b
བསྲེས་ཏེ་བྱས་ན་རྟག་ཏུ་ས་སྟེང་བ་རྣམས་བྱམས་ཤིང་ཐམས་ཅད་དུ་རྒྱལ་བར་འགྱུར་ཏེ། རྒྱལ་པོ་དང ། རྒྱལ་པོའི་བློན་པོ་རྣམས་ཀྱིས་རྣལ་འབྱོར་པ་ཐམས་ཅད་དུ་སྲུང་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །རྩ་སྔགས་འབུམ་དུ་བཟླས་ནས་སུ། །དེ་འོག་ལས་རྣམས་བརྩམ་པར་བྱ། །གཞན་དུ་དུས་མིན་འཆི་བ་དང ། །དམྱལ་བར་ངེས་པར་སྲེག་འགྱུར་ཞེས། ། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ལས་ཐམས་ཅད་ཀྱི་ཚོགས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཆོ་ག་རྒྱས་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ།། །།དེ་ནས་མཁའ་དབྱིངས་དབུས་གྱུར་པར། །ཉི་མའི་དཀྱིལ་འཁོར་བསམ་བྱ་བ། །ཕྱོགས་དང་ཕྱོགས་མཚམས་ནམ་མཁའ་ལ། །དཔག་མེད་རིགས་ཀྱིས་ཡོངས་གང་བའོ། །མཁའ་དབྱིངས་ཉི་མ་དེ་དབུས་སུ། །རང་གི་ས་བོན་མཚན་མ་ནི། །ཉི་མ་སྟོང་བས་ལྷག་པ་ཡི། །འོད་ཟེར་རྣོན་པོ་འབར་ཞིག་འཁྲུག་།མེ་སྟག་འཕྲོ་བས་བདུད་སྡེ་བསྲེག་།གོང་བུར་དེ་བསྡུས་སྦྱོར་བ་ཡིས། །ཞུ་བ་ལས་ནི་སྐུར་བཞེངས་པ། །སྐུ་མདོག་སྔོན་པོ་དྲག་ཆེན་པོ། །འོད་ཟེར་བསྐལ་པའི་མེ་དང་མཚུངས། །འབར་བའི་ལུས་དང་སྐྲ་ཆེན་གྱིས། །འཇིགས་པ་
349a
༄#། །དག་ཀྱང་འཇིགས་པར་མཛད། །ལྷག་གེར་བཞད་ཆེན་ཚེམ་གྱི་འོད། །ལྷ་མོའི་དཀྱིལ་འཁོར་རྒྱུན་ཆགས་ཀྱི། །འཁོར་ལོ་བླ་རེ་མཐར་གནས་ཤིང ། །སླར་ཡང་འོད་ལྡན་ཕྱག་བཞི་བཞི། །ཐོད་ཀ་སྒྱུ་མ་ཆེན་མོས་མཛེས། །རྒྱལ་བ་རྣམ་གྲོལ་དྲི་མེད་རྒྱུན། ཁ་བ་མཆོག་གི་གཟེར་ཚོགས་འཁྲུ། །ཉིས་འགྱུར་དུ་ནི་བྱུང་བས་གསལ། །རིན་ཆེན་ལ་བཞུགས་ཞབས་གཉིས་བསྐྱོད། །གྲོང་ཁྱེར་སུམ་བརྩེགས་ལ་སོགས་པའི། །མཐར་ཐུག་བསྐྱོད་པས་རབ་མཛེས་པ། །རྣམ་པར་རྒྱལ་བའི་རྒྱུན་འཇུག་ཅིང ། །འབྱུང་འཇུག་དབུགས་ནི་ཡོངས་གང་བའི། །སྐྲ་ཡི་ཚོགས་ཀྱིས་འཇོམས་བྱེད་པ། །ས་གསུམ་པོ་ནི་རབ་ཏུ་གཡོ། །མཚོན་ཆ་སྣ་ཚོགས་འཕངས་པས་ཁྱབ། །མུན་པའི་ཚོགས་ཀྱིས་གཏིབས་པ་བཞིན། །ཐམས་ཅད་དུ་ནི་འཇིགས་པར་མཛད། །གནམ་ལ་གནས་པའི་ལྷ་རྣམས་དང ། །འབྱུང་པོའི་བདག་པོ་ཚངས་སོགས་ཀྱང ། །རྐང་པའི་གྲིབ་མའི་མཐའ་ཙམ་ཡང ། །ཉེ་བར་བཟོད་པར་ནུས་མ་ཡིན། །བགེགས་ཀྱི་ཚོགས་གཞན་སྒྱུ་ཅན་དང ། །སྲིན་པོ་ལ་སོགས་ལྷ་གཞན་གྱིས། །འོད་ཀྱི་དཀྱིལ་འཁོར་ཕྱི་རོལ་གྱི། །དཔག་ཚད་འབུམ་གྱི་མཐར་ཡང་ནི། །ཉེ་བར་བཟོད་པར་ནུས་མ་ཡིན། །ཡོད་མེད་དེ་ནི་ལྷ་ཡི་ཕྱོགས། །ཅུང་ཟད་འོད་ཀྱི་ལུས་ཅན་ཡང ། །རྡུལ་ལམ་དུ་བ་ལྟ་
349b
བུར་གཡོ། །པདྨ་རཱ་ག་ལྟ་བུ་ཡི། །གཡོན་ཞལ་འོད་ཟེར་ཚོགས་ཀྱིས་ནི། །ཐམས་ཅད་མ་ལུས་སྲེག་སྙམ་སེམས། །བནྡུ་ཀ་ཡི་མེ་ཏོག་གི་།ཕུང་པོ་སྤུངས་འདྲའི་འོད་ཀྱིས་ནི། །རིགས་གསུམ་ལས་བྱུང་ཀུན་ནས་ནི། །ལྷག་པ་ཐམས་ཅད་ངོ་མཚར་གྱུར། །འོད་གཟུགས་དེས་ནི་སྲེག་སྙམ་སེམས། །ཉི་མ་སྟོང་བས་ལྷག་འོད་ཀྱིས། །བསྐུལ་ཞིང་བྱང་ཆུབ་ཐོབ་པར་མཛད། །ཕཊ་སྒྲ་ཆེན་པོས་སད་མཛད་ཅིང ། །རབ་ཏུ་བསྒྱིངས་པས་ལྷ་ཀུན་བསྲེག་།གཡས་ཞལ་དཀར་པོའི་འོད་ཟེར་ནི། །གངས་ཀྱི་སྙིང་པོ་སྤུངས་པ་དང ། །ཤེལ་དང་བཻ་ཌཱུར་རྡོ་དང་ནི། །ངང་པ་ཀུནད་ཟླ་འདྲ་བའི། །དྲི་མེད་འོད་ཀྱིས་གསལ་མཛད་པ། །རྙོག་པ་མེད་པའི་གདེངས་ཀའི་བར། །རང་གི་ཆུ་རྒྱུན་འབབ་པ་བཞིན། །རྒྱལ་བའི་རིགས་ཀུན་གསལ་བར་མཛད། ། ནུབ་ནི་སེར་པོ་གསེར་བཙོས་འདྲ། །ཀུ་སུམ་ཛ་ཡི་མེ་ཏོག་དང ། །མེ་འབར་སོལ་བ་སྤུངས་འདྲ་ཞིང ། །ཉི་མ་འཆར་ཀའི་འོད་འདྲ་བའི། །སྤྱན་ཟུར་བགྲད་པས་འཇིགས་པར་མཛད། །ཤིན་ཏུ་དྲག་པའི་གཟུགས་ཆེན་ལས། །ས་གཞི་རྣམས་ནི་མ་ལུས་པར། །སྐར་མདའི་འོད་ལྟར་ལྡིང་ཞིང་འཁྲུག་།བལྟ་བར་དཀའ་ཞིང་གཟུང་བར་དཀའ། །མེ་ལྕེ་འཁྱིལ་བ་ལྟ་བུར་འབར། །དཔག་ཚད་སྟོང་ཕྲག་དུ་མ་རུ། །ཡངས་པའི་རྡོ་རྗེ་མདའ་ཡི་ནི། །དྲ་བ་ཆེན་པོས་འཁོར་ལོ་བཅིངས། །ཁཝ་གདོང་ལ་སོགས་སོ་སོ་ཡི། །བ་སྤུ་རེ་རེའི་ཁུང་
350a
༄#། །ནས་ཀྱང ། །རི་རབ་དུ་མའི་རྡུལ་མཚུངས་པའི། །མཁའ་འགྲོ་མ་ཡི་འཁོར་ལོ་དང ། །རྡོ་རྗེ་གསུམ་གྱི་རང་བཞིན་རྣམས། །སྤྲོ་བས་ནམ་མཁའ་གསལ་མཛད་པ། །ཕྱག་བརྒྱད་སྤྱན་གསུམ་གྱེན་སྐྲ་འབར། །མཁའ་འགྲོ་ཉི་ཤུ་བཞི་ཕྱེད་བསྐོར། །དེ་ལྟར་སྔགས་པས་རྣམ་བསམ་བྱ། །གཡས་དང་ཕོ་ན་རྡོ་རྗེ་སྔོན་པོ་འབར་ཞིང་རྣོ་བ་གདེངས་པ་ལ་རིགས་ལྡན་གྱིས་དཀྲིས་པ་བསྣམས་པའོ། །གཉིས་པ་ན་པདྨས་བཅིངས་པའི་མདའ་མཆོག་གོ་།གསུམ་པ་ན་པདྨ་ཆེན་པོས་ཡུབ་དཀྲིས་པའི་རལ་གྲིའོ། །བཞི་པ་ན་དུང་སྐྱོང་གི་ཞགས་པས་དཀྲིས་པའི་ལྕགས་ཀྱུའོ། །གཡོན་གྱི་དང་པོ་ན་མཐའ་ཡས་ཀྱི་བ་དན་བཏགས་པའི་ཁ་ཊྭཱཾ་ག་བསྒྲེང་པའོ། །གཉིས་པ་ན་ནོར་རྒྱས་ཀྱི་བུ་ཡིས་རྒྱུད་བྱས་པའི་གཞུའི་མཆོག་གོ་།གསུམ་པ་ན་འཇོག་པོའི་ཞགས་པ་དང་སྡིགས་མཛུབ་བོ། །བཞི་པ་ན་ཚངས་པའི་མགོ་ཁྲག་འཛག་པ་སྟོབས་ཀྱི་རྒྱུས་བཅིངས་པ་བསྣམས་པའོ། །ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་མཆེ་བ་གཙིགས་ཤིང་ལྕེ་འདྲིལ་བ། བལྟ་བའི་དུག་ཅན། གདེངས་ཀའི་ནོར་བུའི་འོད་ཀྱིས་ནམ་མཁའི་ངོས་ཐམས་ཅད་གསལ་བའོ། །ཁཝ་གདོང་མ་ལ་སོགས་པ་ཐམས་ཅད་ཀྱང་སྤྲུལ་གྱི་རྒྱན་གྱིས་ཀླུབས་ཤིང་སྤྱན་གསུམ་པ། སྐྲ་གྱེན་དུ་འབར་བ། ཕྱག་ན་བྲངས་གྲི་དང ། ཁ་ཊྭཱཾ་ག་དང ། ཐོད་པ་བསྣམས་པ། ཐོད་པའི་ཕྲེང་བས་ཀླུབས་
350b
ཤིང་གཅེར་བུ་ཞལ་མཆེ་བ་གཙིགས་པ། འོད་ཟེར་སྣ་ཚོགས་འཕྲོ་བ། ཁྲོ་གཉེར་གྱི་རིམ་པ་ཅན། ཟུར་མིག་ཏུ་གཟིགས་པས་ས་གཞི་བསྐྱོད་ཅིང ། ཀླུའི་ཚོགས་སྐྲག་པས་ཁ་སྦུབ་ཏུ་འགྱེལ་བར་བསམ་ན། ནམ་མཁའ་ལ་གནས་ཏེ། ཆར་གྱི་རྒྱུན་གཏོང་བས་ས་གཞི་སྐད་ཅིག་གིས་གང་བར་བྱེད་དོ། །ཞེས།་མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ནི་འབར་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཡང་ན་རྟ་བླ་མོ་ཞིབ་ཏུ་བཏགས་ལ་རས་ཀྱིས་གཡོགས་ཏེ་ལི་ཁྲི་དང་བསྲེས་ལ་སྦྲང་རྩིས་སྤྲུས་ཏེ་མགོ་བདུན་པའི་ཀླུའི་གཟུགས་སོར་བཅུ་གཉིས་པ་བྱས་ལ། དེའི་ཁང་པ་སོར་བཅུ་དྲུག་ཡངས་པར་བྱས་ནས། ཁང་པ་དེ་གྲུ་བཞི་ལ་གདོང་བཞི་བྱས་ཏེ།་གྲུ་གཅིག་པ་ནི། རྟའི་གདོང་པ། གཉིས་པ་ལ་སེང་གེའི་གདོང་པ། གསུམ་པ་ལ་སྤྲེའུའི་གདོང་པ། བཞི་པ་ལ་ཉའི་གདོང་བ་བྱས་ཏེ། དེའི་ནང་དུ་ཀླུའི་རྒྱལ་པོ་རས་ཁ་དོག་སྣ་ཚོགས་པས་གཡོགས་ཏེ་བཞག་ལ། དེ་ནས་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པས་བཏབ་སྟེ། ཡིད་ཀྱིས་ཇི་ལྟར་འདོད་པའི་མེ་ཏོག་དང ། བདུག་པ་དང ། གཏོར་མ་ལ་སོགས་པའི་མཆོད་པ་བསམ་སྟེ་བྱིན་ལ། ཡུངས་ཀར་ལ་ལན་བདུན་སྔགས་ཏེ་ཀླུའི་སྟེང་དུ་གཏོར་ཏེ། དེ་ནས་འདོད་པ་ཐམས་ཅད་པའི་གཏོར་མ་བྱིན་ན། དེས་ཀླུའི་རྒྱལ་པོ་རྣམས་མཛའ་བོར་
351a
༄#། །གྱུར་ནས་ཀླུ་ཐམས་ཅད་ཀྱིས་ཐན་པ་བྱུང་བའི་དུས་སུ་ཉི་མ་བདུན་ཆར་ཕབ་པས་འཛམ་བུའི་གླིང་ཐམས་ཅད་གང་བར་བྱེད་དོ། །ཆར་མི་འབབ་པའི་དུས་སུ་དེ་ལྟར་བྱས་ན་གདོན་མི་བྲ་\?\་བར་ཆར་འབབ་བོ། །ཅི་སྟེ་ཀླུ་གདུག་པ་ཅན་ཡིན་ན་ཡང་རླུང་གྲང་མོ་དང ། རྡོ་ཆར་དང ། ཀློག་དང ། སེར་བ་འབེབས་ཏེ། དེ་བཟློག་པར་འདོད་ན་རིག་པ་འཛིན་པས་ཐལ་བ་དང ། ཡུངས་ཀར་ཞོ་གཉིས་ཙམ་ལ་ལན་ཉི་ཤུའི་བར་དུ་བཟླས་ཏེ། ཇི་སྲིད་འདོད་པའི་ས་ཕྱོགས་སུ་མཚམས་བཅིངས་ལ། ཡང་དེ་ཉིད་ལ་ལན་བདུན་བཟླས་ཏེ། ཀླུའི་མགོར་བསྣུན་ཞིང་ཡིད་ཀྱིས་ཇི་སྙེད་འདོད་པར་ཕྱོགས་བཅིང་བ་བྱས་ཏེ། ཕྱོགས་མཚམས་དང་སྟེང་འོག་ཏུ་གཏོར་ན་མཚམས་ཆེན་པོ་བཅིངས་པར་འགྱུར་རོ། །ཇི་སྟེ་དགྲ་ཐམས་ཅད་དང ། འགྲན་ཟླ་དང ། སྡང་བའི་གྲོགས་པོ་དང ། སྡང་བའི་ཕྱོགས་བྱེད་པ་རྣམས་དང ། ཕ་རོལ་གྱི་འཁོར་ལོ་འཇིགས་ཤིང་གདུལ་བར་འདོད་པ་དང ། བཏགས་པ་དང ། བཅིང་བ་དང ། གསད་པ་དང ། རེངས་པ་དང ། གཞོམ་པར་འདོད་ན། རྟ་བླ་མོ་དེ་ཉིད་དུར་ཁྲོད་ཀྱི་ཐལ་བ་དང་བསྒོས་ཏེ། སྐྱེས་པའམ། བུད་མེད་ཀྱི་གཟུགས་བྱས་ལ། ཁྲོ་བོ་ཆེན་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། དུར་ཁྲོད་ཀྱིས་བརྐོས་པའི་ནང་དུ་མིང་ནས་སྨོས་ཏེ་བཞག་ལ། ཡུངས་ཀར་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་དེའི་སྟེང་དུ་གཏོར་ལ། སེང་ལྡེང་གི་
351b
ཕུར་བུ་ལ་ལན་བརྒྱད་བཟླས་ཏེ་བཏབ་ནས་སྦས་ན། ཇི་སྲིད་ཕུར་བུ་མ་བཏོན་གྱི་བར་དུ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་ཏེ། རིག་པ་འཛིན་པ་མ་གཏོགས་པ་གཞན་གྱིས་དགྲོལ་བར་མི་ནུས་སོ། །ཅི་སྟེ་གསད་པར་འདོད་ན་མི་རུས་ཀྱི་ཕུར་བུ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བསྣུན་ལ། ཁྲག་དང་བཅས་པའི་ཡུངས་ཀར་ལ་བཟླས་ཏེ་གཏོར་ན་ཞག་བདུན་སྡོད་པར་མི་འགྱུར་རོ། །ཞེས།་མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཀླུ་ཐམས་ཅད་དགུག་པ་དང ། གཞུག་པ་དང ། བཅིང་བའི་ཆོག་རྒྱས་པ་སྟེ་རིམ་པར་ཕྱེ་བ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་སླར་ཡང་མཆོད་ཅིང་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །སྒྲ་ཆེན་པོས་རྣམ་པར་འཕྲུལ་པའི་ཀླུའི་སྔགས་མི་འཚལ་ན་བཀའ་དྲིན་ཆེན་པོས་བཤད་དུ་གསོལ། །བཀའ་སྩལ་པ། སྔགས་ཀྱི་རྒྱལ་པོ་ཆེན་པོའི་མཚན་ཉིད་སྐལ་བ་ཆེན་པོའི་ལྷ་མོ་ཉོན་ཅིག་།གཤིན་རྗེ་མཆེ་བ་ཅན་མ་ཉིད། །རུས་སྦལ་གྱི་ནི་སྟན་ལ་བཞུགས། །དབུ་མ་ཡི་ནི་ཐ་མ་ཉིད། །སླར་ཡང་བཞི་པ་ལ་གནས་པ། །གཤིན་རྗེའི་ཕྱོགས་ཀྱི་མཐར་གནས་པ། །བཟང་པོ་ཡིས་ནི་སྟེང་དུ་བརྒྱན། །སླར་
352a
༄#། །ཡང་གཤིན་རྗེའི་མཆེ་བ་ཅན། །རུས་སྦལ་གྱིས་ནི་རབ་ཏུ་བརྒྱན། །ོཾ་བྷ་ཞེས་བྱའི་ཚིག་དང་ལྡན། །དང་པོ་རུ་ནི་རུས་སྦལ་གྱི། །སྟན་བཞུགས་མགོན་པོ་རི་མོ་དང ། །རྩེས་བརྒྱན་ལན་གཉིས་བསྒྱུར་བར་བྱ། །མགོན་པོ་ཕན་ཕན་ཚིག་གིས་བརྒྱན། །ཀ་ཀི་མུ་ཁི། མུ་ཀ་ཀེ་སི། ན་ག་གི་།ི་ནྡྷུ་བྷ་ག་གི་།ཀོ་ཏི་སཛྫི། བི་ཧི་བ་དི་ཧི། ཨ་པ་རིའོ་སིའོ། །ཀ་ཧ་ཀ་ཧ་ཛྫའི། ཀསྨ་ད་ཐཾ། ཛའི་ཨིནད་བྷ་མི་བིད་ཐུ་མ་ཧེ་ས་རོ་པ་ཙ་ཀྑེ་བི་སརྦ་བ་ལ་བོ་ཧ་ཎོ་བི་ཧོ་བི་ཎ་ས་ནྟ་ཧ་ཎ་སེའི། ཀ་ཀི་ཧི་ཡ་ཡ་པ་རི་སན་ཐཾ་ཡཾ་ཞེས། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དབུགས་བྱེད་པ་ནི་ས་དབང་ཕྱུག་།ཟླ་བའི་དུམ་བུས་བརྒྱན་པ་སྟེ། །སླར་ཡང་དབུ་མའི་དབུ་མ་གཟུང ། །བྱང་ཕྱོགས་ཀྱི་ནི་དབུ་མ་ཡི། །ཞབས་ཀྱི་པདྨ་ཉི་མར་ལྡན། །བདེན་བྲལ་ལ་ནི་སྨེ་བས་བརྒྱན།། འབར་བ་འབུགས་པས་རྣམ་པར་ཀླུབས། །བྱང་ཕྱོགས་ཀྱི་ནི་དང་པོ་དང ། ཁྱུ་མཆོག་སྟེང་ན་གནས་པ་ཡི། །གཤིན་རྗེ་ཕྱོགས་ཀྱི་མཐར་གནས་དང ། །རླུང་ནི་ཡུགས་ས་མོ་ཡིས་བརྒྱན། །བདེན་བྲལ་ལ་ནི་གནས་པ་ཡི། །གཤིན་རྗེ་ཡི་ནི་མཆེ་བ་ཅན། །གཏི་མུག་རྒྱན་གྱིས་རྣམ་པར་བརྒྱན། །གཤིན་རྗེ་འཇོམས་མ་གཏི་མུག་ཀླུབས། །ཀླུ་ཡི་ཕྱག་རྒྱ་
352b
འདི་ཡིས་ནི། །མཁའ་འགྲོ་མ་ཀུན་དགའ་མགུར་འགྱུར། །སྒྱུ་འཕྲུལ་ཆེན་པོ་བཅུ་དྲུག་འདི། །ཡི་གེ་རེ་རེར་ཀུན་གནས་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ནི་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དང་པོ་རུས་སྦལ་གཟུང་བར་བྱ། །བཟང་པོའི་སྟེང་དུ་གནས་པ་ཡི། །བྱང་གི་དང་པོར་གཉིས་པར་ལྡན། །གཤིན་རྗེ་ཕོ་ཉ་ཆུ་ལྷར་བཞུགས། །ཡི་གེ་ར་ནི་གཏི་མུག་བརྒྱན། །སླར་ཡང་ཀ་ཥ་ཞེས་བྱར་བརྗོད། །གཤིན་རྗེ་མཆེ་ཅན་བཟང་པོས་བརྒྱན། །སླར་ཡང་མཆེ་ཅན་བདེན་བྲལ་བཞུགས། །གཏི་མུག་དང་ནི་ལྷན་ཅིག་ལྡན། །དེར་ནི་ས་མཐའ་ཞེས་བྱ་བ། །གཏི་མུག་གིས་ནི་ལྷན་ཅིག་བརྒྱན། །ལྷ་མོ་བསྟན་པ་འདི་ཡིས་ནི། །བུ་མོ་རྣམས་ནི་དགུག་པའི་མཆོག་།ཤར་ཕྱོགས་ནས་ནི་བརྒྱད་བཟུང་ཞིང ། །བཞི་བར་ལྡན་པའི་དབུས་མའི་མཐའི། །ཡུགས་ས་མོ་ཡིས་སྤྱི་བོར་བརྒྱན། །སླར་ཡང་དབུ་མའི་མཐའ་མ་བཟུང ། །འབུགས་པ་དང་ནི་ལྡན་པར་བྱ། །གཤིན་རྗེ་འཇོམས་མ་བཟུང་ནས་སུ། །ཡུགས་ས་མོ་ཡིས་རྣ་ཆ་བྱ། །མཐར་ནི་སཝཱཧཱས་ཡོངས་སུ་བརྒྱན། །རིག་བྱེད་ཀྱིས་ནི་མཉེས་པར་བྱ། །ཐོད་པའི་དབུས་གནས་རྒྱལ་བར་འགྱུར། །མུ་ཨོཾ་ཎི་ཀ་ཀ་ཀཱ་སཾ་ཝི་ཨི་ཀ་མུ་ཀ་ཎ། རུ་བ་ཏེ། ས་ག་མི། ཀ་མུ་པིནྣི་ཨ་ཎྜོ་ཧ་པ་ཐ་ལ་ཧ། ལ་རཱི་ག་ཎི་ལེ་ཨ་ཧི། མུ་ཕ་ཀ་ཏེ།
353a
༄#། །སྱ་ཨིནྫི་ཨ་བི། མུ་ཏཾ། ཀི་གྲ་སྱ་ཧ། ཨ་མུ་ཀ་ཧཙྪ་ཧ་ཀཱ་ཀཱ་ཐ་ཀི་།བ་ཡཾ་དྷ་ཐཱི་མ་སུ་སཝཱ་ཁཾ་ཧཱ་ཕཊ། ཀླུའི་ཕྱག་རྒྱ་འདི་ཡིས་ནི། །བཅིང་བ་དང་ནི་བསྐྲད་པར་འགྱུར། །ོཾ་ཨིཾ་དེ་ཎ། ཧ་དེ་བྷ་ཧ་ཨ་ཛ་མེ་ན་ཨུ། བ་དི་ཨ་ཛི་ཧ་ཧཱ་དཱ་བཱ་ཧ། དཾ་དེ་ན་ཏ་ཛི་ཡ་ཤུ་ལ་རེ་ཎ་སཱུ་ལི་ཡ་སཝཱཧཱ། ཨོཾ་ཛཾ་བྷ་ནི་ཛཾ་བྷེ་ཧི། ཨོཾསྟ་མྦྷ་ནི་སྟམྦྷ་ཧི་ཨོཾ་མོ་ཧ་ནི་མོ་ཧེ་ཧི། ཨོཾ་ཨཱ་ཀཪྵ་ཎི་ཨཱ་ཀཪྵེ་ཧི། ཨོཾ་ཐཾ་བྷ་ཐཾ་བྷ། མ་ཧཱ་ཐཾ་བྷ། མ་ཧཱ་མུ་ཀཾ་ཐཾ་བྷཱ་ཡཱ་སཝཱཧཱ། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་ཆོ་ག་བཞིན་ལས་བསྟན་པའོ།། །།ོཾ་ན་མོ་བྷ་ག་བ་ནི་ཙ་མུཾ་དྷེ་སུ་ཁ་མུ་ཁི་ཥུ་ཀ་ཀནྛེ་ག་ཌོ་ད་རི། ཨ་མུ་ཀ་སྱ་མུ་ཁཾ། བ་དྷ་བཾ་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་ཧཱུཾ་ཕཊ་སཝཱཧཱ། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དཔའ་བོ་འདོད་ཕྱོགས་སུ་བལྟས་པའི་རྐང་མཐིལ་གྱི་པགས་པ་དང ། མན་ད་དང ། ཉན་པ་དང ། མིག་སྨན་དང ། རྡོ་དང ། དམར་པོ་རྣམས་མའི་ཁྲག་དང་བཏགས་ལ་སླར་ཡང་ཙནྡན་དམར་པོ་དང་ལན་མང་དུ་སྦལ་ཏེ་ཨ་མྲའི་རིལ་བུར་གྱུར་པ་དང ། དབུས་སུ་ལིག་བུ་མིག་བཅུག་སྟེ་གྲིབ་མ་ལ་བསྐམས་ནས་ཉི་མ་དང ། ཟླ་བ་དང ། སྲེག་བྱེད་ཀྱི་དབུས་སུ་རིལ་བུ་བཅུག་ལ་སླར་སྐར་མ་
353b
རྒྱལ་ལ་ལྷག་པར་གནས་པར་བྱེད། རིག་པའི་རྒྱལ་པོའི་ཞལ་དུ་བཅུག་ལ་ཇི་སྲིད་མི་སྣང་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །སྦྲུལ་གྱི་རྒྱལ་པོ་རྙེད་པ་དང ། རི་མོ་དཀར་ནག་དུ་མ་བུ་སོ་སོར་ཕྱེ་ལ་དཀར་ནག་སོ་སོར་ཤེས་པར་བྱས་པ་དེ་དང ། ཤངྐ་པུཥྤ་དང ། ་ག་རུ་ནག་པོ་ལ་སྟོང་ཕྲག་ཉི་ཤུ་རྩ་བཞིར་གཅིག་གིས་མ་ཚང་བའི་སྔགས་བཟླས་ལ། ཕྱིས་ཀྱང་བརྒྱད་བརྒྱ་བཟླས་ཏེ་བདུག་པར་བྱའོ། །སྐར་མ་རྒྱལ་གསུམ་ལ་སྣམ་བུ་བྱས་ཏེ་ཟླ་བ་ཡར་དོ་ལ་དུམ་བུ་དཀར་པོས་བདུག་གོ་།མར་དོ་ལ་ནི། དུམ་བུ་ནག་པོས་བདུག་གོ་།དེ་ནས་དེ་གྱོན་པའི་ལུས་ཀྱིས་ལན་ཁྲི་བཟླས་ན་འགྲུབ་པར་འགྱུར་ཏེ། དཀར་པོ་དང་ནག་པོའི་ཕྱོགས་ལ་སོ་སོར་གྱོན་པས་མི་སྣང་བར་འགྱུར་རོ། །གང་དུ་འགྲོ་བར་འདོད་པ་དེར་འགྲོ་བར་འགྱུར་ཞིང་གང་ལ་འདོད་པ་དེ་ལ་འདོད་པ་སྤྱོད་པར་འགྱུར་རོ། །དེའི་ཁའི་བུ་གར་ལིག་བུ་མིག་བཅུག་སྟེ་དུ་བ་མེད་པར་བསྲེགས་ལ། དེ་ཚིག་པ་དང་མཚན་མོ་ཞིབ་མོར་བཏགས་ཏེ་མིག་ལ་བྱུགས་ན། ཁྱིམ་གྱི་མེ་ཏོག་མཆོག་ལྟར་གསལ་ལ་རང་གི་ལྷའི་སྔགས་བཟླས་ན་མི་མཐོང་བར་འགྱུར་རོ། །ལྟོ་འཕྱེའི་རྒྱལ་པོ་ས་བུམ་མམ། ཁམ་པོར་གྱི་ནང་དུ་བཅུག་སྟེ་གཏེར་དུ་སྦས་ལ། དེ་ནས་རུལ་ཞིང་ཟགས་པ་དང་བཏོན་ཏེ། དེའི་ཐོད་པའི་རུས་བ་བརྡར་ཏེ་ཐིག་ལེར་བྱས་ན། གྲིབ་མ་ཡང་མེད་པར་བྱེད་དོ། །དེ་ཟགས་པའི་སས་
354a
༄#། །ལུས་ལ་བྱུགས་ན། དུག་སྣ་ཚོགས་ཞི་བར་བྱེད་དོ། །གང་གི་རྡུལ་གྱི་དྲི་རྟག་ཏུ་ཞིམ་ཞིང་སྐྲ་གཡས་སུ་འཁྱིལ་པ་དང ། ཡིད་དུ་འོང་ཞིང་གྲིབ་མ་བདུན་དང་ལྡན་ལ་ལུས་ལ་རྨ་མེད་ཅིང་བདེན་པར་སྨྲ་བ་དང ། ཡུན་རིང་དུ་མིག་མི་འཛུམ་པ་དེ་ནི། ལྷ་མོ་དངོས་གྲུབ་བྱེད་པར་འགྱུར་ཏེ། གཞན་ཡང་ཁའི་དབུགས་དྲི་ཞིམ་ཞིང་རྟག་ཏུ་སྐྱིད་དེ་བར་གནས་པ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ལྟར་སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་བས་སྒྲུབ་པ་པོ་རྣམས་བསྐྱབ་པའི་ཕྱིར་མི་རོའི་གཟུགས་ཀྱིས་གནས་ཏེ། སེམས་ཅན་རྣམས་བྱིན་གྱིས་བརླབ་པའི་ཕྱིར་སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པའི་གཟུགས་ལྟར་ཕན་པར་ཉེ་བར་གནས་པ་མདུན་དུ་བདར་བ་དང་ཡང་དག་པར་ལྡན་པ་ཡིན་ནོ། །ལྷ་མོ་དེ་ནི། དངོས་གྲུབ་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་ལྕེ་སྤྱང་དང ། བྱ་རྒོད་པ་དང ། བྱ་རོག་ལ་སོགས་པ་ཤ་ཟན་ཐམས་ཅད་ཀྱིས་ཀྱང་བསྐོར་ཏེ་གནས་ལ། ཡང་དབང་པོའི་ཚུལ་གྱིས་གཟུགས་དེ་ལ་གནོད་སྦྱིན་དང ། སྲིན་པོ་དང ། ལྷ་དང ། ཡི་དགས་ལ་སོགས་པས་ཀུན་ནས་བསྐོར་ཏེ་གནས་པ་སྒྲུབ་པ་པོ་ཤིན་ཏུ་མཉམ་པར་བཞག་པས་ཆོ་ག་དེ་ལྟར་ཤེས་པར་བྱས་ནས་དེའི་སྙིང་ཁ་ན་རོ་ཙ་ན་ཡོད་པ་བླངས་ཏེ་རང་གི་སྙིང་པོ་བཟླས་པས་ཐིག་ལེ་བྱས་ན། སྟེང་དུ་དཔག་
354b
ཚད་བྱེ་བ་སྟོང་ཕྲག་གི་བར་འགྲོ་ཞིང་སླར་ཡང་འོང་ལ། རྫུ་འཕྲུལ་དང ། ཆོ་འཕྲུལ་སྣ་ཚོགས་མཐོང་ཞིང་མཁའ་འགྲོ་མ་རྣམས་དང་དགའ་མགུར་རྩེ་ཞིང་རྣལ་འབྱོར་ཐམས་ཅད་རྙེད་པར་འགྱུར་རོ། །དེའི་ཤ་ཟོས་པ་ཙམ་གྱིས་ཁམས་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་ཞིང ། རླུང་གི་ཤུགས་ཀྱིས་དཔག་ཚད་བརྒྱར་འགྲོ་ལ་ལྷའི་ལུས་ཅན་དུ་འགྱུར་ཏེ། གང་དང་གང་འདོད་པ་དེ་དང་དེ་སྟེར་བར་འགྱུར་རོ། །ནམ་མཁའ་ལྡིང་དང ། བྱི་ལ་དང ། འུག་པའི་ཞག་ལ་མི་རོའི་རས་ཀྱིས་སྡོང་བུ་བྱས་ཏེ་མེ་མར་བཏང་ན། གཏེར་ཐམས་ཅད་མཐོང་བར་འགྱུར་ཞིང་ཤ་ཟ་དང ། འབྱུང་པོ་གང་དག་ཡི་བ་པ་དེ་དག་ཐམས་ཅད་མཐོང་བར་འགྱུར་རོ་ཞེས། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཀླུའི་སྔགས་ཐམས་ཅད་ཀྱི་རབ་ཏུ་སྦྱོར་བའི་རིམ་པར་ཕྱེ་བ་སྟེ་དྲུག་པའོ།། །། ལག་པའི་ཕྱག་རྒྱའི་མཚན་ཉིད་ནི། །དེ་ནས་ཡང་དག་བཤད་བྱ་བ། །གང་ཞིག་སྤྱི་གཅུག་ཕྲེང་རེག་པ། །དེ་ལ་མགོ་བོ་བསྟན་པར་བྱ། །གང་ཞིག་དཔྲལ་བ་སྟོན་བྱེད་པ། །དེ་ལ་མཁུར་ཚོས་བསྟན་པར་བྱ། །གང་ཞིག་སོ་ནི་སྟོན་བྱེད་པ། །དེ་ལ་ལྕེ་ནི་བསྟན་པར་བྱ། །གང་ཞིག་མཆུ་ལ་རེག་བྱེད་པ། །དེ་ལ་ཀོས་ཀོ་བསྟན་པར་བྱ། །གང་ཞིག་ལྟོ་བ་སྟོན་བྱེད་པ། །དེ་ལ་ལྟེ་
355a
༄#། །བ་བསྟན་པར་བྱ། །གང་ཞིག་རྐུབ་ཚོས་སྟོན་བྱེད་པ། །དེ་ལ་ས་ནི་བསྟན་པར་བྱ། །གང་ཞིག་སྐྱེ་གནས་སྟོན་བྱེད་པ། །དེ་ལ་ལིངྒ་བསྟན་པར་བྱ། །གང་ཞིག་པུས་མོ་སྟོན་བྱེད་པ། །དེ་ལ་བྱིན་པ་བསྟན་པར་བྱ། །གང་ཞིག་ལག་པ་སྟོན་བྱེད་པ། །དེ་ལ་དཔུང་པ་བསྟན་པར་བྱ། །གང་ཞིག་རྐང་པ་སྟོན་བྱེད་པ། །དེ་ལ་མཐིལ་ནི་བསྟན་པར་བྱ། །གང་ཞིག་སོར་མོ་སྟོན་བྱེད་པ། །དེ་ལ་སེན་མོ་བསྟན་པར་བྱ། །གང་ཞིག་ནམ་མཁའ་སྟོན་བྱེད་པ། །དེ་ལ་ཉི་མ་བསྟན་པར་བྱ། །གང་ཞིག་ཆུ་བོ་སྟོན་བྱེད་པ། །དེ་ལ་རྒྱ་མཚོ་བསྟན་པར་བྱ། །གང་ཞིག་སོར་མོ་གཅིག་སྟོན་པ། །དེ་ལ་སོར་མོ་གཉིས་བསྟན་བྱ། །དེ་ནས་ཤི་བ་གསོ་བ་དང ། །གསོན་པོ་ནད་མེད་སྤེལ་བྱ་ཞིང ། །འཕྲོག་བྱེད་མ་ལ་སོགས་པ་ཡི། །ཟིན་པ་དང་ནི་དགྲོལ་བའི་བརྡ། །མདོར་བསྡུས་ནས་ནི་བཤད་བྱ་ཡི། །དེ་ནི་ལྷ་མོ་མཉན་པར་གྱིས། །གང་ཞིག་སྟེང་དུ་ལྟ་བྱེད་པ། །དེ་ལ་དཔྲལ་བ་བསྟན་པར་བྱ། །གང་ཞིག་མིག་ནི་སྟོན་བྱེད་པ། །དེ་ལ་སོ་ནི་བསྟན་པར་བྱ། །གང་ཞིག་ལྟེ་བ་སྟོན་བྱེད་པ། །དེ་ལ་མཆུ་ནི་བསྟན་པར་བྱ། །གང་ཞིག་མཆུ་ནི་སྟོན་བྱེད་པ། །དེ་ལ་མཆེ་བ་བསྟན་པར་བྱ། །གང་ཞིག་ལྕེ་ནི་སྟོན་བྱེད་པ། །དེ་ལ་ལྟོ་བ་བསྟན་པར་བྱ། །གང་ཞིག་བྱིན་པ་སྟོན་བྱེད་པ། །དེ་ལ་བརླ་ནི་བསྟན་པར་བྱ། །གང་ཞིག་བརླ་ནི་སྟོན་བྱེད་པ། །
355b
དེ་ལ་རྐང་པ་བསྟན་པར་བྱ། །གང་ཞིག་རྐང་པ་སྟོན་བྱེད་པ། །དེ་ལ་སེན་མོ་བསྟན་པར་བྱ། །གང་ཞིག་ལོང་བུ་སྟོན་བྱེད་པ། །དེ་ལ་སོ་ནི་བསྟན་པར་བྱ། །གང་ཞིག་ཧ་ཧར་དགོད་སྟོན་པ། དེ་ལ་ཁྲག་གི་གནས་བསྟན་བྱ། །གང་ཞིག་མདུང་ནི་སྟོན་བྱེད་པ། །དེ་ལ་ཤཀྟི་བསྟན་པར་བྱ། །གང་ཞིག་རྩེད་མོ་སྟོན་བྱེད་པ། །དེ་ལ་ལྟ་བ་བསྟན་པར་བྱ། །གང་ཞིག་ཕྱོགས་ནི་སྟོན་བྱེད་པ། །དེ་ལ་ཕྱོགས་མཚམས་བསྟན་པར་བྱ། །གང་ཞིག་གཅི་བ་སྟོན་བྱེད་པ། །དེ་ལ་བཤད་བ་བསྟན་པར་བྱ། །གང་ཞིག་བཞིན་འགྱུར་སྟོན་བྱེད་པ། །དེ་ལ་ཞི་བས་བལྟ་བར་བྱ། ། དེ་ནས་འཁུར་བ་དཔྲལ་དབུས་སུ། །མདུང་དང་སྣ་ལ་ཤཀྟི་ཡོད། །སྨིན་མ་བཅུ་མ་སྟེ་ལྡོག་ཅིང་ལྟ། །ནུ་མ་མཐོ་ཞིང་ལྟེ་བ་ཡངས། །རབ་བྱེད་སྨད་ནི་རྣམ་པར་འགྱུར། །རི་མོ་གསུམ་པ་ཡོངས་སུ་ཟླུམ། །མཁའ་འགྲོ་མ་ནི་ཉེར་འགྲོ་བའི། མཚན་ཉིད་འདི་དག་ཤེས་པར་བྱ། །སོང་བའི་ས་ལས་སླར་མི་ལྡོག་།རྒྱུ་མེད་པར་ནི་ངུ་བ་དང ། །དེ་བཞིན་དོན་མེད་པར་ནི་དགོད། །འཇམ་པར་སྨྲ་ཞིང་སྙིང་རྗེ་མེད། །དོན་མེད་པར་ནི་མང་དུ་སྨྲ། །སྒྱུ་མ་ཆེ་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ནི་འབར་བའི་མཆོག་།མཚན་ཉིད་འདི་དག་དང་ལྡན་པ། །མཁའ་འགྲོའི་མཆོག་ཏུ་ཤེས་བྱ་ཞེས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་
356a
༄#། །ལས།་ལག་པའི་ཕྱག་རྒྱའི་སྦྱོར་བ་དང ། སོས་བཏབ་པའི་མཚན་མ་ལ་སོགས་པའི་རིམ་པར་ཕྱེ་བ་སྟེ་བདུན་བའོ།། །།དེ་ནས་སྔགས་ཀྱི་རིག་པ་ཡི། །ལྷ་མོའི་མཚན་ཉིད་བཤད་པར་བྱ། །གང་ཞིག་ལག་གཡོན་སྟོན་བྱེད་པ། །ཕྱག་ནི་འཚལ་བར་བྱེད་པ་ཡིན། །གང་ཞིག་སྲིན་ལག་སྟོན་བྱེད་པ། །ཕྱག་འཚལ་བ་ཡི་ལན་གྱུར་ཡིན། །གང་ཞིག་ལྟོ་བ་ལ་རྡེབ་པ། །ལྟོགས་སོ་ཞེས་ནི་སྟོན་པ་ཡིན། །གང་ཞིག་སོར་མོས་སོར་མོ་སྟོན། །བཟའ་བར་བྱ་ཞེས་སྟོན་པ་ཡིན། །གང་ཞིག་བྱིན་པ་ལ་རེག་པ། །བདག་ནི་ངལ་བར་སྟོན་པ་ཡིན། །གང་ཞིག་སོར་མོ་ལ་རེག་པ། །བདག་ནི་ངལ་སོས་ཞེས་སྟོན་པའོ། །གང་ཞིག་སོ་ནི་སོས་འཆའ་བ། །ཤ་ཟའོ་ཞེས་ནི་སྟོན་པ་ཡིན། །གང་ཞིག་ཁྲོ་གཉེར་ལ་རེག་པ། །བདག་ནི་བཅིངས་པར་སྟོན་པ་ཡིན། །གང་ཞིག་མཁའ་ལྡིང་ལ་རེག་པ། །བདག་ནི་གྲོལ་བར་སྟོན་པ་ཡིན། །གང་ཞིག་ལག་པས་ལག་པ་སྟོན། །དེ་རིང་གཏོར་མ་བཟའ་ཞེས་སྟོན། །གང་ཞིག་ལག་གཡས་སྟོན་བྱེད་པ། །དེ་ལྟར་གྱིས་ཞེས་སྟོན་པ་ཡིན། །གང་ཞིག་རྣ་བ་ལ་རྡེབ་པ། །གནས་པར་བྱ་ཞེས་སྟོན་པ་ཡིན། །དེ་ནས་ངག་བརྡའི་ཆོ་ག་བཤད། །པོ་ཏཾ་གི་ནི། ཕྱག་འཚལ་བའོ། །པྲ་ཏི་པོ་ཏཾ་གི་ནི། ཕྱག་གི་ལན་ནོ། །ག་མུ་གི་ནི། འགྲོ་བའོ། །ལུཾ་བ་ནི། འོང་ཞེས་བྱ་བའོ། །ན་གི་རཾ་ནི། བྱིན་ཅིག་པའོ། །ཙེ་ཏུ་
356b
ཀཾ་ནི།་ལོངས་ཤིག་པའོ། །ཧྲི་ད་ཡ་ནི། དབའ་བོའོ། །ཀུ་ར་བ་ནི། ཤི་བའོ། །ཀ་ར་ནི་ཀ་ནི། དྲིལ་བུའོ། །ེ་ལེ་ཀ་ར་ནི། མགོའོ། །བ་ར་ཧ་ནི། སྐྲའོ། །ཤ་བ་ནོ་ནི། སྣ་བའོ། །མན་ཐ་ནི། བདུད་རྩིའོ། །ན་ར་ནི། མཉམ་པར་འགྲོ་བའོ། །ཏ་ལི་ཀ་ནི། མཁའ་འགྲོ་མའོ། །ན་ར་ཀཾ་ནི། དཀྱིལ་འཁོར་རོ། ། མུ་ཀཾ་ནི། དུར་ཁྲོད་དོ། །ཀ་ཁི་ལ་ནི། སྒོའོ། །སཝས་ནི། བྲམ་ཟེའོ། ། པ་རི་ཏི་ནི། རྒྱལ་རིགས་སོ། །བི་ར་དི་ནི། རྗེའུ་རིགས་སོ། །ཀྲུ་ར་ནི། དམངས་རིགས་སོ། །ན་ཐ་ནི། ཤན་པའོ། ། ལི་ཀ་ནི། ཕྱུགས་སོ། །ད་ཀི་ནི་ནི། སྲིང་མོའོ། །མུ་ཏ་ཀཱ་ནི། ཀླུ་མོའོ། །ལྕེ་སོ་ལ་རེག་པ་ནི། བཀྲེས་པར་སྟོན་པའོ། །ཏྲི་སྣ་ནི། དྲིས་བསྒོ་བའོ། ། ཀཾ་མ་ནཾ་ནི། གང་ནས་ཞེས་པའོ། །སྠ་ན་ད་ནི། ཆེ་གེ་མོ་ནས་ཞེས་པའོ། །ཀི་རི་ནོ་ནི། མེ་ཏོག་གོ ། ལཾ་བོ་ད་ར་དན་ད་ནི། དགོད་པའོ། །ནི་རོ་ད་ནི། ཆར་དབབ་པའོ། །བིག་ཉ་པ་ཏི་ནི། ཚིམ་པའོ། །དྷུ་མ་པྲི་ཡ་ན་ནི། ཆུ་འཛིན་ནོ། །ས་ནུ་ནི། རི་བོའོ། །ས་རོད་ནི། ཆུ་བའོ། ། གུ་ལ་ནི། ཆ་ཤས་སོ། །བ་ད་ན་ནི། གདོང་པའོ། །ར་ཛི་ཀ་ནི། ལྕེའོ། །ད་ན་ནི། སོའོ། །པཾ་ཀ་ཏེ་ནི། རྒྱལ་མཚན་ནོ། །ཚནྡོ་ནི། ཕྲེང་བའོ། །ཙ་ལ་ནི། རླུང་ངོ ། །མྲྀ་ག་པ་ཏི་ནི། ཕྱུགས་སོ། ། མན་ད་ལ་ནི། མཉམ་པའོ། །སཝ་ས་ནི། ལམ་གྱི་བཞི་མདོའོ། །ཕལ་གུ་ཤ་མ་ནི། སྐྱེ་བའོ། །མ་ཧཱ་ཀྵ་ར་ནི། ཕྱུགས་ཆེན་པོའོ། །ཚ་ནི། རའོ། །ན་ནི། སྐྱེས་བུའོ། །བ་ནི། བ་ལང་ངོ་།།
357a
༄#། །མ་ནི།་མ་ཧེའོ། །བ་ནི། བཟའ་བའོ། ། བྱ་ཀ་ནི། རྒྱལ་པོའི་སྐྱེས་བུའོ། །སྠ་ནི། གནས་པའོ། །ཁ་ལ་རེག་པ་ནི། ཟོས་པའོ། །སོ་ལ་རེག་པ་ནི། ངོམས་པའོ། །ཧྲི་ཀ་ནི། ངོ་ཚའོ། །སྟོང་པ་ལ་རེག་པ་ནི། མེ་ཐུན་ལས་གྱིས་ཤིག་པའོ། །བརླ་ན་རེག་པ་ནི། དེ་ལྟར་གྱིས་ཤིག་པའོ་ཞེས། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། མཁའ་འགྲོ་མ་ཐམས་ཅད་ཀྱི་བརྡའི་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། །།དེ་ནས་ལྷ་མོ་ཐམས་ཅད་ཡང་དག་པར་འདུས་ཏེ་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་སྔང་བ་ཐམས་ཅད་འདུལ་བའི་འཁྲུལ་འཁོར་གྱི་ལེའུ་ཞེས་བྱ་བ་བསྐྱེད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་མཆོག་ཏུ་རྨད་དུ་གྱུར་པ། རིན་ཆེན་ཁ་སྦྱོར་ཞེས་བྱ་བའི་འཁྲུལ་འཁོར་གསུངས་པ་ནི། མདོར་བསྡུས་ནས་ནི་བརྗོད་བྱ་བ། །དེ་ནི་བདག་གིས་བཤད་ཀྱི་ཉོན། །རིགས་ལྡན་
357b
དང་ནི་རྟ་ཡི་འགྲོས། །གཤིན་རྗེ་ཡི་དྭགས་དེ་བཞིན་དུ། །གཞན་ཡང་རོ་ལངས་ཟུང་དང་ནི། །སྲིན་པོ་ཡི་ནི་ཁྱད་པར་གྱིས། །དེ་ནས་རིམ་དང་ཕྱི་རོལ་རིམ། །ངེས་འཇོམས་སྒོ་དང་སྟོང་པ་དང ། །གྲཝ་ཡི་མཐར་ནི་རྡོ་རྗེར་ལྡན། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །སྔགས་ཀྱི་ཕྲེང་བས་ཁྱད་པར་བྱས། །རིམ་པ་འདི་བཞིན་བརྗོད་པ་ཡིན། །གྲུ་བཞི་ཤིན་ཏུ་ཚད་ལྡན་ཞིང ། །རེའུ་མིག་བཞི་བཅུ་དགུར་ལྡན་བ། །སྔགས་པས་མཉམ་པར་བཞག་སྟེ་བྱ། །དང་པོ་ཡི་ནི་ཕྲེང་བ་གཉིས། །ལྷག་བཅས་ཨ་ལ་སོགས་པ་དགོད། །རེའུ་མིག་ལྷག་མ་རྣམས་ལ་ནི། །ཀ་ལ་སོགས་པ་མདོར་བསྡུས་པའི། །ཡི་གེ་ཐམས་ཅད་ཅི་རིགས་པར། །གོ་རིམ་བཞིན་དུ་དགོད་པར་བྱ། །དབུས་སུ་རེའུ་མིག་སྟོང་པ་ལ། །ཀ་ཥཱ་ཞེས་བྱའི་ཡི་གེར་ནི། །གནས་པའི་པ་ནི་བྲི་བར་བྱ། །འཁོར་ལོ་རི་མོ་གཉིས་བསྐོར་ལ། །རི་མོའི་བར་དུ་རྣལ་འབྱོར་པས། །འཕེལ་བ་ལ་སོགས་བསྡུས་ཏེ་དགོད། །ཕྱི་རོལ་པདྨ་འདབ་བརྒྱད་ལ། །དབང་པོར་ཀ་སྟེ་ལུས་ངན་ཙ། །ཆུ་ལྷར་གཤིན་རྗེ་ཊ་དང་ཏ། །རླུང་དང་མེ་དང་དབང་ཆེན་ཆུར། །དེ་ལྟར་ཡ་ར་ལ་ཝ་དགོད། །འབྱུང་བ་ཆེན་པོ་ཁམས་ཞེས་བྱ། །སླར་ཡང་ཕྱི་རོལ་གྲུ་བཞི་ལ། །རླུང་དང་མེ་དང་བདུད་རྩིར་རོ། །གཤིན་རྗེ་འཇོམས་མ་ལ་སོགས་ཏེ། །ཤ་ཥ་ས་ཧར་བསྟན་པ་དགོད། །རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བ། །མ་ནིང་ཞེས་བྱར་བསྟན་པ་བཞི། །སྒོ་བཞི་རུ་ནི་དགོད་པར་བྱ། །ཆོ་གའི་སྦྱོར་བདེ་ལྟ་བུས། །
358a
༄#། །སྔགས་ཀྱི་རྒྱལ་པོ་དེ་ནས་དགོད། །འབུགས་པ་རྨི་ལམ་ཟླ་བར་ལྡན། །རེའུ་མིག་དང་པོ་བརྒྱན་པར་བྱ། །གཉིས་པར་བདེན་བྲལ་ཕྱི་རོལ་གཟུང ། །རུས་སྦལ་དང་ནི་ལྡན་པར་དགོད། །རེའུ་མིག་གསུམ་པ་ལ་གནས་པ། །དབུ་མ་ཡི་ནི་མཐའ་མ་བཟུང ། །དེ་ཉིད་ཀྱི་ནི་བཞི་བར་གནས། །རེའུ་མིག་བཞི་པར་ལྷོ་ཡི་མཐའ། །བཟང་པོ་ཡིས་ནི་སྤྱི་བོར་བརྒྱན། །བདེན་བྲལ་ཕྱི་རོལ་བཟུང་ནས་ནི། །རུས་སྦལ་དང་ནི་ལྡན་པར་བྱ། །རེའུ་མིག་ལྔ་པར་ཡང་དག་དགོད། །དབུ་མའི་མཐའ་མ་བཟུང་ནས་སུ། །དེ་ཉིད་ཀྱི་ནི་བཞི་པར་གནས། །རེའུ་མིག་དྲུག་པ་བརྒྱན་པར་བྱ། །རླུང་མཚམས་ཕྱི་རོལ་བཟུང་ནས་ནི། །རུས་སྦལ་ཟླ་ཕྱེད་ཐིག་ལེར་ལྡན། །རེའུ་མིག་བདུན་པར་དགོད་པར་བྱ། །རེའུ་མིག་ལ་གནས་བརྒྱད་པར་རླུང ། །མ་ནིང་དང་པོའི་སྟན་བཞུགས་ཤིང ། །དང་པོའི་གསུམ་པ་དགུ་པར་དགོད། །ཉི་ཤུ་པ་ཡི་སྟན་བཞུགས་པ། །རླུང་གིས་ཕྱི་རོལ་བཟུང་ནས་ནི། །གཏི་མུག་བརྒྱན་པ་བཅུ་པར་དགོད། །ཉི་ཤུ་རྩ་གཅིག་པ་ཉིད་ནི། །རེའུ་མིག་བཅུ་གཅིག་པ་ལ་དགོད། །བཅུ་གཉིས་རླུང་གིས་བརྒྱན་པར་བྱ། །རུས་སྦལ་གྱི་ནི་སྟན་བཞུགས་པའི། །རླུང་གི་ཕྱི་རོལ་ཟླ་དུམ་དང ། །ཐིག་ལེས་བརྒྱན་པ་བཅུ་གསུམ་དགོད། །བཅུ་བཞི་པ་ཡང་དེས་བརྒྱན་བྱ། །དབུ་མ་ཡི་ནི་དང་པོ་ཡིས། །རེའུ་མིག་བཅོ་ལྔ་སྤྲས་པར་བཞེད། །གཏི་མུག་གིས་
358b
ནི་བརྒྱན་པ་ཡི། །དབུ་མའི་དབུ་མ་བཅུ་དྲུག་པར། །དབུ་མའི་དབུ་མ་སྟན་བཞུགས་པ། །བཟང་པོ་ཡིས་ནི་མགོར་བརྒྱན་པ། །ལྷོ་མཐའ་བཅུ་བདུན་པར་ནི་དགོད། །ལྷོ་ཡི་དབུ་མར་རླུང་གིས་ནི། །སྟན་སྦྱིན་གཏི་མུག་བརྒྱན་པར་བྱ། །རེའུ་མིག་བཅོ་བརྒྱད་པ་ལ་དགོད། །རེའུ་མིག་བཅུ་དགུ་པར་གནས་པ། །མེ་ནི་ཨ་ཡིས་བརྒྱན་པ་ཡིན། །རུས་སྦལ་དང་ནི་ལྡན་པ་ཡིན། ། རླུང་གི་ཕྱི་རོལ་ཟླ་དུ་མ་དང ། །ཐིག་ལེས་བརྒྱན་པ་ཉི་ཤུར་དགོད། །དབུ་མའི་གཉིས་པ་ཕན་པའི་མཆོག་།རེའུ་མིག་ཉི་ཤུ་གཅིག་པར་དགོད། །ལྷོ་མཐའ་ཡི་ནི་སྟན་བཞུགས་པའི། །རླུང་གི་ཕྱི་རོལ་བཟུང་ནས་སུ། །གཏི་མུག་ལྡན་པ་ཉི་ཤུ་གཉིས། །དང་པོ་ཡི་ནི་གསུམ་པ་ཡིས། །རེའུ་མིག་ཉི་ཤུ་གསུམ་པ་བརྒྱན། །རེའུ་མིག་ཉི་ཤུ་རྩ་བཞི་པ། །ནུབ་ཕྱོགས་དང་ནི་ལྡན་པར་བྱ།། རེའུ་མིག་ཉི་ཤུ་རྩ་དྲུག་པ། །བྱང་གི་དབུ་མར་ལྡན་པར་འདོད། །རེའུ་མིག་ཉི་ཤུ་རྩ་བདུན་པ། །དབུ་མ་ཡི་ནི་གཉིས་པས་བརྒྱན། །རེའུ་མིག་ཉི་ཤུ་རྩ་བརྒྱད་པ། །ནུབ་ཕྱོགས་ཀྱིས་ནི་མཛེས་བར་བྱས། །དང་པོའི་དབུ་མ་བཟུང་ནས་ནི། །རི་ཞེས་བྱ་བ་འོག་ཏུ་སྦྱིན། །རེའུ་མིག་ཉི་ཤུ་དགུ་པ་དགོད། །དབུ་མ་ཡི་ནི་བཞི་པ་ཡིས། །རེའུ་མིག་སུམ་ཅུ་པ་ལ་བརྒྱན། །དེ་ཉིད་ཀྱི་ནི་\?\་མཉིས་པ་ཡིས། །རེའུ་མིག་སུམ་ཅུ་གཅིག་པ་བརྒྱན། །རུས་སྦལ་ཐིག་ལེར་ལྡན་པ་ཡི། །རླུང་གི་ཕྱི་རོལ་བཟུང་ནས་ནི། །རེའུ་མིག་སུམ་ཅུ་གཉིས་པར་དགོད། །རེའུ་མིག་སུམ་ཅུ་
359a
༄#། །གསུམ་པ་ཡང ། །དེ་ཉིད་ཀྱིས་ནི་བརྒྱན་པར་བཞེད། །རེའུ་མིག་སུམ་ཅུ་རྩ་བཞི་པ། །ནུབ་ཕྱོགས་ཀྱིས་ནི་མཛེས་པར་བྱ། །ོཾ་ནི་ཐིག་ལེར་ལྡན་པ་དག ། རེའུ་མིག་སུམ་ཅུ་ལྔ་པར་དགོད། །རེའུ་མིག་སུམ་ཅུ་དྲུག་པ་ཡང ། །ཡི་གེའི་དབང་ཕྱུག་དེ་བཞིན་ཉིད། །རླུང་གི་ཕྱི་རོལ་བཟུང་ནས་སུ། །འབུགས་དང་ལྡན་པ་སུམ་ཅུ་བདུན། ། རླུང་གི་འདབ་མ་ལ་གནས་པ། །རེའུ་མིག་སུམ་ཅུ་བརྒྱད་ལ་དགོད། །རེའུ་མིག་སུམ་ཅུ་དགུ་པ་ནི། །ལྷོ་ཡི་མཐའ་ཡིས་བརྒྱན་པར་བྱ། །རེའུ་མིག་བཞི་བཅུ་ཐམ་པ་ཡང ། །འཕེལ་བ་ཡིས་ནི་བརྒྱན་པར་བྱ། །རེའུ་མིག་བཞི་བཅུ་རྩ་གཅིག་པ། །འབུགས་པ་རྨི་ལམ་ཐིག་ལེས་བརྒྱན། །ཤར་འདབ་དབུ་མ་བཟུང་ནས་ནི། །ཤར་གྱི་ཕྱི་རོལ་འོག་ཏུ་སྦྱིན། །རེའུ་མིག་བཞི་བཅུ་གཉིས་པར་དགོད། །རེའུ་མིག་བཞི་བཅུ་གསུམ་པ་ནི། །ནུབ་ཕྱོགས་ཀྱི་ནི་དང་པོར་ལྡན། །རེའུ་མིག་བཞི་བཅུ་བཞི་པ་ཡང ། །དབུ་མ་ཡི་ནི་གཉིས་པས་བརྒྱན།། རླུང་གི་ཕྱི་རོལ་བཟུང་ནས་སུ། །རུས་སྦལ་དང་ནི་ཐིག་ལེར་ལྡན། །རེའུ་མིག་བཞི་བཅུ་ལྔ་ལ་དགོད། །སླར་ཡང་རླུང་གི་ཕྱི་རོལ་བཟུང ། །རུས་སྦལ་ཐིག་ལེར་ལྡན་པ་དག།བཞི་བཅུ་དྲུག་ལའང་དགོད་པར་བྱ། །རླུང་གི་ཕྱི་རོལ་བཟུང་ནས་སུ། །ལྷོ་ཡི་མཐའ་དང་ལྡན་པར་བྱ། །རེའུ་མིག་བཞི་བཅུ་བདུན་པར་གནས། །ཤར་གྱི་ཕྱི་རོལ་སྟན་བཞུགས་པའི།།
359b
ཤར་གྱི་འདབ་མའི་གསུམ་པ་ནི། །རེའུ་མིག་བཞི་བཅུ་བརྒྱད་པར་དགོད། །རླུང་གི་ཕྱི་རོལ་བཟུང་ནས་སུ། །ལྷོ་ཡི་མཐའ་ཡི་སྟན་བཞུགས་པ། །བཞི་བཅུ་རྩ་དགུ་པ་ལ་དགོད། །དགྲ་རྣམས་ཐམས་ཅད་བཅིང་བ་དང ། །ཁྱད་པར་གྱིས་ནི་རྨོངས་པ་དང ། །སྒྲོལ་བའི་ཆོ་གའི་སྦྱོར་པ་འདི། །བཞིན་མཛེས་མ་ནི་ཁྱོད་ལ་བཤད། །སླར་ཡང་རེའུ་མིག་དང་པོ་ལ། །འབུགས་པ་རྨི་ལམ་ཟླ་བ་ཡིས། །བརྒྱན་པ་དག་ནི་དགོད་པར་བྱ། །བདེན་བྲལ་ཕྱི་རོལ་བཟུང་ནས་ནི། །རུས་སྦལ་གྱི་ནི་སྟན་བཞུགས་པ། །རེའུ་མིག་གཉིས་པར་གནས་པར་བྱ། །དབུ་མའི་མཐའ་མ་བཟུང་ནས་ནི། །དེ་ཉིད་ཀྱི་ནི་བཞི་པར་གནས། །རེའུ་མིག་གསུམ་པར་དགོད་པར་བྱ། །རླུང་གི་ཕྱི་རོལ་བཟུང་ནས་སུ། །མ་ཀར་རྨི་ལམ་ཟླ་བས་བརྒྱན། །རེའུ་མིག་བཞི་པར་དགོད་པར་བྱ། །རུས་སྦལ་རྨི་ལམ་མཆོད་པ་ཡི། །རླུང་གི་ཕྱི་རོལ་བཟུང་ནས་སུ། །རེའུ་མིག་ལྔ་པར་དགོད་པར་བྱ། །རེའུ་མིག་དྲུག་པར་གནས་པ་ནི། །དབུ་མ་ཡི་ནི་གཉིས་པ་དང ། །ནུབ་ཕྱོགས་ཀྱི་ནི་དང་པོར་འདོད། །འབུགས་པ་རྨི་ལམ་ཐིག་ལེར་ལྡན། །རེའུ་མིག་བདུན་པར་དགོད་པར་བྱ། །རླུང་གི་ཕྱི་རོལ་བཟུང་ནས་སུ། །རུས་སྦལ་རྨི་ལམ་གྱིས་བརྒྱན་པ། །རེའུ་མིག་བརྒྱད་བར་གནས་པ་ཡིན། །རེའུ་མིག་དགུ་པ་ལ་གནས་པ། །དབུ་མ་ཡི་ནི་གཉིས་པ་དང ། །དེ་བཞིན་ནུབ་ཀྱི་དང་པོ་ཡིན། །ལྷོ་ཡི་མཐའ་མ་བཟུང་ནས་ནི། །བཟང་པོ་ཡིས་ནི་མགོར་བརྒྱན་པ། །
360a
༄#། །རེའུ་མིག་བཅུ་པ་ལ་གནས་པའོ། །བཅུ་གཅིག་པ་ལ་ཡི་གེ་དེ། །རླུང་གི་ཕྱི་རོལ་བཟུང་ནས་ནི། །རུས་སྦལ་རྨི་ལམ་ལྡན་པར་བྱ། །རེའུ་མིག་བཅུ་གཉིས་པ་ལ་བྲིས། །རེའུ་མིག་བཅུ་གསུམ་ལ་གནས་པ། །དབུ་མ་ཡི་ནི་གཉིས་པ་དང ། །དེ་བཞིན་དུ་ནི་ནུབ་ཕྱོགས་སྦྱིན། །ཤར་གྱི་གསུམ་པ་བཟུང་ནས་སུ། །ཤར་གྱི་མ་ནིང་སྟན་གནས་བ། ། རེའུ་མིག་བཅུ་བཞི་པ་ལ་འདོད། །རླུང་གི་ཕྱི་རོལ་བཟུང་ནས་སུ། །རུས་སྦལ་རྨི་ལམ་ཟླ་བས་བརྒྱན། །རེའུ་མིག་བཅོ་ལྔ་པ་ལ་གནས། །དབུ་མའི་བཞི་པའི་སྟན་གནས་པའི། །དེ་ཉིད་ཀྱི་ནི་མཐའ་བཟུང་སྟེ། །རེའུ་མིག་བཅུ་དྲུག་པ་ལ་བྲི། །རུས་སྦལ་གྱི་ནི་སྟན་གནས་པའི། །བདེན་བྲལ་ཕྱི་རོལ་བཟུང་ནས་ནི། །རེའུ་མིག་བཅུ་བདུན་པར་གནས་བྱ། །མ་ཀ་ར་ལ་ཞོན་པ་ཡི། །རླུང་གི་ཕྱི་རོལ་ཐིག་ལེས་བརྒྱན། །རེའུ་མིག་བཅོ་བརྒྱད་པ་ལ་བྲི། །ལྷོ་ཡི་མཐའ་ཡི་སྟན་བཞུགས་པའི། །རླུང་གི་ཕྱི་རོལ་བཟུང་ནས་སུ། །བཅུ་དགུ་པ་ལ་བྲི་བར་བྱ། །རེའུ་མིག་ཉི་ཤུ་ལ་གནས་པ། །རི་ཡི་སྟན་ལ་གནས་པ་ཡི། །དང་བོ་ཡི་ནི་གསུམ་པ་བཟུང ། །ལྷོ་ཡི་མཐའ་ཡི་སྟན་བཞུགས་པ། །རླུང་གི་ཕྱི་རོལ་བཟུང་ནས་ནི། །རེའུ་མིག་ཉི་ཤུ་གཅིག་པར་བྲི། །རེའུ་མིག་ཉི་ཤུ་གཉིས་གནས་པར། །མ་ཀ་ར་ལ་ཞོན་པ་ཡི། །རླུང་གི་ཕྱི་རོལ་ཐིག་ལེས་བརྒྱན། །ཉི་ཤུ་གསུམ་པ་ལ་ཡང་དེ། །རེའུ་མིག་ཉི་
360b
ཤུ་བཞིར་གནས་པ། །མ་ཀར་ཐིག་ལེ་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་སླར་ཡང་གཟུང ། །ཉི་ཤུ་རྩ་ལྔ་ཆོ་ག་བཞིན། །ཉི་ཤུ་དྲུག་པར་གནས་པ་ནི། །མ་ཀ་ར་དང་ཐིག་ལེ་ཡིས། །སྟེང་དུ་བརྒྱན་པའི་རླུང་ཕྱི་རོལ། །ཉི་ཤུ་བདུན་ལའང་དེ་ཞེས་བྱ། །ཉི་ཤུ་བརྒྱད་པ་ལ་གནས་པར། །མ་ཀར་རྨི་ལམ་ཟླ་བ་ཅན། །རླུང་གི་ཕྱི་རོལ་གཟུང་བར་བྱ། །ཉི་ཤུ་དགུ་པ་ལ་གནས་པར། ། རླུང་གི་ཕྱི་རོལ་བཟུང་ནས་ནི། །འབུགས་དང་ལྷན་ཅིག་ལྡན་པར་བྲི། །དབུ་མའི་བཞི་པ་བཟུང་ནས་ནི། །དེར་ནི་དང་པོ་གསུམ་པའང་སྦྱིན། །མཁས་པས་རེའུ་མིག་སུམ་ཅུ་བརྒྱན། ། དབུ་མའི་དབུ་མ་བཟུང་ནས་ནི། །གཏི་མུག་གིས་ནི་མཛེས་བྱས་པ། །སུམ་ཅུ་གཅིག་པར་གནས་པར་བྱ། །མ་ཀ་ར་ཞོན་རྨི་ལམ་དང ། །རླུང་གི་ཕྱི་རོལ་ཟླ་བས་བརྒྱན། །སུམ་ཅུ་གཉིས་པར་དགོད་པར་བྱ། །ཤར་གྱི་གསུམ་པ་བཟུང་ནས་ནི། །རི་ཞེས་བྱ་བ་དེ་ལ་སྦྱིན། །རེའུ་མིག་སུམ་ཅུ་གསུམ་པ་གནས། །རླུང་གི་ཕྱི་རོལ་བཟུང་ནས་ནི། །ལྷོ་མཐའི་སྟན་བཞུགས་གཏི་མུག་གིས། །བརྒྱན་པ་སུམ་ཅུ་བཞི་ལ་དགོད། །རེའུ་མིག་སུམ་ཅུ་ལྡར་གནས་པར། །དབུ་མའི་དང་པོ་བཟུང་ནས་ནི། །རླུང་ཡང་དེར་ནི་དགོད་པར་བྱ། །འཕེལ་བ་དང་ནི་ལྷོ་མཐའ་དང ། །རླུང་ཡང་དེར་ནི་སྦྱིན་བྱ་སྟེ། །རེའུ་མིག་སུམ་ཅུ་རྩ་\ུ0f38དྲུག་པ་བརྒྱན། །རེའུ་མིག་སུམ་ཅུ་བདུན་པར་གནས། །དབུ་མ་ཡི་ནི་གཉིས་པ་ལ། །ནུབ་ཕྱོགས་ཀྱིས་ནི་མཛེས་པ་བྱ། །རེའུ་
361a
༄#། །མིག་སུམ་ཅུ་བརྒྱད་པ་ལ། །ལྷོ་ཡི་མཐའ་ནི་བཟུང་ནས་སུ། །དབུ་མའི་དབུ་མ་སྟན་དང་ལྡན། །བཟང་པོ་ཡིས་ནི་སྤྱི་བོར་བརྒྱན། །སླར་ཡང་ལྷོ་ཡི་དབུ་མ་གཟུང ། །གཏི་མུག་དང་ནི་ལྡན་པ་ཡི། །རླུང་གི་འོག་ཏུ་སྦྱིན་པར་བྱ། །སུམ་ཅུ་དགུ་པ་ལ་ཡང་དེ། །རེ་འུ་མིག་བཞི་བཅུ་པར་གནས་པ། །དབུ་མའི་དང་པོ་བཟུང་ནས་ནི། །རླུང་ཡང་དེར་ནི་དགོད་བར་བྱ། །བཞི་བཅུ་གཅིག་ལ་གནས་པར་ནི། །དབུ་མ་ཡི་ནི་གཉིས་པ་དང ། །ནུབ་ཕྱོགས་ཀྱི་ནི་དང་པོ་བྲི། །བཞི་བཅུ་གཉིས་པ་ལ་གཉིས་པར། །རླུང་གི་ཕྱི་རོལ་བཟུང་ནས་ནི། །རུས་སྦལ་རྨི་ལམ་ལན་གཉིས་བཟླ། །བཞི་བཅུ་གསུམ་པ་ལ་གནས་པར། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །བཞི་བཅུ་བཞི་ལ་གནས་པར་ནི། །རླུང་གི་ཕྱི་རོལ་བཟུང་ནས་ནི། །རུས་སྦལ་རྨི་ལམ་ཅན་ཉི་ཟླ། །བཞི་བཅུ་ལྔ་ལ་གནས་པར་ནི། །ར་ཞེས་བྱ་བ་བྱང་ཕྱོགས་ཀྱི། །དབུ་མ་དང་ནི་ལྡན་པར་ནི། །བཞི་བཅུ་དྲུག་ལ་གནས་པར་ནི། ། རླུང་གི་ཕྱི་རོལ་བཟུང་ནས་སུ། །མ་ཀ་ར་ར་ཞོན་རྨི་ལམ་ཅན། །བཞི་བཅུ་བདུན་ལ་གནས་པར་ཡང ། །རླུང་གི་ཕྱི་རོལ་བཟུང་བྱས་ཏེ། །གཏི་མུག་གིས་བརྒྱན་ལྷོ་མཐའི་སྟན། །རེའུ་མིག་བཞི་བཅུ་བརྒྱད་པར་ནི། །རི་དང་ལྡན་བར་དང་པོ་ཡི། །དབུ་མ་ཡིས་ནི་བརྒྱན་པར་འདོད། །བཞི་བཅུ་དགུ་ལ་གནས་པར་ཡང ། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །འདི་ནི་
361b
རྣལ་འབྱོར་ལྡན་པའི་མཆོག་།རྨུགས་དང་དེ་བཞིན་ལྟུང་བ་དག་།སྔགས་ཀྱི་རྒྱལ་པོས་བསྐུལ་བས་ན། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །རྣུགས་པར་བྱེད་དང་གནོད་པ་དག་།ལྷ་མོ་ཁྱོད་ལ་བཤད་པ་སྟེ། །མ་ཀ་ར་ཞོན་དྲི་མ་མེད། །རྨི་ལམ་ཟླ་བར་ཡང་དག་ལྡན། །རྡོ་རྗེ་ཡི་ནི་སྟེང་ན་གནས། །འབར་བའི་ཕྲེང་བས་བརྒྱན་པ་སྟེ། །ཕྱོགས་ཀུན་ཏུ་ནི་རྣམ་འཕྲོ་པར། །བསྒོམས་ནས་དེ་ཡི་དབུས་སུ་ནི། །ཇི་ལྟར་འབྱུང་བཞིན་བསྒྲུབ་བྱའི་མིང ། །སྔགས་པས་དེ་ནི་སྤངས་ནས་སུ། །ཕཊ་ཀྱི་གནས་སུ་སྦྱིན་པར་བྱ། །རེའུ་མིག་དེ་དག་དབུས་སུ་ནི། །མྱོས་པར་འགྱུར་བའི་བསྒྲུབ་བྱ་ནི། །སྒྲུབ་པ་པོ་ཡིས་འདྲི་རུ་གཞུག་།ཡེ་ཤེས་རྡོ་རྗེས་གཞོམ་པར་བྱ། །གྲིབ་མ་ཡང་ནི་བརླག་པར་བསམ། །དཔའ་བོའི་ཕྲལ་གྱི་བུམ་པ་འམ། །བྲ་མ་ཟེའི་བུམ་པ་སྐམ་པོར་ནི། །འཁོར་ལོ་གཉིས་ན་བཅུག་ནས་སུ། །ཆོ་ག་བཞིན་དུ་བྲིས་བྱས་ཏེ། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །སྒྲུབ་པོས་དེ་ལྟར་བྱས་ནས་ནི། །ཕྱི་ནས་ལས་ནི་བརྩམས་བྱས་ན། ། རྡོ་རྗེ་ཐུགས་ཀྱི་བཀའ་བཞིན་དུ། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །སླར་ཡང་རེའུ་མིག་དང་པོ་ལ། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །རེའུ་མིག་གཉིས་པ་ལ་གནས་པར། ། བཟང་པོས་སྤྱི་བོར་བརྒྱན་པ་ཡི། །ལྷོ་ཡི་མཐའ་ནི་གཟུང་བར་བྱ། །རེའུ་མིག་གསུམ་པ་ལ་གནས་པར། །རླུང་གི་ཕྱི་རོལ་བཟུང་ནས་ནི། །རུས་སྦལ་རྨི་ལམ་ཟླས་བརྒྱན་བྱ། །རེའུ་མིག་ལྔ་པ་
362a
༄#། །ལ་གནས་པར། །སླར་ཡང་འབུགས་པ་ཟླ་བས་བརྒྱན། རེའུ་མིག་དྲུག་པ་ལ་གནས་པར། །རི་ཡི་སྟན་ལ་གནས་པ་ཡི། །ཤར་ཕྱོགས་ཀྱི་ནི་གསུམ་པ་གཟུང་།། རེའུ་མིག་བདུན་པ་ལ་གནས་པར། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་གཟུང་བར་བྱ། །རེའུ་མིག་བརྒྱད་པ་ལ་གནས་པར། །དབུ་མའི་བཞི་པའི་སྟན་གནས་པའི། །དེ་ཉིད་ཀྱི་ནི་མཐའ་མ་གཟུང ། །རེའུ་མིག་དགུ་པ་ལ་གནས་པར། །དབུ་མའི་གཉིས་པ་བཟུང་ནས་ནི། །ནུབ་ཀྱི་དང་པོ་སྦྱིན་པར་བྱ། །རེའུ་མིག་བཅུ་པ་ལ་གནས་པར། །རུས་སྦལ་གྱི་ནི་སྟན་གནས་པའི། །བདེན་བྲལ་ཕྱི་རོལ་གཟུང་བར་འདོད། །བཅུ་གཉིས་པ་ལ་གནས་པར་ནི། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་གཟུང་བར་བྱ། །བཅུ་གསུམ་པ་ལ་གནས་པར་ཡང ། །དབུ་མའི་གཉིས་པ་བཟུང་ནས་ནི། །ནུབ་ཕྱོགས་ཀྱི་ནི་དང་པོ་སྦྱིན་།བཅུ་བཞི་པ་ལ་གནས་པར་ནི། །རི་ཡི་སྟན་ལ་གནས་གྱུར་པའི། །ཤར་གྱི་གསུམ་པ་གཟུང་བར་བྱ། །བཅོ་ལྔ་པ་ལ་གནས་གྱུར་པ། །དབུ་མའི་བཞི་བའི་སྟན་གནས་པའི། །དེ་ཉིད་ཀྱི་ནི་མཐའ་གཟུང་བྱ། །བཅུ་དྲུག་པ་ལ་གནས་པར་ཡང ། །རུས་སྦལ་རྨི་ལམ་ཟླར་ལྡན་པའི། །རླུང་གི་ཕྱི་རོལ་གཟུང་བར་བྱ། །བཅུ་བདུན་པ་ལ་གནས་པར་ནི། །རུས་སྦལ་སྟན་ལ་གནས་པ་ཡི། །བདེན་བྲལ་ཕྱི་རོལ་གཟུང་བར་བྱ། །བཅུ་དགུ་པ་ལ་གནས་པར་བྱ། །ལྷོ་ཡི་མཐའ་ཡི་སྟན་
362b
གནས་པ། །རླུང་གི་ཕྱི་རོལ་གཟུང་བར་བརྟག་།ཉི་ཤུ་པ་ལ་གནས་པར་ནི། །དབུ་མའི་གཉིས་པ་བཟུང་ནས་ནི། །ནུབ་ཀྱི་དང་པོའང་སྦྱིན་པར་བྱ། །ལྷོ་མཐའི་སྟན་ལ་གནས་པ་ཡི། །རླུང་གི་ཕྱི་རོལ་བཟུང་ནས་ནི། །རེའུ་མིག་ཉི་ཤུ་གཅིག་པར་བྲི། །འབུགས་པ་རྨི་ལམ་ཟླས་བརྒྱན་པ། །རེའུ་མིག་ཉི་ཤུ་དགུ་པར་བྲི། །དབུ་མའི་བཞི་པ་བཟུང་ནས་ནི། །ཤར་གྱི་གསུམ་པ་དེར་སྦྱིན་ཏེ། །རེའུ་མིག་སུམ་ཅུ་བརྒྱན་པར་བྱ། །སུམ་ཅུ་གཅིག་ལ་གནས་པ་ནི། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་གཟུང་བར་བྱ། །སུམ་ཅུ་གསུམ་ལ་གནས་པར་ནི། །འབུགས་པ་རྨི་ལམ་ཟླས་བརྒྱན་བྱ། །སུམ་ཅུ་བཞི་ལ་གནས་པར་བྱ། །དབུ་མའི་དང་པོ་བཟུང་ནས་སུ། །དེར་ནི་རླུང་ཡང་སྦྱིན་པར་བྱ། །སུམ་ཅུ་ལྔ་བ་ཉིད་དག་ཀྱང ། །དེ་ཉིད་ཀྱིས་ནི་བརྒྱན་པར་བཞེད། ། སུམ་ཅུ་དྲུག་ལ་གནས་པར་ནི། །མེ་ནི་ཨ་དང་ལྡན་པར་བྱ། །བྱང་གི་དབུ་མ་བཟུང་ནས་སུ། །དེ་ཉིད་དུ་ནི་བྲི་བར་བྱ། །སུམ་ཅུ་གསུམ་པར་དགོད་བ་ནི། །དབུ་མའི་གཉིས་པ་བཟུང་ནས་སུ། ། དེར་ནི་ལྷོ་ཕྱོགས་དང་པོ་སྦྱིན། །སུམ་ཅུ་བརྒྱད་ལ་གནས་པར་ཡང ། ། ཞེས་བྱ་བ་བྲི་བྱ་ཞིང ། །ལྷོ་ཡི་མཐའ་ནི་གཟུང་བྱ་སྟེ། །རླུང་ཡང་དེར་ནི་བྲི་བར་བྱ། །བཞི་བཅུ་པ་ལ་གནས་པར་ནི། ། རླུང་གི་ཕྱི་རོལ་བཟུང་ནས་ནི། །འོག་ཏུ་ལྷོ་མཐའ་གནས་པ་དང ། །གཏི་མུག་གིས་ནི་བརྒྱན་པར་བྱ། །རེའུ་མིག་བཞི་བཅུ་གཉིས་གནས་པར། །དང་པོའི་གསུམ་པ་བཟུང་ནས་སུ། །རི་ཞེས་
363a
༄#། །བྱ་བ་འོག་ཏུ་སྦྱིན། །རེའུ་མིག་བཞི་བཅུ་གསུམ་པ་ལ། །རླུང་གི་ཕྱི་རོལ་བཟུང་ནས་སུ། །འབུགས་པ་ཡིས་ནི་བརྒྱན་པར་བྱ། །བཞི་བཅུ་བཞི་ལ་གནས་པར་ནི། ། རླུང་གི་ཕྱི་རོལ་བཟུང་ནས་སུ། །རུས་སྦལ་རྨི་ལམ་ལྡན་པར་བྱ། །བཞི་བཅུ་ལྔ་བ་ལ་གནས་པ། །གཏི་མུག་གིས་ནི་བརྒྱན་པ་ཡི། །དབུ་མའི་དབུ་མ་གཟུང་བར་བྱ། །ལྷོ་ཡི་མཐའ་ནི་བཟུང་ནས་སུ། །དབུ་མའི་དབུ་མས་སྟན་དུ་བྱ། །བཟང་པོ་ཡིས་ནི་མགོ་བོར་བརྒྱན། །ལྷོ་ཡི་དབུ་མའང་བཟུང་བྱ་སྟེ། །གཏི་མུག་དང་ནི་ལྡན་པ་ཡི། །རླུང་ནི་དེ་ཡི་སྟན་དུ་བྱ། །དེ་ཉིད་དུ་ནི་མཁས་པས་དགོད། །རེའུ་མིག་བཞི་བཅུ་བདུན་པ་ལ། །གཏི་མུག་གིས་ནི་བརྒྱན་པ་ཡི། །ལྷོ་མཐའ་ཡིས་ནི་སྟན་བཞུགས་པར། །རླུང་གི་ཕྱི་རོལ་གཟུང་བར་བྱ། །རེའུ་མིག་བཞི་བཅུ་བརྒྱད་པ་ལ། ། རུས་སྦལ་རྨི་ལམ་ཟླར་ལྡན་པའི། །རླུང་གི་ཕྱི་རོལ་བཟུང་ནས་སུ། །ལན་གཉིས་སུ་ནི་བྲི་བར་བྱ། །རེའུ་མིག་བཞི་བཅུ་དགུ་པ་ལ། །རི་ཞེས་བྱ་བ་དང་ལྡན་པའི། །དང་པོའི་གསུམ་པ་བཟུང་བ་ཡིས། །མཛེས་པ་མཆོག་ཏུ་ཕན་པར་འདོད། །ལྷ་མོ་འདིས་ནི་སྡང་གྱུར་ནས། །ཁྱད་པར་དུ་ནི་གཡུལ་འགྱེད་བྱེད། །རྟ་དང་མ་ཧེ་བུམ་པར་ནི། །ཆོ་ག་ཇི་བཞིན་གཞག་པར་བྱ། །འབུགས་པ་རྨི་ལམ་བཟླས་བརྒྱན་པའི། །སླར་ཡང་བདེན་བྲལ་ཕྱི་རོལ་གཟུང ། །རུས་སྦལ་དང་ནི་ལྷན་ཅིག་བཅས། །དབུ་མའི་བཞི་པའི་སྟན་བཞུགས་པ། །སླར་ཡང་དེ་ཡི་མཐའ་བཟང་སྟེ། །
363b
རེའུ་མིག་དང་པོ་བརྒྱན་པར་བཞེད། །འབུགས་པས་སྤྱི་བོར་བརྒྱན་པ་ཡི། །ལྷོ་ཡི་མཐའ་མ་གཟུང་བར་བྱ། །རུས་སྦལ་དང་ནི་སྦྱར་བ་ཡི། །བདེན་བྲལ་ཕྱི་རོལ་དེ་ནས་གཟུང ། །དབུ་མའི་བཞི་བའི་སྟན་བཞུགས་པ། །སླར་ཡང་དེ་ཡི་མཐའ་བཟུང་སྟེ། །རེའུ་མིག་གསུམ་པ་བརྒྱན་པར་བྱ། །དབུ་མའི་གཉིས་པ་བཟུང་ནས་ནི། །སླར་ཡང་ནུབ་ཀྱི་ཕྱོགས་ཀྱིས་མཛེས། །རེའུ་མིག་ལྔ་བ་བརྒྱན་པར་བཞེད། །འབུགས་པ་རྨི་ལམ་ཟླ་བས་བརྒྱན། །དང་པོའི་གསུམ་པ་བཟུང་ནས་སུ། །ཤར་གྱི་མ་ནིང་འོག་ཏུ་སྦྱིན། །རླུང་གི་ཕྱི་རོལ་བཟུང་ནས་ནི། །ལྷོ་ཡི་མཐའ་ནི་སྟན་དུ་བྱ། །བདུན་པ་ལ་ནི་བརྒྱན་པར་བཞེད། །དབུ་མ་ཡི་ནི་གཉིས་པ་བཟུང ། །ནུབ་ཕྱོགས་ཀྱི་ནི་དེ་རུ་སྦྱིན། །བཅོ་ལྔ་པ་ནི་ཤིན་ཏུ་བརྒྱན། །རླུང་གི་ཕྱི་རོལ་བཟུང་ནས་སུ། །རུས་སྦལ་དང་ནི་རྨི་ལམ་དང ། །ཟླ་བས་བརྒྱན་པ་ལན་གཉིས་ཀྱིས། །བཅུ་བདུན་པ་ནི་མཇེས་པར་བྱ། །རུས་སྦལ་རྨི་ལམ་ཟླས་བརྒྱན་པའི། །རླུང་གི་ཕྱི་རོལ་བཟུང་ནས་ནི། །ལན་གཉིས་སུ་ནི་བཟླས་པ་ནི། །རེའུ་མིག་བཅུ་དགུ་པ་ལ་དགོད། །རི་ཞེས་བྱ་བའི་སྟན་བཞུགས་པའི། །ཤར་གྱི་དབུ་མ་གཟུང་བ་དང ། །ལྷོ་མཐའི་སྟན་ལ་བཞུགས་པ་ཡི། །རླུང་གི་ཕྱི་རོལ་བཟུང་བ་ཡིས། །ཉི་ཤུ་གཅིག་པ་མཛེས་པར་བྱ། །དབུ་མའི་བཞི་བ་བཟུང་ནས་ནི། ། ཤར་ཕྱོགས་ཀྱི་ནི་དབུ་མ་དང ། །དབུ་མ་ཡི་ནི་དབུ་མ་ལ། ། ཞེས་བྱ་བས་མཛེས་པར་བྱ། །ལྷོ་ཡི་མཐའ་ནི་བཟུང་ནས་སུ། །དབུ་མའི་དབུ་མ་གཟུང་བར་བྱ། །བཟང་པོ་ཡིས་ནི་མགོ་བོར་
364a
༄#། །བརྒྱན། །སླར་ཡང་ལྷོ་ཡི་དབུ་མ་བཟུང ། །རླུང་ནི་འོག་ཏུ་སྦྱིན་པར་བྱ། །གཏི་མུག་གིས་ནི་མཛེས་པ་སྟེ། ། དང་ལྡན་པའི་མེ་ཡང་བཏུ། །བྱང་གི་དབུ་མ་བཟུང་པ་དག་།ཉི་ཤུ་དགུ་པ་ལ་ནི་བྲི། །རླུང་གི་ཕྱི་རོལ་བཟུང་ནས་ནི། །རུས་སྦལ་རྨི་ལམ་ཟླ་བ་ཅན། །སུམ་ཅུ་གཅིག་ལ་ཉིས་འགྱུར་བྲི། །སླར་ཡང་རླུང་གི་ཕྱི་རོལ་བྲི། །རུས་སྦལ་རྨི་ལམ་ཟླ་བ་ཅན། །སུམ་ཅུ་གསུམ་པར་ཉིས་འགྱུར་བྲི། །དབུ་མའི་གཉིས་པ་བཟུང་ནས་སུ། །སླར་ཡང་ནུབ་ཀྱི་དང་པོ་ཅན། །སུམ་ཅུ་ལྔ་པ་བརྒྱན་པར་བཞེད། །འབུགས་པ་རྨི་ལམ་ཟླ་བ་ཅན། ། དེར་ནི་འཕེལ་བའང་སྦྱིན་བྱ་སྟེ། །ལྷོ་ཡི་མཐའ་ནི་བཟུང་ནས་སུ། །སླར་ཡང་དེ་བཞིན་རླུང་དང་ནི། །རླུང་གི་ཕྱི་རོལ་བཟུང་ནས་ནི། །འབུགས་པ་ཡིས་ནི་བརྒྱན་པ་དག་།བཅུ་བཞི་པ་ལ་བྲི་བར་བྱ། །དབུ་མའི་གཉིས་པ་བཟུང་ནས་སུ། །ནུབ་ཀྱི་དང་པོས་བརྒྱན་པ་ཡིས། །སུམ་ཅུ་ལྔ་པ་མཛེས་པར་བྱ། །རི་ཞེས་བྱ་བའི་སྟན་གནས་པའི། །དང་པོ་ཡི་ནི་གསུམ་པ་དང ། ། ལྷོ་མཐའི་སྟན་ལ་གནས་པ་ཡི། །རླུང་གི་ཕྱི་རོལ་བཟུང་བ་ལ། །གཏི་མུག་གིས་ནི་མཛེས་པར་བྱ། །དབུ་མའི་དང་པོ་བཟུང་ནས་སུ། །རླུང་ཡང་དེར་ནི་སྦྱིན་པ་ཡི། །བཞི་བཅུ་བདུན་པ་བརྒྱན་པར་བྱ། །འབུགས་པ་རྨི་ལམ་ཟླ་བ་ཅན། །ཤར་གྱི་གསུམ་པ་བཟུང་ནས་སུ། །རི་ཞེས་བྱ་བའི་འོག་ཏུ་སྦྱིན། །ལྷོ་མཐའ་སྟན་ལ་གནས་པ་ཡཾ། །རླུང་གི་ཕྱི་རོལ་ད་ནས་བཟུང ། །
364b
གཏི་མུག་གི་ས་ནི་མཛེས་པར་བྱ། །དབུ་མའི་དང་པོ་བཟུང་ནས་ནི། །དེ་བཞིན་རླུང་དང་བཅས་པ་ཡིས། །རེའུ་མིག་བཞི་བཅུ་དགུ་པ་ལ། །བརྒྱན་པ་མཆོག་ཏུ་ཕན་པ་ཡིན། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །མཆོག་ཏུ་རྣོ་སྟེ་རླག་པར་བྱེད། །མར་ངོ་ཡི་ནི་ཚེས་བཅུ་དང ། །དེ་བཞིན་ཡར་ངོའི་དེ་ཉིད་དམ། །ཡང་ན་འབྱུང་པོའི་མཚན་མོ་ལ། །ཐོད་པའི་སྟན་ལ་གནས་ནས་སུ། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ནས། །དུག་དང་ཁྲག་དང་གཏུམ་པ་ཡི། །ས་བོན་གྱིས་ནི་སྣག་ཚ་བྱ། །བར་སྣང་ལ་ནི་ཐོད་པར་བླུགས། །མི་ཡི་རུས་བའི་སྨྱུག་གུ་ཡིས། །འཇིག་བྱེད་འཇིགས་པའི་སྔགས་རྣམས་བཏུ། །དང་པོ་ཤ་ཆེན་གཏོར་བྱིན་ཏེ། །དེ་ནས་ལས་ནི་བརྩམ་པར་བྱ། །དམར་པོའམ་ནི་སྔོན་པོ་ཡི། །གོས་ནི་ཁྱད་པར་དག་ཏུ་བགོ། །མཆོད་པ་རྡོ་རྗེའི་ཆོག་དང ། །དེ་བཞིན་བསམ་གཏན་བཟླས་པ་དག་།ཇི་ལྟར་སུས་ཀྱང་མི་རྟོགས་པ། །དེ་ལྟར་སྔགས་པས་རྟག་ཏུ་བྱ། །བསད་ལ་གཤིན་རྗེའི་རྒྱལ་པོ་སྟེ། །ཡི་དྭགས་ལ་ནི་ཡི་དྭགས་གཟུགས། །རོ་ལངས་ལ་ནི་རོ་ལངས་དང ། །སྲིན་པོ་སྲིན་པོས་མནན་པར་བྱ། །སྟོང་ལ་སྟོང་བའི་པདྨ་སྟེ། །ངེས་པར་འཇོམས་པའི་གྲཝ་རུ་ནི། །སྔགས་ཕྲེང་དེ་བཞིན་ཕྲེང་བ་ཡི། །རིམ་པ་དེ་ལྟར་བརྗོད་པ་ཡིན། །འདི་ནི་ཁམས་གསུམ་རྒྱལ་ཞེས་བྱ། །སྔགས་ཚིག་བཞི་ཡིས་རྣམས་བརྒྱན་པ། །རིག་རྒྱལ་འཁོར་ལོ་སྒྱུར་པའི་སྔགས། །མ་བྱུང་འབྱུང་བར་མི་འགྱུར་རོ། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །བཞིན་མཛེས་མ་ནི་ཁྱོད་ལ་བཤད། །འདི་ནི་
365a
༄#། །སྡང་བ་ཐམས་ཅད་ཀྱི། །དེ་བཞིན་འཇིགས་བྱེད་མི་བཟད་ཡིན། །ཡང་དག་ཆོ་ག་གང་གིས་ནི། །དངོས་གྲུབ་མྱུར་དུ་འཇུག་བྱེད་པ། །བཟའ་དང་སྟོན་མོ་འདུས་པ་ཡི། །སྒྲུབ་ཐབས་ཆོ་ག་དེ་ནས་བཤད། །ཕྱུགས་རྣམས་དག་ནི་དགུག་པ་ཉིད། །སྒྲུབ་པོས་སྔར་བསྟན་རིམ་པས་བྱ། །རྒྱུ་མེད་པ་ཡིས་ཕྱུགས་རྣམས་ནི། །རྒྱུ་མཚན་མེད་པས་གཞོམ་པར་བྱ། །ཕྱུགས་རྣམས་དང་ནི་དེ་བཞིན་ལྔ། །བོང་བུ་མི་དང་རུས་སྦལ་དང ། །རྔ་མོ་ལྕེ་སྤྱང་རྟ་ལ་སོགས། །ཁྱི་དང་ཕག་གི་ཤ་དག་དང ། །ཟངས་ཀྱི་གཙུག་ཕུད་ཅན་དེ་བཞིན། །བཟའ་དང་སྤྱིན་སྲག་གཏོར་མ་ནི། །མ་དཔྱད་པར་ནི་བྱས་གྱུར་ན། །མ་ལུས་ལུས་པ་མེད་འགྲུབ་ཅིང ། །རྒྱལ་སྲིད་ཐམས་ཅད་རབ་འགྲུབ་ཅེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་པའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། འཁྲུལ་འཁོར་ཐམས་ཅད་འབྱུང་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་དགུ་པའོ།། །།ཚེ་དང་ནད་མེད་སྤེལ་བ་དང ། །བྱ་དང་བྱ་མིན་སྦྱོར་བའི་མཆོག་།དབུགས་ཀྱི་ལས་ལ་སོགས་མཚན་ཉིད། ། ཉོན་ཅིག་ལྷ་མོ་སྐལ་ཆེན་མ། །ཉི་ཁྲི་དང་ནི་ཆིག་སྟོང་དང ། །དྲུག་བརྒྱ་རུ་ནི་བརྩིས་པ་ཡི། །ཆུ་ཚོད་དྲུག་ཅུའི་དབུགས་རྣམས་ཀྱིས། །ཉིན་མཚན་ལོ་རུ་གྲགས་པ་ཡིན། །འབྱུང་དང་
365b
འཇུག་པའི་དབུགས་དག་ལས། །འབྱུང་བའི་མཚན་མས་བགྲང་བར་བྱ། །བློ་དང་ལྡན་པས་དབུགས་གཉིས་ལས། །འཇུག་པ་འབྱུང་ལ་ཐིམ་པར་བྱ། །གནས་ནི་བཅུ་གཉིས་དག་ཏུ་ཡང ། །ཕྱི་རོལ་མཚན་མ་གཞག་པར་བྱ། །ཚེས་གྲངས་བྱེ་བྲག་གསུངས་པ་བཞིན། །དབྱངས་ཀྱི་བྱེ་བྲག་ཤེས་པར་བྱ། །གཟའ་རྣམས་ཀྱི་ནི་བྱེ་བྲག་དང ། །སྐར་མ་རྣམས་ཀྱི་རྒྱུ་པ་ལས། །དུག་གི་དུག་ལ་སོགས་དང་གཞན། །རིམ་པ་འདི་ཡིས་བརྗོད་པར་བྱ། །དཔྱིད་ཟླ་རབ་ནས་བརྩམས་ཏེ། །ཉི་མ་བྱང་དུ་འགྲོ་བའི་དུས། །ཟླ་བ་བཅུ་གཉིས་པོ་རྣམས་ནི། །རིམ་ནི་རིམ་པ་བཞིན་དུ་གཞག་།ཤར་གྱི་ཕྱོགས་ནས་བརྩམས་ནས་སུ། །སྔ་དྲོ་མཁས་པས་བརྩི་བར་བྱ། །ཚེས་གྲངས་གསུམ་དང་བཅུ་གསུམ་དང ། །བཞི་དང་དེ་བཞིན་བཅུ་བཞི་པ། །ལྔ་པ་དང་ནི་བཅོ་ལྔ་པ། །མཚུངས། ། པ་ཉིད་དུ་སྦྱར་ཐར་བྱ། །ད་ནི་ཡང་དག་བཤད་ཀྱི་ཉོན། །འདི་ལྟ་སྟེ། །དང་པོ་ནི། འཕེལ་བའོ། །གཉིས་པ་ནི། །གཏི་མུག་གོ། །གསུམ་པ་ནི། །བཟང་པོའོ། །བཞི་པ་ནི། །ཁྱུ་མཆོག་གོ། །ལྔ་པ་ནི། རུས་སྤལ་ལོ། །དྲུག་པ་ནི། ཆུ་སྲིན་ནོ། །བདུན་པ་ནི། ཡུགས་ས་མོའོ། །བརྒྱད་པ་ནི། སྨེ་བའོ། །དགུ་པ་ནི། འབུགས་པའོ། །བཅུ་པ་ ནི། འཕྱོགས་བའོ། །བཅུ་གཅིག་པ་ནི། རྨི་ལམ་མོ། །བཅུ་གཉིས་པ་ནི། །སའི་དབང་ཕྱུག་གོ་།དང་པོ་ནི། སའི་དབང་ཕྱུག་གོ། །གཉིས་པ་ནི། འཕེལ་བའོ། །གསུམ་པ་ནི། གཏི་མུག་གོ། །བཞི་པ་ནི། བཟང་པོའོ། །ལྔ་པ་ནི། ཁྱུ་མཆོག་གོ། དྲུག་པ་ནི་
366a
༄#། །རུས་སྦལ་ལོ། །བདུན་པ་ནི། ཆུ་སྲིན་ནོ། །བརྒྱད་པ་ནི། ཡུགས་ས་མོའོ། །དགུ་པ་ནི། སྨེ་བའོ། །བཅུ་པ་ནི། འབུགས་པའོ། །བཅུ་གཅིག་པ་ནི། འཕྱོ་བའོ། ། བཅུ་གཉིས་པ་ནི། རྨི་ལམ་མོ། །དང་པོ་ནི། རྨི་ལམ་མོ། །གཉིས་པ་ནི། སའི་དབང་ཕྱུག་གོ་།གསུམ་པ་ནི། འཕེལ་བའོ། །བཞི་པ་ནི། གཏི་མུག་གོ་།ལྔ་པ་ནི། བཟང་པོའོ། །དྲུག་པ་ནི། ཁྱུ་མཆོག་གོ་།བདུན་པ་ནི། རུས་སྦལ་ལོ། །བརྒྱད་པ་ནི། ཆུ་སྲིན་ནོ། །དགུ་པ་ནི། ཡུགས་ས་མོའོ། །བཅུ་པ་ནི། སྨེ་བའོ། །བཅུ་གཅིག་པ་ནི། འབུགས་པའོ། །བཅུ་གཉིས་པ་ནི། འཕྱོ་བའོ། །དང་པོ་ནི། འཕྱོ་བའོ། །གཉིས་པ་ནི། རྨི་ལམ་མོ། །གསུམ་པ་ནི། སའི་དབང་ཕྱུག་གོ། །བཞི་པ་ནི། འཕེལ་པའོ། །ལྔ་པ་ནི། གཏི་མུག་གོ་།དྲུག་པ་ནི། བཟང་པོའོ། །བདུན་པ་ནི། ཁྱུ་མཆོག་གོ་།བརྒྱད་པ་ནི། རུས་སྦལ་ལོ། །དགུ་པ་ནི། ཆུ་སྲིན་ནོ། །བཅུ་པ་ནི། ཡུགས་ས་མོའོ། །བཅུ་གཅིག་པ་ནི། སྨེ་བའོ། །བཅུ་གཉིས་པ་ནི། འབུགས་པའོ། །དང་པོ་ནི། འབུགས་པའོ། །གཉིས་པ་ནི། འཕྱོ་བའོ། །གསུམ་པ་ནི། རྨི་ལམ་མོ། །བཞི་བ་ནི། སའི་དབང་ཕྱུག་གོ་།ལྔ་པ་ནི། འཕེལ་བའོ། །དྲུག་པ་ནི། གཏི་མུག་གོ་།བདུན་པ་ནི། བཟང་པོའོ། ། བརྒྱད་པ་ནི། ཁྱུ་མཆོག་གོ་།དགུ་པ་ནི། རུས་སྦལ་ལོ། །བཅུ་པ་ནི། ཆུ་སྲིན་ནོ། །བཅུ་གཅིག་པ་ནི། ཡུགས་ས་མོའོ། །བཅུ་གཉིས་པ་ནི། སྨེ་བའོ། །དང་པོ་ནི། སྨེ་བའོ། །གཉིས་པ་ནི། །
366b
འབུགས་པའོ། །གསུམ་པ་ནི། འཕྱོ་བའོ། །བཞི་པ་ནི། རྨི་ལམ་མོ། །ལྔ་པ་ནི། སའི་དབང་ཕྱུག་གོ། །དྲུག་པ་ནི། འཕེལ་བའོ། །བདུན་པ་ནི། གཏི་མུག་གོ། །བརྒྱད་པ་ནི། བཟང་པོའོ། །དགུ་པ་ནི། ཁྱུ་མཆོག་གོ་།བཅུ་པ་ནི། རུས་སྦལ་ལོ། །བཅུ་གཅིག་པ་ནི། ཆུ་སྲིན་ནོ། །བཅུ་གཉིས་པ་ནི། ཡུགས་ས་མོའོ། །དང་པོ་ནི། ཡུགས་ས་མོའོ། །གཉིས་པ་ནི། སྨེ་བའོ། །གསུམ་པ་ནི། འབུགས་པའོ། ། བཞི་པ་ནི། འཕྱོ་བའོ། །ལྔ་པ་ནི། རྨི་ལམ་མོ། །དྲུག་པ་ནི། སའི་དབང་ཕྱུག་གོ་།བདུན་པ་ནི། འཕེལ་བའོ། །བརྒྱད་པ་ནི། གཏི་མུག་གོ་།དགུ་པ་ནི། བཟང་པོའོ། །བཅུ་པ་ནི། ཁྱུ་མཆོག་གོ། བཅུ་གཅིག་པ་ནི། རུས་སྦལ་ལོ། །བཅུ་གཉིས་པ་ནི། ཆུ་སྲིན་ནོ། །དང་པོ་ནི། ཆུ་སྲིན་ནོ། །གཉིས་པ་ནི། ཡུགས་ས་མོའོ། །གསུམ་པ་ནི། སྨེ་བའོ། །བཞི་པ་ནི། འབུགས་པའོ། །ལྔ་པ་ནི། འཕྱོ་བའོ། །དྲུག་པ་ནི། རྨི་ལམ་མོ། །བདུན་པ་ནི། སའི་དབང་ཕྱུག་གོ་།བརྒྱད་པ་ནི། འཕེལ་བའོ། །དགུ་པ་ནི། གཏི་མུག་གོ་།བཅུ་པ་ནི། བཟང་པོའོ། །བཅུ་གཅིག་པ་ནི། ཁྱུ་མཆོག་གོ་།བཅུ་གཉིས་པ་ནི། རུས་སྦལ་ལོ། །དང་པོ་ནི། རུས་སྦལ་ལོ། །གཉིས་པ་ནི། ཆུ་སྲིན་ནོ། །གསུམ་པ་ནི། ཡུགས་ས་མོའོ། །བཞི་པ་ནི། སྨེ་བའོ། །ལྔ་པ་ནི། འབུགས་པའོ། །དྲུག་པ་ནི། འཕྱོ་བའོ། །བདུན་པ་ནི། རྨི་ལམ་མོ། །བརྒྱད་པ་ནི། སའི་དབང་ཕྱུག་གོ་།དགུ་པ་ནི། འཕེལ་བའོ། །བཅུ་པ་ནི། གཏི་མུག་གོ། བཅུ་གཅིག་པ་ནི། བཟང་པོའོ། །བཅུ་གཉིས་པ་ནི། ཁྱུ་མཆོག་
367a
༄#། །གོ་།དང་པོ་ནི། ཁྱུ་མཆོག་གོ། །གཉིས་པ་ནི། རུས་སྦལ་ལོ། །གསུམ་པ་ནི། ཆུ་སྲིན་ནོ། །བཞི་པ་ནི། ཡུགས་ས་མོའོ། །ལྔ་པ་ནི། སྨེ་བའོ། །དྲུག་པ་ནོ། འབུགས་པའོ། །བདུན་པ་ནི། འཕྱོ་བའོ། །བརྒྱད་པ་ནི། རྨི་ལམ་མོ། །དགུ་པ་ནི། སའི་དབང་ཕྱུག་གོ་།བཅུ་པ་ནི། འཕེལ་བའོ། །བཅུ་གཅིག་པ་ནི། གཏི་མུག་གོ་།བཅུ་གཉིས་པ་ནི། བཟང་པོའོ། ། དང་པོ་ནི། བཟང་པོའོ། །གཉིས་པ་ནི། ཁྱུ་མཆོག་གོ་།གསུམ་པ་ནི། རུས་སྦལ་ལོ། །བཞི་པ་ནི། ཆུ་སྲིན་ནོ། །ལྔ་པ་ནི། ཡུགས་ས་མོའོ། །དྲུག་པ་ནི། སྨེ་བའོ། །བདུན་པ་ནི། འབུགས་པའོ། །བརྒྱད་པ་ནི། འཕྱོ་བའོ། །དགུ་པ་ནི། རྨི་ལམ་མོ། །བཅུ་པ་ནི། སའི་དབང་ཕྱུག་གོ་།བཅུ་གཅིག་པ་ནི། འཕེལ་བའོ། །བཅུ་གཉིས་པ་ནི། གཏི་མུག་གོ་།དང་པོ་ནི། གཏི་མུག་གོ ། གཉིས་པ་ནི། བཟང་པོའོ། །གསུམ་པ་ནི། ཁྱུ་མཆོག་གོ་།བཞི་པ་ནི། རུས་སྦལ་ལོ། །ལྔ་པ་ནི། ཆུ་སྲིན་ནོ། །དྲུག་པ་ནི། །ཡུགས་ས་མོ། །བདུན་པ་ནི། སྨེ་བའོ། །བརྒྱད་པ་ནི། འབུགས་པའོ། །དགུ་པ་ནི། འཕྱོ་བའོ། །བཅུ་པ་ནི། རྨི་ལམ་མོ། །བཅུ་གཅིག་པ་ནི། སའི་དབང་ཕྱུག་གོ་།བཅུ་གཉིས་པ་ནི། འཕེལ་བའོ།། །།འཕེལ་བའི་ཉི་མ་ལ་སྐྱེས་པའི་བྱིས་པ་ནི། ཉི་མ་དགུ་པའམ། ཟླ་བ་དགུ་པའམ། ལོ་དགུ་ན་ཤི་ཆད་དུ་མ་གྱུར་ན། ཕྱུག་ཅིང་སྐལ་བ་བཟང་བ་དང ། སེམས་གདུག་ཅིང་རྩུབ་ལ་མེ་དྲོད་ཆུང་ཞིང་ཡུལ་མཐའ་འཁོབ་ཀྱི་
367b
གཙོ་བོར་འགྱུར་ལ། གཡེམ་པ་ལ་དགའ་བ་དང ། ཐམས་ཅད་དུ་འཇམ་པོར་སྨྲ་ཞིང་ནོར་དང་ལྡན་ཞིང་ནད་མེད་པ་དང ། སྐྱིད་པ་ལ་རྟག་པར་འགྱུར་ཏེ། ཚེ་ལོ་བརྒྱད་ཅུ་རྩ་གཅིག་འཚེ་སྟེ།་སའི་དབང་ཕྱུག་གི་ཉི་མ་ལ་འཆི་བར་འགྱུར་རོ། །སའི་དབང་ཕྱུག་གི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་བརྒྱད་པ་འམ། ཟླ་བ་བརྒྱད་དམ། ལོ་བརྒྱད་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། ནོར་དང་འབྲུ་རྟག་པར་འགྱུར་ཞིང་བདེན་པར་སྨྲ་ལ་མཛའ་བཤེས་མང་ཞིང་ཆོས་ཤེས་པ་དང ། མཁས་ལ་ཚངས་པར་སྤྱོད་ཅིང་སེམས་ཅན་ཀུན་ལ་ཕན་པ་བྱེད་ལ།་བཟོ་ཤེས་པ་དང ། འཇམ་པོར་སྨྲ་ཞིང་སྐལ་པ་དང་ལྡན་ཏེ་བསྟན་བཅོས་ཐམས་ཅད་རྒྱས་པར་འགྱུར་བ་ལ་ཐེ་ཚོམ་མེད་དེ། ཚེ་ལོ་བརྒྱད་ཅུ་རྩ་བརྒྱད་འཚོ་སྟེ། རྨི་ལམ་གྱི་ཉི་མ་ལ་འཆི་བར་འགྱུར་རོ། །རྨི་ལམ་གྱི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་བཞིའམ། ལྔའམ། བཅུའམ། མིན་ན་ཟླ་བ་བརྒྱད་དམ། ལོ་བརྒྱད་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེས་བླ་མ་ཉོན་མོངས་པར་བྱེད་པ་དང ། དཔའ་ཞིང་རྟུལ་ཕོད་པས་ཕ་རོལ་གནོན་པ་དང ། དགྲ་ཐམས་ཅད་འཇོམས་ཤིང་སྐྱེ་བོ་དམ་པ་དང་མཛའ་བ་དང ། སྐྱབས་མེད་པ་རྣམས་ཀྱི་དཔུང་གཉེན་བྱེད་ཅིང་ཐམས་ཅད་དུ་ཚིག་རྩུབ་སྨྲ་ལ་སིག་པའི་ལས་ལ་ནན་ཏན་བྱེད་པ་དང ། དབུལ་ཞིང་འཕྱར་པ་དང ། ནས་མེད་ཅིང་རྟག་ཏུ་བཟའ་བ་རྙེད་པ་དང ། མཐོན་པོ་ལ་བརྟེན་པས་
368a
༄#། །འཚོ་ཞིང་རྟག་ཏུ་སེངྒེ་དང་འདྲ་པར་སེམས་ཏེ། ཚེ་ལོ་དྲུག་ཅུ་འཚོ་ཞིང་འཕྱོ་བའི་ཉི་མ་ལ་དགྲའི་མཚོན་གྱིས་འཆི་པར་འགྱུར་པ་ལ་ཐེ་ཚོམ་མེད་དོ། །འཕྱོ་བའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཟླ་བ་བཞི་པ་དང ། དྲུག་པ་དང ། དགུ་པ་དང ། བཅུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེ་ནི། ཤེས་རབ་ཆུང་ཞིང་བློ་དང་མེ་དྲོད་དམན་ལ། སྡང་བ་མང་ཞིང་བུ་ཚ་མི་འཚོ་ལ་འཁོར་མང་བ་དང ། ཡོ་བྱད་འཕེལ་ཞིང་སྡུག་བསྔལ་མང་བ་དང ། གཉེན་འདུན་ཐམས་ཅད་དགའ་ལ་ངན་ངོན་ལ་རྩི་བ་དང ། ནོར་དང་ཕྱུགས་མང་ལ་ཆུང་མ་གསུམ་ལེན་ཅིང་ཅུང་ཟད་ཙམ་གྱིས་ཁྲོ་བ་དང ། ང་རྒྱལ་ཆེ་ཞིང་དགྲ་རྣམས་འཇིགས་ལ་ཁེ་སྤོགས་ཀྱིས་འཚོ་སྟེ། ཚེ་ལོ་བརྒྱད་ཅུ་རྩ་གཅིག་འཚོ་ཞིང་འབུགས་པའི་ཉི་མ་ལ་འཆི་བར་འགྱུར་རོ། །འབུགས་པའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པའམ། ཟླ་བ་གཉིས་པའམ། བཞི་པའམ། ལོ་བརྒྱད་པའམ། བཅུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན།་དེ་ནི། ཕ་མ་ལྟོགས་པ་དང ། ནོར་ཆུང་ཞིང་རྨོངས་པ་དང ། སྡིག་བའི་བསམ་པ་དང་ལྡན་ཞིང་ངང་ཚུལ་ངན་ལ་ནད་བུ་ཅན་དུ་འགྱུར་བ་དང ། །ཚངས་པར་སྤྱོད་ཅིང་དཔའ་ལ་སྡིག་པ་དང ། སེར་སྣ་དང་ལྡན་པར་འགྱུར་ཏེ། ཚེ་ལོ་དྲུག་ཅུ་རྩ་བཞིར་འཚོ་ལ། སྨེ་བའི་ཉི་མ་ལ་རང་གི་ཁྱིམ་དུ་འཆི་བར་འགྱུར་རོ། །སྨེ་བའི་ཉི་མ་ལ་བཅེས་པའི་བྱིས་
368b
པ་ལ། ཉི་མ་གཉིས་པའམ། ལྔ་པའམ། ཟླ་བ་གསུམ་པའམ། དགུ་པའམ། ལོ་དགུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེས་ནི། རང་གི་རིགས་སྟོང་ཞིང་ཆོས་ཤེས་པ་དང ། བསྟན་བཅོས་ཕུན་སུམ་ཚོགས་ཤིང་བཟོ་སྣ་ཚོགས་རིག་པ་དང ། དཔའ་ལ་ང་རྒྱལ་ཆེ་བ་དང ། གཡོ་སྒྱུ་ཅན་ཡིན་ལ་ཕྲག་དོག་དང་ལྡན་ཞིང་ནོར་ཉུང་བ་དང ། གཟུགས་བཟང་ཞིང་བྱ་བ་ཐམས་ཅད་ཡང་བ་ཡིན་ཏེ། ཚེ་ལོ་དྲུག་ཅུ་རྩ་གསུམ་དུ་བདེ་བར་འཚོ་ལ་ཡུགས་ས་མོའི་ཉི་མ་ལ་ཆུར་འཆི་བར་གདོན་མི་ཟའོ། །ཡུགས་ས་མོའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པའམ།་བཅུ་པའམ། ཟླ་བ་གཉིས་པའམ། བརྒྱད་པའམ། ལོ་བརྒྱད་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། དེ་ནི། སྡིག་པའི་བློ་དང་ལྡན་ཞིང་སེམས་ཅན་ཀུན་ལ་འཁྱལ་ཚིག་སྨྲ་ཞིང་ནོར་ཉུང་ལ་འཕྱར་བ་དང ། ཐམས་ཅད་དུ་ནད་ཀྱིས་ཐེབས་ལ་རྒྱལ་པོའི་ཆད་པས་གཅོད་ཅིང་བུད་མེད་ཐམས་ཅད་ལ་སྐལ་བ་བཟང་པོར་འགྱུར་ལ་བཟོ་དང་ནོར་ཐབས་ཐམས་ཅད་ཀྱི་བཟོ་ལ་མཁས་པ་སྟེ། ཚེ་ལོ་ལྔ་བཅུ་རྩ་ལྔ་འམ། ཡང་ན་སུམ་ཅུ་རྩ་དྲུག་ཏུ་འཚོ་ལ་ཆུ་སྲིན་གྱི་ཉི་མ་ལ་འཆི་བར་ཐེ་ཚོམ་མེད་དོ། །ཆུ་སྲིན་གྱི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་བཅུ་པའམ། ཟླ་བ་གསུམ་པའམ། ལྔ་པའམ། ལོ་དགུ་པ་ལ་མ་ཤིན། བསོད་རྣམས་དང་ཚུལ་ཁྲིམས་སྥུ་ཡིན་སུམ་ཚོགས་ཤིང ། ཞི་དེས་དང ། བསླབ་པ་དང་ལྡན་ཞིང་ནོར་དང་གཟུགས་
369a
༄#། །དང་སྐལ་བ་ཕུན་སུམ་ཚོགས་ལ། དཔལ་དང ། གྲགས་པ་དང ། བུ་དང ། ཚ་བོ་འཕེལ་ལ། གྲོང་ཁྱེར་གྱི་གཙོ་བོར་འགྱུར་པ་དག། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང ། བཟོ་དང་དུས་ཀྱི་མཐའ་ལ་མཁས་པ་དང ། སྒྲ་ཐམས་ཅད་རླག་པར་བྱེད་དོ། །ཚེ་ལོ་ལྔ་བཅུ་རྩ་ལྔའམ། ཡང་ན་དྲུག་ཅུ་རྩ་བཞིར་འཚོ་ལ་རུས་སྦལ་གྱི་ཉི་མ་ལ་འཆི་བར་འགྱུར་རོ། །རུས་སྦལ་གྱི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པ་དང ། དགུ་པ་དང ། ཟླ་བ་བརྒྱད་པ་དང ། དགུ་པ་དང ། ལོ་དགུ་པ་ལ་མ་ཤི་ན། དེ་ནི། རྟག་ཏུ་སེམས་ཁྲལ་ཆེ་བ་དང ། ཁྲོ་བ་དང་བཅས་ཤིང་ཅུང་ཟད་ཀྱི་ས་མགུ་བ་དང ། མང་དུ་སྨྲ་ཞིང་གཉེན་རྣམས་བྱམས་པ་དང ། རྟག་ཏུ་གཡེམ་པ་དང ། ཕྱུག་ལ་གཏོང་ཕོད་ཆེ་བ་དང ། བུ་དང་ཆུང་མ་གསོད་པ་དང ། སེམས་ཆུང་ཞིང་བསམ་པ་ངན་པ་དང ། ཞིང་ལས་ཀྱིས་འཚོ་ཞིང་མཇེ་ནང་ཀྱིས་ཐེབས་ཏེ་ཚེ་ལོ་དྲུག་ཅུ་རྩ་བཞིའམ། བརྒྱད་ཅུ་ཐམ་པར་འཚོ་ལ་ཁྱུ་མཆོག་གི་ཉི་མ་ལ་རང་གི་ཡུལ་དུ་འཆི་བར་འགྱུར་རོ། །ཁྱུ་མཆོག་གི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་དགུ་པའམ། ཟླ་བ་གཉིས་པ་དང ། བརྒྱད་པའམ། ལོ་བརྒྱད་པ་དང ། དགུ་པ་ལ་གལ་ཏེ་མ་ཤིན། དཔའ་ཞིང་རྟུལ་ཕོང་པས་ཕ་རོལ་གནོན་ལ་སྒེག་ཅིང་ཕྱུག་པ་དང ། ཆུང་མ་མང་དུ་ལེན་ལ་གཉེན་འདུན་ཐམས་ཅད་དགའ་
369b
ཞིང་ཕའི་ཚེ་འཇོམས་པ་དང ། ཁེ་སྤོགས་དང ། གཡེམ་པ་ལ་དགའ་ཞིང་ལེ་ལོ་དང ། མུ་ཅོར་དུ་སྨྲ་བ་དང ། ངང་ཚུལ་ངན་པ་དང ། ལས་གདུག་པ་ལ་དགའ་སྟེ། ཚེ་ལོ་དྲུག་ཅུའམ། ཉི་ཤུར་འཚོ་ལ་བཟང་པོའི་ཉི་མ་ལ་མཚོན་གྱིས་འཆི་བར་འགྱུར་རོ། །བཟང་པོའི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་ལྔ་པའམ། ཟླ་བ་དགུ་པའམ། ལོ་བཅུ་པ་ལ་མ་ཤིན། དེ་ནི། དབུལ་ཞིང་ཆོས་སྤྱོད་ལ་བདེན་པར་སྨྲ་བ་དང ། སྙན་པར་སྨྲ་བ་དང ། ཆུང་མ་གཅིག་ལ་དགའ་ཞིང་རིག་པའི་བདག་པོར་འགྱུར་པ་དང ། བཟོ་དང ། དུས་ཐམས་ཅད་ཤེས་ཤིང་རང་གི་གཉེན་འདུན་བྱམས་པ་དང ། རིགས་ཀྱི་འཆད་པས་འཚོ་བ་སྟེ། ཚེ་ལོ་བརྒྱར་འཚོ་ལ་གཏི་མུག་གི་ཉི་མ་ལ་ཆུར་འཆི་བར་འགྱུར་བ་ལས་གཞན་དུ་མ་ཡིན་ནོ། །གཏི་མུག་གི་ཉི་མ་ལ་བཙས་པའི་བྱིས་པ་ནི། ཉི་མ་གཉིས་པའམ། ཟླ་བ་དགུ་པའམ། ལོ་དགུ་པ་ལ་གལ་ཏེ་ཤི་ཆད་དུ་མ་གྱུར་ན། མང་དུ་ཟ་ཞིང་སེམས་ཆུང་ལ་རྟག་ཏུ་གཡེམ་པ་ལ་དགའ་བ་དང ། རྒྱུན་དུ་ཁྲོ་ཞིང་བརྐམ་ཆགས་ཆེ་ལ་ནད་པུ་ཅན་དུ་འགྱུར་བ་དང ། ཡིད་གཞུངས་ཤིང་གཉེན་འདུན་བྱམས་པ་དང ། རྟག་ཏུ་ཁྲོ་བ་དང་ང་རྒྱལ་ཅན་དུ་འགྱུར་པ་དང ། ངང་ཚུལ་ངན་ཞིང་སྡིག་པ་སྤྱོད་ལ་ཚིག་རྩུབ་དང་འཁྱལ་པ་སྨྲ་པ་ལ་དགའ་བ་དང ། མཚོན་ཆ་བརྡེག་པ་ལ་དགའ་སྟེ་ཚེ་ལོ་དྲུག་ཅུ་རྩ་བཞིར་འཚོ་ལ། འཕེལ་བའི་ཉི་མ་ལ་ཡན་ལག་གི་ཟུག་རྡུ་དང་སྐྲངས་
370a
༄#། །འབུར་གྱིས་འཆི་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །འཕེལ་བ་ཉི་མ་ལ་ནད་གྱིས་ཐེབས་ན། ཤིན་ཏུ་བག་བྱ་དགོས་ཏེ། གལ་ཏེ་ཞག་བཅོ་ལྔ་ལ་མ་ཤི་ན། དེ་ནི། ཉི་མ་ལྔ་ན་འཚོ་བར་འགྱུར་རོ། །སའི་དབང་ཕྱུག་ལ་ནི། ཉི་མ་གསུམ་ན་མ་ཤི་ན། དེ་ནས་ཉི་མ་བཅུན་ན་འཚོ་བར་འགྱུར་རོ། །རྨི་ལམ་ལ་ཡང་ཉི་མ་གསུམ་ན་མ་ཤི་ན། དེ་བཞིན་དུ་ཉི་མ་བདུན་ན་འཚོའོ། །འཕྱོ་བ་ལ་ནི། ཉི་མ་གསུམ་མམ། ལྔ་ན་འཆི་འཚོ་ཆ་ཕྱེད་དོ། །འབུགས་པ་ལ་ནི། ཉི་མ་གསུམ་མ་མ། བཞི་པ་ལ་མ་ཤིན་ན། ཉི་པ་བཅུ་འཚོ་བར་འགྱུར་རོ། །སྨྲ་བ་ལ་ནི། ཉི་མ་གསུམ་པ་ལ་འཆི་བའམ་བརྒྱད་པ་ལ་འཚོ་སྟེ། ཡུན་རིང་དུ་ནད་ཀྱིས་གདུང་བར་འགྱུར་རོ། །ཡུགས་ས་མོ་ལ་ནི། ཉི་མ་ལྔ་པ་ལ་འཆི་བ་འམ་དགུ་པ་ལ་ལྡང་བར་འགྱུར་ལ་ཞག་བཅུ་ན་ནད་ལས་གྲོལ་བར་འགྱུར་རོ། །ཆུ་སྲིན་ལ་ནི། ཉི་མ་བརྒྱད་པ་ལ་འཆི་བའམ། ཞག་ཉི་ཤུ་རྩ་གཅིག་གིས་འཚོ་འཆི་ཆ་ཕྱེད་པར་འགྱུར་རོ། །རུས་སྦལ་ལ་ནི། ཉི་མ་བརྒྱད་པ་ལ་མ་ཤི་ན། དེ་ནས་ཞག་བཅུ་པ་ལ་ནད་ལས་གྲོལ་བར་འགྱུར་རོ། །ཁྱུ་མཆོག་ལ་ནི། ཉི་མ་གསུམ་པའམ། ལྔ་པ་ལ་མ་ཤི་ན། ནད་ཅུང་ཟད་དང་བཅས་པར་འགྱུར་ཞིང་བརྒྱད་པ་ལ་ལྡང་ངོ ། །བཟང་པོ་ལ་ནི། ཉི་མ་བརྒྱད་པ་དང་བཅུ་པ་ལམ་ཤིན་ན། དེ་ནས་གྲོལ་བར་འགྱུར་རོ། །
370b
ཏི་མུག་ལ་ནི། ཉི་མ་གསུམ་པའམ་བདུན་པ་ལ་མ་ཤི་ན། དེ་ནས་གྲོལ་བར་འགྱུར་རོ། །གང་གི་མཆེ་བས་མངོན་ཟིན་ན། འཆི་བདག་དང་ནི་མངོན་པར་འགྲོགས། །དུག་བསྡུ་བ་ཡི་སྦྱོར་བ་ཡིས། །དེ་རྣམས་ཇི་ལྟར་འགྲུབ་འགྱུར་ཞིག། ཚེ་དང་ནད་མེད་སྤེལ་བའི་ཕྱིར། །གཞན་ལ་ཆོ་ག་ཇི་ལྟར་སྦྱར། །བཀའ་སྩལ་པ། །སེམས་ཅན་ཀུན་གྱི་ནད་རྣམས་ནི། །གཞོམ་ཞིང་བསྐྱང་བར་བྱ་བ་དང ། །ཤི་བ་རྣམས་ཀྱང་འཚོ་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །དེ་རྣམས་བསོད་ནམས་ཆེ་འགྱུར་བ། །ཆུ་ཡི་སྦྱིན་སྲེག་ཆོ་ག་ནི། མདོར་བསྡུས་ནས་ནི་བརྗོད་བྱ་བ། །དེ་ནི་ང་ཡིས་བཤད་ཀྱི་ཉོན། །ས་ཡི་ཆ་ནི་ཡིད་འོད་ལ། །ཁ་དོག་དཀར་པོ་དྲི་ཡིས་བྱུག་།མེ་ཏོག་ཕྲེང་དཀར་གྱིས་བརྒྱན་ཅིང ། །རྒྱལ་མཚན་བླ་རེས་འབར་བྱས་པར། །རྩ་བ་ནག་པོ་ར་རི་མེད། །བུམ་པ་ཆུ་ཡིས་བཀང་སོགས་པ། དེ་དབུས་ལྷ་མོ་བསམ་པ་ནི། །པདྨའི་སྟན་ལ་ཡང་དག་བཞུགས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟས་ཀླུབས། ། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །པདྨའི་ཕྲེང་བས་མཛེས་པར་བྱས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །གངས་དང་ཀུན་ད་ཟླ་འདྲ་བའི། །བདུད་རྩིའི་ཆུ་རྒྱུན་འབབ་པ་ཡིས། །དུག་གི་མཐུ་ནི་འཕྲོག་པར་མཛད། །ལྷ་མོའི་སྦྱོར་བ་འདི་ལྟ་བུས། །བསམས་ན་དུག་ནི་འཇོམས་པར་འགྱུར། །འོ་མ་ནག་པོར་གྱུར་གྱི་བར། །མུན་པས་རིང་དུ་ཟིལ་མནན་པ། །སླར་ཡང་བདུག་
371a
༄#། །པས་བདུག་པར་བྱ། །དཔྱིད་ཟླ་ར་སོགས་རིམ་བཞིན་དུ། །ཉི་མ་བྱང་དུ་འགྲོ་བའི་ཚེ། །ཇི་ལྟའི་དུས་བཞིན་མཚན་མ་ནི། །རིམ་གྱིས་རིམ་གྱིས་སྦྱར་བར་བྱ། ། ཉིན་མོ་ཡི་ནི་ཆུ་ཚོད་དག་།མཁས་པས་བཞི་དང་བཅུ་གཉིས་བསྒྱུར། །མཚན་མོ་དྲུག་དང་བཅུ་གསུམ་བསྒྱུར། །ཆུ་ཚོད་མཁས་པས་བརྩམ་པར་བྱ། །རེའུ་མིག་དག་ནི་གཉིས་པ་ལ། །དུས་ལ་མཁས་པས་མཚན་མ་བྱ། །ཉིན་མོ་དྲུག་དང་བཅུ་གཉིས་བསྒྱུར། །ཆུ་ཚོད་ཀྱི་ནི་མཚན་མ་བྱ། །བཞི་དང་བཅུ་གསུམ་བསྒྱུར་བ་ནི། །མཚན་མོའི་ཆུ་ཚོད་དུ་ནི་བརྟག་།བརྒྱད་དང་བཅུ་གཉིས་བསྒྱུར་བ་དག་།ཉིན་མོའི་རུ་ནི་བརྟག་པར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བྱ། །མཚན་མོའི་ཆུ་ཚོད་དུ་ནི་བརྟག་།ཆུ་ཚོད་སུམ་ཅུ་ཐམ་པ་ནི། །དབུས་ཀྱི་བི་ཤུ་གཉི་གར་སྦྱར། །གཉིས་དང་བཅུ་ནི་གསུམ་པོ་དག་།ཉིན་མོའི་ཆུ་ཚོད་ཤེས་བྱ་སྟེ། །བརྒྱད་དང་བཅུ་གཉིས་བསྒྱུར་བ་དག་།དེ་ཡི་མཚན་མོའི་མཚན་མར་བྱ། །བཞི་དང་བཅུ་གསུམ་མཚན་མ་ནི། །ཉིན་མོ་ཡི་ནི་ཆུ་ཚོད་དོ། །དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོའི་ཆུ་ཚོད་མཚན་མ་བྱ། །དྲུག་དང་བཅུ་ནི་གསུམ་བསྒྱུར་བ།། ཉིན་མོ་ཡིན་ནི་ཤེས་བྱ་སྟེ། །བཞི་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་གྲགས། །དེ་བཞིན་ལྷོར་ནི་འགྲོ་བ་ཡི། །དུས་ཤེས་པ་ནི་བཤད་པར་བྱ། །བཞི་དང་
371b
གསུམ་བསྒྱུར་ཆུ་ཚོད་ནི། །ཉིན་མོ་ཡི་ནི་བཤད་པ་ཡིན། །དྲུག་དང་བཅུ་ནི་གཉིས་བསྒྱུར་བ། །མཚན་མོ་ཡི་ནི་མཚན་མོར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །དེ་བཞིན་ཉིན་མོའི་ཆུ་ཚོད་ཡིན། །བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །ཆུ་ཚོད་མཚན་གྱིར་རབ་ཏུ་གྲགས། །བཅུ་ནི་གསུམ་དུ་བསྒྱུར་བ་དག་།བི་ཤུའི་ཉིན་མོའི་ཆུ་ཚོད་དེ། །དེ་བཞིན་མཚན་གྱིས་ཆུ་ཚོད་ཀྱང ། །བཅུ་ནི་གསུམ་དུ་བསྒྱུར་བར་བྱ། །བརྒྱད་དང་བཅུ་ནི་གཉིས་བསྒྱུར་བ། །ཉིན་མོ་ཡི་ནི་བསམ་པར་བྱ། །གཉིས་དང་བཅུ་ནི་གསུམ་བསྒྱུར་བ། །མཚན་མོའི་ཆུ་ཚོད་དུ་ནི་བརྟག་།བཞི་དང་བཅུ་ནི་གཉིས་བསྒྱུར་བ། །ཉིན་མོའི་ཆུ་ཚོད་རིམ་པ་ཡིན། །དྲུག་དང་བཅུ་ནི་གསུམ་བསྒྱུར་བ། །དེ་བཞིན་མཚན་མོའི་ཆུ་ཚོད་དོ། །སུམ་བརྒྱ་དྲུག་ཅུའི་དབུགས་ཀྱིས་ནི། །ཆུ་ཚོད་ཀྱི་ནི་དུས་རྣམས་མདའ། །ཆུ་ཚོད་དྲུག་ཅུའི་གྲངས་ཀྱིས་ནི། །ཉིན་མཚན་ཕྲུགས་གཅིག་ཏུ་ནི་བརྗོད། །ཟླ་བའི་གོ་རིམ་ཇི་བཞིན་དུ། །རིམ་པ་དེ་བཞིན་མཚན་མ་བྱ། །ཆུ་ཚོད་དབུགས་ནི་རྫོགས་དང་པོ། །རིམ་གྱིས་འཕེལ་ཞིང་རིམ་གྱིས་འབྲི། །ལས་དང་ལས་མིན་བྱེ་བྲག་བཞིན། །དབུགས་ནི་རིམ་གྱིས་གཟུང་བར་བྱ། །མཁའ་འགྲོ་གཉིས་དང་དུས་ཚིགས་དང ། །བགྲོད་པ་གཉིས་ཀྱིས་མཚོན་པར་བྱ། །གཉིས་པོ་དག་ནི་བཅུར་བསྒྱུར་བ། །དེ་བཞིན་ལོ་ཡི་ཆུ་ཚོད་དོ། །དེ་ཡི་མཚན་མ་ལྡན་པ་ཡིས། །ཉིན་མཚན་གྱི་ནི་དབུགས་སུ་བརྩི། །ངག་གི་དབང་
372a
༄#། །ཕྱུག་ཀུན་བཟུང་ནས། །དབྱངས་ཀྱི་མཚན་མར་མངོན་བར་གཞག་།མ་ནིང་གཉིས་ནི་སྤངས་ནས་སུ། །ས་ཡི་དབང་ཕྱུག་ཀུན་ཏུ་གཞག་། མེ་རིམ་པ་ལ་བབ་ན། །དཔལ་དང་མངོན་པར་མཉམ་འགྲོགས་ཤིང ། །ནོར་རྙེད་པར་ནི་སྣང་བ་སྟེ། །སྐལ་པ་བཟང་པོར་གདོན་མི་ཟ། །ཱ་ཡི་རེའུ་མིག་ལ་བབ་ན། །རིམས་དང་ནད་ཀྱིས་གཟིར་བ་དང། །འཇིགས་ཤིང་སྐྲག་པར་སྣང་འགྱུར་བས། ། ཞེས་བྱ་བས་ངེས་པར་སྟོན། །ཡི་གེ་ཨི་ལ་བབ་གྱུར་ན། །རྒྱལ་པོའི་དཔལ་ནི་སྟེར་འགྱུར་ཏེ། །ཀུན་ནས་ནོར་ནི་རྙེད་པ་དང ། ། གང་ཞིག་བསམ་པ་དེ་འགྲུབ་འགྱུར། །ཡི་གེ་ཨཱི་ལ་བབ་གྱུར་ན། །ཟླ་བ་དྲུག་ན་འཆི་བ་དང ། །དེ་བཞིན་དགྲས་ནི་གཟིར་བ་དང ། །མེ་ཡིས་འཇིགས་པར་ཤེས་པར་བྱ། །ཡི་གེ་ཨུ་ལ་བབ་གྱུར་ན། །དཔལ་ལྡན་གྲོགས་མོ་རྙེད་པ་དང ། །ནོར་དང་འབྲུ་ནི་འཕེལ་བ་དང ། །དཔལ་རྣམས་ཀྱང་ནི་རྙེད་པར་འགྱུར། །ཱུ་ལ་གལ་ཏེ་བབ་གྱུར་ན། །དེ་ནི་དགྲ་ཡིས་འཚེ་བར་སྣང། །བྲན་གཟའ་དང་ནི་གཉེན་ཚན་རྣམས། །འཇིགས་ཤིང་སྐྲག་པར་སྣང་བར་འགྱུར། །ཡི་གེ་ཨེ་ལ་བབ་གྱུར་ན། །འཕྲལ་དུ་སྐྱེ་བོ་སྐལ་ཅན་འགྱུར། །སྐྱེས་པ་བུད་མེད་དག་གི་ནི། །མཆོད་པའི་གནས་འདི་འཐོབ་པར་འགྱུར། །ེ་ཡི་མཚན་མ་ལ་ལྷུང་ནི། །དགྲ་དང་རྒྱལ་པོའི་འཇིགས་པ་དང ། །ལུས་ཅན་རྐུན་པོས་གཟིར་འགྱུར་ཞིང ། །ནད་དང་
372b
རིམས་ཀྱིས་ཐེབས་པར་འགྱུར། །ོ་ཡི་མཚན་མ་ལ་བབ་ན། །གནས་ཀྱི་དབང་པོར་འགྱུར་བ་དང ། །ནོར་དང་འབྲུ་ནི་རྙེད་འགྱུར་ཞིང ། །ཡིད་འོང་རིམ་པ་དེ་བཞིན་ནོ། །ཽ་ཡི་མཚན་མ་ལ་བབ་ན། །འཐབ་མོ་དང་ནི་དགྲས་འཚེ་ཞིང ། །གནས་ལས་ཉམས་དང་བརྡེག་བཙོག་དང ། །བྱས་པ་ཆུད་ནི་ཟོས་པར་འགྱུར། །ཡི་གེ་ཨཾ་ལ་བབ་གྱུར་ན། །བྲན་བཟའ་དག་ནི་རྙེད་འགྱུར་ཞིང ། །བུ་དང་རིག་པའང་རྙེད་འགྱུར་ཏེ། །དེ་བཞིན་གྲོགས་པོ་རྙེད་པར་འགྱུར། །ཇི་ལྟར་སྔོན་གྱི་ཨ་ཞེས་པ། །དེ་བཞིན་མཐའ་མའང་གཟུང་བར་བྱ། །དྲུག་འགྱུར་དུ་ནི་བཞག་ནས་སུ། ། སྔ་མ་དེ་བཞིན་སུམ་འགྱུར་བྱ། །སུམ་བརྒྱ་དྲུག་ཅུར་བསྲེས་ནས་སུ། །ས་གཞི་རུ་ནི་བཅད་ནས་ཀྱང ། །ཡི་གེ་ལྷག་མ་བཟུང་བྱས་ཏེ། །དགེ་དང་མི་དགེ་མཚོན་པར་བྱ། །ཡང་ན་རི་མོ་ཀྱག་ཀྱོག་བྲི། །དབྱངས་ཀྱི་དང་པོ་ལ་སོགས་བགྲང ། །ཡང་ན་མེ་ཏོག་གཏོར་ནས་ནི། །དེ་བཞིན་ས་ནི་མཚོན་པར་བྱ། །ཡང་ན་སྔ་དྲོ་རོ་ཧི་ཏའི། །དུས་སུ་རྩིབ་བོ་ཡིས་བལྟ། །རྣལ་འབྱོར་བསྟན་བཅོས་རབ་རྒྱས་པའོ། །བཅུ་གཉིས་ཀྱི་ནི་གནས་དག་ཏུ། །སེམས་ནི་བསྐྱེད་པའི་ཆོག་བཤད། །རོ་ཧི་ཏའི་དུས་བདག་ཉིད་བསམ། །ས་དབང་ཕྱུག་ལ་དེ་བཞིན་ཁྱིམ། །རྨི་ལམ་ལ་ནི་སྤུན་གྱིས་བསམ། །བྱ་ཀུ་ལ་ལ་ཉེ་དུ་སྟེ། །བི་ཧྲི་ལ་ནི་བུ་ཡི་བསམ། །སྨེ་བ་ལ་ནི་དགྲ་ཡིར་བསྟན། །རན་ཌཱ་ལ་ནི་སྦྱར་བ་བསམ། །མ་ཀ་ར་ལ་གསོ་དཔྱད་དོན། །རུས་སྦལ་
373a
༄#། །ལ་ནི་ཆོས་ཀྱི་དོན། །ཁྱུ་མཆོག་ལ་ནི་དྲག་པོའི་ལས། །བཟང་པོ་ལ་ནི་ནོར་ཤེས་བྱ། །གཏི་མུག་ལ་ནི་ཀུན་ཏུ་འཁྲུག་།འཕེལ་བ་ལ་ནི་རེག་བྱེད་ན། །དོན་རྣམས་འགྲུབ་པར་འགྱུར་བ་དང ། །ནོར་དང་འབྲུ་དང་ཕྲད་པ་དང ། །གྲོགས་པོ་སྡུག་དང་ཕྲད་པར་འགྱུར། །དུས་ནི་རིང་པོར་མི་སྡོད་ཅིང ། །མྱུར་དུ་ཕྲད་འགྱུར་གདོན་མི་ཟ། །ས་དབང་ཕྱུག་ལ་རེག་ཙམ་གྱིས། །ལམ་དུ་འགྲོ་བ་ཉིད་དང་ནི། །ཁ་ཟས་སེམས་དང་བུ་དང་ནོར། །ལས་ཀྱི་བསམ་པ་སྟོན་པར་བྱེད། །རྨི་ལམ་ལ་ནི་ནོར་རྙེད་ཅིང ། །མཆོད་པ་ཐོབ་ཅིང་གྲོགས་དང་ཕྲད། །གཉེན་བཤེས་ཡིད་ནི་དགའ་བ་དང ། །ཞི་ཞིང་དགོས་པའང་འགྲུབ་པར་སྟོན། །བྱ་ཀུན་ལ་ལ་མྱ་ངན་དང ། །ཁྱད་པར་ཅན་གྱི་དོན་ཉམས་ཤིང ། །གཉེན་འདུན་དང་ནི་འབྲལ་བར་འགྱུར། །བི་ཧྲི་སྐྱེས་ནི་སྟེར་བ་དང ། །བྱམས་པ་སྨྲ་བ་རྙེད་འགྱུར་ཏེ། །བུ་ནི་སྐྱེ་བ་མཐོང་བར་འགྱུར། །མི་ཀི་རི་ལ་རྩོད་པ་དང ། །ཅ་ཅོས་ཀུན་ཏུ་ཉོན་མོངས་ཤིང ། །ཆོམ་པོ་བཀྲ་ནི་མི་ཤིས་དང ། །གཉེན་འདུན་ནད་ཀྱིས་ཐེབས་པར་འགྱུར། །རན་ཌཱ་ལ་ནི་བཏུང་དང་བཟའ། །གོས་དང་རྒྱན་ལ་སོགས་རྙེད་ཅིང ། །སྟོར་བ་སླར་ཡང་རྙེད་པ་དང ། །བུད་མེད་སྡུག་དང་ཕྲད་པར་འགྱུར། །མ་ཀ་ར་ལ་སེམས་ཁྲལ་དང ། །དོན་གཉེར་འབྲས་བུ་མེད་པར་འགྱུར། །ཡིད་འོང་ནོར་དང་འབྲལ་
373b
འགྱུར་ཞིང ། །འདོད་པ་རྣམས་དང་ཕྲད་མི་འགྱུར། །རུས་སྦལ་ལ་ནི་སྐལ་བཟང་ཞིང ། །ཞི་དང་སྲུང་དང་བཀྲ་ཤིས་འགྱུར། །སྟན་དང་ནོར་དང་བཏུང་བ་རྙེད། །ཁྱུ་མཆོག་ལ་ནི་ལས་རྣམས་ལ། །རྒྱལ་པོའི་ཆད་པས་ངེས་པར་འཇིགས། །མྱ་ངན་དང་ནི་གནས་སུ་འགྲོ། །བྱེ་བྲལ་དག་ནི་མཐོང་བར་འགྱུར། །བཟང་པོ་ལ་ནི་ལོངས་སྤྱོད་དང ། །དོན་རྣམས་ཐམས་ཅད་ངེས་པར་འགྲུབ། །མཆོད་པའི་གནས་འགྱུར་གྲོགས་དང་ནི། །བཀྲ་ཤིས་དག་ནི་འབྱུང་བར་འགྱུར། །གཏི་མུག་ལ་ནི་དོན་རྣམས་ཀུན། །སྙིང་པོ་མེད་པའི་རྩཝ་དང་མཚུངས། །གནས་ནི་བཅིངས་དང་ལམ་གྱི་ནི། །འདུ་ཤེས་དག་ནི་མཐོང་བར་འགྱུར། །ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། །ཡན་ལག་གི་ནི་མཚན་མ་རྣམས། །འཕེལ་བའི་ཉི་མ་ལ་མིག་གཡོན་པ་མགུལ་ན། ཕ་དང་མ་སྐྲག་པར་འགྱུར་རོ། །སའི་དབང་ཕྱུག་ལ་ནི། མཛེས་པར་སྣང་ངོ ། །རྨི་ལམ་ལ་ནི། གོས་རྙེད་དོ། །འཕྱོ་བ་ལ་ནི། ནོར་རྙེད་དོ། །འབུགས་པ་ལ་ནི། མ་དང་ཕལ་ཉེས་དོན་འབྱུང་ངོ ། །སྨེ་བ་ལ་ནི། ཅིར་ཡང་མི་འགྱུར་རོ། །ཡུགས་ས་མོ་ལ་ནི། གཉེན་འདུན་འོང་ངོ ། །ཆུ་སྲིན་ལ་ནི། །བགོ་བ་རྙེད་དོ། །རུས་སྦལ་ལ་ནི། འཐབ་རྩོད་དོ། །ཁྱུ་མཆོག་ལ་ནི། བྱང་ཕྱོགས་ནས་མགྲོན་པོ་འོང་ངོ ། །བཟང་པོ་དང ། གཏི་མུག་ལ་དེ་བཞིན་དུ་བགོ་བའོ། །འཕེལ་པའི་ཉི་མ་ལ་མིག་གཡས་པ་འགུལ་བའི་འབྲས་བུ་ཡང་སྔ་མ་བཞིན་ནེ། །སའི་དབང་ཕྱུག་འདི་ཅིའི་
374a
༄#། །མཚན་མར་ཡང་མི་འགྱུར་རོ། །རྨི་ལམ་ལ་ནི། འཐབ་རྩོད་དོ། །བྱ་ཀུ་ལི་ལ་ནི། ལམ་རིང་གི་གཏམ་ཐོས་པར་འགྱུར་རོ། །འབུགས་པ་ལ་ནི། ནོར་ཉམས་པར་འགྱུར་རོ། །སྨེ་བ་ལ་ནི། ནོར་རྙེད་པར་འགྱུར་རོ། །ཡུགས་ས་མོ་ལ་ནི། ངུ་བར་སྟོན་ནོ། །ཆུ་སྲིན་ལ་ནི། ཅིར་ཡང་མི་འགྱུར་རོ། །རུས་སྦལ་ལ་ནི། བགོ་བརྙེད་དོ། །ཁྱུ་མཆོག་ལ་ནི།་སྟོར་བ་རྙེད་པར་འགྱུར་རོ། །བཟང་བོ་ལ་ནི། མགྲོན་པོ་འོང་བར་འགྱུར་རོ། །གཏི་མུག་ལ་ནི། ཕོ་ཉ་དང་ཕྲད་དོ། །ཡང་རོ་ཧི་ཏའི་ཉི་མ་ལ་རྣ་བ་གཡས་བ་དུ་ན། བུད་མེད་དང་ཕྲད་དོ། །སའི་དབང་ཕྱུག་གིས་ནི། མཛེས་པར་འགྱུར་རོ། །རྨི་ལམ་གྱིས་ནི། མགུ་བར་འགྱུར་རོ། །བྱ་ཀུ་ལིས་ནི། བཏུང་བ་རྙེད་དོ། །བི་ཏྲིས་ནི། ཅུང་ཟད་སྐྲག་པར་འགྱུར་རོ། ། མི་ཀི་རས་ཀྱང་དེ་བཞིན་ནོ། །རན་ཌཱས་ནི། མྱ་ངན་གྱིས་འཛིན་ནོ། །མ་ཀ་རས་ནི། མཛེས་པར་འགྱུར་རོ། །ཀུརྨས་ནི། མགྲོན་པོ་འོང་ངོ ། །བྲྀ་ཥ་བྷས་ནི། བྱམས་སྡུག་ཏུ་འགྱུར་རོ།། བཟང་པོས་ནི། མཉེས་པར་འགྱུར་རོ། །གཏི་མུག་གིས་ནི། ཅིར་ཡང་མི་འགྱུར་རོ། །རོ་ཧི་ཏའི་ཉི་མ་ལ་རྣ་བ་གཡོན་པ་དུ་ན། བཟའ་བ་དང་བཏུང་བ་འོང་བར་འགྱུར་རོ། །སའི་དབང་ཕྱུག་གིས་ནི། དགེ་བར་འགྱུར་རོ། །རྨི་ལམ་གྱིས་ནི། སྔོན་མ་མཐོང་བ་ཅུང་ཟད་མཐོང་བར་འགྱུར་རོ། །བྱ་ཀུ་ལི་ལ་བཅིངས་པར་འགྱུར་རོ། །བི་ཏྲི་ལ་འཐབ་རྩོད་
374b
འབྱུང་ངོ ། །མི་ཀི་ར་ལ་གཞན་དག་འོང་ངོ ། །རན་ཌཱ་ལ་སྟོར་བརླག་ཐོས་པར་འགྱུར་རོ། །མ་ཀ་ར་ལ་ཤི་ཆད་ཐོས་པར་འགྱུར་རོ། །ཀུརྨ་ལ་མྱ་ངན་གྱིས་འཛིན་ནོ། །པྲྀ་ཥ་བྷ་ལ་དགེ་བར་སྟོན་ནོ། །བཟང་པོས་ནི། གཏམ་ངན་ཐོས་པར་འགྱུར་རོ། །གཏི་མུག་གིས་ནི། ཅིར་ཡང་མི་འགྱུར་རོ། །རོ་ཧི་ཏའི་ཉི་མ་ལ་རྐན་གཡའ་ན། མི་ཆེན་པོ་འོང་ངོ ། །སའི་དབང་ཕྱུག་གིས་ནི།་ཁྱིམ་དགེ་བར་འགྱུར་རོ། །རྨི་ལམ་གྱིས་ནི། སུ་ཞིག་འོང་བར་སྟོན་ནོ། །བྱ་ཀུ་ལིས་ནི། བགོ་བ་རྙེད་དོ། །བི་ཏྲིས་ནི། སེམས་ཁྲལ་སྐྱེའོ། །མི་ཀི་རས་ནི། བདེ་བར་སྟོན་ནོ། །རན་ཌཱས་ནི།་སྐྲག་གོ་།མ་ཀ་རས་ནི། ཁྱིམ་འཕེལ་ལོ། །ཀུ་རྨས་ནི། སུ་ཞིག་འཆི་བར་སྟོན་ཏོ། །ཁྱུ་མཆོག་གིས་ནི་མགྲོན་པོ་འོང་བར་སྟོན་ཏོ། །བཟང་པོས་ནི། ཆོམ་པོ་འོང་བར་སྟོན་ཏོ། །གཏི་མུག་གིས་ནི། ཁྱིམ་མཛེས་པར་སྟོན་ཏོ། །རོ་ཧི་ཏའི་ཉི་མ་ལ་ལུས་ཐམས་ཅད་གཡོན་འཐབ་རྩོད་དང་སྐྱོ་སྔོགས་འབྱུང་ངོ ། །སའི་དབང་ཕྱུག་གིས་ནི། ནོར་རྙེད་དོ། །རྨི་ལམ་གྱིས་ནི། འཇིགས་པར་འགྱུར་རོ། །བྱ་ཀུ་ལིས་ནི། མ་དང་ཕ་ལ་ཉེས་དོན་འབྱུང་ངོ ། །བི་ཏྲིས་ནི། ལས་ཉེ་བར་གནས་པར་སྟོན་ཏོ། །མི་ཀི་རས་ནི། ཕ་མ་སྐྲག་པ་སྐྱེ་བར་འགྱུར་རོ། །རན་ཌཱས་ནི། ལྷོ་ཕྱོགས་ནས་མགྲོན་པོ་འོང་བར་སྟོན་ཏོ། །མ་ཀ་རས་ནི། སྐྱ་བསེང་འོང་བར་སྟོན་ཏོ། །ཀུརྨས་ནི། མགྲོན་པོ་གློ་བུར་དུ་འོང་ངོ ། །བྲི་ཥ་བྷས་ནི། མྱ་ངན་སྐྱེའོ། །བི་ཏྲིས་ནི།
375a
༄#། །འཇིགས་པ་ཆེན་པོ་འབྱུང་ངོ ། །གཏི་མུག་གིས་ནི། སངས་རྒྱས་རྗེས་སུ་དྲན་ནོ། །རོ་ཧི་ཏའི་ཉི་མ་ལ་རྐང་པའི་ཤ་འགུལ་ན། དགེའོ། །སའི་དབང་ཕྱུག་ཀྱང་དེ་བཞིན་ནོ། །རྨི་ལམ་གྱིས་ནི། གཏམ་འདྲི་བ་དག་འོང་ངོ ། །བྱ་ཀུ་ལིས་ནི། འཐབ་རྩོད་དོ། །བི་ཏྲི་ས་ནི། བདག་པོ་མཛེས་པར་འགྱུར་རོ། །མི་ཀི་རས་ཀྱང་འཐབ་རྩོད་དོ། །རན་ཌཱས་ནི།་འཐབ་རྩོད་དང་སྐྱོ་སྔོགས་སུ་འགྱུར་རོ། །མ་ཀ་རས་ཀྱང་དེ་བཞིན་ནོ། །ཀུརྨས་ནི། དེ་བཞིན་ཉིད་དུ་སུ་ཞིག་འཆི་བར་སྟོན་ཏོ། །བྲྀཥ་བྷས་ནི། གོས་རྙེད་དོ། །བི་ཏྲས་ནི། ནད་དང་ཕྲད་བར་འགྱུར་རོ། །མོ་ཧི་ཏས་ནི། མྱ་ངན་དང་ཕྲད་པར་འགྱུར་རོ། །འཕེལ་བ་ནོར་རྒྱས་བུ་ཡིན་ཏེ། །གཏི་མུག་དེ་བཞིན་འཇོག་པ་ཡིན། །བཟང་པོ་སྟོབས་ཀྱིས་རྒྱུ་བ་སྟེ། ཁྱུ་མཆོག་པདྨར་ཤེས་བྱ་སྟེ། །རུས་སྦལ་དེ་བཞིན་པདྨ་ཆེ། །ཆུ་སྲིན་དུ་ནི་དུང་སྐྱོང་གསུངས། །ཡུགས་ས་མོ་ནི་མཐའ་ཡས་བཞེད། །རིགས་ལྡན་སྨེ་བར་ཤེས་པར་བྱ། །འབུགས་པ་མགོ་བརྒྱ་བ་ཞེས་བྱ། །འཕྱོ་བ་ཡིད་ཀྱིས་འགྲོ་བ་སྟེ། །རྨི་ལམ་གཅིགས་པ་ཞེས་བྱ་ཡིན། །ས་ཡི་དབང་ཕྱུག་ཆར་འབེབས་སོ། །ལྷ་མོ་བཅུ་གཉིས་འདི་དག་ནི། །ལོ་གནས་རྟེན་འབྲེལ་བཅུ་གཉིས་དངོས། །དེ་ལྟར་ས་རྣམས་ཤེས་བྱས་ནས། །དགེ་དང་མི་དགེ་བརྟག་པར་བྱ། །དེ་ནས་དུས་སུ་བགྲོད་པ་ནི། །བཤད་ཀྱི་སྒྲུབ་པ་པོ་རྣམས་ཉོན། །དགའ་བ་སྐད་
375b
ཅིག་ཉིད་དང་ནི། །འབྲས་བུའི་ཡན་ལག་བྱེ་བྲག་རྣམས། །སུམ་འགྱུར་དུ་ནི་བསྒྱུར་བྱས་ཏེ། །ཀུན་ལ་རྐང་པ་བཞི་ཡིས་དགང ། །མདུད་པ་བཅད་ཅིང་འཆར་བ་ཡི། །དུས་ནི་དེ་ལྟར་བརྗོད་པ་ཡིན། །ཆད་པ་བགེགས་དང་གཟའ་རྣམས་དང ། །མདུང་དང་དགྲ་རྣམས་ལྟུང་བ་དང ། །ཁྱིམ་ས་ཡི་ནི་དཔྱང་དག་ལ། །ལྟོ་འཕྱེའི་ལྟོར་ནི་བརྐོ་བ་དང ། །འགྲོ་འོང་སྦྱོར་པའི་བྱེ་བྲག་དང ། །ཚེ་དང་ནད་མེད་སྤེལ་བ་དང ། །དེ་བཞིན་ས་པོན་གདབ་པ་དང ། །ཕྱུགས་རྣམས་ཇི་ལྟར་གདུལ་བ་དང ། །བྲལ་དང་འདུ་དང་རྒྱལ་སྲིད་དང ། །རྙེད་བདག་ནི་སྤལ་བྱ་ཞིང་ཡིད་དང་བྱུང་དང་གཡུལ་འགྱེད་དང ། །སྡོང་བུའི་ཕུང་པོ་དེ་བཞིན་ཏེ། །བྱིས་པ་གསོ་བའི་སྒྲུབ་པ་དང ། །མིག་སྨན་ཁྱད་པར་དེ་བཞིན་ཏེ། །དུས་དང་ཚོན་ལ་སོགས་པ་ཉིད། །ཉིན་དང་ཉིན་གྱིས་དབྱེ་བར་བྱ། །བཅུད་ཀྱིས་ལེན་དང་རྩི་རྣམ་གཉིས། །ལས་ནི་ཡོངས་སུ་སྨིན་པར་བྱ། །སེམས་འཕེལ་མཉམ་པར་འཇུག་པ་ཡིས། །སྲིད་དང་ཞི་བའི་རང་བཞིན་ཏེ། ། དེ་ལྟར་རྩི་དང་བཅུད་ལེན་སོགས། །བློ་དང་འབད་བས་ཤེས་བྱ་ཞེས། །དམ་ཚིག་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། དབུགས་བརྩི་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་སྟེ་བཅུ་
376a
༄#། །པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དངོས་གྲུབ་མཆོག་གི་རིག་པ་ལ། །སྒྱུ་མ་ཆེན་པོ་ཞེས་བྱ་བ། །གསང་བ་ཆེན་པོའི་དབང་ཕྱུག་སྟེ། །སེམས་ཅན་ཐམས་ཅད་གདུལ་མཛད་གཉེན། །དབང་ཕྱུག་ཐམས་ཅད་བྱེད་པ་པོ། །འདི་ནི་རིག་པ་དམ་པ་མཆོག་།མིང་ཙམ་མཆོག་ཏུ་རྙེད་དཀའ་བ། །དང་པོ་ཆོས་ཀྱི་འབྱུང་གནས་བསམ། །དེ་ནས་ཡི་གེ་དགོད་པར་བྱ། །དབྱངས་ཡིག་དང་པོ་ཐིག་ལེར་བཅས། །པདྨའི་སྟེང་དུ་ཡང་དག་གནས། །རྟག་ཏུ་དབུགས་ཀྱི་ངོ་བོ་སྟེ། །འབྱུང་བ་རུ་ནི་བྱེད་པ་ཡིན།། འབར་བའི་ཕྲེང་བས་མཛེས་པའི་མདོག་།ཕྱོགས་ཀུན་ཏུ་ནི་རྣམ་པར་འཕྲོ། །སྣ་ཚོགས་མདུད་པའི་འབར་བ་ཆེ། །ཟླ་བའི་དབུས་གནས་བསྒོམ་པར་བྱ། །ཀུན་ཏུ་འགྲོ་བ་འཐོབ་འགྱུར་ཞིང ། །འདི་ནི་རྙེད་དཀའི་སངས་རྒྱས་འགྱུར། །དེ་ཉིད་སྤངས་པས་ཡི་གེ་མེད། །འགྱུར་མེད་རྙོག་པ་མེད་པ་སྟེ། །དུང་དང་ཟླ་འདྲ་དྲི་མེད་པའི། །བྱང་ཆུབ་སེམས་ཞེས་དེ་བྱའོ། །རང་གི་སྙིང་གི་དབུས་གྱུར་པར། །འདབ་བརྒྱད་པདྨས་ཤིན་ཏུ་བརྒྱན། །དེ་ཡི་དབུས་གྱུར་ས་བོན་ནི། །གངས་དང་འདྲ་བར་འཛག་པ་སྟེ། །མཆོག་ཏུ་ཞི་བའི་ཧ་ལ་ནི། ། དབྱངས་ཡིག་དྲུག་པ་དང་སྦྱར་ནས། །ཐིག་ལེས་སྟེང་དུ་བརྒྱན་པ་ཡི། །ཡི་གེ་དགོད་པས་དགོད་པར་བྱ། །རྣལ་འབྱོར་པ་ཡི་དབུགས་རྡུབ་བྱེད། །དངོས་དང་དངོས་མེད་རྣམ་
376b
སྤངས་པའོ། །རང་གི་མགྲིན་པའི་དབུས་གནས་པར། །པདྨ་དམར་པོ་ཀུན་འོག་མཛེས། །དེར་ནི་ཐིག་ལེ་ཟླ་བ་ཡིས། །བརྒྱན་པའི་དབྱངས་ཡིག་བཅུ་གསུམ་པ། །པུ་ལུ་ཏ་ཞེས་བྱ་བར་གྲགས། མགོ་ཡི་ཀླད་པའི་དབུས་གནས་པར། །ཐིག་ལེའི་གཟུགས་ཅན་མི་ཤིགས་པ། ། ཏ་ས་ཡི་མེ་ཏོག་བཞིན། །འོག་ཏུ་བལྟས་ཤིང་འཕྱང་བ་སྟེ། །ཉིན་དང་མཚན་དུ་བདུད་རྩི་ཡི། །ཚུལ་གྱིས་འབབ་པས་ཡང་དག་གནས། །དང་པོ་འཁོར་ལོ་བསྒོམས་ནས་ནི། །དབྱངས་ཡིག་གིས་ནི་ཁྱད་པར་སྦྱར། །རང་གི་ཕྱག་རྒྱར་མངོན་ལྡན་པས། །སངས་རྒྱས་བྱང་ཆུབ་རབ་ཏུ་སྟེར། །དེ་ཡི་བརྟུལ་ཞུགས་མ་བཤད་སྟེ། །སྦྱིན་སྲེག་ལས་དང་སྔགས་རྣམས་དང ། །བཟུང་བ་དང་ནི་བགྲད་ཕྲེང་དག་།གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། །སྔགས་ཀྱི་དཀྱིལ་འཁོར་དབྱིབས་ཆོས་དག་།སྦྱོར་བ་རྣམ་གསུམ་ཞེས་བྱ་སྟེ། །དུག་མེད་བྱས་ནས་ནན་ཏན་དུ། །བསྟེན་བྱ་འདི་ནི་བསྟེན་བྱས་ནས། །སྲིད་པའི་ལོངས་སྦྱོང་དག་འགྱུར་ཞིང ། །སྲིད་པས་སྲིད་པ་མཆོག་གི་བདག་།ཡེ་ཤེས་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་གོས་མི་འགྱུར། །རྣལ་འབྱོར་པ་ཡིས་སྦྱོར་བ་འདི། །རྟག་ཏུ་རྒྱུན་དུ་གོམས་བྱས་ན། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རྡོ་རྗེ་སེམས་དཔའ་མཉམ་འགྱུར་ཞེས། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། ཟླ་བའི་དཀྱིལ་འཁོར་ཡོངས་
377a
༄#། །རྫོགས་པ། །བྷ་གའི་དབུས་སུ་བསྒོམ་པར་བྱ། །དེ་ཡི་དབུས་གྱུར་ས་བོན་ནི། །སྔོ་ཞིང་ཅུང་ཟད་དམར་བའི་འོད།། འོད་ཟེར་སྔོན་པོའི་ཕྲེང་འཁྲུགས་ལས། ། འདམ་སྐྱེས་སྔོན་པོ་ལྟ་བུ་ཡི། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །མགོ་སྐྱེས་ཁམ་པ་གྱེན་འགྲེང་ཞིང ། །རྒྱན་རྣམས་ཀུན་གྱིས་ནམ་པར་ཀླུབས། །རྐེད་པ་སྟག་གི་པགས་པས་དཀྲིས། །ཕྱག་ན་ལྕགས་ཀྱུ་ཞགས་པ་དག་།མདའ་དང་གཞུ་ནི་མཆོག་ཏུ་འགེངས། །ིནྡྲ་ནཱི་ལ་ལྟ་བུ་སྟེ། །དང་པོའི་ཡི་གེ་ལས་བྱུང་བསྒོམ། །གང་གི་རིག་པ་རབ་སྦྱོར་བས། །ཀུན་ནས་དེ་མ་ཐག་ཏུ་འགྲུབ། །དམར་པོ་རུ་ནི་བསྒོམས་ནས་སུ། །དེ་ནས་ཆོ་ག་བཞིན་དུ་བྱ། །དབྱངས་ཡིག་གཉིས་པ་དང་ལྡན་པར། །སྲིད་པ་གསུམ་པོ་བསྒོམ་པར་བྱ། །འབད་པས་བསྒྲུབ་བྱ་སྣང་བྱས་ཏེ། །སླར་ཡང་དེ་ཉིད་དུ་ནི་གཞུག་།དེས་ནི་ས་གསུམ་མ་ལུས་པ། །སྒྲུབ་པ་པོ་ཡི་དབང་དུ་འགྱུར། །ཚངས་དང་ཁྱབ་འཇུག་དྲག་པོ་དང ། །དཔང་པོ་དང་ནི་འདོད་ལྷ་སོགས། །ཡི་གེ་ཕན་ཚུན་བསྐུལ་བ་ཡིས། །ཆུང་མ་དང་ནི་བཅས་ཏེ་འགུག་།བཅོམ་ལྡན་དེ་ནི་ཤེས་བྱ་བ། །སྤྱོད་པའི་གར་གྱིས་གཙོ་བོ་ཡིན།། དེ་ནས་དབུས་མའི་མཐའ་དང་ལྡན། །ཐིག་ལེ་སྒྲ་ཡིས་ཡང་དག་མཚན། །སྐུ་གསུང་ཐུགས་ལ་ལེགས་གནས་པར། །དངོས་པོ་སྒོམ་པས་བསྒོམས་བྱས་ན། །གོང་བུ་
377b
དགུག་པའི་དམ་པ་ཡིན། །བྷ་ག་ཡི་ནི་དབུས་གྱུར་པར། །ཡེ་ཤེས་རྒྱ་མཚོ་བསྒོམས་བྱས་ལ། །ཡི་གེ་མི་འགྱུར་རྫོགས་པ་ལས། །སྐུ་མདོག་དཀར་པོ་ཞལ་བཞི་པ། །རྡོ་རྗེ་དང་ནི་ཁ་ཊྭཱཾ་བསྣམས། །དཔའ་བོ་སྤྱི་གཙུག་ཟླ་ཕྱེད་བརྒྱན། །གཤོར་དང་ཐོད་བའང་བསྣམས་པ་སྟེ། །དབུགས་མི་གཡོ་བར་བསྒོམ་པར་བྱ། །རླུང་དང་མེ་ནི་ཡང་དག་ལྡན། །ཆུ་དང་དབང་ཆེ་ན་མནན་པ་སྟེ། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །འབད་དེ་བསྒྲུབ་བྱ་དམིགས་ན་ནི། །ཁུ་བ་དགུག་པའི་དམ་པ་ཡིན། །ཙི་ཡི་ཡེ་ཤེས་ལས་བྱུང་བ། །སྐུ་མདོག་སེར་པ་ཀུན་ཏུ་འབར། ། ཞལ་བཞི་པ་ལ་ཕྱག་བཞི་པ། །མགོ་སྐྱེས་ཐོད་པའི་ཕྲེང་བས་བརྒྱན། །སྡིགས་མཛུབ་རྡོ་རྗེ་ཞགས་པ་དང ། །ཀ་པཱ་ལ་ནི་ཕྱག་གཡོན་ན། །གཡས་ན་རྡོ་རྗེ་འབར་བ་དང ། །དེ་བཞིན་དུ་ནི་ལྕགས་ཀྱུའི་མཆོག་།རྟ་ཞལ་ཚུལ་དུ་བྱས་ནས་ནི། །ཚང་འགུགས་པ་ཡི་དམ་པ་ཡིན། །ར་ཡི་ཡེ་ཤེས་ལས་བྱུང་བ། །འོད་ཟེར་དམར་པོ་དྲག་ཆེན་པོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། ། རྒྱན་ཀུན་གྱིས་ནི་རྣམ་པར་ཀླུབས། །ཞལ་བཞི་པ་ལ་ཕྱག་བཞི་པ། །ལྕེ་སྤྱང་གི་ནི་གདོང་ཅན་ཏེ། །ཁ་ཊྭཱཾ་ག་དང་ཐོད་པ་དང ། །རྡོ་རྗེ་དེ་བཞིན་རལ་གྲི་བསྣམས། །ཁྲག་གིས་གང་བའི་ལུས་ཅན་བསྒོམ། །འབད་དེ་བསྒྲུབ་བྱ་དམིགས་ནས་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །རྡོ་རྗེ་ཕྲ་མོས་ཕུག་ནས་སུ། །འཇིག་པ་ཉིད་དུ་རབ་བསྒོམས་ན། །ཁྲག་དགུ་པ་
378a
༄#། །ཡི་དམ་པ་ཞེས། །སྒྱུ་མ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་ཞེས་གྲགས་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །སྒྱུ་མ་ཀུན་ཏུ་རྣམ་པར་འཕྲུལ་པའི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ།། །། རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ནི། །བཤད་པར་བྱ་ཡི་ལྷ་མོ་ཉོན། །དང་པོར་རོ་ནི་བསྒོམས་བྱས་ཏེ། །མཁས་པས་ཆོས་དབྱིངས་རང་བཞིན་བསམ། །རྣལ་འབྱོར་པ་ནི་དེར་གནས་ནས། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །རང་སྙིང་ཟླ་བའི་དབུས་སུ་ནི། །དེ་ཉིད་ཐམས་ཅད་བཀོད་ནས་སུ། །དེ་ཡི་འོད་ཟེར་ལས་བྱུང་བ། །མཁའ་འགྲོ་མ་སོགས་མཆོད་ནས་ནི། །ཕྱག་བྱས་ནས་ནི་འདི་སྐད་བརྗོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་བཟུང་ཇི་སྲིད་དུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་བསྐྱེད་སྡོམ་པ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་
378b
གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང ། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང ། །དགེ་བའི་ཆོས་ནི་བསྡུ་བ་དང ། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པོར་བཟུང ། །རྡོ་རྗེ་རིགས་མཐོ་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང ། །ཡང་དག་ཉིད་དུ་བཟུང་བྱ་ཞིང ། །སློབ་དཔོན་དག་ཀྱང་བདག་གིས་བཟུང ། །རིན་ཆེན་རིགས་ཆེན་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་བོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྩལ་བར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཡང་དག་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །མཆོད་པ་ཅི་ནུས་བགྱི་བ་དང ། །སྡོམ་པ་ཐམས་ཅད་ལྡན་པར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་དེ་ནི་བསྐྱེད་བགྱི་ཞིང ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་བཟུང་བར་བགྱི། །མ་རྒལ་པ་རྣམས་བསྒྲལ་བ་དང ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང ། །འགྲོ་ཀུན་མྱ་ངན་འདས་ལ་དགོད། །དེ་ནས་ཨོཾ་སཝ་བྷཱ་བ་ཤུདྡྷཿ སརྦ་དྷ་རྨཱ་སཝ་བྷཱ་བ་ཤུདྡྷོཉཧཾ། །དེ་ནས་ཚིག་འདི་བརྗོད་ནས་ཆོས་ཐམས་ཅད་བདག་མེད་པར་བལྟ་སྟེ། དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྐུ་
379a
༄#། །མདོག་སྔོན་པོ་འཇིགས་ཆེན་པོ། །ཐོད་པའི་ཕྲེང་བས་རྣམ་པར་ཀླུབས། །ཞལ་བཞི་པ་ལ་ཕྱག་བཞི་པ། །སྤྱན་གསུམ་གྱིས་ནི་མཛེས་པ་སྟེ། །ཡི་དྭགས་ཆེན་པོ་གདན་དུ་བྱས། །ཉི་མ་ལ་བཞུགས་གར་དང་ལྡན། །ཕྱག་ན་ཐོད་པ་ཁ་ཊྭཱཾ་དང ། །དེ་བཞིན་གཞན་ཡང་གཞུ་དང་མདའ། །ཆོ་གའི་བྱ་བ་དེ་ཉིད་ཀྱིས། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །ཤར་ན་དཀར་ཞིང་འོད་སྔོ་སྟེ། །གཡོན་ན་ཁ་ཊྭཱཾ་དྲིལ་བུ་དང ། །གཞན་ན་རྡོ་རྗེ་ཐོད་པའོ། །བྱང་ཕྱོགས་མརྒད་སེར་སྐྱའི་འོད། །གཡོན་ན་ཁ་ཊྭཱཾ་ཞགས་པ་དང ། །གཡས་ན་རྡེའུ་ཆུང་ཐོད་པ་བསྣམས། །ནུབ་ཕྱོགས་དམར་ཞིང་སེར་སྐྱའི་འོད། །གཞུ་དང་མདའ་ཡི་མཆོག་དང་ནི། །སྣ་ཚོགས་པདྨ་ཐོད་པ་དག་།གཡོན་དང་གཡས་ཀྱི་ཕྱག་ཏུ་དགོང ། །ལྷོ་ན་དཀར་ཞིང་སེར་བའི་འོད། །གཡོན་ན་མདུང་དད་རིན་ཆེན་ཏེ། །གཡས་ན་བ་དན་ཐོད་པ་བསྣམས། །གླང་ཆེན་ལྕེ་སྤྱང་མི་དང་ནི། །གླང་གི་ཐོད་པར་རིམ་བཞིན་བཞུགས། །དང་པོ་ལྟུང་བྱེད་མ་ཡིན་ཏེ། །གཉིས་པ་དེ་བཞིན་གསོད་མ་ཡིན། །གསུམ་པ་འགུགས་མ་ཞེས་བྱ་སྟེ། །བཞི་པ་གར་གྱི་དབང་ཕྱུག་མ། །རིག་མ་དེ་དག་གྱེན་སྐྲ་འབར། །རྒྱན་རྣམས་ཐམས་ཅད་རྣམ་པར་ཀླུབས། །གར་དང་ལྡན་པས་ཡང་དག་བཞུགས། །ཕྱོགས་མཚམས་དག་ནི་བཞི་པོ་རུ། །ཐོད་པ་རྣམ་པ་བཞི་པོ་དགོད། །སངས་རྒྱས་གཟུགས་ཀྱིས་རྣམ་བརྒྱན་པ།།
379b
སྤྱི་གཙུག་གསལ་པར་ཡང་དག་ལྡན། །དང་པོའི་ཡི་གེ་ལྡན་པ་རུ། །བསྒོམས་ན་སྐད་ཅིག་དེ་ལ་འབར། །རྫས་ཀྱི་དངོས་གྲུབ་འབྲས་རབ་སྟེར། །ལྷ་མོ་དེ་ལྟར་བསྒོམས་ན་ནི། །སྦྱོར་བའི་དངོས་གྲུབ་རིག་པ་ཆེ། །ཡིད་ཆེས་ཡང་དག་འཇུག་པར་འགྱུར། །མི་སྣང་བ་དང་ཐམས་ཅད་དང ། །སྒྲུབ་པོས་སྐད་ཅིག་གིས་མཐོང་འགྱུར། །ལྷ་མཆོག་ལས་སྐྱེས་འཕྲོག་ནས་སུ། །སངས་རྒྱས་ཀུན་གྱི་བུ་མོ་སྤྱོད། །གངྒཱའི་བྱེ་སྙེད་སངས་རྒྱས་རྣམས། །ཉིད་ཀྱི་རྡོ་རྗེ་གནས་བཞུགས་པ། །ལག་ཏུ་ཤིང་ཏོག་བཞག་པ་བཞིན། །རྡོ་རྗེ་མིག་གིས་མཐོང་བར་འགྱུར། །གངྒཱའི་བྱེ་སྙེད་ཞིང་དག་ན། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་རྣམས། །ཐམས་ཅད་རང་གི་སེམས་ཉིད་ཀྱི། །རི་མོ་ལས་བྱུང་མཐོང་བར་འགྱུར། །སྔགས་ཀྱི་ཡི་གེ་གོ་ལྡོག་པས། །རྒྱུད་དང་སྔགས་ནི་བསྒོམ་པར་བྱ། །གསང་ཆེན་དམ་པ་དེ་དག་ནི། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །ཐོ་རངས་རང་གི་སྙིང་གར་ནི། ། ལས་ཟླ་བའི་དཀྱིལ་འཁོར་བསམ། །དེ་སྟེང་ཡི་གེ་ཧཱུཾ་བསྒོམས་ལ། །བྱམས་པའི་སེམས་ནི་བསྐྱེད་ནས་སུ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། ཁ་ཁྱེར་དེ་བཞིན་རྡོ་རྗེས་མཚན། །སྐུད་པ་བཞི་དང་ཡང་དག་ལྡན། དར་གྱི་ཕྲེང་བས་མཛེས་པར་བྱས། །དཀྱིལ་འཁོར་གྲཝ་རྣམས་ཐམས་ཅད་དང ། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམ་སྤྲས་བར། །ཕྱི་ཡི་དཀྱིལ་འཁོར་
380a
༄#། །ཐིག་གདབ་བྱ། །ཤེས་རབ་ཅན་གྱིས་དེའི་ནང་དུ། །འཁོར་ལོའི་ཕྲེང་བས་རྣམ་བརྒྱན་ཏེ། །དེ་ཡི་དབུས་སུ་པདྨ་ནི། །དཀར་པོས་ཤིན་ཏུ་མཇེས་པར་བྱ། །སླར་ཡང་དེ་ཡི་དབུས་གྱུར་པར། །འོད་ལྡན་པདྨ་དམར་པོ་བྲི། །དེ་ནས་སྔགས་པས་དེའི་ནང་དུ། །རྡོ་རྗེ་ཕྲེང་བ་ཀུན་འཁྲུགས་བྲི། །སླར་ཡང་པད་ཆེན་འདབ་བརྒྱད་པ།། ཨེནྡྲ་ནཱི་ལའི་འོད་འབར་བྲི། །རྡོ་རྗེ་ཀ་བའི་ནང་ལོགས་སུ། །དཀྱིལ་འཁོར་ལྔས་ནི་རྣམ་བརྒྱན་པ། །རི་རབ་ལྷུན་པོའི་སྟེང་དུ་ནི། །སྣ་ཚོགས་པདྨ་ཡིད་འོང་བསམ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་མཁའ་འགྲོ་ལས།་རྡོ་རྗེ་མཁའ་འགྲོ་འབྱུང་བའི་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དངོས་གྲུབ་ཐམས་ཅད་རབ་བསྒྲུབ་པ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །།སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བའོ། ། ནི་སྣ་རྩེར་བསམས་ནས་སུ། །པ་ནི་ལིངྒའི་ལྟེ་བར་བསམ། །དེ་ནས་མཉམ་པར་སྦྱར་བྱས་ཏེ། །རྣལ་འབྱོར་མ་ཡི་འཁོར་ལོ་ཀུན། །པདྨའི་ལྟེ་བ་རྣམས་སུ་སྦྱར། ། བདྷཱུ་ཏིའི་གནས་དེ་བཞིན། །སྨིན་མའི་བར་དུ་གཞག་པར་བྱ། །དབྱངས་ཡིག་དང་པོར་ཡང་དག་ལྡན། །བསྒོམས་ན་སྐད་
380b
ཅིག་དེ་ལ་འབར། །དེ་ནས་འབར་ཕྲེང་རྒྱ་མཚོར་ནི། །ཀུན་ནས་སྒོ་ཡི་འཁོར་ལོ་བསམ། །ལྟེ་བ་སྙིང་ག་ཁ་དང་ནི། །དཔྲལ་སྟེང་སྤྱི་གཙུག་འཁོར་ལོ་ནི། །དང་པོ་སྔགས་ཚོགས་བྱིན་གྱིས་བརླབ། །ལྟེ་བ་སྙིང་གར་རྣལ་འབྱོར་མ། །ལྕེ་གཉིས་དཔའ་བོས་བྱིན་གྱིས་བརླབ། །དཔའ་བོ་དང་ནི་རྣལ་འབྱོར་མ། །གཉིས་མེད་ཆོ་ག་ཇི་བཞིན་དུ། །མགལ་མེའི་འཁོར་ལོ་ལ་གནས་པ། །མཁའ་འགྲོ་མ་ནི་དེ་བཞིན་འཁོར། །གློག་ལྟ་བུར་ནི་གསལ་བའི་འོད། །ཡིད་ཤུགས་ཆེན་པོས་རིག་པ་ཆེ། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །ཤིན་ཏུ་ཕྲ་བའི་རྡུལ་ཚོགས་ནི། །ཤིན་ཏུ་ཕྲ་བའི་དངོས་པོར་བསྒོམ།། འགྱུར་བ་མེད་ཅིང་སྣང་བ་མེད། །ཀུན་མཁྱེན་འབྲས་བུ་སྟེར་བའོ། །མེ་ཏོག་ལ་ནི་གནས་བསམས་ཏེ། །གང་ལ་བྱིན་ཏེ་རྒྱས་འདེབས་འགྱུར། །དུང་དང་ཟླ་འདྲའི་འོད་མཛད་པ། །ལྟུང་བྱེད་མ་ཡི་སྦྱོར་བ་བསམ། །བསྒྲུབ་བྱ་ཁ་རུ་བཅུག་ནས་ནི། །ལྡད་ཅིང་བཟླས་ན་ལྟུང་བར་འགྱུར། །དེ་ནས་ཉི་མ་ལ་གནས་པའི། །མདུང་ཚུལ་ཉི་མའི་འོད་ཅན་ནི། །བསྐལ་པའི་མེ་ལྟར་རབ་འཇིགས་པའི། །གསོད་མ་བསམས་ཏེ་ཡིད་ཀྱིས་སུ། །བསྒྲུབ་བྱར་ལྷན་ཅིག་གཅིག་གྱུར་ནས། །སྟེང་དུ་བལྟས་ན་འཆི་བར་འགྱུར།། དེ་ནས་རླུང་དང་མེ་ཡི་ནི། །དཀྱིལ་འཁོར་ལ་གནས་མེ་སྟག་གི། །ཕུང་པོ་འཕྲོ་བའི་འགུགས་མ་བསམ། །ཡིད་ཀྱིས་བསྒྲུབ་བྱའི་སྙིང་ཞུགས་ཏེ། །དེ་ཡི་སྙིང་ནི་རྩ་ནས་དབྱུང ། །འགུགས་མའི་
381a
༄#། །སྔགས་བཟླས་འགུགས་པར་འགྱུར། །རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནི། །རླུང་མདོག་བསྒྲུབ་བྱ་རླུང་ནང་བསམ། །སླར་ཡང་བདག་དང་བསྒྲུབ་བྱ་ནི། ། གཅིག་ཏུ་གྱུར་ཏེ་གར་མཛད་པའི། །སྔགས་ཟློས་ཤིང་ནི་གར་བྱས་ན། །གར་བྱེད་བྱེད་དུ་འཇུག་པར་འགྱུར། །མཆོད་པ་རྡོ་རྗེ་རབ་སྦྱོར་གྱིས། །དེ་ནས་ལས་རྣམས་ཀུན་བསྒྲུབ་བྱ། །སྙིང་ག་ཉིད་དང་དེ་བཞིན་ཁ། །མགོ་དང་སྤྱི་གཙུག་མཚོན་ཆ་སྟེ། །ལྟེ་བ་སྙིང་ག་རྣམས་སུ་ནི། །དབུགས་མི་གཡོ་བས་བསྒོམ་པར་བྱ། དང་པོ་རྡོ་རྗེ་སེམས་དཔའ་སྟེ། །གཉིས་པ་པདྨ་གར་དབང་རྒྱལ། །གསུམ་པ་རྣམ་པར་སྣང་མཛད་དེ། །དེ་བཞིན་བཞི་པ་རྟ་མཆོག་རྒྱལ། །ལྔ་པ་རྡོ་རྗེ་ཉི་མ་སྟེ། །དྲུག་པ་ཧེ་རུ་ཀར་ནི་བརྗོད། །སླར་ཡང་ལྟེ་བ་སྙིང་ག་དང ། །དེ་བཞིན་ཁ་དང་མགོ་དང་ནི། །སྤྱི་གཙུག་མཚོན་ཆ་ཉིད་དག་སྟེ། །རྡོ་རྗེ་ཕག་མོ་གཤིན་རྗེ་མ། །དེ་བཞིན་རྨོངས་མ་བསྐྱོད་མ་སྟེ། །སྐྲག་མ་དང་ནི་གཏུམ་མོ་རྣམས། །དྲུག་པོ་འདི་དག་རིག་མ་ནི། །ཕ་རོལ་ཕྱིན་པ་རྣམ་པ་དྲུག་།དེ་ནས་དབང་བསྐུར་བསྒོམས་ནས་ནི། ཕྱི་ནང་མཆོད་པ་བརྩམ་པར་བྱ། བདག་ཉིད་ཧེ་རུ་ཀར་བྱས་ནས། །དཔའ་ལྡན་ཧེ་རུ་ཀ་དྲན་བྱ། །དམ་ཚིག་ཡེ་ཤེས་གཅིག་གྱུར་ལས། དེས་འདི་རྡོ་རྗེ་ཅན་དུ་བརྗོད། །རྣལ་འབྱོར་འདི་ནི་མཆོད་ཆེན་དང ། །དེ་བཞིན་སྔགས་ཀྱི་དགོད་པ་སྟེ། །དེ་ནས་དཔའ་བོ་མཆོད་ཤེས་ནས། །ལས་ནི་འབད་པ་ཉིད་ཀྱིས་བྱ། །སྔགས་པས་རང་
381b
དགར་དབྱེ་བྱ་སྟེ། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཚར་གཅོད་པ་དང་ཕན་འདོགས་པའི། །ལས་ཀྱི་མདོག་ཏུ་རྣམ་པར་བསྒོམ། །དེ་ཉིད་དབྱེ་བས་ཕྱེ་ནས་ནི། །རྩ་ཡི་ལམ་དུ་སྦྱར་བར་བྱ། །སྦྱོར་བ་ཡི་ནི་དོན་རྣམས་ལ། །དགའ་བ་ཆེན་པོ་འདིས་བསྒྲུབ་བྱ། །ཆོ་ག་འདི་ཡིས་བསྒྲུབས་ན་ནི། །ལྷ་དང་ལྷ་མིན་མིར་བཅས་འགྲུབ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །དཔའ་བོ་གཉིས་སུ་མེད་པའི་མཆོད་པ་དང ། །ལས་ཀྱི་ཚོགས་རྣམས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་སྐུ་གསུང་ཐུགས་ཀྱི་ནི། །འཁོར་ལོར་གནས་པའི་བྱེ་བྲག་དང ། །གནས་ཀྱི་རབ་ཏུ་དབྱེ་བ་དང ། །ཡུལ་གྱི་དབྱེ་བ་བཤད་པར་བྱ། །མགོན་མི་ལ་མ་ལ་ཡ་ཡུལ་ཏེ། །སྤྱི་གཙུག་ཛཱ་ལནྡྷ་ར་ཡིན། །ཽ་ཌྱན་རྣ་བ་གཡས་པ་སྟེ། །ར་བུ་ད་ནི་རྒྱབ་ཕྱོགས་ཡིན། །གནས་ཀྱི་མིང་ཅན་རྣམ་བཞིའོ། །གོ་ང་བ་རི་རྣ་གཡོན་ཏེ། །རཱ་མེ་ཤཝ་རི་སྨིན་དབུས་གསུངས། ། མིག་ནི་དེ་བི་ཀོ་ཊི་སྟེ། །དཔུང་པ་མཱ་ལ་བ་ཞེས་བརྗོད། །འདི་དག་ཉེ་བའི་གནས་ཡིན་ཏེ། །གནས་ཀྱི་ཁྱད་པར་ཚུལ་གྱིས་ནི། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་གནས། །ཀཱཾ་རུ་མཚན་
382a
༄#། །ཁུང་དེ་བཞིན་དུ། །ནུ་མ་ཨོ་ཏྲེར་རབ་ཏུ་གྲགས། །དེ་དག་ཞིང་སྟེ་ལྟ་བ་ནི། །ཏྲི་ཤ་ཀུ་ནི་ཞེས་བྱ་ཡིན། །སྣ་ཡི་རྩེ་མོ་ཀོ་ས་ལ། །དེ་དག་ཉེ་བའི་ཞིང་དུ་བརྗོད། །ཁ་ནི་ཀ་ལིངྐ་ཡིན་ཏེ། །མགྲིན་པ་ལམ་པ་ཀ་རུ་བརྗོད། །ཚནྜོ་ཧ་ཞེས་བྱ་བར་གྲགས། །སྙིང་ག་ཀཉྩི་ཞེས་བྱ་སྟེ། །ཆུ་སོ་ཧི་མ་ལ་ཞེས་བྱ། ཉེ་བའི་རོ་ལ་སར་བརྗོད་པ་ཡིན། །གནས་ཀྱི་ཁྱད་པར་ཚུལ་གྱིས་ནི། །ས་སྤྱོད་གསུང་གི་འཁོར་ལོར་གནས། །མཚན་ནི་ཡི་དྭགས་གནས་པ་སྟེ། །གྲི་ཧ་དེ་བ་བཤད་པའི་ལམ། །དེ་དག་འདུན་སར་བརྗོད་པ་སྟེ། །བརླ་ནི་སཽ་རཱཥྚ་ཞེས་བྱ། །བྱིན་པ་གཉིས་ནི་གསེར་གླིང་སྟེ། །ཉེ་བའི་འདུན་ས་ཉིད་ཡིན་ནོ། །སོར་མོ་རྣམས་ནི་ན་ག་ར། །རྐང་པའི་བོལ་ནི་སིནྡྷུ་སྟེ། །དུར་ཁྲོད་ཅེས་ནི་བྱ་བར་བརྗོད། །མཐེ་བོང་མ་རུ་ཞེས་བྱ་སྟེ། །པུས་མོ་ཀུ་ལུ་ཏཱ་ཞེས་བརྗོད། །ཉེ་བའི་དུར་ཁྲོད་ས་འོག་ནི། །སྐུ་ཡི་འཁོར་ལོར་ཡང་དག་གནས། །རང་ལུས་སྐྱེས་པའི་ཡུལ་འདི་དག་།མཁའ་སྤྱོད་མ་ཡི་གནས་སུ་བརྗོད། །ཕྱི་དང་ནང་དང་ཡང་དག་གནས། །ཉི་ཤུ་རྩ་བཞིར་ཕྱེ་བ་ཡིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། །གནས་རྣམས་དག་ནི་ཐམས་ཅད་དུ། །རྩ་རྣམས་ཀུན་ནི་ཡང་དག་བཤད། །ཡུལ་འདི་རྣམས་ནི་བུ་མོ་གང ། །རྩ་ཡི་གཟུགས་ཀྱིས་གནས་སོ་ཞེས། །དཔའ་བོ་ཀུན་དང་མཉམ་སྤྱོར་བའི། །མཁའ་འགྲོམ་ཡི་དྲ་བའི་སྡོམ། །རྡོ་སེམས་དཔའ་དེ་བཞིན་གཤེག། །བཅོམ་
382b
ལྡན་རྡོ་རྗེ་ཅན་གྱིས་གསུངས། །སླར་ཡང་བསྡུས་ཏེ་བཤད་བྱ་བ། །དེ་ནི་བདག་གིས་བཤད་ཀྱི་ཉོན། །པཱུ་ལླཱི་ར་མ་ལ་ཡར་ཐོད་པའི་དུམ་བུ་ཅན་དང་རབ་ཏུ་གཏུམ་མོ་སྟེ། །སོ་དང་སེན་མོ་འབབ་པའོ། །ཛཱ་ལནྡྷ་རར་ཀེང་རུས་ཆེན་པོ་དང་གཏུམ་མིག་མ་སྟེ། སྐྲ་དང་སྤུ་འབབ་པའོ། །ཽ་ཌྱ་ནར་ཀེང་རུས་དང་འོད་ལྡན་མ་སྟེ། །པགས་པ་དང་དྲི་མ་འབབ་པའོ། །ར་བུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ། ཤ་འབབ་པ་སྟེ། །གནས་སོ། །གོད་བ་རཱ་རི་ལྷའི་དགྲ་དང་དཔའ་བོའི་བློ་མ་སྟེ། །ཐམས་ཅད་དུ་ནི་རྒྱུས་པ་འབབ་པའོ། །རཱ་མེ་ཤཝ་རིར་འོད་དཔག་མེད་པ་དང་མི་ཐུང་མ་སྟེ། །རུས་པའི་ཕྲེང་བ་འབབ་པའོ། །དེ་བི་ཀོ་ཊིར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ་སྟེ། རྟག་ཏུ་མཆིན་པ་འབབ་པའོ། མཱ་ལ་བར་རྡོ་རྗེའི་ལུས་དང་ལྗོན་གྲིབ་མ་སྟེ། །སྙིང་འཕྲུག་འབབ་པ་སྟེ། །ཉེ་བའི་གནས་སོ། །དེ་ལྟར་བསྟན་པ་འདི་དག་ནི། །ཐུགས་ཀྱི་འཁོར་ལོ་མཁའ་སྤྱོད་དེ། །སྙོམས་པར་ཞུགས་པས་ཡང་དག་གནས། །ཀཱ་མ་རཱུ་པར་ནི། །མྱུ་གུ་ཅན་དང་ས་སྲུང་མ་སྟེ། །རྟག་ཏུ་མིག་འབབ་པའོ། །ོ་ཊེར་ནི། །རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ། མཁྲིས་པ་འབབ་པར་གྲགས་པ་སྟེ། །ཞིང་ངོ ། །ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་མ་སྟེ། །གློ་བ་འབབ་པའོ། །ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ། སྒྱུ་མའི་ཕྲེང་བ་འབབ་པའོ། །ཉེ་བའི་
383a
༄#། །ཞིང་ངོ ། །ཀ་ལིངྐ་ར་ནི། །ཤིན་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ་སྟེ། །རྩི་བ་ལོགས་ཀྱི་སྣལ་མ་འབབ་པའོ། །ལམ་པ་ཀར་ནི། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ། བོང་བུ་རྣམས་ལྟར་ལྟོ་འབབ་པའོ། །རོལ་སའོ། །ཀཉྩིར་ནི། །འཇིགས་བྱེད་ཆེན་པོ་དང་རྟ་སྣམ་སྟེ། བཤང་པ་འབབ་པར་གྲགས་སོ། །ཧི་མ་ལ་ཡར་ནི། །མིག་མི་བཟང་དང་ཁ་གདོང་མ་སྟེ། །མཆོག་མའི་སྲུབ་འབབ་པའོ། །ཉེ་བའི་རོལ་སའོ། །གསུང་གི་འཁོར་ལོས་སྤྱོད་དེ། །སྙོམས་པར་ཞུགས་པས་ཡང་དག་གནས། །བྲེ་ཏ་པུ་རིར་ནི། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་སྟེ། ཐམས་ཅད་དུ་བད་ཀན་འབབ་པའོ། །གྲི་ཧ་དེ་བ་ཏཱ་ར་ནི། རིན་ཆེན་རྡོ་རྗེ་དང་དུ་མ་སྐྱེས་མ་སྟེ། རྟག་ཏུ་རང་འབབ་པའོ། །འདུན་སའོ་སཽ་རཱ་ཥྚར་ནི། རྟ་མགྲིན་དང་གླང་སྣ་མ་སྟེ། རྟག་ཏུ་ཁྲག་འབབ་པར་གྲགས་སོ། །སུ་བརྞ་དྭི་བར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ། །དེ་བཞིན་དུ་རྡུལ་འབབ་པའོ། །ཉེ་བའི་འདུན་སའོ། །ན་ག་རར་ནི། ལྷའི་དགྲ་དང་ཤིན་ཏུ་དཔའ་མོ་སྟེ། ཚིལ་འབབ་པའོ། །སིནྡྷུའི་ཡུལ་དུ་ནི། །པདྨ་གར་གྱི་དབང་ཕྱུག་མ་དང་སྟོབས་ཆེན་མ་སྟེ། རྟག་ཏུ་མཆི་མ་འབབ་པའོ། །དུར་ཁྲོད་དེ། །མ་རུར་ནི། །རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ་སྟེ། མཆིལ་མ་འབབ་པར་གྲགས་སོ། །ཀུ་ལུ་ཏཱ་ར་ནི། །རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་
383b
ཆེན་མོ་སྟེ། །སྣབས་གཞོན་ནུ་འབབ་པའོ། །ཉེ་བའི་དུར་ཁྲོད་དོ། །སྐུ་ཡི་འཁོར་ལོས་འོག་སྤྱོད། །སྙོམས་པར་ཞུགས་པས་ཞུགས་ཡིན་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། དཔའ་བོ་གཉིས་སུ་མེད་པའི་གནས་བསྟན་པ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནི། །སྦྱོར་བ་ཀུན་གྱི་དམ་པ་སྟེ། །གང་ཡང་གྲུབ་པར་བྱེད་པའི་སྔགས། །དེ་ཡི་དབྱེ་བ་རིམ་བཞིན་བཤད། །ཡི་གེ་ཕོ་ཉ་ལ་སོགས་བསྔགས། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་ཚན་བརྒྱད་ཀྱིས་ཡོངས་སུ་བསྐོར། །སྔགས་རྣམས་ཐམས་ཅད་འབྱུང་བ་སྟེ། །གཞན་ཡང་ཅི་ཡང་རུང་བ་སྐྱེ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་།ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །སྒྲ་ལྔ་དང་ནི་ཡང་དག་ལྡན། །ཡ་ར་ལ་ཝས་རྣམ་པར་ཀླུབས། ལོངས་སྤྱོད་འཁོར་ལོ་ཞེས་བྱ་བ། །རོ་རྣམས་ཀྱི་ནི་རྟེན་རང་བཞིན། །ཆ་རྣམས་བཞི་པོ་དག་གིས་ནི། །ཀུན་ནས་ཡོངས་སུ་བསྐོར་བའོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །བྱང་ཆུབ་སུམ་ཅུ་གཉིས་དང་ལྡན། །ཟླ་བ་ཉི་མ་ཞེས་བྱ་བ། །གཡོན་དང་གཡས་ཀྱི་ངེས་གཉིས་སུ། །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི། །འགྲོ་དང་འོང་བར་ངེས་པར་བརྗོད། །གནས་གཉིས་ལ་ནི་མཉམ་པར་ཞོན། །འོག་དང་
384a
༄#། །སྟེང་དུ་ཡང་དག་བརྟེན། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དབྱངས་ཡིག་བཅུ་གཉིས་སྟེང་བལྟས་བྲིས། །ཀ་སོགས་འོག་ཏུ་བལྟས་པ་ནི། །ངོས་གཉིས་དག་ཏུ་སྤེལ་བ་སྟེ། །དབུས་སུ་དེས་ནི་སྦྱར་བར་ཡ། །དེ་ལྟར་བསྟན་པ་འདི་དག་ནི། །རྩ་དང་སྒྲ་ཡི་རང་བཞིན་ནི། །གཉིས་མེད་ཡེ་ཤེས་རྡོ་རྗེ་སྟེ། །མཁའ་འགྲོ་སྒྲ་ཡི་རང་བཞིན་ནོ། །ངེས་འབྱུང་སངས་རྒྱས་ཐམས་ཅད་དེ། །གང་དུ་སྐྱེ་བ་ཞེས་བྱར་གྲགས། །ཤིན་ཏུ་རྣམ་དག་ཡེ་ཤེས་ཆེ། །ལྷ་མོ་ཀུན་གྱི་རང་བཞིན་གང ། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །མཆོག་ཏུ་བདེ་བར་བརྗོད་པ་ཡིན། །རང་བྱུང་གི་ནི་གཟུགས་འདི་ཉིད། །སྤྲོ་དང་སྡུད་པར་བྱེད་པའོ། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །དེར་ནི་ཆ་དང་བྲལ་བ་གང ། །བྷ་གའི་དབུས་སུ་གཟུགས་མེད་པ། །དེ་ནི་རྟག་ཏུ་གནས་པ་ཡིན། སྨིན་དབུས་པདྨའི་ཟླ་བ་རུ། །བཅུ་དྲུག་སྡུད་པས་བསྐོར་བ་ཡིན། །ཤེས་རབ་ཐབས་ཀྱི་མཉམ་སྦྱོར་གྱིས། །ཁ་སྦྱོར་ཞེས་བྱར་བརྗོད་པ་ཡིན། །ལག་གཉིས་ཀུན་ཏུ་འཁྱུད་པ་ཡིན། ། རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད། །སླར་ཡང་རྣམ་པར་གྲོལ་བའི་ལམ། །འབབ་པའི་ཚོགས་ནི་མཆོག་ཏུ་དགའ། །སྦྱོར་བ་ཁ་སྦྱར་ཉིད་དང་ནི། །རྡོ་རྗེ་ལུ་གུ་རྒྱུད་དུ་བཞེད། །རྡོ་རྗེ་པདྨ་དབྱེ་བ་དང ། སྒྲོ་ཆུན་སྦྲང་རྩི་བྱེད་པར་བཤད། །བསྐོར་བ་གང་ཕྱིར་བསྐྱོད་པ་སྟེ། །བདེ་དེའི་ཐབས་ཀྱིས་ཀུན་རིག་པའོ། །དགའ་དང་བདེ་བའི་རང་བཞིན་གྱིས། །ཞགས་པ་
384b
པདྨོར་བཅུག་པ་ཡིན། །ཆགས་པ་ལྕགས་ཀྱུ་ཁོ་ན་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་དགུག་།མི་འཁྲུག་རྡོ་རྗེས་དཀྲུག་པར་བྱ། །དེ་ནི་གསལ་ཤིང་ཞེས་བྱར་བརྗོད། །དེ་ནས་ཆགས་སོགས་ཉོན་མོངས་ཀྱི། །བག་ཆགས་དུམ་བུ་ཉིད་དུ་བྱ། །ཤིན་ཏུ་རྒྱ་ཆེར་དམིགས་པ་ཡི། །ཀུན་རྫོབ་དེ་བཞིན་བརྡུང་བ་དང ། །དངོས་ཀུན་རྡོ་རྗེས་མིད་པར་བྱ། །རྡོ་རྗེ་ཞེས་བྱ་དེ་བཞིན་གཤེགས། །ཇི་ལྟར་བསྟན་ཀྱང་དེ་དབུས་སུ། །རྟག་སྟོང་འབྱིན་དང་སྡུད་པ་པོ། །དེ་ནི་དེ་ཉིད་ཅེས་བྱ་སྟེ། །རང་བྱུང་གཅིག་གིས་ཁྱབ་པའོ། །རང་བྱུང་གཅིག་གིས་ཁྱབ་པའོ། །གང་མིང་སངས་རྒྱས་ཐམས་ཅད་ཀྱི། །སྒྱུ་མ་ཞེས་བྱར་གྲགས་པ་སྟེ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་གང་གནས་པའོ། །འདི་ནི་ཀུན་མཁྱེན་ཞེས་བྱ་སྟེ། ཀུན་ཏུ་འགྲོ་བ་མི་ཤིགས་པའོ། ། པདྨ་ཡི་ནི་སྣ་རྩེ་རུ། །རྒྱུ་དང་མི་རྒྱུ་ཀུན་བསྒོམ་བྱ། །ཕྱི་རོལ་ཡི་གེ་སྤངས་ནས་སུ། །ཡིད་ཀྱི་བཟླས་དང་ལྡན་པར་བྱ། །ངེས་པའི་གོ་འཕང་རྟག་ཏུ་གནས། །བརྟན་པ་ཆོས་དབྱིངས་རང་བཞིན་ནོ། ། རྟག་ཏུ་ཕྲ་བརྡུལ་དང་བྲལ། །ཡེ་ཤེས་སྐུ་སྟེ་དྲུ་མ་མེད། །གསལ་བ་ཆོས་ཀྱི་རང་བཞིན་ཤེས། མྱ་ངན་འདས་པ་འབའ་ཞིག་ཡུལ། །ཕན་ཚུན་མདུད་པ་གསང་སྔགས་ནི། །བྱེ་བྲག་ཏུ་ནི་ཕྱེ་ནས་སུ། །ས་བོན་ཕྲེང་བ་དེ་ནས་བསྒོམ། །ཧཱུཾ་གི་སྐུད་པས་བརྒྱུ་བར་བྱ། བསྒྲུབ་བྱ་འགོག་པར་འགྱུར་ན་ནི། །གོམ་པ་གཉིས་ཀྱང་མི་འགྲོའོ། །འདི་ཡེ་ཤེས་རབ་ལྷན་སྐྱེས་ཏེ། །
385a
༄#། །དེ་ཡི་གཟུགས་སུ་གྱུར་པས་གནས། །ལས་ཀྱི་རླུང་གིས་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་འདི་ནས་འབར། །སྒྱུ་མ་ཆེན་པོ་ཞེས་བྱར་བཤད། ལས་རྣམས་ཐམས་ཅད་རབ་སྒྲུབ་པའོ། །སྐྲ་རྩེ་བརྒྱར་གྱུར་པ་ཡི་ཆ། སྐད་ཅིག་གློག་གི་འོད་ཟེར་ཅན། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྦུ་རྣམས་ཀྱི་བུ་ག་གནས། །ཕྱོགས་བཅུ་རྣམས་སུ་སྤྲོས་ནས་ནི། །ལྷ་དང་ལྷ་མིན་ཀུན་བསྡིགས་ཏེ། །སྙིང་གའི་ཆོས་ཀྱི་འཁོར་ལོ་ནི། །བསྲེགས་ཏེ་ལོངས་སྤྱོད་འཁོར་ལོར་སོང ། །སྣ་བུག་གཡས་ནས་བྱུང་ནས་ནི། ། སླར་ཡང་ཞུགས་ཏེ་སྨིན་མཚམས་ཀྱི། །མཛོད་སྤུའི་ཁུང་ནས་བྱུང་ནས་སུ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྣ་སྒོ་གཡོན་དུ་ཞུགས་ནས་ནི། །སྤྱི་བོའི་འཁོར་ལོ་བསྲེགས་ནས་སུ། །སྔོན་གྱི་ལམ་ནས་སླར་བྱུང་སྟེ། །སླར་ཡང་སྤྱི་གཙུག་ཏུ་ནི་ཞུགས། །བསྲེགས་པར་གྱུར་པའི་སངས་རྒྱས་རྣམས། ། དགའ་བ་བསྐྱེད་ནས་ལྟེ་བ་ཡི། །དཀྱིལ་འཁོར་དུ་ནི་སོང་གྱུར་ནས། །སྔོན་བཞིན་དུ་ནི་གནས་པར་གྱུར། །དུས་མིན་འཆི་བ་ལས་རྒྱལ་ཉིད། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཆོད་ཡོན་ངེས་སྦྱར་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས། །
385b
བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས་།སྐུ་གསུམ་དང ། སྔགས་དང ། རྒྱུད་ཀྱི་འབྱུང་བ་དང ། འཆི་བ་བླུ་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་བཅོ་ལྔ་པའོ།། །།དེ་ནས་དངོས་གྲུབ་ཀུན་གྱི་གནས། །གསང་བ་མཆོག་གི་དགྱེས་པ་སྟེ། །ཡིད་འོང་བཅུད་ནི་ཀུན་གྱི་རྟན། །སེམས་ཅན་ཀུན་ལ་བདེ་སྟེར་བ། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱས། །བླ་རེ་དམ་པ་བྲེས་པས་འབར། །འདབ་སྟོང་ལྡན་པའི་པདྨ་ཆེ། །སྦྱོར་བའི་གདན་ལ་བཞུགས་པ་ལ། །དེར་ནི་ལྷ་མོས་ཞུས་གྱུར་པ། །འཁོར་ལོ་ཀུན་གྱི་ངེས་པ་དང་དབྱངས་རྣམས་ཀྱི་ནི་བྱེ་བྲག་དང ། །ཡི་གེ་དབྱེ་བ་མི་འཚལ་ཏེ། །འཁོར་ལོའི་གྲངས་ནི་ཇི་ལྟ་བུ། །དེ་རྣམས་ལས་ནི་ཅི་ཞིག་ལགས། །སྣ་ཚོགས་གླུ་ཡི་སྔགས་དང་ནི། །འཁྲུལ་འཁོར་དག་ནི་མདོར་བསྡུས་དང ། །འཁོར་ལོའི་དབང་ཕྱུག་དུས་དང་ནི། །དེ་བཞིན་དཔའ་བོ་རྣམས་ཀྱིས་བསྟན། །འདི་དག་ལ་ནི་ཐེ་ཚོམ་མཆིས། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུད་རྣམས་ཀུན་ཏུ་སྤས་པ་གང ། །དེ་དག་ཐམས་ཅད་ཞུ་འདོད་པ། །ལེགས་སོ་ལེགས་སོ་ལྷ་མོ་ཆེ། བློ་གྲོས་ཆེན་མོ་ལེགས་སོ་ལེགས། ། མཁའ་འགྲོ་མ་ནི་ཐམས་ཅད་ཀྱང ། །ཐེ་ཚོམ་སྐྱེ་ན་གཞན་ཅི་སྨོས། །སྒྱུ་མ་ཀུན་ཏུ་རྣམ་འཕྲུལ་བ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །གང་ཞིག་བྲིས་པ་ཙམ་གྱིས་ནི། །སྒྲུབ་པོ་
386a
༄#། །དངོས་སྒྲུབ་ཐོབ་འགྱུར་བ། །མདོར་བསྡུས་ནས་ནི་བརྗོད་བྱ་སྟེ། །དེ་ནི་བདག་གིས་བཤད་ཀྱི་ཉོན། །ནག་དང་དམར་པར་རྟག་གྱུར་ནས། །ཁྱད་པར་དུ་ནི་གཏོར་མ་སྦྱིན། །ཙ་རུའི་བཟའ་བ་ལྷན་ཅིག་བྱ། །སྒྲུབ་པ་པོ་ཡིས་གཡོན་ནས་བསྐོར། །འདི་ཡིས་སྒྲུབ་པོ་ཀུན་ལ་ནི། །མ་མོ་དགའ་འགྱུར་ཐེ་ཚོམ་མེད། །དེ་ནས་མཁའ་འགྲོ་མ་རྣམས་ནི། །ས་རྣམས་ལ་ནི་རྣམ་རོལ་བ། བརྩོན་ཆེན་འཁོར་ལོས་སྒྱུར་མ་དང ། །སྟོབས་ཆེན་མ་དང་རབ་དཔའ་མོ། །འཁོར་ལོའི་གོ་ཆ་གླང་སྣ་མ། །ཁཎྜ་རོ་ཧ་འཁོར་ལོའི་ཤུགས། ། བྱ་གདོང་མ་དང་རྟ་རྣ་མོ། །ཤིན་ཏུ་བཟང་མོ་སྔོ་བསངས་མོ། །ཆང་འཐུང་མ་དང་རླུང་ཤུགས་མ། །དེ་བཞིན་འཇིགས་བྱེད་ཆེན་མོ་དང ། །ས་སྲུང་མ་དང་ལྗོན་གྲིབ་མ། །ལངྒའི་བདག་མོ་མིའུ་ཐུང་མོ། །དཔའ་བོའི་བློ་མ་སྣ་ཆེན་མོ། འོད་ལྡན་མ་དང་གཏུམ་མིག་མ། །རབ་གཏུམ་མ་སྟེ་སྒྲུབ་བྱེད་ཡིན། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །འདི་དག་སྔོན་ཉིད་གྲུབ་པ་ཡིན། ། རང་མིང་བརྗོད་པའི་སྔགས་ལ་ནི། །མཐར་ནི་ཧཱུཾ་ཧཱུཾ་ཕཊ་དང་སྦྱར། །ོཾ་ནི་ཐམས་ཅད་གསལ་བྱེད་དོ། །གྲུབ་གསོལ་འདོད་པ་ཐམས་ཅད་ལ། །རྣལ་འབྱོར་དམ་མཆོག་འདིར་མཐོང་ན། །གཞན་དག་སྙིང་པོ་མེད་རྩཝར་མཚུངས། །དཔའ་བོ་ཉིད་གྱུར་གྲུབ་པ་ནི། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །དཀྱིལ་འཁོར་དམ་པ་མཐོང་བ་ཡིན། །དེ་ནས་དེ་ཤེས་རྟག་སྒོམ་པ། །དངོས་
386b
གྲུབ་དེ་བཞིན་གཤེགས་པས་གསུངས། །ཉོན་ཅིག་ལྷ་མོ་ཤེས་རབ་ཅན། །རིག་པའི་རྒྱལ་པོ་སྒྲུབ་པའི་ཐབས། །འཁོར་ལོ་ཆེན་པོ་རྨད་གྱུར་བ། །གདེངས་ཀའི་དབང་ཕྱུག་ཞེས་བྱ་སྟེ། །ཐོས་པ་ཙམ་གྱིས་སྲེག་བྱེད་ན། །མིང་དང་ལྡན་པར་བྲིས་པ་ཡིས། །གདེངས་ཀ་ཐམས་ཅད་སྨོས་ཅི་དགོས། །དབང་ལྡན་ནས་ནི་བརྩམས་ནས་སུ། །ཀླུ་རྣམས་ས་བོན་ལས་བྱུང་བ། །རིན་ཆེན་དང་ལྡན་གདེངས་གསུམ་མཐོ། །གཞན་ཡང་ཕྱོགས་ནི་ཀུན་ཏུ་བསམ། །དེ་ནས་མགུར་ནི་འདི་བཞེས་ཏེ། །ཤར་དུ་ཀྵ་མང་བར་དུ་བྲི། །ནུབ་ཏུ་ཧི་སྟེ་བྱང་དུ་ཧཾ། །གཤིན་རྗེར་ཧཱུཾ་ཞེས་བྱ་བ་བྲི། ཀི་ལི་ཀི་ལི་ཡི་དྭགས་སུ། །སྲིན་པོར་ཅི་ལི་ཇི་སྙེད་པ། །རླུང་ནི་སི་ལི་སི་ལི་བྲི། །མེ་ཡི་ཕྱོགས་སུ་དྷི་ལི་ཉིད། །དང་པོར་རབ་གཏུམ་མ་ནས་ནི། །བརྩོན་ཆེན་མ་ཡི་མཐར་ཐུག་པ། །སྔགས་འདི་དག་ནི་བྱིན་གྱིས་བརླབ། །འཁོར་ལོ་འདི་ནི་སྐལ་ཆེན་ལྡན། །དགྲ་རྣམས་ཀྱི་ནི་གནད་གཅོད་པ། །ཧཱུཾ་ཕཊ་ཅེས་བྱ་སྤེལ་བ་ཡི། །བསྒྲུབ་བྱ་དེ་ཡི་དབུས་སུ་བྲི། །ལན་གཅིག་བཟླས་པའི་གུ་གུལ་གྱིས། །གདུག་པ་ཉིད་དུ་སྦྱར་བྱས་ན། ཀླུ་རྣམས་ཐམས་ཅད་འབེབས་པར་འགྱུར། །ལག་པ་གཡོན་པ་ལ་འཁོར་ལོ་འདི་དངོས་སུའམ་ཡིད་ཀྱིས་བྲིས་ལ་སྔགས་ལན་གཅིག་བཟླས་པས་བྱ་བས་ན། འཆི་བས་དུས་སུ་ཟིན་པ་སློང་བར་བྱེད་དོ། །གཱ་ར་བཱི་རའི་འདབ་མའི་ཁུ་བས་གཱར་བཱི་རའི་སྨྱུག་གུས་བྲིས་ཏེ་ལན་གཅིག་བཟླས་པས་རེག་ན། མངལ་གང་དུ་འདོད་པ་དེར་འཕོ་
387a
༄#། །བར་འགྱུར་རོ། །དུག་དང་ལན་ཚཝ་དང་སྐེ་ཚེས་བྲིས་ཏེ་ཁྲོས་ན། །གསོད་པར་འགྱུར་རོ། །རོ་བསྲེགས་པའི་མགལ་བ་དྷཱ་རུ་རའི་ཁུ་བས་བསད་དེ་འབྱུང་པོའི་ཉི་མ་ལ་དེ་ཉིད་ཀྱིས་འཁོར་ལོ་བྲིས་ལ་ལན་གཅིག་ཟླས་པ་དེས་གང་ལ་བསྣུན་པ་ལྟུང་བར་འགྱུར་རོ། །སཾ་ཀོ་ཏའི་སྨྱུག་གུས་སྔགས་ཚག་སྔ་མ་བཞིན་བྲིས་ལ་ཐལ་བ་ལ་མངོན་པར་བསྔགས་ཏེ་གང་ལ་བསྣུན་པ་དེ་ཤ་ཟས་བཟུང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བས་ཤིང་ལེབ་བམ་རྩིག་ངོས་ལ་འབྱུང་མོའི་མཚན་མོ་གང་གི་སྙིང་གར་མིང་བྲིས་པ་དེ་གདོན་ཆེན་པོས་བཟུང་བར་འགྱུར་རོ། །བསྒྲུབ་བྱའི་གཟུགས་བྱས་ལ་དེའི་སྙིང་གར་འཁྲུལ་འཁོར་བཅུག་སྟེ་ཞག་བདུན་གྱི་བར་དུ་དྲིའི་ཆུའི་ནང་དུ་བཞག་ནས་ཨ་ཏི་མུགྷའི་ལྕུག་མ་ལ་ལན་བདུན་བསྔགས་ཏེ་དེ་ལ་བསྣུན་ན། ཞག་བདུན་ཀྱི་མཐར་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །འཁོར་ལོ་དེ་ཉིད་བྱེ་བྲག་ཏུ་དུར་ཁྲོད་ཀྱི་རས་ལ་ཕོ་ཉའི་ཁ་དོག་གིས་བྱེ་བྲག་ཏུ་གྱུར་བ་བྲིས་ལ་ལས་ཀྱི་ཕོ་ཉ་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱའོ། །གཱ་ར་བཱི་རའི་ལྕུག་མ་ཁྲུ་ཕྱེད་དང་གཉིས་ཀྱི་ཚད་དང་ལྡན་པ་ལ་གང་ལ་མངོན་པར་ཕྱོགས་ཏེ་སྔགས་བྲིས་ནས་རོ་བསྲེགས་པའི་མེ་འབར་བ་ལ་དོར་ཏེ། ཇི་སྲིད་དམ་ཚིག་པ་དང་མྱུར་དུ་བླངས་ལ་རིག་པའི་རྒྱལ་པོ་ལན་བདུན་བཟླས་ནས་གང་ཞིག་དྲན་ཏེ་ཀླད་ལ་བསྐོར་ན། །དེ་དེའི་མོད་ལ་རླུང་གི་ཤུགས་ཀྱིས་
387b
འོང་བར་འགྱུར་རོ། །སྐྱེས་པའི་རོའི་ཁམ་ཕོར་ལ་བ་བླ་དང་ཡུང་བའི་ཁུ་བས་གང་གིས་མིང་བྲིས་པ་དེ་དེའི་མོད་ལ་བཅིངས་པར་འགྱུར་རོ། །དུར་ཁྲོད་ཀྱི་རས་སམ་ཟླ་མཚན་གྱི་རས་ལ་ཤིང་ཨ་ཤོག་ཀའི་སྨྱུག་གུས་ཀླུ་རྣམས་སྤངས་པའི་འཁོར་ལོ་འདི་བྲིས་ལ། །དེའི་དབུས་སུ་སྔགས་པས་ཆོག་གཞིན་ཡི་གེ་ཨེ་དང་སྤེལ་བ་བྲིས་ན། །མཁའ་འགྲོ་མའི་ཁྱད་པར་ཐམས་ཅད་དང་ལུས་སྲུལ་པོ་ཐམས་ཅད་བཅིངས་པར་འགྱུར་རོ། །ཐོད་པ་ལ་སྐྱེས་པའི་ཁྲག་གིས་གང་གི་མིང་བྲིས་ལ་སྔགས་པ་ཁྲོ་བ་དང་བཅས་པས་སྔགས་བཟླས་ན། །དེའི་ཁྲག་འགུགས་པར་བྱེད་ལ་ཡིད་ཞི་བ་དང་ལྡན་པས་ཞི་བས་སྔགས་བཟླས་ན། །སླར་གཏོང་བར་འགྱུར་རོ། །འཁོར་ལོ་དེ་ཉིད་ཟླ་བས་བརྒྱན་ཅིང་གསལ་བར་གོ་རོ་ཙ་ནས་གྲོག་ལ་སྐར་མ་རྒྱལ་གྱི་ཉིན་པར་བྲིས་ཏེ་བུད་མེད་གང་གིས་རྟག་ཏུ་བཅིངས་ན། །རིག་པའི་རྒྱལ་པོ་ཉིད་དེའི་ལྷུམས་སུ་འཇུག་པར་འགྱུར་རོ། །བུད་མེད་དང་ཞི་བའི་འདུས་པས་ཀུན་ཏུ་སྤྱོད་པའི་མཆོག་དེའི་ལག་མཐིལ་ན་ཡོད་པའི་དཔལ་གང་གིས་ཀྱང་དབྲོག་པར་མི་ནུས་ལ། །རྣམ་པ་དེ་ལྟ་བུའི་ཆོ་ག་དང་ལྡན་པས་ནི། །དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་སྟེར་བར་འགྱུར་རོ། །བཅོམ་ལྡན་འདས་འདི་ལ་ནི། བརྟུལ་ཞུགས་དང ། སྤྱོད་པ་དང ། །བསྙུང་བ་དང ། །ཆོ་ག་མེད་པར་ཡང་ཆོ་ག་ཞིབ་མོའི་སྦྱོར་བའི་ཚུལ་འདི་ཉིད་ཀྱིས་ལས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་བྱེད་དོ། །
388a
༄#། །ནམ་མཁའི་དབྱིངས་ཀྱི་དབུས་བསམ་པ། །ཟླ་བའི་དཀྱིལ་འཁོར་དམ་པ་སྟེ། །འོད་ཟེར་ཚོགས་ནི་གསལ་བའི་མདངས། །འཁོར་ལོའི་ཕྲེང་བ་རྣམ་པར་ཀླུབས། །དེ་དབུས་འཁོར་ལོ་རྩིབས་བརྒྱད་དང ། །པདྨའི་ཕྲེང་བས་ཤིན་ཏུ་མཛེས། །སླར་ཡང་འཁོར་ལོ་བྲི་བར་བྱ། །རྡོ་རྗེ་ཕྲེང་བ་ཤིན་ཏུ་མཛེས། །སླར་ཡང་འཁོར་ལོ་བྲི་བར་བྱ། ། རྡོ་རྗེ་ཕྲེང་བ་རྣམ་པར་འཕྲོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་དཀྱིལ་འཁོར་ལྟ་བུ་ཡིན། །ནམ་མཁའ་ཐམས་ཅད་གཡོགས་བྱེད་པ། །རང་གི་ལུས་ལས་སྤྲོ་བར་བྱ། །དཀར་དང་དམར་དང་སྔོན་པོ་སྟེ། །ཁ་དོག་མཆོག་གི་བྱེ་བྲག་བྱ། །བྱ་བའི་ཆོ་ག་འདི་ཡིས་ནི། །དཔའ་བོའི་དབང་ཕྱུག་དེ་བཞིན་བྲི། །དབུས་སུ་བསྒྲུབ་པར་བྱ་བའི་མིང ། །ཇི་ལྟར་འདོད་བཞིན་སྦྱར་བར་བྱ། །ཕྱི་རོལ་རྡོ་རྗེའི་ཕྲེང་བ་ནི། །འོད་ཟེར་འབར་བའི་ཕྲེང་འཁྲུགས་བྲི། །འདི་ནི་སྲུང་བ་ཆེན་པོ་སྟེ། །ཐམས་ཅད་སྲུང་བླ་ན་མེད། །རིམས་དང་ནད་དང་དུག་དང་ནི། །མཁའ་འགྲོ་མ་ཡིས་འཚེ་བ་དང ། །གདོན་དང་བདུད་དང་ལོག་འདྲིན་དང ། །གང་ཡང་ལུས་སྲུལ་ལ་སོགས་པ། །གྲིབ་མ་ཡང་ནི་མི་འགོད་ན། །དེ་ཡི་ལུས་ལྟ་སྨོས་ཅི་དགོས། །ཟླ་གཟུགས་ལྟ་བུའི་ཡི་གེ་བལྟ། །ཕྱོགས་བཅུར་རྣམ་པར་འབྱེར་བར་བྱེད། །དཀར་པོ་ཡིས་ནི་ཞི་འགྱུར་ཏེ། །ནག་པོས་སྐད་ཅིག་དག་གིས་གསོད། །དམར་པོ་ཡིས་ནི་དབང་བྱེད་དེ། །དེ་ཉིད་
388b
ཀྱིས་ནི་ངེས་པར་འགུགས། །སེར་པོས་ངེས་པར་འཆིང་འགྱུར་ཏེ། །དམག་གི་དཔུང་ནི་འཆིང་བར་འགྱུར། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། །ལས་ཐམས་ཅད་འབྱུང་བ་ཞེས་བྱ་བའི་སྲུང་བའི་འཁོར་ལོའོ། །བཀའ་ཡི་འཁོར་ལོའི་ཁྱད་པར་ནི། །དེ་ནས་ཡང་དག་བཤད་པར་བྱ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །སེམས་ཅན་ཀུན་གྱི་དོན་བྱེད་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི། །དཀྱིལ་འཁོར་འཁོར་ལོ་ལྟ་བུ་བསམ། དེ་དབུས་པདྨ་བྲི་བྱ་བ། །བཅུ་དྲུག་འདབ་མས་རྣམ་པར་བརྒྱན། །དེ་དབུས་པད་ཆེན་འདབ་བརྒྱད་པ། །རྡོ་རྗེ་རྩེ་ལྔ་པ་ཡི་མཆོག་།འོད་ཟེར་དཀར་པོས་ཤིན་ཏུ་མཛེས། །སྒྲུབ་པོས་འཁོར་ལོའི་ཕྱི་རོལ་བྲི། །པདྨའི་ལྟེ་བར་སཝཱཧཱ་བྲི། །དངོས་གྲུབ་ཐམས་ཅད་སྟེར་བའོ། །མ་མོའི་ཁྱིམ་ནི་ཉམས་དགའ་བར། །ཙནྡན་དམར་པོས་བྱུག་ནས་ནི། །འབོལ་ཞིང་ཤིན་ཏུ་འཇམ་པ་ཡི། །སྟན་ལ་སྐྱེ་གནས་ཕྱག་རྒྱ་བཅིངས། །སྔགས་པས་བསྒྲུབ་བྱ་མངོན་ཕྱོགས་ཏེ། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ཡན་ལག་རུས་པས་བརྒྱན་བསམ་ཞིང ། །གཅེར་བུར་གྱུར་པས་རང་གིས་བྲི། །ཡི་དྭགས་གོས་སམ་རོ་ཡི་ནི། །བུམ་པ་སྐམ་པོ་དག་ལ་ཡང ། །ཡི་དྭགས་སྲེན་རྩི་ཁྲག་དང་ནི། །དེ་བཞིན་ཙནྡན་དམར་པོས་བྲི། །འཁོར་ལོ་དེ་ཡི་སྟེང་གནས་ཏེ། །ཇི་ལྟར་འདོད་བཞིན་ཐུན་གསུམ་དུ། །བློ་ལྡན་མཐེའུ་ཆུང་བསྐྱོད་ནས་ནི། །བྲམ་ཟེ་གསོད་པའང་ཉིན་
389a
༄#། །བདུན་འགྲུབ། །ཙནྡན་དམར་པོའི་རྡུལ་ལས་ནི། །བསྒྲུབ་པར་བྱ་བའི་གཟུགས་བྱས་ལ། །ཚ་བ་གསུམ་གྱིས་ལུས་བྱུགས་ནས། །སྤྲ་ཚིལ་གྱིས་ཀྱང་བྱུག་པར་བྱ། །ཟངས་མའི་ཁབ་ཀྱིས་སྐྱེ་གནས་དབུག་།སེང་ལྡེང་འདག་མ་དུ་མེད་ལ། །བློ་དང་ལྡན་པས་ཉིན་བདུན་བསྲོ། །སྒྲུབ་པ་པོ་ཡིས་བརྒྱ་བཟླས་ན། །རྒྱལ་པོ་བློན་བཅས་མདུན་ན་འདོན། ། བཙུན་མོའི་འཁོར་དང་བཅས་པར་ནི། །མྱུར་དུ་འགུགས་པར་བྱེད་པ་ཡིན། །གྲོ་ག་ཡི་ནི་འདབ་མ་ལ། །རོ་ཡི་སེན་རྩི་རོ་ཙ་ནས། །མི་ཡི་བདག་པོ་འཁོར་བཅས་ལ། །མིང་དང་སྤེལ་ཏེ་བྲི་བར་བྱ། །མངོན་པར་ཕྱོགས་ཏེ་བཟླས་བཞིན་དུ། །སེང་ལྡེང་དང་ནི་དུར་ཁྲོད་མེར། །ཇི་སྲིད་སྤྲ་ཚིལ་མ་ཞུ་བར། །མེ་ཡི་སྟེང་དུ་གདུང་བར་བྱ། །བསྒྲུབ་བྱ་མངོན་པར་གདུངས་ཙམ་གྱིས། ལྷ་དང་ལྷ་མིན་འོང་འགྱུར་ན། །ས་སྟེང་སྐྱེ་བོ་སྨོས་ཅི་དགོས། །ཡི་དྭགས་སེན་རྩི་སྐྱེས་པ་ཡིས། །ཁྲག་དང་གི་ཝང་བཅས་པ་ཡིས། །བསྒྲུབ་བྱའི་མིང་སྦེལ་གྲོ་གར་བྲི། །བསྒྲུབ་པར་བྱ་བའི་རྐང་རྗེས་ས། །ཙནྡན་དམར་པོ་ཉིད་དང་ནི། །དུར་ཁྲོད་ཟས་ལྷག་ཐལ་བ་རྣམས། །སྒྲུབ་པ་པོ་ཡིས་གཅིག་བསྡུས་ནས། །སེང་ལྡེང་མེ་ནི་དུ་མེད་ལ། །རྡུལ་དེ་ལག་པ་གཉིས་ཀྱིས་ནི། །མཉེས་ནས་སྦྱིན་སྲེག་བྱས་པ་ཡི། །ཐལ་བ་དེ་ནི་བཟུང་ནས་སུ། །བསྒྲུབ་པར་བྱ་བའི་གཟུགས་བྱ་སྟེ། །སྙིང་གར་འཁོར་ལོ་
389b
བཅུག་ནས་ནི། །ཟློས་བཞིན་དུ་ནི་མེར་གདུངས་ན། །བརྒྱལ་ཞིང་སེམས་དང་བྲལ་འགྱུར་ལ། །རྨོངས་ཤིང་རབ་ཏུ་མྱོས་ནས་ནི། །རླུང་གི་ཤུགས་ཀྱིས་འོང་བར་འགྱུར། །ཆོ་གའི་བྱ་བ་འདི་ཡིས་ནི། །ཡི་གེ་ཉི་ཤུ་རྩ་གཉིས་བཞེད། །ལྷ་མོ་སྔགས་ཆེན་འདི་དག་ནི། །མཁའ་འགྲོ་མ་ཡི་སྙིང་འཇོམས་ཡིན། །དེ་ནས་དེ་བཞིན་གཤེགས་ཀུན་གྱི། །ཡིད་འོང་ཞི་བ་སྐྱེད་པ་མོ། །བཀའ་ཡི་འཁོར་ལོ་བཤད་པར་བྱ། །མཁའ་དབྱིངས་དབུས་གྱུར་བསམ་པ་ནི། །ཟླ་བའི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེ་རྩེ་གསུམ་པ་བཞི་པ། །དེས་ནི་དེ་ནས་བྲི་བར་བྱ། །དེ་དབུས་པདྨ་འདབ་བརྒྱད་པ། །ཤིན་ཏུ་མཛེས་པ་བྲིས་ནས་སུ། །བཻ་རོ་ཙ་ནའི་རིག་པ་ཆེ། །སེམས་ཅན་ཀུན་བྱེད་སྡུད་པ་མོ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ནད་ཐམས་ཅད་མེད་པར་བྱེད་པ་ཞེས་བྱ་བའི་སྲུང་བའི་འཁོར་ལོ་སྦྱོར་བའོ།། །།དེ་ནས་བཅོམ་ལྡན་ཀུན་མཁྱེན་པས། །ཡེ་ཤེས་མངོན་པར་ཤེས་པ་ཡི། ། འཁོར་ལོ་ཞེས་བྱ་བཀའ་སྩལ་པ། །གེ་སར་ལྟེ་བའི་ལྡན་པ་ཡི། །པདྨ་འདབ་མ་དྲུག་པར་བྲི། །ཟླ་བ་བཟང་པོས་ཉེ་བར་བརྒྱན། །རྡོ་རྗེ་ཕྲེང་བས་རྣམ་པར་ཀླུབས། །དེ་ཡི་ཕྱི་རོལ་འཁོར་བོ་སྟེ། །སྟོན་ཀའི་ཟླ་ལྟར་དྲི་མེད་པ། །ཡི་གེའི་མཆོག་ནི་རྣམ་པ་བདུན། །ལྷ་མོ་ཆེན་མོ་ཕན་པས་གཅིག་།བདུད་ཐམས་ཅད་ཀྱི་ལས་འཇོམས་པར་བྱེད་པ་འཁོར་ལོ་རྒྱལ་པོ་ཞེས་བྱའོ། །ཙནྡན་
390a
༄#། །དཀར་པོ་རོ་ཙ་ནས། །གྲོ་ག་ལ་ནི་བྲིས་ནས་སུ། །འཁོར་ལོ་ལག་པ་གཡོན་པར་བཅང ། །འཁོར་ལོ་འདི་ནི་ལྷ་མོ་ཆེ། །ལས་ཀྱི་འོད་ཀྱིས་བརྒྱན་པ་ཡིན། །དེ་ནས་བསྒྲུབ་བྱ་ཉི་དབུས་སུ། །བསམས་ཏེ་སྟོང་དུ་བཟླས་ནས་ནི། །ཡི་གེ་ཤེལ་གྱི་རྣམ་པ་ལྟར། །བསམས་ཏེ་ནད་ཀྱིས་གདུངས་ལ་བསྟན། །མཐོང་བ་ཙམ་གྱི་མོད་ལ་ནི། །ནད་རྣམས་ཀུན་ལས་རྣམ་གྲོལ་བར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །ལག་པ་གཡོན་པར་འཁོར་ལོ་འདི། །ཟླ་བའི་དབུས་སུ་རྣམ་བཀོད་ན། །སྟོན་ཀ་ཡི་ནི་ཟླ་འདྲར་འགྱུར། འཁོར་ལོ་འདི་ནི་ལྷ་མོ་ཆེ། །ལས་ཀྱི་འོད་ཀྱིས་རབ་བརྒྱན་ན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །དུར་ཁྲོད་རས་སམ་ཐོད་པའམ། །རྐ་ཡི་ནི་འདབ་མ་ལ། །སྔར་བསྟན་པ་ཡི་སེལ་བ་དང ། །སྐྱེས་པའི་ཁྲག་གི་སྣག་ཚ་ཡིས། །སྒྲུབ་པོས་མིང་རུས་སྨྱུག་གུས་བྲི། །ཉི་མའི་དབུས་སུ་གྱུར་ཁྲོ་སེམས་ཀྱིས་།གཟུགས་བརྙན་བྱས་ལ་བསྒྲུབ་བྱ་ཡི། །དབུས་སུ་དེ་ནི་བཅུག་ནས་སུ། །སྐེ་ཚེ་ཡིས་ནི་བྱུགས་ནས་ནི། །ཡང་དང་ཡང་དུ་བསྲོ་བར་བྱ། །སྔགས་ཀྱི་རྒྱལ་པོ་བསྐུལ་བ་ཡིས། །བྱ་བ་ཐམས་ཅད་བྱེད་པར་འགྱུར་འདི་ཡི་ནད་རྣམས་ཐམས་ཅད་ནི། །འཕེལ་དང་དེ་བཞིན་སྦྱོར་བྱེད་པའོ། །རིམས་ལ་ཡི་དྭགས་སྙིང་གར་བྲི། །འགའ་རི་ཡི་དྭགས་ཀླད་པ་སྟེ། །བརྗེད་བྱེད་རླུང་དང་སྤྲིན་ལ་
390b
བྲི། །གཟེར་བར་བྱ་བ་མདུང་ལ་སྟེ། །དུག་དང་མཛེ་ནད་ལྟོ་འཕྱེ་ལ། །གཟའ་ལ་གཟའ་ཡི་མཚན་མར་བྲི། །མདོར་བསྡུས་ནས་འཁོར་ལོད་གོད། །ཤེལ་དང་ཟླ་བའི་འོད་འདྲ་བའི། ། ཡི་གེ་བདུད་རྩི་རྒྱུན་འབབ་པས། །སྟོན་ཀའི་ཟླ་ཟེར་ལྟ་བུར་ནི། །བསམ་གཏན་བསམ་པ་ཙམ་གྱིས་ནི། །འཆི་བའང་ངེས་པར་སློང་བར་འགྱུར། །སྤྲུལ་ཆེན་བརྒྱ་ཡིས་ཟིན་ནས་ནི། །འཆི་བའང་མྱུར་དུ་སློང་བར་བྱེད། །དུག་གིས་བརྒྱལ་བར་གྱུར་པ་དག་།བསྟན་པ་ཙམ་གྱིས་སློང་བར་འགྱུར། །རིམས་དང་གདོན་དང་བརྗེད་བྱེད་དང ། །ལག་པ་མཐོང་བས་བརླག་པར་བྱེད། །གྲིབ་མ་ཡང་ནི་མི་འགོམ་ན། །དེ་ཡི་ལུས་ལྟ་སྨོས་ཅི་དགོས། །ཟངས་མ་ཡི་ནི་འདབ་མ་འམ། །ལག་པ་གཡོན་པར་འཁོར་ལོ་འདི། །བ་བླ་དང་ནི་ཡུང་བས་བྲི། །དེ་ནས་ཆུ་ཡི་ནང་བཞག་ལ། །ཇི་ལྟར་འབྱུང་བཞིན་འབད་དེ་མཆོད། །མཚམས་ཀྱི་དུས་སུ་མཉམ་བཞག་པས། །དེ་བཞིན་དུ་ནི་སྔགས་བཟླས་བྱ། །ཆུ་ཡི་ནང་ནས་བཏོན་ནས་སུ། །འོ་མས་བཀྲུས་ལ་རྒྱ་མཚོར་གཞུག་།གཡུལ་དུ་ཁུ་ཚུར་བཅངས་ནས་ནི། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་ཏེ། །ཡིད་ལ་རྟག་ཏུ་ཟློས་བྱེད་ན། །ཇི་སྲིད་ཁུ་ཚུར་མ་དཀྲོལ་བར། །མྱུར་དུ་ཐམས་ཅད་རེངས་འགྱུར་ཏེ། །དགྲ་བོ་གལ་ཏེ་ལག་ན་ནི། །མཚོན་ཆ་ཕྱར་ཏེ་ཐོགས་པ་ཡང ། །ཇི་སྲིད་ཁུ་ཚུར་མ་དཀྲོལ་བར། །མཚོན་ཆ་གཏོང་བར་མི་ནུས་སོ། །ཡི་གེ་བདུན་དང་རྣལ་
391a
༄#། །འབྱོར་མ། །དྲུག་གི་ཡི་གེ་འདི་དག་ནི། །འཁོར་ལོ་དྲུག་ལ་གནས་པར་ནི། །ལག་པའི་དབུས་སུ་བཀོད་ནས་སུ། །ཆོ་ག་རིག་པས་བཅང་བར་བྱ། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །དེ་ཡི་གཟུགས་གྱུར་བཟུང་ནས་ནི། །དེ་ནི་འགུགས་འགྱུར་ཐེ་ཚོམ་མེད། །ཙནྡན་དམར་པོའི་རྡུལ་དང་ནི། །ལན་ཚཝ་སྐེ་ཚེ་དེ་བཞིན་ཏེ། །བསྒྲུབ་བྱའི་རྐང་རྗེས་རྡུལ་དང་ནི། །གཅིག་ཏུ་བྱས་ནས་བརྟག་པར་བྱ། །ལན་བརྒྱར་བཟླས་ཏེ་རབ་བསྒོམས་ན། །ས་བདག་སྐྱེ་བོའི་ནོར་དང་ནི། །བཅས་ཏེ་དབང་དུ་འགྱུར་བའམ། །དེ་ནི་འགུགས་འགྱུར་ཐེ་ཚོམ་མེད། །སྦྱོར་བ་འདི་ནི་འགྲུབ་པ་སྟེ། །གཞན་དག་ཏུ་ནི་ང་མི་སྨྲ། །རྡུལ་དེ་ཉིད་ནི་བཟུང་ནས་སུ། །ལྕགས་ཕྱེ་དང་ནི་བསྲེ་བར་བྱ། །དུར་ཁྲོད་རས་ལ་གཏུམ་ནས་སུ། །ལན་བདུན་དུ་ནི་བཟླས་པར་བྱ། །ལམ་གྱི་བཞི་མདོར་སོར་བརྒྱད་ཙམ། །བརྐོས་ཏེ་དགྲ་ཡི་མིང་ནས་ནི། །བཟུང་ནས་ས་ཡིས་དགབ་པར་བྱ། །གང་གི་མིང་བཟུང་དེ་བཅིངས་འགྱུར། ། ཕྱེ་མ་དེ་ཉིད་བཟུང་ནས་སུ། །འོ་མ་ཡིས་ནི་འབད་དེ་བཀྲུ། །སླར་ཡང་གྲོལ་འགྱུར་ཐེ་ཚོམ་མེད། །ཕྱེ་མ་དེ་ཉིད་བཟུང་ནས་སུ། །སྨྱོ་བྱེད་ལྔ་དང་ལྡན་པར་བྱ། །རོ་ཡི་གོས་ལ་བསྒྲུབ་བྱ་ཡི། །མིང་བྲིས་ནས་ནི་གཏུམ་པར་བྱ། །ལན་བརྒྱ་བཟླས་ཏེ་དུར་ཁྲོད་དུ། །སྦས་ན་སྐྱེས་བུ་འཕྲལ་དུ་ནི། །སྨྱོ་འགྱུར་འདི་ལ་ཐེ་ཚོམ་མེད། །ཕྱུང་ནས་བ་ཡི་འོ་མ་ཡིས། །འབོད་
391b
དེ་སླར་ཡང་བཀྲུས་ན་ནི། །གྲོལ་འགྱུར་འདི་ནི་ཐེ་ཚོམ་མེད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། ། རྡོ་རྗེ་དཔའ་བོའི་འཁོར་ལོ་གསུངས། །ཟླ་བའི་དབུས་གྱུར་རྡོ་རྗེ་ནི། །རྩེ་གསུམ་དེ་བཞིན་ཁ་དྲུག་པ། །སླར་ཡང་ཟླ་བར་པདྨ་ནི། །འདབ་དྲུག་ལེགས་པར་གནས་པ་བྲི། །དེ་ཡི་དབུས་གྱུར་ས་བོན་ནི། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའོ། །སྔགས་པས་ལྟེ་བར་བྲི་བར་བྱ། །བསྒྲུབ་བྱའི་མིང་ནི་སྤེལ་བར་བྱ། །རྡོ་རྗེ་སེམས་སོགས་ལྷ་རྣམས་ནི། །ཐམས་ཅད་སྣ་ཚོགས་བླ་ན་མེད། །སངས་རྒྱས་ཀུན་གྱི་གོ་ཆ་ཆེ། །མཛེས་མའི་གདོང་ཅན་ཁྱོད་ལ་བཤད། །དབུས་སུ་སྔ་མའི་གསང་སྔགས་བྲི། །པདྨའི་འདབ་མར་དེ་བཞིན་གཞན། །རིང་པོ་དྲུག་ནི་ཡོངས་སྤངས་པ། །རྡོ་རྗེ་ཡི་ནི་ལྟེ་བར་བྲི། །གུར་གུམ་སེན་རྩི་རང་ཁྲག་དང ། །རོ་ཙ་ན་ཡིས་གྲོ་ག་ལ། །ཆོ་ག་བཞིན་དུ་བྲིས་ནས་ནི། །དུས་གསུམ་དུ་ནི་བཟླས་བྱས་ལ། །མཆོད་ཆེན་བྱས་ནས་གཟུང་བར་བྱ། །ལན་བདུན་དུ་ནི་མངོན་བཟླས་ཏེ། །གོས་ཀྱི་ཐ་མར་བཅིང་བར་བྱ། །ལམ་དུ་འགྲོ་ན་རྐུན་པོ་དང ། །སྟག་སོགས་འཇིགས་པར་མི་འགྱུར་རོ། །ཐམས་ཅད་དུ་ནི་སྲུང་འགྱུར་བ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལྟེ་བ་དེར་ནི་ཐིག་ལ་ཡིས། །བསྐོར་བའི་ཐིག་ལེ་དག་ཀྱང་བྱ། ། རི་ཙ་ཏ་ཀ་བཅུད་དང ། །ཡུང་བ་དག་གིས་ཁྱད་པར་དུ། ། ཤོ་ཀ་ཡི་སྨྱུག་གུ་ཡིས། །དཔའ་བོ་ཡིས་ནི་རས་མར་བྲི། །
392a
༄#། །བསྒྲུབ་བྱའི་མིང་དང་སྤེལ་བ་ཡི། །སྔགས་འདི་སྟོང་དུ་དེ་ནས་བཟླ། །བསྒྲུབ་བྱའི་རྐང་རྗེས་ས་དང་ནི། །གླང་པོ་ཆེ་ཡི་རྐང་རྗེས་རྡུལ། །དུར་ཁྲོད་ཐལ་བར་བཅས་པ་ལས། །སྒྲུབ་པོས་གཟུགས་བརྙན་བྱས་ནས་སུ། །བཅིང་བས་བཅིངས་ཏེ་དེ་ཡི་ནི། །སྙིང་ག་རུ་ནི་གཞུག་པར་བྱ། །མེ་ཏོག་སེར་པོས་མཆོད་ནས་ནི། །གསང་བའི་གནས་སུ་སྦས་གྱུར་ན། །དགྲ་རྣམས་ཐམས་ཅད་འཆིང་འགྱུར་ཞིང ། །རླག་པར་བྱེད་པ་མི་བཟད་པར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །མཁའ་འགྲོ་མ་ཡི་སྙིང་པོའི་སྔགས། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས། །ནམ་མཁའི་དབྱིངས་གྱུར་ས་བོན་ནི། །ཀུན་ཏུ་འོད་ཟེར་རབ་འཕྲོ་བ། །སྟོན་ཀའི་ཟླ་ལྟར་དྲི་མེད་པའི། ། འཁོར་ལོ་རྩིབས་ནི་བཅུ་གཉིས་བྱ། །རྩིབས་དེ་རྣམས་ལ་ས་བོན་གྱི། །ཡི་གེ་མཆོག་ཏུ་ཕན་པ་དགོད། །དེ་ཡི་ལྟེ་བར་དགོད་བྱ་བ། །རིག་པ་ཆེན་མོའི་ཡི་གེ་ཆེ། །སྲུང་བ་རྡོ་རྗེའི་ཆོ་ག་རིགས། །མཁའ་འགྲོ་མ་ཀུན་ཆོ་ག་བྱ། །སྔགས་ཀྱི་རྒྱལ་པོ་བསྐུལ་བ་ཡི། །དབུས་སུ་བསྒྲུབ་བྱའི་མིང་བྲི་བྱ། །རྣམ་པའི་མཆོག་ཀུན་ལྡན་པ་རུ། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །གུར་གུམ་དང་ནི་རོ་ཙ་ནས། །གྲོ་ག་འམ་ནི་རས་དཀར་ལ། །སྙིང་སྟོབས་ཅན་གྱིས་བྲི་བར་བྱ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །ཐམས་ཅད་དུ་ནི་སྲུང་བ་དང ། །སྒྲུབ་པ་པོ་
392b
ཡིས་སྔར་བསྟན་བཞིན། །གདུག་པ་རྣམས་ནི་ཚར་གཅོད་བྱེད། །དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །ལས་མཆོག་དེ་ནས་བཤད་པར་བྱ། །གང་ཞིག་བསྒྲུབས་པ་ཙམ་གྱིས་ནི། ། འཇིག་རྟེན་གསུམ་པོ་དབང་བྱེད་པའོ། །སྐྱེ་གཉིས་རྡོ་རྗེའི་རིགས་དང་ནི། །གཟུགས་བཟང་བུ་མོ་གཞན་ཡང་རུང ། །ཀཱ་ར་པཱི་རའི་མེ་ཏོག་དམར། །རྒྱལ་གྱི་སྦྱོར་བས་བསྒྲུབ་པར་བྱ། །གོ་རོ་ཙ་ནས་བསྒྲུབས་ནས་སུ། །མེ་ཏོག་དེར་ནི་ཆུར་གནས་ལ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །ལན་བརྒྱ་རུ་ནི་བཟླས་པར་བྱ། །ཆུ་བོ་ཆེན་པོར་ཞུགས་ནས་སུ། །ལྟེ་བ་མན་ཆད་ཆུར་བཅུག་སྟེ། །ལག་པ་ཐལ་སྦྱར་དབུས་བཟུང་ནས། །རིག་པ་སྟོང་དུ་བཟླས་པར་བྱ། །སྙིམ་པ་ཆུ་ཡིས་བཀང་བ་དང ། །བཅས་པས་སྒྲུབ་པོས་བཏུང་བར་བྱ། །དེ་ནས་དེ་ནི་འགྲུབ་འགྱུར་ཏེ། །སྒྲུབ་པོས་དག་ནི་གྲུབ་པ་ཡིས། །རྒྱལ་པོ་ཆུང་མར་བཅས་པ་དག་།ཡིད་ཀྱིས་འགུགས་འགྱུར་གདོན་མི་ཟ། །ཀཱ་ར་བཱི་རའི་མེ་ཏོག་ནི། །དམར་པོ་ཡང་དག་བཟུང་ནས་ནི། །རིག་པ་ལན་བདུན་བཟླས་བྱས་ལ། །སྐྱེ་གནས་དབུས་སུ་གཞུག་བྱ་སྟེ། །མེ་ཏོག་དེ་ནི་ཁ་སྦྱར་ནས། །གསང་བའི་གནས་སུ་གཞག་པར་བྱ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་པས། །བརྒྱ་ཕྲག་གཅིག་ཏུ་བཟླས་པར་བྱ། །སྒྲུབ་པོ་རྩེ་གཅིག་ཡིད་ཀྱིས་ནི། །མེ་ཏོག་དེ་ནི་བླངས་ནས་སུ། །མེ་ཏོག་གིས་ནི་གང་བསྣུན་པ། །དེ་ཡི་མོད་ལ་དབང་དུ་འགྱུར། །བརྒྱལ་ཞིང་སེམས་དང་བྲལ་བ་དང ། །ཡན་ལག་ཚིགས་ཀུན་གཞན་
393a
༄#། །དབང་སྟེ། །མངོན་གྱུར་སེམས་ནི་ལྡོག་པ་རུ། །སྐད་ཅིག་གིས་ནི་དབང་བྱེད་འགྱུར། །འདི་ནི་མངོན་སུམ་གྲུབ་པ་ཡི། །དོན་ཡོད་དབང་དུ་བྱེད་པ་ཡིན། ། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྣལ་འབྱོར་མ་རྣམས་འགུགས་པའི་ཆོ་ག་འཁོར་ལོའི་རྒྱལ་པོ་ཞེས་བྱ་བའོ། །གང་ཞིག་བྲིས་པ་ཙམ་གྱིས་སུ། །རྡོ་རྗེ་སེམས་དཔའང་བརླག་འགྱུར་ཞིང ། །དངོས་གྲུབ་མྱུར་དུ་སྟེར་འགྱུར་བ། །དེ་ནས་ཡང་དག་བཤད་པར་བྱ། །ཟླ་བའི་དབུས་གྱུར་རྡོ་རྗེ་སྟེ། །དེ་བཞིན་གཞན་ཡང་པདྨའོ། །ཀུན་ནས་རྣམ་པར་འཕྲོ་བ་ཡི། །མཁའ་འགྲོ་མ་ཡི་ས་བོན་དགོད། །དབུས་སུ་རྡོ་རྗེ་ཕག་མོ་ནི། །ཤིན་ཏུ་དྲག་ཅིང་གསལ་བའི་གཟུགས། །ཡི་གེའི་དགོད་པས་དགོང་པར་བྱ། །རིམ་པ་དེ་ལྟར་བརྗོད་པ་ལ། །ཞི་ལ་ཞི་བའི་ཡིད་ཀྱིས་སུ། །རོ་ཙ་ན་ཡིས་གྲོ་གར་བྲི། །ན་མོའི་གནས་དང་དུར་ཁྲོད་དུ། །གོས་ཆེན་དེ་བཞིན་ཁྲོ་དང་བཅས། །ཆགས་པ་ལ་ནི་དམར་པོའི་གོས། །རྒྱས་ལ་གོས་སེར་དེ་བཞིན་ཏེ། །དེ་དང་དེར་ནི་བསྒོམས་བྱས་ནས། །ཅི་རིགས་པར་ནི་སྦྲུལ་པར་བྱ། །བུ་མོ་གཞོན་ནུའི་རོ་ཡི་ནི། །གོས་ནི་འབད་དེ་བླངས་ནས་སུ། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །དེ་ཉིད་ལས་བྱུང་སོལ་བ་ཡིས། །སྣ་ཚོགས་རྡོ་རྗེ་ཁ་བཞི་ལ། །སྔགས་དང་སྤེལ་བར་བྲིས་ནས་ནི། །ལན་བདུན་དུ་ནི་བཟླས་ནས་སུ། །གང་གི་ཁྱིམ་དུ་སྦས་གྱུར་པ། །དེ་ནི་གཤིན་རྗེའི་གྲོང་ཁྱེར་དུ། །ཉི་མ་བདུན་
393b
གྱིས་འགྲོ་བར་འགྱུར། །དེ་ཡི་རྐང་པའི་རྐང་སྦུབས་དང ། །བུམ་པ་ལ་སོགས་དག་ཀྱང་རུང ། །རུས་པའི་ཕུར་བུའི་སྦུ་གུར་ནི། །འཁྲུལ་འཁོར་འདི་ནི་བཅུག་བྱ་སྟེ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །འཆི་འགྱུར་འདིར་ནི་གདོན་མི་ཟ། །ལས་རྣམས་ཀུན་ལ་སྒྲུབ་པ་པོས། །ཆོ་ག་དང་ནི་ལྡན་པར་བྱ། །རང་གིས་བཟུང་བའི་སྔགས་ཀྱིས་ནི། །བསྐལ་པ་བྱེ་བ་བརྒྱས་མི་འགྲུབ། །ལས་འདི་མཆོག་ཏུ་ཤེས་བྱ་སྟེ།། སྔགས་གཞན་རྒྱས་པས་ཅི་ཞིག་བྱ། །དེ་དག་ཐམས་ཅད་སྤངས་ནས་སུ། །འདི་ནི་འབད་དེ་གཟུང་བར་བྱ། །གང་དང་གང་གི་བསམ་གཏན་གྱིས། །སྒྲུབ་པོས་བཟླས་པ་བརྩམ་པར་བྱ། །སྦྱོར་བ་དེ་དང་དེ་དག་གིས། །འདོད་པའི་འབྲས་བུ་ཐོབ་པར་འགྱུར། །ཇི་ལྟར་ནོར་བུ་དག་པ་ནི། །རྫས་གང་ལ་བརྟེན་དེ་གཟུགས་འཛིན། །དེ་བཞིན་རྡོ་རྗེ་མཁའ་འགྲོ་ཡང ། །ཡང་དག་བསམ་གཏན་མཆོག་འཛིན་འགྱུར། །བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ཡི་དངོས་འགྱུར་ཏེ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །དེ་ཉིད་བསྡུས་དང་འདུས་པ་སྟེ། ། གཞན་ཡང་སྔོན་དང་ཐ་མ་ཡིན། །དེ་ཉིད་སྦྱོར་བའི་ཆོ་ག་ཅན། །བྱ་བའི་རྒྱུད་རྣམས་ཐམས་ཅད་དུ། །ཇི་སྲིད་མེ་ཡིས་འཇིག་གི་བར། །དེ་དེར་འགྲོ་བ་ཉོན་རྨོངས་འགྱུར། །ཐམས་ཅད་དུ་ནི་སྤངས་པ་སྟེ། །བརྩོན་འགྲུས་ཕ་རོལ་འཇོམས་པའོ། །རྡོ་རྗེ་སེམས་དཔའ་མཉམ་ལྡན་པའི། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །མྱུར་དུ་དངོས་གྲུབ་སྐྱེ་འགྱུར་བ། །འཕྲལ་དུ་ཡང་དག་ཡིད་
394a
༄#། །ཆེས་བྱེད། །སྒྲུབ་པོས་ཕྱག་རྒྱའི་སྦྱོར་བ་ཡིས། །ཉོན་མི་རྨོངས་པར་འགྲུབ་པར་འགྱུར། །དམ་ཚིག་མི་ལྡན་མི་དག་ལ། །ཀློག་གམ་གལ་ཏེ་བྱིན་གྱུར་ན། ། དམ་པའི་བདག་ཉིད་བཅོམ་ནས་ནི། །ངན་འགྲོ་རྣམས་སུ་ལྟུང་བར་འགྱུར། །གཡོན་གྱི་རྒྱུད་ནི་དམིགས་ནས་སུ། །སྐྱེ་བོ་གཡོན་གྱི་སྤྱོད་པ་བྱ། །ཐམས་ཅད་གཡོན་པས་བྱས་ནས་ནི། །མྱུར་དུ་དངོས་གྲུབ་འགྲུབ་འགྱུར་ཞེས། །སྒྱུ་མ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བའི་འཁོར་ལོ་འབྱུང་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྙིང་པོ་ཐམས་ཅད་བསྡུས་པ་སྟེ། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །སྒྲུབ་པོའི་བདུད་རྩི་སྦྱོར་བའི་མཆོག ། ག་བུར་དང་ནི་གུར་གུམ་དང ། །གནྡྷ་གནྡྷ་པ་ཏྲེ་སྟེ། །ཤིང་ཚ་དང་ནི་སུ་གསྨེ་ལ་བཅས། །ཀུ་སུཾ་དང་ནི་དེ་བཞིན་ཆུ། །བི་སི་ཏ་དང་ཀུན་དུ་རུ། །དེ་བཞིན་རི་ཡི་ཞགས་དང་ནི། །རི་སྐྱེས་དང་ནི་སྦུ་གུའི་ཞག་།དྲི་ཡི་མར་ཁུ་སོ་དང་ནི། །དེ་བཞིན་ལག་སྐྱེས་ཀྱི་ནི་རྡུལ། །གངས་ཀྱི་ཆུ་དང་སྙིང་པོ་དང ། །རྒྱ་མཚོ་ལས་སྐྱེས་དེ་དག་ནི། །ལུས་ཅན་རྣམས་ལ་ཕན་བྱེད་པ། །གང་གང་
394b
ལ་ནི་གངས་ཆུ་བཞིན། །དེ་ལྟར་བཅོ་བརྒྱད་རྫས་རྣམས་ནི། །བཅུད་ཀྱིས་ལེན་མཆོག་ཕན་བྱེད་ཡིན། །དེ་ནས་བརྟག་པའི་ལས་དང་ནི། །ཡོན་ཏན་ཡན་ལག་ཆོ་ག་བཤད། །ཙམ་པ་ཀ་དང་བ་ཀུ་ལ། ། ན་ག་གེ་སར་ཀུ་མུ་ད། །ུཏྤལ་ཤེ་ཕཱ་ལི་ཀ་དང ། །སྦྲང་རྩི་འཛག་དང་པྲི་ཡངྐུ། །ཀུ་སུ་མ་ནི་ཉིད་དག་གོ། །ཤྲཱི་ཕ་ལ་དང་པོ་སོ་འཆའ། །ཀ་པི་ཏ་དང་ལ་ཀུ་ཚ། །ཀུ་བ་དང་ནི་བརྟ་ཀི། ། རུ་ར་དང་བ་རུ་ར། །བ་ལ་ཏ་ཀ་སྐྱུ་རུ་ར། །ེ་ལ་ཙི་དང་ཕུ་ན་ཀ་།ེ་རཎྜཱ་དང་མི་རི་ཙི། །དེ་བཞིན་དུ་ནི་པི་པི་ལིང ། །བཅའ་བ་དང་ནི་ཤུ་དག་དང ། །ཡུང་བ་དང་ནི་རུ་རྟ་དང ། །བཙའ་སྒ་དང་ནི་སྒོག་སྐྱ་དང ། །རླན་ཅན་གྱི་ནི་དྭ་བ་དང ། །ནཱ་ག་ཕ་ལ་དཀར་པོ་དང ། །དེ་བཞིན་རྒན་པོ་གཞོན་ནུར་བྱེད། །གླང་ཆེན་དགྲ་དང་རི་མཛེས་དང ། །འཛག་དང་བྱིས་པ་སྟུག་པོ་དང ། །རལ་པ་དམར་པོ་སྨྱོ་བྱེད་དང ། ། མཚན་མོའི་ཤིང་དང་མྱུར་འགྲོ་དང ། །ཀ་ཏམྦ་དང་གསེར་ཤིང་སྟེ། །དེ་བཞིན་དུ་ནི་ཤི་རི་ཤ་།ཀ་རཉྫ་དང་ཤྲི་ཁྲུ་དང ། །ནི་མ་པ་དང་ནི་པི་ལ་སི། །དེ་བཞིན་ག་དུ་མ་ཛ་རི། །པ་ལ་ཤ་དང་ཙནྡན་གཉིས། །དེ་བཞིན་ཨ་གར་ནག་པོ་དང ། །གུར་གུམ་གུར་ཤིང་བྱེ་ར་ཀ་།སྦྲང་རྩི་མོཀྵ་པུསྐར། །མེ་ཏོག་འབྲས་བུ་རྩ་བ་དང ། །ཤུན་པ་ཤིང་དང་རོ་ཉིད་དོ། །ཁུ་བྱུག་ཟངས་ཀྱི་གཙུག་ཕུད་ཅན། །བྱ་རོག་དང་ནི་གར་ར་དང ། །རྨ་བྱ་ཏི་བྱ་ཕུག་རོན་དང ། །དྲང་སྲོང་བུ་སྟོབས་འཕེལ་བར་བྱེད། །ར་དང་རི་བོང་རི་དྭགས་དང ། །ས་ལི་ག་དང་ཕག་དང་ནི། །ཁྱད་པར་དུ་ནི་བྱི་བ་རྣམས། །ནད་རྣམས་ཐམས་
395a
༄#། །ཅད་འཇོམས་པར་བྱེད། །མེ་ཏོག་འབྲས་བུ་ཤུན་པའི་ཆང ། །དེ་བཞིན་དུ་ནི་འབྲུ་ཡི་ཆང ། །གཞན་ཡང་ཆང་གི་བྱེ་བྲག་དག། །མདོར་བསྡུས་ནས་ནི་བཏུང་བའི་མཆོག་།འདི་དག་སྐྱེས་པ་བུད་མེད་ཀྱི། །སྟོབས་རྣམས་བསྐྱེད་པའི་སྨན་ཡིན་ཏེ། །བཟའ་དང་བཏུང་དང་གཞིབ་པ་དང ། །བལྡག་པ་དང་ནི་མུར་བ་དང ། །སྣ་སྨན་མགོ་བོར་བསྐུ་བ་དང ། ། བཀྲུ་བ་དང་ནི་དྲིལ་ཕྱིས་དང ། །བཟའ་དང་བཏུང་སོགས་དེ་དག་ནི། །རྣལ་འབྱོར་པ་ཡི་སྦྱོར་བ་མཆོག་།དེ་ལྟར་དྲུག་ཅུ་རྩ་བཞི་ཡི། །རྫས་དང་བཅོ་བརྒྱད་དག་ཏུ་སྦྱར། །སྦོམ་པོ་ཕྲ་མོའི་སྦྱོར་བ་རྣམས། །སྐྱེས་པ་དང་ནི་བུད་མེད་ཀྱང ། །ཆུང་ངུ་ལ་སོགས་དབྱེ་བ་སྟེ། །རླུང་དང་མཁྲིས་པ་རྦད་ཀན་སོགས། །རེ་རེ་ཞིང་ཡང་གསུམ་དུ་འདོད། །ནག་པོ་དཀར་པོ་སྔོ་བསངས་ཏེ། །འཛག་དང་དེ་བཞིན་འཕོ་བ་ལའོ། །དགྲ་དང་མཛའ་བཤེས་བར་མ་སྟེ། །ཁམས་ཀྱི་སྡེ་ཚན་བསྡུས་པ་ཡིན། །དཔའ་བོ་གཅིག་དང་སྐྱེ་གཉིས་རྩ། །འབྲས་བུ་ཆེན་པོ་བསྐ་བ་གསུམ། །ལྷང་ཚེར་དང་ནི་དངུལ་ཆུ་བཞི། །བདུད་རྩི་ཡི་ནི་སྙིང་པོ་ལྔ། །དུས་དྲུག་དེ་བཞིན་དྲུག་ཅུ་སྟེ། །བདུན་པོ་ཡལ་ག་འདབ་སོགས་བཅས། །སྐམ་ས་དང་ནི་རླན་ཅན་ཡུལ། །མར་དང་མར་ནག་བཀྲུ་སྨན་ནི། །རྣོ་དང་དངུལ་ཆུའི་ཟས་སུ་སྦྱིན། །རང་སྐྱུར་དང་ནི་ཡུང་བ་དག་།ཆ་མཉམ་དངུལ་ཆུའི་འབྲས་བུ་སྟེ། ཉི་མའི་འོད་ཟེར་བསྲོས་ནས་ནི། །སྦྲང་རྩི་ཡི་ནི་ཐིགས་པ་བླུགས། །ཐལ་སྨན་ལན་
395b
ཚཝས་བུ་གར་བསྒྲུབ། །རོ་ནི་བསྐ་བ་རྣམས་དང་ཡང ། །ལྷང་ཚེར་དཀར་པོའི་སྐྱོ་མ་སྦྱིན། །དངུལ་ཆུ་དྲུག་ཆར་བྱ་བ་མཆོག་།སྐྱེད་བྱེད་དོན་ནི་རྒ་བ་འཇོམས། །ཆ་ནི་ཚད་ལྡན་འཆིང་བྱེད་དེ། །འབྲས་བུས་བྱ་བ་བྱེད་པར་འགྱུར། །སྔོན་དུ་གསེར་ཤོག་བླུགས་པ་ཡིས། །རང་སྐྱོན་འཇོམས་པའི་ཆོ་ག་ཡིན། །དེ་ནས་ཆུ་དང་ལན་ཚཝ་དང ། །ཐལ་བའམ་རྡུལ་ནི་བླུག་པར་བྱ། །དྲོན་མོ་བླུགས་ན་སྐྲ་དཀར་སྐྱེ། གླང་ཆེན་མགོ་ཡི་བཅུད་བླངས་ལ། །སེངྒེའི་ཚད་དུ་བཙོ་བར་བྱ། །དེ་ནས་སླར་ནི་ཕྱུང་ནས་སུ། །རྐའི་ཤིང་གི་ཁུ་བ་བླུགས། །ཚོས་པའི་འོད་ཀྱིས་སྙིང་མིག་འཇོམས། ། ཙནད་དང་ནི་ར་ས་ན། །སྒོག་སྐྱ་དང་ནི་ཀེར་ས་དང ། ། ཏྲ་པ་ཏིའི་རུས་པ་དང ། །དེ་བཞིན་དུ་ནི་མེ་ཏོག་གཟུང ། །བྱ་གྲི་དང་ནི་ཀུན་དུ་རུ། །ས་རི་བ་དང་སེན་མོ་དང ། །ནོར་བུ་ཟླ་འོད་ནཱ་གེ་སར།། ཐིགས་པའི་རྒྱུན་དང་ཀ་ཏམྤ། །ཙ་པ་ཀི་རི་སོ་བ་དང ། །ཤི་ཤུ་བིལ་བ་ཨུཏྤ་ལ། །རང་སྐྱུར་དང་ནི་བཅས་པ་རུ། །འཛག་དང་དངུལ་ཆུ་ཁ་ཚོས་བྱ། །ཕྱུང་ན་སྦྲུལ་གྱི་གཟུགས་ལྟར་འགྱུར། ། ཁྲག་དང་སྨྱོ་བྱེད་མཚན་ཤིང་བླུགས། །སྐྲ་དཀར་གྱི་ནི་ཉེས་པ་འཇོམས། །རྒས་དང་མཛེ་ནད་སེལ་བར་བྱེད། །རྣོན་པོ་ཐལ་སྨན་བཅས་པ་ཡིན། །བཀྲུས་ཤིང་བསྐུད་ན་གཞང་འབྲུམ་འཇོམས། ལྟོ་སྐྱེས་མེ་རྙིང་རྫས་ཀྱི་ལས། །བཅུད་དང་བཅུད་ལེན་མར་ཞག་བསྔགས། །ཤི་རི་ཤ་ཡི་རྩཝས་ཀྱང་གཟག་།མགོར་གནས་ལ་སྐྱེས་ལྡན་པར་བྱ། །མདོག་དམར་དངུལ་ཆུ་རྨོངས་པ་གསོལ་
396a
༄#། །གསོལ་ཏེ་འཁྲུལ་ན་འབྲས་བུའི་ལམ། །ཚད་ལས་འདས་ན་དུག་ཏུ་འགྱུར། །དེ་ནས་པགས་པ་ཤུན་པ་དང ། །མེ་ཏོག་དང་ནི་འབྲས་བུ་སོགས། །ཁ་དང་བསྐ་དང་མངར་བ་དང ། །ཚཝ་དང་སྐྱུར་པོ་ལ་སོགས་པས། །ཁྱད་པར་དུ་ནི་བཙོ་བྱ་བ། །ཁ་མེད་རྫར་ནི་བཙོ་བར་བྱ། །ཁ་དང་བཅས་པར་སྲེག་པ་སྟེ། །ཚར་གཅད་པ་དང་མནན་པ་ཡིས། ། ཁ་མེད་པ་དང་ཐོད་པའི་དབྱིབས། །འོད་མ་དང་ནི་བྱ་རོག་མ་ཆུ། །དེ་དག་བཙོ་བའི་ཞི་ཁ་རྫ། །བཙོ་བ་ཡི་ནི་ཚད་བཞི་ནི། །ཡིབ་དང་ཁྲོས་དང་འཐོར་བ་དང ། །བཞི་པ་ཆུ་རུ་འབྲོས་པའོ། །ཤིན་ཏུ་ཚོས་པར་གྱུར་ན་ནི། །འདར་དང་རྨོངས་དང་དུ་བ་དང ། །ཁྲོལ་ཁྲོལ་སྒྲ་ནི་སྒྲོག་པ་ཡིན། །བཙིར་དང་མཉེ་དང་དཀྲུག་པ་དང ། །དེ་བཞིན་དུ་ནི་བརྡུང་བའོ། །སྦྲང་རྩིར་བཙོ་དང་བུ་ར་མ་བཙོ། ། གླང་ཆེན་བཙོ་དང་སེངྒེར་བཙོ། །རྣོན་པོར་བྱས་ཏེ་བཙོ་བར་བྱ། །མཉེས་པས་དྲི་མའི་རྡུལ་འཐོར་འགྱུར། །བློ་གྲོས་འཁྲུལ་པ་མེད་པ་ཡིས། །རིམ་གྱིས་རིམ་གྱིས་མ་ཉེ་བར་བྱ། ། ཆ་ཡི་ཚད་བྱས་གསོ་བ་ན། །སྦྱངས་ནས་འགྱུར་གྱི་གཞན་དུ་མིན། །དེ་ནས་ཆ་གཞན་བཅས་པ་ལ། །གི་རི་ཀར་ནིའི་ཕྱེ་མ་ནི། །ལུགས་ལས་ལྡོག་པའི་ལམ་བཙུགས་ལ། །ཚད་ལྡན་ཆོ་ག་བཞིན་དུ་བཙོ། །དུ་རུ་ཀ་དང་བ་ལི་ཀ་།ཙཀྲ་མར་དེའི་ས་བོན་དང ། །བ་ལ་ཏ་ཀ་ཤི་ཀྲུའི་འབྲས། །བ་རི་ཙ་ཏ་ཀུ་སུ་མ། །ུཏྤལ་མ་ལི་ཀ་ས་བོན། །བར་དར་རུས་པ་ཀ་སི་དང ། །ས་རི་ས་སྐུ་
396b
ས་བོན་དང ། །སྦྲང་རྩི་པོ་སོན་པ་ལ་ཤ་།ཞི་ག་རྫེའུ་ནི་ཚོས་པ་དང ། །དེ་དག་སྐྱོ་མ་བསྐྱེད་ཕྱིར་བླུགས། །དེ་དག་གི་ནི་རྟོགས་བྱས་ལ། །ཡིད་ལ་སེམས་པའི་འཁྲུལ་འཁོར་གྱིས། །བུ་མོའི་བཅུད་ནི་དྲངས་ཏེ་བླུགས། །འདི་ཡིས་རབ་ཏུ་བསྒྲུབ་པར་བྱ། །གཞན་དུ་ནམ་ཡང་མ་ཡིན་ནོ། །བུ་མོ་གཅིག་དང་གཉིས་དང་ནི། །མང་པོའི་བར་དུ་བརྟག་པར་བྱ། །ལྷང་ཚེར་དངུལ་ཆུ་ཤིང་ཆེན་ནི། །དེ་ཚེ་འབྲས་བུ་སྨིན་པར་འགྱུར། །བྱ་བ་ཀུན་གྱི་ལམ་གྱིས་ནི། །བྱེད་པ་པོ་དང་ཟ་བོར་འགྱུར། །ལྷ་ཡིས་རྒྱ་མཚོ་བསྲུབས་པ་བཞིན། །ཉི་ཤུ་རྩ་ལྔའི་ཆ་ཡི་བར། །སྟོབས་ལྡན་བཟུང་བ་གནས་སུ་འགྱུར། །རྫུ་འཕྲུལ་གྱི་ནི་ཚད་དང་ལྡན། །དངུལ་ཆུ་རྨ་བྱའི་མགྲིན་འདྲ་དང ། །སྦྲུལ་གྱི་གཟུགས་དང་སྦལ་བའི་གཟུགས། །ཆུ་འཛིན་དབྱིབས་དང་རྣམ་པ་བཞི། །ས་ལའི་དྲི་དང་དྲི་ཞིམ་དང ། །དེ་བཞིན་ཆང་དང་ཆང་མིན་དྲི། །ཆ་གཉིས་དང་ནི་ཆ་གསུམ་དང ། །བུད་མེད་མདོག་ཉམས་སྣང་འགྱུར་ཞིང ། །བོང་ཚོད་རན་དང་རིང་བ་དང ། །ཡན་ལག་རྩུབ་འདོད་མགྲིན་པ་རིང ། །མིག་ནི་ཟངས་ལྟར་དམར་བ་སྟེ། །སྟོབས་ལྡན་སྔོ་བསངས་ནུ་མ་མེད། །རྐེད་པའི་ཁྱད་པར་སྔར་བཤད་དང ། །སྦྲང་རྩི་ལྟ་བུའི་དྲི་དང་ལྡན། །སྒྲུབ་པོ་དབང་པོའི་ཡོན་ཏན་བྱེད། །དེ་རྣམས་ཐབས་ཀྱིས་སྦྱངས་ཡིན་ཏེ། །རྩུབ་དང་མཉེན་དང་ཡན་ལག་མཁྲད། །སྟོབས་ལྡན་ཞེས་ནི་བྱ་བ་ཡིན། །དེ་དང་འཁྱུད་ལས་བྱུང་བ་ནི། །རྫས་ནི་ཡོངས་སུ་སྦྱོར་བྱེད་དེ། །རྣོན་པོ་དང་ནི་ལྷང་ཚེར་ལ། །ཐུན་མོང་དུ་ནི་བསྟེན་ནས་སུ། །ཞ་ཉེ་བླུགས་པས་འཇོམས་
397a
༄#། །པར་འགྱུར། །རོ་ནི་ཁ་དང་བསྐ་བར་འགྱུར། །དེ་ནས་རང་སྐྱུར་ནང་དུ་ནི། །ལྕི་བས་བཙོས་ན་ཉེས་པ་འབྱང ། །དེ་ནས་གཅི་བའི་ལན་ཚཝ་དང ། །ཕག་གི་ཞག་དང་ཚིལ་དང་ཁྲག་།བཅས་པར་མཉེས་ནའང་ཉེས་པ་འབྱང ། །སླར་ཡང་ཅུ་ཏ་ཛཱ་ཏི་ནི། །ཚཝ་དང་དམར་པོ་ཉིད་དང་ནི། །པི་ན་ཛ་ར་དང་ཙམ་པ་དང ། །སྨྱོ་བྱེད་ཆ་མཉམ་དངུལ་ཆུ་གཅིག་།དེ་དང་མཉམ་པའི་སྦྲང་རྩི་ཆུ། །མཉེས་ན་ཉེས་པ་ཟད་པར་འགྱུར། །དེ་ནས་མ་ཧེའི་རྨིག་པར་ནི། །ཆར་པའི་ཆུ་དང་བཅས་པ་ལ། །ཟངས་ཀྱི་ཕྱེ་མ་མཁར་ཕྱེ་དང ། །མིག་སྨན་ཕྱེ་མ་བླུགས་ཤིང་བཙོ། ། ཚོས་ནས་སྦྲང་རྩིའི་ནང་དུ་གཞུག་།དེ་ཡིས་བཅིངས་པར་འགྱུར་བ་ཡིན། །དེ་ནས་ཁྲག་ནི་ཆ་བདུན་གྱིས། །སྦྱངས་ན་སྣུམ་ཞིང་སྟོབས་ལྡན་ལ། །སླར་ཡང་ཆ་མཉམ་ཁྲག་དང་ནི། །མཉེས་པས་སྣུམ་ཞིང་རྩུབ་པར་འགྱུར། །ར་གན་ཙུ་ཏའི་ཤིང་དང་ནི། །ཟངས་དང་ཡུངས་པ་ལ་སོགས་དྲུག་།བྱིན་པས་ཉེས་པ་ཚར་གཅོད་འགྱུར། །དེ་ནས་ཙནྟའི་ཤིང་དང་ནི། །སྦྲང་རྩི་འཛག་དང་སེན་མོ་དང ། །ཐལ་སྨན་འབུས་ཟོས་ཤིང་ཕྱེ་དང ། །མ་ཧཱ་ཧ་ཏ་མོ་ཀྵ་དང ། །པུསྐ་ར་དང་བརྟ་གི་།ཀུ་བ་སིནྡུ་བ་རི་ཕྱེ། །བཅས་པར་མི་ཡི་རྐང་དུ་གཞུག་།ཅུང་ཟད་བཞག་སྟེ་ཕྱུང་ནས་སུ། །རྡོ་ཡི་གཏུན་དུ་མཉེ་བར་བྱ། །འོད་མའི་ནང་དུ་བླུགས་ནས་ནི། །བཙོ་ཛ་རྒོད་མའི་ཁ་འདྲ་དང ། །ཀར་ན་ད་ཡི་ཆུ་ཡི་དབྱིབས། །བོང་བུའི་གདོང་དང་རྔ་མོའི་གདོང ། །ཁ་ཆེན་འདི་དག་བཅིང་བ་
397b
དང། །ཚར་བཅད་པ་ལ་བསྔགས་པ་ཡིན། །གང་ཡང་འཁྲུལ་འཁོར་ཁ་ཆེ་བ། །རྫ་རྔ་ཡི་ནི་དབྱིབས་འདྲ་དང ། །འོ་མའི་དབྱིབས་འདྲ་ལ་སོགས་དང ། །མཚོན་ཆ་རལ་གྲིའི་ཤུགས་འདྲ་བ། །ཀངྐ་ཡི་ནི་མགྲིན་པ་འདྲ། །ཉེས་པ་ཚར་གཅོད་པ་ལ་བསྔགས། །གཞན་ཡང་དངུལ་ཆུ་བཅིངས་པ་ལ། །བཤད་པ་དེ་དག་རྗེས་སུ་གཟུང ། །བཞི་ཆ་ལུས་པ་བཙོ་ཡིན་ཏེ། །ཕྱེད་ལུས་སྟོབས་ཆེན་བཙོ་བ་ཡིན། །དངུལ་ཆུར་བརྟེན་པའི་དྲི་མ་ནི། །དེ་བཞིན་དུ་ནི་སྦྱང་བར་བྱ། །སྦྱང་པ་དང་ནི་རྟོགས་པ་དང ། །རྨོངས་པ་དེ་བཞིན་གསོད་པའོ། །དེ་ནས་ལྷང་ཆེར་རྡུལ་ཕྱེ་དང ། །བཅས་པར་རྩི་ཡི་ནང་དུ་བླུག་།བན་དུ་ཞེས་བྱའི་ཕྱེ་མ་ནི། །སྐྱོ་མར་བཅས་པའི་ནང་དུ་བཏུང ། །ལྷང་ཚེར་དངུལ་ཆུ་རྣོན་པོ་ཡི། །ཆོ་ག་ཡིས་ནི་སོ་སོར་བཅིང ། །དེ་ནས་ཅུང་ཞིག་ངལ་བསོ་བྱ། །བཞག་པ་མེ་ཡི་གནས་སམ་ནི། །ཆུ་ཡི་ཤིང་ལ་བརྟེན་པར་བྱ། །ལྕི་བའམ་འབྲས་ཀྱི་ཕུང་པོའང་རུང ། །རྔོ་བ་ཡི་ནི་ནང་དག་དང ། །བ་ལང་མ་ཧོ་སོགས་པའི་ལྟས། །བྱེ་མ་ཡི་ནི་ཕུང་པོར་སྦོ། །དེ་ནས་ངལ་བསོ་ཕྱུང་ནས་ནི། །གཟུགས་དང་སྒྲ་དང་དྲི་རོ་སོགས། །ཚད་དང་མཚན་མ་ཇི་བཞིན་བརྟག་།ལ་ལའི་འབྲས་བུ་ལའི་རྩ། །ཁ་ཅིག་མེ་ཏོག་འདབ་མ་དང ། །ཤུན་པ་དང་ནི་རུས་པའང་རུང ། །རྣལ་འབྱོར་པ་ཡིས་ལོངས་སྤྱོད་ནི། །རྣམ་པ་སྣ་ཚོགས་བལྟ་བར་བྱ། །བཅོས་པའང་བཅོས་མིན་ཡོ་བྱད་ནི། །རྙེད་ན་རྡོ་རྗེ་འཛིན་འདྲར་འགྱུར། །དེ་ཡང་སྟོབས་ཅན་བཅུད་བྲལ་ན། །སྔོན་བཞིན་ཉེས་པ་སྣ་ཚོགས་འགྱུར། །
398a
༄#། །དངུལ་ཆུ་ལྷང་ཚེར་ཁ་དོག་ནི། །སྣ་ཚོགས་དང་ལྡན་སྐྱོན་ཡིན་ཏེ། །ཁྲག་དང་མཁྲིས་པ་སྐྱེད་བྱེད་ཡིན། །དམར་པོས་ཁྲག་ཀྱང་སྐྱེད་པར་བྱེད། །དཀར་པོས་ཟུག་གཟེར་སྐྱེད་འགྱུར་ཞིང ། །སྲོག་ནི་འཇོམས་པར་བྱེད་པ་ཡིན། །ལྗང་སེར་དག་ནི་མ་སྨིན་དང ། །སེར་སྐྱ་ལམ་ནི་འགག་འགྱུར་ཞིང ། །ཉིས་འགྱུར་ཆ་ནི་ཤིན་ཏུ་འཆིང ། །ཉེས་པ་དག་ནི་བརྒྱར་ལྡན་པས། །བློ་དང་ལྡན་པས་དཔྱད་དེ་བཟའ། །སྔོ་དང་ནག་པོ་བཅུད་ཆེན་ཡིན། །དེ་ལྟར་བཅུད་ལེན་རྣམ་དཔྱད་ན། །ཆུ་སྐྱེས་ཆེན་པོའི་ཡོན་ཏན་ལྡན། །དངུལ་ཆུའི་འོལ་སོ་གཅིག་དང་ནི། །རྒྱ་མཚོ་ལས་བྱུང་ཉིས་འགྱུར་ལྡན། །བཞི་འགྱུར་གྱི་ནི་མེ་ཏོག་བཅས། །སྣ་སྨན་བལྡག་པའི་མཆོག་ཡིན་ཏེ། །ཁྲག་དང་དངུལ་ཆུ་བཅུ་འགྱུར་དུ། །རིམ་གྱིས་སྤེལ་ཏེ་བཟའ་བར་བྱ། །དེ་ཕན་ཆད་ནི་འབྲས་བུ་མེད། །དངུལ་ཆུ་བསོ་བས་རྨོངས་པ་དང ། །ཁྱད་པར་དུ་ནི་བསད་ཀྱང་རུང ། །སྔར་བསྟན་པ་ཡི་མེ་ཏོག་དང ། །བྱང་ཆུབ་སེམས་དང་བཅས་ཏེ་བཟའ། ། ཐམས་ཅད་དུ་ནི་སྔ་དྲོ་བཟའ། །ཆོ་གའི་རིམ་པ་འདི་ཡིན་ནོ། །ལྷང་ཚེར་ཆུ་དང་དངུལ་ཆུ་ནི། །དགོང་མོའི་དུས་སུ་བལྡག་པར་བྱ། །ཟླ་བ་ལ་ནི་ཟླ་བའི་ལམ། །ཉི་མ་ལ་ནི་ཉི་མ་སྟེ། །དེ་དང་དེ་ནས་སྦྱིན་པར་བྱ། །དེ་ལྟར་ཡུལ་དང་དུས་དང་ནི། །རྫས་རྣམས་རྒྱ་ཆེར་བསྟན་པ་དག་།ཡིད་གཞུངས་ལ་སོགས་འཕེལ་བྱེད་ཡིན། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་
398b
འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་བ་\?\་ཁལ་རྡོ་རྗེ་མཁའ་འགྲོ་ལས། །བཅུད་ཀྱིས་ལེན་གྱི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་དུ་སྦས་པ་ངེས་པར་བྱ། །ཡང་དག་བསྡུས་པའི་ཆོ་ག་ནི། །བཤད་ཀྱི་སྒྲུབ་པ་པོ་རྣམས་ཉོན། །བདེ་མཆོག་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཡེ་ཤེས་ལྡན་པའི་རང་སྐྱེས་གནས། །ཡུལ་དང་ཡུལ་དུ་མངོན་པར་སྐྱེ། །འདི་ནི་མཁའ་འགྲོ་མ་ཞེས་བྱ། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་ཡིན། །རྣལ་འབྱོར་མ་དྲུག་སྒྲུབ་པོ་ལ། །བརྡ་ཡི་སྐད་ཀྱིས་བཤད་པ་ཡིན། །ཀུ་ལུ་ཏ་དང་མ་རུ་ཡི། །ཡུལ་དུ་གནས་པ་མ་མོ་སྟེ། །སིནྡྷུ་དང་ནི་ན་ག་རར། །རིགས་ཀྱི་གཙོ་མོ་རྣམས་ཡིན་ནོ། །ལམ་པ་ཀ་དང་སཽ་རཱཥྚར། །གང་གནས་རིགས་ཀྱི་ལྷ་མོ་ཡིན། །ཁ་བའི་རི་དང་ཀཉྡྩི་ན། །གང་ཡོད་བྱིས་བཅས་མོ་ཞེས་བྱ། །པཱཉྩ་ལ་ཡི་ཡུལ་དག་དང ། །གྲི་ཧ་དེ་བ་ཏཱ་དག་ན། །ལྷན་ཅིག་སྐྱེས་པའི་བུ་མོ་གནས། །ཀ་ལིངྐ་དང་ཀོ་ས་ལར། །བརྟུལ་ཞུགས་འཛིན་མ་ཤ་ཆེན་ཟ། །པྲེ་ཏ་པུ་རི་ཞེས་བྱ་དང ། །ཏྲི་ཤ་ཀུ་ན་རི་སྦོམ་དབང་ཕྱུག་།ཁཎྜ་རོ་ཧ་ཞེས་བྱ་གནས། །པུ་ལླཱི་ར་དང་ཛཱ་ལནྡྷ་ར། །ཙཎྜ་ལི་ཡི་བུད་མེད་གནས། །ོ་ཊེ་དང་ནི་ཀཱི་རཱུ་ཡི། །ཡུལ་དུ་བུ་མོ་ཆེན་མོ་སྟེ། །དེ་བཱི་ཀོ་ཊི་ཞེས་བྱ་དང ། །རཱ་མེ་ཤཝ་རིའི་བུ་མོའང་འདོད། །གོ་དཱ་བ་རི་
399a
༄#། །ར་བུ་དར། །མཁའ་འགྲོ་མ་ཡི་དབང་ཕྱུག་མཆོག་།གསེར་གླིང་ཇི་ལྟར་བསྟན་པ་བཞིན། །ཽརྱ་ན་ཡང་ནི་དེ་བཞིན་ནོ། །ཡུལ་འདི་རྣམས་ཀྱི་བུ་མོ་གང་།། དཔའ་བོ་གཉིས་མེད་ཁྱབ་པ་སྟེ། །ཀུན་ཀྱང་འདོད་པའི་གཟུགས་ཅན་མ། །ཡིད་ཀྱི་ཤུགས་ཀྱིས་འཇུག་མ་ཡིན། །དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་སླར་ཡང་མཆོད་ཅིང་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །མཁའ་འགྲོ་མ་ཡི་ཁྱད་པར་དང ། །ཞིང་སྐྱོང་འཇིགས་པ་ཆེན་པོ་ཡི། །མིང་དང་ཞིང་གི་མིང་དང་ནི། །གནས་རྣམས་ཀྱི་ནི་ཁྱད་པར་དང ། །གང་དུ་སྒྲུབ་པ་པོས་ཐོས་ན། །ཐེ་ཚོམ་མེད་པར་འགྲུབ་འགྱུར་བ། །དེ་དག་ཐམས་ཅད་མདོར་བསྡུས་ཏེ། །གཙོ་བོས་བདག་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ང་ཡིས་གང་ལའང་མ་བཤད་པའི། །གསང་ཆེན་ཤིན་ཏུ་རྙེད་དཀའ་བའི། །གང་ཡིན་ཁྱོད་ནི་ཞུ་འདོད་པ། །ལེགས་སོ་ལེགས་སོ་ལྷ་མོ་ཆེ། །སྒྱུ་མ་ཆེན་མོར་རང་འགྲོ་བ། །བཤད་ཀྱི་རྩེ་གཅིག་ཡིད་ཀྱིས་ཉོན། ། ཊྚ་ཧ་སེའི་ཡུལ་གནས་པ། །ཞི་བའི་གདོང་ཞེས་གྲགས་པ་སྟེ། །རྒྱལ་བའི་ལྷ་མོའི་སྐྱེ་གནས་འབྱུང ། །རྡོ་རྗེ་ཡི་ནི་མཚོན་ཆ་བསྣམས། ། ཡུལ་དེར་གནས་པའི་ལྷ་མོ་དེ། །ཀ་ཏཾ་པ་ཡི་ཤིང་ལ་བརྟེན། །དྲིལ་བུ་ཆེན་པོ་ཞེས་བྱ་བའི། །ཀྵེ་ཏྲ་པཱ་ལ་སྟོབས་པོ་ཆེ། །ཀཽ་ལ་ཀིར་ནི་དཔལ་ཆན་མོ། །གཙིགས་པའི་སྐྱེ་གནས་ལས་བྱུང་བ། །
399b
གཙིགས་པའི་གཟུགས་ཅན་ལྷ་མོ་སྟེ། །རྣམ་པར་འགྱུར་ཞིང་འཇིགས་སུ་རུང ། །གྲོང་ཁྱེར་དེར་གནས་དྲག་ཤུལ་ཅན། །རི་ཡི་རྩེ་མོར་བརྟེན་ཏེ་གནས། །མེ་ཡི་གདོང་པ་ཞེས་བྱ་བ། །ཀྵེ་ཏྲ་པཱ་ལ་མཛེས་པའི་གདོང ། །ད་ར་ནར་ནི་བདེ་བྱེད་མ། །སྨེ་བརྩེགས་ཆེན་པོའི་སྐྱེ་གནས་བྱུང ། །ལྷ་མོ་ག་ཡི་མཚོན་ཆ་བསྣམས། །ཆོས་ཀྱི་དབང་ཕྱུག་གསོལ་བ་མོ། །ཞིང་དེར་གནས་པར་གྲགས་པ་སྟེ། །ཏ་ལའི་ཤིང་ལ་བརྟེན་ཏེ་གནས། །གྱེན་དུ་འབར་སྐྲ་ཞེས་བྱ་བ། །ཀྵེ་ཏྲ་པཱ་ལ་གཙིགས་པ་ཆེ། །དེ་བཱི་ཀོ་ཊིར་རྣ་མོ་ཆེ། །སྟོབས་པོ་ཆེ་ཡི་སྐྱེ་གནས་བྱུང ། །ལྷ་མོ་ལག་ན་མདུང་ཅན་ཏེ། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་མཆོག་།གནས་དེར་ལྷ་མོ་དྲག་ཆེན་མོ། །བྷ་དྲའི་ཤིང་ལ་བརྟེན་ཏེ་གནས། །ཀྵེ་ཏྲ་པཱ་ལ་ལུས་ཆེན་པོ། །མཆོག་གི་དབང་ཕྱུག་རྒྱུ་ཞེས་བྱ། །པི་ར་ཛར་ནི་ཕྱི་མོ་སྟེ། །བ་དན་གྱི་ནི་ཕྱག་ན་བསྣམས། །ཞི་བའི་གཟུགས་ཅན་ལྷ་མོ་ཆེ། །འདོད་པའི་དབང་ཕྱུག་རབ་སྩོལ་པ། །ཞིང་དེར་གནས་པ་མེ་འབར་མ། ། མྲའི་ཤིང་ལ་བརྟེན་ཏེ་གནས། །ཧ་ཧར་དགོད་པ་སྒྲ་ཆེན་པོ། །སེམས་ཅན་ཐམས་ཅད་འཇིགས་པར་བྱེད། །ེ་རུ་དར་ནི་མེ་ལྕེ་འབར། །ཐོད་པ་དགེ་བའི་སྐྱེ་གནས་བྱུང ། །ལྷ་མོ་རྡོ་རྗེ་ཤགྟི་བསྣམས། །ཞིང་དེར་ཤིན་ཏུ་མྱོས་པས་གནས། །གྲོང་ཁྱེར་དེར་གནས་ལྷ་མོ་དེ། །གསེར་ཤིང་ལ་ནི་བརྟེན་ཏེ་གནས། །དྲིལ་བུ་སྒྲ་ཞེས་བྱ་བ་ཡི། །ཀྵེ་ཏྲ་པཱ་ལ་དཔའ་བོ་ཆེ། །པྲེ་ཏ་པུ་རིར་དམར་སེར་ཏེ། །འཇིགས་
400a
༄#། །པ་ཆེན་མོའི་སྤྱན་དང་ལྡན། །ལྷ་མོ་གཏུན་ཤིང་མཚོན་ཆ་བསྣམས། །གཙིགས་པའི་སྐྱེ་གནས་ལས་བྱུང་བའོ། །ཞིང་དེར་གནས་པའི་ལྷ་མོ་དེར། །ཛཱ་ཏིའི་ཤིང་ལ་བརྟེན་ཏེ་གནས། །བྱིན་ཆེན་ཞེས་བྱའི་ཞིང་སྐྱོང་ནི། །ཤིན་ཏུ་གཙིགས་ཤིང་འཇིགས་སུ་རུང ། །ེ་ལ་ཕུ་རིང་བོང་ཞོན་མ། །རབ་ཏུ་གཏུམ་པའི་སྐྱེ་གནས་བྱུང ། །ཕྱག་ན་ཞགས་པས་འཇིགས་ཆེན་མོ། །ཞིང་དེར་མྱོས་པས་ཡང་དག་གནས། །ཁྱོགས་དེར་གནས་པའི་ལྷ་མོ་དེ། །སྟོབས་ཆེན་ཕ་རོལ་གནོན་པ་མོ། །གླང་ཆེན་རྣ་བ་ཞེས་བྱ་བའི། ། ཞིང་སྐྱེས་མཆོག་ལས་སྐྱེས་པའོ། །ཁ་ཆེའི་ཡུལ་དུ་བ་ལང་རྣ། །གཏུམ་པའི་སྐྱེ་གནས་ལས་བྱུང་མ། །རྡོ་རྗེ་ལྕགས་སྒྲོག་ཐོགས་ནས་ནི། །སྒྲ་རྣམས་འཇོམས་ལ་མཆོག་ཏུ་བརྩོན། ། གནས་དེར་གནས་པའི་ལྷ་མོ་དེ། །རི་ཡི་རྩེ་ལ་བརྟེན་ཏེ་གནས། །སྤུ་གུའི་བྱིན་པ་ཅན་ཞེས་བྱའི། །ཀྵེ་ཏྲ་པཱ་ལ་འཇིགས་ཆེན་པོ། །མ་རུའི་ཡུལ་དུ་རིམ་པ་མོ། །འཇིགས་གདོང་དཔའ་བོའི་སྐྱེ་གནས་བྱུང། །ལྕགས་ཀྱུ་ཞགས་ཐོགས་ལྷ་མོ་དེ། །ཞིང་དེར་ཤིན་ཏུ་མྱོས་པས་གནས། །ཡུལ་དེར་གནས་པའི་ལྷ་མོ་དེ། །དབྱེ་ཆེན་ལ་ནི་བརྟེན་ཏེ་གནས། །གཙིགས་པ་ཞེས་བྱའི་ཞིང་སྐྱོང་ནི། ། རྨོངས་པར་བྱེད་པའི་བཞིན་ཡངས་པའོ། །ནག་རར་ནི་ཐོང་གཤོལ་མ། །སྨེ་བརྩེགས་ཡན་ལག་སྐྱེ་གནས་བྱུང ། །རོ་ལངས་ཅན་ནི་འོད་ཆེན་མ། །དཔའ་བོ་ཀུན་ལ་དངོས་གྲུབ་སྩོལ། །
400b
གནས་དེར་གནས་པའི་བཟང་མོ་དེ། །སྦ་ཡི་ཤིང་གི་ལྡུམ་རར་གནས། །སྦུ་ཡི་བྱིན་པ་ཞེས་བྱ་བའི། །ཀྵེ་ཏྲ་པཱ་ལ་གཙིགས་པ་ཆེ། །པཱུཎྜ་བརྡྷའི་ཡུལ་དུ་ནི། །ཙ་མུཎྜཱི་ཞེས་བྱ་བ་སྟེ། །སྟོབས་པོ་ཆེ་ཡི་སྐྱེ་གནས་བྱུང ། །ཁ་ཊྭཱཾ་ག་ཡིས་ལག་པ་བརྒྱན། །ལྷ་མོ་སྤྱོད་དང་གྲོལ་བར་བྱེད། །སྡིག་པ་མ་ལུས་ཟད་བྱེད་པ། །བུམ་པ་ཞེས་བྱའི་ཞིང་སྐྱོང་ནི། །ཞིང་དེ་ན་ནི་ཡང་དག་གནས། །ཛཱ་ལནྡྷ་ར་ནི་བཞིན་དྭངས་མ། །ཆགས་པའི་རིགས་ཀྱི་སྐྱེ་གནས་བྱུང ། །རྡོ་རྗེ་ལྕགས་སྒྲོག་ཐོགས་ནས་ནི། །བདེ་བའི་མཆོག་ནི་ཀུན་ལ་སྟེར། །གྲོང་ཁྱེར་མཆོག་དེར་གནས་ལྷ་མོ། །ཁང་པ་བརྩེགས་མར་བརྟེན་ཏེ་གནས། །རལ་པ་གསུམ་ཞེས་བྱ་བ་ཡི། །ཞིང་སྐྱོང་ཤིན་ཏུ་གཙིགས་པ་ཆེ། །པྲེ་ཏ་པུ་རིར་གློག་གི་གདོང ། །གཙིགས་པའི་སྐྱེ་གནས་ཡང་དག་བྱུང ། །ལྷ་མོ་དབྱིག་པ་ཤགྟི་ཐོགས། །བསམ་པ་ཐམས་ཅད་རྫོགས་བྱེད་མ། །ཞིང་དེར་གནས་པའི་ལྷ་མོ་དེ། །དྲག་པོའི་གཟུགས་ཅན་འཇིགས་པར་བྱེད། །དྲིལ་བུའི་སྒྲ་ཞེས་བྱ་བ་ཡི། །ཀྵི་ཏྲ་པཱ་ལས་སྨད་པ་མིན། །འུག་པའི་གདོང་ཅན་འཇིགས་སུ་རུང ། །སོ་པ་དེར་ནི་མེ་ལྕེའི་གདོང ། །ཟངས་གྲི་ཡིས་ནི་ལག་པ་བརྒྱན། །ཤ་ཆེན་གྱི་ནི་སྟན་ལ་གནས། །བདེ་བའི་དབང་ཕྱུག་རབ་སྟེར་བ། །ཞིང་དར་གནས་པའི་ལྷ་མོ་ཆེ། ཤལ་མ་ལི་ཡི་ཤིང་ལ་གནས། །བྱ་བ་ཀུན་མཛེས་ཞེས་བྱ་བའི། །ཀྵེ་ཏྲ་པཱ་ལ་འཇིགས་ཆེན་པོ། །ཙ་རིཏྟ་ཡི་ཡུལ་དུ་ནི། །ཀ་རཉྩ་གནས་ཞེས་བྱ་བ། །ཤགྟི་གཙིགས་པའི་སྐྱེ་གནས་བྱུང ། །
401a
༄#། །ཤགྟི་ཡི་ནི་ཕྱག་རྒྱ་ཐོགས། །དྲིལ་བུ་ཆེན་པོ་ཞེས་བྱ་བ། །ཀྵེ་ཏྲ་པཱ་ལ་སྟོབས་པོ་ཆེ། །སྦྲུལ་དང་ལྡན་པའི་གྱེན་སྐྲ་ཅན། །གདུག་པ་ཐམས་ཅད་འཇིགས་པར་མཛད། །ཽ་ཌྱན་དུ་ནི་ལྷ་མོ་ཆེ། །གསང་བ་ཞེས་བྱའི་སྐྱེ་གནས་བྱུང ། །ལྷ་མོ་རྡོ་རྗེ་ལྕགས་སྒྲོག་ཐོགས། །ཤིན་ཏུ་དྲག་ཅིང་གསལ་བའི་གཟུགས། །སྒྲ་ཆེན་ཞེས་བྱ་དྲག་པོའི་གཟུགས། །ཀྵེ་ཏྲ་པཱ་ལ་སྟོབས་པོ་ཆེ། །གནས་མཆོག་དེར་གནས་ལྷ་མོ་དེ། ། ཤོ་ཀ་ཡི་ཤིང་བརྟེན་གནས། །ཛཱ་ལནྡྷ་རར་གཏུམ་མོ་ནི། །ཞི་བ་ཡི་ནི་སྐྱེ་གནས་བྱུང ། །ལག་ན་ཟངས་ཀྱི་ཕྱར་ཏེ་ཐོགས། །དབང་ཕྱུག་ཐམས་ཅད་སྟེར་བ་མོ། །གནས་དེར་གནས་པ་དྲག་ཆེན་མོ། །གསེར་ཤིང་ལ་ནི་བརྟེན་ཏེ་གནས། །སྐྱེད་པ་ཞེས་བྱའི་དཔའ་བོ་ཆེ། །བདུད་རྣམས་ཐམས་ཅད་འཇིགས་པར་བྱེད། །ཀྵེ་རེ་ཀེར་ནི་སྐྱེ་བོའི་མ། །དྲག་ཅིང་སྔོ་ལ་སྟོབས་ཆེན་མ། །རལ་གྲི་ལག་ཐོགས་ལྷ་མོ་ཆེ། །དངོས་གྲུབ་ཐམས་ཅད་སྟེར་བ་མོ། །ལྷ་མོ་ཆེན་མོ་གྱན་སྐྲ་འབར། །སཱ་ལའི་ཤིང་ལ་བརྟེན་ཏེ་གནས། །ལྷུན་པོ་ཆེན་པོ་ཞེས་བྱ་བའི། །ཀྵེ་ཏྲ་པཱ་ལ་ཞིང་དེར་གནས། །མ་ཡ་པུ་རེར་འདོད་མ་སྟེ། །འཇིགས་པའི་གདོང་གི་སྐྱེ་གནས་བྱུང ། །རྡོ་རྗེ་ཤགྟི་དགེ་བ་ཐོགས། །སྒྲུབ་པོ་རྣམས་ལ་སྟོབས་སྟེར་བ། །གཟུགས་སྔོན་འཇིགས་པ་ཆེན་མོ་སྟེ། །འབྱུང་པོའི་ཤིང་ལ་བརྟེན་ཏེ་གནས། །དེར་གནས་འཇིགས་པ་ཞེས་བྱ་བའི། །
401b
ཀྵེ་ཏྲ་པཱ་ལ་སྟོབས་པོ་ཆེ། །བུ་ཏ་ནར་ནི་ཨ་མྲ་ཀེ་།དགྲ་རྣམས་ཐམས་ཅད་འཇིགས་བྱེད་པ། །ཐོང་གཤོལ་དང་ནི་ག་ཡ་ཐོགས། །སེམས་ཅན་ཐམས་ཅད་དབང་བྱེད་མ། །ད་རུའི་ཤིང་ལ་བརྟེན་ཏེ་གནས། །སེམས་ཅན་ཐམས་ཅད་འཇིགས་པར་བྱེད། །བརྟུལ་ཞུགས་ཆེན་པོ་ཞེས་བྱ་བའི། །ཀྵེ་ཏྲ་བཱ་ལ་ཞིང་དེར་གནས། །རྒྱལ་བའི་ཁབ་ཏུ་ཛན་ས། །ཁྲག་ཆེན་གྱི་ནི་སྐྱེ་གནས་བྱུང ། །རྡོ་རྗེ་ལྕགས་ཀྱུར་ཡང་དག་ལྡན། །ཕ་རོལ་གཡུལ་ལས་རྒྱལ་བར་མཛད། །ཞིང་དེར་གནས་པའི་ལྷ་མོ་དེ། །ཛི་ལི་འི་སྒྲ་འབྱིན་འཇིགས་པར་བྱེད། །རྣ་ཆེན་ཞེས་བྱའི་ཞིང་སྐྱོང་ནི། །རྟག་ཏུ་དེ་དང་ཉེ་བར་གནས། །བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །རང་བྱུང་གི་ནི་སྐྱེ་གནས་བྱུང ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །ཞི་ཞིང་གསལ་བའི་གཟུགས་ཅན་ཏེ། ། ཡུལ་དེར་གནས་པའི་ལྷ་མོ་དེ། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །ལོངས་སྤྱོད་ཅེས་བྱའི་དཔའ་བོ་ཆེ། །ཀྵེ་ཏྲ་པཱ་ལ་ཐུབ་དཀའ་བའོ། །མ་ལ་བར་ནི་དབང་བསྐུར་མ། །ཐོ་བ་ཡི་ནི་ཕྱག་རྒྱ་ཐོགས། །སྒྲུབ་པ་བོ་ལ་རྟག་ཏུ་བརྩེ། །གྲགས་དང་དཔལ་དང་བཀྲ་ཤིས་སྟེར། །ཞིང་དེར་གནས་པའི་ལྷ་མོ་དེ། །མངར་བའི་ཤིང་ལ་བརྟེན་ཏེ་གནས། །སྐྱེས་བུའི་དབང་ཕྱུག་ཅེས་བྱ་བའི།། ཞིང་སྐྱོང་སྣ་ཚོགས་དབང་ཕྱུག་ཡོད། །ཞིང་འདི་རྣམས་ཀྱི་བུ་མོ་དང ། །དཔའ་བོ་རྣམས་ནི་དངོས་གྲུབ་སྟེར། །རྟག་ཏུ་མཚན་མོ་འབྱིན་པ་དང ། །རྟག་ཏུ་མཚན་མོ་འདུ་བར་བྱེད། །མཁའ་
402a
༄#། །ལ་སྤྱོད་པ་རྙེད་དཀའ་བའི། །དངོས་གྲུབ་ཡངས་པ་སྟེར་འགྱུར་ཏེ། །སྒྲུབ་པ་པོ་ཡི་ལས་རྣམས་ནི། །ཐམས་ཅད་འགྲུབ་འགྱུར་ཐེ་ཚོམ་མེད། །དེ་ནས་དངོས་གྲུབ་ཀུན་སྟེར་བའི། །མཆོད་པའི་ཆོ་ག་བཤད་པར་བྱ། །མེ་ཏོག་བདུག་པ་དེ་བཞིན་དུ། །མར་མེ་དྲི་ཡི་ཁྱད་པར་དང ། །གཏོར་མའི་སྣོད་ཀྱིས་ཉེ་བར་མཆོད། །ཤ་རློན་དང་ནི་ཉ་ལ་སོགས། །བཟའ་བའི་རྫས་ནི་ཐམས་ཅད་དང ། །དེ་བཞིན་བདུད་རྩི་ལྔ་ཡི་མཆོག་།གཡོན་གྱི་ཆར་ནི་སྣོད་ཡིན་ཏེ། །གཡས་སུ་ཁྲོ་བོ་བསྟན་པར་བྱ། །ོཾ།་ཤིང་གཅིག་དང་ནི་དུར་ཁྲོད་དང ། །རི་བོ་དང་ནི་རི་སུལ་ཕུག་།གྲོང་དང་བཞི་མདོར་ཞིང་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང ། །སེམས་ཅན་སྣོད་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པ་དྲག་པོ་དྲག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བསྟེན་པ་དང ། །ནག་པོ་གཙིགས་པ་འཇིགས་བྱེད་དང ། །རྒ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང ། །འཇིགས་བྱེད་མ་དང་ཨུ་མ་དང ། །རྒྱལ་དང་རྣམ་པར་རྒྱལ་མ་དང ། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་པོ་བཟང་མོ་ནག་ཆེན་མོ། །ནག་སྤོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་ལྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ།།
402b
མཆེ་བ་གཙིགས་དང་ཐོད་ཆེན་མ། །ཐོད་ཕྲེང་ཕྲེང་ཅན་ཁ་ཊྭཱཾ་མ། །སྤྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་ཉིད་ཆེན་མོའི་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་མོ་ཆེ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་མོ་བཀའ་འདི་ཡིས།། ཐམས་ཅད་ཀུན་ནས་འདིར་སྦྱོན་ཅིག་།ོཾ་ཀཱ་ཀཱ་ཀ་དྷ་ན་བྷ་བ་བནྡྷ་ན་ཁ་ཁ་ཁཱདྷ་ན་སརྦ་དུཥྚ་ན། ཧ་ན་ཧ་ན། གྷཱ་ཏ་ཡ་གྷཱ་ཏ་ཡ། ཨ་མུ་ཀ་སྱ་ཀཱ་རྱཾ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཛཿ ་སཝཱཧཱ། བདུད་རྩི་ཡིས་ནི་ཁ་བཀང་སྟེ། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །རྣལ་འབྱོར་རྣལ་འབྱོར་མ་ཡིས་ནི། །ལས་རྣམས་ཐམས་ཅད་སྒྲུབ་པར་བསྒོམ། །ོཾ་བྷཀྵ་བྷཀྵ། སརྦ་ཡོ་གེ་ཤཝ་རི་ཧཱུཾ་ཧཱུཾ་ཧཱུཾ་ཛཿ སཝཱཧཱ། ལ་སོགས་སྦྱོར་བ་ཇི་བཞིན་དུ། །གཏོར་མའི་ལས་ནི་སྦྱར་བྱ་སྟེ། །ཞི་དང་རྒྱས་དང་དབང་དང་དགུག་།བསད་དང་སྡང་དང་བཅིང་བ་ལ། །སྒྲུབ་པོས་གཏོར་མའི་དེ་ཉིད་ཀྱིས། །ལས་རྣམས་ཐམས་ཅད་བསྒྲུབ་བྱ་ཞིང ། །ཡེ་ཤེས་ལྕགས་ཀྱུའི་བྱེ་བྲག་གིས། །རང་འདོད་ལྷ་ནི་ཚིམ་པར་བྱ། །ཞིང་དང་གནས་དང་དེ་བཞིན་གྲོང ། །གྲོང་ཁྱེར་རི་ཡི་རྩེ་མོ་རུ། །འབྱུང་པོ་ཐམས་ཅད་ཚོགས་གྱུར་པར། །འདུས་ན་སྒྲུབ་པོ་ལ་མཆོག་སྟེར། །གནས་ལ་སོགས་པར་རྟག་གནས་ཤིང ། །སྒྲུབ་པ་པོ་ནི་གུས་ལྡན་ལ། །ལྷ་མོ་
403a
༄#། །རྣམས་ཀྱིས་མཆོག་སྟེར་བར། །སྒྲུབ་པ་པོ་ལ་ཐེ་ཚོམ་མེད། །གང་གིས་སྒྲུབ་པ་པོ་འགྲུབ་པའི། །རོ་ཡི་སྒྲུབ་པ་བཤད་པར་བྱ། །རྒན་པོ་མ་ཡིན་རྨ་མེད་ཅིང ། །མཛེ་དང་ཤུ་བ་ལ་སོགས་སྤངས། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །འབྱུང་པོའི་ཉི་མ་ལ་བསྒྲུབ་བྱ། །བདུད་རྩི་ལྔ་ཡི་ཁྱད་པར་དང ། །ལྷ་ཡི་ཆུ་ཡིས་བཀྲུ་བར་བྱ། །མར་ཁུ་ཆེན་པོས་བྱུག་པ་དང ། །བདུག་པ་ཆེན་པོས་དེ་བདུག་བྱ། །མཎྜལ་གྲུ་བཞི་བྱས་ནས་ནི། །དེ་དབུས་འབད་པས་གྲུ་གསུམ་བྱ། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །ཞེས་བྱ་ལ་སོགས་སྔོན་བཞིན་བརྗོད། །ཧ་ཧཱ་ཧི་ཧཱི་ཧཱུཾ་ཧཱུཾ་ཧེ་ཧེ་ཞེས་བྱའི་རྒོད་པ་རྣམ་པར་བརྒྱད། །སྒྲུབ་པ་པོ་ཡིས་ཆོག་བཞིན་བྱ། །མེ་ལ་གནས་པའི་ས་བོན་ནི། །རླུང་གི་ས་བོན་གྱིས་ཕྱེ་བ། །སྤྱི་གཙུག་ཏུ་ནི་སྦྱར་བྱས་ལ། །ས་ཡི་སྟེང་དུ་མཆོད་པར་བྱ། །རྣལ་འབྱོར་མ་ཡི་དབུས་གནས་པར། །འབད་པ་ཡིས་ནི་མྱུར་དུ་བལྟ། །སྒྲུབ་པོས་བདག་ཉིད་བསམ་བྱ་བ། །སྐྱེ་གནས་དབུས་སུ་རིམ་བཞིན་བལྟ། །འབར་ཕྲེང་གི་རྒྱ་མཚོ་སྟེ། །ཕོ་ཉ་འོད་དང་བཅས་བལྟ་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། འདུ་
403b
བའི་གནས་ངེས་པ་དང ། སྒྲུབ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཅོ་བརྒྱད་པའོ། །དེ་ནས་ཡང་དག་བཤད་བྱ་བ། །མ་མོའི་དཀྱིལ་འཁོར་དགེ་བ་དང ། །ལྷ་རྣམས་ཐམས་ཅད་སྒྲུབ་པ་དང ། །དེ་བཞིན་ཕོ་ཉའི་ཁྱད་པར་དང ། །འབྱུང་པོ་གདོན་གྱི་རིག་པ་ཆེ། །གང་གཞན་ལུས་སྲུལ་ལ་སོགས་པ། །དེ་བཞིན་སྔགས་ཀྱི་ཕྲེང་བ་རྣམས། །ད་ནི་ཁྱོད་ལ་བཤད་ཀྱི་ཉོན། །གྲུ་བཞི་པ་ལ་སྒོ་བཞི་པ། །སྒོ་ཁྱུད་དང་ནི་ལྡན་པ་ཡི། །དཀྱིལ་འཁོར་ཉམས་དགའ་བྲི་བར་བྱ། །དངོས་གྲུབ་ཀུན་གྱི་ཡོན་ཏན་གནས། །འདོད་ཡོན་ལྔ་ཡིས་རབ་བརྒྱན་པ། །མཆོད་པ་ལྔ་དང་ཡང་དག་ལྡན། ། རོ་ལ་གཡོགས་པའི་རས་སམ་ནི། །མཚོན་གྱིས་བརྒྱབ་པའི་རས་དག་དང ། །བུ་བཙས་པ་ཡི་རས་དང་ནི། །བ་ལང་ཀོ་བ་ལ་སོགས་ལ། །དམ་ཚིག་ཅན་གྱི་འབྲི་མཁན་གྱིས། །སྒྲུབ་པོ་མཆོག་གིས་འབྲི་རུ་གཞུག་།ཚེས་བརྒྱད་དང་ནི་བཅུ་བཞི་ལ། །འབྱུང་པོའི་དཀྱིལ་འཁོར་བསྒྲུབ་པར་བྱ། །དེ་ནས་འབུམ་ཕྲག་གཅིག་བཟླས་པས། །མངོན་སུམ་དུ་ནི་མདུན་གནས་འགྱུར། ། ཚངས་པ་མོ་དང་ཞི་བ་མོ། །གཞོན་ནུ་མོ་དང་ཕག་མོ་དང ། །དབང་མོ་དང་ནི་ཙ་མུཎྜཱི། །ཚོགས་ཀྱི་དབང་མོ་སྲེག་བྱེད་མ། །རིམ་པ་གཉིས་པའི་འོ། །དབང་པོ་གཤིན་རྗེ་ཆུ་ལྷ་དང ། །ལུས་ངན་དང་ནི་ཡི་དྭགས་གཙོ། །སྲེག་བྱེད་བདེན་བྲལ་རླུང་གི་ལྷ། །རིམ་པ་གསུམ་པའིའོ། །ཉི་མ་དང་ནི་ཟླ་བ་དང ། །མིག་དམར་དང་ནི་གཟའ་ལྷག་དང ། །ཕུར་བུ་དང་ནི་པ་བསངས། །སྤེན་པ་
404a
༄#། །དང་ནི་རཱ་ཧུ་ལ། །རིམ་པ་བཞི་པའི་འོ། །ཚངས་པ་ཁྱབ་འཇུག་དེ་བཞིན་དུ། །རུ་ཏྲ་སྐེམ་བྱེད་སྒོ་བཞིར་རོ། །ས་དང་ཆུ་དང་མེ་དང་རླུང ། །འབྱུང་པོ་ཆེན་པོའི་ཁམས་རྣམས་དང ། །མཁའ་འགྲོ་མ་དང་མར་མེ་མ། །འཇིབ་བྱེད་འཕྲོག་བྱེད་བཅས་པའི་གཙོ། །འབྱུང་པོ་ལས་ཀྱང་འབྱུང་བའི་གཟུགས། །སྒྲུབ་པོ་ཆོ་ག་བཞིན་དུ་སྒྲུབ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་ཀུན་ནས་ཟླུམ་པོར་ནི། །རི་མོ་མཛེས་པས་བསྐོར་བར་བྱ། །པདྨ་འདབ་བརྒྱད་བྲིས་ནས་ནི། །གེ་སར་གསང་བའི་སྤྱོད་ཡུལ་གྱི། །དབུས་སུ་ཁྲོ་བོ་ཆེན་པོ་བྲི། །ཞིལ་གཅིག་ཕྱག་ནི་བཞི་པ་སྟེ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཁྲོ་དང་བཅས་ཤིང་བཞད་པའི་ཞལ། །སྐུ་མདོག་སྔོན་པོ་དྲག་ཆེན་པོ། ། ཐོད་པའི་ཕྲེང་བས་རྣམ་པར་ཀླུབས། །ཡི་དྭགས་ལ་ཞོན་ཉི་མར་བཞུགས། །སུམ་ཅུ་གསུམ་པ་འཇིགས་པར་མཛད། །གར་དང་ལྡན་ཞིང་སྟག་ལྤགས་མན་པས། །སྤྱན་གསུམ་ཤིན་ཏུ་གསལ་བའི་གཟུགས། །རྡོ་རྗེ་འབར་བ་བ་དན་གསུམ། །ཁྲག་གང་བ་ཡི་གཤོར་དང་བཅས། །མདའ་དང་གཞུ་ནི་དེ་བཞིན་ཏེ། །གཡས་དང་གཡོན་གྱི་ཕྱག་གིས་འཕྱར། ། ཤར་དུ་མཁའ་འགྲོ་མ་བྲི་སྟེ། །ལྷོ་ཡི་ཕྱོགས་སུ་འཕྲོག་བྱེད་མ། །འཇིག་བྱེད་ལྷ་མོ་ནུབ་ཏུ་བྲི། །བྱང་དུ་ལྷ་མོ་འབར་མའོ། །ལྷ་མོ་ཕག་མོ་ཞེས་བྱ་བ། །ཕྱག་བཞི་ཡི་གེ་ཧྲཱི་ལས་བྱུང ། །སྐུ་
404b
མདོག་སྔོན་མོ་གྲགས་ཆེན་མོ། །ཕག་གི་གདོང་ཅན་འཇིགས་པར་བྱེད། །མདའ་དང་དེ་བཞིན་གཞུ་དང་ནི། །རྒྱལ་མཚན་ཐོད་པ་ཐོགས་པའོ། །ཞི་བ་མོ་ནི་ཕཻཾ་ལས་བྱུང ། །མདོག་དམར་གཟི་བརྗིད་ཆེན་མོ་སྟེ། །ཐོད་པ་དང་ནི་ལྕགས་ཀྱུ་དང ། །ཁ་ཊྭཱཾ་ཌཾ་རུ་དེ་བཞིན་ནོ། །གཞོན་ནུ་མ་ནི་ཧཾ་ལས་བྱུང ། །ཁ་དོག་སེར་མོ་ཕྱག་བཞི་པ། །མདུང་རྩེ་གསུམ་དང་བ་དན་གསུམ། །མདའ་དང་གཞུ་ནི་དེ་བཞིན་ནོ། །ཙ་མུཎྜི་ནི་ཧོ་ལས་བྱུང ། །མདོག་སྔོ་ལག་པ་བཞི་པ་སྟེ། །ཁ་ཊྭཱཾ་དང་ནི་ཐོད་པ་དང ། །གཤོར་དང་དེ་བཞིན་ཌ་མ་རུ། །བཾ་ལས་བྱུང་བའི་ཚངས་པ་མོ། །མདོག་དཀར་ལག་པ་བཞི་པ་སྟེ། །པདྨ་དང་ནི་ཐོད་པ་དང ། །དེ་བཞིན་གཞན་ན་མདའ་གཞུ་འོ། །ཚོགས་ཀྱི་དབང་མོ་གཾ་ལས་བྱུང ། །སྔོ་བསངས་མདོག་སྟེ་ལག་བཞི་མ། །མདུང་རྩེ་གསུམ་དང་ཐོད་པ་དང ། །བགྲང་ཕྲེང་གཡས་གཡོན་ལག་ཏུ་ཐོགས། །ཁྱབ་འཇུག་མ་ནི་བཾ་ལས་བྱུང ། །མདོག་སྔོ་ལག་པ་བཞི་པ་སྟེ། །ཆང་དང་ཆུ་ཡི་ཐོད་པ་དང ། །ཞགས་པ་ཁ་ཊྭཱཾ་དེ་བཞིན་གཞན། །དབང་མོ་ཨི་ལས་བྱུང་བ་སྟེ། །མདོག་སེར་ལག་པ་བཞི་དང་ལྡན། །རྡོ་རྗེ་ཤགྟི་ཐོད་པ་དང ། །སྡིགས་མཛུབ་དང་ནི་ཞགས་པ་ཉིད། །ཐམས་ཅད་གྱེན་སྐྲ་འབར་བ་དང ། །སྣ་ཚོགས་ཀྱིས་ནི་བརྒྱན་པ་སྟེ། ། རོ་ཡི་སྟན་བཞུགས་སྤྱན་གསུམ་དང ། །སྟག་གི་པགས་པས་རྐེད་དཀྲིས་པའོ། །ཤར་སྐོར་ཚངས་པ་བྲི་བྱ་སྟེ། །མདོག་དཀར་ལག་པ་བཞི་དང་ལྡན། །ཐོད་པ་དང་ནི་བགྲང་ཕྲེང་དང ། །རིལ་བ་
405a
༄#། །སྤྱི་བླུགས་པདྨ་ཐོགས། །བྱང་དུ་དེ་བཞིན་ཁྱབ་འཇུག་སྟེ། །མདོག་སྔོན་ལག་པ་བཞི་དང་ལྡན། །མདུང་དང་དེ་བཞིན་འཁོར་ལོ་དང ། །ཐོད་པ་དང་ནི་དབྱུག་པ་མཆོག་།ལྷོ་རུ་རུ་ཏྲ་བྲི་བྱ་སྟེ། །དུ་བའི་མདོག་ཅན་ལག་པ་བཞི། །རྩེ་གསུམ་མདུང་དང་ཐོད་པ་དང ། །ཞགས་པ་དང་ནི་བགྲང་ཕྲེང་ཐོགས། །ནུབ་ཏུ་སྐེམ་བྱེད་བྲི་བྱ་སྟེ། །མདོག་སེར་ལག་པ་བཞི་དང་ལྡན། །ཤགྟི་དང་ནི་དབྱུག་པ་དང ། །དཔའ་བོའི་ཐོད་པ་བགྲང་ཕྲེང་ཐོགས། །དབང་ལྡན་ཁྱུ་མཆོག་སྟན་ལ་ཞོན། །ཁ་དོག་དཀར་པོ་ལག་བཞི་པ། །ཐོད་པ་དང་ནི་རྩེ་གསུམ་ཐོགས། ། གཞན་གཉིས་ཐལ་མོ་སྦྱར་བའོ། །དབང་པོ་གླང་ཆེན་ཞོན་པ་སྟེ། །མདོག་སེར་ལག་པ་བཞི་དང་ལྡན། །རྡོ་རྗེ་དང་ནི་ཐོད་པ་ཐོགས། །གཞན་གཉིས་ཐལ་མོ་སྦྱར་བའོ། །མེ་ནི་ལུག་གི་སྟན་ལ་ཞོན། །ཁ་དོག་དམར་པོ་ལག་བཞི་པ། །མེ་ཐབ་ཉིད་དང་ཐོད་པ་དང ། །གཞན་གཉིས་ཐལ་མོ་སྦྱར་བའོ། །གཤིན་རྗེ་མ་ཧེའི་སྟན་ལ་ཞོན། །ཁ་དོག་སྔོན་པོ་ལག་བཞི་པ། །དབྱུག་པ་དང་ནི་ཐོད་པ་ཐོགས། །གཞན་གཉིས་སྐྲག་སྟེ་ཐལ་སྦྱར་བའོ། །བདེན་བྲལ་མི་རོའི་སྟན་བཞུགས་པ། །ཁ་དོག་ལྗང་གུ་ལག་བཞི་པ། །ཁ་ཊྭཱཾ་ག་དང་ཐོད་པ་ཐོགས། །གཞན་གཉིས་སྐྲག་སྟེ་ཐལ་སྦྱར་བའོ། །ཆུ་ལྷ་ཆུ་སྲིན་སྟན་ལ་བཞུགས། །ཁ་དོག་དཀར་པོ་ལག་བཞི་པ། །ཞགས་པ་དང་ནི་ཐོད་པ་ཐོགས། །གཞན་གཉིས་སྐྲག་སྟེ་ཐལ་སྦྱར་བའོ། །རླུང་ནི་ཤ་བའི་
405b
སྟན་ལ་བཞུགས། །དུ་བའི་མདོག་ཅན་ལག་བཞི་པ། །བ་དན་དང་ནི་ཐོང་བ་ཐོགས། །གཞན་གཉིས་དེ་བཞིན་ཐལ་སྦྱར་བའོ། །ལུས་ངན་གཏེར་གྱི་སྟན་ལ་གནས། །ཁ་དོག་སེར་པོ་ལག་བཞི་པ། །རིན་ཆེན་དང་ནི་ཐོ་བ་ཐོགས། །གཞན་གཉིས་དེ་བཞིན་ཐལ་སྦྱར་བའོ། །གཟའ་དང་སྐར་མ་ཐམས་ཅད་ཀྱང ། །རང་རང་དམ་ཚིག་ལས་བྱུང་ཞིང ། །རྫུ་འཕྲུལ་ལྡན་ཞིང་སྟོབས་ཆེན་པོ། །རང་རང་སྟན་ལ་གནས་པར་བསམ། །མ་མོ་རྣམས་ཀྱང་ཀུན་གྱི་མ། །འབྱུང་པོའི་རིག་པ་གཞན་དེ་བཞིན། །ལས་རྣམས་ཐམས་ཅད་སྒྲུབ་པ་ཡི། །ཕོ་ཉའི་སྒྲུབ་ཐབས་དེ་ནས་བཤད། །སོ་སོར་སྟོབས་ཀྱིས་ཚར་བཅད་པ། །ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། །ལོངས་སྤྱོད་ལ་དགའི་སྒྲུབ་པ་པོས། །ཕོ་ཉའི་ལས་ནི་བརྩམ་པར་བྱ། །ཟླ་བ་རྡོ་རྗེའི་ཆོ་ག་ཡིས། །རྡོ་རྗེ་སེམས་དཔའ་བསྒོམས་བྱས་ཏེ། །སྔགས་ཀྱི་རྒྱལ་པོ་བསྐུལ་བ་ཡིས། །ཐམས་ཅད་བྲན་བཞིན་བྱེད་པར་འགྱུར། །དུར་ཁྲོད་དང་ནི་ཤིང་གཅིག་ཏུ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །ཤར་དང་བྱང་དང་ནུབ་དང་ནི། །དེ་བཞིན་དུ་ནི་ལྷོ་ཕྱོགས་སུ། །དྲུག་དྲུག་ཏུ་ནི་བྱས་ནས་སུ། །དེ་ནས་མཆོད་པ་བརྩམ་པར་བྱ། །གནས་ལས་སོགས་པ་ཉི་ཤུ་བཞི། །རིམ་པ་བཞིན་དུ་ཡོངས་སུ་བསྐོར། །དྲི་དང་མེ་ཏོག་དེ་བཞིན་དུ། །མར་མེ་དང་ནི་དྲི་ཡི་ཆུ། །དྲི་ཡི་ཆུ་ཡིས་བཀང་བ་ཡི། །བུམ་པའང་གོས་ཀྱིས་མཛེས་པར་བྱ། །ཉིན་མཚན་ཕྲུགས་གཅིག་གནས་གྱུར་ཅིང ། །
406a
༄#། །དེ་ནས་མཚན་གཅིག་གནས་པར་བྱ། །གནས་སོགས་ཡང་ཡང་ཕྱག་བྱས་ནས། །དེ་ནས་བཟོད་པ་གསོལ་བར་བྱ། །དཔའ་བོ་ཡི་ནི་སྟོན་མོ་ཡིས། །དང་པོར་སློབ་དཔོན་མཉེས་པར་བྱ། །དེ་ལྟར་བྱས་པའི་སྔགས་པ་ཡིས། །ཕྱི་ནས་ལས་ནི་བརྩམ་པར་བྱ། །གཞན་དུ་དུས་མིན་འཆི་བ་དང ། །དམྱལ་བར་ངེས་པར་སྲེག་འགྱུར་ཏེ། ། བགེགས་ཀྱིས་ཉེ་བར་གཙེས་ནས་ནི། །ངེས་པར་དམྱལ་བར་ལྟུང་བར་འགྱུར། །དམ་ཚིག་ལྡན་པའི་བྲི་མཁན་གྱིས། །འབྱུང་པོའི་ཉི་མ་ལ་རྙེད་པའི། །བུ་བཙས་ལ་སོགས་རས་ལ་ནི། ། ཚོན་རྩི་ཁྲག་དང་བསྲེས་ནས་སུ། །སྟེང་དུ་སྐྱེས་པའི་ནང་བཞག་ནས། །སྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱ། །ཡི་དྭགས་སེན་རྩི་མར་ཆེན་དང ། །ཤ་ཆེན་གྱིས་ནི་བདུག་པར་བྱ། །དེ་ལ་དྲི་ཡིས་བསྒོས་ནས་སུ། །དེ་བཞིན་ཡི་དྭགས་མེ་ཏོག་མཆོད། །ལྷ་མོ་ཆེན་མོ་མཆོད་པ་འདིས། །མེ་འབར་མ་ནི་མཆོག་ཏུ་མཉེས། །ཤིང་གཅིག་གི་ནི་དྲུང་དུ་ནི། །ཆོ་ག་བཞིན་དུ་འབུམ་བཟླས་བྱ། །རྒྱལ་ལ་སོགས་པའི་དུས་སུ་ནི། །སློབ་དཔོན་གྱི་ནི་འབྲི་རུ་གཞུག་།སོར་ནི་བཅུ་གཉིས་ཚད་དུ་བྱ། །གཟུགས་བཟང་བཞོན་པ་ཕུན་སུམ་ཚོགས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །གོས་ནི་སེར་པོ་བགོས་པར་བྲི། །ལག་གཉིས་གྱེན་དུ་ཐལ་མོ་སྦྱར། །མེ་འབར་བ་ནི་ཀུན་ཏུ་འོད། །སྒྲུབ་པོའི་མདུན་དུ་བཀྲམ་ནས་ནི། །འབད་དེ་ཆོ་ག་བཞིན་མཆོད་བྱ། །མེ་ཏོག་དམར་དང་དྲི་ལ་
406b
ལས་སོགས། །ཤ་སྐམ་གྱིས་ནི་བདུག་པར་བྱ། །ཤ་དང་ཉ་ཤ་ཙོང་ལ་སོགས། །ཉེ་བར་སྤྱོད་པའི་གཏོར་མ་སྦྱིན། །རྫས་ལྔ་དག་གི་དངོས་པོ་ཡིས། །མཆོད་ནས་འབུམ་དུ་བཟླས་ན་ནི། །དང་པོ་ལ་ནི་སྒྲ་འབྱུང་སྟེ། །གཉིས་པ་ལ་ནི་ཉ་དྲི་བྲོ། །གསུམ་པར་ཤིང་ནི་གཡོ་འགྱུར་ཏེ། །བཞི་པ་ལ་ནི་མདུན་དུ་གནས། །དམ་ཚིག་ཕྱག་རྒྱ་བསྟན་ནས་ནི། །སྔགས་ནི་དེ་ལ་བརྗོད་པར་བྱ། །ལག་གཉིས་ཐལ་མོ་སྦྱར་ནས་ནི། །སྤྱི་བོར་བཞག་སྟེ་བརྗོད་བྱ་བ། །ོཾ་དེ་བེ་ཤཝ་རི་ཧཱུཾ། ཕུཿ ཕུཿ ཕུཿ ། དམ་ཚིག་གི་སྔགས་དང་ཕྱག་རྒྱའོ། །བདུད་རྩི་ལྔ་ཡིས་བཀང་བ་ཡི། ། དམ་ཚིག་ཆུ་ནི་སྦྱིན་པར་བྱ། །འབད་དེ་དམ་ཚིག་བྱིན་ནས་ནི། །ལག་པ་གཡོན་པས་གཟུང་བར་བྱ། །རྣལ་འབྱོར་མ་དང་གཉིས་མེད་པ། །བྱིན་གྱིས་རློབས་ལ་ང་སྒྲུབས་ཤིག་།དེ་ནས་ཤིན་ཏུ་མཛེས་མ་ཡིས། །བཟའ་དང་བཏུང་སོགས་སྟོན་མོ་དང ། །གསེར་ཞོ་གཉིས་ནི་སྟེར་འགྱུར་ཏེ། །ཟད་པ་ཉིད་དུ་ལོངས་སྤྱོད་བྱ། །འདོད་ལ་དགའ་བའི་འབར་བྱེད་མ། །གལ་ཏེ་གྲུབ་པར་མ་གྱུར་ན། །དྲག་མོ་ཡི་ནི་ས་བོན་གྱིས། །གཟིར་ཏེ་འབུམ་དུ་བཟླས་པར་བྱ། །ས་བོན་གྱིས་ནི་གཟིར་ཙམ་གྱིས། །མར་མེ་མ་ཡི་སྤྱི་བོ་འགེམས། །རྟག་ཏུ་སེམས་ཅན་དོན་བརྩོན་པས། ། འབར་མ་ཆུང་མར་བསྒྲུབ་པར་བྱ། །ཉོན་ཅིག་ལྷ་མོ་ཤེས་རབ་ཆེ། །གཞན་ཡང་མཁའ་འགྲོ་སྒྲུབ་པའི་ཐབས། །ཐང་ག་ཁྲུ་གཉིས་བྱས་ནས་སུ། །ལྷག་པར་གནས་ཏེ་མཆོད་གཏོར་ནས། །
407a
༄#། །དེ་ནས་རི་མོ་འབྲི་རུ་གཞུག་།དཀར་ཞིང་དམར་ལ་ཤིན་ཏུ་མཛེས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ལག་ན་སྡིགས་མཛུབ་ལྕགས་ཀྱུ་ཐོགས། །སྐྲ་གྲོལ་བས་ནི་རྣམ་པར་མཛེས། །མེ་འབར་འོད་ཟེར་ཤིན་ཏུ་གསལ། །ཧ་ཧར་དགོད་ཅིང་མིག་ཡོན་མ། །ས་ལ་ཁྲག་གིས་བྱུགས་ནས་སུ།། གནས་དེར་བྲིས་སྐུ་དགྲམ་པར་བྱ། །མེ་ཏོག་དམར་པོ་ལས་སོགས་དང ། །དྲི་དང་བདུག་པའི་ཁྱད་པར་གྱིས། །ཉེ་བར་མཆོད་པའི་གཏོར་མ་དགོད། །ཤ་དང་ཉ་དང་ཙོང་ལ་སོགས།། བདུད་རྩི་ལྔ་ཡིས་དགང་བར་བྱ། །རྣལ་འབྱོར་མ་ནི་སྒོམ་ཞིང་ཟློས། །འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར། །ལག་གཉིས་ཐལ་མོ་སྦྱར་ནས་སུ། །ཁར་བཅུག་ནས་ནི་བགད་པར་བྱ། ། ོཾ་ཌཱ་ཀི་ནཱི་ཧཱུཾ་ཕུཿ ཕུཿ ། སྒྲུབ་པའི་སྔགས་དང་ཕྱག་རྒྱའོ། །དང་པོས་ནི་གཡོ་འགྱུར་ཏེ། །གཉིས་པ་ལ་ནི་མདུན་དུ་དགོད། །གསུམ་པ་མདུན་དུ་སྣང་འགྱུར་ཏེ། །བཞི་པ་ལ་ནི་བཀའ་ནོད་དོ། ། བདུད་རྩི་ལྔ་ཡི་ཁྱད་པར་གྱིས། །དམ་ཚིག་འབད་དེ་བྱིན་ནས་ནི། །གཡོག་མོ་རུ་ནི་བསྒྲུབས་པ་ཡིས། །ཅི་འདོད་བཀའ་ནི་བསྒོམ་པར་བྱ། །དགྲ་རྣམས་བསད་ཅིང་སྨད་པ་དང ། །ཡན་ལག་གཟིར་བ་གང་འདོད་པའི། །ལས་ལ་སོགས་པ་ཐམས་ཅད་ནི། །གཡོག་མོའི་ལས་ཀྱིས་སྒྲུབ་པར་འགྱུར། །གལ་ཏེ་འབུམ་གྱིས་གདོན་ཟན། །རྡོ་རྗེ་མ་ཡི་ས་བོན་གྱིས། །སྔོན་དུ་བསྟན་པའི་
407b
ཆོག་བཞིན། །མཁས་པས་གཟིར་བར་བྱས་ཏེ་བཟླ། །ར་དག་གི་ནི་པགས་པ་ལ། །འབད་དེ་ཐད་ཀ་བརྐྱང་བར་བྱ། །འཇིབ་བྱེད་མ་ནི་འབྲི་རུ་གཞུག་།ཁ་དོག་དམར་པོ་ཤིན་ཏུ་མཛེས། །ལུས་ལ་རྒྱན་གྱིས་བརྒྱན་པ་དང ། །མཛེས་པའི་གོས་ནི་གྱོན་པར་བྲི། །གཡོན་པ་སྡིགས་མཛུབ་ཞགས་པ་དང ། །གཡས་སུ་དགྲ་སྟ་དགོད་པར་བྱ། །ལམ་གྱི་བཞི་མདོ་ཡིད་འོང་བར། །མཁས་པ་ཡིས་ནི་བསྒྲུབ་བྱ་སྟེ། །ལྕི་བ་ཡིས་ནི་བྱུག་བྱ་ལ། །མེ་ཏོག་སྣ་ཚོགས་དགྲམ་པར་བྱ། །མེ་ཏོག་བདུག་པ་མར་མེ་སོགས། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །ཁྲག་དང་ཉ་དང་ཤ་དང་ཙོང ། ། བཟའ་བ་དག་ནི་སྣ་ཚོགས་དང ། །བདུད་རྩི་ལྔ་ཡིས་བཀང་ལ་སྦྱིན། །འབད་དེ་བསམ་གཏན་གནས་པར་བཟླ། །ོཾ་ཨཱ་ཀཪྵ་ཡ་ཕུཿ ཕཊ། །ལག་གཉིས་མཉམ་པར་བྱས་ནས་སུ། ། ཞགས་པའི་ཚུལ་གྱིས་གར་བསྐྱོད་བྱ། །སྙིང་པོའི་སྔགས་དང་ཕྱག་རྒྱའོ། །རྣལ་འབྱོར་པ་ཡིས་འབུམ་བཟླས་པས། །འཇིབ་བྱེད་མ་ནི་འགྲུབ་འགྱུར་ཏེ། །དང་པོ་ཁྱི་ནི་དུ་བའི་སྒྲ། །གཉིས་པ་ལ་ནི་གསལ་བར་དགོད། །གསུམ་པ་ལ་ནི་མཚོན་ཐོགས་ནས། །བསྡིགས་པའི་ཕྱིར་ནི་འོང་བར་བྱེད། །བཞི་པར་མདུན་དུ་གནས་ནས་ནི། །བདག་གིས་ཅི་བགྱི་བཀའ་སྩོལ་སྨྲས། ། བདུད་རྩི་ལྔ་ཡི་ཁྱད་པར་གྱིས། །དམ་ཚིག་དག་ནི་བྱིན་ནས་སུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དབུལ་པོ་བདག་གིས་ཁྱོད་བསྒྲུབས་སོ། །དེ་ནས་ཉི་མ་རེ་རེ་ཞིང ། །གསེར་
408a
༄#། །སྲང་ཕྱེད་ཕྱེད་སྟེར་བར་འགྱུར། །གལ་ཏེ་འབུམ་གྱིས་མ་གྲུབ་ན། །རོ་ལངས་སྙིང་པོས་གཟིར་ཏེ་བཟླ། །ས་བོན་འདི་ཡིས་གཟིར་ཙམ་གྱིས། །འཇིབ་བྱེད་མ་ཡི་མགོ་འགེམས་སོ། །ཆུ་འགྲམ་གྱི་ནི་ས་ཕྱོགས་སུ། །ཀམ་པོ་ཛི་ནི་བསྒྲུབ་པར་བྱ། །བ་ལང་ལ་སོགས་ཀོ་བ་ནི། །བརྒྱང་སྟེ་འཕྲོག་བྱེད་མ་འབྲིར་གཞུག་།ལུས་ནི་སྤྲུལ་གྱིས་བརྒྱན་པ་སྟེ། །ཁ་དོག་སྔོན་པོ་འབར་བའི་འོད། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །གོས་དམར་བགོས་ཤིང་ཕྱག་གཉིས་མཛེས། །རལ་གྲི་དང་ནི་ཞགས་པ་ཐོགས། །ཧ་ཧར་དགོད་ཅིང་རྣམ་པར་གཙིགས། །ཁྲག་གིས་མཎྜལ་བྱུགས་ནས་ནི། །དྲི་དང་མེ་ཏོག་བདུག་པས་བདུག། །ཤ་དང་ཉ་དང་ཙོང་ལ་སོགས། །ཉེ་བར་མཆོད་པའི་གཏོར་མ་སྦྱིན། །བདུད་རྩི་ལྔ་དང་ལྡན་པ་ཡི། །སྔོན་བཞིན་ལྷ་ཡི་གཏོར་མ་སྦྱིན། །རྣལ་འབྱོར་པ་ནི་སྒོམ་ཞིང་ཟློས། །འབུམ་གཅིག་གིས་ནི་འགྲུབ་འགྱུར་ཏེ། །དང་པོ་ཆུ་ནི་གཡོ་བར་འགྱུར། །གཉིས་པ་ལ་ནི་ཆར་ཆེན་འབབ། །གསུམ་པར་ཐོག་ནི་འབབ་འགྱུར་ཏེ། །བཞི་པ་ལ་ནི་མདུན་དུ་གནས། །བདུད་རྩི་ལྔ་ཡི་ཁྱད་པར་གྱིས། །དམ་ཚིག་དེ་ནས་འབད་དེ་སྦྱིན། །ོཾ་ཀྲཾ་ཀྲུཾ་ཕུཾཿ ་ཕུཿ སཝཱཧཱ། ལག་གཉིས་ཁུ་ཚུར་བཅིངས་ནས་སུ། །དེ་ཡི་སྔགས་ནི་བརྗོད་པར་བྱ། །སྙིང་པོའི་སྔགས་དང་ཕྱག་རྒྱའོ། །མདུན་ན་ཐལ་མོ་སྦྱར་ནས་ནི། །ཅི་ཞིག་བགྱི་ཞེས་བརྗོད་པར་འགྱུར། །ཏི་
408b
སེའི་གངས་ཀྱི་རྩེ་རུ་ནི། །བརྩེ་ཕྱིར་ཁྱོད་ཀྱིས་ང་ཁྲིད་ལ། །སླར་ཡང་འདིར་ནི་འོང་བ་དང ། །རྒྱལ་པོའི་བུ་མོའམ་གཞན་ཡང་རུང ། །ང་འདོད་པ་ནི་ཁྲིད་དེ་ཤོག་།གསེར་དང་དངུལ་དང་ཟངས་ལ་སོགས་བཟའ་དང་བགོ་དང་བཏུང་བ་དང ། །ཇི་ལྟར་འདོད་བཞིན་ཁྱེར་ཏེ་འོང ། །ལྷ་ཡི་བུ་མོའམ་མི་ཡང་རུང ། །ཏི་སེའི་གངས་ཀྱི་རྩེ་རུ་ནི། །ཇི་ལྟར་འདོད་བཞིན་ཁྲིད་པར་བྱེད། །བསྟན་པའི་ལས་ཀྱིས ་ ་མ་གྲུབ་ན། །ལས་གཞན་གྱིས་ནི་བསྒྲུབ་པར་བྱ། །བདག་ཉིད་ཡེ་ཤེས་མཁའ་འགྲོ་རུ། །མཁས་པ་ཡིས་ནི་བསྒོམས་ནས་སུ། །དེ་ནི་རྐང་པ་གཡོན་པ་ཡིས། །མནན་ཏེ་ལྔ་བརྒྱར་བཟླས་ན་ནི། །གདོན་མི་ཟ་བར་འགྲུབ་པར་འགྱུར། །གལ་ཏེ་དེས་ཀྱང་མ་གྲུབ་ན། །དཔའ་བོའི་དབུས་སུ་བཀུག་ནས་ནི། །དུམ་བུ་དུམ་བུར་གཏུབ་པར་བྱ། །ཀྲི་ཞེས་བྱ་དང་གསོད་པ་དང ། །ཧཱུཾ་གི་ས་བོན་བསྒོམས་པ་ཡིས། །ཐམས་ཅད་དུ་ནི་བཟའ་བར་བསམ། །དེས་ནི་བསྒྲུབ་བྱའི་རྣལ་འབྱོར་མ། །ཐམས་ཅད་ཀྱི་ནི་དབང་ཕྱུག་མའང ། །གལ་ཏེ་མ་གྲུབ་འཆི་བར་འགྱུར། །བསྟན་པའི་ལས་ཀྱིས་མ་གྲུབ་ན། །བ་ལ་ཏ་ཀ་ནག་པོའི་ཤིང ། །མེ་སྦར་བ་ཡི་དབུས་སུ་ནི། །ཁྲག་དང་བཅས་པའི་ཡུངས་ཀར་ནི། །ཉི་མ་ཕྱེད་ན་ཧཱུཾ་ཞེས་པ། །བརྗོད་ཅིང་སྦྱིན་སྲེག་བྱས་ན་ནི། །མཁའ་འགྲོ་རྣམས་ནི་འཆི་འགྱུར་བས། །གདོན་མི་ཟ་བར་འགྲུབ་པར་འགྱུར། །དེ་ནས་ཤ་དར་སྒྲུབ་པའི་ཐབས། །ཉོན་ཅིག་ལྷ་མོ་སྐལ་ཆེན་མ། །དུར་ཁྲོད་དང་ནི་ཤིང་གཅིག་དང ། །ཆུ་འགྲམ་
409a
༄#། །ལམ་གྱི་བཞི་མདོར་བསྒྲུབ། །དམ་ཚིག་ཅན་གྱི་འབྲི་མཁན་གྱིས། །ཚོན་གྱིས་དཀྱིལ་འཁོར་བྲི་བར་བྱ། །སོར་ནི་བཅུ་བཞིའི་ཚད་དག་ཏུ། །དཔའ་བོ་ཡི་ནི་རས་ལ་བྲི། །གྲུ་གསུམ་དཀྱིལ་འཁོར་དགེ་བ་སྟེ། །དཀྱིལ་འཁོར་ཟླུམ་པོའི་ཚུལ་དུ་བྱ། །སྐུ་མདོག་སྔོན་པོ་གླང་ལ་ཞོན། །ལུས་ལ་ཐལ་བའི་རྡུལ་གྱིས་བྱུགས། །ཕོ་མཚན་གྱེན་འགྲེན་གཞི་བའི་གཟུགས། །རལ་པའི་ཅོད་པན་མདུང་དང་ལྡན། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཐོད་པའི་ཕྲེང་བས་རྣམ་པར་ཀླུབས། །ཁ་ཊྭཱཾ་ག་དང་ཐོད་པ་ཉིད། །དེ་བཞིན ་ ་གཞན་ནི་གཤོར་དང་ལྡན། །བཤང་གཅིར་ལྡན་པས་མཆོད་བྱ་སྟེ། །འབྱུང་པོ་ཀུན་གྱི་གཏོར་མ་སྦྱིན། །སྔགས་འདི་ཡིས་ནི་བཀུག་ནས་སུ། འབུམ་དུ་བཟླས་པར་བསྒྲུབ་པར་བྱ། ། ོཾ་ཀ་པཱ་ལ་མཱ་ལ་ཨ་ལཾ་ཀྲི་ཏ་ཤི་ར་སེ་ཧཱུཾ་ཧཱུཾ། ཨཱ་གཙྪ་ཨཱ་གཙྪ་རུ་ཏྲཱ་ཡ་སཝཱཧཱ། སྤྱན་དྲང་བའི་སྔགས་སོ། །ོཾ་ཨཱཿ རུ་ཏྲཱ་ཧཱུཾ་ཧཱུཾ་སཝཱཧཱ། འབུམ་དུ་བཟླས་པས་འགྲུབ་པར་འགྱུར། ། གལ་ཏེ་གྲུབ་པར་མ་གྱུར་ན། །དེ་ནས་དེ་ནི་བསྲེག་པར་བྱ། །གྲུབ་ནས་བྱ་བ་ཐམས་ཅད་ནི། །བྱེད་པར་འགྱུར་ཏེ་གཞན་དུ་མིན། །དེ་ནས་ཡང་དག་བཤད་བྱ་བ། །ནོར་ལྷ་ཡི་ནི་སྒྲུབ་པའི་ཐབས། །རི་བོ་དང་ནི་རྒྱ་མཚོའི་འགྲམ། །འབབ་ཆུ་འདུས་པའི་མདོག་དག་ཏུ། །སྔར་བསྟན་པ་ཡི་ཆོ་ག་ཡིས། །དཀྱིལ་འཁོར་མཆོག་ནི་བསྒྲུབ་པར་བྱ། །སེར་ནི་བཅུ་གཉིས་ཚད་དག་ཏུ། །
409b
ཁྱད་པར་དུ་ནི་བསྒྲུབ་པར་བྱ། །ཁ་དོག་ནག་པོ་ཤིན་ཏུ་མཛེས། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །འཁོར་ལོ་དང་ནི་དབྱིགས་པ་བསྣམས། །ཐོད་པ་པདྨ་དེ་བཞིན་ནོ། །རིན་ཆེན་གྱི་ནི་ཅོད་པན་དང ། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །བཤང་གཅི་དང་ནི་ཁུ་བ་ཁྲག་།མཆོད་པ་ཉིད་དུ་སྦྱིན་བྱ་ཞིང ། །མི་ཡི་ཤ་ཡིས་བདུགས་བྱས་ན། །དངོས་གྲུབ་ཉེ་བར་བྱེད་པར་འགྱུར། ། ོཾ་ཨཱཿ བཛྲ་ནཱ་རཱ་ཡ་ན་ཧཱུཾ་ཧཱུཾ་སཝཱཧཱ། །སྤྱན་དྲངས་པའི་སྔགས་སོ། །ོཾ་མ་མ་ཙ་ཀྲ་སཱ་དྷ་ཡ་སརྦ་ཨ་སུ་རད་མ་ན་ཧཱུཾ་སཝཱཧཱ། སྟོང་ཕྲག་བརྒྱར་ནི་བཟླས་པ་ཡིས། །ལྷ་མ་ཡིན་ནི་ཀུན་གྱིས་བསྐོར། ། འཇུག་པའི་ནུས་དང་ལྡན་འགྱུར་ཞིང ། །སྒྱུ་མ་ཐམས་ཅད་སྟོན་བྱེད་དེ། །དགྲ་རྣམས་ཐམས་ཅད་འདུལ་ནུས་ཤིང ། །རྒྱལ་སྲིད་དག་ཀྱང་ཐོབ་པར་འགྱུར། །ཆོ་གའི་རིམ་པ་འདི་ཉིད་ཀྱིས། ། དེ་ནས་ཚངས་པའང་བསྒྲུབ་བྱ་སྟེ། །ཆུ་ཡི་འགྲམ་ནི་དཔེན་པ་དང ། །ཁྱད་པར་པདྨོའི་ཚལ་དུ་བསྒྲུབ། །ཁ་དོག་སེར་པོ་ཕྱག་བཞི་པ། །གདོང་བཞི་ཡིས་ནི་མཛེས་པར་བྱས། །ཞི་བ་རལ་བའི་ཅོད་པན་འཆང ། །མཆོད་ཕྱིར་ཐོགས་ཀྱིས་རྣམ་པར་བརྒྱན། །པདྨ་དང་ནི་བགྲང་ཕྲེང་དང ། །དབྱུག་པ་དང་ནི་ཐོད་པ་བསྣམས། །སྒྲུབ་པ་པོ་ཡི་གཙོ་བོ་ཡིས། །བྲི་སྐུ་དག་ནི་དམིགས་ནས་སུ། ། ཡིད་འོང་སྣ་ཚོགས་དྲི་ཞིམ་ནི། །གུར་གུམ་ཙནྡན་ལས་སོགས་པ། །དྲི་ཆུས་ཡང་ཡང་བསྒོ་བྱ་ཞིང ། །རྟག་ཏུ་སྒོམ་དང་ལྡན་པ་ཡིས། །མཆོད་པའི་ཆོ་ག་རིམ་དེ་དག་།བྷ་གའི་དབུས་སུ་སྦྱིན་པར་
410a
༄#། །བྱ། །ོཾ་པྲཧྨཱ་གཙྪ་ཧཱུཾ་ཨཱཿ སཝཱཧཱ། སྤྱན་དྲང་བའི་སྔགས་སོ། །ོཾ་བྷུརྦྷུ་བ་སྟ་ཏྭ་བི་དུརྦ་རུ་ཎ་བྷ་རྒོ་དེ་བ་ས་དྷི་མ་ཧི་དྷི་ཡོ་ཡོན་པྲ་ཙོ་ད་ཡ་ཏ། འབུམ་དུ་བཟླས་པས་འགྲུབ་འགྱུར་ཏེ། །ཞི་བ་དང་ནི་རྒྱས་པ་དང ། །དགུག་དང་དབང་དུ་བྱ་བ་དང ། །ནོར་བསྐྱེད་པ་དང་མངོན་སྤྱོད་སོགས། །ལས་རྣམས་ཐམས་ཅད་ནུས་འགྱུར་ཏེ། །བཟླས་དང་སྦྱིན་སྲེག་ཀུན་གྱིས་འགྲུབ། །ཁྱོད་ལ་ཡང་དག་བཤད་པ་ཡིན། །ཉོན་ཅིག་ལྷ་མོ་སྐལ་ཆེན་མོ། །བགེགས་ཀྱི་རྒྱལ་པོ་སྒྲུབ་པའི་ཐབས། །མ་མོའི་ཁྱིམ་ནི་ཉམས་དགའ་བར། །སྒོམ་པ་དགེ་བ་བྱས་ནས་ནི། །བློ་ལྡན་མཆོད་པ་སྔོན་འགྲོ་བས། །འབད་དེ་བྲིས་སྐུ་དམིགས་པར་བྱ། །ཁ་དོག་དམར་པོ་ཆེར་འབར་པ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། ། ཞལ་གཅིག་པ་ལ་སྤྱན་གསུམ་པ། །རལ་པའི་ཐོར་ཚུགས་དག་དང་ལྡན། །འོད་ཟེར་དམར་པོ་འབར་ཞིང་འཁྲུག་།མཆེ་བ་གཙིགས་པ་འཇིགས་པར་བྲི། །དགྲ་སྟ་དང་ནི་གཏུན་ཤིང་དང ། །མདའ་དང་གཞུ་ནི་དེ་བཞིན་ཏེ། །ཁ་ཊྭཱཾ་ག་དང་ལྕགས་ཀྱུ་དང ། །ཁྲག་གིས་གང་བའི་ཐོད་པ་དང ། །དེ་བཞིན་རྡོ་རྗེ་རལ་གྲི་སྟེ། །གཞན་ཡང་ཤ་ཆེན་ཐོད་པ་བསྣམས། ། མུ་སུནྡི་དང་བ་དན་གསུམ། །ཤགྟི་དང་ནི་བཅུ་གཉིས་སོ། །ོཾ་ཨ་མོ་གྷ་སིདྡྷྱ་སརྦཱརྠ་མེ་པྲ་སཱ་དྷ་ཡ་ཧཱུཾ་ཧཱུཾ་ཛཿ ཛཿ སཝཱཧཱ། སྤྱན་དྲང་བའི་སྔགས་སོ། །ོཾ་ཨཱཿ ག་ཧཱུཾ་སཝཱཧཱ། བཟླས་
410b
པའི་སྔགས་སོ། །སྟོང་ཕྲག་བརྒྱས་ནི་འགྲུབ་གྱུར་ཏེ། །དེ་ནས་ལས་ནི་བརྩམ་པར་བྱ། །ལན་གཅིག་བཟླས་ནས་ཐིག་ལེ་དག་།སྔགས་པས་བྱས་ན་སྐལ་བཟང་འགྱུར། །རྒྱལ་པོ་སྒོར་ཡང་མཆོད་འཐོབ་སྟེ། །དགྲ་རྣམས་ཐམས་ཅད་ཟད་བྱེད་འགྱུར། །བགེགས་རྣམས་མ་ལུས་བསྐྲད་པ་དང ། །འདོད་པ་ཀུན་གྱི་འབྲས་སྟེར་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཆོ་གའི་སྦྱོར་བ་དེ་ཉིད་ཀྱིས། །མ་མོ་རྣམས་ཀྱི་སྒྲུབ་ཐབས་མཆོག་།སྦྱོར་བའི་རིམ་པ་དེ་ཉིད་ཀྱིས། །གཟའ་རྣམས་ཀྱང་ནི་སྒྲུབ་པར་འདོད། །ོཾ་སརྦ་ཏི་ཐི་ན་ཀྵ་ཏྲ་གྲ་ཧ་མངྒ་བྱེ་བྷྱཿ སཝཱཧཱ། གཟའ་ཐམས་ཅད་ཀྱི་སྔགས་སོ། །ོཾ་ཞེས་བྱ་བ་དང་པོ་སྟེ། །སཝཱཧཱའི་མཐའ་ཅན་བྱིན་བརླབ་ཅེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དང་ལ་རྡོ་རྗེ་མཁའ་འགྲོ་ལས། འབྱུང་པོ་དང་གདོན་ཐམས་ཅད་ཀྱི་སྒྲུབ་ཐབས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་མཆོད་ཅིང་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་དེ་ཉིད་ཁྱད་པར་དང ། ། ལུས་ཀྱི་མཚན་མ་ཇི་ལྟར་ལགས། །རྩ་རྣམས་གང་ལ་བརྟེན་གྱུར་དང ། །དེ་རྣམས་དབྱེ་བ་མི་འཚལ་ཏེ། །བཅོམ་ལྡན་འདས་ལ་ཉན་པར་འཚལ། །བདེ་བ་ཆེན་པོས་བཤད་དུ་གསོལ།
411a
༄#། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སྒྱུ་མ་ཀུན་ཏུ་རྣམ་འཕྲུལ་བ། །རྩ་ཆེན་པོ་ནི་སུམ་ཅུ་གཉིས། །དེ་དག་གཞན་ལས་ཤིན་ཏུ་གཙོ། །བཅུ་དང་གཉིས་ནི་དེ་བཞིན་དུ།། དབྱངས་རྣམས་འཕོ་བའི་མཚན་ཉིད་དེ། །ཡར་ངོ་མར་ངོའི་བྱེ་བྲག་གིས། །ཉི་ཤུ་རྩ་བཞིར་བརྗོད་པ་ཡིན། །དུས་ནི་མྱུར་དང་རིང་བ་དག་།ཡན་ལག་མཚན་མའི་མཚན་ཉིད་ནི། ། གང་ཞིག་ཤེས་པ་ཙམ་གྱིས་ནི། །འཆི་བའི་དུས་ལ་བབ་པས་གནས། །དབུགས་ནི་རྣམ་པར་རྒོད་གྱུར་ན། །ལུས་ཅན་དྲུག་དང་གཉིས་ཀྱིས་འཆི། །སྔ་དྲོ་རོ་ཧི་ཏའི་དུས་སུ། །དེ་ཡི་མཚན་མ་མཚོན་པར་བྱ། །སྣ་དང་མིག་གི་གནས་དང་ནི། །འགྲམ་པ་དང་ནི་རྣ་བའི་རྩ། །ལྕེ་དང་སོ་ཡི་མཚམས་དང་ནི། །དེ་བཞིན་མགྲིན་པའི་ཕྱི་རོལ་དང ། །སྙིང་གའི་དྲ་བ་ལྟེ་བ་དང ། །བརླ་དང་བྱིན་པ་དེ་བཞིན་གཞན། །ཆུ་སོ་དང་ནི་མཚན་དག་དང ། །མགོ་དང་སྤྱི་གཙུག་གི་ནི་ཕྱོགས། །དབུགས་ནི་ཚད་ཅིང་ཆད་གྱུར་པའི། །ལུས་ཀྱི་མཚན་མ་མྱུར་བ་རུ། །འཆི་བའི་དུས་ནི་སྟོན་པར་བྱེད། །ཉི་མའི་གྲངས་ཀྱི་ཚད་ཀྱིས་ནི། །འཁོར་ལོས་དུས་ཀྱི་བདག་ཉིད་བརྩི། །སྒོ་གཅིག་ནས་ནི་ཉིན་དྲུག་ཏུ། །གང་ཚེ་དབུགས་ནི་རྒྱུ་གྱུར་པ། །ཡོན་ཏན་གསུམ་གྱི་ལོ་དག་ནི།། ཞག་ནི་སུམ་བརྒྱ་དྲུག་ཅུ་རུ། །བགོས་པ་ཡི་ནི་ཚད་དག་ནི། །མདོར་བསྡུས་ནས་ནི་བསྟན་པར་བྱ། །ལོ་གཉིས་དང་ནི་ཟླ་བ་དག་།དུས་ཀྱི་གྲངས་སུ་བསྟེན་པ་དང ། །ཉིན་ཞག་དག་ནི་
411b
བཅོ་བ་རྒྱད་དུ། །དེ་ཡི་ཚད་ནི་ཡང་དག་བརྗོད། །ཉི་མ་དག་ནི་བདུན་དང་མཐའ། །གལ་ཏེ་རླུང་ནི་རྒྱུར་གྱུར་ན། །ལོ་གཉིས་དང་ནི་དེ་བཞིན་དུ། །ཟླ་བ་དྲུག་ཏུ་འཚོ་འགྱུར་ཞིང ། །དེ་བཞིན་ལོ་གཉིས་ཟླ་བ་ནི། །རིག་བྱེད་ཀྱི་ནི་གྲངས་དང་ནི། །ཉི་མ་ཉི་ཤུ་རྩ་བཞི་རུ། །འཚོ་འགྱུར་དུས་ཀྱི་གྲངས་ཡིན་ནོ། །གལ་ཏེ་ཉིན་དགུར་རྒྱུ་གྱུར་ན། །ལོ་གཉིས་ཟླ་བ་བཞི་དང་ནི། །ཉིན་ཞག་ཉི་མའི་གྲངས་སུ་ནི། །ལུས་ཅན་རྣམས་ཀྱི་སྦྱོར་པ་ཡིན། །གལ་ཏེ་ཉིན་བཅུར་རྒྱུ་གྱུར་ན། །ལོ་གཉིས་ལས་ནི་མི་འཚོའོ། །གལ་ཏེ་ཉིན་ཞག་བཅུ་གཅིག་ཏུ། །སྒོ་གཅིག་ནས་ནི་རྒྱུ་བ་དག ། ལོ་གཅིག་ཟླ་བ་དགུ་དང་ནི། །ཉིན་ཞག་བཅོ་བརྒྱད་དག་ལས་ནི། །མི་འཚོ་མཛེས་མ་ཁྱོད་ལ་བཤད། །ཉིན་ཞག་བཅུ་གཉིས་རྒྱུ་ན་ནི། །ལོ་གཅིག་དང་ནི་ཟླ་བ་ནི། །དབྱངས་ཀྱི་གྲངས་དང་ཉིན་ཞག་ནི། །དུས་ཀྱི་གྲངས་ལས་མི་འཚོའོ། །གལ་ཏེ་ཉིན་མ་བཅུ་གསུམ་དུ། །གཡས་ཀྱི་ལམ་ནས་རྒྱུ་བ་ནི། །ལོ་གཅིག་དང་ནི་ཟླ་བ་དག་།རིག་བྱེད་ཀྱི་ནི་གྲངས་དང་ནི། །ཉི་མ་དགུ་ལས་མི་འཚོ་ཞེས། །མཛེས་མའི་གདོང་ཅན་ཁྱོད་ལ་བཤད། །གལ་ཏེ་བདུན་ཕྲག་གཉིས་སུ་ནི། །གཡས་ཀྱི་ལམ་ནས་རླུང་རྒྱུ་དེ། །ལོ་གཅིག་ཟླ་བ་གཉིས་དང་ནི། །ཉི་མ་བཅུ་ཡི་ཕྱེད་དག་ལས། །འཚོ་བར་མི་འགྱུར་དེ་ཡི་ནི། །ཚེ་ཚད་ངེས་པར་བསྟན་པ་ཡིན། །གང་ཞིག་ཉི་མ་ལྔ་གསུམ་དུ། །གཡས་ཀྱི་སྒོ་ནས་རླུང་རྒྱུན། །ལོ་གཅིག་ན་ནི་གདོན་མི་ཟ། །གང་ཞིག་བརྒྱང་ཕྲག་གཉིས་སུ་ནི། །
412a
༄#། །གཡས་ནས་རླུང་ནི་རྒྱུ་བ་དག་།དེ་ཡི་ཚེ་ཚད་ངེས་པ་དག་།ཟླ་བ་བཅུ་དང་ཉི་མ་ནི། །ཉི་ཤུ་རྩ་བཞི་དག་ལས་ནི། །མི་འཚོ་བར་ནི་ངས་བཤད་དོ། ། གལ་ཏེ་ཉིན་ཞག་བཅུ་བདུན་དུ། །གཡས་ཀྱི་ལམ་ནས་རླུང་རྒྱུན། །དེ་ནས་དེ་ཡི་ཚེ་ཚད་ནི། །ཟླ་བ་དགུ་དང་ཉིན་ཞག་ནི། །བཅོ་བརྒྱད་དག་ལས་མི་འཚོ་བར། །གདོན་མི་ཟ་བར་བཤད་པ་ཡིན། །ཉིན་ཞག་བཅོ་བརྒྱད་རྒྱུ་ན་ནི། །ཟླ་བ་དག་ནི་བརྒྱད་དང་ནི། །ཉིན་ཞག་ཉི་མའི་གྲངས་སུ་ནི། །དེ་ཡི་དབུས་ནི་བཤད་པ་ཡིན། །གལ་ཏེ་ཉིན་ཞག་བཅུ་དགུ་རུ། །དྲི་ཡི་བཞོན་པ་རྒྱུ་བ་དག་།ཇི་སྲིད་འཚོ་བར་བཤད་པར་བྱ། །ཟླ་བ་དག་ནི་བདུན་དང་ནི། །ཉིན་ཞག་དུས་ཀྱི་གྲངས་ལས་ནི། །འཚོ་བར་མི་འགྱུར་གདོན་མི་ཟ། །གལ་ཏེ་ཉིན་ཞག་ཉི་ཤུར་ནི། །རྒྱུ་བ་ཟླ་བ་དྲུག་ན་ནི། །དེ་ཡི་སྲོག་ནི་འགྲོ་བར་འགྱུར། །གལ་ཏེ་ཉིན་ཞག་ཉི་ཤུ་གཅིག་།ཉི་མའི་ལམ་ནས་རླུང་རྒྱུ་བ། །ཟླ་བ་ལྔ་དང་ཉི་མ་ནི། །ཉི་མའི་གྲངས་ལས་མི་འཚོའོ། ། ཉིན་ཞག་ཉི་ཤུ་གཉིས་རྒྱུ་ན། །ཟླ་བ་རིག་བྱེད་གྲངས་དང་ནི། །ཉིན་ཞག་ཉི་ཤུ་རྩ་བཞི་ལས། །མི་འཚོ་བར་ནི་ཡང་དག་བརྗོད། །གལ་ཏེ་ཉིན་ཞག་ཉི་ཤུ་གསུམ། །སྒོ་གཅིག་ནས་ནི་རླུང་རྒྱུན། །ཟླ་བ་བཞི་དང་ཉི་མ་ནི། །དུས་ཀྱི་གྲངས་ལས་མི་འཚོར་བརྗོད། །ཉི་ཤུ་རྩ་བཞིར་རྒྱུ་བ་དང ། །ཟླ་བ་གསུམ་དང་ཉི་མ་ནི། །བཅུ་གཅིག་དག་ལས་མི་འཚོ་འོ། །ཉིན་ཞག་ཉི་ཤུ་ལྔ་རྒྱུན། །ཟླ་
412b
བ་གསུམ་ལས་མི་འཚོའོ། །དེ་ལས་གོང་མ་སྔར་བསྟན་པའི། །གྲངས་ལས་མདོར་བསྡུས་ཤེས་པར་བྱ། །བཅུ་དང་གཉིས་ཀྱི་རྩིས་ལས་ནི། །བར་བར་གྱི་ནི་བསྟན་པ་ཡིན། །ཆ་དང་ཆ་ཡིས་རིམ་བཞིན་དུ། །བར་བར་ཉི་མ་གསལ་བར་བྱས། །བློ་དམན་རྣམས་ཀྱིས་རྟོགས་བྱའི་ཕྱིར། །དུས་དེ་དག་ནི་བཤད་པ་ཡིན། །རྣལ་འབྱོར་པ་རྣམས་ལ་ནི་དུས། །ཤིན་ཏུ་ཕྲ་བ་ངས་བཤད་པ། ། ཁམས་རྣམས་སྙོམས་པའི་ལུས་ལ་ནི། །དེ་དག་བལྟ་ཞིང་ཡིད་ཆེས་བྱ། །སྒོ་ནི་སྟེང་དུ་ལྟས་འབབ་པ། །སྣ་ཡི་བར་ཤ་ཆད་གྱུར་ན། །ཉིན་ཞག་བདུན་གྱིས་ཐེ་ཚོམ་མེད། །ཆ་ཤས་དགུ་ནི་ཡང་དག་གནས། །དེ་བཞིན་སྒོ་ནི་སྟེང་བལྟས་ལས། །མིག་གི་ཆུ་ནི་ཆད་གྱུར་ན། །ཉི་མ་ལྔ་ན་འཆི་བར་འགྱུར། །ཆ་ཤས་བཅུ་ནི་ཤེས་བྱ་བ། །སྟེང་དུ་བལྟས་ཏེ་འགྲོ་བ་ལས། །རྣ་བ་གཡོན་དང་འགྲམ་པ་ཡི། །ངོས་ཀྱི་མཚན་མ་དག་ལས་ནི། །ཉིན་ཞག་གཅིག་ལས་མི་འཚོའོ། །ཆ་ཤས་བཅུ་གཅིག་གནས་པ་ཡི། །གསལ་བར་སྟེང་དུ་འགྲོ་བ་ལས། །རྣ་བ་གཡས་པར་བརྟེན་པ་ཡིས།། ཉིན་ཞག་བཅོ་བརྒྱད་དག་ན་འཆང ། །ཆ་ཤས་བཅུ་གཉིས་དེ་བཞིན་གནས། །ལྕེ་ཡི་སྐུད་པ་ནག་མཐོང་ན། །ལུས་ཅན་དུས་ཀྱི་ཉིན་ཞག་འཆི། །ཆ་ཤས་བཅུ་གསུམ་བརྟེན་པ་ཡི། །དེ་བཞིན་སྟེང་དུ་འབར་བ་ཡི། །སྟེང་འོག་སོ་ནི་འཐམས་གྱུར་ན། །འབྱུང་པ་དག་ནི་མ་ལུས་འདྲེན། །སྲོག་ནི་དུས་གྲངས་ཉི་མས་འགྲོ། །དབྱངས་ཡིག་བཅུ་བཞི་བརྟེན་པ་ནི། །མགྲིན་པའི་བླ་ན་གནས་པའི་རྩ།།
413a
༄#། །སྟེང་དུ་བལྟས་པ་ཞེས་གྲགས་ཀྱི། །ཉིན་ཞག་ལྔ་ལས་མི་འཚོའོ། །ཆ་ཤས་བཅོ་ལྔ་གནས་པ་ཡི། །སྟེང་དུ་བལྟས་པའི་མཆོག་དེ་ལ། །བྲང་གི་དྲ་བ་ཞོམ་གྱུར་ཟླ་ཕྱེད་ན་ནི་གདོན་མི་བྲ། །ཆ་ཤས་བཅུ་དྲུག་རྫོགས་པའི་བདག་།ལྟེ་བའི་དབུས་གྱུར་སྟེང་བལྟས་པ། །སེན་མོའི་ཁྲག་ནི་མེད་གྱུར་ན། །ཉིན་ཞག་བཅུ་ན་ཡང་དག་ཉལ། །སླར་ཡང་ཆ་ཤས་བཅུ་བདུན་ནི། །གནས་པའི་བརླ་ཡི་མཚན་མ་ལས། །ཉིན་ཞག་ཉི་ཤུ་རྩ་བཞི་ན། །འཆི་འགྱུར་འདིར་ནི་གདོན་མི་ཟ། །ཆ་ཤས་བཅོ་བརྒྱད་གནས་པ་ཡི། །བྱིན་པ་ལ་ནི་གནས་པའི་རྩ། །དེ་བཞིན་སྟེང་དུ་བལྟས་པ་ཡིས། །ཉིན་ཞག་ཉི་མའི་གྲངས་ཀྱིས་མཆི། །བཅུ་དགུ་ཡི་ནི་ཆ་ཤས་གནས། །ཆུ་སོ་དེ་བཞིན་སྟེང་བལྟས་པས། །དེ་དང་མཉམ་པའི་ཉིན་ཞག་གིས། ། འཆི་འགྱུར་འདིར་ནི་ཐེ་ཚོམ་མེད། །ཆ་ཤས་ཉི་ཤུ་གནས་པ་ཡི། །ཕོ་མཚན་ལ་ནི་གནས་པའི་རྩ། །སྟེང་དུ་བལྟས་པ་མཆོག་དབང་ཕྱུག་།མཚན་མས་ཉིན་ཞག་དུས་ཀྱི་ནི། །གྲངས་ཀྱིས་འཆི་འགྱུར་ཐེ་ཚོམ་མེད། །རེའུ་མིག་བཅུ་གཉིས་བརྩིས་པ་ལ། །བར་བར་ཉི་མ་བསྟན་པ་དག་།ལོ་ཡི་རིམ་གྱིས་དེ་སྦྱངས་ཏེ། །བདུན་ཅུ་རྩ་གཉིས་རིམ་པ་དང ། །སུམ་ཅུ་རྩ་དྲུག་བཅོ་བརྒྱད་ཀྱིས། །ཟླ་བ་ལ་སོགས་གོ་རིམ་བཞིན། །རིམ་གྱིས་རིམ་གྱིས་འབྲི་བར་བྱ། །ལྷག་མར་གང་ཞིག་གྱུར་པ་ནི། །བསྡུས་ཏེ་འཚོ་བའི་དུས་སུ་ནི། །ལྷ་མོ་ཆེན་མོ་ཤེས་བྱ་ཞེས། །
413b
མཁའ་འགྲོ་གུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །རྩ་དང་མཉམ་པར་སྦྱོར་བའི་དབུགས་འབྱུང་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་པའོ།། །།སྒོ་དགུ་པོ་ཡི་མཚན་ཉིད་དང ། །རྩ་ནི་གང་བར་གནས་པ་ཡི། །ཡོན་ཏན་སྐྱོན་སོགས་ཇི་ལྟར་བལྟ། །དེ་རྣམས་བྱེ་བྲག་མི་འཚལ་ཏེ། །ཡེ་ཤེས་དབང་ལ་ཉན་པར་འཚལ། །བདེ་བ་ཆེན་པོས་བཤད་དུ་གསོལ། །གོད་དུ་འཕོ་བའི་སྦྱོར་མཚན་ཉིད། །བཤད་ཀྱི་ལྷ་མོ་མཉན་པར་གྱིས། །སྔོན་དུ་བདག་ཉིད་སྦྱངས་བྱས་ལ། །ཕྱི་ནས་ལས་ནི་བརྩམ་པར་བྱ། །གཟུགས་མེད་གནས་པ་མདོག་སྔོ་བའི། །བདེ་ཆེན་ཟླ་བ་ལྟ་བུ་འཛག། སླར་ཡང་གཟུགས་སུ་གནས་པ་སྟེ། །རྣམ་པ་ཀུན་གྱིས་བརྒྱན་པའོ། །ཆ་ཤས་བཞི་དང་ཡང་དག་ལྡན། །ཁ་ནི་ཐུར་དུ་བལྟས་ཏེ་འཕྱང ། །གོ་འཕང་གནས་པའི་གནས་ནས་ནི། །ཀུན་ད་ཟླ་འདྲ་རྟག་ཏུ་དག་།རྣམ་ཤེས་ཡེ་ཤེས་བདུད་རྩི་ནི། །ལྷ་མོ་ཆེན་མོ་འབབ་པའི་མཆོག་།རྟེན་དུ་གྱུར་པའི་པདྨ་གང ། །ཟླ་བའི་འོད་ཀྱིས་རྣམ་པར་བརྒྱན། །དེ་ནི་ཆ་དང་ཆ་ཡི་གཟུགས། །གོང་དུ་གནས་པ་ཞེས་བྱར་བརྗོད། །དེ་ནས་གཞན་ཡང་བཤད་བྱ་བ། །གནས་ཀྱི་མཐའ་ནི་དག་པར་བྱ། །དག་ནས་སྲིད་པ་འཕོ་བྱ་ཡི། །གཞན་དུ་ན་ནི་དོན་མེད་འགྱུར། །དགང་བ་ཡིས་ནི་ལུས་བཀང་ན། །དུག་དང་རིམས་
414a
༄#། །ཀྱིས་ཚ་བ་འཕྲོག་།བུམ་པ་ཅན་གྱིས་སྒོ་བཅིངས་ན། །སྒོ་ཡི་སྦུ་གུ་དག་པར་འགྱུར། །འཐོར་བས་སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བས་ཞི་བར་འགྱུར། །རྣམ་ཤེས་དབྲོག་པའི་ཆོ་ག་དང ། །གཞན་དུ་འགྲོ་བའང་བཤད་པར་བྱ། །དེ་ནས་ཕྱི་རོལ་སྦྱོར་བ་ནི། །མཁས་པ་ཡིས་ནི་སྦྱང་བར་བྱ། །གནས་གཉིས་དག་ནི་བསམས་ནས་སུ། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །རླུང་གི་དབུས་སུ་མེ་ཡིས་ནི། །ཡང་དང་ཡང་དུ་དབྱེ་བར་བྱ། །ཱ་ལི་ཀཱ་ལིར་ལྡན་པ་ཡི། །ས་བོན་དེར་ནི་སྦྱར་བར་བྱ། །རྣལ་འབྱོར་པ་ཡིས་ཁྱད་པར་དུ། །འབྱུང་དང་འཇུག་པས་བཟླས་པར་བྱ། །འབྱུང་བ་ཡེ་ཤེས་ས་བོན་གྱིས། །བསྣུན་དང་ལྡན་པར་བསམ་པར་བྱ། །འཇུག་པ་སྙིང་གི་རྣམ་ཤེས་ལ། །མེ་ཏོག་ལྟ་བུར་བསྣུན་པར་བྱ། །རྣལ་འབྱོར་པས་ནི་འབྱུང་བཟླས་ཏེ། །བདག་ཉིད་ལས་ནི་ཕྱི་རོལ་བྱ། །འཇུག་པ་འབྱུང་བར་འཚོ་བྱ་སྟེ། །དེ་ཁོ་ན་ཉིད་མཉམ་པར་བསྒོམ། །མཉམ་གཞག་དངོས་པོ་བསྒོམས་ན་ནི། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནས་ཕྱི་རོལ་ལུས་ལ་ནི། །སྒྲུབ་པ་པོ་ཡིས་རྣམ་པར་སྤྲུལ། །ཉི་མའི་ལམ་ནས་དང་ཕྱུང་སྟེ། །ལྷ་མོ་ཆ་ཤས་ལྡན་པར་བྱ། །བསྒྲུབ་བྱའི་སྙིང་གར་ཞུགས་ནས་ནི། །རླུང་དང་མེ་ཡིས་འབར་བ་དག་།དེ་ཡི་རྣམ་པ་དེས་བཟུང་ནས་ནི། །ལུས་ཀྱི་དཀྱིལ་འཁོར་དུ་ནི་གཞུག་།བསྒྲུབ་བྱའི་རྣམ་ཤེས་བསྡུས་ནས་སུ། །འོག་གི་འཁོར་ལོར་སྦྱར་བར་བྱ། །ཇི་སྲིད་ཟད་པར་བྱས་བར་དུ། །
414b
དེ་སྲིད་ལྐུགས་ཏེ་གནས་པར་འགྱུར། །འཆི་བའི་དུས་ལ་བབ་གྱུར་ན། །འཆི་བའི་མཚན་མ་སྟོན་པ་དང ། །རིམས་ལ་སོགས་པས་མ་ཕོག་པར། །གོང་དུ་འཕོ་བ་མཆོག་ཡིན་ནོ། །དེ་ནས་གཞན་ལུས་ལ་འཇུག་པ། །མདོར་བསྡུས་ནས་ནི་བཤད་པར་བྱ། །སེངྒེ་རྣམ་རོལ་ཕྱག་རྒྱ་ཡིས། །རྣལ་འབྱོར་པ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བར་བྱ། །ཁྱོད་ཀྱིས་གནས་སུ་སྦྱར་ནས་ནི། ། རང་གི་ལུས་ནི་ཡོངས་བཏང་སྟེ། །རིམ་གྱིས་སྦྱོར་པས་ཕྱེ་ནས་སུ། །ཆོ་ག་འདི་ལྟར་བྱས་པ་ཡིས། །སྔགས་པ་གཞན་གྱི་ལུས་ལ་འཇུག་།སྦྱོར་བའི་རིམ་པ་དེ་ཉིད་ཀྱིས། །རང་གི་ལུས་ལ་སྦྱར་བར་འདོད། །འགྲོ་དང་འོང་བའི་བྱེ་བྲག་གིས། །མཉམ་པར་བཞག་སྟེ་གང་བྱེད་པ། །དཔའ་བོའི་དབང་ཕྱུག་ཐམས་ཅད་དང ། །མཁའ་འགྲོ་མ་དང་སྦྱོར་བས་མཆོད། །གང་གི་རིང་ནས་ཐེས་གྱུར་པ། །དེ་ནི་ཡང་དག་བཤད་ཀྱི་ཉོན། །དེ་བཞིན་མཁས་པས་གཞན་སེམས་ཀྱི། །བསམ་པ་རྗེས་སུ་ཤེས་པར་བྱ། །སྒོམ་དང་བཟླས་པའི་ཁྱད་པར་བགྱི། །སྦྱོར་བའི་དམ་པ་སྐྱེ་བར་འགྱུར། །གང་གིས་ལམ་ནས་བསམས་ན་ནི། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །འཁོར་ལོ་གང་ཞིག་སྔར་བསྟན་པར། །ཞུགས་ཏེ་ཉན་པ་གཉིས་སུ་ནི། །འཇིག་རྟེན་གསུམ་དང་འདྲེས་ནས་ནི། །མེ་སྟག་བཞིན་དུ་རྣམ་པར་འཁོར། །རླུང་གིས་བསྐྱོད་པའི་མེ་ཡིས་ནི། །ཤེས་རབ་ལྡན་པས་ཞུགས་བསམས་ན། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རིང་ན་གནས་པ་ཐོས་པར་འགྱུར། །སྒོམ་པའི་སྦྱོར་
415a
༄#། །བ་འདི་ཡིས་ནི། །ཡེ་ཤེས་མིག་གིས་མཐོང་གྱུར་པ། །ཤིན་ཏུ་རིང་ན་གནས་པ་ཡང ། །སྒྲུབ་པོས་སྐད་ཅིག་གསལ་བར་མཐོང ། །བསྟན་དང་མ་བསྟན་གང་ཅིའང་རུང། །དེ་ཀུན་ང་ཡིས་ཡང་དག་བཤད། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །དགེ་བའི་སྒོ་ནས་འགྲོ་བ་དང ། །གང་གིས་ལམ་ནས་འགྲོ་བ་ཡིས། །ཐར་པའི་དངོས་གྲུབ་རབ་སྟེར་བ། །མཆོག་དང་ཐ་མའི་བྱེ་བྲག་རྣམས། །མདོར་བསྡུས་ནས་ནི་བཤད་པར་བྱ། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །ཐིག་ལེར་གཟུགས་ཅན་མཐོ་རིས་ཏེ། །སྟེང་ནས་འགྲོ་བར་སྟེང་གི་ནི། །མྱུར་དུ་འགྲོ་བ་བྱེད་པར་འགྱུར། །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་ནི་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དྭགས་ཏེ། །དེ་བཞིན་ཆུ་ལས་དུད་འགྲོའོ། །ཆུ་མིན་གྱིས་ནི་དམྱལ་བར་ལྟུང ། །ཐར་པའི་ལམ་ལས་གཞན་དུ་འགྲོ། །སྔོན་དུ་བུམ་པ་བརྩམས་པ་ཡིས། །སྒོ་རྣམས་ཐམས་ཅད་བཅིང་བར་བྱ། །རྒྱལ་བ་ལྔ་ཡི་མཆོད་རྟེན་གྱི། །སྒོ་ཡི་བུ་གར་བསྒོམ་པར་བྱ། །དེ་ལ་འོག་གི་སྒོ་རུ་ནི། །ཆུ་ཡི་ས་བོན་དཀར་པོ་བསམ། །ཆུ་དང་ཆུ་མིན་སྒོ་ལ་ནི། །མེ་ཡི་ས་བོན་འབར་བ་སྟེ། །དེ་ལ་ཤིན་ཏུ་མཉམ་བཞག་པས། །དབུགས་ནི་བུམ་པ་ཅན་དུ་བསྒོམ། །ལུས་ནི་རླུང་གི་མདོག་ཏུ་སྟེ། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །རླུང་གི་མཐའ་ནི་རྩ་བ་
415b
ཅན། །རླུང་གི་ས་བོན་འབར་བ་སྟེ། །ཐིག་ལེ་སྒྲ་དང་ལྡན་པ་ཡི། །རྩ་བའི་ས་བོན་དྲང་བར་བྱ། །འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས། །སྒྲ་དང་སྒྲ་ཡིས་འཕུལ་བར་བྱེད། །དུས་ལ་བབ་ན་འཕོ་བྱ་སྟེ།། དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་སྲེག་པར་འགྱུར། །དེ་བས་འཆི་ཐའི་མཚན་མ་ནི། །མཁས་པས་འབད་དེ་ཤེས་པར་བྱ། ། རྣལ་འབྱོར་པ་ཡིས་སྔར་བསྟན་པའི། །སྔོན་ཆེན་བདེ་བ་ཕུན་སུམ་ཚོགས། །སྒྲུབ་པོ་རྣམས་ཀྱིས་སྨིན་པ་ལ། །སྟེང་གི་རྩ་བ་བཟའ་བར་བྱ། །ཆུ་དང་སྐྱ་རེངས་ལྡན་པ་དག་།གཡོན་པའི་བདུད་རྩིར་སྦྱར་བྱས་ལ། །ཟོས་ན་ཞི་དང་རྒྱས་པ་སྟེ། །དུག་དང་རིམས་ཀྱིས་ཚ་བ་འཕྲོག་།ཆོ་གའི་སྦྱོར་བ་འདི་ཡིས་ནི། །རྙིང་དང་སྨིན་པ་འཇོམས་པར་བྱེད། །ལྷ་མོ་སླར་ཡང་བཟློག་པ་ཡིས། །ནམ་མཁར་འགྲོ་བ་བརྗོད་པར་བྱ། །རླུང་དང་མེ་ཡི་བྱེ་བྲག་གིས། །རྐང་པའི་འཁོར་ལོར་སྦྱར་བྱས་ཏེ། །ཡིད་ཀྱིས་རབ་ཏུ་ཞིར་སྦྱར་ནས། །ནམ་མཁའ་ལ་ནི་འགྲོ་འགྱུར་ཞིང ། །མཁའ་འགྲོ་ཀུན་གྱིས་བསྐོར་ནས་སུ། །ལྷ་ཡི་ལུས་ཀྱི་ས་ཀུན་ཏུ་རྩེ། །ཇི་སྲིད་ཟླ་ཉི་ཡོད་ཀྱི་བར། །དེ་སྲིད་ནམ་མཁར་གནས་པར་འགྱུར། །སླར་ཡང་ལུགས་ལས་ལྡོག་པ་ཡི། །ཁ་དོག་དཀར་པོའི་པདྨ་བསམ།། བསྒྲུབ་བྱའི་དབུས་སུ་སྦྱར་ན་ནི། །རྟག་ཏུ་ངག་གི་དངོས་གྲུབ་བྱེད། །རང་གི་ལུས་དབུས་བསྒོམ་བྱ་བ། །རླུང་གི་དཀྱིལ་འཁོར་འཁྲུག་པ་ལྟར། །རང་གི་ཁ་ནས་བྱུང་ནས་སུ། །བསྒྲུབ་བྱའི་ཁ་རུ་
416a
༄#། །ཐིམ་པར་བྱ། །ཉི་མ་བདུན་གྱིས་དངོས་གྲུབ་ཏུ། །འགྱུར་ཏེ་གཞན་དུ་ཡོང་མ་ཡིན། །རླུང་གི་ལམ་ནས་བསྒྲུབ་བྱ་ཡི། །ལུས་ལ་ཐིམ་པར་གྱུར་པ་དང ། །དེ་ཡི་སེམས་ནི་བཟུང་ནས་སུ། །བདག་ལ་གཞུག་སྟེ་མེ་ལ་ནི། །བསམས་ཏེ་རླུང་དང་མེ་སྦར་བས། །དེ་ཡི་ལུས་ནི་འཁྲུག་པར་འགྱུར། །ཚིགས་དགུ་ལས་ནི་སྟེང་གཞན་གྱིས། །མོད་ལ་འཕོ་བར་ཤེས་བྱ་སྟེ། །ཉིན་རེ་བྲམ་ཟེ་གསོད་པ་དང ། །མཚམས་མེད་ལྔ་ནི་བྱེད་པ་དང ། །རྐུ་འཕྲོག་འདོད་ལ་སྤྱོད་པ་ཡང ། །ལམ་འདི་ཡིས་ནི་དག་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང ། ། སྲིད་པའི་སྐྱོན་ལས་རིང་དུ་འགྲོ། །ཇི་ལྟར་འདམ་ལས་སྐྱེས་པ་ཡི། །པདྨ་དྲི་མེད་ཡིད་འོང་བ། །དེ་བཞིན་ལུས་ཀྱི་འདམ་ལས་ནི། །ཡེ་ཤེས་སྐུ་ནི་འདོད་བཞིན་འགྲོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། གོང་དུ་འཕོ་བའི་བསམ་གཏན་དང ། སེངྒེ་རྣམ་པར་རོལ་པའི་ཕྱག་རྒྱའི་སྦྱོར་བ་འབྱུང་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་གཅིག་པའོ། ། ངག་གི་ཕྱག་རྒྱའི་མཚན་ཉིད་ནི། །དེ་ནས་ཡང་དག་བཤད་པར་བྱ། །གཡས་ཀྱི་ཆ་རུ་རྣལ་འབྱོར་པ། །གཡོན་དུ་རྣལ་འབྱོར་མ་ཉིད་དེ། །སོར་མོ་ཁར་ནི་འཇུག་བྱེད་པ། །མཁའ་འགྲོ་
416b
མ་ཡི་མཚན་མའོ། །གྷོ་གྷུ། ཐལ་མོ་སྤྱི་བོར་འཇོག་བྱེད་པ། །འབར་བྱེད་མ་ཡི་མཚན་མའོ། །གུ་གྷུ། མཐེ་བོང་འཚིར་བར་བྱེད་པ་ནི། །འཇིབ་བྱེད་མ་ཡི་མཚན་མའོ། །མུ་གྷུ། ལག་པ་རྣམ་པར་རྡེབ་པ་ནི། །བློ་ལྡན་འཕྲོག་བྱེད་རྟགས་ཡིན་ནོ། །ལུ་གྷུ། སྣ་རྩེར་སྐྱོར་མ་རྡེབ་པ་ནི། །ཐུགས་བདེ་མི་བདེ་འདྲི་བ་ཡིན། །དཾཥྚུ། ཤ་བའི་མགོ་ལྟར་སྟོན་བྱེད་པ། །རྣལ་འབྱོར་བྱེད་པའི་མཚན་མ་འོ། །གནྡྷོ་དེ། གང་ཞིག་སྨིན་མའི་དབུས་རེག་པ། །ང་ཡི་སྙིང་སྡུག་གྲོགས་པོའོ། ། ལི་ནི་ད་ཧ། སོ་ཡིས་ལྕེ་ནི་འཚིར་བྱེད་པ། །འདུས་ནང་གཏོར་མ་བཟའ་ཞེས་པའོ། །བྷཀྵེ་ཡོ། །ལག་པ་རྩ་ལ་འདུ་བྱེད་པ། །ཁྱོད་ཀྱི་ཁྱིམ་དུ་ངས་ཕྱིན་པའོ། །དྭ་རི་ཏི། ལག་པ་སྙིང་གར་ཉེད་བྱེད་ན། །ད་ནི་ང་ཡི་ཡིད་འོང་བའོ། །རུ་ཙ་བ་ཏ་བ་ཏེ། སྣ་རྩེར་ཁུ་ཚུར་འཆང་བ་ནི། །མེད་དོ་ཞེས་ནི་སྟོན་པའོ། །ཤཱུ་ནྱ་ཏ།།་ལག་པ་བརྐྱང་སྟེ་ལྟོར་རྡེབ་ན། །ཕུན་སུམ་ལྡན་པར་ཡོད་ཅེས་པའོ། །ཏྲི་ཀ་ས་ཧ། ལྟེ་བ་རུ་ནི་ཉེད་བྱེད་ན། །ཁ་ཟས་ཟ་བར་འདོད་པའོ། །ཙརྞྜཱ་ལི་ཀ་།མཛུབ་མོ་མདུན་དུ་སྟོན་བྱེད་ན། །ཞེ་ནག་གཏུམ་ལ་དྲག་པའོ། །ནི་ལ་དནྟ་པ་ཏྲ། སྨིན་མ་ལ་ནི་རེག་བྱེད་ན། །འདིར་འདོད་པ་ནི་ད་ལྟ་སྟོན། ། ནཾ་ག་ཡུ་ཏ། ལྕེ་ནི་འདྲིལ་བར་བྱེད་པ་དག་།ད་ལྟར་འཆི་ཞེས་བྱ་བའོ། །དུར་ག་ཏི། ཀུན་ཏུ་ལྟ་བར་བྱེད་པ་ནི། །ཚེས་གྲངས་ཤེས་པར་འདོད་པའོ། །ཏ་ར་ག་ན། ཚེས་གཅིག་ནས་ནི་བརྩམས་ནས་སུ། །མཐེ་བོས་རི་མོ་བྲི་བར་བྱ། །ཉི་ཚོད་ཡི་གེ་ལ་སོགས་པ། །སྔར་བསྟན་
417a
༄#། །བཞིན་དུ་མདུན་དུ་རེག་།གི་རི། སྟེང་དུ་ལྟ་བར་བྱེད་པ་ནི། །ཉིན་ཕྱེད་དགའ་བས་རོལ་པའོ། །ས་མ་ཚ་ཡ། འཛུམ་དང་བཅས་པར་ལྟ་བྱེད་ཅིང ། །ལག་པས་ལག་པ་བཟུང་ནས་སུ། །རྒྱ་མཚོ་ལྟ་བུར་སྟོན་བྱེད་པ། །ནོར་ཟས་བྱིན་ཅེས་བྱ་བའོ། །ཛིར་ན་བ་ཏ། ལག་གཉིས་ཁུ་ཚུར་འཆང་བྱེད་ན། །ད་ལྟར་གྲོགས་ལ་འདོད་ཞེས་པའོ། །སལྦ་ཏ། མཐེ་བོང་ཡིས་ནི་སྲིན་ལག་ལ། །རེག་པ་འཆི་བར་མི་འགྱུར་བའོ། །སོ་མ། མཐེ་བོང་ཁྲོ་བོ་བཟའ་ལ་སོགས། །སཱུ་རྱ། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་དག་གི་ཕྱག་རྒྱའི་བརྡས་རོལ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ། །ལྷ་མོས་སླར་ཡང་གར་མཛད་དེ། །གླུ་འདི་ཡིས་ནི་མཉེས་པར་བྱས། །ེ་བཾ་སི་ཏ་ཨ་རུ་ཎི་ན་བྷ། ཛ་ནི་ཏེ་མ་དྷྱ་མ་ག་མ་ཨཱ་ག་མ་དྷ་མ་པཱ་སི་ནི་སཱ་སཱ་སཱ། ནི་ག་མ་སཱ་སཱ་སཱ། རི་ག་མོ་བྷུ་པ་ཏི། ས་རི་རི་ས་རི་རཱི་སཱ་སཱ་སཱ། མ་དྷྱ་མ་ཨ་དྷ་མ་སཱ་སཱ་སཱ། ས་ཤྲུ་ཏ་ནི་ས་སཱ་སཱ་སཱ། ནིས་རི་ཏ་གྷ་མ་གྷམ། ཨ་དྷ་མ་དྷ་མ་སཱ་སཱ་སཱ། བ་བ་མ་ཡ་བ་བ་དྷ་ན་མོ་ཞེས་བྱའོ། །ཤར་དུ་མེའོ། །གཤིན་རྗེར་ནི་བྲེའོ། །ནུབ་ཏུ་ནི་མིའོ། །བྱང་དུ་ནི་ཀུའོ། །མེ་མཚམས་སུ་དྷ་སིའོ། །བདེན་བལ་
417b
དུ་ནི་མ་ཀའོ། །རླུང་མཚམས་སུ་ནི་ཏུ་ཀུའོ། །དབང་ལྡན་དུ་ནི་བི་མོའོ། ། ནི། སྒུར་པོའོ། །ི་ནི། ཟླ་བ་ལ་སྐྱེ་པའོ། །ུ་ནི། ལྷའི་བླ་མའི་འོ། །ེ་ནི། པ་བ་སངས་ཀྱིའོ། །ོ་ནི། ཉི་མའི་བུའི་འོ། །ཾ་ནི། གཟའི་བདག་པོ་རི་བོང་ཅན་ནོ། ། ནི། ཉི་མའོ། །གཟའ་རྣམས་ཀྱི་ནི་ཆོ་ག་ལས། །ཟླ་བ་ཉི་མའི་བརྗོད་པར་བྱ། །ཟླ་བ་ཀརྐ་ཊ་ལ་དབང ། །ཉི་མ་གདོང་ལྔ་པ་ལ་སྟེ། །གཟའ་རྣམས་ལྷག་མ་ཇི་སྙེད་པ། །རཱ་སི་གཉིས་གཉིས་ལ་ནི་སྤྱོད། །སྒད་གཤོང་འཁོར་ལོ་ཁྱོད་ཀྱིས་བཤད། །སྐར་མ་དུས་དང་ཉི་མ་ཡི། །བྱེ་བྲག་དག་ནི་མི་འཚལ་ཏེ། །བདེ་བ་ཆེན་པོས་བཤད་དུ་གསོལ། །བཀའ་སྩལ་པ། ལུག་དང་རོ་ཧི་ཏ་སོགས་པ། །གང་གི་འཆི་བ་བཤད་ཀྱི་ཉོན། །མདོར་བསྡུས་ནས་ནི་བརྗོད་པར་བྱ། །ཟླ་བ་དང་ནི་ཚེས་གྲངས་དང ། །སྐར་མ་ཡི་ནི་དུས་དང་ལྡན། །གདོན་དང་ནད་ནི་དེ་བཞིན་ཏེ། །སྒང་གཤོང་རཱ་སི་ཚད་མ་ནི། །གང་ཞིག་ལས་ནི་སྐྱེས་པའི་བརྡོད། །བ་ཏྲ་ཡི་ནི་ཉི་མ་ལ། །དགུན་ཟླར་བའི་ཟླ་བ་ཡི། །གཟའ་ནི་མིག་དམར་དག་དང་ནི། །རྒྱུ་སྐར་སྨིན་དྲུག་ལྡན་གྱུར་པ། །དེ་ནི་དེ་ཡི་འཆི་དུས་ཡིན། །སུས་ཀྱང་བསྐྱབ་པར་མི་ནུས་སོ། །ཁྱུ་མཆོག་གི་ནི་ཉི་མ་ལ། །ལུས་ཀྱི་མཚན་མ་ལ་སོགས་དང ། །སྨྱོ་ཞིང་འགུལ་པའི་ནད་ཀྱིས་ནི། །འཆི་བར་འགྱུར་བ་བཤད་པར་བྱ། །དེ་བཞིན་དགུན་ཟླ་འབྲིད་པོ་ཡི། །གཟའ་ལག་དང་ནི་སྣར་མར་ལྡན། །ཉི་མ་བཞི་པ་དེ་ལ་ནི། །དགོང་མོར་འཆི་འགྱུར་ཐེ་ཚོམ་མེད། །དགུན་ཟླ་ཐ་ཆུང་ལྷ་མོ་ཆེ། །སྐར་མ་མགོ་དང་ལྡན་པ་དང ། །གཟའ་ནི་གཟའ་ལག་བཅས་པ་ལ། །འཁྲིག་པའི་
418a
༄#། །མི་ནི་གང་ཡིན་པ། །ཉི་མ་དྲུག་ལ་འཆི་བར་འགྱུར། །དཔྱིད་ཟླར་བའི་ཚེས་བརྒྱད་ལ། །སྐར་མ་མགོ་དང་ལྡན་པ་དང ། །གཟའ་ནི་པ་བསངས་འཛོམས་ཤིང ། །ཉི་མ་སྔ་དྲོའི་དུས་ལ་ནི། །ཀརྐ་ཊ་ནི་འཆི་བར་འགྱུར། །དཔྱིད་ཟླ་འབྲིང་པོའི་གཉིས་ལྔ་ལ། །སྐྲ་མ་མཆུ་དང་ལྡན་པ་དང ། །གཟའ་ནི་སྤེན་པར་ལྡན་པ་ལ། །སེངྒེའི་མི་ནི་འཆི་བར་འགྱུར།། དཔྱིད་ཟླ་ཐ་ཆུང་བཅུ་གཉིས་ལ། །སྐར་མ་ནག་པར་ལྡན་པ་དང ། །གཟའ་ནི་ཉི་མ་དག་ལ་ནི། །སྐྲན་དང་གཟེར་བའི་ནད་ཀྱིས་ནི། །བུ་མོའི་མི་ནི་འཆི་བར་འགྱུར། །དབྱར་ཟླ་ར་བའི་བཅུ་བཞི་ལ། །སྐར་མ་ལྷ་མཚམས་ལྡན་པ་དང ། །གཟའ་ནི་མིག་དམར་དག་ལ་ནི། །སྲང་གི་མི་ནི་འཆི་བར་འགྱུར། །དབྱར་ཟླ་འབྲིང་པོའི་བཅུ་གཅིག་ལ། །ནག་པ་དང་ནི་མིག་དམར་ལ། །སྡིག་པའི་མི་ནི་འཆི་བར་འགྱུར། །དབྱར་ཟླ་ཐ་ཆུང་ཚེས་དགུ་ལ། །སྐར་མ་གྲོ་བཞིན་ལྡན་པ་དང ། །གཞུ་ཡི་མི་ནི་འཆི་བར་འགྱུར། །དེ་དག་ངེས་པར་ལྡན་གྱུར་ན། །འཆི་འགྱུར་བདེན་པར་ང་ཡིས་བཤད། །སྟོན་ཟླ་ར་བའི་བདུན་པ་ལ། །སྐར་མ་རྒྱལ་དང་ལྡན་པ་དང ། །གཟའ་ནི་ཟླ་བར་བཅས་པ་ལ། །ཆུ་སྲིན་མི་ནི་འཆི་བར་འགྱུར། །སྟོན་ཟླ་འབྲིང་པོའི་བཅུ་གསུམ་ལ། ། སྐར་མ་ཐ་སྐར་ལྡན་པ་དང ། །གཟའ་ནི་ཟླ་བར་བཅས་པ་ལ། །བུམ་པའི་མི་ནི་ཟད་པར་འགྲོ། །སྟོན་ཟླ་ཐ་ཆུང་སྒྱུ་མ་ཆེ། །ཉི་མ་དག་ནི་བརྒྱད་པ་ལ། །སྐར་མ་ནམ་གྲུར་ལྡན་པ་དང ། །གཟའ་
418b
ནི་སྤེན་པར་བཅས་པ་ལ། །ཉ་ཡི་མི་ནི་འཆི་བར་འགྱུར། །སྔོན་དུ་སྐྱེས་དུས་ཤེས་བྱ་སྟེ། །ཕྱི་ནས་དུས་ནི་བརྩི་བར་བྱ། །གཞན་དུ་དུས་ནི་སྨྲ་བ་དག་།ཐམས་ཅད་དོན་མེད་ཉིད་དུ་འགྱུར། །སྐྱེ་དུས་ཤིན་ཏུ་མཉམ་བཞག་སྟེ། །ཞི་དང་དྲག་པོ་དཔྱད་པར་བྱ། །ཚེ་དང་འཆི་དུས་ལ་སོགས་པ། །དེ་ནས་དེ་ལྟར་ལུང་བསྟན་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། གཟའ་དང་ཉི་མའི་ངེས་པར་འཆི་བ་ཚར་བཅད་པའི་དབང་དུ་བྱས་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།ལྟས་ཀྱི་མཚན་ཉིད་དགེ་བ་ནི། །རབ་ཏུ་བཤད་ཀྱི་ལྷ་མོ་ཉོན། །ཱ་ལི་ཀཱ་ལི་མཉམ་བྱས་ལ། །སྡེ་ཚན་དུ་ནི་བསྡེབ་པར་བྱ། །དབྱངས་དང་གསལ་བྱེད་དང་པོ་སོགས། །བལྟས་ཏེ་མིང་ནི་གཟུང་བར་བྱ། །ཆ་ཤས་ལྡན་ལ་སྙིང་སྟོབས་ཅན། །དེ་ཡི་རིགས་ནི་ཤེས་པར་བྱ། །མཐའ་ཡས་ལ་སོགས་ཀླུ་རྣམས་དང ། །ཉི་མ་ལ་སོགས་དེ་བཞིན་གཟའ། །མཁའ་འགྲོ་མ་སོགས་མ་མོ་རྣམས། །དེ་ཡི་རིགས་སུ་རབ་ཏུ་གྲགས། །ལྷ་རྣམས་ཐམས་ཅད་ཉིད་དང་ནི། །སྔགས་རྣམས་ཐམས་ཅད་དེ་ལས་སྐྱེས། །སྐྱེ་བོ་ཐམས་ཅད་སྐྱེད་བྱེད་མ། །དེས་ན་མ་ཞེས་བྱ་བར་བརྗོད། ། ཡིག་དང་ནི་དེ་བཞིན་ཨཱ། །ག་ཙ་ཊ་དང་ཡང་དག་ལྡན། །ཏ་པ་དང་ནི་ཡ་ཤ་སྟེ། །སྡེ་དགུ་ཡི་ནི་ཡི་གེ་འོ། །ེ་དང་སླར་
419a
༄#། །ཡང་ལྷ་མོ་ཨཱི། །དེ་བཞིན་གཞན་ཡང་ཁ་ཚ་ཋ། །ཐ་ཕ་དང་ནི་ར་ཥ་ཉིད། །སྡེ་ཚན་ཡང་དག་ཡིན་པར་བརྗོད། །ུ་དང་ལྷ་མོ་དེ་བཞིན་ཨུ། །ག་ཛ་ཌ་ད་ཡང་དག་ལྡན། །ད་བ་དང་ནི་ལ་ས་སྟེ། །དེ་དག་སྡེ་ཚན་གསུམ་པ་ཡིན། །ཡི་གེ་ཨེ་དང་དེ་བཞིན་ཨཻ། །དེ་བཞིན་སླར་ཡང་གྷ་ཛྷ་ཌྷ། །དྷ་བྷ་ཝ་ཧ་སླར་དེ་བཞིན། །འདི་དག་སྡེ་ཚན་བཞི་པ་ཡིན། །ོ་ཡིག་དང་ནི་ཨཽ་ཡིག་དང ། །ཾ་ཞེས་བྱ་དང་ཚེག་དྲག་བཅས། །སླར་ཡང་ང་ཉ་ཎ་ན་མ། །འདི་དགུ་སྡེ་ཚན་ལྔ་པ་ཡིན། །ཀུན་ཏུ་བཞི་བཅུ་རྩ་བཞི་དང ། །ལྷག་མ་ལྔ་དང་བཅས་པར་བྱ། །དེ་དག་སྐྱེ་བོ་ཐམས་ཅད་ཀྱི། །སྐྱེ་དང་འཇིག་པར་ཡང་དག་གནས། །ཡི་གེ་བཅུ་གཉིས་སྒྱུ་འཕྲུལ་ཆེ། །འཚོ་དང་དུས་ཀྱི་རང་བཞིན་བརྗོད། །དེ་དག་རཱ་སི་ཞེས་བྱ་བ། །སྐར་མ་ཀུན་དང་ཡང་དག་ལྡན། །ཟླ་བ་ཉི་མའི་བྱེ་བྲག་གིས། །དེ་བཞིན་འོག་དང་སྟེང་དུ་བལྟ། །བརྟན་པ་ཉིད་དང་གཡོ་བ་ཉིད། །གཉིས་པོ་གཉིས་སུ་བརྗོད་པ་ཡིན། །རྐྱང་བ་དང་ནི་སྦྱར་བ་སྟེ། །རིང་དང་ཐུང་དང་ཕམ་དང་རྒྱལ། །དེ་ལས་སྟེང་གི་རྒྱལ་བ་སྟེ། །འོག་ནི་འཆི་བར་ཤེས་པར་བྱ། །ཉི་མའི་རྒྱུ་བར་འགྲོ་བ་ཡི། །བཟའ་དང་རཱ་སི་སྐར་མ་རྣམས། །ཉི་མ་ལ་ནི་གནས་ཏེ་འཆར། །རཱ་སི་གཟའ་དང་གསུམ་པར་འདོད། །དབུགས་རྒྱུ་བ་དང་ཡང་དག་ལྡན། །ཐམས་ཅད་རཱ་སིར་ཤེས་པར་བྱ། །ཀརྐ་ཊ་དང་གླང་པོའི་དགྲ། །དེ་བཞིན་གཞོན་ནུ་མ་དང་སྲང ། །ཆ་ཤས་
419b
དྲུག་དང་ཡང་དག་ལྡན། །གཟའ་ཡིས་བསྐུལ་ནས་འཆར་བར་འགྱུར། །སྡིག་པ་དང་ནི་ཆུ་སྐྱེས་དང ། །ཁྱུ་མཆོག་དང་ནི་བུམ་པར་བཅས། །ཆ་ཤས་ལྔ་ཡི་ཚད་དང་ལྡན། །གཟའ་ཡིས་བསྐུལ་ནས་འཆར་བར་འགྱུར། །ཉ་དང་ལུག་དང་དེ་བཞིན་དུ། །གཞུ་དང་ཟུང་དུ་སྤྲོད་པ་དག་།ཆ་ཤས་བཞི་དང་ཡང་དག་ལྡན། །སྔ་མ་བཞིན་དུ་འཆར་བར་འགྱུར། །སླར་ཡང་ལྟས་དང་བཅས་པ་ཡི། །གཟའ་རྣམས་འཆ་རབ་བཤད་པར་བྱ། །འབྲས་བུའི་མིང་དང་ལྡན་པར་བྱ། །ལྟས་ཆེན་འབྱུང་བ་མཉམ་པར་གྱིས། །ནག་མོ་དང ། གཙིགས་མ་དང ། འཇིགས་སུ་རུང་མ་དང ། རྒ་ལས་འདས་མ་དང ། ལོག་འདྲེན་མ་དང ། གཏུམ་མོ་དང ། དྲག་མོའི་གཟུགས་ཅན་མ་དང ། དཀའ་ཟློག་ལྷ་མོ་དང ། རྒྱལ་མ་དང ། རྣམ་པར་རྒྱལ་མ་དང ། མི་ཐུབ་མ་དང ། གཞན་གྱིས་མི་ཐུབ་མ་དང།་ནག་མོ་བཟང་མོ་དང ། ནག་མོ་ཆེན་མོ་དང ། ནག་མོ་སྦོམ་མོ་དང ། དབང་མོ་དང ། ཟླ་བ་མོ་དང ། དྲག་མོ་དང ། སྡང་མ་དང ། འཕྱང་མེ་དང ། སུམ་ཅུའི་དབང་མོ་དང ། འཕྲོག་བྱེད་མ་དང ། འབར་བ་དང ། འཇིབ་བྱེད་མ་དང ། ལྷ་མོ་འདི་རྣམས་མིང་དང་ནི། །ལྟས་ཆེན་ཉི་ཤུ་རྩ་བཞི་ཡི། །མིང་ནི་མཚུངས་པས་འབྲས་བུ་སྟེ། །ཉིས་འགྱུར་དུ་ནི་བྱས་ནས་སུ། །དབང་པོའི་ཆ་དང་ཡང་དག་ལྡན། ། ལྟས་ནི་ལྷག་མ་བཟུང་ནས་སུ། །ལྟས་ནི་ཤེས་པ་ཉིད་དུ་བྱ། །ནག་མོ་དང་ནི་འཇིགས་རུང་དང ། །དྲག་མོའི་གཟུགས་དང་དཀའ་བློག་ཉིད། །ནག་སྦོམ་མ་དང་རྒྱལ་མ་དང ། །དྲག་མོ་སུམ་ཅུའི་
420a
༄#། །དབང་མོ་དང ། །འཕྲོག་བྱེད་མ་དང་འཇིབ་བྱེད་མ། །བཅུ་པོ་འདི་དག་རྩུབ་པར་གྲགས། །བག་མ་ལེན་དང་བཀྲ་ཤིས་དང ། །གྲོང་དང་ཚོང་འདུས་གཟུགས་པ་དང། །ལམ་དུ་སྤགས་དང་འཐབ་མོ་དང ། །ཆེན་པོའི་སར་ནི་དབྱུང་བ་སོགས། །ལྟས་དེ་ལས་ནི་འབྲས་མེད་པས། །དགེ་བའི་ལས་རྣམས་མི་བྱ་སྟེ། །རིགས་དེ་རྣམས་ལ་སྒྱུ་མ་ཆེ། ། བཟང་པོའི་ལས་ནི་སྤང་བར་བྱ། །དགེ་བས་ཀྱང་ནི་གསོད་འགྱུར་ན། །དྲག་པོའི་ལས་ཀྱིས་སྨོས་ཅི་དགོས། །ལུས་ལ་གནས་པའི་དབུགས་དང་ནི། །ཕྱི་རོལ་གཟའ་དང་རཱ་སི་སྟེ། །ཕྱི་དང་ནང་དུ་བཅས་པ་ཡི། །རྒྱུ་བ་ཤེས་ན་འགྲུབ་པར་འགྱུར། །གཟའ་གང་ཡིན་པ་དབྱངས་ཞེས་བྱ། །དབྱངས་གང་ཡིན་པ་དེ་ཉིད་ཀྱང ། །རཱ་སི་ཉིད་དུ་ཤེས་པར་བྱ། །དབྱངས་དང་ར་སི་དེ་བཞིན་དུ། །སྐར་མ་འང་དབྱངས་ཀྱི་གཟུགས་སུ་བལྟ། །ཕན་ཚུན་སྦྱོར་བ་མ་གཏོགས་པར། །འབྲས་བུ་འགྲུབ་པར་མི་འགྱུར་རོ། །གཡོ་བ་འཆར་ལ་གཡོ་བའི་ལས། །བརྟན་པ་ལ་ནི་མི་གཡོ་བར། །འདྲེན་མ་ཡིས་ནི་འདྲེན་མ་སྟེ། །ཕྱི་དང་ནང་དུ་བཅས་པས་གསལ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། གཟའ་རྣམས་ཀྱི་རྒྱུ་བ་དང་སྡེ་ཚན་གྱི་ལྟས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་
420b
བཞི་པའོ།། །།ད་ནི་གཟའ་དང་སྐར་མ་རུ། །བཅས་པའི་རྒྱུ་བ་བཤད་ཀྱི་ཉོན། །ཉི་མ་རྒྱུ་བའི་ཉིན་མོ་ནི། །ཐུན་ཕྱེད་ལྔ་དང་བདུན་པ་ལ། །བྱ་བ་ཅི་ཡང་མི་འགྲུབ་པོ། །ཟླ་པ་ཡི་ནི་བཞི་དང་དྲུག་།མིག་དམར་གྱི་ནི་གསུམ་དང་ལྔ། །གཟའ་ལྷག་གཉིས་དང་བཞི་བ་ལ། །གདོན་མི་ཟ་བར་འཇོམས་པར་འགྱུར། །བླ་མས་དང་པོ་གསུམ་པ་ལ། །འཆི་བ་ཉིད་དུ་འགྱུར་བ་ཡིན། །ངན་སྤོང་གི་ནི་གཉིས་པ་དང ། །བདུན་པ་ལ་ནི་ཤེས་པར་བྱ། །དལ་བ་ཡི་ནི་དང་པོ་དང ། །དྲུག་པ་ལ་ནི་འཆི་བར་བྱེད། །རིགས་དེ་དག་གི་འཆར་པ་ཡི། །དུས་ནི་ཡོངས་སུ་ཆད་པར་བསྟན། །དེ་དག་ཐུན་མོང་མཚན་ཉིད་དེ། །རྣལ་འབྱོར་པ་ཡི་གཞན་བཤད་ཉོན། །ལྔ་ནས་ཉི་ཤུ་ལྔ་ཡི་བར། །འདི་དག་གི་ནི་བརྗོད་བྱ་སྟེ། །དེ་ལས་བཅུ་གསུམ་གསུམ་གྱི་བར་དུ་རེ་རེ་སྤེལ་བར་བྱ། །དགུན་ཟླ་ཐ་ཆུང་ཉི་མ་ལ་མཚུངས་གསུམ་མིག་ཟླ་བ་དྲུག་།གསུམ་ཟུང་བཟླ་སྟེ་ཟླ་ལྷག་ཚེས་ཕྱོགས་མངའ་ཡོན་ཏན། །ཐིག་ལེ་དེ་དག་གི་ནི་འཚོ་བ་ཡང་དག་བཤད་པ་ཡིན། །ལྔ་ལས་བཅུ་ཡི་བར་དང་དེ་བཞིན་བཅུ་ནས་ནི། །བཅོ་ལྔའི་བར་ཏེ་དེ་ནས་ཉི་ཤུའི་བར་དང་ནི། །དེ་ནས་ཉི་ཤུ་ལྔ་ཡི་བར་དུ་སྦྱང་བར་བྱ། །དེ་ནས་སྒྲུབ་པོས་ཤེས་བྱ་བ། །གནས་སྐབས་འགྱུར་བ་བཤད་པར་བྱ། །ཟླ་བ་གང་ལ་གནས་པ་ཡི། ། དང་པོར་སྐར་མ་བགྲང་བར་བྱ། །ཉི་མ་ཡི་ནི་ཆུ་ཚོད་དག་།ཇི་སྙེད་འདས་པ་དེ་སྙེད་ནི། །ཟླ་བའི་གནས་སྐབས་རྒྱུ་བའི་ཕྱིར། །དེ་ནི་དྲུག་ཅུར་བསྒྱུར་བར་བྱ། །སླར་ཡང་ཉི་ཚོད་ཟླ་བ་བསྣན།
421a
༄#། །དྲུག་ཅུ་རུ་ནི་བསྒྱུར་བྱས་ལ། །མདའ་དང་སྲེག་བྱེད་རོ་ཡི་ནི། །དབང་པོར་བཅས་པས་དེ་བཞིན་བཅད། །བཅུ་གཉིས་དག་གི་ནང་ནས་ནི། །ལྷག་མའི་ཆ་ཤས་གཟུང་བར་བྱ། །ལྷག་མའི་ཆ་ཤས་དེ་ཡི་ནི། །སྐྱིད་སྡུག་གནས་སྐབས་མྱོང་བར་འགྱུར། །ཉིན་དང་མཚན་གྱི་སྦྱོར་བ་ཡིས། །ལྷག་མའི་ཆུ་ཚོད་དུ་ནི་བརྗོད། །དང་པོའི་ཟླ་བར་རབ་གནས་པ། ། དེ་ཡི་བྱ་བ་ཉམས་པར་འགྱུར། །གཉིས་པ་བཀྲ་ཤིས་པ་སྟེ། །གསུམ་པ་འཆི་སྟེ་གསོད་པ་འགྱུར། །བཞི་པ་རྒོད་དེ་ཚིམ་པར་འགྱུར། །ལྔ་པ་ནོར་ཏེ་རྙེད་པར་འགྱུར། །དྲུག་པ་རིམས་ཏེ་ལུས་འཇིག་འགྱུར། །བདུན་པ་ལ་ནི་དགའ་བ་སྟེ། །ཚིམ་པ་ཉིད་ནི་འཐོབ་པར་འགྱུར། །བརྒྱད་པ་འཇིག་རྟེན་བརླག་པར་འགྱུར། །ཟླ་བ་དགུ་པར་གནས་པ་ཡིས། །ལུས་ནི་དགྲ་དང་བཅས་པར་འགྱུར། །བཅུ་པ་དགའ་མགུར་རྩེ་འགྱུར་ཞིང ། །སྣ་ཚོགས་པས་ནི་རྒྱལ་བར་འགྱུར། །བཅུ་གཅིག་སྣ་ཚོགས་འཇིགས་པས་གདུང ། །བཅུ་གཉིས་པ་ནི་ལོངས་སྤྱོད་དེ། །བདེ་བ་ཆེན་པོས་རྒྱལ་བར་འགྱུར། །ལུག་ལ་སོགས་པ་བསྟན་པ་ཡིས། །ཟླ་བ་རིམ་པ་བཞིན་དུ་རྒྱུ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །ཐམས་ཅད་རྒྱུ་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།
421b
དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་མཆོད་ཅིང་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །སྒང་གཤོང་འཁོར་ལོ་ཁྱོད་བཤད་པ། །དེ་རྣམས་དབྱེ་བ་ཅི་འདྲ་དང ། །དུས་ཀྱི་གྲངས་ནི་ཇི་བཞིན་གསུངས། རྒྱུ་བ་ཡི་ནི་ཁྱད་པར་དག་།འདི་ལ་བདག་ནི་ཐེ་ཚོམ་སྐྱེས། །བདེ་བ་ཆེན་པོས་བཤད་དུ་གསོལ། །སྒྱུ་མ་ཀུན་གྱིས་རྣལ་རོལ་པ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །དུས་ཀྱི་བགྲང་བ་ལུས་མེད་ཅིང ། །ཐམས་ཅད་དུ་ནི་ཐམས་ཅད་གནས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་ལ་གནས་ཀྱང་ལུས་མི་སྐྱེ། །དུས་ཉིད་དུས་ནི་མེད་པ་དང ། །འཇིག་རྟེན་ཉིད་ནི་འཇིག་རྟེན་མིན། །བདེན་པ་དང་ནི་རྫུན་པ་མིན། །ལྷ་ཁྱོད་ཀྱིས་ནི་སྔར་བཤད་པའི། །བསམ་གྱིས་མི་ཁྱབ་དུས་མཚན་ཉིད། །གང་ཞིག་ཁྱོད་ཀྱིས་བཤད་པ་དེ། །དོན་དམ་ཤིན་ཏུ་རྙེད་དཀའ་བ། །ལུས་ལས་འདས་ཤིང་དྲི་མེད་པ། །རྣལ་འབྱོར་པ་ཡིས་ཇི་ལྟར་རྟོགས། །སྐྱེ་བོ་ཀུན་ལ་སྨན་སླད་དུ། །དབུགས་ཀྱི་ངེས་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནད་མེད་རླུང་དང་བྲལ་བ་དང ། །ཁམས་ནི་སྙོམས་པར་གནས་པ་དང ། །རན་པར་ཟ་ཞིང་ཚུལ་བཞིན་རྒྱུ། །དེ་ཡི་མིག་འཛུམ་གཟུང་བར་བྱ། །མིག་འཛུམ་མིག་ནི་བཙུམས་པ་སྟེ། །མིག་འཛུམ་དྲུག་ལ་ཆ་ཤས་ནི། །གཅིག་ཅེས་བྱ་བར་བརྗོད་པ་ཡིན། །ཡུད་ཙམ་དྲུག་ནི་སྐད་ཅིག་སྟེ། །སྐད་ཅིག་དྲུག་ནི་ཐད་གཅིག་ཡིན། །ཐང་གཅིག་དྲུག་ནི་ཅུང་ཟད་ཡིན། །དུས་ཀྱི་གོ་རིམ་བྱ་བ་འདིས། །སུམ་ཅུ་ཐམ་པར་བསྒྱུར་པ་ལ། །ཡི་གེ་ལྕི་
422a
༄#། །བའི་དུས་ཞེས་བརྗོད། །ཡི་གེ་ལྕི་བ་བཅུ་ལ་ནི། །སྲོག་གཅིག་ཅེས་བྱའི་དུས་སུ་བཤད། །དེ་ནི་བཅུ་གསུམ་བསྒྱུར་བ་ལས། །དེ་ཡང་གཉིས་སུ་བསྒྱུར་བ་ནི། །སྲང་གཅིག་ཅེས་ནི་བརྗོད་པ་ཡིན། །སྲང་ནི་དྲུག་ཅུ་ཐམ་པ་ལ། །ཆུ་ཚོད་གཅིག་ཏུ་བཞེད་པ་ཡིན། །དེ་བརྒྱད་ཐུན་གཅིག་ཅེས་བྱའོ། །དེ་བཞི་ལ་ནི་ཉིན་གཅིག་གོ། །ཉིན་མཚན་དུས་ནི་མཉམ་པ་ལ། ། མཚན་མོ་འང་དེ་དང་མཉམ་པར་བཤད། །ཆུ་སྲིན་ནས་ནི་སྦལ་བའི་བར། །ཉི་མ་འཕེལ་བར་བརྗོད་པ་སྟེ། །ལྷ་མོ་སྲང་ནི་གསུམ་གསུམ་གྱིས། །ཉིན་རེ་ཞིང་ནི་སྤེལ་བར་བྱ། །ཆུ་སྲིན་ལས་ནི་འདས་ནས་སུ། །མཚན་མོ་སྲང་ནི་གསུམ་གསུམ་འབྲི། །ཚད་མ་དེ་དག་བསྟན་པའི་ཕྱིར། །ཟངས་མ་སྲེད་ནི་བཅུ་གཉིས་ལ། །སྣོད་ནི་དཔངས་སུ་སོར་བརྒྱད་དང ། །རྒྱར་ནི་སོར་མོ་བཅུ་གཉིས་པ། །ལེགས་པ་ཉིད་དུ་བརྡུང་བར་བྱ། །གསེར་ནི་འོལ་སེ་སུམ་ཅུ་ལས། །སོར་དྲུག་པ་ཡི་ཚད་ཙམ་དུ། །ཐུར་མ་ལེགས་པར་བརྡུངས་ནས་ནི། །ཐུར་མ་དེ་ཡིས་བུ་ག་ནི། །ཟངས་མའི་སྣོད་ལ་མཁས་པས་དབུགས། །ཆུ་ནི་རྙོག་མ་མེད་པ་ལས། །སྲང་ནི་དྲུག་ཅུའི་ཚད་དུ་བྱ། །སྲང་འདིས་ཆུ་ཚོད་ཚད་ཡིན་ཏེ། །སྐྱེ་བོ་རྣམས་ལ་ཕན་ཕྱིར་བཤད། །ཆུ་ཚོད་དེ་ནི་ཡུད་ཙམ་སྟེ། །ཐུན་ཕྱེད་དང་ནི་ཐུན་གཅིག་དང ། །ཉིན་དང་མཚན་མོའི་ཚད་ཀྱིས་ནི། །རིམ་བཞིན་ཟླ་ཕྱེད་ཟླ་བར་སྤྲེལ། །ཟླ་བ་གཉིས་ནི་དུས་ཡིན་ཏེ། །དེ་གསུམ་ཉི་མ་འགྲོ་ལྡོག་བརྗོད། །ཉི་མ་འགྲོ་ལྡོག་
422b
གཉིས་ལ་ནི། །ལོ་གཅིག་ཉིད་དུ་བརྗོད་པ་ཡིན། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །དུས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་སྐར་མའི་རིགས་གང་ཡིན། ། མདོར་བསྡུས་ནས་ནི་བཤད་པར་བྱ། །ཐ་སྐར་དང་ནི་མགོ་དང་རྒྱལ། །དེ་བཞིན་དུ་ནི་ནབ་སོ་དང ། །མེ་བཞི་ལྷ་མཚམས་དེ་བཞིན་དུ། །ནམ་གྲུ་ས་རི་གྲོ་ཞུན་བཅས། །ལྷ་ཡི་ཚོགས་ཞེས་བརྗོད་པ་ཡིན། །སྣར་མ་བྲེ་དང་ཆུ་སྟོད་དང ། །ཁྲུམས་སྟོད་དང་ནི་བྲ་ཉེད་དང ། །ལག་དང་མགོ་དང་ཆུ་སྨད་དང ། །ཁྲུམས་སྨད་མི་ཡི་ཚོགས་ཡིན་ནོ། །སྨིན་དྲུག་དང་ནི་མཆུ་དང་ནི། །མོན་གྲུ་དང་ནི་མོན་གྲེ་དང ། །སྐག་དང་ནག་པ་སྣོན་དང་ནི། །ས་ག་དང་ནི་སྣུབས་རྣམས་ནི། །སྲིན་པོ་ཡི་ནི་རིགས་ཡིན་པར། །བཞིན་མཛེས་མ་ནི་ཁྱོད་ལ་བཤད། །སྨིན་དྲུག་རྒྱལ་ནི་ར་ཡིན་ཏེ། ། མགོ་དང་སྣར་མ་ཀླུ་ཡིན་ནོ། །ལག་དང་སྣུབས་ནི་ཁྱི་ཡིན་ཏེ། །ལྷ་མཚམས་ནབ་སོ་ཕག་གི་རིགས། །མཆུ་དང་གྲེ་ནི་བྱི་བའོ། །སྐག་ནི་བྱི་ལར་བཤད་པ་སྟེ། །ནག་པ་ས་ག་སྟག་ཡིན་ནོ། ། དཔོ་དང་ཁྲུམས་སྟོད་གཉིས་པོ་ནི། །ཁྱུ་མཆོག་ཅེས་ནི་བཤད་པ་སྟེ། །སྟོབས་འདོད་པས་ནི་ཤེས་པར་བྱ། །མེ་བཞི་དང་ནི་ས་རི་གཉིས། །མ་ཧེར་ཤེས་བྱ་སྟོབས་ཀྱི་མཆོག་།ཐ་སྐར་དང་ནི་
423a
༄#། །འཁྲིམས་སྨད་གཉིས། །རྟ་ཡི་རིགས་ཞེས་བྱ་བར་གྲགས། །ཆུ་སྟོད་དང་ནི་གྲོ་ཞུན་གཉིས། །སྤྲེའུའི་རིགས་སུ་བརྗོད་པ་ཡིན། །བྲ་ཉེ་དང་ནི་ནམ་གྲུ་གཉིས། །གླང་པོའི་རིགས་ཀྱིས་བྱིན་བརླབས་པའོ། །མོན་གྲུ་དང་ནི་མོན་གྲེ་དག་།མི་ཡི་རིགས་སུ་ཡང་དག་གསུངས། །སྟོབས་ཆེན་ཕ་རོལ་གནོན་པ་རུ། །ལྷ་མོ་ངེས་ནི་བདེན་པར་བཤད། །ཆུ་སྨད་དང་ནི་བྱི་བཞིན་དག་།ནེའུ་ལེའུ་རིགས་སུ་གྲགས་པ་ཡིན། །མང་པོ་ཉིད་ཀྱིས་ཅི་ཞིག་བྱ། །མདོར་བསྡུས་པ་ནི་བཤད་ཀྱི་ཉོན། །རང་གི་སྐྱེ་བའི་སྐར་མ་ནི། །བྱ་བ་ཀུན་ལ་དཔྱད་མི་དགོས། ། སྐར་མ་མི་ཡི་སྲོག་ཡིན་ཏེ། །གཞན་དུ་ངས་ནི་མ་བཤད་དོ། །སྐར་མའི་ཆ་ནི་བཟློག་པ་དང ། །བཟུང་ན་ངེས་པར་འཆི་བར་འགྱུར། །ལུག་དང་སྲང་དང་ཀརྐ་ཊ། །ཆུ་སྲིན་དག་ནི་གཡོ་བར་བརྗོད། །སྡིག་པ་བུམ་པ་སེངྒེ་དང ། །ཁྱུ་མཆོག་དག་ནི་བརྟན་པ་སྟེ། །ཉ་དང་གཉིས་སྦྱོར་གཞུ་དང་ནི། །བུ་མོ་རྣམས་ནི་འདྲེན་མའོ། །ལྷ་ཡི་བླ་མ་ཉི་མ་དང ། །མིག་དམར་སྐྱེས་པའི་གཟུགས་ཡིན་ཏེ། །པ་བ་སངས་དང་སྒྲ་གཅན་དང ། །ཟླ་བ་མོ་ཡི་གཟུགས་ཡིན་ནོ། །གཟའ་ལག་དང་ནི་སྤེན་པ་གཉིས། །མ་ནིང་ཉིད་དུ་བསྟན་པ་སྟེ། །ནམ་མཁའི་འཁོར་ལོར་གནས་པའི་གཟའ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དང་བདེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་
423b
ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །སྐར་མ་རྣམས་ཀྱི་སྟོབས་ལ་དབང་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ཚེས་དང་སྐར་མ་གཟའ་འཆད་བ། །རབ་ཏུ་བཤད་ཀྱི་ལྷ་མོ་ཉོན། །རོ་ཧི་ཏ་ཡི་ཚེས་ལ་ནི། །སྨིན་དྲུག་དང་ནི་མིག་དམར་ལ། །མགྲོན་པོ་ལམ་དུ་འཇུག་པར་བཟང ། །ཚེས་དེ་རྙེད་པ་འཐོབ་འགྱུར་བའོ། །མ་ཀ་ར་ཡི་ཉི་མ་ལ། །མཆུ་དང་མིག་དམར་ལྡན་པ་ལ། །གཟེར་དང་འཛོམས་སོགས་འབྱུང་བས་ན། །ཚེས་དེ་ཡོངས་སུ་སྤང་བར་བྱ། །སཝ་པ་ན་ཡི་ཉི་མ་ལ། །ལག་དང་སྤེན་པར་ལྡན་པའི་ཚེ། །ནག་པོ་ཉིད་དུ་ཤེས་བྱ་བས། །ཚེས་དེའང་ཡོངས་སུ་སྤང་བར་བྱ། །རོ་ཧི་ཏ་ཡི་ཉི་མ་ལ། །མཆུ་དང་གཟའ་ལག་ལྡན་པ་ལ། །བཀྲ་ཤིས་དང་ནི་བཟང་པོར་བྱེད། །རཎྜ་ཡི་ནི་ཉི་མ་ལ། །ལག་དང་གཟའ་ལག་བཅས་པ་དག་།ཀུན་ཏུ་འཛོམས་པར་བཤད་པས་ན། །མཆོག་གི་སྦྱོར་བས་དེ་ཡང་སྤང ། །ས་ཡི་དབང་ཕྱུག་ཚེས་ལ་ནི། །བྲ་ཉེ་དང་ནི་གཟའ་ལག་ལྡན། །དེ་ཡང་ནག་པོའི་དུས་ཤེས་བྱ། །བྷ་དྲ་ཡི་ནི་ཚེས་དག་ལ། །གྲེ་དང་ལྷ་ཡི་བླ་མར་ལྡན། །ཚེས་དེ་རྙེད་པ་བྱེད་པས་ན། །སྦྱོར་བ་པོ་ཡིས་བསྟེན་བར་བྱ། །མི་ཀི་ར་ཡི་ཚེས་ལ་ནི། །མོན་གྲུ་ལྷ་ཡི་བླ་མ་དང ། ། གལ་ཏེན་ནི་འཛོམས་གྱུར་ན། །འབྲུ་དང་ནོར་རྣམས་ཟད་བྱེད་པར། །གདོན་མི་ཟ་བར་བཤད་པ་ཡིན། །ཚེས་ནི་བཅུ་གསུམ་དག་ལ་ནི། །སྐད་དང་ལྷ་ཡི་བླ་མ་དག་།གལ་ཏེ་འཛོམས་ན་
424a
༄#། །ནག་པོ་བས། །ཉེས་པ་ཀུན་གྱིས་འཇིགས་པར་འགྱུར། །བྲྀ་ཥ་བྷ་ཡི་ཚེས་ལ་ནི། །སྟོབས་ལྡན་གྱི་ནི་བློན་པོ་དང ། །གལ་ཏེ་ཁྲུམས་སྟོད་འཛོམས་ན་ནི། །ཚེས་དེ་རྒྱས་པ་སྟེར་འགྱུར་ཞིང ། །དགེ་བའི་གྲོགས་རྣམས་ཐམས་ཅད་བྱེད། །བྲྀ་དྡྷི་ཀ་ཡི་ཉི་མ་ལ། །ཆུ་སྟོད་དང་ནི་པ་བ་སངས། །གལ་ཏེ་འཛོམས་ན་ནད་ཀྱིས་ནི། །གདུངས་ཤིང་འཇོམས་པར་ཐེ་ཚོམ་མེད། །འབྱུང་པོ་ཡི་ནི་ཉི་མ་ལ། །བྲ་ཉེ་དང་ནི་བ་བསངས། །འཛོམས་ན་གཤིན་རྗེའི་མཆེ་བ་སྟེ། །ཚེས་དེ་ཡོངས་སུ་སྤང་བར་བྱ། །ཀུརྨ་ཡི་ནི་ཉི་མ་ལ། །སྨིན་དྲུག་དང་ནི་སྤེན་པ་རུ། །གལ་ཏེ་འཛོམས་པར་འགྱུར་ན་ནི། །རྙེད་དང་གྲགས་པ་ལ་སོགས་དང ། །བསོད་ནམས་ཀུན་གྱི་འབྲས་བུ་འཐོབ། །བྱ་ཀུ་ལི་ཡི་ཉི་མ་ནི། །སྐག་དང་སྤེན་པར་ཅི་ཞིག་ལྟར། །འཛོམས་ན་གདུང་བར་བྱེད་པས་ན། །ཉི་མ་དེ་ལའང་འགྲོ་བ་སྤང ། །ཟླ་བ་ཉ་ཡི་ཉི་མ་ལ། །མཆུ་དང་སྤེན་པར་ལྡན་གྱུར་ན། །འཆི་བའི་དུས་ལ་བབ་པས་ན། །ཚེས་དེ་ཤིན་ཏུ་སྤང་བར་བྱ། །མེ་ཡི་མཚམས་སུ་མི་ཀིར་བྲི། །གཤིན་རྗེ་དུ་ནི་རཎྜ་སྟེ། །སྲིན་པོ་རུ་ནི་ཀརྨ་བྲི། །ཆུ་ཡི་ཕྱོགས་སུ་ཁྱུ་མཆོག་སྟེ། །འཇིགས་བྱེད་དུ་ནི་བྱ་ཀུ་ལ། །གཏེར་གྱི་ཕྱོགས་སུ་སཝ་པ་ན། ། མིག་གསུམ་ཕྱོགས་སུ་བཟང་པོ་བྲི། །ཤར་གྱི་ཕྱོགས་སུའང་ཁྱུ་མཆོག་གོ་།ཟླ་བ་ཉི་མའི་བྱེ་བྲག་གིས། །དེ་རྣམས་སུ་ནི་རྒྱུ་བར་བཤད། །བྷ་དྲ་ནས་ནི་རཎྜར་སྟེ། །བྱ་ཀུ་ལི་དང་བྲི་ཥ་བྷ། །
424b
འདི་དག་ཉི་མ་རྒྱུ་བར་ནི། །རིགས་མཆོག་མ་ནི་ཁྱོད་ལ་བཤད། །ཁྱུ་མཆོག་དང་ནི་མི་ཀི་ར། །སཝ་པ་ན་དང་ཀུརྨ་ནི། །ཟླ་བའི་རྒྱུ་བར་བཤད་པ་སྟེ། །རིམ་པ་དེ་ལྟར་བརྗོད་པ་ཡིན། །ཉ་ལ་མེ་མཚམས་གནས་པ་སྟེ། །སྟོང་ལ་རླུང་གི་ཕྱོགས་སུ་གནས། །དེ་ལྟར་དེ་དག་དབུས་སུ་ནི། །གནས་པ་དེ་དག་གདུང་བར་འགྱུར། །ཟླ་བ་ཉི་མ་ལས་བྱུང་བའི། །རི་མོ་མཉམ་དུ་ལྟ་བས་ན། །དེས་ན་ཤེས་རབ་ཅན་གྱིས་སྤང ། །ཞི་དང་སྡིག་པར་ལྟ་བས་ན། །ལྟ་བའི་ཆད་པ་འབྱུང་པ་སྟེ། །མྱུར་དུ་གསོད་པར་བྱེད་པ་ཡིན། །སྒྲ་གཅན་གྱིས་ནི་རྒྱུ་བ་ཡི། །དུས་ནི་མདོ་རུ་བསྡུས་པ་ཡིན། །ཡར་ངོ་མར་ངོའི་བྱེ་བྲག་གིས། །བློ་ལྡན་འབད་དེ་ཤེས་པར་བྱ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །ཚེས་གྲངས་དང་སྐར་མའི་ངེས་པ་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སྒྱུ་མ་ཀུན་གྱིས་རྣམ་རོལ་པ། །ལུས་ཅན་ཀུན་གྱི་རྣམ་ཤེས་ཏེ། །ལུས་ལས་འདས་ཤིང་དྲི་མ་མེད། །ལྷུན་པོ་དང་ནི་ཏི་སེ་དང ། །དེ་བཞིན་དུ་ནི་འབིགས་བྱེད་སོགས། །ཤར་གྱི་ལུས་འཕགས་བ་ལང་སྤྱོད། །བྱང་གི་སྒྲ་མི་སྙན་དང་ནི། །ཛམ་བུའི་གླིང་དང་བཅས་པ་དང ། །ལན་ཚཝ་ཅན་དང་འོ་མ་ཡི། །རྒྱ་མཚོ་ལ་སོགས་ཆུ་ཚོགས་དང ། །འོག་དང་སྟེང་དུ་གང་གྱུར་པ། །ཁམས་
425a
༄#། །གསུམ་མ་ལུས་ཟད་པར་བྱ། །གཟུགས་ལ་སོགས་པའི་ཕུང་པོ་དང ། །སྐྱེ་མཆེད་ཁམས་རྣམས་ཟད་པར་བྱ། །འབྱུང་པོ་ལ་སོགས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ཀུན་ཟད་བསམས་ཏེ། །དངོས་དང་དངོས་མེད་འདྲེས་པར་ནི། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། །གཟུགས་ལ་སོགས་པའི་མཚན་ཉིད་རྣམས། །མཉམ་ཉིད་སྟོང་པ་ཉིད་དུ་བལྟ། །ཐམས་ཅད་ནམ་མཁར་ཐིམ་ནས་ནི། །བ་ལང་རྨིག་པར་གྲོང་ཁྱེར་བསྒོམ། །རྣལ་འབྱོར་ཅན་གྱིས་ཆོ་ག་བཞིན། །སེམས་ནི་མེ་མར་ལྟ་བུར་བསྒོམ། །དེ་དབུས་ཡིད་ཀྱིས་བལྟས་ནས་ནི། །དེར་ནི་མཚན་མ་བརྟག་པར་བྱ། །མེ་མར་ལྟ་བུས་ཞི་བར་གྱུར། །དམར་པོས་བརྒྱན་ན་རྒྱས་པ་སྟེ། །ཉི་མའི་དཀྱིལ་འཁོར་ལྟར་སྣང་ནི། །ཆགས་པ་ལ་སོགས་འགྲུབ་པར་འགྱུར། ། ཐ་མར་དུ་བ་འམ་ནག་མཐོང་ན། །མངོན་སྤྱོད་དུ་ནི་གྲགས་པ་ཡིན། །རླུང་གི་མདོག་ལྟར་རབ་འཁྲུགས་ན། །དེ་མ་ཐག་ཏུ་བསྐྲད་པར་འགྱུར། །འོད་ཟེར་དཀར་པོ་ལོང་ལོང་པོས། །བློ་ལྡན་སྔགས་ཀྱི་དངོས་གྲུབ་ནི། །རྣལ་འབྱོར་པ་ཡིས་འགྲུབ་ཅེས་བྱ། །བཀྲ་ཤིས་ཀྱི་ནི་ལམ་སྟོན་ཡིན། །ཆོག་འདིས་ནི་གཞན་གསལ་དང ། གཞན་གྱི་གཟུགས་སོགས་དབུ་མ་རྣམས། ། དེ་འོག་རྣལ་འབྱོར་བསྐྱེད་པར་བྱ། །ཡེ་ཤེས་ལ་སོགས་སེམས་ཀྱིས་ནི། །གང་ཞིག་སྟོང་ཉིད་ཤེས་བྱས་ན། །སེམས་ནི་མྱུར་དུ་ཐར་པར་འགྱུར། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག་།ཤེས་
425b
བྱས་འགྲོ་བ་བརྟག་པར་བྱ། །ཕ་དང་མ་ནི་བསད་བྱས་ཤིང ། །བྲམ་ཟེ་གཙང་མ་གཉིས་བཟུང་ནས། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བྱ། །ཡེ་ཤེས་རང་བཞིན་ཀུན་དང་སྦྱོར། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཡེ་ཤེས་འབྱུང་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཡེ་ཤེས་ཁྱད་པར་གང་གིས་ནི། །ཡེ་ཤེས་ཐུན་མོང་བྱིན་བརླབས་པ། །བྱེ་བྲག་ཅན་ནི་ཇི་ལྟ་བུ། །ལྷ་ལས་རོལ་མོ་མཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལྕི་བར་གྱུར་པ་སུམ་ཅུ་པོས། །དགེ་དང་སྡིག་པའི་འབྲས་འབྱུང་བ། །ང་རྒྱལ་གྱིས་ནི་བྱིན་བརླབས་པ། །སེམས་ཀྱིས་བྱས་པའི་ལས་ཚོགས་ཀྱིས། །བསྒོམས་པར་གྱུར་པའི་རང་རིག་པའི། །སེམས་ནི་འགྲོ་བ་དེ་རུ་འགྲོ། །སྲིད་པའི་ཞགས་པས་རྟག་འཇིགས་པས། །དེ་ཡི་འགྲོ་པ་མི་མཐོང་ངོ ། །འདུ་ཤེས་རྣམ་པ་ལྔ་དང་ནི། །ལྟ་བ་ལྔ་ཡིས་ཕ་རོལ་འགྲོ། །ལྷ་ཡི་ཡེ་ཤེས་གསལ་བར་བལྟ། །ལྷ་མིན་ཡེ་ཤེས་ཁྲོ་བའོ། །ཡི་དྭགས་ཡེ་ཤེས་ཞན་པ་སྟེ། །དམྱལ་བའི་ཡེ་ཤེས་འཇིགས་པས་ནོན། །བྱོལ་སོང་ཡེ་ཤེས་བླུན་པ་སྟེ། །བརྟན་པ་རྣམས་ནི་སེམས་མེད་པའོ། །རྒྱུ་བའི་ཡེ་ཤེས་རྣམ་པ་ལྔ། །གླེན་པས་བསྒྲིབས་དང་ལྐུགས་པ་དང ། །བྱིས་པའི་ཤེས་པའི་ཤེས་པ་ཅན། །སེམས་ཅན་ཡོངས་
426a
༄#། །སུ་མ་སྨིན་དང ། །བླ་མའི་ལམ་ནི་སུན་འབྱིན་པ། །དེ་དག་ཀུན་གྱིས་མི་ཤེས་ཏེ། །གསང་ཆེན་སངས་རྒྱས་སྤྱོད་ཡུལ་ལོ། །ཡེ་ཤེས་དེ་ཉིད་ཀྱི་བྱེ་བྲག་དག། བདེ་བ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཡེ་ཤེས་དེ་ཉིད་བྱེ་བྲག་དག་།ཉོན་ཅིག་ཡང་དག་སྒྱུ་མ་ཆེ། །ལས་རྣམས་ཀྱི་ནི་བྱེ་བྲག་གིས། །ཡེ་ཤེས་བྱེ་བྲག་སྤྲུལ་པ་ཡིན། །དམན་དང་རབ་དམན་དམན་པ་ཅན་།གནོད་སྦྱིན་ལྷ་མིན་གྲུབ་པ་པོ། །ཀླུ་དང་བྱོལ་སོང་གསང་བབ། །ལྟོ་འཕྱེ་དང་ནི་མིའམ་ཅི། །མི་དང་ཡི་དྭགས་མཁའ་འགྲོ་མ། ། དམྱལ་བ་ལ་སོགས་གང་འགྱུར་དང ། །གསལ་བའི་གཟུགས་སུ་མངོན་བརྗོད་དང ། །ཕྲ་མོ་སྒོ་ང་ལས་བྱུང་བ། །ཆུ་དང་མེད་དང་རླུང་དང་ནི། །དེ་བཞིན་དུ་ནི་ས་ཡི་ཁམས། །བརྟན་པ་ལ་སོགས་ཐམས་ཅད་དང ། །རྩ་དང་འདབ་མ་ཕྲ་བ་དང ། །ས་དང་རྡོ་དང་བྲག་ལས་སོགས། །ཐམས་ཅད་ཡེ་ཤེས་བྱིན་བརླབས་པས། །ཐམས་ཅད་སྣང་སྟེ་གཞན་དུ་ནི། །ཡེ་ཤེས་མེད་པར་སྐྱེ་མི་འགྱུར། ། སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །སངས་རྒྱས་ཡེ་ཤེས་ཀྱིས་བསྐུལ་བས། །དེ་ནས་རྣལ་འབྱོར་བསྟན་བཅོས་ལ། །འབད་དེ་དད་པ་བསྐྱེད་པར་བྱ། །གང་གྱི་གནས་དང་མཚུངས་པ་ཡི། །ཕྱི་རོལ་བསྟན་བཅོས་སུན་འབྱིན་པ། །རྣལ་འབྱོར་བསྟན་བཅོས་རྗེས་འབྲངས་ན། །སྤྱོད་དང་གྲོལ་བའི་འབྲས་བུ་འཐོབ། །སྙིང་པོ་ལས་ཀྱང་སྙིང་པོ་མཆོག་།རྣལ་འབྱོར་བསྟན་བཅོས་མཚོན་པར་བྱ། །མཁའ་འགྲོ་ཀུན་དང་
426b
སྙམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །རྡོ་རྗེ་སེམས་དཔའི་རྣམ་པར་འཕྲུལ་པར་འབྱུང་བའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་བའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་དྲིལ་བུའི་མཚན་ཉིད་དེ། །རྡོ་རྗེ་སེམས་སོགས་ལྷ་རྣམས་སུ། །རྡོ་རྗེའི་བློས་ནི་ཤེས་པར་བྱ། །ཞི་དང་རྒྱས་དང་མངོན་སྤྱོད་ཀྱི། །རྡོ་རྗེ་དག་ནི་ཐམས་ཅད་ཀྱང ། །གསེར་ལ་སོགས་པ་ལེགས་པར་བརྡུང ། །རྡོ་རྗེ་ཀུན་གྱིས་ཤིན་ཏུ་བརྒྱན། །ཆ་གསུམ་དུ་ནི་བཟུང་ནས་སུ། ། ཆ་བརྒྱད་སྐ་རགས་ལེགས་པར་བརྒྱན། །ཕྱོགས་དང་ཕྱོགས་མཚམས་བརྒྱད་དང་ནི། །དབུས་མ་ཉིད་དང་སངས་རྒྱས་དགུ། །རྩེ་མོ་དགུ་ནི་ལྷ་ཉིད་དེ། །ལྷ་དགུ་ཡིས་ནི་བྱིན་གྱིས་བརླབས། ཆུ་སྲིན་ལས་ནི་བྱུང་བ་ཡི། །རྩེ་མོ་པདྨ་ཟླ་བར་གནས། །རྩེ་དགུ་ཞེས་ནི་བྱ་བ་སྟེ། །རྡོ་རྗེ་ཡེ་ཤེས་འགྲོ་བ་སྒྲོལ། །ཆ་གསུམ་གྱི་ནི་ཚད་དག་ལ། །དབུམ་ཅུང་ཟད་རིང་ཡང་རུང ། །འདི་ནི་ཐུན་མོང་ཚད་ཡིན་ནོ། །རྩེ་མོ་ཀུན་གྱི་དབུ་མ་ཟླུ་མ། །ཕྱོགས་སོགས་རྩེ་མོ་བདུད་པས་གནས། །དབུས་ནི་ཟུར་བརྒྱད་དག་ཏུ་བྱ། །དབུས་ཀྱི་ཆ་ཡི་ཚད་ལྡན་པ། །གནས་པ་ལྟེ་བ་ཞེས་བྱ་བའོ། །རིན་ཆེན་མ་ར་ག་ཏ་ལྟར། །དེ་ཡང་ཅུང་ཟད་ཟུར་བརྒྱད་བྱ། །སྟེང་དང་འོག་དང་དབུས་དག་ནི། །སོ་སོར་ཆ་ནི་གསུམ་གསུམ་འདོད། །སྟེང་གི་པདྨ་ཟླ་བ་ནི། །དྲུག་ཆ་ཀུན་ནས་ཟླུམ་པོར་བྱ། །དེ་དག་ལ་ནི་སེངྒེའི་སྣམ། །ནས་
427a
༄#། །ཕྱེད་ཙམ་དུ་མཐོ་བར་བྱ། །མཆེ་བ་ཡི་ནི་མཐར་གནས་པ། །དེ་ནི་དྲུག་ཆ་ཞེས་བྱར་གྲགས། །ཆ་ནི་ཉི་ཤུ་རྩ་བདུན་ལ། །སོ་སོ་རུ་ནི་དགུ་དགུར་འདོད། །ཆ་གསུམ་བླ་མའི་མཐའ་མ་ནི། །སྟེང་གི་ཆ་གཉིས་སྤངས་ནས་ནི། །དབུས་ཀྱི་མཐའ་ཡང་དེ་བཞིན་ནོ། །འདབ་མ་ལ་ནི་གང་གནས་པའི། །ཆུ་སྲིན་ཆ་གཅིག་ཉིད་ཡིན་ཏེ། །དེ་ཡི་ཕྱེད་དུ་སྐ་རགས་འདོད། །རྡོ་རྗེ་ཀུན་ལ་བློ་ལྡན་པས། །མཆུ་དང་ཞེང་ནི་མཉམ་པོར་བྱ། །དེ་ནས་ཡང་དག་བཤད་བྱ་བ། །དམ་ཚིག་རྡོ་རྗེའི་མཚན་ཉིད་དེ། །གསེར་ལ་སོགས་པ་ལས་བརྡུངས་པ། །ཆ་ལ་སོགས་པ་སྔོན་དུ་ནི། །ཇི་ལྟར་བསྟན་བཞིན་ལྡན་པར་བྱ། །པདྨ་ཟླ་བ་ལ་གནས་པའི། །ཆུ་སྲིན་གྱི་ནི་མཆེ་བའི་གཟུགས། །འོག་གི་ཆུ་སྲིན་ལས་བྱུང་བ། །ཆུ་ཞེང་ཇི་ལྟར་བསྟན་པ་བཞིན། །རྩེ་མོ་ཡེ་ཤེས་རང་བཞིན་འབྱུང ། །ཀུན་གྱི་དབུས་སུ་རྣམ་སྣང་སྟེ། །ཤར་ཕྱོགས་སུ་ནི་མི་བསྐྱོད་པའོ། །ལྷོ་རུ་རིན་ཆེན་བསྟན་པ་སྟེ། །འོད་དཔག་མེད་པ་ནུབ་ཏུ་དགོད། །བྱང་དུ་དོན་ཡོད་གྲུབ་པ་སྟེ། །རྩེ་བཞི་ལ་སོགས་ལྷ་ཡིན་ནོ། །པདྨ་བྱང་ཆུབ་ཡན་ལག་བརྒྱད། །ས་ལ་ཇི་བཞིན་དགོད་པར་བྱ། །ཕྱག་ན་པདྨ་བྱམས་པ་དང ། །མཁའ་སྙིང་ཀུན་ཏུ་བཟང་པོ་དང ། གནོད་སྦྱིན་བདག་དང་འཇམ་པའི་དཔལ།།
427b
ས་སྙིང་སྒྲིབ་སེལ་དེ་བཞིན་ཏེ། །ལྷ་ནི་བརྒྱད་པོ་འདི་དག་ཉིད། །འདབ་མ་བརྒྱད་ལ་ཇི་བཞིན་བརྟག་།དབུས་སུ་ཡེ་ཤེས་སེམས་དཔའ་ནི། །བཅུ་གསུམ་གནས་སུ་ཐིམ་པར་བྱ། །གཞན་ཡང་འདབ་བརྒྱད་ལྷ་མོ་བརྒྱད། །ཇི་བཞིན་གནས་སུ་སྦྱར་བར་བྱ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང ། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་ཉིད། །ལྷ་མོ་དག་ནི་བཞི་པོ་འདི། །ཕྱོགས་ཀྱི་པདྨར་ཡང་དག་གནས། །མཚམས་ནི་བཞི་པོ་དག་ཏུ་ཡང ། །སླར་ཡང་དེ་བཞིན་ལྷ་མོ་བཞི། །སྐུལ་བྱེད་རིན་ཆེན་སྒྲོན་མ་དང ། །དེ་བཞིན་རྡོ་རྗེ་ལྕགས་སྒྲོག་དང ། །དེ་བཞིན་གཞན་གྱིས་མི་ཐུབ་མ། །པདྨའི་འདབ་མ་ཀུན་ལ་དགོད། །རྩེ་མོ་དག་ནི་རྣམ་ལྔ་ལ། །མཁའ་འགྲོ་མ་ནི་ལྔ་ཉིད་དེ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ། །བྱང་དུ་དྲག་མོ་ཞེས་བྱ་བ། །རོ་ལངས་མ་ནི་ནུབ་ཏུ་གནས། །ལྷོ་རུ་དེ་བཞིན་ཙཎྜ་ལི། །དབུས་སུ་ཡེ་ཤེས་མཁའ་འགྲོ་སྟེ། །དམ་ཚིག་རྡོ་རྗེ་བསྒོམ་པར་བྱ། །གདུག་ལ་རྡོ་རྗེ་རྩེ་གསུམ་སྟེ། །རྩེ་མོ་དག་ནི་གདེངས་པར་བྱ། ། དེ་བཞིན་རྩེ་མོ་གཅིག་པ་ནི། །གླུ་རྣམས་སྐྲག་པར་བྱེད་པའོ། །ཁྲོ་བོའི་རྡོ་རྗེ་གདེངས་པོ་སྟེ། །ལྷག་མ་རྣམས་ནི་འདུལ་བྱེད་པའོ། །ཞི་ལ་ཞི་བའི་ལྷ་ཉིད་དེ། །རིགས་ཀྱི་རིམ་པའི་ཆོགས་དབྱེ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །དེ་ནས་གཞན་ཡང་བཤད་བྱ་བ། །གསང་བའི་རྡོ་རྗེའི་མཚན་ཉིད་དོ། །ཆ་ལྔའི་ཚད་དང་
428a
༄#། །ལྡན་པ་ནི། །སྤྱི་གཙུག་རྡོ་རྗེ་ཞེས་བྱར་གྲགས། །རྣ་ཆ་ཆ་དྲུག་ཚད་དུ་བྱ། །མགུལ་དོ་ཚ་ནི་བཞི་པ་སྟེ། །སྙིང་གར་ཆ་ལྔ་པ་ནི་གཟུང ། །གསང་བ་དང་ནི་ལག་པར་ཡང ། །ཆ་དྲུག་པར་ནི་གཟུང་བྱ་སྟེ། །ཇི་ལྟར་མཛོས་པར་བརྟག་པར་བྱ། །རྡོ་རྗེའི་རྒྱན་གྱིས་བརྒྱན་ནས་ནི། །རྣལ་འབྱོར་པ་ཡི་ཡེ་ཤེས་འཕེལ། །ཆོ་གའི་བྱ་བ་འདི་ཉིད་ཀྱིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །དེ་ནས་དྲིལ་བུའི་མཚན་ཉིད་ཀྱི། །ཆུ་ཞེང་ལ་སོགས་བཤད་པར་བྱ། །རིན་ཆེན་སྣ་ཚོགས་འབར་བ་དང ། །རྡོ་རྗེའི་སྐ་རགས་ཕྲེང་གཉིས་བྱ། །ཤེལ་སྒོང་དྲི་མ་མེད་པ་ལྟར། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །ཆ་གསུམ་མཚན་ཉིད་ལྡན་པ་ལ། །རྡོ་རྗེ་ལ་སོགས་མཚན་མས་བརྒྱན།། དབུས་སུ་ཁོག་པ་ཟབ་པ་དང ། །ཐམས་ཅད་དགའ་བྱེད་བཅུད་ཀྱིས་གནས། །དེ་ནས་པདྨ་རིན་ཆེན་དང ། །ུཏྤལ་ཀུ་མུ་ད་ཡིས་བརྒྱན། །ཕྱོགས་དང་ཕྱོགས་མཚམས་ཆ་བརྒྱད་དུ། །ལྷ་མོ་ལ་སོགས་བརྒྱད་དུ་གྲགས། །དེ་ཡི་སྟེང་དུ་ལྷ་མོ་ནི། །ས་བོན་བརྒྱད་ལས་བསམ་པར་བྱ། །ཤར་ཕྱོགས་སུ་ནི་སྒྲོལ་མ་སྟེ། །དེ་བཞིན་བྱང་དུ་གོས་དཀར་མོའོ། །ནུབ་ཏུ་བདག་མོའི་མིང་ཅན་ཏེ། །ལྷོ་རུ་སངས་རྒྱས་སྦྱན་ཞེས་བྱ། །མདོག་མཛེས་སྦྲང་རྩི་ཡིད་འོང་མ། །དེ་བཞིན་རིན་ཆེན་འཁྱིལ་མའོ། །ནམ་མཁའི་ཕྱོགས་
428b
ཀྱི་དབུས་སུ་ནི། །གཟུགས་རྫོགས་བསྐོར་བས་ཡང་དག་གནས། །པདྨ་རྒྱས་པ་ལྟ་བུའི་དབྱིབས། །གཟུགས་མེད་སྲིད་པའི་ཕྱོགས་སུ་ནི། །ཡེ་ཤེས་བདུད་རྩི་བུམ་པ་འདྲ། །ཤེས་རབ་བདུད་རྩིའི་གནས་ཡིན་ཏེ། །དེ་ཡི་དབུས་ཀྱི་སྟན་ལ་ནི། །སྟེང་དུ་པདྨ་རྡོ་རྗེ་ནི། །རྩེ་མོ་དགུ་པ་བསམ་པར་བྱ། །དབུས་ཀྱི་དབྱུག་པ་ཡེ་ཤེས་ཏེ། །ཐམས་ཅད་སྤྲོ་ཞིང་སྡུད་པ་མོ། །ོཾ་ལྟར་མཆོག་ནི་སྩོལ་བར་གྲུབ། །བྱ་བ་ཐམས་ཅད་རབ་སྒྲུབ་མའོ། །ཡེ་ཤེས་རྡོ་རྗེའི་དྲིལ་བུ་ནི། །རྩེ་མོ་དགུ་པ་དེ་བཞིན་ནོ། །སོར་མོ་བཅུ་གཉིས་ཚད་དུ་ནི། །རྡོ་རྗེའི་ཕྲེང་བ་སྐ་རགས་བྱས། །པདྨ་མཆོག་གི་འདབ་མ་དང ། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །སྔོན་བཞིན་མཚན་ཉིད་ཐམས་ཅད་ལྡན། །ལྷ་མོ་ཡི་ནི་མཚན་མས་མཛེས། །ཤར་གྱི་ཕྱོགས་སུ་པདྨ་ནི། །ཁ་དོག་དཀར་པོས་མཛེས་པར་བྱ། །གཤིན་རྗེར་པདྨ་སྔོ་དམར་ཏེ། །ནུབ་ཀྱི་ཕྱོགས་སུ་པདྨ་དམར། །བྱང་དུ་ཨུཏྤལ་ལ་ནི་བྲི། །བདུད་རྩི་གནས་ཀྱི་དབུས་ན་ནི། ། ལྷ་མོ་ཡི་ནི་ཞལ་གཅིག་བྲི། །ཤེས་རབ་ཕ་རོལ་ཕྱིན་མའོ། །གཟུགས་མཛེས་བསྐོར་བས་ཡང་དག་གནས། །སྟེང་གི་པད་དང་རྡོ་རྗེ་ནི། །སྔ་མ་བཞིན་དུ་བསམ་པར་བྱ། །དབུས་ཀྱི་ཡེ་ཤེས་དབྱིག་པ་ནི། །ཟུར་བརྒྱད་པས་ནི་མཛེས་པར་བྱ། །དྲིལ་བུ་འདི་ནི་ལྷ་མོ་ཆེ། །ཚེ་དང་ནད་མེད་ཕུན་སུམ་ཚོགས། །དེ་ནས་དཔའ་བོའི་དྲིལ་བུ་སྟེ། །རྡོ་རྗེའི་ཕྲེང་བའི་སྐ་
429a
༄#། །རགས་ལྡན། །དེ་བཞིན་དུ་ནི་ཤེས་རབ་དང ། །བདུད་རྩི་ཡི་ནི་བུམ་པར་ལྡན། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །དྲ་བ་དྲ་ཕྱེད་དཔྱང་བར་བྱ། །སོར་དགུ་རུ་ནི་ཡངས་པ་སྟེ། །ཁ་དོག་སོར་ལྔའི་ཚད་དུ་བྱ། །དེ་ལས་ཅུང་ཟད་ལྷག་བྱ་མིན། །རྩེ་ལྔ་པའམ་རྩེ་དགུ་པ། །སྐལ་པ་བཟང་པོ་ཐམས་ཅད་དང ། །དབང་ཕྱུག་དང་ནི་སྔགས་རྣམས་ཀྱི། །འབྲས་བུ་ཐམས་ཅད་རབ་སྟེར་ཞིང ། །མཁའ་འགྲོའི་སྟོབས་དང་རྫུ་འཕྲུལ་སྟེར། །དེ་བཞིན་ཕུན་ཚོགས་ཐམས་ཅད་དང ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དངོས་གྲུབ་མཆོག་ནི་གསལ་བར་སྟེར། །ད་ནི་དེ་བཞིན་གཤེགས་པ་ཡི། །དྲིལ་བུའི་མཚན་ཉིད་བཤད་པར་བྱ། །འཁར་བ་ལས་བྱུང་སྒྲ་སྙན་བྱེད། །ཁོང་སྟོང་དང་ནི་བུམ་པར་ལྡན། །རྡོ་རྗེ་རིན་ཆེན་པདྨ་དང ། །རལ་གྲི་ལ་སོགས་མཚན་མ་ཅན། །དྲ་བ་དྲ་བ་ཕྱེད་པས་སྦྲས། །ཆུ་སྲིན་ལས་ནི་བྱུང་བ་ཡིན།། ཡེ་ཤེས་ལྔ་ཡི་རྣམ་དག་པས། །རྩེ་མོ་ལྔ་དང་བཅས་པ་སྟེ། །སྐ་རགས་གཉིས་གཉིས་དབུས་སུ་ནི། །འཁོར་ལོའི་ཕྲེང་བ་གཉིས་དང་ལྡན། །དེ་བཞིན་སྐ་རགས་གཉིས་དབུས་སུ། །པདྨ་ལ་ནི་པད་ཕྲེང་གཉིས། །རིན་ཆེན་ལ་ནི་རིན་པོ་ཆེ། །དེ་བཞིན་སྐ་རགས་ལྡན་པར་བྱ། །དོན་ཡོད་གྲུབ་པ་ཞེས་བྱ་ལ། །སྐ་རགས་གཉིས་
429b
དབུས་རལ་གྲིས་བརྒྱན། །ཀུན་ལ་ཤེས་རབ་གདོང་ལྡན་པས། དཔའ་བོ་ཀུན་གྱིས་རྒྱལ་བར་འགྱུར། །ཀུན་ལའང་འཁར་བའམ་ཡང་ན་ནི། །ལྕགས་གསུམ་ལས་བྱུང་དྲིལ་བུ་སྟེ། །ཆ་གསུམ་དང་ནི་ལྡན་པར་བྱ། །རྡོ་རྗེའི་རིགས་ལ་བ་གླང་གདོང ། །སྐ་རགས་རྡོ་རྗེའི་ཕྲེང་ལས་བསྐོར། །བུམ་པའི་སྟེང་དུ་གནས་པ་ཡི། །ཁ་ཁྱེར་ཅུང་ཟད་གྲུ་བཞིར་བྱེད། །པ་གླང་གདོང་ནི་མྱུར་བ་རུ། །ནོར་དང་འབྲུ་རྣམས་འཕེལ་བར་བྱེད། །ནད་མེད་སྟོབས་ནི་རྟགས་སྟེར་ཞིང ། །སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད། ། སྔར་བསྟེན་རྗེས་སུ་འབྲངས་ནས་ནི། །རྡོ་རྗེའི་མཚན་ཉིད་མཚོན་པར་བྱ། །རིན་ཆེན་དབང་སོགས་ཐོད་པ་དང ། །རང་རང་མཚན་མ་ཤེས་པར་བྱ། །སོར་བརྒྱད་དམ་ནི་བཅུ་དྲུག་གམ། །ཉི་ཤུ་ལས་ནི་ལྷག་མི་བྱ། །ཇི་ལྟར་ནུས་ཤིང་རྗེས་མཐུན་པར། །སྒྲུབ་པའི་དབང་པོས་དེ་དག་བྱ། །ཁ་ཡང་ཆོ་གའི་རིམ་པ་ཡིས། །སོར་མོ་ལྔ་ལས་གཞན་པར་སྤང ། །ལྷ་མོ་འདི་ནི་དྲིལ་བུ་ཡི། །སྒྲུབ་ཐབས་རྒྱ་ཆེར་བསྟན་པ་སྟེ། །ཐུན་མོང་གི་ནི་རྒྱུད་ཀུན་ལས། །དཔའ་བོ་རྣམས་ཀྱིས་བསྔགས་པ་ཡིན། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །རྡོ་རྗེ་
430a
༄#། །དང་དྲིལ་བུའི་མཚན་ཉིད་དང་ཚད་ཀྱི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།རྡོ་རྗེ་སློབ་དཔོན་མཚན་ཉིད་ནི། །རབ་ཏུ་བཤད་ཀྱི་ལྷ་མོ་ཉོན། །དུལ་ཞིང་ཆ་ལུགས་མཛེས་པ་དང ། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །རྣལ་འབྱོར་བཟོ་ཡི་ཆ་ལ་མཁས། ཐམས་ཅད་དུ་ནི་འཇམ་པར་སྨྲ། །སེམས་ཅན་ཀུན་ལ་བུ་བཞིན་སྟེ། །རྟག་ཏུ་གདོང་ལ་དགའ་བ་དང ། །བསམ་གཏན་སྦྱོར་ལ་མངོན་པར་བརྩོན། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །བདེན་པར་སྨྲ་ཞིང་འཚེ་མི་བྱེད། །རྟག་ཏུ་མཉམ་པའི་སེམས་བསྐྱེད་པས། །སེམས་ཅན་ཀུན་གྱི་མགོན་སྐྱོབ་སྟེ། །སེམས་ཅན་བསམ་པའི་བྱེ་བྲག་མཁས། །མགོན་མེད་རྣམས་ལ་གཉེན་ལྟར་བརྩེ། །མཛེས་སྡུག་གི་ནི་ལེགས་པ་སྟེ། །སྔགས་ཀྱི་ཚུལ་ལ་ཤིན་ཏུ་གོམས། །དམ་ཚིག་སྤྱོད་ལ་རབ་ཏུ་གུས། །ཕྱག་རྒྱ་བརྡ་ཡི་སྦྱོར་བ་རིག་།རྣལ་འབྱོར་མ་རྣམས་དམ་ཚིག་ལ། །བརྡ་ཡིས་སྦྱོར་བ་སྟོན་པ་དང ། །གཉིས་མེད་སྦྱོར་བ་མི་ཕྱེད་གནས། །སྔགས་ཀྱི་འཁོར་ལོ་སྤྱོད་ལ་གུས། །དབང་བསྐུར་དོན་གྱི་\?\་ཡོན་ཏན་འབྱུང ། །གནས་སོགས་མཐོང་བའི་ངང་ཚུལ་ཅན། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །འདི་ནི་སློབ་དཔོན་ཞེས་བྱར་བརྗོད། །གསོལ་
430b
པ།་དེ་ལྟ་བུའི་སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི། །བཀའ་སྩལ་བ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །དེ་ལྟར་ཡོན་ཏན་རང་བཞིན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཇི་ལྟའི་མཚན་ཉིད་དང་ལྡན་པར། །ཡེ་ཤེས་ཅན་གྱིས་མཚན་ཤེས་ནས། །དེ་ལྟའི་བླ་མ་འབད་དེ་བསྟེན། །གང་ཡང་ཁྲོ་དང་སྒྱུ་ཅན་དང་།། ངག་ནི་ཤིན་ཏུ་རྩུབ་པ་དང ། །ཡོན་ཏན་དག་གིས་ཆོག་ཤེས་པ། །དེ་ནི་བླ་མར་བསྟེན་མི་བྱ། །གཞན་ཡང་སློབ་མའི་སྤྱོད་པ་དང ། །ལས་ཀྱི་དེ་ཉིད་བཤད་ཀྱི་ཉོན། །ཁྲོ་དང་བཅས་ཤིང་རྟོག་གེར་བུས། །ན་སོ་དག་ནི་ཡོལ་བ་དང ། །གང་ཡང་དགེ་སློང་དངོས་གནས་དང ། །ཞེན་དང་ཆགས་པས་བཅིངས་པ་ལ། །རིན་ཐང་མེད་པའི་རིན་ཆེན་ནི། །དེ་ལ་བཤད་པར་མི་བྱའོ། །གང་ཡང་ང་རྒྱལ་མེད་པ་དང ། །སྒྱུ་མེད་བདག་ཏུ་མི་འཛིན་ཅིང ། །དེ་བཞིན་ཆོས་ལ་མངོན་པར་དད། །དེ་ལ་མན་ངག་སྦྱིན་པར་བྱ། །གཞན་དུ་ན་ནི་ལྟུང་བར་འགྱུར། ། སློབ་དཔོན་གྱི་ནི་གསང་བ་དང ། །རྣལ་འབྱོར་མ་དང་ལྷན་ཅིག་སྦྱོར། །ལྷ་ཡི་དམ་ཚིག་སྤྱོད་པ་དང ། །གཏོར་མ་ལ་སོགས་གསང་སྦྱོར་བ། །སྨོད་པ་དག་ཏུ་གང་བྱེད་པ། །སྐྲག་
431a
༄#། །པ་ཀུན་དང་བཅས་བཞིན་དུ། །མནར་མེད་པར་ནི་མྱུར་བར་ལྟུང ། །སློབ་དཔོན་གྱི་ནི་མལ་སྟན་དང ། །ལྷམ་དང་གདགས་དང་ན་བཟའ་སོགས།། ཉེ་བའི་ལོངས་སྤྱོད་ཐམས་ཅད་དང ། །གྲིབ་མ་འགོམ་པར་མི་བྱ་ཞིང ། །ཙེ་འདྲི་བར་ནི་མི་བྱ་འོ། །གལ་ཏེ་བྱས་ན་དུས་ཀུན་ཏུ། །དེ་ནི་ཀུན་ཏུ་གཟིར་འགྱུར་ཞིང ། །དོན་ཉམས་དཔལ་ལས་རིང་དུ་འགྱུར། །བདུད་དང་སྡང་བས་གཟིར་འགྱུར་ཏེ། །མཆོད་རྟེན་བཤིག་དང་སྡིག་མཚུངས་པས། །དེ་བས་གྲིབ་མ་འགོམ་མི་བྱ། །སློབ་དཔོན་སྨོད་བྱེད་གང་ཡིན་པ། །རྨི་ལམ་དུ་ཡང་དངོས་གྲུབ་མེད། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང ། །སྐྱོན་རྣམས་ནམ་ཡང་གཟུང་མི་བྱ། །སྔགས་དང་ཕྱག་རྒྱའི་སྦྱོར་ལ་སོགས། །དེ་ཡི་ལམ་གྱིས་འགྲུབ་པར་འགྱུར། །མཎྜལ་ཆོ་ག་སོགས་རིམ་པ་ཡིས། །སྔོན་དུ་བསླབ་པ་སྦྱིན་པར་བྱ། །དངོས་པོ་རང་བཞིན་མེད་པར་ནི། །མཐོང་བ་བྱང་ཆུབ་རིམ་པ་སྟེ། །རང་བཞིན་དག་པའི་ཆོས་རྣམས་ནི། །ངོ་བོ་མེད་ལ་དངོས་མཐོང་བས། །ལུས་ཀྱི་ལས་ནི་རྣམ་གསུམ་དང ། །ངག་གི་རྣམ་པ་བཞི་རྣམས་དང ། །ཡིད་ཀྱི་རྣམ་པ་གསུམ་དག་སྟེ། །དེ་ལྟར་རྣམ་བཅུར་ཕྱེ་བ་ལས། །དཀར་པོ་ཡིས་ནི་དཀར་འགྱུར་ལ། །ནག་པོས་དེ་བཞིན་འབྲས་ནག་འབྱིན། །དེས་ན་དེ་དག་སྤང་བྱ་སྟེ། །སེམས་ཅན་རྣམས་ལ་ཚིག་རྩུབ་དང་།།
431b
ཚིག་འཁྱལ་སྨྲ་བར་སྤང་བར་བྱ། །སྙིང་རྗེ་ཡི་ནི་སེམས་ཀྱིས་སུ། །འཚེ་དང་གནོད་པ་སྤང་བར་བྱ། །བདག་ནི་ཤི་བར་གྱུར་ཀྱང་བླའི། །སྲོག་ཆགས་གསོད་པ་དེ་ལྟར་མིན། །རབ་ཏུ་འབར་མེར་མཚུངས་པས་ནི། །གཞན་གྱི་ནོར་ལ་རེག་མི་བྱ། །རྣལ་འབྱོར་པ་ཡིས་རྫུན་སྲུང་ཞིང ། །བླ་མའི་བཀའ་སྩལ་ཐམས་ཅད་བྱ། །རྣལ་འབྱོར་པ་ཡིན་རྣལ་འབྱོར་བ། ། བརྫུན་དུ་སྨྲ་བ་ཐམས་ཅད་དང ། །སེམས་ཅན་ཀུན་ལ་སྐྱོན་བརྗོད་མིན། །གཞན་གྱི་བུད་མེད་སྤང་བྱ་ཞིང ། །ལོག་པས་འཚོ་དང་རྙེད་ལ་སོགས། །དེ་བས་ཐམས་ཅད་སྤང་བར་བྱ། །དགའ་བ་དག་ལ་སྤྱོད་པ་དང ། །གཏོར་མ་དག་གིས་དུས་སོགས་ལ། །དམ་ཚིག་སྤྱོད་པར་བྱེད་པ་ཡང ། །བཟའ་དང་བཅའ་སོགས་ཚོད་ཟིན་བྱ། །རྣལ་འབྱོར་དངོས་གྲུབ་འདོད་པ་རྣམས། །སེམས་ཅན་མགུ་ལས་དངོས་གྲུབ་འབྱུང ། །དེ་ལ་དང་པོར་རེ་ཞིག་སློབ་མས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ་ལག་པ་གཉིས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སོགས་མཁའ་འགྲོ་མ། །ཐེག་པ་གསུམ་པོ་ཐམས་ཅད་དང ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བདག་ཉིད་ཆེན་མོ་རྣམས་དང་ནི། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་
432a
༄#། །བདག་ནི་སྐྱབས་སུ་མཆི། །ོཾ་པཉྩ་ཌཱ་ཀི་ནཱི་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཱཏྨཱ་ནཾ་ནིརྱ་ཏ་ཡཱ་མི་ཧཱུཾ། སརྦ་ཨཱ་ཙཱརྱ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཏྨཱ་ནཾ་ནིརྱཱ་ཏ་ཡ་མི་ཧཱུཾ། སརྦ་སཏྭ་པ་རི་དྲཱ་ཎཱ་རྠཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་ལ་སླར་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྲོ་དང་བདག་ཏུ་འཛིན་པ་དང ། །ཚིག་རྩུབ་ཞེ་གཅོད་སྤང་བར་བགྱི། །སྡིག་པའི་གྲོགས་དང་སྲོག་གཅོད་དང ། །རྐུ་འཕྲོག་དག་ནི་སྤང་བར་བགྱི། །ལོངས་སྤྱོད་རྒྱ་ཆེ་སྤང་བགྱི་ཞིང ། །དེས་དང་བཅས་པས་ཆོག་ཤེས་བགྱི། །གར་དང་གནས་དང་མཚུངས་པ་ཡི། །ཕྱི་རོལ་བསྟན་བཅོས་སྤང་བར་བགྱི། །ཞེས་སོ། །དེ་ནས་ཡང་དག་བཤད་པར་བྱ། །སྡོམ་པའི་ཆོ་ག་བླ་ན་མེད། །དང་པོ་བླ་མ་དམ་ཚིག་ནི། །ཐོབ་པ་རྒྱུ་དང་འབྲས་བུ་འབྱུང ། །བསྟན་དང་དེ་བཞིན་ངེས་པར་བསྟན། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། །བསྟན་པ་དག་ནི་ལོངས་སྤྱོད་ཡིན། ། ངེས་པར་བསྟན་པས་མྱ་ངན་འདས། །བཤང་གཅི་ལ་སོགས་བཟའ་བ་དང ། །རིགས་དང་རིགས་མིན་དེ་བཞིན་གཞན། །སྔགས་རྣམས་ཀྱི་ནི་མན་ངག་གིས། །མིང་སོགས་ཆོ་ག་བཞིན་དབང་བསྐུར། །སློབ་མས་དངོས་པོ་བསྒོམས་ནས་སུ། །མྱ་ངན་འདས་པ་བསྟན་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་བྱ་ཞིང ། །བརྫུན་དུ་ཡང་ནི་སྨྲ་བར་
432b
བྱ། །མ་བྱིན་པར་ནི་བླང་བར་བྱ། །གཞན་གྱི་བུད་མེད་བསྟེན་པར་བྱ། །མཆོད་རྟེན་ལས་ནི་མི་བྱ་ཞིང ། །གླེགས་བམ་བཀླག་པའང་མི་བྱ་འོ། །ལག་པའི་ཕྱག་རྒྱ་མི་བཅིངས་ཤིང ། སྔགས་ཀྱི་ཡི་གེ་བཟླ་མི་བྱ། །བསྟན་བཅོས་དག་ནི་རྙེད་སླ་སྟེ། །དེ་ཡི་སྦྱོར་བ་རྙེད་པར་བཀའ། །བླ་མའི་བསྙེན་བཀུར་བརྩོན་པ་ཡི། །ཐབས་ཀྱིས་རྣལ་འབྱོར་པ་ཡིས་རྙེད། ། བདག་ཉིད་ལུས་དང་གཞན་གྱི་ལུས། །བདག་ཉིད་བདེ་མཆོག་བྱང་གྲོལ་ཏེ། །བདག་གི་ལུས་ལ་མ་ཆགས་ཤིང ། །གཟུགས་བརྙན་སོགས་འདྲའི་ལྷ་རུ་བརྟག། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །བླ་མའི་བསྙེན་བཀུར་དང་དམ་ཚིག་དང་སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དེ་ནས་མཁའ་འགྲོ་མ་རྣམས་ནི། །ས་རྣམས་ལ་ནི་རྣམ་རོལ་པའི། །སྔགས་ཀྱི་འབྱུང་བར་རོལ་པ་སྟེ། །ད་ནི་ཡང་དག་བཤད་པར་བྱ། །ོཾ་ཀཥ་མཱཾ་ཀྵ་མཱཾ་ཕཊ་ཕཊ། ཀ་ར་ཀ་ར། བནྡྷ་བནྡྷ། པ་ཙ་པ་ཙུ།་ཧཱིཾ་ཧཱིཾ། ཧཱཾ་ཧཱཾ། ད་ཧ་ད་ཧ། ཀུ་རུ་ཀུ་རུ། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷ་ཀྵ་བྷ་ཀྵ་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལམྦ་ནི། གྲིཧྞ་གྲིཧྞ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲ་ཧྲ། ཨཱ་
433a
༄#། །ཀཌྜྷྱ་ཨཱ་ཀཌྜྷྱ། ཙི་ལི་ཙི་ལི། སི་ལི་སི་ལི། སཔྟ་པཱ་ཏཱ་ལ་ག་ཏཱ་བྷུ་ཛཾ་ག་སརྦཾ་པཱ། ཏརྫ་ཡ་ཏ་རྫ་ཡ། ཧྲཽཾ་ཧྲཽཾ། ཕེཾ་ཕེཾ། དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ་མ་ཧཱ་ཀལྤཱཀྣི་སིནྣ་བྷཱ་ཡ། ཛ་ཊཱ་མུ་ཀུ་ཌོཏྐ་ཊཱ་ཡ། དཥྚཾ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡཱ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི། བྱ་གྷཱ་ཛི་ནཱམྦ་ར་དྷ་རཱ་ཡ། མ་ཧཱ་དྷུ་མྲཱནྡྷ་ཀ་ར་ཝ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་སཝཱ་ཧཱ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སཝཱཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སཝཱཧཱ། ཨོཾ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ན་མ་ཧི་སཝཱཧཱ་ཧུ། བོ་ཥ་ཌ་ཧེ། ཧུཾ་ཧཱུཾ་ཧོ། །ཕཊ་ཧཾ་སཝཱཧཱ། ཨོཾ་ཧཱཾ་ཧཱིཾ་ཧཱུཾ། ཧེཾ་ཧེཾ་ཧཱ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲཱིཾ། ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་སརྦ་བུདྡྷ་བཛྲ་པརྞ་ནཱི་ཡ། བཛྲ་ཌཱ་ཀི་ནི་ཡེ་སཝཱཧཱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱ་རཱ་ཛ་ཧུཾ་ཧཱུཾ་ཕཊ་སཝཱཧཱ། ཨོཾ་བཛྲ་ཌཱ་ཀི་ན་བེཪྵ་བར་པ་ཡ་ཧཱུཾ་བྷུ་སཝཱཧཱ། ཨོཾ་གྷི་ལི་གྷི་ལི་བཪྵ་བཪྵ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ། །ཋ་ཋ་ཋ་སཝཱཧཱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ།་ཨོཾ་ཀ་ཀ་ཀྵི་ཀ་ཀ་རུ་དྲི་ཀ་ཀ་ཨིནྡྲོ་པ་ཏི་རི་ཎི། ཨ་མུ་ཀཾསྱ་ཛཱི་བི་ཏཾ་ཤཱི་གྷྲཾ་ཨ་གཙྪ་ཀ་ཀི་ཡ་ཐཱ་སུ་ཁཾ་ཕཊ། ཨོཾ་སརྦ་ཏི་ཐི་ནཀྵ་ཏྲ་གྲ་ཧ་མཾ་ག་ལེ་བྷྱཿ ་སཝཱཧཱ། ཨོཾ་ཨ་
433b
མུ་ནི་ཀ་སྱ་ཨི་མུ་ནི་ཐ་སི་མུ་ནི་ཧ་ཐ་ལཱཾ་གྷ་ལེ་ཧི་ཐ་ཌེ་ཨི་ཨ་མུ་ཀ་སྱ་མུ་ཁ་ཧ་ཐ་བནྡྷ་ནི་སཝཱཧཱ། ཨོཾ་རཏྣ་བཛྲ་ཧྲི་ཕཊ། ཨོཾ་གྲ་སཝཱཧཱ། ཨོཾ་ཨ་ཊེ་བ་ཊེན་ཊེ་ཀུ་ན་ཊེ་ཋ་ཀེ་ཋ་ར་ཀེཏ་རུ་བི་ཏ་རུ་བེ་ན་ཏ་ཀེ་ལི་ལི་ལུ་ལུ་ཧི་ལེ་མི་ལེ་ཏི་ལེ་ཥི་ལེ་སི་ལེ་ཨ་ཐེ་བ་ཐེ་ན་ཐེ་ཀུ་ན་ཐེ་ཨ་ན་པ་ཊི་ཧེ་ན་བ་ཏི་ཀ་སྱ་ཀ་སྱ་གྷ་སྱ་གྷ་སྱ་མ་ཧཱ་གྷ་སྱ་མ་ཧཱ་གྷ་སྱ་སཝཱཧཱ། ཨོཾ་པིངྒ་ལླཀྵ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། སྔགས་འདི་ཡིས་ནི་སྒྲུབ་པ་པོ། །ལས་རྣམས་ཐམས་ཅད་བྱེད་འགྱུར་ཏེ། །སྔགས་ཀྱི་ཆོ་ག་ཇི་བཞིན་དུ། །ཉོན་ཅིག་ལྷ་མོ་བཤད་པར་བྱ། །ོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧི་ཨཱརྱ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤཝ་རི་སརྦ་བྷུ་ཏྲ་བྷ་ཡཱ་བ་ཧེ། མ་ཧཱ་བཛྲེ་བཛྲ་ས་ནི། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་པ་ཤྱཾ་ཀ་རི་ནི་ཏྲ་བྷྲ་མ་ཎི། བི་ཥ་ཤོ་ཥ་ནི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ལི་ནི། སན་\?\་ས་ནི་མཱ་ར་ཎི་སུ་པྲ་བྷེ་ད་ནི་པ་རཱ་ཛ་ཡེ། བི་ཛ་ཡེ་ཛ་མྦྷ་ནི་སྟམྦྷ་ནི་མོ་ཧ་ནི། བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤཝ་རི་ཁ་གེ་།ཏདྱ་ཐཱ། པྲོ་ཏཾ་གེ་པྲོ་ཏཾ་གེ་།ཧ་ན་ཧ་ན་པྲ་ཎི་ཀིཾ་ཀི་ཎི་ཁིཾ་ཁི་ནི། དྷུ་ན་དྷུ་ན་བཛྲ་ཧ་སྟྭེ་ཤོ་ཥ་ཡ་ཤོ་ཥ་ཡ་ཁ་ཊྭཱཾ་ག་ཀ་པཱ་ལ་མཱ་ལཱ་དྷཱ་རི་ཎི་མ་ཧཱ་པི་ཤི་ཏ་མཱཾ་སཱ་ཤ་ནི་མ་ནུ་ཥ་ཨནྟྲ་པྲ་བྲིཏྟྲ་སནྣི་དྷྱ་ན་ར་ཤི་རོ་མཱ་ལཱ་གྲཾ་ཐི་ཏ་དྷཱ་ར་ཎི། སུམྦྷ་ནི་སུམྦྷ་ཧ་ན་ཧ་ན་པྲཱ་ཎཱཾ། སརྦ་པཱ་པ་ས་ཏྭ་ནཾ་སརྦ་པ་ཤཱུ་ནཱ་མ་ཧཱ་མཱཾ་ས་ཙྪ་ད་ནི་ཀྲོཾ་དྷ་མཱུ་རྟི་དཾཥྚཱ་ཀ་རཱ་ལི་ནི་མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱ་གྲ་མ་ཧི་
434a
༄#། །ཥི་ས་ཧ་སྲ་ཤི་རོ། །ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲཱ་ན་ནི། ཛྭ་ལི་ཏ་ཏེ་ཛ་སྱ། ཛྭ་ལ་མུ་ཁི་པིངྒ་ལ་ལོ་ཙ་ནེ། བཛྲ་ཤ་རཱི་རེ། བཛྲ་ཨཱ་ས་ནེ། མི་ལི་མི་ལི།་ཏི་མི་ལི་ཏི་མི་ལི། ཧེ་ཧེ་ཧ་ཧ། ཧཱུཾ་ཧཱུཾ་ཁ་ཁ། དྷུ་དྷུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ་མ་ཧཱ་ཡོ་གི་ནི་པ་ཋི་ཏ་སིདྡྷེ་དྲཻཾ་དྷཾ་དྲཻཾ་དྷཾ། གྲཾ་གྲཾ། ཧེ་ཧེ་ཧ་ཧ། བྷཱི་མཱེ་ཧ་ས་ཧ་ས། བཱི་རེ་ཧ་ཧ་ཧོ་ཧོ་ཧཱུཾ་ཧཱུཾ། ཏྲཻ་ལོཀྱ་པི་ན་ས་ནི། ཤ་ཏཾ་ས་ཧ་སྲ་ཀོ་ཊི་ཏ་ཐཱ་ག་ཏ་པ་ར་བཱི་རི་ཏེ་ཧཱུཾ་ཧཱུཾ་ཕཊ། སིཾ་ཧ་རཱུ་པེ་ཁཿ ། ག་ཛ་རཱུ་པེ་གཿ ། ཏྲཻ་ལོཀྱ་ཨུ་ད་རེ་ས་མུ་དྲ་མེ་ཁ་ལེ་གྲ་ས་གྲ་ས་ཧུཾ་ཧཱུཾ་ཕཊ། བཱི་རཱ་དྭཻ་ཏེ་ཧཱུཾ་ཧཱུཾ་ཧཱ་ཧཱ་མ་ཧཱ་པ་ཤཱུ་མོ་ཧ་ནི་ཡོ་གི་ཤཝ་རི་ཏྭཾ་ཌཱ་ཀི་ནཱི་སརྦ་ལོ་ཀཱ་ནཱཾ་བནྡྷ་ནི་སདྱཿ པྲ་ཏྱ་ཡ་ཀཱ་རི་ཎི་ཧཱུཾ་ཧཱུཾ་ཕཊ། བྷཱུ་ཏཱ་ཏྲཱ་ས་ནི་མ་ཧཱ་བཱི་རི་པ་ར་མ་སིདྡྷེ་བཱིརྱ་ཡོ་གེ་ཤཝ་རི་ཕཊ་ཧཱུཾ་ཕཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སཝཱཧཱ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ། ཀ་ཁ་ག་གྷ་ང ། ཙ་ཚ་ཛ་ཛྷ་ཉ།་ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿ ། འདི་ནི་བཅོམ་ལྡན་ལྷ་དེ་ཉིད། །ལྷ་རྣམས་ཀུན་གྱི་མཆོག་གི་གནས། །སྔགས་རྣམས་ཐམས་ཅད་སྐྱེད་བྱེད་པ། །རྒྱུད་རྣམས་ཀྱང་ནི་དེ་བཞིན་ནོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་
434b
དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། སྔགས་ཀྱི་ཆོ་ག་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་དུ་སྦས་པ་ངེས་པར་བྱ། །དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ། བྲིས་ནས་ཆོ་ག་བཞིན་དུ་སྔགས། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་ལ་ནི་ཚིམ་པར་བྱ། །དེར་གནས་པ་ལས་དཔའ་བོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་བཏུ། །ཡེ་ཤེས་ལོངས་སྤྱོད་རྫོགས་པ་དང ། །སྤྲུལ་པ་ཐོབ་འགྱུར་གདོན་མི་ཟ། །འོག་དང་སྟེང་འགྲུབ་རྟག་ཏུ་སྟེར། །བདག་གི་ཕོ་ཉ་མོ་ཀུན་འགྲོ།། ཕོ་ཉ་མོ་དེ་གྲུབ་ཀུན་སྟེར། །མཐོང་དང་དེ་བཞིན་རེག་པ་དང ། །ཙུམ་པ་ན་དང་རྟག་པར་འཁྱུད། །སྦྱོར་བའི་གནས་ཀྱི་ཁྱད་པར་ཉིད། །ཇི་སྙེད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །བདེན་པ་ཐམས་ཅད་སྦྱིན་བྱ་སྟེ། །གཞན་དུ་ནམ་ཡང་མ་ཡིན་ནོ། །མ་དང་སྲིང་མོ་བུ་མོ་དང ། །ཆུང་མ་ཕོ་ཉ་མོར་གནས་ལ། །གང་ཞིག་རྟག་ཏུ་སྔགས་སྦྱིན་པ། །རང་གི་ཆོག་ ་དེ་བཞིན་བྱ། །ཐོད་པའི་ཕྲེང་བའི་དབུ་རྒྱན་དང ། །དེ་བཞིན་སངས་རྒྱས་གཙུག་ནོར་བུ། །པདྨ་དཔལ་གྱི་ནགས་རྩ་བ། །བརྡ་ཡིས་སངས་
435a
༄#། །རྒྱས་ཕྱག་རྒྱ་ཡིན། །དབང་པོ་གང་དང་གང་ལམ་ནས། །རང་བཞིན་དེ་དང་དེ་འགྲོ་བ། །མཆོག་ཏུ་མཉམ་བཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་ཏུ་རང་ཉིད་འགྱུར། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། རྡོ་རྗེ་དབང་བསྐུར་བའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་བཞི་པའོ།། །།དེ་ནས་མཁའ་འགྲོ་མ་རྣམས་ཀྱི། །དངོས་གྲུབ་ཐམས་ཅད་རབ་སྟེར་བའི། །ཡེ་ཤེས་འབྱུང་བ་བཤད་པར་བྱ། །བོང་བུའི་ཆ་བྱད་རྣལ་འབྱོར་བདག་།ཡིད་ཤུགས་ཀྱིས་ནི་ཟློག་པར་བྱེད། །མཁའ་འགྲོ་མ་དང་མཛེས་མ་དང ། །དུམ་སྐྱེས་གཟུགས་ཅན་རྣལ་འབྱོར་མ། །རྣལ་འབྱོར་མ་ནི་འདི་དག་ཉིད། །བརྡ་ཡི་ཚུལ་གྱིས་བསྟན་པ་སྟེ། །བསམ་གཏན་ཕྱག་རྒྱ་འདོད་གཟུགས་ཅན། །བོང་བུའི་ཆི་བྱད་ཁྲག་འཛག་ཞལ། །སྦྲུལ་ཀྱིས་དཀྲིས་པའི་མདུང་རྩེ་ནི། །གསུམ་པ་མཁའ་འགྲོའི་ལག་ན་ཐོགས། ཁ་ཊྭཱཾ་ག་དང་ཐོད་པ་ནི། །སྟེང་དུ་བསྟོད་དེ་ཐོགས་པ་དང ། །མི་རིའི་སྟན་བཞུགས་ཆེར་འབར་བ། །སྒྲ་ནི་ཁམ་པ་གྱེན་བརྫེས་ཤིང ། །སྤྱན་གསུམ་གྱིས་ནི་མཛེས་
435b
པར་བྱས། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །ཕྱག་ན་ཟངས་གྲི་བསྣམས་ཤིང་རྩེ། །སྣ་ཚོགས་མེ་ཏོག་འབྲས་ལྡན་པའི། །རིན་ཆེན་མཐོན་པོའི་གནས་སུ་བསྒོམ།། ཚེ་ཐུང་བ་དང་ཤི་བ་ཡང ། །འཚེ་བ་དང་ནི་ཚེ་རིང་བར། །བོང་བུའི་ཚུལ་གྱི་རྣལ་འབྱོར་གྱིས། །ལག་མཐིལ་གནས་པ་བཞིན་དུ་མཐོང ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས།་ཧེ་རུ་ཀའི་རྣམ་པར་རོལ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྒྲུབ་པོའི་ཆོ་ག་ཇི་བཞིན་ཏེ། །ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེ་ནི། །ཇི་བཞིན་བྱིན་གྱིས་བརླབས་ན་ནི། །ཕྱག་རྒྱའི་དངོས་གྲུབ་འཇུག་པར་འགྱུར། །སྒྲུབ་པ་པོ་ཡི་ལག་གཡོན་གྱིས།། པདྨོའི་སྣོད་ནི་བཟུང་ནས་སུ། །ལག་པ་གཡས་པ་བ་དན་ནི། །གསུམ་པར་བྱས་ཏེ་བསྒོམ་པར་བྱ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང ། །དེ་བཞིན་སྲོག་དང་རྩ་ལས་བྱུང ། །མངོན་པར་འདུས་བྱས་ལེགས་བྲིས་པ། །ཐམས་ཅད་ཀུན་སྤྱོད་སྦྱིན་པར་བྱ། །ལྷ་ཡི་རྒྱན་དང་ཡང་དག་ལྡན། །ཕྱག་རྒྱའི་མཚན་མས་རྣམ་པར་ཀླུབས། །སངས་
436a
༄#། །རྒྱས་རྣལ་འབྱོར་སྡོམ་སྐྱེས་པས། །སྐལ་པ་བཟང་པོའི་གར་ཆེན་བྱ། །པདྨ་མཆོག་ལ་རེག་བྱེད་པ། །ལོ་གཅིག་བར་དུའང་མ་བྱས་ན། །སྒྲུབ་པོས་དམ་ཚིག་སྤངས་འགྱུར་ཏེ། །དེས་ནི་དམ་ཚིག་སྦྱངས་ནས་སུ། །སླར་ཡང་མི་བྱའི་སྡོམ་པ་བླང ། །གཞན་དུ་སྔགས་དང་ཕྱག་རྒྱ་ནི། །རིམ་པ་འབྲས་བུ་མེད་པར་འགྱུར། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། བརྡ་ཡིས་རོལ་པ་དང ། དམ་ཚིག་དང་སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།མཚོན་ཆ་ཀུན་གྱི་མཚན་ཉིད་ནི། །རབ་ཏུ་བཤད་ཀྱི་ལྷ་མོ་ཉོན། །འཁྲུལ་འཁོར་གྱིས་འཕེན་མི་འཕེན་དང ། །དེ་བཞིན་ལག་པས་འཕེན་པ་དང ། །འཕངས་ནས་སླར་ནི་གཟུང་པ་དང ། །ལག་པས་འགྱེད་དང་རྣམ་པ་ལྔ། །དབྱིབས་དང་བདེ་བླག་སྦྱོར་བ་དང ། །ལྟོང་རྒྱུད་སྦྱོར་དང་འདྲེན་དང་མྱུར། ། འགེངས་དང་འཕེན་དང་གསལ་བ་འོ། །གྲིམས་པ་ཉིད་དང་སྲན་འཛུགས་དང ། །མཉེན་ཞིང་ཡན་ལག་བརྟན་པ་དང ། །རྒྱ་ཆེན་འགོངས་ཤིང་རྣམ་པར་དག་།ལུས་
436b
གྱི་ཕྱག་རྒྱ་བདེ་བླག་ཅན། །འདི་ཡིས་ལུས་ལ་བརྒྱན་ནས་ནི། །རིམས་དང་དུག་དང་དབྱིག་དུག་དང ། །མཁའ་འགྲོས་གཙེས་དང་གདོན་རྣམས་ཀྱིས། །ནམ་ཡང་ཚུགས་པར་མི་འགྱུར་རོ། །རང་གི་སྙིང་གར་འདྲེན་ཚུལ་དུ། །བདེ་བླག་ཅན་གྱིས་གཞུ་བཟུང་ནས། །གཡས་སུ་རབ་ཏུ་བསྐོར་བྱེད་ཅིང ། །མངལ་འཕངས་ན་ནི་གྲུབ་པར་འགྱུར། །ཤར་ཕྱོགས་ལེགས་པར་བསྲངས་ནས་ནི། །ནུབ་ཕྱོགས་ཅུང་ཟད་བཀུག་ནས་སུ། །གཞུ་རྒྱུད་དལ་བུས་དྲངས་ན་ནི། །འགྲོ་བ་ཐམས་ཅད་འགུགས་པར་འགྱུར། །ཐམས་ཅད་དགུག་པའི་ཕྱག་རྒྱའོ། །རྣ་དྲུང་བར་དུ་ཟླུམ་པོར་ནི། །ཅི་རིགས་པར་ནི་ལེགས་པར་བཟུང ། །ཡི་གེ་ཨོཾ་གྱིས་ཁར་དྲངས་ཏེ། །ཇི་སྲིད་ཡི་གེ་ཨ་བརྗོད་པ། །དེ་སྲིད་བར་དུ་གཟུང་བར་བྱ། །འཛིན་པའི་ཕྱག་རྒྱའོ། །ཅི་རིགས་པར་ནི་དྲངས་ནས་སུ། །ཆོ་ག་བཞིན་དུ་བཟུང་ནས་སུ། །དེར་ནི་ཅུང་ཟད་དབྱེ་བར་བྱ། །འགེངས་པ་ཐམས་ཅད་གྲུབ་པར་འགྱུར། ། འགེངས་པའི་ཕྱག་རྒྱའོ། །ཆད་པས་འབེན་ནི་བསྒྲིབས་ནས་སུ། །མིག་ནི་ཅུང་ཟད་གདངས་ཏེ་བལྟ། །ལྟ་བ་ཆང་བ་ལ་གཏད་དེ། །མྱུར་དུ་འཕངས་ན་འགྲུབ་པའི་མཆོག། མདའ་གཞུས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གྲུ་བཞི་པ་དང་རྣོན་པོ་དང ། །དེ་བཞིན་ཀུན་ནས་ཟླུམ་པོ་སྟེ། །གཡས་ཕྱོགས་ནས་ནི་བསྐོར་ནས་སུ། །སྟེང་དང་དེ་བཞིན་འོག་ཏུ་
437a
༄#། །ནི། །རིམ་གྱིས་གནོན་ཅིང་དྲག་ཏུ་གནོན། །འབིགས་པ་བཅུ་ཡི་རྒྱ་མཆོག་གིས། །ཁམས་གསུམ་རྒྱལ་སྲིད་ཆེན་པོ་ལ། །བདེ་བར་རྒྱལ་ཞིང་ལོངས་སྤྱོད་འགྱུར། །དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱའི་སྦྱོར་བ་བླ་ན་མེད་པའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། མཚོན་ཆ་ཐམས་ཅད་ཀྱི་བརྡའི་ཡེ་ཤེས་ཀྱི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་བདུན་པའོ།། །།ཕོ་ཉ་གདུལ་བའི་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་པར་བྱ།། ཐ་མལ་སྔགས་ཀྱི་ལུས་ཅན་དང ། །ཞིང་སྐྱེས་མ་ནི་གང་ཡང་རུང ། །སྒྲུབ་པོས་དེ་དག་ཐམས་ཅད་ལ། །ཕན་པའི་མཆོག་གིས་བདེ་བ་སྒྲུབ། །འདི་དག་གནས་པ་ལོངས་སྤྱོད་ཀྱི། །བསྙེན་བཀུར་གྱིས་ནི་བསྟེན་མི་བྱ། །སྐལ་བཟང་ཕྱུག་ཅིང་སྲ་བ་སྟེ། །རང་གི་བཀྲ་ཤིས་རིགས་སྤྱོད་དང ། །རི་མོ་ཅན་ནི་སེམས་གཡོ་ཞིང ། །འོ་མ་འཛིན་སྦོམ་པདྨ་ཅན། །ལྟེ་བ་དུང་འདྲ་དུང་ཅན་མ། །དེ་དག་རིམ་པ་བཞིན་དུ་བརྗོད། །འབྱུང་པོའི་ཤིང་གི་རྩ་བ་འབད་པས་ཁར་བཅུག་ན་ཇི་སྲིད་དུ་བུ་མོའི་བདེ་བ་རྙེད་པ་དེ་
437b
སྲིད་ཀྱི་བར་དུ་སྔགས་པས་འཛིན་པར་འགྱུར་རོ། །གན་དུ་ཤ་དང་ལ་ཀྵ་ནའི་སྨན་བཏགས་ཏེ་ཏིལ་མར་དུ་བཙོས་ལ་རྐང་པ་ལ་བསྐུས་ན་ཡང་འདོད་པ་ལ་སྤྱོད་པ་རྣམས་ཀྱིས་བསྔགས་སོ། ། ཤཝཏྠའི་ཤིང་ཀན་ད་དང ། པ་ཐ་དང ། པུ་ཤེལ་རྩི་རྣམས་ཆ་བསྙམས་ཏེ་ཤིང་ཨརྒའི་འོ་མ་དང་སྦྱར་ལ། དེས་ཕོ་མཚན་དྲིལ་ཕྱིས་བྱས་ན། །གདོན་མི་ཟ་བར་འཕེལ་བར་འགྱུར་ཏེ། དེའི་འོག་ཏུ་མྱུར་དུ་ཆུ་དྲོན་གྱིས་བཀྲུས་ན་ཇི་ལྟར་འདོད་པ་བཞིན་འགྱུར་རོ། །པདྨ་དཀར་པོའི་གེ་སར་སྦྲང་རྩི་དང་ལྷན་ཅིག་བཏགས་ཏེ་ལྟེ་བར་བསྐུས་ན། བུད་མེད་སྲ་བ་རྣམས་ཀྱང་ཁུ་བ་འཛག་པར་འགྱུར་རོ། །ཏིལ་དཀར་པོ་དང ། ན་ག་གེ་སར་དང ། དཔའ་བོ་ཚིག་འགྲེང་གི་རྩ་བ་རྣམས་བཏགས་ཏེ་སྦྲང་རྩི་དང་མ་ཧེའི་མར་དང་ལྷན་ཅིག་ཏུ་སྦྱར་ཏེ་ལྟེ་བར་བསྐུས་ན། ཕོ་མཚན་མཁྲང་ཞིང་བུད་མེད་ཆགས་པ་ཆེ་བ་རྣམས་ཡིད་འཕྲོག་པར་འགྱུར་ཞིང ། །བོང་བུ་ལྟར་ནི་འདོད་སྤྱོད་པས། །བདེ་དོན་གཉེར་ལ་བདེ་སྟེར་བ། །འདུལ་བ་དོན་ཡོད་རྒྱུད་ལས་ཏེ། །ངས་ནི་འཛིན་པ་བཤད་པ་ཡིན། །ལིངྒས་བུད་མེད་བསྒྲུབ་བྱ་ཞིང ། །བྷ་གས་སྐྱེས་པ་བསྒྲུབ་པར་བྱ། །ལིངྒ་དོན་གཉེར་མཚན་མ་ཞེས་བཤད་དེ། །བྷ་ག་ལ་ནི་སྤེལ་བར་བྱ། །ཕྱག་རྒྱ་ཕྱག་རྒྱར་སྦྱོར་བ་ཡིན། །རྣམ་པར་རོལ་པས་ལིངྒ་ཞེས། །བྱ་བ་རུ་ནི་བསྟན་
438a
༄#། །པ་སྟེ། །རྣམ་པར་འབྱེད་པས་བྷ་ག་ཡིན། །མི་བསྟན་གསལ་བར་བསྟན་པ་སྟེ། །ཉེ་བར་བསྟན་པའི་རང་བཞིན་ཉིད། ། ཡིག་བ་ཡི་ཡཾ་གེ་ལས། །བྷ་ག་ལིངྒ་བསྐྱེད་ནས་ནི། །བུང་བ་ལ་སོགས་རིམ་ཇི་བཞིན། །མཁའ་འགྲོ་མ་ཀུན་བསྒྲུབ་པར་བྱ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཕོ་ཉ་གདུལ་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་མཆོད་ཅིང་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་བསོད་ནམས་མེད་པ་དང ། །སྔགས་རྣམས་རྟེན་པར་མི་ནུས་པ། །དེ་རྣམས་དངོས་གྲུབ་ཇི་ལྟར་འཐོབ། །སྟོབས་མེད་རྣམས་ནི་སྟོབས་བསྐྱེད་ཅིང ། །སྔགས་དང་བྲལ་ཡང་སྲུང་འགྱུར་བ། །མདོར་བསྡུས་ནས་ནི་བཤད་དུ་གསོལ། །སྒྱུ་མ་ཀུན་ཏུ་རྣམ་འཕྲུལ་བ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སེམས་ཅན་རྣམས་ནི་ཆགས་བྱའི་ཕྱིར། །ལྷ་ཡི་སྨན་ནི་བཤད་པར་བྱ། །དེ་ནི་ཇི་ལྟར་གཟུང་བྱ་བ། །དེ་ནི་དེ་བཞིན་བཤད་པར་བྱ། །བདག་ཉིད་ལྷ་ཡི་དངོས་བྱས་ནས། །ཕྱི་
438b
ནས་ས་བོན་བསྒྲུབ་པར་བྱ། །སེམས་ཅན་རྣམས་ནི་ཆགས་པ་དང ། །དེ་བཞིན་བྱ་བ་སྣ་ཚོགས་བྱེད། །ས་བོན་ལ་སོགས་གཟུགས་པ་ཡི། །ལས་རྣམས་སྣ་ཚོགས་འབྱུང་བའོ། །ལྷ་མོས་གསོལ་པ། ཇི་ལྟ་བུའི་ས་བོན་ལ་སོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་རནྜ་དང་གསེར་ཤིང་ལ་སོགས་པའི་ཤིང་གི་ས་བོན་ཏེ། དེ་ལ་སོགས་པ་ཡོངས་སུ་སྨིན་པ་རྣམས་ཆོ་ག་བཞིན་བསྒྲུབ་པར་བྱའོ། །མར་ངོའི་འབྱུང་པོའི་ཉི་མ་ལ། །ཟླ་མཚན་ཚོན་དང་དབང་པོ་བསྒོ།། དུར་ཁྲོད་ཐལ་བར་ལྡན་པ་དང ། །གཏོར་མ་དང་ནི་སྲུང་བར་བཅས། །དེ་བཞིན་ལྷ་ཡི་ལྕུག་མ་གཟུགས། །པ་ཐ་དང་ནི་རྒྱལ་བ་དང ། །གཞན་གྱིས་མི་ཐུབ་པ་ཉིད་དང ། །ཙཀྲ་ཨང་ག་རྨོངས་བྱེད་རྣམས། །མཚོན་ཆ་ཐམས་ཅད་ཟློག་པར་བྱེད། །ཙཀྲ་ཨང་ག་ལག་པས་འཕེན། །བ་ཏས་འཁྲུལ་འཁོར་འཕེན་པ་སྟེ། །འཕངས་ནས་བཟུང་བས་རྒྱལ་བས་སོ། །གཞན་གྱིས་མི་ཐུབ་ལག་པས་འགྱེད། །རྨོ་ངས་བྱེད་ཀྱིས་མི་འཕེན་པའོ། །འདི་དག་བརྔ་ཡི་ཚུལ་གྱིས་བཤད། །དེ་དག་ཐམས་ཅད་གྲིམས་པར་ནི། །གཡོན་ཕྱོགས་སུ་ནི་བསྒྲན་ནས་སུ། །མགྲིན་པའམ་སྤྱི་བོར་བཟུང་བྱས་ན། །མཚོན་ཆ་ལྔ་ནི་ཟློག་པར་བྱེད། །གདུལ་བའི་བུ་མོ་མདོག་སྔོན་གྱི། །པདྨ་
439a
༄#། །ལས་ནི་སྐྱེས་པ་དང ། །བདུད་རྩི་ལྔ་ཡིས་བསྒོས་ནས་སུ། །ཉི་ཚན་དག་ལ་བསྐམ་པར་བྱ། །ཁྱི་ནག་པོ་ཡི་ཐོད་པ་ནི། །དུར་ཁྲོད་ས་ཡིས་བཀང་བ་རུ། །མར་ངོའི་ཚེས་བརྒྱད་བཅུ་བཞི་ལ། །ཕ་མས་ཀྱི་ནི་ནགས་སུ་གཟུགས། །དེ་ནི་འབད་དེ་བླངས་ནས་སུ། །དུར་ཁྲོད་དང་ནི་བླ་མ་དང ། །ཧེ་རུ་ཀ་དཔལ་མཆོད་བྱས་ལ། །གྲུབ་པའི་ས་བོན་བཟུང་བྱས་ཏེ། །ཐོད་པ་རུ་ནི་བཞག་པ་ལ། །ཆོ་ག་བཞིན་དུ་མངོན་བསྔགས་ཏེ། །མགུལ་པ་བཅིངས་ན་སྦེད་པར་འགྱུར། །མཉམ་པར་བཞག་སྟེ་བཅིང་པ་དགྲོལ། །བྱ་རོག་ནག་པོའི་ཐོད་པ་དང ། །མདུང་ངམ་མཚོན་གྱིས་བསད་པ་ཡི། །སྐྱེས་བུ་ཡི་ནི་ཐོད་པ་རུ། །སྤྲུལ་ནག་པོ་ཡི་ཞག་གིས་ནི། །གསེར་ཤིང་ལ་སོགས་ས་བོན་ལ། །ཡང་དང་ཡང་དུ་བསྒོས་བྱས་ལ། །གྲོག་མཁར་གྱི་ནི་ས་དག་དང ། །དུར་ཁྲོད་ས་ཡིས་བསྲེས་བཀང་སྟེ། །བཞི་མདོ་ལམ་གྱི་དབུས་སམ་ནི། །ཆུ་བོ་ཡི་ནི་འགྲམ་དག་ཏུ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །ཐོད་པར་དགོང་མོའི་དུས་སུ་གཞག་།གཏོར་མ་སྦྱིན་ཞིང་བཅུ་པ་དང ། །སྲུང་བདག་ནི་ཉིན་རེ་\?\་བྱ། །ཁ་སཝཱཾ་ལ་སོགས་ལྡན་པ་ཡི། །དཔལ་ལྡན་ཧེ་རུ་ཀ་གཟུགས་བྱ། །ལག་གཡོན་ཐོད་པ་བཟུང་ནས་ནི། །བརྟུལ་ཞུགས་
439b
སྤྱོད་པར་ལྡན་པ་ཡིས། །ཆོ་ག་བཞིན་དུ་བསྐྱེད་བྱས་ན། །ཤ་ཟ་ལ་སོགས་ཅོ་མི་འདྲི། །ས་བོན་སྨིན་པ་བཟུང་ནས་ནི། །མཁས་པས་སྔོན་བཞིན་མཆོད་བྱས་ནས། །གྲུབ་པའི་རྫས་ཀྱི་ཕུད་དག་ནི། །ཁྱད་པར་དུ་ནི་བླ་མར་དབུལ། །སྒྲུབ་པོས་དེ་ནི་ཁར་བཅུག་ན། །སྣ་ཚོགས་པ་ཡི་གཟུགས་སུ་སྣང ། །ལྷ་དང་སྦྱིན་བདག་གནོད་སྦྱིན་སོགས།། ཇི་ལྟར་འདོད་བཞིན་གཟུགས་བསྒྱུར་ཏེ། །ལྷ་ཡི་བུ་མོ་རྣམས་དང་ནི། །ཇི་སྲིད་འདོད་ཀྱི་བར་དུ་རོལ། །དགོང་མོ་གཏོར་མ་སྔོན་འགྲོ་བས། །ཇི་བཞིན་ལྷག་པར་གནས་བྱ་ཞིང ། །ཤིང་བསྐྱེད་ཆོ་ག་རྒྱས་པ་ལས། །འབྱུང་བཞིན་སྲུང་བ་ལ་སོགས་བྱ། །གཞན་དུ་མེ་ཏོག་འབྲས་བུ་སོགས། །དྲག་པོའི་གདོན་གྱིས་གཙེས་པས་ནི། ། འགྲུབ་པ་ཉིད་དུ་མི་འགྱུར་རོ། །དེ་ནས་སྐྲ་གྲོལ་གཅེར་བུར་ནི། །གྱུར་པའི་བུ་མོའི་ལག་གཡོན་དུ། །གལ་ཏེ་སྨིན་པའི་འབྲས་བུ་དེ། །སྒྲུབ་པ་པོས་ནི་གཞག་པར་བྱ། །གང་དང་གང་གི་ཁྲག་གིས་ནི། །ཡང་དང་ཡང་དུ་འབྲས་བུ་བསྒོ། །དེ་ཡི་ཁྲག་གིས་བསྒོས་པ་ཡི། །ཤ་ལ་སོགས་པ་མཚོན་བྱ་ཞིང ། །དེ་ཡི་ཐལ་བས་བསྐྱེད་པར་བྱ། །དེ་ཡི་ཐོད་པར་གཟུགས་པ་དང ། །དེ་ཡི་ཤ་ཁྲག་ཞག་གིས་ནི། །ཡང་དང་ཡང་དུ་བཅུ་པར་བྱ། །དེ་ཡི་ཤ་སོགས་བདུག་པ་དང ། །བྱུག་པའང་ཡང་དང་ཡང་
440a
༄#། །དུ་བྱ། །སྔོན་དུ་གཏོར་མ་སྲུང་སོགས་བྱ། །ས་བོན་དེ་ནི་སྨིན་པ་དག་།ཆོ་ག་བཞིན་དུ་བླངས་ནས་ནི། །ཁ་ཡི་ནང་དུ་བཞག་གྱུར་ན། །ཆོ་གས་ཇི་ལྟར་བསམ་པ་བཞིན། །དེ་དང་དེ་ཡི་གཟུགས་འགྱུར་ཏེ། །དེ་བཞིན་འདི་ཡི་མཐུ་ཡིས་ནི། །མི་སྣང་བར་ནི་ཐམས་ཅད་འགྱུར། །ས་བོན་མ་ཉམས་སྟོབས་ཀྱིས་སུ། །འུག་པ་ལ་སོགས་རྣམས་ཀྱིས་ཀྱང ། །ཆ་ཙམ་ཡང་ནི་མཐོང་མི་ནུས། །དེ་ནས་གཞན་ཡང་བཤད་བྱ་བ། །མཚོན་ཆ་ཐམས་ཅད་བཟློག་པའི་ཕྱིར། །ཉི་མ་གཟས་ནི་ཟིན་དུས་སུ། །པཎྜི་རཱ་ག་ཞེས་བྱ་བ་དང ། །དཔའ་བོ་གཅིག་པ་སྟོབས་པོ་ཆེ། །སྔ་དྲོ་ཉི་མ་ཤར་དུས་སུ། །བྱང་ཕྱོགས་རྩ་བ་བརྐོས་ནས་ནི། །མཉམ་པར་བཞག་པས་གཟུང་བར་བྱ། །སྔར་བསྟན་ཆོ་གའི་རིམ་པ་ཡིས། །རྒྱུ་དང་མི་རྒྱུ་རྨོངས་པར་བྱེད། །བགྲོད་དཀའི་ལམ་ནི་ཉམ་ང་རུ། །སྟག་དང་སེངྒེ་སོགས་འཇིགས་དང ། །རྒྱལ་པོ་རྐུན་པོའི་འཇིགས་སོགས་པ། །ཐམས་ཅད་སྲུང་བ་བླ་ན་མེད། །ཡང་ན་དེ་ཡི་གེ་སར་ནི། །ཞོ་དང་ལྷན་ཅིག་བཟའ་བར་བྱ། །ཇི་སྲིད་མགྲིན་པར་ལུད་ཀྱི་བར། །དེ་སྲིད་བར་དུ་བཟའ་བར་བྱ། །ཇི་སྲིད་དེ་ནི་མ་ཞུའི་བར། །རྡོ་རྗེ་འཛིན་འདྲའི་ལུས་སུ་འགྱུར། །དེའི་ལུས་མཚོན་ཆ་ཕོག་པ་ཡང ། །ཆུ་ཡི་ཐིགས་པ་ལྟར་མི་གནོད། །
440b
མཚོན་ཆ་ཐམས་ཅད་ཟློག་པ་ཡི། །དེ་ནས་སྦྱོར་བ་གཞན་བཤད་བྱ། །སྔོན་བཞིན་གཏོར་མ་སོགས་ལྡན་པར། །ང་ཀོ་ཏ་ཀའི་རྩ་བླངས་ལ། །དེ་ལས་རིལ་བུ་བྱས་ནས་སུ། །ལྕགས་གསུམ་གྱིས་ནི་དཀྲི་བར་བྱ། །ལྷ་མོ་དེར་ནི་ཁར་བཅུག་ན། །མཚོན་ཆ་ཐམས་ཅད་ལྡོག་འགྱུར་ཞིང ། །རིམས་དང་གློ་དང་དབུགས་མི་བདེ། །ནད་རྣམས་གཞན་ཡང་ཚར་གཅོད་ལ། །རྣམ་པ་སྣ་ཚོགས་དུག་དང་ནི། །ལུས་སྲུལ་ལ་སོགས་གཞན་དག་ཀྱང ། །སེངྒེ་ཡིས་ནི་གླང་ཆེན་བཞིན། །དྲི་ཙམ་གྱིས་ནི་འབྲོས་པར་འགྱུར། །དེ་ནས་སྦྱོར་བ་གཞན་བཤད་པ། །པོ་ཏི་ཞེས་བྱ་ལྷ་ཡི་སྨན། །རྒྱལ་དང་ཉི་མ་དག་གམ་ནི། །ཡང་ན་ཟླ་བ་གཟས་ཟིན་ཚེ། །ཕྱག་རྒྱར་བཅས་པའི་སྒྲུབ་པ་པོས།། ལྷ་ཡི་རྣལ་འབྱོར་དམིགས་ན་ནི། །གཏོར་མ་མཆོག་སོགས་བྱས་ནས་སུ། །འབད་དེ་སྔགས་ནི་བཟླས་བྱས་ལ། །སྐྲ་གྲོལ་གཅེར་བུར་གྱུར་པ་ཡིས། །ཤིན་ཏུ་མཉམ་པར་བཞག་སྟེ་གཟུང ། །ཆོ་གའི་བྱ་བ་འདི་ཡིས་ནི། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཆ་བདུན་དུ་ནི་བགོས་ནས་སུ། །མཁས་པས་སྤྱི་བོར་གཟུང་བར་བྱ། །རིམ་པ་འདི་ཡིས་སྒྱུ་མ་ཆེ། །མཚོན་ཆ་ཐམས་ཅད་ལྡོག་འགྱུར་ཏེ། །ཇི་སྙེད་ས་སྟེང་གནས་པ་ཡི། །མཚོན་ཆ་གཞན་ཡང་ཟློག་བྱེད་པ། །ཉི་མ་ཡིས་ནི་མུན་པ་བཞིན། །བལྟས་
441a
༄#། །པ་ཙམ་གྱིས་ཟློག་པར་བྱེད། །དེ་ནས་ཆོ་ག་གཞན་བཤད་པ། །ནག་པོ་ཆེན་པོ་སྨན་ཆེན་པོ། །བློ་ལྡན་གཟའ་ནི་ཉི་མ་དང ། །སྐར་མ་རྒྱལ་དང་ལྡན་པ་ལ། །མཆོད་དང་གཏོར་མའི་ཆོ་ག་ཡིས། །ཤིན་ཏུ་མཉམ་པར་བཞག་པས་གཟུང ། །ཁྱུ་མཆོག་ར་ཡི་ས་དང་ནི། །ཕྱི་ནས་གཅིག་ཏུ་བསྲེ་བར་བྱ། །ལོ་གཅིག་བར་དུ་ནུས་དང་ལྡན། །དེ་ནས་གསར་བ་གཞན་གཟུང་བྱ། །ཇི་སྲིད་ལུས་ལ་གནས་ཀྱི་བར། །མཚོན་ཆས་ཆོད་ཅིང་ཕུགས་མི་འགྱུར། །སྒྲུབ་པོ་དེ་ཡི་ལུས་ལ་ནི། ། དུག་ཀྱང་འཕོ་བར་མི་འགྱུར་རོ། །སྔར་བསྟན་ཆོ་གའི་བྱ་བ་ཡིས། །བྷ་མ་དན་ཏིའི་སྨན་གཟུང་བྱ། །པདྨ་ཡི་ནི་འདམ་དང་ནི། །ལྷན་ཅིག་ཏུ་ནི་བསྲེ་བར་བྱ། །སྔར་བསྟན་ཆོ་གའི་རིམ་པ་ཡིས། །ི་ཤཝ་རི་ནི་གཟུང་བར་བྱ། །མཚན་མ་གཅིག་གིས་དག་དང ། །ཤིན་ཏུ་མཉམ་པར་བཞག་སྟེ་བསྲེ། །ཡོན་ཏན་དག་ནི་སྔ་མ་བཞིན། ། ཉོན་ཅིག་ལྷ་མོ་ཤེས་རབ་ཆེ། །ཀུམ་རི་ཞེས་བྱ་བའི་སྨན། །གཞོན་ནུ་མ་ཡི་རྐང་རྗེས་རྡུལ། །དེ་ཡི་གཅི་བའི་ས་དང་བཅས། །མ་ཧེ་རཝ་ཡིས་དང་ལྡན། །འདམ་འདི་སུམ་ཅུ་གསུམ་པས་མཆོད། །དེ་ནས་ཡང་དག་བཤད་བྱ་བ། །བི་སྣུ་བི་ཞེས་བྱ་བའི་སྲན། །སྔར་བསྟན་ཆོ་གའི་བྱ་བ་ཡིས། །ནགས་ཀྱི་ཕྲེང་བ་གཟུང་བར་བྱ། །བཟློག་
441b
སྟེ་འཁོར་བའི་འཁོར་ལོ་ཡི། །འཇིམ་པ་འབད་དེ་བླངས་ནས་སུ། །དེ་དང་ལྷན་ཅིག་ལྡན་པར་བྱ། །ལུས་ལ་གནས་ན་སྲུང་བར་འགྱུར། །རྩེ་གཅིག་ཡིད་ཀྱིས་མཉན་པར་གྱིས། །ཕག་མོ་ཞེས་བྱའི་སྨན་དང་ནི། །ཕག་གི་ལུས་ལས་བྱུང་བའི་འདམ། །མ་ཧེའི་རཝ་ཡི་ནང་དུ་བཞག་།ལོ་གཅིག་བར་དུ་ནུས་དང་ལྡན། །དེས་ཀྱང་སྔ་མ་བཞིན་དུ་འགྱུར། །ལམ་གྱི་བཞི་མདོ་ར་རྩི་དང ། །གླང་ཆེན་མཆེ་བར་ཆགས་པའི་ས། །དབང་པོ་ཤིང་གི་རྩ་བར་བཅས། །སུམ་ཅུ་གསུམ་དབང་འདམ་ཞེས་བྱ། །དེ་ན་རྩ་མུཎྜ་བཤད་བྱ།་ཁ་དོག་གཅིག་པ་བླ་ན་མེད། །ཙཎྜ་ལི་ཡི་རྩ་བཟུང་ལ། །སྔར་བསྟན་བཞིན་དུ་བསྒྲུབ་པར་བྱ། །ཤིང་གཅིག་དང་ནི་མཚན་གཅིག་བའམ། །ས་དང་སྦྱར་ཏེ་འདམ་དུ་བྱ། །དེ་ནི་ལུས་ལ་གནས་པར་དུ། །སུམ་ཅུ་གསུམ་པས་ཀྱང་མི་ཤིགས། །དེ་ནས་ཆོ་ག་གཞན་བཤད་བྱ། །སྙིང་པོ་ཐམས་ཅད་བསྡུས་པ་སྟེ། །མངལ་ནས་དང་པོ་བྱུང་བ་ནི། །མ་ཡི་ནུ་ཞོ་མ་འཐུངས་པ། །རྡོ་རྗེ་ཕག་མོར་བཅས་པ་ཡི། །ཧེ་རུ་ཀ་ནི་མཆོད་བྱས་ལ། །དེ་ལྟར་བྱས་ནས་ལྷ་མོ་ཆེ། །གཏོར་མ་བྱིན་པ་ལ་ཡང་སྲུང ། །དེ་ཡི་ལྟག་པ་གཤགས་ནས་སུ། །ལྕེ་ནི་རྩ་བར་བཅས་ཏེ་བླང ། །བྲིང་གི་རཱ་ཛ་གསེར་ཤིང་དང ། །ཀ་ག་ག་ཛ་གཞན་མི་ཐུབ། །ལྷ་ཡི་སྨན་དང་བཅས་པ་ལས། །རིལ་བུ་རུ་ནི་
442a
༄#། །བྱས་ནས་སུ། །ཁར་བཅུག་ནས་ནི་བཟུང་གྱུར་ན། །མཚོན་ཆ་ཐམས་ཅད་བཟློག་འགྱུར་ཏེ། །ཇི་སྲིད་ས་སྟེང་གནས་པ་ཡི། །མཚོན་ཆ་རྣམས་ཀྱང་ཟློག་བྱེད་ན། །ཁ་ཅིག་ལ་ལྟ་སྨོས་ཅི་དགོས། །རིམས་དང་དུག་དང་ནད་རྣམས་དང ། །མཁའ་འགྲོ་མ་དང་གདོན་གྱིས་འཚེ། །དེ་དག་ཐམས་ཅད་བཟློག་འགྱུར་ཏེ། །གཞན་དག་ཏུ་ནི་ང་མི་སྨྲ། །དེ་ནས་སྦྱོར་བ་གཞན་བཤད་བྱ། །དེ་ཡི་ཤ་དང་ཞག་དང་ཁྲག་།གཅིན་དང་ཁུ་བར་བཅས་པ་ཡིས། །ཡུང་བ་ནག་པོ་ལ་བྱུགས་ཏེ། །རྒྱལ་དང་འབྱུང་པོའི་ཉ་མི་ལ། །བགེགས་ནི་ཞི་བར་བྱ་བའི་ཕྱིར། །འབྱུང་པོ་ཀུན་གྱི་གཏོར་བྱིན་ཏེ། །ལས་རྣམས་ཐམས་ཅད་བསྒྲུབ་པའི་ཕྱིར། ། སྔགས་པ་ཆོ་གར་ལྡན་པ་ཡིས། །བྱིས་པའི་རོ་ཡི་ལྟོ་བར་ནི། །མར་ངོ་འབྱུང་པོའི་ཉི་མ་ལ། །དུར་ཁྲོད་ཀྱི་ནི་ས་གཞི་རུ། །ཆོ་ག་བཞིན་དུ་བཙུགས་ལ་བསྐྱེད། ། ལྕེ་སྦྱང་ལ་སོགས་བསྲུང་བར་བྱ། །འདབ་མ་བྲུལ་ཞིང་སྨིན་པ་དང ། །སྔར་གྱི་ཆོ་ག་བཞིན་བླངས་ཏེ། །དེ་ནི་ལུས་ལ་གནས་ཀྱི་བར། །སྐད་ཅིག་གིས་ནི་དཔའ་བོར་འགྱུར། །སྔར་བསྟན་བྱིས་པའི་ལྕི་དང་ནི། །ཡུང་བ་ནག་པོར་བཅས་པ་ལས། །རིལ་བུར་བྱས་ཏེ་ཁར་བཅུག་ལ། །གཡུལ་དུ་ཞུགས་ན་དགྲ་བཅིངས་འགྱུར། །
442b
དེ་ནས་དཔུང་རྣམས་ཐམས་ཅད་ནི། །རྨོངས་བྱེད་སྐུད་པ་བཤད་པར་བྱ། །སྐར་མ་རྒྱལ་ལ་ནན་ཏན་དུ། །ནགས་ཀྱི་རས་བལ་བླངས་ནས་ནི། །ཟླ་མཚན་གྱིས་ནི་བྱུགས་བྱས་ལ། །སུམ་སྒྲིལ་ཡང་ནི་སུམ་སྒྲིལ་དུ། །གཞོན་ནུ་མ་ཡིས་འབད་དེ་བཀལ། །རྐང་པ་བརྒྱད་པའི་སྔགས་ཀྱིས་ནི། །བཟླས་ཤིང་མདུད་པ་དེ་ཙམ་བྱ། །མདུད་པ་དག་ནི་ཐམས་ཅད་ཀྱང ། །མ་མོ་བརྒྱད་དུ་བཏག་པར་བྱ། །དེ་ལྟར་སྔགས་བརྒྱད་བྱས་པ་ཡིས། །བྱིན་གྱིས་བརླབ་པ་བྱས་ནས་སུ། །སོ་སོ་རེ་རེ་དག་ལ་ཡང ། །བརྒྱ་རྩ་བརྒྱད་བརྒྱད་བཟླས་བྱས་ལ། །ལག་པ་གཡོན་པར་བཏགས་ན་ནི། །མདའ་དང་རལ་གྲི་ལ་སོགས་པའི། །མཚོན་ཆ་ཐམས་ཅད་བཅིངས་པར་འགྱུར། །སྒྱུ་མ་ཆེན་མོའི་རིག་པ་འདི། ། རབ་ཏུ་འབད་དེ་གསང་བར་བྱ། །དེ་ནས་ཆོ་ག་གཞན་བཤད་པ། །ནགས་ཀྱི་ཤལ་མ་ལི་ཡི་ནི། །བལ་ནི་སྐར་མ་རྒྱལ་ལ་བླང ། །བུ་མོ་ཡི་ནི་གཅི་བ་ཡིས། །བཏགས་ཏེ་དེ་དང་བསྲེ་བར་བྱ། །བུ་མོ་ཡི་ནི་བཀལ་བར་བྱ། །གཟའ་དང་སྐར་མ་དགེ་བ་དང ། །ཟླ་བ་སྟོབས་ཅན་དག་ལ་ནི། །མདུད་པའི་སྦྱོར་བ་བྱས་ནས་སུ། །སོ་སོ་ཞིང་ནི་རེ་རེ་ལ། །སྔར་གྱི་རིམ་པའི་སྦྱོར་བ་ཡིས། །ཤིན་ཏུ་མཉམ་པར་བཞག་སྟེ་བསྒྲུབ་།འདི་ཡིས་བཅིངས་པ་ཙམ་གྱིས་ནི། །སུམ་ཅུ་གསུམ་པས་ཀྱང་མི་འཆིང ། །ལུས་ཀྱི་
443a
༄#། །ཆོ་ག་མཐོང་བ་ཡིས། །མཚོན་ཆ་ཐམས་ཅད་འཆིང་འགྱུར་ཏེ། །འདི་ནི་བ་ལང་ལྷས་སུ་སྒྲུབ། །སུ་ར་གཏ་དང་སེང་ལྡེང་དང ། །ནིམ་པ་དང་ནི་ཨ་རྐའང་རུང ། །སྐར་མ་རྒྱལ་དང་ཉི་མ་ལ། །ཤིང་བུ་དེ་གཉིས་བཟུང་ནས་ནི། །མྱོས་པར་བྱེད་པའི་རིག་པ་ཆེ། །རིག་པ་ཀུན་གྱི་གཙོ་མོ་སྟེ། །ལན་བརྒྱ་རུ་ནི་བཟླས་ནས་སུ། །ཤིང་བུ་ཕན་ཚུན་དྲུང་གྱུར་ན། །དགྲ་བོ་ནང་ནི་འཐབ་པར་འགྱུར། །རྡོ་རྗེ་ཡི་ནི་ཆུ་དང་ནི། །མཛུབ་མོའི་ཁྲག་དང་བཅས་པ་ལ། །མྱོས་པར་བྱེད་པའི་རིག་པ་བཟླ། །སྔགས་ཀྱི་བཟླས་པ་སྔོན་འགྲོ་བས། །དཔྲལ་བར་ཐིག་ལེ་བྱས་ནས་ནི། །ཆོམ་པོ་དང་ནི་རྐུན་པོ་དང ། །འཚེ་བར་བྱེད་པ་གཞན་ཡང་རུང ། །སྐྱེ་བོ་ཐམས་ཅད་རྨོངས་པར་བྱེད། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །སྟོབས་བསྐྱེད་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་དགུ་པའོ།། །། གང་གིས་སྒྲུབ་པ་པོ་འགྲུབ་པའི། །དེ་ནས་སྦྱོར་བ་གཞན་བཤད་བྱ། །རས་སྟེར་གྱི་ནི་ས་བོན་དག་།སྙེ་མའི་རྩེར་གནས་བླང་བར་བྱ། །སྔོན་བཞིན་ཆོ་གའི་སྦྱོར་བ་
443b
ཡིས། །འབྱུང་བའི་ཉི་མ་གཟའ་བཟང་ལ། །གཽ་རཱི་ལ་སོགས་མཁའ་འགྲོ་མར། །བཅས་པའི་ཧེ་རུ་ཀ་མགོན་མཆོད། །བུད་མེད་ཀྱི་ནི་མེ་ཏོག་གིས། །ཡང་དང་ཡང་དུ་བསྒོ་བར་བྱ། །བསྒེགས་པ་འམ་ནི་མཚོན་གྱིས་བསད། །སྤྱང་ཀི་ལ་སོགས་མ་ཟོས་པའི། །བུད་མེད་ཐོད་པ་མཛེས་པ་རུ། །ཆོ་ག་དེ་ཡིས་བསྐྱེད་པར་བྱ། །དེ་ཡང་རྔ་མོ་དག་གི་ནི། །འཁྲུལ་འཁོར་ལ་ནི་བསྐྱོན་ནས་སུ། །དེ་ཡི་རྩེ་མོ་བླང་བར་བྱ། །སྔགས་པས་མཆོད་པ་བྱས་ནས་ནི། །བུ་མོར་བསྒོམས་ཤིང་དེ་བསྐོལ་བའི། །ཆུ་ནི་འབད་དང་བཅས་ཏེ་གཏོར། །བུད་མེད་རོ་བསྲེགས་ས་དང་ནི། །ཐལ་བར་བཅས་པས་དེ་བཀང་ལ། །རས་སྟེར་གྱི་ནི་ས་བོན་ཉིད། །ཐོད་པ་དེར་ནི་བསྐྱེད་པར་བྱ། །བགེགས་དགྲ་དང་ནི་གཤིན་གཤེད་ཀྱི། །སྔགས་ནི་མངོན་པར་བཟླས་པ་ཡིས། །མཆོད་དང་གཏོར་མ་ཕུལ་ནས་ནི། །ཅི་རིགས་སུ་ནི་བསྲུང་བར་བྱ། །ཞི་བའི་ཚིགས་བཅད་སྔགས་ཀྱིས་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པའི་ཆུས། །དེར་ནི་བཅུ་སྟེ་བསྐྱེད་པར་བྱ། །གཞན་དུ་ཡི་དྭགས་འཚེ་བ་འབྱུང ། །འབུ་ལ་སོགས་པ་སྲུང་བ་དང ། །ཤིང་བསྐྱེད་རིག་བྱེད་བཞིན་དུ་བྱ། །དེ་ནི་འབད་དེ་སྨིན་པ་ཡི། །རས་བླ་དག་ནི་བཟུང་ནས་སུ། །གཞོན་ནུ་མ་ཡི་ཁྲག་གིས་ནི། །བསྐོས་ལ་སྔར་གྱི་བུ་མོ་ཡིས། །སྐྲ་དང་བཅས་པ་བུ་མོས་
444a
༄#། །བཀལ། །སྐུད་པ་དེ་ཡིས་བཅིངས་གྱུར་ན། །དེ་མ་ཐག་ཏུ་སྐྱེས་བུ་ནི། །འདོད་ཆགས་གདུངས་པའི་བུད་མེད་འགྱུར། །དཀྲོལ་ན་སླར་ཡང་རྣལ་མར་འགྱུར། །བསྒེགས་པའི་རོ་ཡིས་ཁྲག་དང་ནི། །ཞག་གིས་ཡུངས་ཀར་ཡང་ཡང་བསྒོ། །གསང་བ་ཡི་ནི་ཞིང་ས་རུ། །ཚེས་བརྒྱད་སྐར་མ་རྒྱལ་ལ་ནི། །ལམ་དང་རིགས་མཆོག་ཐོད་པ་ནི། །རོ་བསྲེགས་ས་བཀང་རོ་དང་བཅས། །ཉི་མ་ཤིས་པ་དག་ལ་གཟུགས། །དེ་ནི་ཤིན་ཏུ་སྨིན་པ་བླང ། །ཅི་རིགས་འཁྲུལ་འཁོར་བཙིར་བའི་མར། །བསྐྲད་པ་ལ་སོགས་བྱ་བ་ཀུན། །བློ་ལྡན་ཇི་ལྟར་འདོད་བཞིན་བྱེད། །ས་མཐའ་ལྔ་ཡང་ཡང་དག་ལྡན། །རླུང་གི་ས་བོན་ལས་བྱུང་བ། །དེ་ཡི་མོད་ལ་བསྐྲད་འགྱུར་ཏེ། །བསྒྲུབ་བྱ་དེ་ནི་སླར་མི་ལྡོག་།བསྒེགས་ནས་བསད་པའི་སྐྱེས་བུའི་རོ། །ཆོ་གའི་རིམ་བཞིན་མཆོད་བྱས་ལ། །སྔར་ནི་ཇི་ལྟར་བསྟན་པ་བཞིན། མར་དེས་ཡན་ལག་ཀུན་ཏུ་བྱུག་།ཧེ་རུ་ཀ་ཡི་སྤྱོད་པ་ཡིས། །སྔགས་ནི་ཟློས་ཤིང་ཀུན་ཏུ་གནས། །སྦྱོར་ཆེན་དེས་ནི་བགེགས་བསྐྲད་བྱ། །སྔགས་པ་ཆེན་པོས་དེ་དུས་སུ། །བགེགས་ནི་རྣམ་པ་སྣ་ཚོགས་པ། །རོ་ཡི་ལུས་ལས་བྱུང་མཐོང་སྟེ། །དེ་ནས་དེར་ནི་དེ་དུས་སུ། །གྲུབ་པའི་རྫས་ཀྱི་བར་ཆད་བྱེད། །གཡོག་དང་བཅས་པའི་སྒྲུབ་པ་པོས། །དེ་ཚེ་
444b
ཕྱག་རྒྱ་བཅིང་བྱ་སྟེ། །སྐྱེ་གནས་ཕྱག་རྒྱ་དཔྲལ་བ་ཡི། །སྟེང་དུ་བཅིངས་ལ་བསྟན་བྱ་ཞིང ། །དྲག་པོ་ཡི་ནི་གཟུགས་ཀྱིས་སུ། །དབའ་བོའི་དམ་ཚིག་ཅི་རིགས་བསྟན། །ཤ་དང་ཁྲག་ཏུ་བཅས་པ་ཡི། །གཏོར་མ་ཡི་དྭགས་རྣམས་ལ་སྤྱིན། །དེ་ཡི་ལུས་ལས་འཇགས་པའི་མར། །བླངས་ཏེ་བསྐུ་བ་ལ་སོགས་བླུགས། །དེ་ཡིས་ལུས་ལ་བྱུགས་ཙམ་གྱིས། །ནམ་མཁར་རྒྱུ་བ་འགྲུབ་པར་འགྱུར། །གཞན་ཡང་རལ་གྲི་མིག་སྨན་དང ། །རྩི་ལ་སོགས་པ་རབ་ཏུ་འགྲུབ། །ཁྲག་དང་མི་ཡི་ཞག་གིས་ནི། །ཡུངས་ཀར་ལ་ནི་བསྒོས་ནས་སུ། །མི་རོ་ཡི་ནི་ཁར་བཅུག་ལ། །སྲུང་པ་ལ་སོགས་འབད་དེ་བྱ། །དེ་ནས་སྔ་མ་བཞིན་བསྐྱེད་པའི། །ཡུངས་ཀར་གང་ལ་བསྣུན་པ་ཡི། །བསྒྲུབ་བྱ་དེ་ནི་རིམས་ནད་ཀྱིས། ། འཛིན་ཏེ་དེ་མ་ཐག་ཏུ་འཆི། །སོ་བྱ་ཡི་ནི་ཁྲག་དང་ནི། །ཞག་གིས་སྣུ་མ་སྟེར་བསྒོ་བྱས་ལ། །དེ་ཡི་ཐོད་པར་རོ་བསྲེགས་པས། །བཀང་བ་རུ་ནི་བསྐྱེད་པར་བྱ། །མཆོད་དང་གཏོར་མ་ལ་སོགས་པ། །སྔར་བསྟན་བཞིན་དུ་ཅི་རིགས་བྱ། །སྨིན་པའི་འབྲས་བུ་ཁར་བཅུག་ན། །སྐྱེས་བུ་བྱ་ཡི་གཟུགས་སུ་འགྱུར། །དེ་ལྟར་ས་བོན་གཞན་དག་ཀྱང ། ། དོག་པ་ལ་གནས་འབྲས་བུ་གཟུང ། །དེ་དང་འདྲ་བའི་གཟུགས་འགྱུར་ཏེ། །ཁ་ལས་བཏོན་ན་སྔོན་བཞིན་འགྱུར། །བྱ་རྣམས་ཀྱི་ནི་ཚེ་དང་མཚུངས། །གླང་པོའི་གཟུགས་སོགས་
445a
༄#། །དེ་བཞིན་བྱ། །བི་དི་རི་ཡིས་བོན་ནི། །མར་ངོ་སྐར་མ་རྒྱལ་དང་ནི། །གཟའ་ནི་ཉི་མ་དག་ལ་གཟུང ། །མ་ཏུ་ལུང་ག་ཡར་ངོ་ལ། མི་རོའི་ཞག། གིས་བྱུགས་ནས་སུ། །ཟླ་བ་གཟས་ནི་ཟིན་པའི་ཚེ། །དེ་ཡི་ཡན་ལག་མཆོག་ཏུ་གཟུགས། །ཟིན་པ་དེ་ཡི་གཟུགས་སུ་འགྱུར། །དེ་ཡི་རུས་པ་རྐང་དང་ནི། །ཤ་ལ་སོགས་པ་བསྐྱེད་པར་བྱ། །དེ་ཡི་པགས་པ་རུས་པ་ཡི། །ཕྱག་རྒྱས་ཡན་ལག་བརྒྱན་བྱས་ལ། །བློ་དང་ལྡན་པས་སྔར་བསྟན་བཞིན། །མཆོད་སོགས་བྱས་ཏེ་ཐལ་པ་གཏོང ། །སྔགས་དང་བཅས་པའི་ཆུ་ཡིས་ནི། །ཐབས་\?\་པ་ཡིས་ནི་རྟག་ཏུ་བཅུག་།བགེགས་མཐར་བྱེད་དང་གཤིན་གཤེད་ཀྱི། །སྔགས་ནི་སྔགས་པས་རྟག་ཏུ་བཟླ། །ཤ་ཟ་ལ་ནི་གཏོར་མ་སྦྱིན། །གཞན་དུ་ན་ནི་བཏོན་ཏེ་ཁྱེར། །ས་བོན་དེ་ནི་སྨིན་པ་གཟུང ། །ལྕུག་མ་གསུམ་གྱིས་དཀྲིས་ནས་སུ། །ཁར་བཅུག་ན་ནི་སྤེད་འགྱུར་ཏེ། །ཉི་མ་ཟླ་བ་སོགས་པས་ཀྱང ། །འཇིག་རྟེན་གསུམ་འདིར་མཐོང་མི་འགྱུར། །མདུ་ལུང་ག་གཅིག་པུ་ནི། །ཁར་བཅུག་མ་དུ་ལུང་གར་འགྱུར། །བཏོན་ན་སླར་ཡང་སྣང་འགྱུར་ཏེ། །འབྲས་སྐྱེད་ཐུན་མོང་ཆོ་གའོ། །དེ་ནས་སྔགས་ཀྱི་ཆོག་བཤད། །སྤྱན་བའི་སྔགས་ཀྱིས་གཟུགས་པར་བྱ། །མཱ་མ་ཀཱི་ཡི་སྔགས་ཀྱིས་བཅུ། །སྒྲོལ་མའི་
445b
སྔགས་ཀྱིས་བསྐྱེད་པར་བྱ། །དེ་བཞིན་གོས་དཀར་མོས་ནི་སྲུང ། །འདི་དག་ས་ལ་སོགས་པ་སྟེ། །ཐམས་ཅད་འཛིན་ཅིང་གསོ་བ་ཡིན། །དེས་ན་འབད་པ་ཐམས་ཅད་ཀྱིས། །སྤྱན་ལ་སོགས་པས་བསྲུང་བར་བྱ། །དེ་ནས་དགོང་མོའི་དུས་སུ་ནི། །ཀུ་བ་ཁན་དེའི་ས་བོན་དག་།མི་ཡི་ཞག་སོགས་ཀྱིས་བྱུགས་ལ། །བཞི་མདོའི་སས་བཀང་ཐོད་པར་བསྐྱེད། དེ་ཡི་དཔྲལ་བར་ཐིག་ལེ་བྱ། །བཟའ་དང་བཅའ་སོགས་རྣམ་པ་ལྔ། །མཐོང་བ་ཙམ་གྱིས་ཁ་བར་འགྱུར། །དེ་ནས་ཐིག་ལེ་ཕྱིས་ན་ནི། །དེ་ཡི་མོད་ལ་རྣལ་མར་འགྱུར། །འོལ་མ་སེ་ཡི་ས་བོན་ནི། །བྲམ་ཟེ་ཡི་ནི་ཐོད་པ་རུ། །སྐར་མ་རྒྱལ་ལ་སྔགས་པས་བསྐྱེད། །དེ་ནས་ཕྱུང་སྟེ་སླར་ཡང་ནི། །ཐ་མལ་སྐྱེད་བུའི་ཐོད་པར་བསྐྱེད། །ས་བོན་དེ་ནི་འགྲུབ་གྱུར་ན། །ཁ་རུ་བཅུག་པས་དེ་གཟུགས་འགྱུར། །སྐྱེས་པ་བུད་མེད་མ་ནིང་སོགས། །བྱ་བའི་ཆོ་ག་བཞིན་དུ་འགྱུར། །ཁ་ལས་གཏོན་ན་སླར་ཡང་ནི། །ཐ་མལ་གཟུགས་འགྱུར་ཐེ་ཚོམ་མེད། །སྦྱོར་བ་འདི་ནི་གྲུབ་པ་སྟེ། །གཞན་དག་ཏུ་ནི་ང་མི་སྨྲ། །སྔགས་པས་བུང་བའི་རྒྱལ་པོའི་སྨན། །གསལ་ཤིང་བསད་པའི་ཐོད་པར་བསྐྱེད། །ཞག་དང་ཁྲག་གིས་གཏོར་བར་བྱ། །དེ་ཡི་རྩ་བ་བླངས་ནས་སུ། །སྲིན་ལག་གི་ནི་ཁྲག་དང་ནི། །ཞག་ཏུ་བཅས་པ་བསྲེ་བར་བྱ། །སྤྱི་བོར་བཞག་ན་རྒྱལ་བར་འགྱུར། །ལྷ་ལ་སོགས་
446a
༄#། །པ་དབང་དུ་བྱེད། །བ་ལང་རྣ་བའི་ལྕུག་མ་ནི། །རྙེད་ནས་དེ་ཡིས་བོན་ནི། །སྨིན་པར་བཟུང་སྟེ་ཁར་བཅུག་ནས། །གཡུལ་དུ་ཞུགས་ན་རྒྱལ་བར་འགྱུར། །བཞིང་གི་རཱ་ཛ་བཟུང་ནས་སུ། །ཤན་པའི་བུ་མོ་སྔོན་མོ་ཡི། །ཁྲག་གིས་ཟླ་བ་མར་ངོ་ལ། །ཡང་ཡང་བྱུགས་ཏེ་སྦྱར་བར་བྱ། །བ་ལང་རྣ་བའི་ལྕག་དང་ནི། །སྐྱེས་པའི་ཐོད་པར་བསྐྱེད་དང་བཅས། །འབྲས་བུ་ཆེན་པོ་སྟེར་བར་འགྱུར། །དེ་ལ་སོགས་པའི་རྩ་བ་དང ། །འབྲས་བུ་ཚུལ་བཞིན་བསྐྱེད་པ་ཡིས། །བགེགས་རྣམས་ཐམས་ཅད་བརླག་བྱེད་པར། །སངས་རྒྱས་ངེས་པའི་རྒྱུད་ལས་གསུངས། །བསྒྲུབ་པར་མི་བྱ་བ་དང་ནི། །འགྲུབ་པར་མི་འགྱུར་ཅི་ཡང་མེད། །མན་ངག་དག་ནི་མ་གཏོགས་པར། །དངོས་གྲུབ་སྣང་བར་མི་འགྱུར་རོ། །ཀོ་ཀ་ན་ཏའི་འབྲས་བུ་ནི། །སྣ་ཆེན་གྱི་ནི་ཐོད་པར་བསྐྱེད། །དུར་ཁྱོད་སྐྱེས་པའི་བཞིང་གི་ནི། །ཐོད་པར་བསྐྱེད་པའི་རྩ་དང་བཅས། །ཡར་ངོ་མར་ངོའི་བཅུ་བཞི་ལ། །བདུད་རྩི་ལྔ་དང་ལྷན་ཅིག་བཏབ། །རིལ་བུ་མཛེས་པ་བྱས་ནས་ནི། །གྲིབ་མ་ལ་ནི་བསྐམ་པར་བྱ། །དེ་ཡིས་ཐིག་ལེ་བྱས་ནས་ནི། །འགྲོ་ཀུན་བྲན་བཞིན་དབང་དུ་འགྱུར། །ཾ་བའི་ཤིང་གི་རུས་པ་ནི། །མར་ཁུ་ཆེན་པོས་བྱུགས་པ་དང ། །དེ་བཞིན་བ་ཡི་རྣམ་
446b
ལྔས་བྱུག་།ལག་བར་ཁུ་བ་བྱུགས་ནས་སུ། །འབྲས་དེ་གང་ལ་བྱིན་པ་ནི། །དེ་དབང་འགྱུར་ཏེ་གཞན་དུ་མིན། །བལ་པོ་སེའུའི་འབྲས་བུ་ནི། །ཁྲག་གིས་བྱུགས་ཏེ་བུད་མེད་ཀྱི། ། ཐོད་པར་བཙུགས་པ་སྨིན་པ་ཡི། །འབྲས་བུ་དེ་ནི་མི་དབང་ལ། །རྒྱལ་ལ་བྱིན་ན་རྟག་དབང་འགྱུར། །སྐུ་བ་ཁན་དེའི་ས་བོན་ནི། །ནིམ་པ་ལ་སོགས་འབྲས་བུས་བྱུག་།རོ་བསྲེགས་ས་དང་ལྡན་པ་ཡིས། །ཆགས་ཅན་ཁམ་ཕོར་ས་བོན་བསྐྱེད། །ཤིན་ཏུ་མཉམ་པར་བཞག་སྟེ་བསྲུང ། །མར་ངོ་ཡི་ནི་ཉི་མ་ལ། །ཉིན་ཕྱེད་ཉི་མ་ཚ་དུས་སྒྲུབ། །དེ་ནི་བླུགས་པ་ཙམ་གྱིས་སུ། །ཆང་སོགས་བརླག་འགྱུར་ཐེ་ཚོམ་མེད། །དེ་ནས་གཞན་ཡང་བཤད་བྱ་བ། །ཡུངས་ཀར་སྨིན་པ་བརྒྱ་དང་ནི། །རྩ་བརྒྱད་བླངས་ནས་ཞག་གིས་ནི། །བསྒོས་ཏེ་ལེགས་པར་ཐུམ་པོར་བྱ། །བུད་མེད་རོ་ཡི་ལྟོ་བར་གཞུག་།ཉིན་བདུན་བཞག་སྟེ་ཕྱུང་ནས་སུ། །དེ་ཡི་མཆིན་པར་བཅས་པའི་སས། །དེ་ཡི་ཐོད་པ་བཀང་བར་བསྐྱེད། །གཏོར་མ་དང་ནི་སྲུང་བ་དང ། །བདུག་པ་དང་ནི་ཆུས་བཅུ་སོགས། །ཤིན་ཏུ་འབད་དང་བཅས་པ་ཡིས། །ལས་རྣམས་ཐམས་ཅད་སྔོན་བཞིན་བྱ། །ཇི་སྲིད་སྨིན་གྱི་བར་དུ་བསྐྱེད། །དེ་ནས་སྔར་བཞིན་འབད་པས་བླང ། །བུད་མེད་གྱི་ནི་ཁྲག་གིས་བྱུག་།འདབ་མ་དང་ནི་ས་བོན་སོགས། །དེ་
447a
༄#། །ཡི་ཡན་ལག་ཅི་ཡང་རུང ། །བུད་མེད་གང་དང་གང་བསྣུན་པ། །དེ་ནི་ཕྱི་བཞིན་འབྲང་བར་འགྱུར། །འོལ་སེའི་ས་བོན་འབད་དེ་གཟུང ། ། དམར་སེར་ཐོད་པར་བསྐྱེད་པར་བྱ། །དེ་ཡི་ལྕུག་མ་བཟུང་ནས་སུ། །བློ་དང་ལྡན་པས་སྒོང་བྱ། །དེ་ཡི་ནང་དུ་ཆང་བླུགས་ན། །སྣོད་དེར་གནས་པའི་རྫས་རྣམས་ནི། །ཇི་སྲིད་མ་ཟད་བར་དུ་ནི། །དེ་ན་གནས་པའང་ཟད་མི་འགྱུར། །ཆུ་འགྲམས་དང་རྫ་མཁན་ས། །དེ་བཞིན་ཐོད་པར་ཆགས་པའི་ས། །གྲོག་མཁར་གྱི་ནི་ས་དག་དང ། །མཚན་མ་གཅིག་པའི་ས་རྣམས་ནི། །བསྐྱེད་པ་ཀུན་ལ་ཤིན་ཏུ་བསྔགས། །གཅི་བའི་ཤུལ་གྱིས་བཟུང་ལ། །སྔགས་ཀྱིས་མངོན་པར་བྱིན་གྱིས་བརླབ། ། བོང་བུའི་གཅིན་དང་བཅས་པ་ལས། །མཁས་པས་མི་ཡི་གཟུགས་བརྙན་བྱ། །གསེར་ཤིང་སྔར་བཞིན་སྤྱད་བྱས་ལ། །སྔགས་པས་དེ་ཡི་ཁར་བསྐྱེད་བྱ། །དེ་ཡི་ཡན་ལག་ལྔ་བཟུང་སྟེ། །རིལ་བུ་རག་ནི་མཛེས་པར་བྱ། །ལས་རྣམས་ཐམས་ཅད་བྱེད་འགྱུར་ཏེ། །ཁྱད་པར་དུ་ནི་དབང་དུ་བྱེད། །ཡུངས་ཀར་ལ་སོགས་འབྲས་བུ་ནི། །གླང་པོ་ཆེ་ཡི་ཤ་དག་དང ། ཁྲག་དང་རུས་པའི་ཞག་ལ་སོགས། །དེ་ཡི་ཐལ་བ་སོགས་པས་བྱུག་།དེ་ཡི་ཐོད་པར་བསྐྱེད་པ་དག་།དེ་ཡི་ཁ་རུ་བཅུག་ཙམ་
447b
གྱིས། །གླང་པོ་ཆེ་ཡི་གཟུགས་སུ་འགྱུར། །འདི་ནི་ཐུན་མོང་ཆོ་ག་སྟེ། །དེ་བཞིན་རྟ་དང་མ་ཧེ་སོགས། །དེ་བཞིན་སྟག་དང་རི་བོང་སོགས། །ཆོ་ག་དེ་བཞིན་བསྐྱེད་པ་ཡིས། ཁྲག་བཅས་བསྒོམས་ན་སྟག་སོགས་འགྱུར། །སྦྱོར་བའི་ཆོ་གའི་དུས་སུ་ནི། །གྲུབ་པའི་གཟའ་ལ་སོགས་དང་སྦྱར། །རྟག་ཏུ་སྒོམ་དང་བཟླས་ལ་དགའ། །དམ་ཚིག་སྤྱོད་པ་སྲུང་བ་དག་།དེ་ཡིས་རྟག་པ་འགྲུབ་འགྱུར་ཏེ། །གཞན་དུ་ན་ནི་འབྲས་བུ་མེད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། འབྲས་བུ་བཅོས་མའི་ཕྱག་རྒྱའི་ཡེ་ཤེས་ཀྱི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་པའོ།། །། དེ་ནས་ཨཱ་ལི་ཀཱ་ལི་གཉིས། །དེ་ཉིད་ལས་ནི་ཀུན་བསྐྱེད་ཅིང ། །སྤྲོ་ཞིང་སྡུད་པར་བྱེད་པ་པོ། །ཐ་སྙད་ཀྱི་ནི་ཆོ་ག་སྟེ། །སྔགས་ཀྱི་མཚན་ཉིད་ཐུན་མོང་བ། །ཆོ་ག་འདི་དག་ཇི་བཞིན་ཉོན། ། ཞེས་བྱ་བ་མདོག་དམར་བ། །མགོ་དང་ཐིག་ལེ་སླངས་པ་ནི། །སྒྲུབ་བྱའི་སྙིང་ག་མགོ་པོ་དང ། །གསང་བ་དང་ནི་ལྟེ་བར་བསམ། ། ཞེས་བྱ་བར་ཐིག་ལེར་ལྡན། །མཚན་དང་འོལ་མ་སེ་དང་ནི། །ཀུ་སུ་མ་ནི་ལྟ་བུའི་མདོག་།བསྒྲུབ་བྱའི་མགོར་ནི་བསམ་བྱས་ལ། །མྱོས་ཤིང་སེམས་དང་བྲལ་བ་དང ། །ཀླུགས།
448a
༄#། །ཤིང་རྣམ་པར་ཉམས་པར་བསམ། །དེ་ཡི་ལུས་ནི་རང་ཉིད་ཀྱི། །ས་བོན་གྱིས་དཀྲུགས་རྨོངས་བསྒོམས་ན། །རིང་པོར་མི་ཐོགས་དབང་འགྱུར་ཏེ། །རྟག་ཏུ་ཐམས་ཅད་སྟེར་བར་འགྱུར། །ི་ཞེས་བྱ་བ་སྐས་ལྟ་བུ། །དབྱངས་ཡིག་གསུམ་པ་ཐུང་ངུ་ནི། །བསྒྲུབ་བྱའི་སྙིང་ག་ལྟེ་བ་དང ། །དེ་བཞིན་དུ་ནི་མགྲིན་པར་བསྒོམ། །ཱི་ཞེས་བྱ་བའི་དབྱངས་ཡིག་བཞི། །ལི་ཁྲི་ཡི་ནི་མདོག་ལྟ་བུ། །བསྒྲུབ་བྱ་ཡི་ནི་དབྲལ་བར་དགོད། །གང་གི་ལུས་ལ་གསུམ་པ་དང ། ། བཞི་པའི་མཆོག་ནི་བཀོད་པ་ཡིས། །མྱོས་ཤིང་ཆ་ལུགས་ཉམས་པ་དང ། །སེམས་དང་བྲལ་བར་བྱས་ནས་སུ། །ཇི་སྲིད་འཚོ་ཡི་བར་དུ་ནི། །ལྐུགས་པ་བཞིན་དུ་དབང་དུ་འགྱུར། །དེ་ནས་དབྱངས་ཡིག་ལྔ་པ་ཡི། །དབང་པོའི་མཚོན་ཆ་ལྟ་བུའི་འོད། །ཱུ་ཞེས་བྱ་བའི་བསྒྲུབ་བྱ་ཡི། །མགྲིན་པར་ཞགས་པ་ལྟ་བུར་བསམ། །གློག་དང་མཚུངས་པར་འབར་བ་ནི། དབྱངས་ཡིག་མཆོག་ནི་དྲུག་པ་སྟེ། །ཱུ་ཞེས་བྱ་བ་བསྒྲུབ་བྱ་ཡི། །སྙིང་གི་དབུས་སུ་བསྒོམ་པར་བྱ། །ལྐུགས་ཤིང་མྱོས་པར་འགྱུར་བ་དང ། །ལུས་ནི་གཡོ་ཞིང་སེམས་དང་བྲལ། །གང་དུ་སྒྲུབ་པ་པོར་གནས་པར། །འཁྲུགས་བཞིན་དུ་ནི་འོང་བར་འགྱུར། །བདག་ཉིད་དང་ནི་ནོར་དང་བཅས། །
448b
དབང་དུ་ཡང་ནི་འགྱུར་བ་ཡིན། །རི་ཞེས་བྱ་བ་དུ་བའི་མདོག་།དཔྲལ་བར་ལུས་དང་བྲལ་བ་སྟེ། །དབྱངས་ཡིག་གི་ནི་དམ་པ་དེ། །སྙིང་ག་དང་ནི་གསང་བར་བསྒོམ། །དེ་ནས་རཱ་ནཱི་མུན་པའི་མདོག་།བསྒྲུབ་བྱའི་ལུས་ཀྱི་མགོ་བོ་དང ། །དེ་བཞིན་རྐང་པ་མགྲིན་པ་རུ། །རིང་པོ་དེ་ནི་བསྒོམ་པར་བྱ། །བདུན་པ་དང་ནི་བརྒྱད་པ་འདིས། །མྱུར་དུ་སྐྲིད་པར་བྱེད་པ་སྟེ། །སེམས་ནི་རྨུགས་ཤིང་ཉམས་གྱུར་ནས། །ས་གཞི་མ་ལུས་རྒྱུ་འགྱུར་ཏེ། །མཐོང་བ་ཡི་ནི་ཚེ་འདི་ལ། །སླར་ཡང་ལྡོག་པར་མི་འགྱུར་རོ། །ལྀ་ཞེས་བྱ་བ་སྲིད་པ་སྔོ་མ། །བྱ་རོག་གི་ནི་གཤོག་པ་འདྲ། །སྒྲུབ་པོས་བསྒྲུབ་བྱའི་མིག་དང་ནི། །མགྲིན་པ་དང་ནི་གསང་བར་བསྒོམ། །དབྱངས་ཡིག་རིང་པོ་ལཱྀ་ཞེས་པས། །བསྒྲུབ་པར་བྱ་བ་དཀྲིས་པར་བསམ། །བསྒྲུབ་བྱའི་ལུས་ལ་བསྒོམས་ཙམ་གྱིས། །སྡང་བར་བྱེད་པའི་མཆོག་ཡིན་ཏེ། །སེམས་ཅན་ཀུན་གྱིས་སྨད་པ་དང ། །སྐྱེ་བོ་ཀུན་གྱིས་བརྙས་པ་དང ། །མར་ཁུ་ཕྱུང་བའི་འབའ་ཆ་བཞིན། །སྐྱེ་བོ་ཀུན་གྱིས་སྤོང་བར་འགྱུར། །ཅོག་ལམ་ཡི་མཚལ་དང་ནི། །ལྷམ་བུ་ཆུ་གཤེར་ལྟ་བུའི་མདོག་།ཻ་ཞེས་བྱ་པ་དབྱངས་ཀྱི་རྒྱལ། །གསང་དང་ལྟེ་བ་སྙིང་གར་དར་དགོད། །ཻ་ཞེས་བྱ་བ་གཟི་བརྗིད་ཆེ། །ལི་ཁྲི་དང་ནི་ཉི་མའི་མདོག་།བསྒྲུབ་བྱའི་མིག་དང་དེ་བཞིན་དུ། ཁ་དང་
449a
༄#། །མགྲིན་པར་བསྒོམ་པར་བྱ། །སྒྲུབ་པའི་མཆོག་གིས་ཡིད་ལ་ནི། །ལས་འདི་བྱས་པ་ཙམ་གྱིས་སུ། །ཁམས་གསུམ་པོ་ནི་མ་ལུས་པ། ། མཐེ་བོའི་ཁྱོན་ཙམ་དུ་ནི་མཐོང ། །གདོང་དང་གདོང་ནི་མངོན་ཕྱོགས་ཏེ། །དེ་ཡི་གེའི་ཆ་ཤས་ཀྱིས། །དབུགས་ཀྱི་རི་མོ་ལྕུག་མས་དགུག་།ཆ་ཤས་ལྕུག་མའི་དམ་ཚིག་དབང ། ། ཞེས་བྱ་བའི་དབྱངས་ཡིག་ནི། །ཐིག་ལེ་དང་ནི་ཟླ་ཕྱེད་བཅས། །ཟླ་བ་གཉིས་ནི་ཚེག་དྲག་བཅས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡི་གེ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་རི་མོར་ཡང་དག་གནས། །འདི་ལྟར་ཨཱ་ལི་ཀཱ་ལི་ཞེས། །བཅུད་ལེན་ཐམས་ཅད་ཞེས་བྱར་བརྗོད། །གཙོ་བོ་ལ་ནི་ཐིམ་བྱས་ནས། །རྡོ་རྗེ་སེམས་དཔའ་སོགས་དང་སྦྱར། །དེ་ཡི་འོག་ཏུ་ཕྱིན་ནས་ནི། །ཡི་གེ་ཐམས་ཅད་གཞུག་པར་བྱ། །ཇི་སྲིད་སྣང་བ་ཡོད་ཀྱི་བར། །འདིས་ནི་སྲུང་བར་བྱེད་པར་བརྗོད། །ཐིག་ལེ་ཞེས་བྱ་སེམས་ཡིན་ཏེ། །སེམས་ཀྱི་རང་བཞིན་སྟོང་བ་ཡིན། །ཟླ་བ་གཉིས་དང་ཡང་དག་ལྡན། །མི་འགྱུར་མཆོག་གི་ཕྱག་རྒྱའོ། །དེ་ལས་དབྱངས་ཡིག་རྣམས་ཀྱི་ནི། །སྒྲུབ་པོ་བདག་ཉིད་ཆེན་པོ་ཡི། །ལས་ནི་ལྷ་དང་ལྷ་མིན་དང ། །མིར་བཅས་མྱུར་དུ་དབང་དུ་བྱེད། །ོཾ་ཞེས་བྱ་བ་
449b
ཉི་མ་ལྟར། །འོད་ཟེར་འབར་བ་སྟོང་དང་ལྡན། །བསྒྲུབ་བྱ་ཡི་ནི་མགོ་བོ་དང ། །དཔྲལ་བ་ཁྱད་པར་སྙིང་གར་བསྒོམ། །ོཾ་ཞེས་བྱ་བརྟག་འབར་བ། །ཉི་མ་བྱེ་བའི་གཟི་བརྗིད་ཅན། །བསྒྲུབ་བྱ་ཡི་ནི་ལུས་ཀུན་ལ། །ཁྱབ་པ་ཉིད་དུ་བསྒོམ་པར་བྱ། །བསྐལ་པ་ཡི་ནི་མེ་དཔུང་ལྟར། །དབྱངས་ཀྱིས་ཁྱབ་ནས་སྒོམ་པ་དང ། །དབྱངས་ཀྱི་མེ་ཡིས་བསྒྲུབ་བྱ་ཡང ། །རབ་ཏུ་འབར་བར་བསྒོམས་བྱས་ནས། །དགྲ་བོ་ལོ་བརྒྱར་འཚོ་བ་ཡང ། །དེ་མ་ཐག་ཏུ་ལྟུང་བར་འགྱུར། ། ནི་ཐམས་ཅད་སྡུད་པ་སྟེ། །འཚེ་བ་ཟློག་པར་བྱེད་པའང་ཡིན། ། ནི་གཤེགས་སུ་གསོལ་བ་སྟེ། །ཇི་ལྟར་འདོད་བཞིན་ལྷ་ཡང་བྱེད། །བུད་མེད་ཀུན་གྱི་མངལ་དུ་ནི། །བསམས་ན་ཁུ་བ་འཛག་པར་འགྱུར། །ཁྱད་པར་དུ་ནི་གཞན་དག་ལའང ། །དཀར་པོ་དམར་པོའི་ཏིང་འཛིན་བྱ། ། ལ་སོགས་དང་ཡི་གེ་རྣམས། །ལུས་ལ་བཀོད་ན་དཔྱང་མི་དགོས། །དེ་ལྟར་དབྱངས་ཀྱི་ལས་རྣམས་ནི། །ཁྱོད་ལ་བདག་གིས་གང་བསྟན་ལ། །དབྱངས་ཡིག་དགེ་བ་བཅུ་དྲུག་ནི། །ལུས་ལ་གོ་ཆར་བཀོད་དེ་བྱ། ། ཞེས་བྱ་བ་རྐང་གཉིས་དགོད། །ཱ་ནི་བྱིན་པ་གཉིས་ལ་བསམ། །པའི་ནི་བྲལ་ལ་དགོད་བྱ་སྟེ། །པའི་ཞེས་བྱ་བ་གསང་བར་གནས། །ུ་ནི་ལྟེ་བའི་བརྩ་བ་སྟེ། །ཱུ་ཞེས་བྱ་བ་ལྟེ་བའི་དབུས། །རྀ་ཎི་ལྟེ་བའི་སྟེང་དུ་དགེད། །རླཱྀ་ཞེས་བྱ་
450a
༄#། །བྱིང་གར་ཡིན། །ལྀ་ཞེས་བྱ་བ་མགྲིན་པར་དགོད། །དེ་བཞིན་ལཱྀ་ནི་རྐན་ལ་འོ། །ེ་ཞེས་བྱ་བ་ཁ་ལ་སྟེ། །དེ་བཞིན་ཨཻ་ནི་སྣ་ལ་འོ། །ོ་ནི་རྣ་བ་དག་ལ་སྟེ། །ཽ་ཞེས་བྱ་བ་དཔྲལ་བར་རོ། །ཾ་ནི་མགོ་ལ་དགོད་བྱ་སྟེ། །ཿ ་ཞེས་བྱ་བ་རྒྱབ་ཏུ་དགོད། །དབང་དང་དགུག་ལ་དམར་པོར་ཏེ། །བསད་ལ་ཐམས་ཅད་སྔོན་པོར་རོ། །དུ་བ་ལྟ་བུར་བསམས་ན་ནི། །བསྐྲད་པ་ཉིད་འགྱུར་ཐེ་ཚོམ་མེད། །དབྱངས་ཡིག་ཀུན་གྱིས་བྱིན་བརླབས་འདི། །བདག་གི་དེ་ཉིད་གསལ་བ་ཡིན། །སྒྲུབ་པོ་བདག་ཉིད་དམ་པ་ཡིས། །དེ་ལྟར་གོ་ཆ་བགོས་ནས་ནི། །སྒྲུབ་པོས་དབྱངས་དང་ཡི་གེ་ཡི། །ཕྱི་ནས་ལས་རྣམས་ཤིན་ཏུ་སྦྱར། །དེ་ནས་རིག་པའི་དེ་ཉིད་འབྱུང ། །ལས་རྣམས་དག་ཏུ་བྱས་པ་སྟེ། །ཀ་ནས་མ་ཡི་མཐར་ཐུག་པའི། །ལས་ནི་བློ་གྲོས་ཆེན་པོས་ཉོན། །ལྷ་དང་ལྷ་མིན་མི་དང་བཅས། །གང་གིས་ས་གསུམ་ཐམས་ཅད་ནི། །སྒྲུབ་བོ་ཤིན་ཏུ་རྒྱས་པ་ཡི།། དབང་དུ་དེ་དག་ཐམས་ཅད་འགྱུར། །ཡིད་ལ་འདོད་པའི་འབྲས་སྟེར་བ། །དེ་ནི་ང་ཡིས་བཤད་པར་བྱ། །དབྱངས་ཡིག་བཅུ་དྲུག་པོ་རྣམས་ཀྱི། །མཛེས་མ་ཁྱོད་ལ་ངས་བཤད་ནས། །ད་ནི་ཀ་སོགས་ཡི་གེ་ཡི། །ལས་རྣམས་འདོད་བཞིན་བྱེད་པ་བཤད། །ལྷ་མོ་ཡི་གེ་དང་པོ་ནི། །ཉི་མའི་གཟི་བརྗིད་དང་མཚུངས་ཤིང ། །ལི་ཁྲི་སྦུངས་པ་ལྟ་བུ་ཡི། །
450b
ཐིག་ལེར་ལྡན་པའི་ཡི་གེ་ཆེ། །སྒྲུབ་པོས་བསྒྲུབ་བྱའི་སྙིང་ག་དང ། །ལྟེ་བ་དང་ནི་མགོ་བོར་བསྒོམ། །དེ་ཡིས་བསྒྲུབ་བྱའི་ལུས་ཀྱི་ནི། །ནང་དུ་ཕུག་སྟེ་ཁྱབ་པར་བསམ། །དེ་ཡིས་ལུས་ནི་འཁྲུགས་ནས་སུ། །རྨོངས་ཤིང་སེམས་དང་བྲལ་བ་དང ། །བརྒྱལ་བཞིན་དུ་ནི་དབང་དུ་འགྱུར། །ཇི་སྲིད་ལུས་ལ་གནས་ཀྱི་བར། །དེ་སྲིད་དབང་དུ་འགྱུར་བ་སྟེ། །དེ་སྲིད་འཚོ་ཡི་བར་དུ་ནི། །བདག་ཉིད་ནོར་དང་བཅས་འགྱུར་ལ། །ཁ་ཞེས་བྱ་བའང་བརྩོན་ཆེན་མ། །ལྷ་མ་བུ་ཆུ་གཤེར་ལྟ་བུ་དང ། །ཉི་མ་འཆར་ཁ་ལྟ་བུའི་མདོག་།ཐིག་ལེར་བཅས་པ་གཟི་བརྗིད་ཆེ། །གསལ་ཞིང་འོད་དང་བཅས་པ་སྟེ། །བསྒྲུབ་བྱ་ཡི་ནི་སྙིང་ག་དང ། །མགོ་དང་རྐང་པ་ཀུན་ཏུ་དགོད། །དེ་ཡིས་བསྒྲུབ་བྱ་ཕུག་ནས་ནི། །རྨོངས་ཤིང་སེམས་དང་བྲལ་བར་བསམ། །སྒྲུབ་པ་པོ་ཡི་མཆོག་གིས་ནི། །དེ་ཡི་ལུས་ནི་དཀྲུགས་པ་དང ། །མྱོས་ཤིང་བརྒྱལ་བར་བསྒོམ་པར་བྱ། །དེ་ཡིས་ཤིན་ཏུ་བརྒྱལ་འགྱུར་ཞིང ། །ཡི་གེའི་དབང་པོས་ཆེ་བས་ན། །སྒྲུབ་པ་བདག་ཉིད་ཆེན་པོ་ཡི། །ཇི་སྲིད་འཚོ་ཡི་བར་དུ་ནི། །ནོར་དང་བཅས་པ་དའང་དུ་འགྱུར། །ག་ཞེས་བྱ་བའི་ས་བོན་ཆེ། །རང་གི་ལྷ་ཡི་སྔོམ་པ་སྟེ། ། ཚེག་དྲག་བཅས་པ་གཟི་བརྗིད་ཆེ། །གཙོ་བོ་ཆར་སྤྲིན་ལྟ་བུའི་མདོག་།བསྒྲུབ་བྱའི་མགོ་དང་མགྲིན་པ་དང ། །ཁྱད་པར་དུ་ནི་སྙིང་གར་བསམ།།
451a
༄#། །དེ་ཡིས་བསྒྲུབ་པར་བྱ་བའི་ལུས། །ཡི་གེས་ཀུན་ཏུ་ཕུག་བསམ་ན། །ལུས་ནི་རྟག་ཏུ་དཀྲུགས་པས་ན། །འདར་ཞིང་དེ་ཡི་དབང་དུ་འགྱུར། བདག་ཉིད་དང་ནི་ནོར་དང་བཅས། །སྡང་བའི་དགྲ་རྣམས་མ་ལུས་པ། །ཁྱིམ་ལ་སོགས་པ་ཀུན་ཏུ་ནི། །ཇི་སྲིད་ཉི་ཟླ་ཡོད་ཀྱི་བར། །མ་ལུས་པར་ནི་འཇོམས་པར་བྱེད། ། གྷ་ཞེས་བྱ་བ་སྒྱུ་མ་ཆེ། །བསྐལ་པའི་མེ་དང་གཟི་བརྗིད་མཚུངས། །སྟེང་དུ་ཐིག་ལེས་བརྒྱན་པ་སྟེ། །ཀུ་སུ་མ་ཡི་ཁུ་བ་འདྲ། །བསྒྲུབ་བྱ་ཡི་ནི་ལྟེ་བ་དང ། །གསང་བ་སྙིང་ག་ཁ་དང་ནི། །མགོ་བོ་རུ་ནི་བསམས་ཙམ་གྱིས། །བསྒྲུབ་བྱ་དགའ་བས་མྱོས་ནས་སུ། །སེམས་དང་བྲལ་ཞིང་ཉམས་ནས་ནི། །ཇི་སྲིད་འཚོ་ཡི་བར་དུ་ནི། །བདག་ཉིད་ནོར་དང་བཅས་པ་རུ། །ཤིན་ཏུ་དེ་ཡི་དབང་དུ་འགྱུར། །ང་ཞེས་བྱ་བ་གཟི་བརྗིད་ཆེ། །སྡེ་ཚན་གྱི་ནི་མཐའ་མར་གནས། །དེ་ནི་འདོད་པའི་མངའ་ཡིན་ཏེ། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །དེ་ནི་བསྒྲུབ་བྱའི་གསང་བར་བསམ། །ཁུ་བ་དག་ནི་འཛག་པར་བྱེད། །གསང་བ་རུ་ནི་ཞུགས་པ་ཡིས། །ཐམས་ཅད་དུ་ནི་འབིགས་པར་འགྱུར། །ཡན་ལག་གི་ནི་ཚིགས་ཀུན་ཏུ། །དེ་ཡི་ཕུག་པས་མྱོས་ནས་ནི། །ནོར་དང་བདག་ཉིད་བཅས་པ་ནི། །མྱུར་བ་ཉིད་དུ་དབང་དུ་འགྱུར། །ཇི་སྲིད་འཚོ་ཡི་བར་དུ་ནི། །དེ་ལ་ཆགས་དང་བྲལ་མི་འགྱུར། །ཡི་གེ་ལྔ་པོ་ཀུན་
451b
གྱིས་ཀྱང ། །བདག་ཉིད་གོ་ཆ་བསྐོན་པར་བྱ། །ཀ་ཞེས་བྱ་བ་སྙིང་གར་དགོད། །ཁ་ཞེས་བྱ་བ་མགོ་ལ་སྟེ། །ག་ཞེས་བྱ་བ་སྤྱི་གཙུག་ཏུ། །གྷ་ཞེས་བྱ་བ་གོ་ཆར་བྱ། །ང་ཞེས་བྱ་བ་སྒྲུབ་བོ་པོའི། །ལག་པ་གཡོན་ལ་དགོད་པར་བྱ། །དེ་ནས་བསྒྲུབ་བྱ་དབང་དང་ནི། །དགུག་དང་གསད་ལ་སོགས་པར་སྦྱར། །ཆོ་ག་དེ་ལྟར་བྱས་ན་ནི། །དཔྱད་མི་དགོས་པར་དངོས་གྲུབ་འགྱུར། །ཙང་ཞེས་བྱ་བ་དུ་བའི་མདོག་།རླུང་ག་གནས་ཀྱི་ཡི་གེ་སྟེ། །སྒྲུབ་པོས་དེ་ཡི་སྙིང་ག་དང ། །མགོ་དང་རྐང་པར་བསམ་པར་བྱ། །བསྒྲུབ་བྱ་རླུང་ལ་གནས་ནས་ནི། །ཀུན་ཏུ་འཕོ་བར་བསམ་པ་དང ། །སེམས་དང་བྲལ་བར་གྱུར་ནས་སུ། །ནམ་མཁའ་ལ་ནི་གནས་བཞིན་དུ། །རླུང་གིས་གཞན་དང་གཞན་དག་ཏུ། །ཁྱེར་པ་རུ་ནི་བསྒོམ་པར་བྱ། །བསམ་གཏན་སྦྱོར་པ་འདི་ཡིས་ནི། །བསྒྲུབ་བྱ་ཤིན་ཏུ་བརྟན་པ་ཡང ། །བསྐྲད་འགྱུར་འདིར་ནི་ཐེ་ཚོམ་མེད། །བསྒྲུབ་བྱའི་ལུས་ནི་འཕངས་པས་ན། །ཇི་སྲིད་འཚོ་ཡི་བར་དུ་ནི། ། སླར་ཡང་འོང་བར་མི་འགྱུར་རོ། །ཚ་ཞེས་བྱ་བའི་ཡི་གེ་ཆེ། །གསལ་ཞིང་མིག་སྨན་ནག་པོའི་མདོག་།ཆ་གཉིས་པ་དང་ཡང་དག་ལྡན། །བསྒྲུབ་བྱ་ཡི་ནི་མགོ་བོར་བསམ། །དེ་ཡི་མགོ་ལ་དུ་བ་ཡི། །ཚོགས་དང་མཚུངས་པའི་རླུང་གིས་ཁྱབ། །ཅུང་ཟད་ཙམ་གྱིས་བསྒྲུབ་བྱ་ཡི། །ལུས་ནི་དེ་ཡིས་བསྐོར་བར་བསམ། །སླར་ཡང་ཚ་ནི་ཚེག་དྲག་བཅས། །
452a
༄#། །ལྟེ་བ་རུ་ནི་བསམས་ནས་སུ། །ལན་གསུམ་དུ་ནི་བརྗོད་བྱས་ན། །ཡི་གེ་འདི་ནི་བསྐྲད་པའི་མཆོག་།བསྒྲུབ་བྱ་རྨོངས་ཤིང་སེམས་དང་བྲལ། །དགྲ་བོ་མདངས་ནི་ཉམས་ནས་སུ། །ས་སྟེང་མ་ལུས་པ་རུ་འཁྱམས། །ཇི་སྲིད་འཚོ་ཡི་བར་དུ་ནི། །སླར་ཡང་ལྡོག་པར་མི་འགྱུར་རོ། །ཛ་ཞེས་བྱ་བའི་ཡི་གེ་རྒྱལ། །དུ་བའི་མདོག་ཅན་གཟི་བརྗིད་ཆེ། །འོད་ཟེར་ལྡན་ཞིང་ཤིན་ཏུ་འབར། །རྡུལ་ཕྲན་དག་ནི་སྟོང་དུ་འཕྲོ། །བསྒྲུབ་བྱ་ཡི་ནི་མགོ་བོ་དང ། །གསང་བར་ཡི་གེ་ཞུགས་པར་བསྒོམ། །ཡན་ལག་ཚིགས་ཀུན་ཕུག་པ་དང ། །སེམས་དང་བྲལ་བ་བཞིན་དུ་གནས། །ཡི་གེ་ཡོངས་སུ་བཀང་བས་ན། །དེ་ནས་རྒྱལ་བར་གྱུར་ནས་ནི། །ཉིན་དང་མཚན་དུ་རྨོངས་པ་དང ། །མི་སད་པར་ནི་བསྒོམ་པར་བྱ། །ས་སྟེང་ཤིང་དང་ནགས་ཚལ་བཅས། །ཐམས་ཅད་དུ་ནི་འགྲོ་བར་འགྱུར། །བསྐྲད་པའི་ཆོ་ག་འདི་དག་ནི། །དགེ་མ་ཁྱོད་ལ་ང་ཡིས་བཤད། །ཇི་སྲིད་འཚོ་བའི་བར་དུ་ནི། །སླར་ཡང་འོང་བར་མི་འགྱུར་རོ། །ཛྷ་ཞེས་བྱ་བ་སྟོབས་པོ་ཆེ། །བསྒྲུབ་བྱ་ཡི་ནི་སྙིང་ག་རུ། །ཉི་མ་ལྟ་བུར་འབར་བ་དང ། །འོད་ཟེར་གསལ་བ་རྣམ་པར་འཕྲོ། །ཐིག་ལ་ཟླ་བ་ཕྱེད་པས་བརྒྱན། །བསྒྲུབ་བྱའི་མགོ་དང་སྙིང་ག་དང ། །ལྟེ་བའི་སྟེང་དུ་ཡི་གེ་བསམ། །སྒྲུབ་པའི་དབང་པོས་བསྒྲུབ་བྱའི་ལུས། །འབར་བས་བཅུད་དང་ཕྲལ་
452b
བར་བསམ། དེ་ཡིས་བསྒྲུབ་བྱ་བརྒྱལ་འགྱུར་ཞིང ། །བསྐྲད་པའམ་ནི་འཆི་བའམ། །ཡང་ན་སྨྱོན་པ་ཉིད་དུ་འགྱུར། །ཡི་གེ་ཡིས་ནི་ལྟུང་བས་ན། །སླར་ཡང་འོང་བར་མི་འགྱུར་ཏེ། ། ས་གཞི་ནགས་ཚལ་བཅས་པ་རུ། །སྨྱོ་ཞིང་འགྲོ་འགྱུར་ཐེ་ཚོམ་མེད། །ཛྷ་ཞེས་བྱ་བ་འདི་ཡིས་ནི། །མྱུར་དུ་བསྐྲད་འགྱུར་ཐེ་ཚོམ་མེད། །ཉ་ཞེས་བྱ་བའི་ཡི་གེ་མཆོག་།སྣ་ཚོགས་པ་ཡི་མདོག་དང་ལྡན། །པ་ལ་ཤ་ཡི་མེ་ཏོག་གི་།འོད་ཟེར་སྟོང་ཕྲག་འབར་བ་སྟེ། །ཆུ་རྒྱུན་སྟོང་ནི་འབབ་པ་ཡིས། །དེ་ཡི་ལུས་ལ་དཔོ་བར་བྱ། །དེ་ཡིས་ནོར་དང་བཅས་པ་རུ། །བརྒྱལ་ཞིང་སེམས་དང་བྲལ་བ་དང ། །རྨོངས་ཤིང་མྱུར་དུ་དབང་དུ་འགྱུར། །ཊ་ཞེས་བྱ་བའི་ཡི་གེ་མཆོག་།དབང་པོའི་མཚོན་ཆ་ལྟ་བུའི་མདོག་།འོད་ཟེར་འབར་བ་སྟོང་ཕྲག་གིས། །ཡི་གེ་འབར་དང་ལྡན་པར་བསམ། །བསྒྲུབ་བྱ་ཡི་ནི་དབྲལ་བ་དང ། །མགྲིན་པ་དང་ནི་སྙིང་གར་བསམ། །བསྒྲུབ་བྱའི་སྟེང་དུ་ནམ་མཁའ་ལ། །བདུད་རྩི་སྒོ་ཡི་ཐིག་ལེ་ནི། །སྤྱི་བོའི་སྟེང་དུ་རྟག་ཏུ་བསམ། །ཅུང་ཟད་གློག་ནི་གཡོ་འདྲ་བའི། །ཁ་བ་དག་ནི་འབབ་པར་བསམ། །སྒྲུབ་པ་པོ་ཡིས་བསྒྲུབ་བྱ་ནི། །ཡན་ལག་ཚིགས་ཀུན་གཡོ་བ་དང ། །བརྒྱལ་ཞིང་རྨོངས་ལ་མྱོས་བསམས་ན། །ཇི་སྲིད་ཉི་ཟླ་ཡོད་པར་དུ། །ནོར་དང་བདག་ཉིད་བཅས་པ་རུ། །དེ་ཡིས་ཐམས་ཅད་དབང་དུ་འགྱུར། །དེ་ལྟར་ཊ་ཡི་རྒྱལ་པོ་ཡི། །ལས་ནི་ཁྱོད་ལ་
453a
༄#། །ང་ཡིས་བཤད། །དེ་ནས་ཡི་གེ་གཉིས་པ་ཡི། །ལས་ཀྱི་མཆོག་ནི་བཤད་པར་བྱ། །ཊྷ་ཞེས་བྱ་བའི་ཡི་གེ་ནི། །དབང་ཆེན་དང་ནི་འདྲ་བར་འདོད། །སྤྱི་བོར་བདུད་རྩི་ཐིག་ལེས་བརྒྱན། །དེ་བཞིན་གློག་དང་འབྲུག་གིས་བརྒྱན། །ཡི་གེའི་མཆོག་ནི་བསྒོམ་པར་བྱ། །བདུད་རྩི་ཆུ་རྒྱུན་འབབ་པ་ཡིས། །བསྒྲུབ་བྱའི་ལུས་ལ་ཀུན་ཏུ་གཏོར། ། བསྒྲུབ་བྱའི་མགོ་དང་མགྲིན་པ་དང ། །སྙིང་ག་རུ་ནི་གནས་པར་བསམ། །བསྒྲུབ་བྱའི་མགོ་ནི་ཕུག་པ་དང ། །ལུས་ལ་ཀུན་ཏུ་ཁྱབ་པ་ཡིས། །བསྒྲུབ་བྱ་མྱོས་ཤིང་འདར་བ་རུ། ། སྔགས་པས་ཡི་གེས་རྟག་ཏུ་བསྒོམ། །དེ་ནས་ཇི་སྲིད་འཚོ་བར་དུ། །བརྒྱལ་ཞིང་རྨོངས་པས་དབང་དུ་འགྱུར། །དེ་ནས་ཌ་ཞེས་བྱ་བ་ནི། །ཡེ་གེའི་རྒྱལ་པོ་གསུམ་པ་སྟེ། །དེ་ཡི་ལས་ཀྱི་མཆོག་རྣམས་ནི། །རྩེ་གཅིག་ཡིད་ཀྱིས་གུས་པས་ཉོན། །ཌ་ཞེས་བྱ་བ་ཐིག་ལེར་བཅས། །རྡོ་རྗེ་ལྟ་བུའི་དབྱིབས་ཅན་ཡིན། །ུཏྤ་ལ་ལྟར་ལྗང་སེར་ཏེ། །འོད་ཟེར་གསལ་བ་ཀུན་ཏུ་འགྲོ། །བསྒྲུབ་བྱའི་སྤྱི་བོར་བསམ་པ་ཡིས། །བསྒྲུབ་བྱའི་ཚིགས་ནི་འབུགས་ཤིང་འབྱེད། །བསྒྲུབ་བྱ་མི་གཡོར་བསྒོམས་བྱས་ན། །ལུས་ནི་ཀུན་ཏུ་གཡོ་བཞིན་དུ། །ཇི་སྲིད་འཚོ་ཡི་བར་དུ་ནི། །རྨོངས་དང་བཅས་པ་དབང་དུ་འགྱུར། །དེ་ནས་ལས་ཀྱི་མཆོག་གཞན་ནི། །ཤིན་ཏུ་གཉེར་བར་བྱེད་པ་སྟེ། །ཌྷ་ཞེས་བྱ་བ་ཡི་
453b
གེའི་རྒྱལ། །ཤིན་ཏུ་རྨད་བྱུང་ཕྱེད་པ་པོ། །དབང་པོའི་མཚོན་ཆ་ལྟ་བུའི་མདོག་།ཉི་མ་ལྟ་བུར་འབར་བ་སྟེ། །བསྒྲུབ་བྱའི་སྙིང་དང་ལྟེ་བ་དང ། །མགྲིན་པར་ཡི་གེ་བསམས་ནས་སུ། ། བྱང་ཆུབ་སེམས་ནི་རབ་འཛག་པས། །དེ་ཡི་ལུས་ལ་དབོ་བར་བྱ། །དེ་ཡིས་བཟི་ཞིང་བརྒྱལ་ནས་སུ། །གཉིད་ལོག་པར་ནི་བསྒོམས་བྱས་ན། །འདི་ཡིས་རིང་པོར་མི་ཐོགས་པར།། རྨོངས་ཤིང་སྒྲུབ་པོའི་དབང་དུ་འགྱུར། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ནམ་ཡང་ཆགས་དང་འབྲལ་མི་འགྱུར། །དེ་ནས་ཌྷ་མཐའ་ཡི་གེ་ལས། །ཇི་ལྟར་འདོད་བཞིན་འབད་དེ་ཉོན། །ཎ་ཞེས་བྱ་བ་དུ་བའི་མདོག་།ཅུང་ཟད་འབར་ཞིང་གསལ་བ་སྟེ། །དྲི་མ་མེད་པའི་དུ་བ་ལས། །འོད་ཟེར་གསལ་བ་རྣམ་པར་འཕྲོ། །བསྒྲུབ་བྱ་ཡི་ནི་ལུས་ཀུན་ལ། །དེ་ཡིས་རྣམ་པར་ཁྱབ་བྱེད་ཅིང ། །འོད་ཟེར་གློག་སྟོང་འཁྱུག་འདྲ་བ། །བསྒྲུབ་པར་བྱ་བའི་སྟེང་དུ་བསྒོམ། །འོད་ཟེར་བརྒྱ་ཡིས་བཀང་བས་ན། །མྱོས་ནས་སུ་ནི་བརྒྱལ་བར་འགྱུར། །དེ་ཡིས་ཇི་སྲིད་འཚོ་བར་དུ། །དེ་ནི་དེ་ཡི་དབང་དུ་འགྱུར། །ཏ་ཞེས་བྱ་བའི་ཡི་གེ་མཆོག་།འོད་ཟེར་གློག་ལྟར་གསལ་བ་སྟེ། །མདོག་ནི་རྨ་བྱའི་མགྲིན་པ་འདྲ། །ཡི་གེ་འདི་ནི་བསྒྲུབ་བྱ་ཡི།། སྙིང་དང་མགྲིན་པ་གསང་བ་དང ། །ལྟེ་བར་བཀོད་དེ་འབུགས་པར་བསམ། །ཡི་གེ་དེ་ཡིས་རྨོངས་པས་ན། །བསྒྲུབ་བྱ་སེམས་དང་བྲལ་བ་དང ། །རྨོངས་ཤིང་བརྒྱལ་བར་
454a
༄#། །གྱུར་ནས་སུ། །ཇི་སྲིད་འཚོ་ཡི་བར་དུ་ནི། །མྱོས་ཤིང་དབང་འགྱུར་གཞན་དུ་མིན། །དེ་ཡི་དྲུང་ན་གནས་པ་ཡི། །ཐ་ཞེས་བྱ་བ་ཡི་གེ་མཆོག་།མུ་མེན་གྱི་ནི་མདོག་འདྲ་དང ། །ུཏྤལ་སྔོན་པོའི་འདབ་མའི་འོད། །བསྒྲུབ་བྱའི་སྙིང་ག་དཔྲལ་བ་དང ། །དེ་བཞིན་དུ་ནི་རྐང་པར་དགོད། །བསྒྲུབ་བྱའི་ལུས་ལ་དབང་པ་ཡི། །མཚོན་ཆ་བཞིན་དུ་ཐིམ་པར་བསམ། །ཡི་གེའི་རྒྱལ་པོས་མནན་པས་ན། །བསྒྲུབ་བྱ་སེམས་དང་བྲལ་འགྱུར་ཞིང ། །ས་འཛིན་གྱི་ནི་དབང་པོ་བཞིན། །འགྲོ་བ་དག་ཀྱང་བཅིངས་པར་འགྱུར། །རེག་བྱ་མི་ཤེས་དྲི་མི་ཤེས། །སྒྲ་མི་ཤེས་ཤིང་གཟུགས་མི་མཐོང ། །ལྕེ་ཡིས་རོ་རྣམས་མི་མྱོང་ཞིང ། །དུག་གིས་བརྒྱལ་བ་བཞིན་དུ་གནས། །གང་དང་གང་གི་སྟེང་དུ་ནི། །ཉི་འོད་ལྟ་བུའི་ཡི་གེ་བསམ། །ཡི་གེའི་རྒྱལ་པོ་ཐ་ཡིས་ནི། །སྐྱེས་བུ་བཅིངས་འགྱུར་ཐེ་ཚོམ་མེད། །དེ་ནས་གཞན་ཡང་དེ་ཡིས་ནི། །སྡོང་པོའི་ལས་ཀྱི་ཆོ་ག་ཉོན། །དེ་ཞེས་བྱ་བ་མདོག་སྔོན་ནི། །ཆར་སྤྲིན་ནག་པོའི་འོད་དང་མཚུངས། །འོད་ཟེར་འབར་བ་རྣམ་འཕྲོ་བ། །བསྒྲུབ་བྱ་ཡི་ནི་མགོར་བསམས་ལ། །མེ་སྟག་འཕྲོ་བ་བསྒོམས་པ་ནི། །ཕྱོགས་ཀུན་དུ་ནི་བསམ་པར་བྱ། །ཡི་གེའི་དབང་ཕྱུག་དེ་ཡིས་ནི། །བསྒྲུབ་བྱའི་མགོ་བོ་ཕུག་པར་བསམ། །འབར་བའི་སྤྲིན་ནི་སྟོང་
454b
ཕྲག་གིས། །དེ་ནི་ཀུན་ཏུ་བསྐོར་བར་བསམ། །དེ་ནི་བཀོད་པ་ཙམ་གྱིས་སུ། །སྡོང་གོག་དང་ནི་མཚུངས་པར་འགྱུར། །ཕུག་སྟེ་ཤིན་ཏུ་བཅིངས་པས་ན། །འགྲོ་བའང་མི་གཡོ་བར་ནི་འགྱུར། །ཇི་སྲིད་སྒྲུབ་པ་འདོད་བར་དུ། །སེམས་དང་བྲལ་ཞིང་བརྟན་པར་གནས། །སླར་ཡང་སྒྲུབ་པོས་བསམ་ཙམ་གྱིས། །རྨོངས་པ་ལས་ནི་གྲོལ་བར་འགྱུར། །དེ་ནས་ཡི་གེ་དྷ་ཡི་ནི། །ལས་ནི་རྨད་དུ་གྱུར་པ་ཉོན། །དྷ་ཞེས་བྱ་བ་གཞུ་ཡི་དབྱིབས། །ཁ་དོག་སེར་པོ་གསེར་གྱི་མདོག་།གསེར་ལྟ་བུ་ཡི་འོད་ཟེར་འཕྲོས། །བསྒྲུབ་བྱ་ཡི་ནི་མགྲིན་པ་རུ། །ཞགས་པ་ལྟ་བུར་འབར་བར་བསམ། །སྒྲུབ་པའི་དབང་པོས་བསྒྲུབ་བྱ་སྟེ། །ཁྲིད་དེ་འོང་བར་བསྒོམས་བྱས་ན། །སྒྲུབ་པ་པོ་ནི་གར་གནས་པར། །རྨོངས་དེ་བཅས་ཏེ་འོང་བར་འགྱུར། །ཇི་སྲིད་འཚོ་བའི་བར་དུ་ནི། །ཕྱུགས་དེ་སེམས་དང་བྲལ་འགྱུར་ཞིང ། །ཉི་མ་བརྒྱད་པའི་ཆ་ལ་ནི། །རང་གི་གནས་ནས་འོང་བར་འགྱུར། །དེ་ནས་ཡི་གེ་ན་ཡི་ནི། །ལས་ཀྱི་ཆོ་གའི་སྒྲུབ་པ་ཉོན། །མདོག་ནི་དུ་བའི་ཕུང་པོ་འདྲ། །རླུང་གི་དཀྱིལ་འཁོར་འཁྲུག་དང་ལྡན། །བསྒྲུབ་བྱའི་སྙིང་ག་མགྲིན་པ་དང ། ལྟེ་བ་དང་ནི་རྐང་པར་སྦྱར། །དེ་ཡིས་དགྲ་རྣམས་རང་ཡུལ་ལས། །བསྐྲད་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནི་རྨོངས་པས་རང་ཡུལ་དུ། །ནམ་ཡང་ཕྱིས་ནི་འོང་མི་འགྱུར། །དེ་ནས་སྡེ་
455a
༄#། །ཚན་ལྔ་པ་ནི། །ཡི་གེ་རྣམས་ཀྱི་དབང་ཕྱུག་མཆོག་།ལས་ནི་ཤིན་ཏུ་སྒྲུབ་པ་སྟེ། །གཞན་དང་གཞན་ནི་བཤད་པར་བྱ། །པ་ཞེས་བྱ་བ་རླུང་གི་གནས། །ཆར་སྤྲིན་གྱི་ནི་སྤྲིན་གྱིས་བསྐོར། །འབར་ཞིང་དུ་བས་འཁྲིགས་པར་ལྡན། །བསྒྲུབ་བྱ་ཡི་ནི་མགོ་བོ་དང ། །མགྲིན་པ་སྙིང་ག་རྐེད་པ་དང ། །རྐང་པ་དག་ཏུ་བསམས་ནས་ནི། །པ་ཞེས་བྱ་བའི་ཡི་གེ་དེས། །བསྒྲུབ་བྱའི་ལུས་ནི་དཀྲི་བར་བྱ། །བསྒྲུབ་པར་བྱ་བ་ང་རྒྱལ་དང ། །ཁྲོ་བས་བརྟན་གནས་གཙོ་བོ་ཡང ། །ཡི་གེ་གཙོ་བོ་བཀོད་པ་ཡིས། ། སྐད་ཅིག་གིས་ནི་བསྐྲད་འགྱུར་ཏེ། །གལ་ཏེ་ཚེ་རབས་གཞན་དག་ལའང ། །སླར་ཞིང་ལྡོག་པར་མི་འགྱུར་རོ། །དེ་ནས་ཡི་གེ་ཕ་ཡི་ནི། །ལས་མཆོག་ང་ཡིས་བཤད་ཀྱི་ཉོན།། ཡི་གེ་པདྨའི་མདོག་འདྲ་ཞིང ། །འབར་པ་བསྒྲུབ་བྱའི་སྤྱི་བོ་དང ། །མགྲིན་པ་སྙིང་ག་ལྟེ་བ་དང ། །གསང་བའི་གནས་སུ་བཀོད་ནས་ནི། །ཀུ་སུམ་ཡི་ཁུ་འདྲ་པ། །འཛག་པ་རུ་ནི་རྣམ་བསམས་ཏེ། །བསྒྲུབ་བྱའི་ལུས་ནི་ཕྱི་ནང་དུ། །དེ་ཡིས་གང་བར་བསྒོམས་བྱས་ན། །བསྒྲུབ་བྱ་རྨོངས་ཤིང་བརྒྱལ་འགྱུར་ལ། །སེམས་མེད་ལུས་ནི་འདར་གྱུར་ནས། །རྨོངས་པས་སྒྲུབ་པ་པོ་ཡི་ནི། །དབང་དུ་འགྱུར་ཏེ་དཔྱད་མི་དགོས། །བ་ཞེས་བྱ་བའི་རྒྱལ་པོ་ནི། །གྲུ་བཞི་པ་ལ་སྟོབས་པོ་ཆེ། །དུང་དང་ཟླ་འདྲ་དཀར་པོའི་མདོག་།ཟླ་བའི་
455b
འོད་ཅན་བསྒྲུབ་བྱ་ནི། །དབུས་སུ་སྒྲུབ་པོས་ཐིམ་པར་བསམ། །དེ་ལུས་དུག་གིས་མི་ཚུགས་ཤིང ། །ནད་ལ་སོགས་པས་གཟིར་མི་འགྱུར། །རིམས་དང་བཀྲེས་དང་སྐོམ་མི་འབྱུང ། ། འདི་ནི་རྟག་ཏུ་བསྒོམས་གྱུར་ན། །ཚེ་རིང་ནད་མེད་རྒྱལ་བར་འགྱུར། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །ཟླ་བ་དམར་དང་བཅས་པ་རུ། །ལྷན་ཅིག་ཏུ་ནི་བཟླས་གྱུར་ན། །རྟག་ཏུ་བདུད་རྩིའི་རྒྱུན་འདྲར་འགྱུར། །དེ་ནས་རྒྱལ་པོ་བྷ་ཞེས་པའི། །ལས་ཀྱི་མཆོག་ནི་མཉན་པར་གྱིས། །དབང་པོའི་མཚོན་ཆ་ལྟ་བུ་སྟེ། །ཉི་མ་འཆར་ཀ་ལྟ་བུའི་མདོག་།བསྒྲུབ་བྱ་ཡི་ནི་མགོ་བོ་རུ། །རྒྱལ་བའི་མཆོག་ནི་རྟག་བསམ་ལ། །དེ་ཡི་ལུས་ནི་མ་ལུས་པར། །ཡི་གེའི་རྒྱལ་པོས་དབུག་པར་བྱ། །རྨོངས་ཤིང་སེམས་དང་བྲལ་འགྱུར་ཏེ། ། རྡོ་རྗེ་ཡིན་ཡང་བརྒྱལ་གྱུར་ནས། །མཆེ་བས་ཟིན་ལྟར་སྐད་ཅིག་ལ། །ལྟུང་ཞིང་འཆི་བ་ཉིད་གྱུར་པས། །དེ་ཡི་སྲོག་ནི་རྨོངས་པར་འགྱུར། །དགྲ་ནི་ལོ་བརྒྱར་འཚོ་བ་ཡང ། ། སྐད་ཅིག་གིས་ནི་འཆི་བར་འགྱུར། །དེ་ནས་གཟི་བརྗིད་ཆེན་པོ་ཡི། །ཡི་གེ་ཉི་ཤུ་རྩ་ལྔ་པ། །མ་ཞེས་བྱ་བ་དམ་པ་མཆོག་།དེ་ཡི་ལས་ནི་ཇི་བཞིན་ཉོན། །ཙམ་པ་ཀ་ལྟར་སེར་བའི་མདོག་།བསྐལ་བའི་མེ་བཞིན་གཟི་བརྗིད་འབར། །འོད་ནི་གློག་ལྟར་འཁྱུག་པ་བཞིན། །བསྒྲུབ་པར་བྱ་བའི་སྟེང་བསམ་ལ། །དེ་ཡི་འོད་ཀྱིས་བསྒྲུབ་བྱ་ཡི། །སྟེང་དང་འོག་
456a
༄#། །ནི་མ་ལུས་པར། །ལུས་ནི་ཀུན་ཏུ་གཡོགས་བསམས་ན། །གནོད་སྦྱིན་ལྷ་དང་ཀླུ་ཡི་བུ། །ཤ་ཟ་དང་ནི་སྲིན་པོ་དང ། །ཁམས་གསུམ་ཡི་གེའི་བདག་པོ་དང ། །ལྷ་དང་ལྷ་མིན་མི་དང་བཅས། །སྒྲུབ་པོ་བདག་ཉིད་ཆེན་པོ་ཡི། །སྐད་ཅིག་གིས་ནི་དབང་འགྱུར་བར། །མདོར་བསྡུས་ངས་ནི་ཁྱོད་ལ་བཤད། །ཡ་ཞེས་བྱ་བའི་ཡི་གེ་མཆོག་།མུན་པ་དང་ནི་དུ་བའི་མདོག་།རླུང་གི་དཀྱིལ་འཁོར་དབུས་གནས་ཤིང ། །རླུང་གི་གཟུགས་ཅན་ཡི་གེ་ཆེ། །རླུང་བདུན་གྱི་ནི་གཙོ་བོ་དང ། །གནས་ཞེས་བྱ་བར་བརྗོད་པ་སྟེ། །ཟླ་ཕྱེད་ཀྱི་ནི་དབྱིབས་ཅན་ལ། །བ་དན་བརྒྱ་ཡིས་རྣམ་པར་ཀླུབས། །རྣམ་པ་བཞི་ཡི་རྟེན་གྱུར་པ། །ཕྱི་རོལ་གོས་ལྟར་དཀྲིས་པ་སྟེ། །ར་ཞེས་པ་ཡི་ཡི་གེ་མཆོག་།འབར་བ་བྱེ་བ་སྟོང་དང་ལྡན། །དེ་ཡི་སྟེང་དུ་བསམ་པར་བྱ། །དུ་བ་ཡི་ནི་ཕྲེང་བས་བརྒྱན། །བསྒྲུབ་བྱའི་མགོ་བོར་བསྒོམས་ནས་ནི། །དགྲ་བོ་ལོ་བརྒྱར་འཚོ་བ་ཡང ། །སྦྲུལ་གྱི་མཆེ་བས་ཟིན་པ་ལྟར། །སྐད་ཅིག་ཙམ་གྱིས་སྲོག་དང་ནི། །བྲལ་ཞིང་འཆི་བའི་སྒོར་གཞོལ་འགྱུར། །ལྷ་སོགས་ཐམས་ཅད་གང་རུང་གི་།སྟེང་དུ་ཡི་གེ་འདི་སྦྱར་ན། །མྱུར་དུ་ལྟུང་འགྱུར་དཔྱད་མི་དགོས། །གདོན་དང་རིམས་རྣམས་ཐམས་ཅད་ནི། །དེ་ལ་འབབ་པར་འགྱུར་བ་དང ། །སྤྲུལ་ཆེན་བརྒྱ་ཡི་མཆེ་བ་འབབ། །དེ་ཡིས་
456b
མྱུར་དུ་འཆི་འགྱུར་ན། །གནོད་པ་གཞན་ལྟ་སྨོས་ཅི་དགོས། །ཡ་ཞེས་པ་དང་ར་ཞེས་པ། །རླུང་དང་མེ་ཡི་གཟུགས་ཅན་དུ། །ནམ་མཁའི་ཕྱོགས་སུ་བསམས་ནས་ནི། །ནམ་མཁའི་ངོས་ནི་གཡོགས་བསམས་ན། །ཉི་ཟླ་གཟའ་སྐར་སོགས་པའང་རུང ། །ཆུ་བོ་དང་ནི་རྒྱ་མཚོ་ཡི། །དབུས་སུ་ཡི་གེ་གཉིས་པོ་དག་།བསམས་ནས་ཉི་མ་བརྒྱད་པ་ལ། །རྒྱ་མཚོ་ལ་སོགས་ཐམས་ཅད་སྐམ། །ཞིང་ས་འབྲུ་ཡི་ཕུང་པོ་དང ། །ཁྱིམ་ལ་སོགས་པའི་གནས་བསམས་ནས། །ཕྱི་རོལ་མེ་ལྕེ་འབར་བ་ཡིས། །ཐམས་ཅད་ཡི་གེ་ཐལ་བར་བྱེད། །མེ་ཡི་དཀྱིལ་འཁོར་དབུས་གནས་ཏེ། །རླུང་གིས་ཀུན་ཏུ་བསྐོར་བ་ནི། །ཡི་གེ་མཆོག་ནི་གཉིས་བསམས་ན། །ལས་ནི་ཀུན་ཏུ་ཉེ་བར་གནས། །དེ་ནས་གཞན་ཡང་ཡི་གེ་གཉིས། །སྟོབས་ཆེན་ལྡན་པ་བཤད་པར་བྱ། །དབང་ཆེན་དང་ནི་དེ་བཞིན་ཆུ། །ལས་རྣམས་ཐམས་ཅད་བྱེད་པ་པོ། །ལ་ཞེས་བྱ་བས་ཡིན་ཏེ། །ས་ཞེས་བྱ་བ་འཛིན་པའི་མཆོག་།དབང་པོ་རྡོ་རྗེས་མཚན་པ་དང ། །འོད་ཟེར་གློག་ལྟར་འབར་བ་སྟེ། །ཁ་དོག་ལྔ་དང་ལྡན་པ་རུ། །ཡི་གེའི་དབང་པོ་ས་ལ་བསྒོམ། །དེ་སྟེང་ཆུ་ཡི་ཡི་གེ་ནི། །བཞི་པ་ལེགས་པར་གནས་པ་སྟེ། །དུད་དང་ཟླ་འདྲ་དཀར་པོའི་མདོག་།ཁ་བའི་རྒྱུན་ནི་འབབ་པ་སྟེ། །ལ་ཡི་སྟེང་དུ་བཀོད་ནས་སུ། །ཤིན་ཏུ་བསིལ་བའི་བདུད་རྩི་
457a
༄#། །འཛག་།དབང་ཆེན་གྱིས་ནི་བསྐོར་བ་ཡི། །ཆུ་ཡི་དཀྱིལ་འཁོར་དབུས་གནས་པ། །སྤྱི་བོར་ཐིག་ལེ་དང་ནི་ལྡན། །ཆར་བའི་རྒྱུན་ནི་སྟོང་ཕྲག་འབེབས། །སྟེང་དུ་སྤྲིན་གྱི་ཕུང་པོ་ནི། །གློག་དང་འབྲུག་ལ་སོགས་པས་བརྒྱན། །བདུད་རྩི་ཆར་གྱི་རྒྱུན་འབེབས་པ། །ནམ་མཁའ་ཐམས་ཅད་ཁྱབ་པ་རུ། །དཀྱིལ་འཁོར་གཉིས་ཀྱི་དབུས་འགྱུར་བ། །གང་གི་མགོ་ཡི་སྟེང་བསྒོམས་ན། །སྒྲུབ་པོ་བདག་ཉིད་ཆེན་པོ་ཡི། །ལས་ནི་ཇི་ལྟར་འདོད་བཞིན་བྱེད། །གདེངས་ཀ་གསུམ་གྱིས་མཛེས་པ་ཡི། །ལྷག་མ་ཅན་ནི་ཞི་གཟུགས་བསམ། །དེ་ཡི་མིག་གཉིས་དབང་པོ་ཡི། །མཚོན་ཆས་བརྒྱན་པའི་དབུས་སུ་ནི། །བདུད་རྩི་འབེབས་པའི་ཨི་ཡིག་དགོད། །གྲོང་ཁྱེར་གྱི་ནི་མཐའ་མ་རུ། །བསྒྲུབ་བྱ་ཡི་ནི་སྟེང་དུ་དབབ། །དུག་དང་གདོན་དང་རིམས་ལ་སོགས། །སྐད་ཅིག་གིས་ནི་ཞི་བར་འགྱུར། །དེ་ནི་སྐྲ་དཀར་གཞོམ་པ་ཡི། །ཆོ་གར་བཤད་ཀྱི་མཉན་པར་གྱིས། །དཀྱིལ་འཁོར་ཉིས་འགྱུར་ཡི་གེ་ནི། །དེ་ལྟར་རྟག་ཏུ་བསམ་གྱུར་ན། །ཚེ་ཐུང་བ་ཡང་རིང་འགྱུར་ན། །སྐྲ་དཀར་ལ་སོགས་སྨོས་ཅི་དགོས། །བུད་མེད་དབང་ཕྱུག་རྣམས་ལ་ནི། །འབད་པས་ཡང་དག་གཡོན་བསྐོར་ཞིང ། །རང་གི་སྤྱི་བོའི་སྟེང་དུ་ནི། །ལོ་གཅིག་བར་དུ་བསྒོམས་
457b
བྱས་ན། །རྒ་བ་དང་ནི་འཆི་བ་འཇོམས། །ནད་ཀྱིས་གདུང་བར་མི་འགྱུར་ཏེ། །གལ་ཏེ་ཀླུ་ཆེན་བརྒྱད་ཀྱི་ནི། །མཆེ་བའི་དུག་གིས་ཟིན་གྱུར་ཀྱང ། །དུག་ནི་དུག་མེད་བྱས་ནས་སུ། །དུག་གིས་བརྒྱལ་བ་སློང་བར་མཛད། །མགྲོན་པོ་ལམ་གྱིས་དུབ་པ་དང ། །གདོན་ལ་སོགས་པས་གཟིར་བ་རྣམས། །ཀུན་ལས་ཐར་བར་འགྱུར་བ་ཡིན། །བདག་གི་སྤྱི་བོར་བསམ་ཙམ་གྱིས། །སྐད་ཅིག་གིས་ནི་བཀྲེས་སྐོམ་འཇོམས། །ནད་རྣམས་ཀུན་གྱིས་གདུངས་པ་ལ། །ཡི་གེ་བཀོད་པས་གྲོལ་བར་འགྱུར། །དེ་ལྟར་ལས་རྣམས་སྣ་ཚོགས་ནི། །ལྷ་མོ་ཁྱོད་ལ་བཤད་པ་ཡིན། །གཙོ་མོ་བཞི་ཡི་རྣམ་པ་བཞི། །ལས་ཀྱི་ཆོ་ག་རྒྱས་པ་སྟེ། །རླུང་དང་མེ་དང་བདུད་རྩི་བཅུད། །དེ་བཞིན་དྲོད་ཀྱི་སྡེ་བ་སྟེ། །གཤིན་རྗེ་བརྟན་མ་ཕྱག་གཉིས་པ། །རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། །ལུས་ནི་མེ་ལས་བྱུང་བ་རུ། །བསྐལ་བའི་མེ་ལྕེ་ལྟ་བུར་བསམ། །འོག་དང་སྟེང་དུ་ཝ་ཡིས་བརྒྱན། །དེ་ཡི་ཕྱོགས་ཀུན་ཐམས་ཅད་དུ། །འབར་བ་གང་གི་སྙིང་གར་བསམ། །འོད་ཟེར་འབར་བ་རྣམ་པར་འཕྲོ། །ཝ་དང་ལྡན་པའི་ཡི་གེ་ཆེ། །ནམ་མཁའ་ཁྱབ་པས་བཅིངས་འགྱུར་ཏེ། ། བརྟན་མ་ཡི་ནི་འཁྲུལ་འཁོར་གྱི། །ཡི་གེའི་རྒྱལ་པོས་བཅིངས་པས་ན། །ས་འཛིན་ལ་བར་བརྟན་པར་འགྱུར། །རྐང་མེད་དང་ནི་རྐང་གཉིས་དང ། །རྐང་བཞི་ལ་སོགས་
458a
༄#། །སེམས་ཅན་གྱིས། །ལྟེ་བ་རུ་ནི་བསྒོམས་བྱས་ན། །དེ་མ་ཐག་ཏུ་འཆི་བར་འགྱུར། །དེ་ཡང་བསྐལ་བའི་མེ་ལྟ་བུའི། །འོད་ཟེར་འབར་བ་འཕྲོ་བ་ཡི། ། ཝ་ནི་སྟེང་དུ་བསྒོམ་པར་བྱ། །སླར་ཡང་མེ་ཡིས་འབར་བསམས་ན། །གང་གི་ལག་པ་གཡོན་པ་ལ། །ཡི་གེ་དེ་ནི་དགོད་པར་བསམ། །ཇི་སྲིད་ལག་ཏུ་བསམ་གྱི་བར། །ས་སྟེང་གི་ནི་སྐྱེ་བོ་རྣམས། །རང་གི་གནས་ནི་དེ་ཉིད་ནས། །འབེབས་ཤིང་འགུགས་པར་བྱེད་པའི་མཆོག་།འདི་ནི་གཤིན་རྗེ་བརྟན་མ་ལ། །མོས་པའི་ལས་རྣམས་བཤད་པ་ཡིན། །དབང་པོ་ཐམས་ཅད་འབེབས་པ་ཡི། །གཤིན་རྗེའི་ཕོ་ཉའི་ལས་བཤད་བྱ། །ུཏྤལ་སྔོན་པོའི་འདེབ་འདྲ་བ། །མགོ་དང་ཐིག་ལེ་སྤངས་པ་ནི། །ུཏྤལ་སྔོན་པོའི་འདབ་ལྟ་བུ། །གང་གི་ལྕེ་དང་རྐན་བསམས་ན། །སྐལ་བ་བཟང་པོ་འཇོམས་པར་འགྱུར། །སྙིང་དང་ཁ་དང་སྣ་དང་ནི། །མིག་དང་རྣ་བར་དེ་བཞིན་དུ། །ཡི་གེ་དབུ་མ་བཀོད་ན་ནི། །དབང་པོ་ཐམས་ཅད་འཕྲོག་འགྱུར་ཏེ། །གཟུགས་མི་མཐོང་ཞིང་སྒྲ་མི་ཐོས། །དྲི་མི་ཚོར་ཞིང་སྟོབས་མི་འགྱུར། །དེ་བཞིན་ལྕེ་ཡིས་རོ་མི་མྱོང ། །དུག་གིས་བརྒྱལ་བ་བཞིན་དུ་གནས། །ལས་རྣམས་དེ་དག་ཐམས་ཅད་ལ། །ཡིད་ཀྱིས་བཟློག་ན་གྲོལ་བར་འགྱུར། །གཤིན་རྗེ་མཆེ་བ་དུ་བའི་མདོག་།སྲེག་པའི་བསྐལ་པ་ལྟ་བུ་
458b
སྟེ། །ཐམས་ཅད་ཁྱད་པར་འཁྱམས་འགྱུར་བ། །སྣ་ཚོགས་འོད་ཅན་བསྒོམ་པར་བྱ། །དྲོད་ཀྱི་སྡེ་བའི་ཡི་གེ་ས། །དུ་བ་དང་ནི་རླུང་གི་མདོག་།སྙིང་དང་ལག་པ་རྐང་པར་དགོད། ། ཁམས་གསུམ་ཡང་ནི་བསྐྲད་འགྱུར་ན། །ས་སྟེང་སྐྱེ་བོ་སྨོས་ཅི་དགོད། །ཐིག་ལེར་བཅས་ཤིང་ཧ་དང་ནི། །བཅས་པ་གང་གིས་ལྕེ་སྟེང་དུ། །བསམས་ན་ཕུར་བུ་ལྟ་བུར་འགྱུར།། ཡི་གེ་དགེ་བ་དེ་ཉིད་ནི། །རྟག་ཏུ་ལྕེ་སྟེང་བསམས་ན་ནི། །ལན་གཅིག་བཟླས་པས་ཟིན་འགྱུར་ཏེ། །དེ་ནི་སྙན་དངགས་མཁན་པོར་འགྱུར། །དེ་ལྟར་ས་དང་ས་མཐའ་ཡི། ། ཡི་གེའི་ཆོ་ག་བཤད་པ་འོ། །འཇིག་རྟེན་གསུམ་པོ་འཇོམས་བྱེད་མ། འོད་ཟེར་དམར་པོ་གཟི་བརྗིད་ཆེ། །ཉི་མ་བྱེ་བ་ལྟ་བུའི་འོད། །ཅུང་ཟད་སྔོ་བ་འཇིགས་ཆེན་མོ། །མ་ཧེ་དང་ནི་རྟ་དག་གི་།འཁྲུལ་འཁོར་སྦྱོར་བ་ཀུན་ལ་བསམ། །དེ་ཡིས་ཡི་གེའི་རྒྱལ་པོ་ནི། །གཟི་བརྗིད་ཆེན་པོ་ཡི་གེ་ཧ། །དེ་ཡི་ལས་ནི་སྣ་ཚོགས་མཆོག་།འདོད་པའི་ལས་ནི་བཤད་པར་བྱ། །དེ་ལྟར་བདག་ལུས་རྟག་ཏུ་ནི། །ཡི་གེ་སྔར་ནི་བསམས་བྱས་ན། །འགྲོ་བ་རྣམས་ཀྱི་བྱ་བ་ནི། །ཆིག་གིས་ཐམས་ཅད་བྱེད་པར་འགྱུར། །ས་སྟེང་ལྷ་དང་ལྷ་མིན་དང ། །མི་དང་བཅས་པ་འབེབས་བྱེད་ཅིང ། །སྒྲུབ་པ་པོ་ནི་དུས་མིན་པར། །འཆི་བ་དག་ནི་འཇོམས་པར་བྱེད། །སྒྲུབ་པོ་ཡིད་ལ་འདོད་བཞིན་དུ། །ནད་རྣམས་ཐམས་
459a
༄#། །ཅད་གནོན་པར་བྱེད། །ངག་ཙམ་གྱིས་ནི་དཔུང་ཚོགས་དང ། །ཆུ་དང་རྒྱ་མཚོའི་མཆིང་བ་དང ། །གྲུ་དང་ཁྱོགས་དང་འཁྲུལ་འཁོར་དང ། །རྟ་དང་གླང་པོ་ལ་སོགས་འཆིང ། །ཤིང་ཆེན་ས་ལ་སྒྱེལ་བ་དང ། །སེམས་ཅན་རྣམས་ནི་དབང་དུ་བྱེད། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །བྱ་བ་རྣམས་ནི་འདོད་བཞིན་བྱེད། །ཧ་ཞེས་བྱ་བའི་ཡི་གེ་མཆོག་།མགོ་དང་བྲལ་ཞིང་ཐིག་ལེས་བརྒྱན། །དེ་ཡི་ལས་རྣམས་མ་ལུས་པ། །ཕན་པ་བཤད་ཀྱི་མཉན་པར་གྱིས། །ཁྱབ་བྱ་ཁྱབ་བྱེད་སྟོང་པ་སྟེ།། ཀུན་ཏུ་འགྲོ་བ་མི་ཤིགས་པ། །ཤིན་ཏུ་སྟོང་དང་སྟོང་པ་ཆེ། །དེ་ནི་སེམས་མེད་གཉིད་ལོག་པ། །སད་པ་དང་ནི་བྲལ་བ་སྟེ། །དེ་ནི་ཅིར་ཡང་སྣང་མི་འགྱུར། །ལྷ་དང་ལྷ་མིན་གནོད་སྦྱིན་མིན། །མི་འམ་ཅི་དང་དྲི་ཟ་མིན། །ཀླུ་རྣམས་དང་ནི་སྲིན་པོ་དང ། །རྒྱ་མཚོ་དང་ནི་རི་རབ་མིན། །ཆུ་བོའི་ཤིང་དང་ནགས་ཆལ་དང ། །དེ་བཞིན་ས་སོགས་མ་ཡིན་ཏེ། །འཇིགས་རུང་དམྱལ་བ་ལ་སོགས་མིན། །མེ་དང་དུ་བ་སོགས་མིན་ཞིང ། །ཉི་མ་ཟླ་བ་གཟའ་སྐར་མིན། །མི་དང་ཤ་ཟ་ལ་སོགས་མིན། །མངལ་སྐྱེས་དང་ནི་དྲོད་ལས་སྐྱེས། །སྒོ་ང་དང་ནི་རླན་སྐྱེས་མིན། །ཐང་ལ་གནས་དང་ཆུ་གནས་མིན། །པདྨ་ལས་ནི་སྐྱེས་པ་དང ། །དབང་པོ་ཁྱབ་འཇུག་བདེ་བྱེད་མིན། །རླུང་དང་
459b
མཁྲིས་པ་བད་ཀན་སོགས། །འབྱུང་བའི་ཚོགས་ལ་སོགས་མིན་ཏེ། །ཧ་ཞེས་བྱ་བའི་ཡི་གེ་མཆོག་།རྟག་ཏུ་བསམས་ན་དམིགས་མི་འགྱུར། །ལོ་གཅིག་བར་དུ་བསྒོམས་གྱུར་ན། །རྒ་དང་ནད་ཀུན་འཇོམས་འགྱུར་ཏེ། །དེ་ལ་དུག་ཀྱང་མི་འཕོ་ན། །ནད་ཀྱི་འཇིགས་པ་ག་ལ་ཞིག་།དུག་ནི་ཁུར་བུ་བརྒྱ་ཟོས་ཀྱང ། །དེ་ནི་འཆི་བར་མི་འགྱུར་རོ། །རྟག་ཏུ་སྟོང་ཉིད་བསྒོམས་ན་ནི། །དེ་ནི་ཐར་འགྱུར་ཐེ་ཚོམ་མེད། །མགོ་དང་དཔྲལ་བར་ཡི་གེ་ཀྵ། །དེ་ཉིད་མཆོག་ཏུ་ཐིམ་ནས་སུ། །བསྒོམས་ན་སྐད་ཅིག་མངོན་ཤེས་སྐྱེ། །ཐིག་ལེར་ལྡན་པའི་སྦྱར་བ་ཡིས། །རྐན་དང་སྣ་སྒོའི་ལམ་དུ་ནི། །རི་མོ་དག་ནི་ཞུགས་པ་བསམ། །རི་མོ་མར་མེའི་རྩེ་ལྟ་བུ། །དཀྱིལ་འཁོར་བཞི་ཡི་གཞི་ཅན་བསམ། །རྟག་ཏུ་རྐན་ནི་ཕུག་སྟེ་གནས། །རྟག་ཏུ་སྦྱོར་བར་གནས་པ་ཡིས། །ཉི་མ་བདུན་ན་མཐོང་འགྱུར་ཏེ། །འདི་དང་མཚུངས་པ་ཡོད་མ་ཡིན། །བྲམ་ཟེ་གསོད་པའང་ཉིན་བདུན་གྱི། །རྩེ་མོ་རྒྱས་པར་མཐོང་འགྱུར་ཏེ། །དེ་ལྟར་མཐོང་བའི་རྣལ་འབྱོར་པས། །གཞན་གྱི་གྲོང་སོགས་འདོད་བཞིན་འགྲོ། །ཀྵ་ཡི་རྒྱལ་པོ་འདི་ཉིད་ཀྱི། །ལས་ནི་བསམ་གྱིས་མི་ཁྱབ་གནས། །འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། །བརྟུལ་ཞུགས་མ་ནི་ཁྱོད་ལ་བཤད། །རེ་རེ་ཡི་ནི་ལས་རྣམས་ཀྱང ། །བསྟན་པ་རུ་ནི་ནུས་མ་ཡིན། །སྐྱེ་བོ་རང་དོན་བྱེད་པ་ཡི། །ཡིད་བཞིན་ནོར་བུ་ལྟ་བུ་ཡིན། །ཡི་
460a
༄#། །གེ་སྡེ་ཚན་སོ་སོ་ཡི། །ཡི་གེ་དག་ནི་སོ་སོ་ཞིང ། །རེ་རེའང་སྦྱོར་བ་བཞི་བཞི་སྟེ། །གཅིག་ཀྱང་བཞི་རུ་སྦྱོར་བ་བཞིན། །ཱ་ལི་ཀཱ་ལིའི་ཕྱག་རྒྱ་ཆེ། ། དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཤེས་རབ་ཐབས་ནི་མ་གཏོགས་པར། །གོ་འཕང་མཆོག་ནི་ཐོབ་མི་འགྱུར། །སྒྱུ་མ་ཆེ་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །ཱ་ལི་ཀཱ་ལིའི་སྔགས་ཀྱི་སྒྲུབ་ཐབས་འབྱུང་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་མཆོད་ཅིང་ཕྱག་འཚལ་ཏེ་སླར་གསོལ་པ། །ཁྱོད་ཀྱིས་སྔར་བཤད་གསང་བ་དང ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཡི་གེ་བཅུ་དྲུག་རིག་པ་ཆེ། །བདེ་མཆོག་བླ་མར་བཤད་པ་དང ། །ཁམས་རྣམས་དང་ནི་དེ་བཞིན་རྩ། །འབྱུང་གནས་སྒྲ་ཚུལ་ངེས་འབྱུང་དང ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་དབྱེ་བ་དག་།ཇི་ལྟར་ནང་དུ་ཡང་དག་གནས། །དེ་རྣམས་དབྱེ་བ་དེ་བཞིན་གསུངས། །བཀའ་སྩལ་བ། །སྒྱུ་མ་ཀུན་གྱིས་རྣམ་རོལ་པའི། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སངས་རྒྱས་ཀུན་ལའང་
460b
གསང་བ་སྟེ། །གཞན་རྣམས་ལ་ལྟ་སྨོས་ཅི་དགོས། །སྒྱུ་མ་ཆེན་པོ་བཅུ་དྲུག་ནི། །མ་མོ་ཉིད་དུ་རབ་ཏུ་བཤད། །དེ་ཡིས་ནང་གི་དཀྱིལ་འཁོར་དུ། །གྱུར་པ་ཉིད་དུ་ཐེ་ཚོམ་མེད། ། རྣལ་འབྱོར་པ་ཡི་བདུད་རྩི་སྦྱོར། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སླར་ཡང་བདུད་རྩི་རྫས་རྣམས་ནི། །ད་ནི་བཤད་ཀྱི་མཉན་པར་གྱིས། །ར་ནི་དམར་ཆེན་པོ་ཡི་ཁམས། ། ཧ་ཞེས་བྱ་བ་རི་ལས་སྐྱེས། །ས་ནི་གནད་པ་ཏྲ་སྟེ། །པ་ནི་པགས་པར་བསྟན་པ་ཡིན། །ར་ཞེས་བྱ་བ་དྲི་རུ་གསུངས། །མེ་ཞེས་བྱ་བ་མེ་ཏོག་སྟེ། །དེ་བཞིན་ར་ནི་ཆུ་ཡིན་ནོ། ། མེ་ཞེས་བྱ་བ་པི་སི་ཏ། །ས་ནི་ཀུན་ཏུ་རུ་ཉིད་ཡིན། །རཝ་ནི་ས་རི་ཞེས་བྱ་སྟེ། །ཏྨ་ཞེས་བྱ་ན་ལ་ཛ། །ནི་ཞེས་བྱ་བ་དྲི་ཡི་མར། །ས་ནི་སོ་དང་ལག་སྐྱེས་ཡིན། །དཱ་ནི་རྒྱ་མཚོ་ལས་བྱུང་བ། །སྠི་ནི་ཁ་བའི་སྙིང་པོ་ཡིན། །ཏ་ཞེས་བྱ་བ་ག་བུར་ཏེ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །རྟག་ཏུ་ཡེ་ཤེས་དམ་པ་མཆོག་།རྩ་རྣམས་ཐམས་ཅད་ཡང་དག་འདུས། །དེ་དག་ལྷ་མོ་ཁྱོད་ལ་བསྟན། །གསང་སོགས་རྣལ་འབྱོར་བ་ཡི་རྫས། །བཤད་དང་གཅི་སོགས་ལྔ་ལ་བྱ། །ཁམས་རྣམས་སྡུད་པའི་སྡེ་ཚན་ནི། །དེ་ལྟར་བཅུད་ལེན་བསྟེན་པ་ཡིན། །མཁའ་འགྲོ་ཀུན་དངོས་ཆགས་པ་ཡི། །སེམས་དཔའ་རྡོ་རྗེ་ལས་བྱུང་བ། །པདྨ་འབྱེད་པའི་སྦྱོར་བ་ཡིས། །པདྨ་གར་དབང་ཞེས་བྱ་སྟེ། །སྟེང་དུ་གསལ་བར་འཕྲོ་
461a
༄#། །བས་ན། །རྡོ་རྗེ་ཉི་མ་ཞེས་བྱ་ལ། །འདི་ནི་གསལ་ཞིང་འབར་བས་ན། །རྣམ་སྣང་མཛད་ཆེན་ཐུབ་པའང་ཡིན། །རླུང་ནི་སྣ་ཚོགས་ལས་བྱུང་བ། །ཁྱད་པར་སྤྱོད་པས་རྟ་མཆོག་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཕན་ཚུན་གཉིས་མེད་རང་བཞིན་ནོ། །གནས་དེར་ཉི་མ་ནུབ་པ་ཡི། །སྤྲུལ་པའི་སྐུ་ཡི་གཟུགས་ཀྱི་བདག ། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྙོག་པ་མེད་པ་སྟེ། །འཁོར་བའི་ལམ་ནི་གཅོད་པ་པོ། །སྤྲོས་པ་ཐམས་ཅད་ཉེར་ཞི་བའི། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ། །མཁའ་འགྲོ་མ་ཀུན་སྒྲ་རུ་བཤད། །ཡང་ན་མཁའ་འགྲོ་མ་ཀུན་གྱི་སྒྲ་ནི། རབ་གཏུམ་མོ་ལ་སོགས་པ་ལ་བྱ་ལ། དངོས་བོ་ནི། རང་བཞིན་ཏེ། དེ་རྣམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའོ། །དེ་ཉིད་སེམས་ཅན་གྱི་དོན་ལ་ནུས་པ་དང་ལྡན་པའི་ཕྱིར་སེམས་དཔའི་སྒྲར་བརྗོད་དེ། མི་ཤེས་པའི་རི་བོ་འཇོམས་པས་ན། ཡེ་ཤེས་ཉིད་ནི། རྡོ་རྗེའོ། ། སེམས་དཔའ་རྣམ་པ་གཉིས་གསུངས་ཏེ། །སྣོད་དང་བཅུད་ཀྱི་འཇིག་རྟེན་ནོ། །བཅུད་ནི་རྒྱུ་བ་ཞེས་བཤད་ལ། །དེ་བཞིན་སྣོད་ནི་བརྟན་པའོ། །རེ་རེ་ཞིང་ཡང་གཉིས་གཉིས་ཏེ། །སྐལ་པ་བཟང་དང་སྐལ་ངན་ནོ། །ས་དང་ཆུ་དང་མེ་རླུང་གི་།གཟུགས་ནི་རྣམ་པ་བཞི་རུ་གནས། །འདི་ནི་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེ་ཉིད་རང་བྱུང་བས་ན།
461b
རང་བྱུང་བཅོམ་ལྡན་འདས་སོ། །རང་བྱུང་བ་ཞེས་བྱ་བ་ནི། འབྱུང་བ་ཆེན་པོ་རྗེས་སུ་དཔག་པའི་རང་བཞིན་གྱི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་སོ། །ཡང་ན་ཉོན་མོངས་པའི་བདུད་བཅོམ་པས་ན། བཅོམ་ལྡན་འདས་ཏེ། རང་བྱུང་བཅོམ་ལྡན་འདས་དེ་ཉིད་ལྷག་པའི་ལྷ་ནི། གཅིག་ཉིད་དེ། ལྷ་ཉིད་ཡིན་ཞིང་ལྷག་པ་ཉིད་ཀྱི་ཕྱིར་ལྷག་པའི་ལྷ་སྟེ། ལྷག་པའི་ལྷའི་སྒྲར་གང་སྔར་བསྟན་པའི་ཁམས་རྣམས་ཀྱི་ནང་ན་གཙོ་བོ་དང་དམ་པར་གྱུར་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡང་དག་པར་སྐྱེད་པར་བྱེད་པའི་ཁུ་བ་དང་ཁྲག་གོ་།མཆོག་ཏུ་བདེ་བ་དེ་ལས་སྐྱེས་ཤིང་བྱུང་བས་ན། གནས་ཏེ། ངེས་འབྱུང་ནི། སེམས་སྐྱེད་པའི་བཞེད་གཞུང་གསུངས་པའོ། །སྒྲ་ནི། དབྱངས་ཏེ། ཤེས་རབ་ཀྱི་དབྱངས་ཀྱི་རྗེས་སུ་འཇུག་པའོ། །ཚུལ་ནི། སྒྲར་བརྟགས་པ་སྟེ། དེ་ལས་བྱུང་བའོ། །བསྟེན་ཅིང་བསྙེན་པར་བྱ་བས་ན། དམ་ཚིག་སྟེ། ཡུལ་ཅན་གྱིས་ཡང་དག་པར་བཞག་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་དང ། དོན་དམ་པར་དབྱེར་མེད་པས་ཉེ་བར་བརྟགས་ནས་ཡུལ་ཅན་དབང་པོ་ལ་ཡང་ཡུལ་ཞེས་བྱའོ། །སྤྱོད་པ་ནི། དབང་པོ་བཅུ་གཉིས་པོ་དེ་རྣམས་ཀྱི་ཉེ་བར་རྒྱུ་བ་སྟེ། དེ་རྣམས་ཀྱིས་རྣམ་པར་ཤེས་པའི་རང་བཞིན་བྱང་ཆུབ་
462a
༄#། །ཀྱི་སེམས་ཐོབ་པ་ནི། སྤྱོད་ཡུལ་ལོ། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་བྱ་བ་ནི། ཟག་པ་དང་བཅས་པའི་དངོས་པོ་གསུམ་ལས་རྙེད་པར་མི་འགྱུར་བའི་མཚན་ཉིད་དེ། ཐོག་མ་དབུས་མཐར་ཡང་དག་གནས་པའོ། །དེ་ལ་ཐོག་མ་ནི། གསང་བ་སྟེ། འདི་སྐད་ཅེས་བྱ་བ་སྔར་འབྱུང་གནས་སུ་གྱུར་པའི་རིག་པའོ། །མཐའ་ཞེས་བྱ་བ་ནི། དགེས་པ་སྟེ། ཐོས་པ་ཞེས་བྱ་བ་བསྟེན་པར་བྱའོ། །དབུས་ཞེས་བྱ་བ་ནི། མཆོག་སྟེ། བདག་གི་ཞེས་བྱ་བ་ཤིན་ཏུ་དམ་པར་གྱུར་པའོ། །ཡང་དག་གནས་ནི། ཐམས་ཅད་བདག་ཉིད་དེ། དུས་གཅིག་ན་ཞེས་བྱའོ། །བཅོམ་ལྡན་འདས་མ་སྒྱུ་མ་ཆེན་མོ་དེ་ཉིད་ངན་པར་སྤྱོད་པ་སྟེ། ལོ་བརྒྱད་པ་དང་རྡོ་རྗེ་པདྨོ་སྦྱོར་བས་བྱུང་བའི་ཁྲག་དང་བཅས་པའོ། །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་རྡུས་ཀྱི་ནི། །བཅུ་དྲུག་ཆར་ཡང་མི་ཕོད་པ་སྟེ། དེ་ལ་བཅུ་དྲུག་ཆ་ནི། བུད་མེད་ཀྱི་སྐུད་པ་ལས་བྱུང་བའི་ཁམས་རྣམས་སྐུད་པ་བཅུ་དྲུག་དང་ལྷན་ཅིག་ཏུ་བསྒྲིལ་བ་སྟེ། ཆགས་པ་ཆེན་པོ་ཞེས་བྱ་བ་གང་ཡིན་པའོ། །དེ་ལྟར་སྐུད་པ་བཅུ་དྲུག་དང་བསྒྲིལ་བའི་ཆ་ཤས་བཅུ་དྲུག་གོ་།བསྡུས་བྱས་ཞེས་བྱ་བ་བདུད་རྩི་ལྔའི་སྙིང་པོའོ། །གོང་བུར་བྱས་པ་སྟེ། བདུད་རྩི་ལྔའི་སྦྱོར་བར་གྱུར་པའོ། །དང་ཞེས་བྱ་
462b
བ་ནི།་བསྡུ་བའི་དོན་ཏེ། སྡེ་ཚན་རྣམས་ཀྱིས་བསྡུས་ཤིང་བསྟན་པའི་ཁམས་གང་དང་གང་ཡིན་པའི་རླན་དེ་དང་དེ་ས་བོན་དང་བསྒྲིལ་ཏེ་རྟག་པར་བྱའོ། །ལྷའི་བདེ་བ་ཞེས་བྱ་བ་ནི།་དེ་བདུད་རྩི་ལྟར་ཡོངས་སུ་སྨིན་པས་རང་གི་སྐུ་རྡོ་རྗེར་གྱུར་པའི་སྐད་ཅིག་གོ། །མིའི་ཡིན་པས་ན། མིའི་སྟེ། ངེས་པར་གསལ་བའི་བདེ་བའོ། །དེ་ཡང་དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་རྟག་ཏུ་གསལ་བས་མཚན་པའོ། །ཆོས་ཀྱི་དབྱིངས་དང་མཉམ་པར་སྦྱོར་བའི་སེམས་ཀྱི་རྡོ་རྗེ་མངོན་དུ་བྱ་ཞིང་བདེ་བ་བསྟེན་པ་ལས་བདེ་བ་ཉིད་དུ་སྐྱེ་བར་འགྱུར་ཏེ། ཐེར་ཟུག་ཏུ་བདེ་བ་སྟེར་བས་སོ། །དེ་ཡང་དཔེར་ན། མངར་པོས་བསྒོས་པའི་ས་བོན་ནི། །མངར་པོ་ཉིད་ནི་བསྟེན་པ་དང ། །གང་ཕྱིར་མངར་པོས་བསྐྱེད་བྱས་ན། །དེ་ཡི་རོ་ནི་མངར་པོར་འགྱུར། །དེ་བཞིན་དུ་ཆོས་ཀྱི་བདུད་རྩི་ལས་བྱུང་བའི་བདེ་བ་བསྟེན་ན། བདེ་བ་འཕེལ་བར་འགྱུར་རོ། །དེ་དང་མཉམ་པ་དངོས་པོ་གསུམ་པོ་གང་དུ་ཡང་ཡོད་པ་མ་ཡིན་ཏེ། ཆ་ཤས་ཀུན་དང་མཚུངས་བ་ལྟ་ཞོག་།དེའི་རྡུལ་ཕྲ་རབ་ཀྱི་ཆ་དང་མཚུངས་པ་ཡང་ཡོད་པ་མ་ཡིན་ནོ། །རྡུལ་ཕྲ་རབ་ནི། རྡོ་རྗེ་ཕྲ་མོའི་རང་བཞིན་ཏེ། བྱང་ཆུབ་ཀྱི་སེམས་བདེ་བའི་བདག་ཉིད་སྤྲོས་པའོ། །མཐུ་དང་ངོ་བོ་ཉིད་དག་དང ། །རང་བཞིན་གྱིས་ནི་གྲུབ་པ་སྟེ། །དེ་ཡི་རང་བཞིན་གཏམ་དག་ནི། །བཞིན་མཛེས་
463a
༄#། །མ་ནི་ཁྱོད་ལ་བཤད། །གང་ཞིག་ཕྱི་རོལ་སྦྱོར་བ་དགའ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སྦྱོར་བའི་མཆོག་ནི་འདི་མཐོང་ངོ ། །དེ་དག་འབུས་ཟོས་རྩཝ་དང་འདྲ། །ད་ནི་ཆུ་སྐྱེས་ཆེན་པོའི་ཡོན་ཏན་དང་ལྡན་པའི་གནས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། མི་གསལ་བརྡ་ཡི་ཚུལ་གྱིས་ནི། །གནས་ནི་གསང་ཞེས་བྱར་བཤད། །མི་གསལ་པ་ཡི་དངོས་པོར་ནི། །བརྡ་ཡི་སྐད་ཀྱིས་བཤད་པ་ཡིན། །འདི་ནི་རྟོག་པ་ལ་བརྟེན་ནས། །གནས་ནི་གསང་བ་བཤད་པར་བྱ། །དགོན་ཆེན་ཞེས་བྱ་བ་ལ་སོགས་པ་ནི། སྒྲ་ཇི་བཞིན་ནོ། །གཞན་ཡང་དགོན་ཆེན་ཞེས་བྱ་བ་ནི། ཤེས་རབ་སྟེ། སྔགས་ཀྱི་ཡོན་ཏན་གྱི་ཤིང་གི་ཚོགས་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།། དེ་ཉིད་རང་བཞིན་གྱིས་ལྷའི་བདག་ཉིད་བས་ན་ས་ཕྱོགས་སོ། །རིགས་མཐའ་ཡས་པའི་རང་བཞིན་གྱི་ཕྱིར་མང་པོའི་ཚིག་གོ། །བདག་དང་སེམས་ཅན་ལ་སོགས་པར་རྟོག་པ་དང་བྲལ་བར་རྣམ་པར་དབེན་པ་སྟེ། ལྟ་བ་ངན་པ་རྣམས་ཀྱིས་གཞིག་པར་མི་ནུས་པའི་ཕྱིར་རི་བོའོ། །འཇུག་པར་དཀའ་བའི་ཕྱིར་རི་བོའོ། །ཟང་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཆུ་བོའི་གནས་སུ་གྱུར་པས་རྒྱ་མཚོ་ཆེན་པོའི་སྔ་\?\ན་རྣམས་སོ། །\?\་པའི་ལམ་ཡན་ལག་བརྒྱད་དང ། སྦྱིན་པ་ལ་སོགས་པའི་རང་བཞིན་རྣམ་
463b
པར་དག་པས་གདོད་ནས་གྲུབ་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་འདོད་ཆགས་ཀྱི་མེས་བསྲེགས་པས་དུར་ཁྲོད་དོ། །དེ་ལྟར་ན་མེ་ལོང་ལྟ་བུ་ལ་སོགས་པ་ལྔ་རྣམ་པར་དག་པས་གནས་རྣམ་པ་ལྔར་བསྒྲགས་སོ། །ཆུང་ངུ་ནི། དང་པོར་ལོ་བཅུ་གཅིག་མའི་པདྨ་དང་འོལ་པས་བཅུད་ཀྱིས་ལེན་བསྒྲུབ་པར་བྱའོ། །གཉིས་པར་ལོ་བཅུ་གཉིས་མ་དང་རོལ་པས་ནི། དམ་ཚིག་དོན་དུ་གཉེར་བར་བྱའོ། །གསུམ་པར་ལོ་བཅུ་དྲུག་མ་དང་ལྷན་ཅིག་ཏུ་དགའ་བས་ནི། སྔགས་རྣམས་གོམས་པར་བྱའོ། །བཞི་པར་ལོ་ཉི་ཤུ་མ་དང་ནམ་མཁར་འཕུར་བ་བསྒྲུབ་པར་བྱའོ། །ལྔ་པར་ལོ་ཉི་ཤུ་རྩ་ལྔ་མ་དང་དབང་བསྐུར་བར་བྱ་བའི་བར་དུའོ། །དེ་ལྟར་ན། དབུགས་དབྱུང་མཆོག་དང་བར་མ་དང་།། ཞེས་བྱ་བ་གནས་ལྔ་པོ་དེ་དག་དང་རིམ་པ་བཞིན་དུ་སྦྱར་རོ། །དེ་ལ་རིགས་ལྡན་རྣམས་ནི། རྡོ་རྗེ་རིགས་ཀྱི་བུ་མོ་ལ་སོགས་པ་རྣམས་དྲི་ཡི་ཆུས་མཆོད་པར་བྱ་སྟེ། བཅས་པ་ཞེས་བྱ་བ་ནི། རིགས་ཀྱི་བུ་མོ་དེའི་མེ་ཏོག་བཟུང་ལ་མཁས་པས་རང་གི་ཁུ་བ་དང་བཅས་པས་མཆོད་དོ། །རྟག་ཏུ་ཞེས་བྱ་བ་ནི། ཐམས་ཅད་དུ་རྒྱུན་མི་འཆད་པར་ཏེ། དུས་ཀྱི་ཁྱད་པར་ཞེས་བྱ་བ་སྔ་དྲོའི་དུས་སུའོ། །གཞན་ཡང་ལྷན་ཅིག་སྐྱེས་གྲུབ་ཞེས་བྱ་བ་ཐུན་མོང་གི་དངོས་གྲུབ་དང་ལྡན་ཞིང་སྒྲུབ་པ་པོ་ལ་བརྩེ་བ་སྟེ། ཐིག་ལེ་དེས་སངས་རྒྱས་
464a
༄#། །དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པར་བྱའོ། །གཞན་ཡང་དགོན་པ་ཆེན་པོ་ཞེས་བྱ་བ་ནི། བུད་མེད་ཀྱི་ཕྱག་རྒྱ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ནགས་ཚལ་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཐབས་ཀྱིས་ཡོངས་སུ་སྦྱངས་ནས་བྱང་ཆུབ་ཀྱི་ལམ་སྟེ། ཡོངས་སུ་སྦྱངས་པ་ནི། མཐར་ཐུག་པར་སོན་པའོ། །དེའི་དྷརྨོད་ཡ་ནི། ས་ཕྱོགས་ཏེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པའི་རྡོ་རྗེ་རིགས་ལ་སོགས་པའི་བུ་མོ་བས་ན། རྣམ་པར་དབེན་པའོ། །དེ་ཉིད་བདེ་བ་ཆེན་པོས་མི་གཡོ་བས་ན། རི་བོའོ། །སེམས་ཅན་དམན་པས་འཇུག་པ་དཀའ་བས་ན། རི་བོར་ཏེ། ཕུག་དང་ལྡན་པས་ན། ཚང་ཚིང་ངོ ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་རྒྱ་མཚོར་གནས་པས་རྒྱ་མཚོའི་འགྲམ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་རྒྱུད་ལ་མཉམ་པར་གནས་པས་ན། དུར་ཁྲོད་དོ། །གདོད་ནས་གྲུབ་པ་ནི། རྟག་ཏུ་གྲུབ་པ་སྟེ། འཆར་བ་དང་ནུབ་པ་སྤངས་ཤིང་ནམ་མཁའ་ལྟར་ཡོངས་སུ་གྲུབ་པས་རྟག་ཏུ་བདེ་བ་ཆེན་པོའི་ཚུལ་གྱིས་དམིགས་པས་དེའི་རང་བཞིན་དུ་བྱས་པའོ། །ནི་ཞེས་བྱ་བ་ནི། འདུས་པ་སྟེ། དེ་དང་ལྡན་པའི་ཕྱིར་རོ། །སྣ་ཚོགས་པདྨ་རས་ཀྱིས་གཡོགས་ཞེས་བྱ་བ་ལ། སྣ་ཚོགས་
464b
ནི།་རྣམ་པ་དུ་མ་སྟེ། པདྨ་ནི། གཟུགས་ཀྱི་ཚིག་བླ་དྭགས་སོ། །རས་ནི། གསལ་བར་མ་བྱས་པ་སྟེ། གཡོགས་པ་ནི། ཤིན་ཏུ་མ་མངོན་པར་བྱས་པའོ། །སྟན་ནི། རིག་པ་ཉིད་གདན་དུ་བྱས་པ་སྟེ། དག་པ་ནི། འཇམ་པའོ། །ལྷ་མོ་རྣམས་ཀྱི་པདྨ་རང་གི་མཚན་མའི་གོས་ཀྱི་རྒྱན་གྱིས་རྒྱན་པའོ། །བཞག་པ་ནི། མཆོད་བར་བྱ་བ་སྟེ། ཡང་དང་ཡང་དུ་འདོད་པས་མཉེས་པར་བྱ་བའོ། །སྡོམ་པ་ནི། བདེ་བའི་མཆོག་གོ། །པདྨའི་ཁྲག་དང་ཞེས་བྱ་བ་ནི། དེ་བཞིན་དུ་ཁྲག་ནི། བཅུད་ཀྱིས་ལེན་པ་སྟེ། ཁྲག་ནི། པདྨ་ཡིན་ལ།་བཤང་བ་ལ་སོགས་པ་ནི། བཅུད་ཀྱིས་ལེན་ནོ། །དེས་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཁྲག་ཆེན་ག་བུར་བཅས་པ་དང ། །ཙནྡན་དམར་པོར་སྦྱར་བ་དག་།ཚོགས་ཀྱི་ནང་དུ་ཞུགས་པ་ན། ར་ས་ཡ་ན་བླ་ན་མེད། །ཅེས་བྱ་བ་ལ། ཁྲག་ཆེན་ནི། དུས་སུ་འབབ་པའི་ཟླ་མཚན་དུ་གྱུར་པའོ། །ཙནྡན་དམར་པོ་ནི། ཤ་སྟེ། དེ་དང་བཅས་པའོ། །ཆགས་ཀྱི་ནང་དུ་ཞུགས་པ་ནི། དབང་པོ་ཐམས་ཅད་ལས་བྱུང་བ་སྟེ། དེ་དག་ཐམས་ཅད་ཀྱི་བཅུད་ནི། ར་ས་ཡ་ནའོ། །བཟའ་བར་བྱ་བ་ལ་ཆོ་ག་གང་གིས་བཟའ་པར་བྱ་ཞེ་ན། སྦོམ་པོའམ་མཐའ་ལྟག་ཅེས་བྱ་བ་ལ། སྦོམ་པོ་ནི། རྡོ་རྗེའོ། །མཐའ་ལྟག་ནི། བྷ་ག་སྟེ། ཨཱ་ནཱ་མ་ཞེས་བྱ་བ་མིང་གིས་བསྙད་པའི་ཕྱིར་རོ། །ཁར་ཞེས་བྱ་
465a
༄#། །བྱ་བ་ནི། དེ་ཉིད་ཀྱི་ཁས་རང་གི་ལྷའི་ཁར་རོ། །དེ་ཡང ། དང་པོ་བླ་མར་དབུལ་བྱས་ཏེ། །དེ་ནས་སངས་རྒྱས་རྣམས་ལ་དབུལ། །ཕྱག་རྒྱ་ལ་ནི་བྱིན་ནས་སུ། །ཞི་བའི་བཏུང་བ་བཞིན་དུ་མྱང ། །མཆོད་པ་བཞི་ཞེས་བྱ་བ་ལ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ་སྒོམ་པ་པོས་ནི། དུས་བཞིར་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་དང ། རྣམ་པར་ཐར་པའི་སྒོ་བཞིའི་བདག་ཉིད་ཅན་ཇི་སྲིད་སྟོང་པ་ཉིད་ཀྱི་ང་རྒྱལ་ནས་བཟུང་སྟེ་གཟུགས་ཡོངས་སུ་རྫོགས་པའི་བར་དུ་ངེས་པར་བྱས་པས་མཆོད་པར་བྱའོ། །དཔའ་བོ་དང་ནི་སྙོམས་འཇུག་པ། །ཞེས་བྱ་བ་ནི། གཞན་ཡོངས་སུ་རྫོགས་པའི་རིམ་པ་ལ་གནས་པའི་སྒོམ་པ་པོའི་སྟེ། དུས་ཀྱི་ངེས་པ་མེད་ཅིང་ཐོག་མ་དང་ཐ་མ་མེད་པའི་ང་རྒྱལ་གྱིས་རྟག་ཏུ་གནས་པ་རྣམས་ཀྱིས་ཅི་ཞིག་བྱ་ཞེ་ན། ཡིད་ནི་ནང་དུ་ཆུད་པའི་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེད་མ་མོའི་ཤེས་རབ་དང་ཇི་ལྟ་བ་བཞིན་དུ་མཉམ་པར་སྦྱོར་བ་དང་ལྡན་པས་མཆོག་ཏུ་དགའ་བ་རྣམ་པར་སྤྲོ་སྟེ། གནས་པས་ཚིམ་པར་བྱ་ཞེས་བྱ་བའི་བར་དུའོ། །དེ་ལྟར་མཆོད་པས་མཆོག་དང་བར་མ་སྟེ། ཐ་མ་ནི། ཆགས་པ་ཆེན་པོའི་ཚུལ་ལོ། །དེ་ཡང་རྡོ་རྗེ་ཅན་གྱིས་ཐམས་ཅད་བསྡུས་ནས་བཙུན་མོའི་བྷ་ག་བདེ་བ་
465b
ཅན་དུ་སྤྲོས་ལ། དེར་ནི་དཀྱིལ་འཁོར་བྲི་བར་བྱ། ཞེས་བྱ་བ་དང་སྦྱར་བ་སྟེ། གཞན་གྱི་དེ་ཁོ་ན་ཉིད་ཇི་བཞིན་དུ་བསྟན་པའོ། །བར་མ་ནི། བདག་གི་དེ་ཁོ་ན་ཉིད་རྡོ་རྗེའི་འཛིན་པས་འཁོར་ལོ་ཐམས་ཅད་རང་གི་དབུས་སུ་བསྡུས་ལ། རྡོ་རྗེ་ཀུན་གྱི་རང་བཞིན་དུ་བྱས་པ་ཆོ་ག་དེས་བསྒོམས་པ་ནི། མཆོག་གོ། བུད་མེད་ཀུན་གྱི་སྒྱུ་མ་ཞེས་བྱ་བྱ་བ་ལ།་བུད་མེད་ཀུན་ནི་གཟུགས་ལ་སོགས་པའོ། །སྒྱུ་མ་ནི། ཡོན་ཏན་ཏེ། རང་བཞིན་གྱིས་སྐུ་ལ་སོགས་པས་གནས་པའོ། །སྒྱུ་མ་སྟེ། ཡོན་ཏན་གྱི་རྒྱུས་མ་ལུས་པ་སྒྱུ་མའི་དོན་དུ་གསུངས་སོ། །མ་ལུས་པ་ནི། ཆ་ཤས་ཏེ། ཆ་དང་བཅས་པའོ། །ཆ་ནི་དངོས་པོར་བསྟན་པ་སྟེ། །ཆ་མེད་ཡོན་ཏན་ཞེས་བྱ་ཡིན། །ཡོན་ཏན་ཡོན་ཏན་ཅན་སྦྱར་བ། །ཡུལ་དང་དབང་པོ་རབ་ཏུ་དགེ་།ཱ་ལི་ཀཱ་ལི་ཡོན་ཏན་གསུངས། །མཉམ་པ་དམ་ཚིག་སྤྱོད་ཡུལ་ཡིན། །དེ་ཉིད་ནི། མཚན་མ་ཡིན་པས་ན། ཕྱག་རྒྱ་སྟེ། འདི་ནི་ཞེས་བྱ་བ་ནི། འཛིན་པ་པོའི་བློས་མངོན་དུ་བྱས་པའོ། །ཡོན་ཏན་དེས་རྟག་ཏུ་ཡོན་ཏན་དང་ལྡན་པར་གྱུར་པའི་རིང་པོ་ལ་སོགས་པ་གཉིས་སུ་མེད་པའི་ཚུལ་ཉིད་མཆོག་སྟེ། བླ་ན་མེད་ཅིང་དམ་པར་གྱུར་པའོ། །དེ་ཡང་ལུགས་མ་ལ་སོགས་པ་གཞན་དག་ལས་ཕུལ་དུ་བྱུང་བར་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །རང་བཞིན་གྱིས་
466a
༄#། །གྲུབ་པ་ནི། འགྱུར་བ་མེད་པའི་མཚན་ཉིད་དང ། ངོ་བོ་ཉིད་རྣམ་པར་དག་པ་སྟེ། ཇི་ལྟར་འོ་མ་ལ་ཞོ་ལ་སོགས་པ་བཞིན་ནོ། །དེ་བས་ན། བཅོས་མ་ལས་བྱེ་བྲག་ཏུ་གྱུར་བའོ། །གཞན་ཡང ། ངན་པར་སྤྱོད་པའང་འགྲུབ་པར་འགྱུར། །རྙེད་དང་བདེ་དང་དགའ་ཀུན་གྱིས། །ཞེས་བྱ་བ་ལ། རྙེད་པ་ནི། བྱང་ཆུབ་ཀྱི་སེམས་རྙེད་པ་སྟེ། དེ་ཉིད་དགའ་བ་ཀུན་གྱིས་ཁྱད་པར་དུ་འཕེལ་བས་ཡིན་གྱི། སློང་མོས་འཚོ་བ་ལ་སོགས་པ་དང ། དཀའ་ཐུབ་ཀྱི་སྦྱོར་བ་ལ་སོགས་པ་ནི། མི་མཐུན་པའི་ཕྱོགས་ཡིན་པས་ནམ་ཡང་འགྲུབ་པར་མི་འགྱུར་ཏེ། སྤང་བར་བྱའོ། །དེས་ཞེས་བྱ་བ་ནི། གྲུབ་པའི་རྫས་ཀྱིས་ཏེ། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། རང་བཞིན་དང་ངོ་བོ་ཉིད་ཀྱིས་གྲུབ་པ་སྟེ། རང་བཞིན་གྱིས་སྔགས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རང་གི་ལྷའི་གཟུགས་སུ་ཡོངས་སུ་བརྗེ་བ་སྟེ། སྔགས་བཟླས་པ་དང ། རང་གི་ས་བོན་ཡོངས་སུ་གྱུར་པ་ལས་རང་བཞིན་ཡོངས་སུ་བརྗེ་བའོ། །སྣ་ཚོགས་ཞེས་བྱ་བ་ནི། ཁམས་ཀྱི་རང་བཞིན་ཏེ། མཁའ་འགྲོ་མ་རྣམ་པ་བཅོ་བརྒྱད་དུ་ཕྱེ་བ་ཡིན་གྱི། བྷུ་བ་ལ་སོགས་པའི་ཁམས་ནི། མ་ཡིན་ནོ། །ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པ། །ཞེས་བྱ་བ་ལ། ནམ་མཁའ་སྒྲས་ནི། སེམས་ལ་བྱ་སྟེ། ཇི་ལྟར་ནམ་མཁའི་ཁམས་
466b
ལ་སོགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ་བཞིན་དུ་ཐམས་ཅད་ཀྱི་གོ་སྐབས་སྟེར་བའི་ཕྱིར་རོ། །ཡང་ན་ཉན་ཐོས་ལ་སོགས་པའི་གནས་བསྲེགས་པས་ན། ནམ་མཁའ་སྟེ།་ནམ་མཁའ་དེར་བདུད་རྩིའི་རང་བཞིན་གྱིས་རྒྱུ་ཞིང་སྤྱོད་པས་ན། དེ་ནི། ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་སོ། །སྣ་ཚོགས་ཀུན་ཏུ་ཕྱག་རྒྱ་སྟེ། །ཞེས་བྱ་བ་ལ། ཀུན་ཏུ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་དོ། །སྣ་ཚོགས་ནི། རྡོ་རྗེ་འཛིན་ཆེན་པོ་སྟེ། དེའི་ཕྱག་རྒྱ་ནི། དཀྱིལ་འཁོར་གྱི་འཁོར་ལོའི་ཕྱག་རྒྱ་ཐམས་ཅད་དོ། །ངེས་ན་སྣ་ཚོགས་ཕྱག་རྒྱ་སྟེ། སེམས་ཀྱི་རང་བཞིན་གྱིས་ཟླ་བ་དང་དམར་པོའི་གྲུབ་པའི་རྫས་དེ་དག་ཉི་ཤུ་རྩ་ལྔའི་བར་ཏུ་རྟག་ཏུ་གོམས་པར་བྱ་བས་སྟོབས་སུ་གྱུར་པའོ། །སྣ་ཚོགས་སྡོམ་པ་ནི། རྣམ་པ་སྣ་ཚོགས་པའི་བདེ་བ་གྲུབ་པ་སྟེ། མཁའ་འགྲོ་ཀུན་ཞེས་བྱ་བ་ཁྲག་དང་མཉམ་པར་སྦྱོར་བའི་ཆོ་གས་སྔགས་པ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བར་གྲགས་པ་སྟེ། རང་ཉིད་སྐྱེས་པར་གྱུར་པའོ། །དེ་ཉིད་མེད་སེམས་ནི། དེ་ཁོ་ན་ཉིད་ཀྱི་སེམས་མེད་པ་སྟེ། ཕྱིན་ཅི་ལོག་གི་སེམས་ཀྱིས་སྦྱོར་བའོ། །ལྷ་ལ་དམིགས་པ་ནི། འདོད་པའི་ལྷར་སྒོམ་པའོ། །ཤིན་ཏུ་དེ་ཉིད་སེམས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱི་སེམས་ཀྱིས་བརྒྱན་པ་སྟེ། ཕྱིན་
467a
༄#། །ཅི་མ་ལོག་པའི་མཚན་ཉིད་དོ། །དེ་ཡང་ཁྲག་ལ་སོགས་པའི་ཁམས་སངས་རྒྱས་རྣམས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་དེ། དངོས་གྲུབ་ཐམས་ཅད་ཀྱི་གནས་སོ། །ལུགས་མ་ལ་སོགས་པའི་རྣལ་འབྱོར་ནི། དེ་སྤངས་ནས་བཅོས་མ་སྒོམ་པར་བྱེད་པ་སྟེ། གང་གི་ཕྱིར་གཟུགས་བརྙན་མ་ཡིན་པས་སོ། །དེས་ནི། འདི་སྐད་བསྟན་པར་འགྱུར་ཏེ། ཇི་ལྟར་སྨིན་པའི་འབྲས་བུ་བོར་ནས་ཤིང་གི་རྩ་བ་ལེན་པར་བྱེད་པ་བཞིན་དུ་རྣལ་མ་བོར་ཏེ་བཅོས་མ་ལ་ཆགས་པ་ཡང་བློ་གྲོས་དམན་ཞིང་ཤིན་ཏུ་བླུན་པར་སྟོན་ཏོ། །དེས་ན་དེ་ཁོ་ན་ཉིད་ཀྱི་སེམས་ཀྱིས་ཕུན་སུམ་ཚོགས་པས་བདག་ཉིད་སྦྱོར་ཞིང་རྫོགས་པའི་རིམ་པས་སངས་རྒྱས་ཀྱི་སྐུ་ལ་དམིགས་པ་ནི། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ཡེ་ཤེས་དེ་ཉིད་ནི། མཆོག་ཏུ་མི་འགྱུར་བ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེས་ན་གཞན་ཡང་གཟུགས་བརྙན་དང་ལུགས་མ་ལ་སོགས་པ་སྤངས་ཏེ་ཁམས་སྣ་ཚོགས་ཀྱི་ཤེས་པ་ཉིད་སངས་རྒྱས་ཐམས་ཅད་འདུས་པར་བརྟག་པར་བྱའོ། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཞེས་བྱ་བ་ལ། བ་སྤུ་ནི། ལྟེ་བའི་དཀྱིལ་འཁོར་ཏེ། བུ་ག་ནི། ནམ་མཁའོ། །རྩེ་མོའི་བར་ཞེས་བྱ་བ་ནི། ཡི་གེ་བཅུ་དྲུག་ཡོངས་སུ་གྱུར་པའི་ཁམས་
467b
རྣམས་ཏེ། སྤྲོ་བ་དམ་ཚིག་དཀྱིལ་འཁོར་ཏེ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ། །རང་གི་པདྨའི་ལྟེ་དབུས་སུ། །ཟླ་བར་གནས་པའི་ཧཱུཾ་ཡིན་ཏེ། །སངས་རྒྱས་བྱེ་བ་སྟོང་ཕྲག་ནི། །ཕྱོགས་བཅུ་དག་ཏུ་སྤྲོ་བར་བྱེད། །ཐིག་ལེ་བཅུ་དྲུག་ཐིག་སྐུད་ཀྱི། །སྔགས་པས་ཐིག་གིས་ཐིག་བཏབ་པའི། །ལྟོ་བའི་དཀྱིལ་འཁོར་བཅུ་དྲུག་པར། ། སོགས་ཀྵ་ཡི་མཐར་ཐུག་པ། །ཐ་མ་ལས་ནི་སྔགས་བཏུ་བྱ། །ཕྱི་ནས་ཐིག་ལེར་ཆ་དང་བྲལ། །བཤང་དང་གཅི་བའི་རང་བཞིན་པས། །འདི་རུ་ཀྵ་ནི་སྤངས་བར་བྱ། །ཡི་གེ་ཧ་ནི་ཡོངས་གྱུར་པས། །ཡི་གེ་ཐམས་ཅད་ཡལ་ག་འདྲ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །སངས་རྒྱས་ཀུན་དངོས་སྟོང་པ་ཡི། ། ཡི་གེ་ཉིད་ནི་མཁའ་འགྲོ་མ། །ཞེས་བྱ་བ་ནི། སྔགས་ཀྱི་མན་ངག་གོ། །ཀ་སོགས་ཡང་དག་གནས་བ་ཡི། །ཡི་གེ་ལྷ་ཡི་གཟུགས་ཡིན་ཏེ། ། སོགས་དབྱངས་རྣམས་ཐམས་ཅད་ཀྱི། །སྔགས་ཀྱིས་སྒེག་ཅིང་བརྒྱན་པ་ཡིན། །ལྷ་པའི་ལྷ་ནི་ཡི་གེ་ཧཱུཾ། །ལྟེ་བའི་དབུས་སུ་བསམ་པར་བྱ། །ལྟེ་བ་པདྨ་ཞེས་བྱ་སྟེ། །བསམ་པ་བསྒོམ་པར་བྱ་བ་ཡིན། ། སངས་རྒྱས་ཀུན་དངོས་སྟོང་པ་ཉིད། །རྣམ་ཤེས་ཧཱུཾ་གི་གཟུགས་ཉིད་དོ། །ཡི་གེ་ཉིད་ནི་མཁའ་འགྲོ་མ། །སྒྲ་ཡི་གཟུགས་ཀྱིས་གནས་པའོ། །གང་ཕྱིར་གཞན་ཡང་འདི་དག་ནི།
468a
༄#། །ཇི་ལྟར་སངས་རྒྱས་ཀུན་དེ་བཞིན། །འདི་ནི་རྟག་ཏུ་འདོན་པ་དང ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །མགོ་དང་ཐིག་ལེ་རྣམ་སྤངས་པ། ། གཅིག་པུ་ཉིད་ནི་ལྷག་པའི་ལྷ། །རང་གི་དབུས་གནས་རྡོ་རྗེ་ཅན། །ཡི་གེ་རྣམས་ཀྱིས་ཡོངས་སུ་བསྐོར། །དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཞེས་བྱ་བ་ལ།་ཡེ་ཤེས་ནི། སྤྱོད་ཡུལ་ཡོངས་སུ་ཤེས་པའོ། །ཡོངས་སུ་ཤེས་པ་ཞེས་བྱ་བ་ནི། ཀུན་ནས་ཤེས་པའི་ཡེ་ཤེས་ཏེ། དེ་ཉིད་ཀྱིས་ནི། བདག་ཉིད་སངས་རྒྱས་ཐམས་ཅད་དོ། །བདག་ཉིད་ཅེས་བྱ་བ་ནི། ཀུན་རྫོབ་སྟེ། ཀུན་རྫོབ་ཡོངས་སུ་ཤེས་པ་ནི། སངས་རྒྱས་ཉིད་དོ། །དེ་ཉིད་ཀྱིས་སངས་རྒྱས་དང་རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་བོ། །ཐབས་གང་གིས་ཤེ་ན། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་བར་དུའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། གསང་བ་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་འབྱུང་བའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།སྦྱིན་སྲེག་ལས་ཀྱི་ཆོ་ག་ནི། །ཇི་བཞིན་བཤད་ཀྱི་ལྷ་མོ་ཉོན། །རྒྱལ་སྲིད་ཕྱིར་ནི་སྔགས་པ་ཡིས། །སྟོང་
468b
ཕྲག་བཅུར་ནི་བཟླ་བར་བྱ། །ཕོ་ཉའི་སྟེང་དུ་གནས་ནས་ནི། །སྦྱིན་སྲེག་སྟོང་ཕྲག་ལྔ་ནི་བྱ། །ཤ་ཆེན་འོ་མ་ལ་བསྒེས་པ། །རིམ་པ་འདི་ཡིས་བསྲེགས་ན་ནི། །དཔག་ཚད་འབུམ་ཕྲག་བརྒྱ་ཡི་བར། །ཚུན་ཆད་ཕོ་བྲང་རྙེད་པར་འགྱུར། །དཔལ་ལྡན་རྒྱལ་སྲིད་ཆེ་གྲུབ་པ། །སུས་ཀྱང་གཞིག་པར་མི་ནུས་སོ། །མི་དང་བ་ལང་ལྕེ་སྤྱང་ཤས། །དེ་བཞིན་ངོ་མཚར་མཆོག་འགྱུར་ཏེ། །ཆང་དང་འོ་མར་སྦགས་ནས་ནི། །སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན། །གླིང་བདུན་ལ་ནི་དབང་བ་ཡི། །རྒྱལ་སྲིད་ལོངས་སྤྱོད་དཔལ་ཆེན་འགྱུར། །དེ་ནས་མཚམས་མེད་ལྔ་བྱེད་པ། །གང་གི་གཞོམ་པར་འདོད་པ་དེས། །དུག་དང་ཁྲག་དང་མར་ནག་བཅས། །མི་ཡི་རུས་པ་བསྲེགས་བྱས་ཏེ། །ཚེར་མ་ཅན་གྱི་ཤིང་དང་ནི། །དེ་བཞིན་ཕུབ་མ་མི་སྐྲར་བཅས། །ཤན་པ་ཡི་ནི་མེ་སྦར་ལ། །གཅེར་བུ་སྐྲ་ནི་ལྷུག་པ་ཡིས། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ཏེ། །ཁྲོ་དང་བཅས་པས་ཉན་ཕྱེད་ན། །སེམས་མི་གཡེངས་བས་སྲེག་པའམ། །ཡང་ན་གོས་སྔོན་གྱོན་ནས་སུ། །མཚན་ཕྱེད་ན་ནི་བསྲེག་པར་བྱ། །སྔགས་ཀྱི་མཐར་ནི་མིང་དང་སྦྱར། །དགྲ་བོ་སྟོབས་དང་ལྡན་པ་ཡང ། །དཔུང་དང་བཅས་པར་བརླག་འགྱུར་ན། །ཕལ་པ་ལ་ལྟ་ཅི་ཞིག་སྨོས། །དེ་ནས་དགྲ་བོ་སྟོབས་ཀྱིས་ནི། །དྲེགས་པ་བསྐྲད་པའི་ཆོ་ག་བཤད། །ཁཝ་ཡི་གཤོག་པ་ཞག་དང་ནི། །ནིམ་པའི་ཁུ་བར་
469a
༄#། །བསྲེགས་པ་དག་།ཤ་ཟའི་ཤིང་ལ་མེ་སྦར་ཏེ། །རླུང་དུ་བལྟས་ཏེ་བསྲེགས་བྱས་ན། །མཚན་མོ་བདུན་ནི་ཚུན་ཆད་ཀྱིས། །བསྐྲད་འགྱུར་འདིར་ནི་ཐེ་ཚོམ་མེད། །དེ་ནས་དབྱེ་བ་བཤད་པར་བྱ། །སྨྱོ་བྱེད་མེ་ནི་འབར་བ་ལ། །ནིམ་པ་ཡི་ནི་ལོ་མ་དང ། །སྤྲུལ་གྱི་པགས་པར་བསྲེས་བྱས་ལ། །བྱ་རོག་དང་ནི་འུག་པ་ཡི། །ཚང་གི་ཤིང་དང་བཅས་པ་དག་།བརྒྱ་རྩ་བརྒྱད་དུ་བསྲེགས་ནས་ནི། །མཛའ་ཤེས་གཉེན་འདུན་བཅས་པ་དག་།སྐྱེ་བོ་ཐམས་ཅད་སྡང་བར་འགྱུར། །དེ་ནས་དགུག་པ་བཤད་བྱ་སྟེ། །བསྒྲུབ་བྱ་ཤིང་གི་སྟན་ལ་ནི། །རོལ་པར་བཅས་ཤིང་གཡོ་དང་བཅས། །རླུང་གིས་གདོང་ནི་སྟེང་དུ་ལྟ། །ལི་ཁྲི་ལྟ་བུའི་མདོག་ཏུ་བསམ། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །སྔགས་ཀྱི་མཐར་ནི་ཛ་བཟླས་ཏེ། །བསྒྲུབ་བྱའི་སྙིང་གི་པདྨ་དབུག་།བུད་མེད་ཡིན་ན་སྐྱེ་གནས་དབུག་ཁམས་གསུམ་འགྲུབ་པར་གདོན་མི་ཟ། །དེ་ནས་ཆོ་ག་གཞན་བཤད་པ། །དགུག་པ་ལ་སོགས་ཇི་བཞིན་འབྱུང ། །དུམ་བུ་གཅིག་པའི་ཐོད་པ་ནི། །གཟུགས་མཛེས་མ་ཆགས་མ་གས་ལ། །བསྒྲུབ་པར་བྱ་བའི་གཟུགས་བྲིས་ཏེ། །འདབ་མ་རློན་པ་བརྒྱ་ལ་ནི། །ཁྲག་དང་གོ་རོ་ཙ་ནར་བཅས། །དྷ་དུ་ར་ཡི་སྨྱུ་གུ་ཡིས། །སྔགས་ནི་མིང་དང་བཅས་པར་བྲི། །ཐོད་པའི་ནང་དུ་བཞག་
469b
ནས་སུ། །བསྒྲུབ་བྱ་དམར་པོ་རས་ཀྱིས་གཡོགས། །སྔགས་ཀྱི་ང་རྒྱལ་བསྒྱིངས་ནས་སུ། །འདབ་མ་རེ་རེ་བཟུང་ནས་ནི། །གོ་ལྡོག་སྙིང་པོའི་གསང་སྔགས་ནི། །ཟློས་ཤིང་འདབ་མ་ཐམས་ཅད་བསྲེགས། །ཡིད་ལ་བསམ་བཞིན་འགུགས་པར་འགྱུར། །དེ་ནས་གཞན་ཡང་ཙནྡན་ནི། །དམར་ལས་བསྒྲུབ་བྱའི་གཟུགས་བྱས་ལ། །རང་ཁྲག་གོ་རོ་ཙ་ནར་བཅས། །མིང་བྲིས་བསྒྲུབ་བྱའི་སྙིང་གར་གཞུག་།ཚ་བ་གསུམ་གྱིས་བྱུགས་ནས་སུ། །སྙིང་ག་ལྟེ་བ་གསང་བའི་གནས། །ཟངས་མའི་ཁབ་ཀྱིས་དབུགས་བྱས་ནས།། མཚན་ཕྱེད་ན་ནི་འདོད་བཞིན་འགུག་།གསེར་བཙག་གིས་ནི་སྐྱེ་གནས་ཀྱི། །གཟུགས་བྲིས་དེ་ཡི་སྟེང་དུ་ནི། །ལག་པ་གཡོན་པ་བཞག་བྱས་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ན་ནི། །གང་གི་མིང་ནས་གཟུང་གྱུར་པ། །དེ་ནི་དེ་མོད་འོང་བར་འགྱུར། །རླུང་གིས་བཙུགས་པའི་ཤིང་ལོ་ལ། །ཁཝ་ཡི་སྒོ་ཡི་སྨྱུ་གུ་ཡིས། །མིང་དང་བཅས་པའི་འཁྲུལ་འཁོར་ནི། །མཆི་མ་ལས་ནི་བྲིས་ནས་སུ། །གྱེན་དུ་ལྡང་བའི་ཚུག་པར་བསྐུར། །ཆོ་ག་དེས་ནི་བསྐྲད་པར་འགྱུར། །སྤྲེའུའི་རུས་པའི་ཕུར་བུ་ནི། །སོར་དྲུག་པ་ཡི་ཚང་དུ་བྱ། །སྔགས་ནི་ལན་བདུན་བཟླས་ནས་སུ། །གང་གི་ཁྱིམ་སྒོར་སྦས་ན་ནི། །དེ་ཡི་རིགས་ནི་ཆད་པར་འགྱུར། །བ་ལང་རྟ་དང་གླང་ཆེན་དང ། །བོང་བུ་རྔ་མོ་མ་ཧེ་ཡི། །
470a
༄#། །གནས་སུ་སྦས་ན་བརླག་པར་འགྱུར། །རླུང་གི་དཀྱིལ་འཁོར་ལ་གནས་པའི། །བསྒྲུབ་བྱ་རྔ་མོའི་སྟེང་དུ་བསྐྱོན། །གཅེར་བུ་མར་ཁུས་བྱུགས་པ་དང ། སྐྲ་གྲོལ་ཁ་ནི་ལྷོ་རུ་བལྟས། །སྐྱབས་མེད་དུ་ཞིང་བརྒྱལ་བར་བསམ། །མགྲིན་པ་ཞགས་པས་བཅིངས་ནས་སུ། །རྒྱབ་ནས་ཁྲོ་བོས་རྡེག་བྱེད་ཅིང ། ཁམས་གསུམ་གནོན་པའི་བསམ་པ་ཡིས། །མེ་ཡི་མཚམས་སུ་གདོང་བལྟས་སྟེ། །སྔགས་ཀྱི་མཐར་ནི་ཛ་བཟླས་ན། །ཇི་ལྟར་འདོད་བཞིན་འགྲུབ་པར་འགྱུར། །རྟ་དང་མ་ཧེར་ཞོན་པ་ཡིས། །དགྲ་བོ་ནང་ནི་ཕན་ཚུན་དུ། །མཚོན་ཆ་ཐོགས་ནས་ཁྲོས་ནས་ནི། །ཕན་ཚུན་དཔུང་དང་བཅས་པ་རུ། །འཐབ་མོ་བྱེད་པ་བསྒོམ་པར་བྱ། །སྔགས་པ་གཡུལ་དུ་ཁ་བལྟས་ཏེ། །དེ་ཡི་མིང་དང་སྤེལ་པ་ཡི། །ཡི་གེ་ར་ནི་བྲི་བར་བྱ། །གདོང་གི་སྟེང་དུ་བལྟས་པར་བསམ། །སྒྲུབ་པོ་རོ་ཡི་སྟེང་དུ་ནི། །རྡོ་རྗེ་སྐྱིལ་ཀྲུང་མི་གཡོར་གནས། །དེ་ཡིས་བསྒྲུབ་བྱ་མནན་ནས་སུ། །ལུས་དང་ངག་ནི་གཟིར་བར་བྱ། །སྔགས་ནི་མིང་དང་སྤེལ་བ་རུ། །སྔ་མ་བཞིན་དུ་བཟླ་བར་བྱ། །བཅིང་བའི་ཆོ་གའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ལས་ཐམས་
470b
ཅད་ཀྱི་བསམ་གཏན་འབྱུང་བ་དང ། སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་ཅུ་རྩ་གསུམ་པའོ།། །།དེ་ནི་སྦྱིན་སྲེག་ཆོ་ག་གཞན། །རབ་ཏུ་བཤད་ཀྱི་ལྷ་མོ་ཉོན།། སྒེག་པ་འམ་ནི་གཞན་ཡང་རུང ། །རྨ་མེད་ཤིན་ཏུ་མཛེས་པ་ནི། །འབྱུང་པོའི་ཉིན་ཞག་ལ་རྙེད་པ། །སྒྲུབ་པོས་སྔར་བཤད་བཞིན་བསྒྲུབས་ན། །དངོས་གྲུབ་ཐམས་ཅད་རབ་ཏུ་འགྲུབ། །ཟླ་མཚན་ཕྱིས་པའི་རས་མ་ནི། །བྱི་ལའི་རྟུག་པར་བཅས་པ་དག་།ཞིབ་ཏུ་བརྡུངས་པས་བདུག་པ་བྱ། །བདུག་པ་འདི་ཡིས་སྒྲུབ་པ་པོ། །ཤིན་ཏུ་བྱིན་གྱིས་རློབ་པར་འགྱུར། །ཁྱི་མོ་ནག་མོའི་འོ་མ་དང ། །མ་ཤ་འབྲས་བུ་བཅས་པ་ལས། །འོ་ཐུག་བྱས་ཏེ་རོ་ཡི་ཁར། །འཇིགས་པ་མེད་པར་སྦྱིན་སྲེག་བྱ། །དེ་ནས་རོ་དེ་ལངས་ནས་ནི། །ཅི་བགྱི་ཞེས་ནི་སྨྲ་འགྱུར་ཏེ། །རིལ་བུ་མིག་སྨན་དངོས་གྲུབ་དང ། རྐང་བྱུག་རལ་གྲི་དེ་བཞིན་ཏེ། །གཏེར་དང་དགྲ་བོ་ཚར་གཅོད་དང ། །གནོད་སྦྱིན་མོ་དང་བཅུད་ཀྱིས་ལེན། །གང་བསླངས་གཅིག་ནི་བྱིན་ནས་སུ། །འགྲོ་བར་འགྱུར་གྱི་གཞན་དུ་མིན། །དཔའ་བོ་རྣམས་དང་རྩེ་འགྱུར་བ། །གཞན་དག་ཏུ་ནི་ང་མི་སྨྲ། །དེ་ནས་རོ་ལངས་ཆེན་པོ་ཡི། །སྒྲུབ་ཐབས་གཞན་ནི་བཤད་པར་བྱ། །སྔར་བསྟན་མཚན་ཉིད་ལྡན་པ་ཡི། །རོ་ནི་མཛེས་པ་བཟུང་ནས་ནི། །རྣལ་འབྱོར་ཆེན་པོར་ལེགས་གནས་པ། །མཚན་ཕྱེད་ན་ནི་བསྒོམས་ནས་སུ། །དེ་ཡི་ཤ་ནི་
471a
༄#། །དམར་ཆེན་བཅས། །སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། །དཔལ་ལྡན་རྡོ་རྗེ་ཕག་མོ་ནི། །མཁའ་འགྲོ་མ་ཡིས་བསྐོར་གྱུར་ཅིང ། །རོ་ལངས་སྲིན་པོ་དུ་མས་བསྐོར། །ཧ་ཧར་བཞད་པས་འཇིགས་བྱེད་པ། །དེར་ནི་དྲུང་དུ་འོང་བར་འགྱུར། །ལྕེ་སྤྱང་བརྒྱ་ཕྲག་མང་པོ་ནི། །བསྐོར་ནས་འཇིགས་པའི་སྒྲ་སྒྲོག་བྱེད། །དེ་མཐོང་འཇིགས་པར་མི་བྱ་སྟེ། །སྔགས་ཀྱིས་བསྒྱིངས་པའི་ལུས་སུ་བྱ། །རྡོ་རྗེ་བརྟུལ་ཞུགས་བདག་ཉིད་སེམས། །ཀྱེ་ཧོ་དཔའ་བོ་ཆེན་པོ་ལེགས། །ལྷ་མོ་དེ་སྐད་བརྗོད་ནས་ནི། །སྒྲུབ་པོ་ཡིད་ལ་གང་འདོད་པའི། །དངོས་གྲུབ་བརྒྱ་ཡང་སྟེར་བར་འགྱུར། །རྣལ་འབྱོར་མ་ཡིས་ཡོངས་བསྐོར་ཏེ། །དཔའ་བོ་རང་གི་གནས་སུ་འགྲོ། །དེ་ནི་དེ་ཡི་མོད་ལ་ཡང་།། ལྷ་ཡི་ལུས་སུ་གྱུར་ནས་ནི། །ཁམས་གསུམ་ཀུན་ཏུ་རྒྱུ་བར་འགྱུར། །དཔའ་བོ་འདོད་པའི་གཟུགས་ཅན་ཏེ། །སྐལ་བཟང་དེ་བཞིན་གཤེགས་པ་འདྲ། །རྟག་ཏུ་ནམ་མཁར་འཕུར་བ་དང ། །རྒ་དང་འཆི་བ་རྣམ་པར་སྤོང ། །ས་གཞི་ཀུན་ཏུ་རྒྱུ་འགྱུར་ཞིང ། །ཇི་ལྟར་འདོད་བཞིན་དངོས་གྲུབ་འཇུག་།དེ་ནས་ཉོན་མོངས་ཞི་བྱ་དང ། །ཏིང་ངེ་འཛིན་ནི་རྒྱས་བྱའི་ཕྱིར། །རང་གི་ལྷ་ཡི་སྦྱོར་བར་གནས། །ནང་གི་སྦྱིན་སྲེག་བརྩམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྟག་ཏུ་བསམ་པར་བྱ། །འོད་ཟེར་
471b
ཕྲེང་བ་འཁྲུགས་ཤིང་དྲག་།འོད་ཀྱི་དཀྱིལ་འཁོར་ཕྲེང་བ་ཅན། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ནི། །སྟོང་གསུམ་སྟོང་གི་རྡུལ་མཚུངས་པ། ཁ་དོག་དཀར་ལ་སོགས་བཀུག་སྟེ། །ལུས་མཆོག་དེ་ལ་གཞུག་པར་བྱ། །འདི་ནི་ཞི་བའི་སྦྱིན་སྲེག་ཡིན། །རྒྱས་ལ་བྱང་ཆུབ་སེམས་དཔའ་དགུག་།རེངས་པའི་གཟུགས་སུ་ལྷག་པར་མོས། །ཤིན་ཏུ་ཉོན་མོངས་ཟད་བྱའི་ཕྱིར། ཁྱད་པར་ཁྲོ་བོའི་གཟུགས་སུ་བྱ། །སྣ་ཚོགས་རྗེས་སུ་ཆགས་བྱའི་ཕྱིར། །བུད་མེད་ཀྱི་ནི་གཟུགས་སུ་བསམ། །འདི་ནི་ནང་གི་སྦྱིན་སྲེག་ཏུ།། སྒྲུབ་པོ་ཀུན་ལ་བསྟན་པ་ཡིན། །ཕུང་པོ་ལ་སོགས་བུད་ཤིང་ནི། །ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ལྟེ་བའི་དཀྱིལ་འཁོར་ནས་འབར་བ། །ཡེ་ཤེས་མེ་ལ་བསྲེག་པར་བྱ།། ཚངས་པའི་མེ་ནི་སྐེད་པར་གནས། །ལ་ལ་ནཱ་ནི་དགང་གཟར་ཏེ། །ར་ས་ནཱ་ནི་བླུག་གཟར་ཁ། །དབྱུག་པ་རྡོ་རྗེ་རིན་ཆེན་འོག་།རང་གི་རྡོ་རྗེ་མཐའ་ཡི་བར། །ཐོད་པ་བསྲེག་རྫས་སྣོད་ཡིན་ཏེ། །རྫས་རྣམས་ཐམས་ཅད་བསྲེག་པར་བྱ། །འདི་ནི་བླ་མེད་སྦྱིན་སྲེག་གི་།གོ་ཆའི་རིམ་པ་ཉིད་ཡིན་ཏེ། །ལྷ་མོ་ཁྱོད་ལ་བཤད་པ་ཡིན། །དེ་ལྟར་བྱས་ན་ཏིང་འཛིན་ནི། །ཉམས་པར་མི་འགྱུར་བརྟན་འགྱུར་བར། །རྒྱུད་རྣམས་ཀུན་ལས་ཐུན་མོང་དུ། །ཆོ་ག་འདིས་ནི་རབ་ཏུ་གྲགས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་
472a
༄#། །བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། རོ་ལངས་སྒྲུབ་པ་དང ། ནང་གི་སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བཞི་པའོ།། །།བགྲང་ཕྲེང་ཆོ་ག་ཇི་བཞིན་དུ། །རབ་ཏུ་བཤད་ཀྱི་ལྷ་མོ་ཉོན།། ཡང་དག་ཆོ་ག་གང་གིས་ནི། །འདི་ནི་གྲུབ་འགྱུར་ཐེ་ཚོམ་མེད། །ཤེལ་དང་ཉ་ཕྱིས་མུ་ཏིག་དང ། ཁམས་ཀུན་ལ་སོགས་གཞན་ཡང་རུང ། །དུང་དང་ལུང་ཏང་མུ་མེན་ནི།། ཚེ་དང་ནད་མེད་འཕེལ་བར་བྱེད། །གསེར་དང་དེ་བཞིན་དངུལ་དང་ནི། ཁྱད་པར་པདྨའི་ས་བོན་དང ། །རིན་ཆེན་ཕྲེང་བ་མཛེས་པ་ནི། །མཁས་པ་ཡིས་ནི་བགྲངས་ནས་སུ།། རྒྱལ་སྲིད་ཕྱིར་ནི་སྔགས་བཟླས་ན། །དཔལ་ཆེན་མྱུར་དུ་ཐོབ་པར་འགྱུར། །གུར་གུམ་ལ་སོགས་དྲི་དང་ནི། །ཁྱད་པར་དུ་ཡང་བྱི་རུ་དང ། །ཙནྡན་དམར་པོ་དངུལ་ལ་སོགས། །སྒྲུབ་པ་པོ་ཡིས་རིལ་བུ་བྱ། །ཞེན་ཅིང་རྗེས་སུ་ཆགས་པ་མཆོག་།སྒྲུབ་པ་པོ་ལ་འབྲས་བུ་སྟེར། །རུ་རག་ལུང་ཏང་ས་བོན་དང ། །མི་ཡི་རུས་པ་དེ་བཞིན་ཏེ། ། དྲག་པོའི་ལས་ལ་སྦྱར་བར་བྱ། ཁྱད་པར་དུ་ནི་མངོན་སྤྱོད་ལ་རྡོ་རྗེ་རྒྱས་དབང་དང་མངོན་སྤྱོད་ལ། །བུ་ཏྲཾ་ཛི་བ་ལས་ཀུན་བྱེད། །སྔགས་མཉེས་པར་ནི་ལྔ་བཅུ་སྟེ། །རྗེས་
472b
སུ་ཆགས་པར་དེ་ཡི་ཕྱེད། །ཞི་བ་ལ་ནི་བརྒྱ་ཡིན་ཏེ། །རྒྱས་ལ་བརྒྱད་ནི་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ལས་ཀྱི་བྱེ་བྲག་གིས་ནི་སྦྱར། །ལས་ཀྱི་བྱེ་བྲག་ཇི་བཞིན་དུ། །བགྲང་བའི་ཕྲེང་བ་རྣམས་ནི་བྱ། །གསེར་གྱི་སྐུད་པས་བརྒྱུ་བར་བྱ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །ཡང་ན་རས་བལ་སྐུད་པ་ནི། །བུ་མོ་གཞོན་ནུ་གཟུགས་མཛེས་ཤིང ། ། ཡན་ལག་ཤིན་ཏུ་རྫོགས་པ་དང ། །བློ་གྲོས་ལྡན་ཞིང་ངག་འཇམ་སྨྲ། །དེ་ཡིས་བཀལ་བའི་སྐུད་པས་བརྒྱུ། །སྔགས་ཀྱི་དངོས་གྲུབ་གྲོལ་བར་འགྱུར། །རིལ་བུ་རྣམས་ནི་དགྲ་བཅོམ་སྟེ། །སྟེང་མ་མཆོད་རྟེན་དུ་ནི་བརྟག་།མཆོད་རྟེན་ཆོས་ཀྱི་དབང་པོ་བས། །ཆོས་ཀྱི་དབྱིངས་ནི་དབུས་སུ་བྱ། །བསྐྲད་ལ་བྱ་རོག་སྤུ་དང་ནི། །བོང་བུ་རྔ་མོའི་སྡུ་ལས་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །ཕན་ཚུན་སྡང་བའི་སྐུད་པར་བྱ། །དུར་ཁྲོད་སྐྲ་ཡི་སྐུད་པ་དང ། །ཁྱི་ཡི་སྤུ་དང་བསྲེས་ཏེ་བཀལ། །དྲག་པོའི་ལས་ལ་ཁྱད་པར་དུ། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །ཞི་བ་ལ་ནི་མཛུབ་མོར་གཞག་།རྒྱས་ལ་གུང་མོར་དག་ལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །མཐའ་མ་ལ་ནི་མངོན་སྤྱོད་བྱ། །མཐེ་བོ་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུག་པར་བསམ། །ཤིན་ཏུ་མཉམ་བཞག་སྔགས་བཟླས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་
473a
༄#། །བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །བཟླས་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།དེ་ནས་པདྨར་རྡོ་རྗེ་བཅུག་པ་བསྐྱོད་ཅིང་གར་བྱས་ཏེ་བཅོམ་ལྡན་འདས་ལ་ལྷ་མོས་འདི་སྐད་ཅེས་གསོལ་ཏོ། །གཙུག་ལག་ཁང་དང་ཁང་བཟང་དང ། །མཆོད་རྟེན་དཀྱིལ་འཁོར་གྲོང་ཁྱེར་དང ། ཁྱིམ་དང་ལྡུམ་ར་ལ་སོགས་པ། །ལྟོ་འཕྱེའི་ལྟོ་བར་བརྐོ་བ་དང ། །སློབ་མ་ས་གཞི་གཟུང་བ་དང ། །བུམ་པ་སྟ་གོན་གནས་པ་ཉིད། །སྲུང་བའི་ཆོ་ག་སྔོན་འགྲོ་བའི། །ལྷ་དང་སློབ་མ་སྟ་གོན་བཅས། །ཡེ་ཤེས་སྐུད་པ་ཚོན་རྩི་རྣམས། །མདོར་བསྡུས་ནས་ནི་བཤད་དུ་གསོལ། །སློབ་མ་ཡི་ནི་ཆོ་ག་དག་།ཇི་བཞིན་བཤད་ཀྱི་ལྷ་མོ་ཉོན། །སྔར་བཤད་མཚན་ཉིད་ལྡན་པ་དང ། །ཡེ་ཤེས་ཡོངས་སུ་རྫོགས་པའི་ལུས། །སེམས་ཅན་དོན་བརྩོན་སེམས་ཀྱིས་ནི། །དངོས་པོ་ཀུན་གྱིས་གསོལ་བ་གདབ། །སླར་ཡང་དཀྱིལ་འཁོར་བྲི་བའི་ཕྱིར། །སློབ་མ་ཡིས་ནི་བླ་མ་ལ། །ཡང་དང་ཡང་དུ་གསོལ་བར་བྱ། །གསོལ་ནས་བླ་མས་སྨྲ་བྱ་སྟེ། །ཡོ་བྱད་ཐམས་ཅད་འབྱོར་རམ་ཅི། །ཅུང་ཟད་ཅིག་ནི་འབྱོར་གྱུར་ལ། ཁ་ཅིག་དག་ནི་མ་
473b
འབྱོར་ཅེས། །སྨྲ་ན་སློབ་དཔོན་བདག་ཆེན་གྱིས། །དེ་ཡི་སེམས་ནི་བརྟག་པར་བྱ། །བརྟན་པ་ལ་ནི་བརྟན་པར་ཏེ། །གཡོ་བ་ལ་ནི་གཡོ་བ་རུ། །འདྲེན་མ་ལ་ནི་འདྲེན་མར་ཤེས།། སློབ་མ་ཡི་ནི་རྐང་མཐིལ་དུ། །གཞུ་འདྲའི་རླུང་གི་དཀྱིལ་འཁོར་བསམ། །ལྟེ་བར་ཡེ་ཤེས་མེ་འབར་བ། །དེ་ཡི་འོད་ཟེར་སྙིང་གར་འབར། །འབར་བས་ཀུན་ནས་འཁྲིགས་པར་བསྒོམ། །པཾ་ལས་བྱུང་བའི་མི་སྡུག་གཟུགས། །སྡིག་ནི་སྣ་ཡི་སྒོ་ནས་དབྱུང ། །དེ་ནས་ཁྲོ་བོའི་གཟུགས་བསྒོམས་ལ། །དེ་ནི་ཀུན་ནས་ཟ་བར་བསྒོམ། །ོཾ་བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧ་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ད་ཧ་བྷ་སྨཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ། བསྒྲུབ་བྱ་ལྷ་གཟུགས་བསྐྱེད་ནས་སུ། །སྲུང་བ་དག་ནི་དགོད་པར་བྱ། །དཀྱིལ་འཁོར་ཆོ་ག་ཇི་བཞིན་དུ། །བརྟག་པ་རུ་ནི་སུ་ཡིས་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་དག་ནི་བརྟགས་ན་འགྲུབ། །གྲོང་དང་དུར་ཁྲོད་ཚོང་དུས་དང ། །ཚལ་དང་ལྷ་ཁང་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་གཞི་ཤིས། །ལྷོ་དང་ནུབ་ཕྱོགས་དེ་ལྟ་མིན། །གཙུག་ལག་ཁང་གི་གནས་ཁང་དང ། །ཚལ་དང་རི་རྩེ་རྡོ་ལེབ་དང ། ཁང་བཟང་གི་ནི་སྟེང་ཕྱོགས་དང ། །དུར་ཁྲོད་དང་ནི་ལྷ་ཡི་ཁྱིམ། །ས་ཡི་ཆ་ནི་ཇི་སྙེད་པ། །རྒྱུད་རྣམས་ཀུན་ལ་བསྔགས་པ་ཡིན། །ས་ཡི་མཚན་ཉིད་ཤེས་པར་བྱ། །ཡང་ན་ཡིད་ནི་གར་དགའ་བར། །དེ་རྣམས་སུ་
474a
༄#། །ནི་དཀྱིལ་འཁོར་བྲི། །དམན་སོགས་དངོས་གྲུབ་བྱེ་བྲག་གིས། །པུས་མོ་ཆུ་སོ་ལྟེ་བའི་བར། །བརྐོས་ལ་ཕུབ་མ་རྡོ་དང་ནི། །གཡོ་མོ་སོལ་བ་ཟུག་རྔུ་དང ། །ཚེར་མ་ལ་སོགས་བསལ་ལ་བཅག་།ཕྱི་ནས་མཐོ་གང་ཚད་དུ་བརྐོ། །དེ་ནི་ཆུ་ཡིས་རབ་བཀང་ལ། །ཤར་དུ་བལྟས་ཏེ་གོ་མ་བརྒྱར་འགྲོ། །སླར་ལོག་ལས་ནི་བརྟག་པར་བྱ། །ཆུ་ནི་གང་བར་གནས་ན་ཤིས། །བསྐམས་ན་སྔགས་པས་སྤང་བར་བྱ། །སྔོན་དུ་འབྲུ་ལ་སོགས་པ་གཞུག་།དེ་ལྟར་ས་ཡི་ཆ་སྦྱངས་ལ། །ལཾ་གྱི་ས་བོན་ལས་བྱུང་བའི། །གོས་དང་རྒྱན་གྱིས་རྣམ་པར་ཀླུབས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །འོད་ཟེར་སེར་པོ་ཀུན་ཏུ་འབར། །ས་ཡི་ལྷ་མོ་ལག་པ་ན། །གསེར་གྱི་བུམ་པ་ཐོགས་པ་ནི། །ལུས་ཕྱེད་ས་ལ་གནས་པ་རུ། །བལྟས་ཏེ་ལག་པ་གཡས་པ་ནི། །ས་ལ་རེག་ནས་བསྐུལ་བར་བྱ། །ོཾ་ཨེ་ཧྱེ་ཧི་མ་ཧཱ་དེ་བི་པྲྀ་ཐི་བཱི་ལོ་ཀ་མཱ་ཏེ།་སརྦ་ར་ཏྣ་སཾ་པཱུརྞ་དི་བྱ།་ཨ་ལངྐཱ་ར་བྷུ་ཥི་ཏེ་ཧཱ་ར་ནཱུ་པུ་ར་ནི་རྒྷོ་ཥ་བཛྲ་ས་ཏྭ་པྭ་པའ་ཛི་ཏ་གྲྀ་ཧཱི་ཏྭ། ཨི་དཾ་ཨརྒྷཾ་ཨསྨིནྶ་ནྣི་ཧི་ཏོ་བྷ་བ་ཧྲཱིཿ ། ཧི་ཧི་ཧི་ཧི་སཝཱཧཱ། མེ་ཏོག་དྲི་ལ་སོགས་མཆོད་ནས། །དེ་ཉིད་དུ་ནི་ཐིམ་པར་བསམ། ཁང་བཟང་རྡོ་ལེབ་གཞི་དང་ནི། །གཙུག་ལག་ཁང་དང་ཞབས་ཀྱིས་བཅགས། །བ་ལང་ལྷ་ས་དང་རྒྱ་མཚོའི་འགྲམ།།
474b
ལག་པ་ས་ལ་བཞག་ནས་སུ། །རང་གི་སྙིང་པོ་བརྒྱད་བརྒྱར་བཟླ། །དེར་ནི་བརྐོ་སོགས་བྱ་མི་དགོས། །དེ་ལྟར་སྦྱངས་པའི་ས་གཞི་ལ། །དཀྱིལ་འཁོར་དང་ནི་རྗེས་མཐུན་པའོ།། རིན་ཆེན་ལ་སོགས་བཞི་འགྱུར་གྱི། །དཀྱིལ་འཁོར་གྱི་ནི་ཁང་པ་བྱ། །ོཾ་ཨཱཿ ་ལཾ་ཧཱུཾ་ཞེས་བརྗོད་ནས། །ས་འོག་རྡོ་རྗེའི་དངོས་པོར་བྱ། །ོཾ་མེ་དི་ནི་བཛྲི་བྷ་བ་ཧཱུཾ། ཁུང་ནི་རིམ་པ་འདི་ཡིས་དགང ། །དེ་དབུས་ཁྲོ་བོ་ཆེན་པོ་ནི། །བསྐལ་པའི་མེ་ལྟར་འབར་བ་བསྒོམ། །དེ་ནས་ཁཝ་ཡི་གདོང་སོགས་ནི། །སྟེང་ནི་ཁྲོ་མོའི་གཟུགས་ཅན་ལ། །ལྟེ་བ་མན་ཆད་རྩེ་གཅིག་པ། །རྡོ་རྗེ་ཡི་ནི་གཟུགས་སུ་སྤྲོ། །བགེགས་ཀྱི་ཚོགས་ལ་འོག་གཟིགས་པའི། །བསྒྱིངས་བཅས་སྔགས་ནི་ཟློས་བཞིན་དུ། །དེ་རྣམས་སྙིང་གར་གདབ་པར་བྱ། །ོཾ་བཛྲ་ཌཱ་ཀི་ནཱི་སརྦ་བིགྷྣཱན་ཨ་ནུ་ཙྪེ་ད་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་ནས་སྔར་བསྟན་ས་དབུས་སུ། །རྡོ་རྗེ་འཛིན་ཆེན་སྦྱོར་བ་ཡིས། །བདག་ཉིད་ཉེ་བར་གནས་ནས་ནི། ། ནམ་མཁའ་དང་ནི་མཚུངས་པར་བསྒོམ། །དོན་དམ་ལ་ནི་ལྟ་བ་སྟེ། །འདི་ནི་སྲུང་བའི་དམ་པ་མཆོག་།གང་ཞིག་སྲུང་བའི་ཆོ་ག་ཀུན། །འདི་ཉིད་དུ་ནི་བརྟགས་པ་ཡིན། །དེ་ནས་རྡོ་རྗེ་མདའ་ཡི་ནི། །དྲ་བ་རྡོ་རྗེ་ར་བ་དང ། །རྡོ་རྗེའི་རང་བཞིན་ས་རུ་བྱ། །རྒྱལ་པོ་ཆེན་པོར་བསྒྱིངས་བྱས་ལ། །དཀྱིལ་འཁོར་ས་ལ་ཧཱུཾ་ཞེས་བརྗོད། །རྡོ་རྗེའི་འགྲོས་ཀྱིས་ཀུན་
475a
༄#། །ཏུ་བསྐོར། །བདུད་རྩི་ལྔས་ནི་ཀུན་ཏུ་བྱུག་།དེ་བཞིན་གཤེགས་པའི་གནས་རྣམས་སུ། །ཙནྡན་སོགས་པས་གྲུ་བཞིར་བྱ། །ཕལ་པ་ཡི་ནི་གནས་རྣམས་སུ། །སོ་སོར་ཟླུམ་པོར་བྱས་ནས་ནི། །ལྷ་ཡི་འཁོར་ལོ་ཆོ་ག་བཞིན། །མེ་ཏོག་སོགས་པས་མཆོད་པར་བྱ། །དེ་ནས་རིན་ཆེན་གསེར་དང་དངུལ། །ཟངས་སམ་འཇིམ་པ་དག་ཀྱང་རུང ། །ཇི་ལྟར་འབྱོར་པའི་རྗེས་མཐུན་པར། །བུམ་པ་དག་ནི་བྱ་བ་སྟེ། །རྩ་བ་ནག་པོ་ལ་སོགས་སྤངས། །ལྟོ་ཡངས་བུམ་པ་བཟང་པོའི་དབྱིབས་དང་།། བྱ་གྷྲི་སེང་གྷྲི་དབྱུག་པ་ཡི། །ུཏྤ་ལ་དང་གཞན་མི་ཐུབ། །ས་ཧ་དེ་བའི་སྨན་ཆེན་བཅས། །གསེར་དང་དངུལ་དང་མུ་ཏིག་དང ། །མུ་མེན་བྱི་རུ་རིན་ཆེན་ལྔ། །ཏིལ་དང་ནས་དང་གྲོ་དང་ནི། །མོན་སྲན་གྲེའུ་དང་མུད་ཀར་བཅས། །ག་པུར་ཙནྡན་དམར་པོ་སོགས། །སྨན་གྱི་ཆུ་ཡིས་དགང་བར་བྱ། །དེ་ལྟར་དམ་ཚིག་ཆེན་པོ་ཡི། །མེ་ཏོག་ཆུ་དང་ལྡན་པར་བྱ། །དངོས་པོ་རང་བཞིན་དག་པའི་ཕྱིར། །ཡིད་འོང་མི་འོང་བརྟག་མི་བྱ། །དངོས་ཀུན་རྟོག་པ་ལས་བྱུང་བས། །ཡིད་འོང་མི་འོང་དཔྱད་མི་བྱ། །རྫས་ཀྱི་ནུས་པ་བསམ་མི་ཁྱབ། །སངས་རྒྱས་ཉིད་དུ་འབབ་བར་འགྱུར། །དཔེར་ན་སྤ་ཡི་ལྕ་བ་ནི། །དཀར་པོ་ནག་པོ་རྣ་བ་དང ། །དཔྲལ་བར་བྱུགས་པས་བུད་མེད་ཀྱི། །ཟླ་མཚན་འཛག་
475b
བཞི་བར་འགྱུར། །གླང་ཆེན་གཅིན་དང་ག་བཀྵ། །དཀར་པོའི་ས་བོན་མིག་བསྐུས་ན། །ལྟོ་ནི་འཁྲུ་བར་འགྱུར་པ་བཞིན། །འདིར་ཡང་ཡོ་བྱད་ཁྱད་པར་ཅན། །སྦྱངས་ལ་ཉེ་བར་སྤྱོད་པ་ཡིས། །ཁྱད་པར་འབྲས་བུ་ཐོབ་པར་འགྱུར། །དཔེར་ན་སྔགས་ཀྱིས་སྦྱངས་པའི་དུག་།ཟོས་པས་ནད་རྣམས་ཐམས་ཅད་ནི། །འཇོམས་ཤིང་བཅུད་ལེན་ཉིད་དུ་འགྱུར།། དེ་བཞིན་འདིར་ཡང་བརྟག་པར་བྱ། །ཐམས་ཅད་རང་རང་མཚན་མ་དང ། །སོ་སོའི་སྔགས་ཀྱིས་མངོན་པར་བཟླ། །མཚན་མར་རང་རང་མདོག་ཏུ་བྱ། །མགྲིན་པར་རས་ཟུང་གསར་པས་དཀྲི། །ཁ་ནི་ཤིང་ལོ་གསར་པས་དགབ། །ཀུ་ཤའི་ཆུན་པོ་འོག་ཏུ་གདིང ། །ཁ་དོག་བཙོས་པའི་སྐུད་པས་བརྒྱན། །ལྷག་པར་གནས་ཤིང་མཆོད་བྱས་ནས། ། བདུག་སྤོས་དག་ནི་ཕུལ་ནས་སུ། །འཁོར་ལོའི་དབུས་སུ་གཞག་པར་བྱ། །དེ་ནས་པུས་མོ་གཡས་པ་ནི། །ས་ལ་བཙུགས་ཏེ་སྤྱིས་གཏུགས་ལ། །འདི་སྐད་བརྗོད་དེ་མཁྱེན་པར་གསོལ། །དཀྱིལ་འཁོར་ཐུགས་རྗེའི་རང་བཞིན་ཅན། །སློབ་མ་རྣམས་ལ་བརྩེ་བ་དང ། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་ནི་དེ་རིང་འབྲི་བར་འཚལ། །ཇི་བཞིན་རེ་བ་བསྐང་བ་དང ། །སེམས་ཅན་རྣམས་ལ་སྨན་སླད་དུ། །མགོན་པོས་གུས་ལྡན་བདག་ལ་ནི། །བཀའ་དྲིན་དག་ནི་གནང་བར་གསོལ། །དེ་ལྟར་ལན་གསུམ་བརྗོད་བྱ་
476a
༄#། །ཞིང ། །བུམ་པ་སྟ་གོན་གནས་ནས་སུ། །སངས་རྒྱས་འཇིག་རྟེན་མགོན་པོ་རྣམས། །དེ་རིང་བདག་ལ་བརྩེ་བར་དགོངས། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང ། །གང་ཞག་སྔགས་ཀྱི་ལྷ་རྣམས་དང ། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང ། །བསྟན་པ་ལ་ནི་དགའ་བ་ཡི། །འབྱུང་པོ་རྫུ་འཕྲུལ་ཆེན་པོ་དང་།། གང་ཡང་ལྷ་ཡི་སྤྱན་ཅན་རྣམས། །རྡོ་རྗེ་ཅན་བདག་འདི་ཞེས་བྱས། །དཀྱིལ་འཁོར་དགེ་བ་འདི་ཞེས་པ། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །དེ་རིང་འབྲི་བར་འཚལ་ལགས་ན། །དཀྱིལ་འཁོར་དང་ནི་བཅས་པ་ཡི། །བདག་དང་སློབ་མའི་ཚོགས་བཅས་ལ། །ཀུན་གྱིས་བྱིན་རློབས་ཉེ་བར་བཞུགས། །ཆོ་ག་བཞིན་དུ་ལན་གསུམ་བརྗོད། །དེ་ནས་གསར་པ་ལེགས་པར་བསྒྲིལ། །ཚད་ལྡན་ཤིན་ཏུ་མཛེས་པ་ཡི། །སྐུད་པས་ཤེས་རབ་ཅན་ཐིག་གདབ། །ཆོ་ག་བཞིན་དུ་མེ་ཏོག་མཆོག་།ཉི་ཤུ་རྩ་ལྔར་ཕྱེ་བ་ཡི། ། སྐུད་པ་དག་ནི་བརྐྱང་བར་བྱ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་སྐུད་བརྐྱང་བའི་རིམ་པ་འདིས། །དཀྱིལ་འཁོར་དག་ནི་ཆ་བརྒྱད་བྱ། །ཕྱེད་ནི་ལེགས་པར་བསྔོགས་ནས་སུ། །ཐིག་གདབ་ཆོ་གར་བརྩམ་པར་བྱ། །གཡོན་པའི་རྡོ་རྗེ་ཁུ་ཚུར་ནི། །ལྟེ་བར་བཞག་སྟེ་གཟུང་བར་བྱ། །དེ་ཡི་འོག་ཏུ་ཅི་བདེར་བྱ། །སྔགས་པ་ཤར་དུ་ཁ་བལྟས་ཏེ།།
476b
ཕྱོགས་ཀུན་མཉམ་པར་དམིགས་ནས་སུ། །མཉམ་ཞིང་ཚད་དང་ལྡན་པ་རུ། །ཚངས་པའི་ཐིག་གཉིས་བྲི་བར་བྱ། །མེ་མཚམས་གནས་ཏེ་རླུང་དང་ནི། །བདེན་བྲལ་གྲཝར་གནས་དབང་ལྡན་དུ། །སྔགས་པ་ཤར་དང་ལྷོར་བལྟས་ལ། །སྐུད་པ་དག་ནི་གདབ་པར་བྱ། །འདི་ནི་སློབ་དཔོན་སློབ་མ་དག་།གཡས་ཕྱོགས་སུ་ནི་བསྐོར་བར་བྱ། །སློབ་མ་མེད་ན་རང་ཉིད་ཀྱིས།། ཕུར་བུར་བཏགས་ཏེ་བྲི་བར་བྱ། །ཉིས་འགྱུར་བྱས་ཏེ་ཕུར་བུར་གདབ། །ནང་གི་འཁོར་ལོ་རྡོ་རྗེ་ར། །འོད་ཀྱི་དཀྱིལ་འཁོར་རིམ་གཉིས་སུ། །དབང་ལྡན་མཚམས་ནས་བཙམས་ནས་ནི། །གཡས་བསྐོར་དུ་ནི་སྐུད་པ་བསྐོར། །སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་རུ། །མུ་ཁྱུད་མེད་པར་འདོད་པ་ལས། །སྒོ་ཡི་ཚད་ཀྱིས་སྒོ་ཁྱུད་དེ། །དེ་ཡི་ཕྱེད་ཀྱིས་འགྲམ་པ་བྱ། །སྒོ་ཡི་སུམ་འགྱུར་ཏྭ་ར་ཎ། །བ་དན་དྲིལ་བུར་ལྡན་པ་ཡིན། །རྒྱལ་མཚན་བ་དན་རི་དྭགས་བཅས། །ཁ་ཁྱེར་ཚད་དང་ལྡན་པར་བྱ། །ཏྭ་ར་ཎ་ཡི་ཕྱི་རོལ་དུ། །ཚོན་གྱིས་ཡི་ཉིས་འགྱུར་དུ། །ཕྱི་ཡི་འོད་ཀྱི་དཀྱིལ་འཁོར་བྱ། །འཁོར་ལོ་དེ་ཡི་ཕྱི་རོལ་ཏུ། །ཤིང་ལ་སོགས་པའི་དུར་ཁྲོད་བྱ། །གཞན་ཡང་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བརྟག་།ཐིག་སྐུད་ཆད་ན་སློབ་དཔོན་འཆི། །དམན་དང་ལྷག་པས་ནད་འབྱུང་སྟེ། །ཕྱོགས་ནི་འཁྲུལ་ན་སློབ་མ་མྱོས། །དེ་བས་སྐྱོན་མེད་ཤེས་པར་བྱ། །ཡེ་ཤེས་ཐིག་སྐུད་གཤེགས།
477a
༄#། །གསོལ་ནས། །དེ་ནས་ལས་འདི་བརྩམ་པར་བྱ། །འདོད་དང་ཐར་པ་རབ་སྟེར་བའི། །ཚོན་རྩི་དག་ནི་བསྐྱེད་པར་བྱ། །དཀར་དང་སེར་དང་དམར་དང་ལྗང ། །ཀུན་གྱི་ནང་རོལ་ནག་པོ་རུ། །ཚོན་གྱི་ཆ་ནི་རིམ་བཞིན་དགྱེ། །དེ་ནས་སློབ་མས་ཅི་དགར་དགྱེ། །ཚོན་རྩི་རེ་རེའི་ཞེང་དུ་ནི། །སྒོ་ཡི་ཉི་ཤུ་ཆ་ཡི་ཚད། །གལ་ཏེ་ཚོན་རྩི་མི་མཉམ་ཞིང ། །ཡོ་དང་དམའ་བར་གྱུར་ན་ནི། །རི་མོ་དམའ་བས་དངོས་མི་འགྲུབ། །ཡོན་པོ་གདུང་བ་སྐྱེད་བྱེད་པས། །དཔངས་ནི་མཐེའུ་ཆུང་གང་ཙམ་དུ། །མཐོ་ཞིང་དྲང་བ་བྲི་བར་བྱ། །དེ་ལ་སྦོམ་ན་ནད་འབྱུང་སྟེ། །དམའ་ན་ནོར་ནི་ཟད་པར་འགྱུར། །ཡོན་པོས་ཕན་ཚུན་སྡང་འགྱུར་ཏེ། །ཆད་ན་བླ་མ་སློབ་མ་དག་།གཉི་ག་འཆི་བར་ཤེས་པར་བྱ། །གཡས་བསྐོར་མ་ཡིན་བྲིས་ན་ནི། །རྡུལ་ཚོན་ཕུར་བུས་བཏབ་པར་འགྱུར། །ཤར་ནི་ཤིན་ཏུ་དཀར་བའི་མདོག་།ལྷོ་ནི་དམར་པོའི་མདོག་ཏུ་བྱ། །ནུབ་ཕྱོགས་སེར་པོར་བྱ་བ་སྟེ། །བྱང་ནི་ལྗང་གུ་ཉིད་དུ་བྱ། །ཆོ་ག་དག་ནི་དེ་དག་གིས། །སངས་རྒྱས་བཞི་ཡི་གདན་བཞུགས་པ། །རྡོ་རྗེ་ལ་སོགས་དཔའ་རྣལ་འབྱོར། །འདབ་མའི་མཁའ་འགྲོ་ལ་སོགས་པས། ཁཝ་གདོང་ལ་སོགས་དབྱེ་བར་བྱ། །དབུས་སུ་སྣ་ཚོགས་པདྨ་ནི། །གེ་སར་དང་ནི་ལྡན་པ་ལ། །མཚམས་རྣམས་སུ་ནི་ཐོད་པའོ། །དཀར་
477b
དང་དམར་དང་དེ་བཞིན་སྔོ། །སྐུ་ལ་སོགས་པའི་ཁ་དོག་དབྱེ། །དེ་ལྟར་འཁོར་ལོ་ལྷ་མོ་ཆེ། །དཔའ་བོ་རྣམས་ནི་མཆོད་པར་བྱ། །སྔར་བཤད་ས་ཡི་མཚན་ཉིད་ལ། །དབུས་སུ་མཐོ་བར་བྲི་བར་བྱ། །ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱི་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དང ། །རིག་པ་འཛིན་པའི་གནས་དག་འཐོབ། །བྱང་དུ་མཐོ་བས་འཆི་འགྱུར་རམ། །ནོར་རྣམས་བརླགས་པར་འགྱུར་བ་སྟེ། །ཡང་ན་ནད་ཀྱིས་འདེབས་པར་འགྱུར། །ཇི་སྐད་བཤད་པའི་ཤར་མཐོ་བས། །མྱུར་དུ་ ་རྣམས་ཟད་པར་འགྱུར། །དབུས་སུ་དམའ་བའི་རང་བཞིན་ས། །སྒྲུབ་པ་པོ་ནི་འཇོམས་དང་ལྡན། །དེ་ཉིད་བསྡུས་དང་བདེ་མཆོག་དང ། །གསང་དང་རྡོ་རྗེ་འཇིགས་བྱེད་དུ། །དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །བཤད་དང་མ་བཤད་གང་ཅིའང་རུང ། །ཐམས་ཅད་ཧེ་རུ་ཀ་ལ་གནས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་པའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས།་ས་གཟུང་བ་དང ། སྟ་གོན་ལ་གནས་པ་དང ། ཐིག་བྲི་བའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས་
478a
༄#། །མཆོད་ཅིང་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །རིམ་པར་ཕྱེ་བ་བཅུ་བདུན་པར། །ཁྱོད་ཀྱིས་ཁམས་ཀྱི་བཅུད་ལེན་གསུངས། །ཕྱི་རོལ་རྣམ་པ་དུ་ཞིག་དང ། །ནང་ནི་རྣམ་པ་དུ་རུ་དབྱེ། །དགྲ་དང་མཛའ་བཤས་བར་མ་དང ། །དེ་བཞིན་གཞན་ཡང་ཚད་དབྱེ་དང ། །སྐམ་ས་དང་ནི་རླན་ཅན་ཡུལ། །ཁམས་ཀྱི་སྡེ་ཚན་བསྡུས་པ་དག་།ངོ་མཚར་ཆེན་པོ་འདི་དག་ལ། །བདག་ནི་ཐེ་ཚོམ་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ད་ནི་སྡེ་ཚན་རྣམས་དང་ནི། །འབྲེལ་བ་རབ་ཏུ་བཤད་ཀྱི་ཉོན། །སྦོམ་པོ་ཕྲ་མོའི་སྦྱོར་བ་ཡིས། །ཆུང་ངུ་ལ་སོགས་བྱེ་བྲག་དག་།རླུང་དང་མཁྲིས་པ་བད་ཀན་སོགས། །སྐྱེས་པ་དང་ནི་བུད་མེད་ཀྱང ། །རེ་རེ་ཞིང་ཡང་གསུམ་གསུམ་འདོད། །ནག་པོ་སེར་སྐྱ་སྔོ་བ་སངས་དང ། །རྩུབ་དང་འཇམ་དང་ཡན་ལག་མཁྲང ། །འཛེར་པ་ཅན་ཞེས་བྱ་བ་ཡིན། །སྦོམ་ཐུང་བོང་ཚོད་རན་དང་རིང ། །སྔོ་བསངས་མཚུངས་རྩུབ་མགྲིན་པ་རིང ། །མིག་ནི་ཟངས་ལྟར་དམར་བ་སྟེ། །ཕྲེང་ཅན་ཐུན་མོང་ནུ་མ་མེད། །མདོག་ཉམས་སཱ་ལའི་དྲི་དང་ནི། །ཆང་དང་ཆང་མིན་མྱོས་པའི་དྲི། །ཆང་གཉིས་དང་ནི་ཆང་གསུམ་སྟེ། །རྐེད་པ་ཡི་ནི་བྱེ་བྲག་ཡིན། །སྦྲང་རྩི་ལྟར་འཛག་སྦྲང་རྩིའི་དྲི། །སོ་སོར་བྱ་ཡི་གཞན་དུ་མིན། །ཡིད་ལ་སེམས་པའི་
478b
འཁྲུལ་འཁོར་གྱིས། །བུ་མོའི་བཅུད་ནི་དྲངས་ཏེ་བླུགས། །འདི་ནི་སོ་སོར་སྒྲུབ་པ་ཡིན། །བུ་མོ་གཅིག་དང་གཉིས་དང་ནི། །མང་པོའི་བར་དུ་བརྟག་པར་བྱ། །ཡོན་ཏན་གསལ་བར་གྱུར་པ་སྟེ། །སྒྲུབ་པོའི་དབང་པོའི་ཡོན་ཏན་བྱེད། །ཉི་ཤུའི་བར་དུ་གཞོན་ནུ་ཡིན། །དེ་རྣམས་ཐབས་ཀྱིས་སྦྱང་བར་བྱ། །སྟོབས་དང་ལྡན་པ་གཟུང་བའི་གནས། །དེ་དང་འཁྱུད་ལས་བྱུང་བ་ནི། །རྫས་རྣམས་ཡོངས་སུ་སྦྱོང་བྱད་ཡིན། །བྱ་བ་ཀུན་གྱི་མཚམས་ལྡན་ནི། །བྱེད་པོ་བཟང་པོའི་ལམ་ཆེན་ཡིན། །དངུལ་ཆུ་ཡི་ནི་ཤིང་ཆེན་པོ། །དེ་ན་ཆུ་སྐྱེས་ཡོན་ཏན་ལྔ། །རང་སྐྱོན་འཇོམས་པ་ཡིད་ཆེས་ཡིན། །དེ་དག་ནི། ཐུན་མོང་གི་ཆོ་གའོ། །ལྟོ་སྐྱེས་མ་རྙིང་རྫས་ཀྱི་ལས། །སྐྱེད་བྱེད་དོན་ནི་རྒས་པ་འཇོམས། ལྷང་ཚེར་དངུལ་ཆུ་བཅིངས་པའི་མཆོག་།གསེར་སྒྱུར་རྩི་ཆེན་ཆོག་ཡིས། །རྫུ་འཕྲུལ་ལ་སོགས་གསལ་བར་འགྱུར། །ལྷང་ཚེར་དང་ནི་དངུལ་ཆུ་བཞི། །རྨ་བྱའི་མགྲིན་པའི་གཟུགས་དང་ནི། །སྦྲུལ་གྱི་གཟུགས་དང་སྤལ་པའི་གཟུགས། །གཟུགས་དང་སྒྲ་དང་དྲི་དང་རོ། །དེ་ཡི་ཚད་ནི་ཀུན་ཤེས་བྱ། །དེ་ཡང་སྟོབས་ལྡན་བཅུད་བྲལ་ན།། སྔོན་བཞིན་ཉེས་པ་སྣ་ཚོགས་འགྱུར། །དངུལ་ཆུ་ལྷར་ཚེར་ཁ་དོག་ནི། །སྣ་ཚོགས་དང་ལྡན་སྐྱོན་ཡིན་ཏེ། །མཁྲིས་པ་དག་ཀྱང་སྐྱེད་པར་བྱེད། །དམར་པོས་ཁྲག་ནི་
479a
༄#། །སྐྱེད་པར་བྱེད། །དཀར་པོས་གཟེར་ནད་སྐྱེད་འགྱུར་ཞིང ། །སྲོག་ནི་འཇོམས་པར་བྱེད་པ་ཡིན། །ལྗང་སེར་དག་ནི་མ་སྨིན་དང ། །སེར་སྐྱ་ས་བཤང་གཅིའི་ལམ་ནི་འགག་།ཉིས་འགྱུར་ཆ་ནི་ཤིན་ཏུ་འཆིང ། །ཉེས་པ་དག་ནི་བརྒྱད་ལྡན་པས། །བློ་དང་ལྡན་པས་དཔྱད་དེ་བཟའ། །བཅུད་ལེན་སྔོན་པོར་ཤེས་བྱས་ནས། །འབད་པས་དེ་ལྟར་བཅུད་ལེན་སྤྱད། །བཞག་པ་མེ་ཡི་གནས་དང་ནི། །ཆུ་ཡི་ཤིང་ལ་བརྟེན་པ་དང ། །འབྲུ་ཡི་དབུས་སུ་གཞུག་པ་དང ། །བྱེ་མའི་ཕུང་པོར་འཁྲུལ་འཁོར་འཇུག་།གསོ་ལ་ཁ་ཅིག་འབྲས་བུ་དང ། ཁ་ཅིག་མེ་ཏོག་འདབ་མར་བཅས། །ཤུན་པ་དང་ནི་རུས་པ་སོགས། །སྒྲུབ་པོ་ཉེ་བའི་ལོངས་སྤྱོད་ནི། ། དེ་ཉིད་རིག་པས་སྦྱར་བར་བྱ། །ཆོ་ག་དུ་མ་མཐོང་བ་ཡིས། །བཅོས་མའམ་བཅོས་མ་མ་ཡིན་པའི། །ཡོ་བྱད་དག་ནི་རྙེད་གྱུར་ན། །རྡོ་རྗེ་འཛིན་དང་མཚུངས་པར་འགྱུར།། ཞེས་བྱ་བ་ནི། གཞག་པ་དང་གསོ་བའི་ཆོ་གའོ། །ལྕི་བ་དང་ནི་རྡོ་ནང་དང ། །བ་ལང་མ་ཧེའི་ལྷ་ས་ལ་སོགས། །ཆོ་ག་བཞིན་དུ་རྣམ་བརྟགས་པའི། །བཅུད་ཀྱི་རྫས་ནི་གཞག་པར་བྱ། །བཅུད་ལེན་སྤོན་པོ་ཤེས་ནས་ནི། །འབད་དེ་དེ་ལྟར་བཅུད་ལེན་བྱ། །བཅུད་བརྟག་པའི་གནས་ཀྱི་ཆོ་གའོ། །གླང་ཆེན་མགོ་ཡི་བཅུད་བླུགས་ཏེ། །
479b
སེངྒེར་བཙོ་བར་བྱས་པ་ཡིས། །འབྲས་ཆེན་སྟར་བའི་ཡོན་ཏན་འགྱུར། །ཤ་རི་ཤ་ཡི་རྩ་བ་དང ། །གསེར་ཤོག་གིས་ནི་གསོ་བར་བྱ། །མདོག་དམར་དངུལ་ཆུ་རྨོངས་པ་ཡིས། །པགས་པ་དང་ནི་ཤུན་པ་དང ། །མེ་ཏོག་འབྲས་བུར་ལྡན་པ་ཡིས། །རྣོན་པོར་བཅས་ཏེ་བཙོས་པ་དག་།མཉེས་ན་དྲི་མའི་རྡུལ་འཐོར་འགྱུར། །བློ་གྲོས་འཁྲུལ་པ་མེད་པ་ཡིས། །རིམ་གྱིས་རིམ་གྱིས་མཉེ་བར་བྱ། །འདི་དག་ནི། འཇུག་པའི་ཆོ་གའོ། །དེ་ནས་གཅི་པའི་ལན་ཚཝ་དང ། །ཕག་གི་ཞག་དང་ཚིལ་དང་ཁྲག་།བཅས་པས་མཉེས་ནའང་ཉེས་པ་འབྱང ། །སླར་ཡང་འབྱུང་པོའི་སྐྲ་དང་ནི། །ཛ་ནི་ཏ་དང་རལ་པ་དམར། །བིན་ཛ་ར་དང་ཙམ་པ་དང ། །སྨྱོ་བྱེད་དག་ནི་ཆ་བསྙམས་ཏེ། །དེ་དང་མཉམ་པའི་སྦྲང་རྩི་རུ། །མཉེས་ན་རྩི་ཡིས་ཉེས་ཟད་འགྱུར། །དེ་ནས་མ་ཧེའི་རྨིག་པར་ནི། །ཆར་པའི་ཆུ་དང་བཅས་པ་ལ། །ཟངས་ཀྱི་ཕྱེ་མ་འཁར་ཕྱེ་དང ། །མིག་སྨན་ཕྱེ་མ་བླུགས་ཤིང་བཙོ། །ཚོས་ནས་སྦྲང་རྩིའི་ནང་དུ་གཞུག་།དེ་ཡིས་བཅིངས་པར་འགྱུར་བ་ཡིན། །དེ་ནས་ཁྲག་ནི་ཆ་བདུན་གྱིས། །སྦྱངས་ན་སྣུམ་ཞིང་ལྕི་ལ་སོགས། །དེ་ཡི་སྟོབས་ནི་ཟད་པར་འགྱུར། །སླར་ཡང་ཆ་མཉམ་ཁྲག་དང་ནི། །མཉེས་པས་སྣུམ་ཞིང་ལྕི་བར་འགྱུར། །ར་གན་ཙུ་ཏིའི་ཤིང་དང་ནི། །ཟངས་མ་དང་ནི་ཡུང་བ་དང ། །གོ་ར་ས་ནི་
480a
༄#། །དཀར་ནག་གཉིས། །དྲུག་པོས་ཉེས་པ་ཚར་གཅོད་འགྱུར། །དེ་ནས་ཙནྡྲའི་ཤིང་དང་ནི། །སྦྲང་རྩི་འཛག་དང་སེན་མོ་དང ། །ཐལ་སྨན་འབུས་ཟོས་ཤིང་ཕྱེ་དང ། །མ་ཧཱ་ཧ་ཧ་མཀྵ་དང ། །པུས་ཀ་ར་དང་བར་ཏ་ཀི་།ཀུ་བ་སིན་དུ་བ་རའི་ཕྱེ། །བཅས་པར་མི་ཡི་རྐང་དུ་གཞུག་།ཅུང་ཟད་བཞག་སྟེ་ཕྱུང་ནས་སུ། །རྡོ་གཏུན་བརྡུང་བ་སྔར་བཤད་བཞིན། །འོད་མའི་ནང་དུ་བླུགས་ནས་ནི། །དེ་ནས་འཁྲུལ་འཁོར་ནང་དུ་གཞུག་།བཙོས་ནས་ལྷང་ཚེར་དངུལ་ཕྱེ་དང ། །བཅས་པར་རྩི་ཡི་ནང་དུ་བླུགས། །ལྷང་ཚེར་དངུལ་ཆུ་རྣོན་པོ་ཡིས། །ཆོ་ག་ཡིས་ནི་སོ་སོར་བཅིང ། །དེ་དག་ཟླ་བ་ལས་བྱུང་བ། ། ཏྲ་པ་ཏཱི་རུས་པ་དང ། །དེ་བཞིན་དུ་ནི་མེ་ཏོག་གཟུང ། །བྱ་གྷི་དང་ནི་ཀུན་ཏུ་རུ། །ས་རི་པ་དང་སེན་མོ་དང ། །ནོར་བུ་ཟླ་འོད་ནཱ་གེ་སར། །སྐྱུ་རུ་ར་ཁུ་ཀ་ཏམ་པ། །ཙམ་པ་ཀི་རི་སོ་པ་དང ། །ཤི་ཤོ་བིལ་བ་ཨུཏྤ་ལ། ། རང་སྐྱུར་དང་ནི་བཅས་པ་རུ། །འཛག་དང་དངུལ་ཆུ་ཁཝ་ཆོས་བྱ། །ཕྱུང་ན་སྤྲུལ་གྱི་གཟུགས་ལྟར་འགྱུར། །ཁྲག་དང་སྨྱོ་བྱེད་ཡུང་བ་བླུགས། །སྐྲ་དཀར་ཉེས་པ་ཀུན་འཇོམས་བྱེད། །མར་དང་མར་ནག་བསྐོལ་བ་ནི། །གཉིས་པོ་ཡང་དང་ཡང་དུ་བྱ། །ཆུར་ཤིང་ཨ་པ་མརྒ་དང ། །སྣུ་ཧ་པ་ལ་ཤ་ཡི་འདབ། །སོ་པན་ཅེ་ནའི་བཅུད་དང་ནི། །ཐལ་སྨན་
480b
སྡེ་ཡིས་སྦྱང་པར་བྱ། །སྦྱང་བའི་ཆོ་གའོ། །དེ་ནས་རང་སྐྱུར་ཡུང་བ་དག་།རྣོན་པོ་དངུལ་ཆུའི་ཟས་སུ་སྦྱིན། །དེ་ནས་འོག་གི་ལམ་ནས་ནི། །འཁྲུལ་འཁོར་གྱིས་ནི་བཀྲུ་སྨན་བྱ། ། རྒས་དང་མཛེ་ནད་སེལ་བར་བྱེད། །རྣོན་པོ་ཐལ་སྨན་བཅས་པ་ཡིས། །བཀྲུས་ཤིང་བསྐུས་ན་གཞང་འབྲུམ་འཇོམས། །རྩི་དང་བཅུད་ལེན་རིམ་གྱིས་འཕེལ། །རྣོན་པོ་དང་ནི་ལྷང་ཚེར་ལ། །ཐུན་མོང་དུ་ནི་བརྟེན་ནས་སུ། །ཞ་ཉེ་བླུགས་པས་འདུལ་འགྱུར་ཏེ། །དེ་ཚེ་རོ་ནི་ཁ་དང་བསྐ། །དེ་ནས་རང་སྐྱུར་ནང་དུ་ནི། །ལྕི་བས་བཙོས་ན་རྟོག་པའི་བྱང ། །ཉི་མའི་འོད་ལ་བསྲོས་པས་ཀྱང ། །སྐྲ་དཀར་གྱི་ནི་ཉེས་པ་སྐྱེད། །བཅུད་ནི་ཤིན་ཏུ་བསྐོལ་བ་ཡི། །འོད་ཀྱི་སྙིང་དང་མིག་འཇོམས་སོ། །དེ་ལ་སྦྲང་རྩི་བོ་སོན་ཆ། །ཐིག་ལེ་དག་ནི་བྱིན་པས་སྦྱང ། །སྐྱོན་སྦྱང་ཆོ་ག་སྔོན་དུ་ནི། །གསེར་ཤོག་ཐལ་སྨན་ལན་ཚཝས་བསྒྲུབས། །རོ་ནི་བསྐ་བ་དང་བཅས་པའི། །ལྷང་ཚེར་དཀར་པོའི་སྐྱོ་མ་བླུགས། །ཆ་ནི་ངེས་པ་དང་བཅས་པས། །ཡུན་རིང་དུ་ནི་མཉེས་གྱུར་ན། །ཉེས་པ་འབྱང་གི་གཞན་དུ་མིན། །གཞན་ཡང་ཆ་དང་ཆ་ཅན་དང ། །གི་རི་ཀར་ཎའི་ཕྱེ་མ་དག་།དྲུག་ཆ་དངུལ་ཆུ་བྱ་བ་ཡིན། །ཆ་ནི་ཚད་ལྡན་ངེས་པར་འཆིང ། །དེ་ཚེ་གོ་ལྡོག་ལམ་ནས་སུ། །འཁྲུལ་འཁོར་ཆོ་ག་བཞིན་དུ་བླུགས། །ཞི་ཁ་རྫེའུ་རུ་བཙོ་བར་བྱ། །དེ་ནས་དུ་རུ་ཀ་དང་ནི། །
481a
༄#། །ལི་ཙི་ཀྲ་མར་ད་ཡི། །ས་བོན་པ་ལ་ཏ་ཀ་དང ། །ཀ་ཤི་ཤི་གྲུའི་འབྲས་བུ་དང ། །བ་རི་ཙི་ཏ་ཀ་མེ་ཏོག་།ུཏྤལ་མ་ལི་ཀ་ས་བོན། །རྒྱ་ཤུག་གི་ནི་རུས་པ་དང ། །ཤི་རི་ཤ་དང་ཀུ་ས་བོན། །སྦྲང་རྩི་པོ་སོན་ཆ་དང་ནི། །པ་ལ་ཤ་ཡི་ཤུན་པ་དག་།ཆོ་ག་ཤེས་པས་ཛི་ག་རྫེར། །ཚོས་ནས་ལེགས་པར་བླུག་པར་བྱ། །དེ་ནས་ཆོ་ག་བཞིན་བཏོན་ནས། །སླར་ཡང་དེ་དག་བཏགས་པ་ཡིས། །ཕྱེ་མ་དང་ནི་སྐྱོ་མ་བླུགས། །བཙོ་བ་དང་ནི་སྲེག་པ་དང ། །ཚར་བཅད་པ་དང་མནན་པའོ། །བཙོ་བ་ཐོང་པའི་འཁྲུལ་འཁོར་དང ། །འོད་མ་བྱ་རོག་མཆུ་ཡི་དབྱིབས། །ཡིབ་དང་ཁྲོས་དང་འཐོར་བ་དང ། །ཆུ་ཡི་ནང་དུ་འབྲོས་པ་ཡིན། །ཤིན་ཏུ་ཚོས་པའི་མཚན་མ་ནི། །འདར་བ་དང་ནི་རྨོངས་པ་དང ། །དུ་བར་འཐུལ་ཞིང་ཁྲོལ་སྒྲ་འབྱིན། །བཙིར་དང་མཉེ་དང་དཀྲུག་པ་དང ། །བརྡུང་བ་དང་ནི་རྣམ་པ་བཞི། །སྦྲང་རྩིར་བཙོ་དང་བུང་བར་བཙོ།། གླང་ཆེན་བཙོ་དང་སེངྒེར་བཙོ། །རྒོད་མ་དང་ནི་ཀ་ར་ན་དང ། །བོང་བུ་དང་ནི་རྔ་མོའི་ཁ། །བཅིང་བ་དང་ནི་ཚར་བཅད་ལ། །འཁྲུལ་འཁོར་འདི་དག་ཤིན་ཏུ་བསྔགས། ། འཁྲུལ་འཁོར་གང་ཞིག་ཁ་ཆེ་བ། །རྫ་རྔ་ཡི་ནི་དབྱིབས་འདྲ་དང ། །འོད་མ་ལྟ་བུ་ལ་སོགས་པ། །མཚོན་ཆ་རལ་གྲིའི་ཤུབས་འདྲ་དང ། །ཀངྐའི་མགྲིན་པ་བྱ་རོག་མཆུ།།
481b
གཞན་ཡང་བཅིང་བར་གང་བཤད་པ། །དེས་ནི་ཚར་གཅད་རྗེས་གཟུང་བྱ། །བཞི་ཆ་ལུས་པ་བསྐོལ་ཆེན་ཏེ། །ཕྱེད་ལུས་སྟོབས་ལྡན་བསྐོལ་པ་ཡིན། །རྩི་ལ་བརྟན་པའི་ཉེས་པ་དག་།ཐུན་མོང་མིན་པ་དེ་ཡིས་འབྱང ། །སྦྱང་བ་དང་ནི་རྟོགས་པ་དང ། །རྨོངས་དང་དེ་བཞིན་བསད་པའོ། །ལྷང་ཚེར་སྨན་ནི་བཅིངས་པ་རུ། །དངུལ་གྱི་ཕྱེ་མ་བླུག་པར་བྱ། །དཔའ་བོ་གཅིག་དང་སྐྱེ་གཉིས་རྩ། །འབྲས་བུ་ཆེན་པོ་བསྐ་བ་གསུམ། །ལྷང་ཚེང་དང་ནི་དངུལ་ཆུ་བཞི། །བདུད་རྩི་ཡི་ནི་སྙིང་པོ་ལྔ། །དུས་དྲུག་དེ་བཞིན་དྲུག་ཅུ་སྟེ། །བདུན་པོ་ཡལ་ག་འདབ་སོགས་བཅས། །ཚ་དང་ཁ་བ་སྐམ་སྐྱེས་མཆོག་།མངར་དང་སྐྱུར་བ་རླན་ཅན་བཟང ། །ལན་ཚཝ་བསྐ་བ་གཉིས་ཀའང་རུང ། །ནིམ་པ་བ་རུ་ར་དང་ནི། ། རུ་ར་ཡི་འབྲས་བུ་རྣམས། །མར་ནག་བསྐོལ་ན་བྱ་བ་བྱེད། །སྐྱུ་རུ་ར་ཁུས་མཁྲིས་སེལ་ཏེ། །བུད་མེད་འོ་མར་བསྐོལ་བ་ནི། །འཚོ་ཞིང་ནད་མེད་འཕེལ་བར་བྱེད། །ཙམ་པ་ལ་དང་བ་ཀུ་ལ། །ནཱ་ག་གེ་སར་ཀུ་མུ་ཏ། །ུཏྤལ་ཤེ་ཕ་ལི་ཀ་དང ། །སྦྲང་རྩི་འཛག་དང་པྲི་ཡང་ཀུ། །ཀུ་སུམ་པ་དང་སྤྲ་ཀ་དང ། །རེའུ་ནུ་ཀ་དང་བཅུ་གཅིག་སྟེ། །མེ་ཏོག་གི་ནི་སྡེ་རུ་བརྗོད། །ཤྲཱི་པ་ལ་པོ་སོན་ཆ། །ཀ་པི་ཏ་དང་ལ་ཀུ་ཚ། །ས་བ་དང་ནི་བར་ཏ་ཀི། ། རུ་ར་དང་བ་རུ་ར། །བ་ལ་ཏ་ཀ་སྐྱུ་རུ་ར། །ེ་ལ་ཛི་དང་པུ་ན་ཀ་།ེ་རཎྜ་དང་མ་རི་ཙི། །པི་པི་ལིང་དང་
482a
༄#། །བཅུ་དྲུག་སྟེ། །འདི་དག་འབྲས་བུའི་སྡེ་ཚན་ཡིན། །བཅའ་བ་དག་ནི་ཤུ་དག་དང ། །ཡུང་བ་དང་ནི་རུ་རྟ་དང ། །བཅའ་ལྔ་དང་ནི་སྒོག་སྐྱ་དང ། །རླན་ཅན་གྱི་ནི་དོ་བ་དང ། །ནཱ་ག་ཕ་ལ་དཀར་པོ་དང ། །དེ་བཞིན་རྒན་པོ་གཞོན་ནུར་བྱེད། །བ་ལི་ག་སྡུག་མཚན་མོའི་ཤིང ། །བཅུ་གཉིས་རྩ་བ་ཡི་ནི་སྡེ། །དངོས་གྲུབ་ཐམས་ཅད་རབ་སྟེར་བའོ། །གླང་ཆེན་སྐྲ་དང་རི་མཛེས་དང ། །འཛག་དང་བྱིས་པ་སྟུག་པོ་དང ། །རན་པ་དམར་པོ་དྷ་རུ་ར། ། ཤཝ་ཀ་ན་བདུན་པོ་ནི། །སྡོང་པོ་ཡལ་ག་རྩ་བར་བཅས། །ཀ་ཏམ་པ་དང་གསེར་ཤིང་སྟེ། །དེ་བཞིན་དུ་ནི་ཤི་རི་ཤ་།ཀ་རན་ཛ་དང་ཤི་གྲུ་དང ། །ནིམ་པ་དང་ནི་པི་ལ་སི། ། དེ་བཞིན་ཀ་དུ་མ་ཛ་རི། །འདི་བརྒྱད་ཤུན་པའི་སྡེ་ཞེས་བརྗོད། །ཙནྡན་གཉིས་དང་ཨ་ཀར་ནི། །ནག་པོ་དང་གསུམ་སྡོང་པོ་གཟུང ། །བུ་རམ་ཕྱེ་མ་ཀ་ར་དང ། །སྦྲང་རྩི་ཨིཀྵུ་པུསྐ་ར། །ཤ་ཁ་ར་དང་རྣམ་པ་དྲུག་།བཅུད་ཀྱི་སྡེ་ཞེས་བྱ་བ་ཡིན། ཁུ་བྱུག་དང་ནི་བྱ་རོག་དང ། །རྨ་བྱ་དང་ནི་ཏི་བྱ་རྣམས། །འདི་དག་གི་ནི་ཤ་གཟུང་སྟེ། །ཉམས་དང་སྟོབས་ནི་འཕེལ་བར་བྱེད། །ཟངས་ཀྱི་གཙུག་ཕུད་གྷར་ག་ར། །ཕུག་རོན་དང་ནི་ནེ་ཙོ་རྣམས། །འདི་དག་གི་ནི་ཁུ་བ་གཟུང ། །སེམས་
482b
ཅན་ཀུན་ལ་སྟོབས་རབ་སྟེར། །རི་དང་རི་བོང་ཤ་བ་དང ། །ས་ལ་ཀི་དང་ཕག་དང་ནི། །ཁྱད་པར་དུ་ནི་བྱི་བ་རྣམས། །ནད་རྣམས་ཐམས་ཅད་འཇོམས་པར་བྱེད།། ཁྱད་པར་དུ་ནི་རླུང་ལ་བསྔགས། །རེའུ་ནུ་ཀ་དང་བར་ཐི་བ། ། མྲ་བི་ལ་བའི་མེ་ཏོག་དང ། །མ་ཛ་རི་དང་ལྷ་མིན་དགྲ། །སུ་ར་སི་དང་རལ་པ་ཅན། །པ་པར་ནཱ་ག་པུས་པ་དང ། །རྫ་ཀ་ཡི་འདབ་མ་དང ། །ཀ་ཏུ་དང་ནི་བི་ཤ་ན། །སྒྲོན་ཤིང་རིག་པ་འཛིན་པ་དང ། །ཡལ་ག་རྣམ་པ་སྔར་བཤད་པ། །འདི་དག་མཛའ་བོའི་སྡེ་ཞེས་བྱ། །པར་པ་རི་དང་ག་ན་དང ། །ཛ་ལ་དང་ནི་གྱ་གྱུ་དང ། །ུ་པི་ཏ་ཡི་ཤུན་པ་དང ། །རང་གི་དྲི་དང་རྐུན་པོ་དང ། ཁུ་ཏྲ་ལོ་ཧ་ཤུ་ཀ་ཏི། །ཆུར་སྐྱེས་ཤིང་དང་བྲག་ཤུན་དང ། །སྦྲང་རྩི་མེ་ཏོག་བྲིང་གི་ར། །ཧ་ཏ་ཤེ་བ་ལི་དང་ནི། །དེ་བཞིན་དུ་ནི་པ་ཡ་སི། །བར་མ་ཡི་ནི་སྡེ་ཚན་ཡིན། །དི་ར་ད་དང་པོ་ལ་དང ། ། ཞོ་དང་ཀུན་དུར་ཀི་ཏ་ཛ། །ཐང་ཤིང་དང་ནི་སྲ་རྩི་དང ། །པོ་སོན་ཆ་ཡི་ཁུ་བ་དང ། །ཤུ་དག་དང་ནི་གནྡྷ་དང ། །ཧུ་ཧི་ན་དང་ར་ལས་སྐྱེས། །མྲྀ་ག་དང་ནི་བ་གུ་ཛ། །སྒོག་སྐྱ་དང་ནི་མི་སི་དང ། །ཤིང་ཀུན་དང་ནི་ཡུང་བ་རྣམས། །དགྲ་བོའི་སྡེ་ཞེས་བྱ་བར་བཤད། །དགྲ་བོ་ཡི་ནི་རྫས་ལ་ཁྱབ། །གུ་གུལ་དང་ནི་བྲྀ་ཥ་དང ། །
483a
༄#། །དང། །ཀི་ཏང་དེ་བཞིན་འོ་མ་སྟེ། །པོ་ར་དང་ནི་རང་སྐྱུ་དང ། །ག་པུར་དང་ནི་ས་ལ་ཀི་།དགུ་པོ་དེ་དག་སླ་བའི་རྫས། །མུ་ར་རལ་པ་དམར་པོ་དང ། །ཛ་ལ་དང་ནི་གྱ་གྱུ་དང ། །སྟུག་པོ་ནད་དང་ཀུ་ཐི་ར། །ནི་ཤ་དང་ནི་ཤི་ཁྲུ་དང ། །ཤི་ར་བཅའ་བ་ཤུ་དག་རྣམས། །བཅུ་གཉིས་རྩ་བ་ལས་སྐྱེས་ཡིན། །བུ་ཐི་དང་ནི་ཀེ་སོ་དང ། །གླ་བ་དང་ནི་སེན་མོ་སྟེ། །གནྡྷ་སུ་རི་ཞེས་བྱ་བ། །ལྔ་པོ་སྲོག་ཆགས་ལས་བྱུང་བའི། །དྲི་རུ་སྒྲུབ་པོས་ཤེས་པར་བྱ། ། ཤི་རི་ཤ་དང་གསེར་ཤིང་དང ། །ལོ་དེ་དང་ནི་ནི་ཀ་པི། །ན་གི་ཀ་དང་བི་ཙུ་ཤུན། །སྐྱུར་རྩི་ཆེན་པོ་ཞེས་བྱ་བ། །བདུན་པོ་འདི་དག་ཤུན་པའི་སྡེ། །ཙནྡན་གསུམ་དང་ཨ་དཀར་ནག་།སྒྲོན་ཤིང་དང་ནི་ཤི་ཤ་པ། །དྲུག་པོ་འདི་དག་སྡོང་བུ་ཡི། །སྡེ་ཞེས་བྱ་བར་ཀུན་ཏུ་བཤད། །སྒྱུ་མ་ཀུན་དང་མཉམ་སྦྱོར་བའི། ། རྡོ་རྗེ་མཁའ་འགྲོ་ཞེས་གྲགས་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། བཅུད་ཀྱིས་ལེན་གྱི་རྫས་ཀྱི་དབང་དུ་བྱས་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་
483b
མོས་མཆོད་ཅིང་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པའི། །སྦྱིན་སྲེག་ཁྱོད་ཀྱིས་སྔར་གསུངས་ན། །ཐབ་ཁུང་རྣམས་ཀྱི་ཚད་དང་ནི། །འདུག་སྟངས་ཡམ་ཤིང་སོགས་མ་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྱུ་མ་ཀུན་གྱིས་རྣམ་རོལ་པའི། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །དང་པོ་ས་གཞི་བཟུང་ནས་སུ། །ཕྱི་ནས་ཧོམ་ཁུང་བརྩམ་པར་བྱ། །ཞི་བ་ས་གཞི་དཀར་པོའི་ཆར། །ཁྲུ་གང་ཚད་ལ་ཤིན་ཏུ་ཟླུམ། །ཁྲུ་ཕྱེད་ཐུར་དུ་བརྐོ་བར་བྱ། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །སོར་བརྒྱད་པ་ཡི་རྡོ་རྗེ་ནི། །པདྨའི་སྟེང་དུ་བྲི་བས་མཚན། །ཁུང་ནས་སོར་བཞི་བོར་ནས་ནི། །སོར་བཞིའི་དཔངས་དང་ཞེང་ལྡན་པའི། །ཁ་ཁྱེར་གྱིས་ནི་བསྐོར་བར་བྱ། །མཚམས་སུ་རྡོ་རྗེའི་དབྱིབས་ལྟ་བུའི། །རྩེ་གསུམ་རྡོ་རྗེས་བསྐོར་བར་བྱ། །ས་དཀར་དང་ནི་ལྕི་བ་ཡིས། །ཧོམ་ཁུང་ཀུན་ཏུ་བྱུག་པར་བྱ། །བརྟུལ་ཞུགས་ཅན་གྱིས་གཉི་གར་ཡང ། །དྲི་ནི་དཀར་པོས་བྱུགས་ནས་སུ། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །མེ་ཏོག་དཀར་པོས་གཏོར་བར་བྱ། །དཀྱིལ་འཁོར་ཁང་པ་ལ་སོགས་པའི། །ཤར་གྱི་ཕྱོགས་སུ་ལས་དེ་བརྩམ། །རྒྱས་པས་གཞི་སེར་པོ་ལ། །རིན་པོ་ཆེ་ཡི་དབྱིབས་འདྲའི་ཐབ། །ཡང་ན་གྲུ་བཞི་པ་ཡང་རུང ། །
484a
༄#། །ཁྲུ་དོ་ཟབས་སུ་ཁྲུ་གང་བརྐོ། །དེ་ནང་སོར་བརྒྱད་བོར་ནས་སུ། །ཁ་ཁྱེར་སོར་བརྒྱད་ཚད་དུ་བྱ། །སོར་བརྒྱད་དཔངས་དང་ལྡན་པ་ལ། ། རིན་ཆེན་ཕྲེང་བས་བསྐོར་བར་བྱ། །ཧོམ་ཁུང་ནང་དུ་འཁོར་ལོ་ནི། །རྩིབས་བརྒྱད་སེར་པོ་བྲིས་པ་ལ། །འོག་ཏུ་ཆ་དྲུག་སོར་དྲུག་པའི། །རྡོ་རྗེ་རིན་ཆེན་བྲི་བར་བྱ། ། ས་སེར་དང་ནི་དྲི་སེར་གྱིས། །ཧོ་མ་ཁུང་ཀུན་ཏུ་བྱུགས་ནས་སུ། །མེ་ཏོག་སེར་པོ་ལ་སོགས་པའི། །མཆོད་པ་དག་ནི་ཇི་བཞིན་བྱ། །འདི་ནི་རྟག་ཏུ་གྲོང་ཁྱེར་སོགས། ། བྱང་གི་ཕྱོགས་ཆར་བྱ་བ་ཡིན། །དབང་ལ་ས་གཞི་དམར་པོ་ལ། །པདྨ་ཡིས་ནི་མཚན་པ་ཡི། །ཐབ་ཁུང་སྐྱེ་གནས་དབྱིབས་སུ་བྱ། །ཡང་ན་ཟླ་ཕྱེད་དབྱིབས་ལྟ་བུ། །ཁུང་བུ་དང་ནི་ཁ་ཁྱེར་སོགས། །ཞི་བ་ཡི་ནི་ཚད་དུ་བྱ། །ས་དམར་དྲི་དམར་སོགས་བྱུགས་ཏེ། །མེ་ཏོག་དམར་པོ་ལ་སོགས་གཏོར། །འདི་ནི་གྲོང་ཁྱེར་ལ་སོགས་པའི། །ནུབ་ཀྱི་ཕྱོགས་ཆར་རྟག་ཏུ་བྱ། །མངོན་སྤྱོད་ཕ་མེས་ནགས་དྲང་ནི། །མ་མོའི་ཁྱིམ་དུ་རྩུབ་པ་དང ། །གས་པའི་ས་ལ་བྲི་བར་བྱ། །གྲུ་གསུམ་སོར་མོ་ཉི་ཤུ་ཚད། །སོར་བཅུ་ཐུར་དུ་རྐོ་བར་བྱ། །རྩེ་གསུམ་ཁྲོ་བོའི་རྡོ་རྗེ་ནི། །ཆར་སྤྲིན་གྱི་ནི་འོད་དང་མཚུངས། །སོར་བརྒྱད་པ་ཡི་ཚད་ཙམ་དུ། །དེ་ཡི་དབུས་སུ་
484b
མཚན་པར་བྱ། །ཁུང་བུ་སོར་གསུམ་བོར་བར་ནི། །ཁ་ཁྱེར་སོར་གསུམ་བསྐོར་བར་བྱ། །ས་ནག་དུར་ཁྲོད་ཐལ་བ་སོགས། །ཇི་སྙེད་པ་ཡིས་བྱུགས་བྱས་ཏེ། །དཀྱིལ་འཁོར་ཁང་སོགས་ལྷོ་ཕྱོགས་བྱ། །ལྷག་མ་ཡི་ནི་ལས་རྣམས་ཀྱང ། །ལས་བཞིའི་ཁུང་བུར་འདུས་མོད་ཀྱི། །སླར་ཡང་དེ་རྣམས་ཁྱད་པར་གྱི། །ཁུང་བུར་འདིར་ནི་བཤད་ཀྱི་ཉོན། ། དགུག་པའི་ཧོམ་ཁུང་རྡོ་རྗེ་ནི། །རྩེ་གཅིག་ལྟ་བུའི་དབྱིབས་སུ་བྱ། །རྡོ་རྗེ་ལྕགས་ཀྱུས་བསྐོར་བ་ལ། །ལྷག་མ་དག་ནི་དབང་དང་མཚུངས། །བཅིང་པ་ལ་ནི་གྲུ་བཞི་སྟེ། །རྨོངས་ལ་རྒྱས་པ་ལྟ་བུ་ཡིན། །དབང་ལྡན་གྱི་ནི་ཕྱོགས་ཆ་རུ། །ས་ནི་དཀར་དང་སེར་པོར་བྱ། །བསྐྲད་ལ་མངོན་སྤྱོད་ལྟ་བུ་སྟེ། །ཁྱད་པར་དུ་ནི་རླུང་མཚམས་སུ། །རྔ་མོའི་ལྕི་བས་བྱུགས་ཏེ་བྱ། །མཛའ་བོ་དག་ནི་ཉམས་ནས་སུ། །ཕན་ཚུན་སྡང་བར་བྱ་བ་ལ། །དེ་ཡང་མངོན་པར་སྤྱོད་པ་ཡི། །ཆོ་ག་ཇི་བཞིན་བལྟ་བར་བྱ། །ལས་རྣམས་ཐམས་ཅད་བསྡུས་པ་ཡི། །ཆོག་དེ་ནས་བཤད་བྱ་སྟེ། །ལས་ཀུན་དེ་ཉིད་རིག་པ་ཡིས། །བསམ་པ་ལ་སོགས་བྱེ་བྲག་དབྱེ། །ལས་ཀྱི་རྗེས་མཐུན་ས་གཞི་ལ། །ལས་ཀྱི་རྗེས་མཐུན་ཐབ་ཁུང་བྱ། །སྔགས་པའི་ཡིད་ནི་གར་དགའ་བའི། །ས་ཕྱོགས་སུ་ནི་སྦྱར་ཡང་རུང ། །ཁྲུ་གང་པ་ཡི་ཚད་དུ་ནི། །པདྨ་ཨུཏྤལ་དབྱིབས་འདྲ་བ། །ཁ་ཁྱེར་པདྨ་ལྟ་བུ་
485a
༄#། །སྟེ། །ཁུང་དང་ཁ་ཁྱེར་ཅུང་ཟད་གདེང ། །ནང་དུ་བོར་སོགས་ཞི་བ་འདྲ། །ཕྱོགས་བཞིར་རྡོ་རྗེས་མཚན་པར་བྱ། །རྒྱར་ནི་སོར་བརྒྱད་ཚད་ཙམ་ལ། ། དཔངས་ནི་སོར་གཅིག་ཚད་ཙམ་པའི། །འཁོར་ལོ་རིན་ཆེན་པདྨ་དང ། །རལ་གྲི་མཚོན་ཆས་བསྐོར་བ་ཡི། །དབུས་སུ་རྡོ་རྗེའི་མཚན་མ་བྱ། །ངོས་སུ་རྡོ་རྗེའི་ར་བ་ཡིས། །ཧོམ་ཁུང་ཀུན་ནས་ཟླུམ་པོ་ལ། །འོག་ནི་འཁོར་བར་བྲི་བར་བྱ། །ཧོམ་ཁུང་གི་ནི་ཆོ་གའོ། །ཡམ་ཤིང་པ་ལ་ཤ་དང་ནི། །ུ་དུམ་བ་ར་ཨ་མྲ་དང ། །ནྱ་གྲོ་དྷ་དང་པ་ལ་ཤ། །ཀ་ཏམ་པ་སོགས་འོ་མ་ཅན། །རྩེ་མོའི་ཆ་ལས་བྱས་པ་སྟེ། །སོར་ནི་བཅུ་གཉིས་ཚད་དུ་བྱ། །རློན་ཞིང་འདབ་མར་བཅས་པ་སྟེ། །རྙིང་དང་རྩེ་མོ་ཉམས་པ་དང ། །ཤུན་པ་མེད་ཅིང་གས་པ་དང ། །ཐུང་དང་ཤིན་ཏུ་རིང་བ་དང ། །ཕྲ་དང་སྦོམ་དང་འཁྱོག་པ་དང ། །གས་དང་ཆག་དང་འབུས་ཟོས་དང ། །རྩེ་མོ་ཆ་ནི་གཉིས་ཡོད་ཅིང ། །སྲོག་ཆགས་ལྡན་ཞིང་བསྐམས་པ་དག་།དགེ་བའི་ལས་རྣམས་ཐམས་ཅད་ལ། །སྤངས་ཏེ་སྡིག་པའི་ལས་ལ་ཤིས། །ནས་དང་ཏིལ་དང་འོ་མ་ཞོ། །སཱ་ལུའི་འབྲས་ཅན་པྲི་ཡང་ཀུ། །ཀུ་ཤ་སྔོན་པོ་ཙུ་ཏའི་འདབ། །མེ་ཏོག་ཙནྡན་དཀར་པོ་དང ། །སྦྲང་རྩི་མར་དང་ཡོས་བོག་དང ། །དུར་བ་དྲི་ཞིམ་ཁུ་བ་རྣམས། །རྣལ་འབྱོར་པ་ཡི་ཞི་བ་ལ། །ཇི་ལྟར་རྙེད་པ་བསྲེག་པར་བྱ། །མཆོད་སྦྱིན་གྱི་ནི་
485b
ཤིང་རྣམས་ལ། །བུད་ཤིང་ཐབ་པས་དམའ་བར་བྱ། །ནགས་ཀྱི་ལྕི་སྐམ་དག་ཀྱང་རུང ། །སྲོག་ཆགས་ལྡན་པ་སྤང་བར་བྱ། །ཞི་བའི་ཡམ་ཤིང་དང ། བུད་ཤིང་དང ། འབྲུ་ལ་སོགས་པ་སྲེག་རྫས་ཀྱི་ཆོ་གའོ། །ཡམ་ཤིང་ཞི་བའི་ལྟ་བུ་སྟེ། །དབུས་ཀྱི་ཆ་ནི་མཛེས་པ་ལས། །སྲིད་དུ་བཅག་ཁྲུ་གང་དུ་བྱ། །དྲི་སེར་ཆུ་ཡིས་གཏོར་ནས་ནི། །ཞོ་དང་འོ་མ་མར་ལ་སྦགས། །མངར་གསུམ་ལ་ནི་བཏགས་པར་བྱ། །དེ་ནས་ཟས་མཆོག་ཞོ་ཟན་དང ། །མར་དང་ཏིལ་ནི་ནག་པོ་དང ། །ཤ་དང་པུས་པ་མར་དང་བཅས། །སྦྲང་རྩི་དང་ནི་སཱ་ལུ་རི་འབྲས། །འབྲུ་རྣམས་གཞན་དང་པདྨ་དང ། །ནཱ་ག་གེ་སར་བིལ་པའི་འབྲས། །དེ་བཞིན་དུར་བར་བཅས་པ་དག་།རྒྱས་པའི་ལས་ལ་བསྲེག་པར་བྱ། །བུད་ཤིང་སྔར་བཞིན་ཁྱད་པར་དུ། །འབྲས་བུ་དང་ནི་བཅས་པས་བྱ། །ཙམ་པ་དང་ནི་ཨ་ཤོ་ཀ་།པུ་ན་ནཱ་ག་ནཱ་གེ་སར། །ཤིན་ཏུ་དམར་ཞིང་སྐྱུར་བ་དང ། །མེ་ཏོག་དང་ནི་འབྲས་བུར་བཅས། །ཡལ་ག་ཡི་ནི་ཆ་ལས་བྱ། ། སོར་ལྔ་པ་ཡི་ཚད་དུ་ནི། །དབང་གི་ལས་ཀྱི་ཡམ་ཤིང་བྱ། །བུད་ཤིང་ཡང་ནི་སྐྱུར་བ་དང ། །མེ་ཏོག་བཅས་པའི་ཤིང་ལ་བྱ། །མེ་ཏོག་དྲི་ངན་རྣམས་དང་ནི། །དེ་བཞིན་འབྲུ་ནི་ནག་པོ་དང ། །ཕུབ་མ་དག་ནི་གཏོར་བར་བྱ། །དེ་བཞིན་མ་རུས་ཕྱེ་མ་དང ། །དུག་ལ་སོགས་པ་དབུལ་བར་བྱ། །ཚ་ཞིང་ཁ་དང་ཚེར་མར་བཅས། །དུར་ཁྲོད་དུ་ནི་སྐྱེས་
486a
༄#། །པའི་ཤིང ། །རྩ་བའི་ཆ་ལས་བྱས་པ་སྟེ། །སོར་མོ་བཅུ་གཉིས་ཡམ་ཤིང་ཚད། །རྩེ་མོ་རྣོ་ལ་རྩུབ་པ་སྟེ། །རྩེ་གཉིས་དུག་ལ་སོགས་པས་སྔགས།། འུག་པའི་སྒྲོ་ལ་སོགས་པའང་རུང ། །དྲག་པོའི་ལས་ཀྱི་བུད་ཤིང་བྱ། །དེ་ནས་མཆོད་ཡོན་སྣོད་བཤམས་པ། །གསེར་དང་དངུལ་ལས་བྱས་པའམ། །དུང་དང་ཉ་ཕྱིས་དག་ཀྱང་རུང ། །ཟངས་དང་ཁར་བའི་རྫས་རྣམས་དང ། །ས་དང་ཤིང་ལོ་དག་ཀྱང་རུང ། །ཇི་ལྟར་འབྱོར་པར་བཤམས་པར་བྱ། །མེ་ཏོག་འོ་མར་བཅས་པ་ཡི། ། རྒའི་སྣོད་ནི་མདུན་དུ་བཞག་།དྲི་ཞིམ་བདུག་པས་བདུགས་ནས་སུ། །རང་གི་སྔགས་ཀྱིས་ལན་བདུན་བཟླ། །གཡོན་དུ་ཆུ་སྣོད་གཞག་བྱ་སྟེ། །ཞི་བའི་ལས་ཀྱི་མཆོད་ཡོན་ཡིན། །ཞོ་དང་ཏིལ་དུ་བཅས་པ་དང ། །དྲི་སེར་ལ་སོགས་ལྡན་པའི་ཆུ། །རང་གི་སྔགས་ཀྱིས་མངོན་བཟླས་པ། །རྒྱས་པ་ཡི་ནི་ཨརྒ་ཡིན། །དབང་ལ་ཟངས་ཀྱི་སྣོད་སོགས་པར། །དྲི་དམར་ལ་སོགས་བཅས་པའི་ཆུ། །མེ་ཏོག་དམར་པོས་འབར་བ་སྟེ། །ཡོངས་སུ་བཀང་བས་ཆགས་པར་བྱ། །ཆུ་ནི་ནག་ཅིང་དྲི་མི་ཞིམ། །ཁྲག་དང་ལྡན་པས་བྱ་བའམ། །རང་སྐྱུར་བར་ནི་བ་ལང་གཅིན། །ཡང་ན་མི་ཡི་གཅི་བའམ། །ཡང་ན་བོང་བུའི་གཅིན་ཡང་རུང ། །ཕཊ་དང་སྤེལ་བའི་སྔགས་བཟླས་པ། །གངས་\?\་
486b
ཀྱི་ཕྱོགས་སུ་བཞག་ནས་ནི། །དྲག་པོའི་ལས་ལ་སྦྱར་བར་བྱ། །རྒའི་ཆོ་གའོ། །ནད་སོགས་ཞི་ཕྱིར་ཞི་བ་ནི། །སྙིང་རྗེར་ལྡན་པས་དགོང་མོ་བྱ། །དཔའ་བོ་ཤར་དུ་བལྟས་ནས་སུ། །མེ་ཏོག་ཕྲེང་སོགས་རྒྱན་དང་ནི། །བགོ་བ་དག་ནི་དཀར་པོར་བྱ། །འཇམ་པའི་ལས་ལ་གནས་ནས་ནི། །པདྨའི་སྐྱིལ་ཀྲུང་བཅས་ནས་སུ། །དཔལ་ལྡན་རྣམ་སྣང་མཛད་བསྒོམས་ཏེ། །བརྩེ་དང་ལྡན་པས་མི་སྨྲ་བར། །བསྒྲུབ་བྱ་ཡི་གེ་ཨོཾ་བྱུང་བའི། །ཆུ་ཡི་དཀྱིལ་འཁོར་དཀར་པོ་ལ། །སེངྒེ་པདྨ་ཟླ་བ་ཡིས། །སྟན་ལ་གནས་པ་དམིགས་ནས་སུ། ། འོག་ནས་འབྱུང་བའི་རིམ་པ་ཡིས། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །སཝཱཧཱའི་མཐའ་ཅན་སྔགས་བཟླས་ལ། །རྟག་ཏུ་ཞི་བའི་ལས་རྣམས་བྱ། །དབུལ་དང་རི་སོགས་རྒྱས་པའི་ལས། །དགའ་དང་ལྡན་པས་སྔ་དྲོ་བྱ། །གོས་སེར་ལ་སོགས་བརྒྱན་དང་ནི། །བྱང་ཕྱོགས་སུ་ནི་ཁ་བལྟས་ཏེ། །བཟང་པོ་ཡི་ནི་འདུག་སྟངས་སམ། །ཡང་ན་རོལ་པའི་སྟབས་ཀྱིས་གནས། །འབྲས་ཆན་དཀར་པོ་ཞོ་\?\་དང་ནི། །བཅའ་བཟའ་དེ་ཉིད་རིག་པ་ཡིས། །བཟའ་དང་བཏུང་བས་ཚིམ་ནས་སུ། །རིན་ཆེན་འབྱུང་བར་བསྒོམས་ནས་ནི། །ཡི་གེ་ལཾ་ལས་བྱུང་བ་ཡི། །དབང་ཆེན་གྱི་ནི་དཀྱིལ་འཁོར་ལ། །གླང་ཆེན་སྟེང་དུ་གནས་པ་ཡི། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས་ཀྱི་མཐར་ནི་ཨོཾ་བརྗོད་ཅིང་།།
487a
༄#། །རྒྱས་པར་བྱ་བའི་ཆོ་ག་སྦྱར། །དབང་གི་དོན་དུ་འདི་གསུངས་ཏེ། །མཚན་མོ་ཆགས་པའི་སེམས་ཀྱིས་ནི། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ། །དམར་པོའི་རྒྱན་གྱིས་ཀླུབས་ནས་ནི། །སེམས་དཔའི་སྐྱིལ་ཀྲུང་གནས་ནས་སུ། །རྡོ་རྗེ་ཆགས་པ་མཆོག་ཏུ་བསྒོམ། །ཡཾ་ལས་བྱུང་བའི་རླུང་དཀྱིལ་ལ། །བཙུན་མོའི་པདྨ་འཇམ་ལྡན་པར། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །སྔགས་ཀྱི་མཐར་ནི་ཧོ་བཟླས་ཏེ། །འོད་ཟེར་དམར་པོས་བསྐུལ་ནས་སུ། །ཟུར་མིག་ལྟ་བས་སྦྱིན་བསྲེགས་ན། །བུད་མེད་རྣམས་ནི་རྨོངས་པར་འགྱུར། །དཀོན་མཆོག་གསུམ་ལ་གནོད་པ་དང ། །དམ་ཚིག་འདས་ཤིང་ཁྲོ་བ་ལ། །སྡང་བའི་སེམས་ཀྱིས་ལྷོར་བལྟས་ཏེ། །མཚན་ཕྱེད་དམ་ནི་ཉིན་ཕྱེད་ལ། །གོས་སོགས་སྔོན་པོས་བརྒྱན་ནས་སུ། །མཁྲང་ཞིང་རྩུབ་པའི་སྟན་ལ་ནི། །ཁྲོ་བོའི་སྐྱིལ་ཀྲུང་གནས་ནས་སུ། །རྡོ་རྗེ་ཁྲོ་བོར་བསྒོམ་པར་བྱ། །རཾ་ལས་ཉི་མའི་དཀྱིལ་འཁོར་ལ། །བསྒྲུབ་པར་བྱ་བ་དམིགས་ནས་སུ། །ཧཱུཾ་དང་ཕཊ་ཅེས་བྱ་བ་ནི། ། འབྲུག་གི་སྒྲ་ལྟར་གྲགས་པ་སྟེ། །ཐོག་མ་དབུས་མཐའ་སྦྱར་བར་བྱ། །བསྒྲུབ་བྱའི་ལས་ཀྱི་ཆོ་གའོ། །དེ་ནས་སྒྲུབ་པོ་དཔལ་ལྡན་པས། །རྒྱན་རྣམས་ཀུན་
487b
གྱིས་བརྒྱན་ནས་སུ། །གསང་བ་གཉིས་ཀྱི་ཏིང་འཛིན་གནས། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །ཆུ་ཡི་སྣོད་ནི་གཡོན་དུ་གཞག་།གཡས་སུ་བསྲེག་རྫས་གཞག་པར་བྱ། །ལས་ཀུན་བྱེད་པས་བཟླས་པ་ཡིས། །རྫས་རྣམས་ཀུན་ལ་བསང་གཏོར་ཏེ། །དེ་ནས་བཀྲ་ཤིས་བཅས་པ་ཡིས། །གཡས་ནས་བསྐོར་ལ་ཀུ་ཤ་དགྲམ། །རྩེ་མོའི་ཆ་ལས་བྱས་པ་ནི། །དྲི་མ་མེད་ཅིང་མ་ཉམས་པ། །འདབ་མར་བཅས་ཤིང་ཁ་དོག་སྔོ། །ཤིན་ཏུ་རིང་མིན་ཐུང་བ་མིན། །མདུད་པར་བྱས་པ་གཡས་བསྐོར་དགྲམ། །དེ་ནས་ལས་ཀྱི་རྗེས་མཐུན་བར། །ཐབ་ཁུང་ཕྱོགས་ཀྱི་བྱེ་བྲག་གིས། །གཞན་ཡང་ཤར་ཕྱོགས་བསྟན་ཏེ་དགྲམ། །དེ་ཡིས་སྒོར་ནི་བཀྲམ་ནས་སུ། །དེ་ནས་ཐབ་ཀྱི་ནང་དུ་ནི། །སྒྲུབ་པ་པོ་ཡི་ཀུ་ཤ་སྦྱིན། །ཀུ་ཤའི་ལས་ནི་རྫོགས་ནས་སུ། །མེ་ཡི་ལས་ནི་བརྩམ་པར་བྱ། །གཙུབ་ཤིང་ལས་བྱུང་མེ་འམ་ནི། །ཡང་ན་ལས་ཀྱི་བྱེ་བྲག་གིས། །སྐྱེ་གཉིས་ལ་སོགས་མེ་ཡང་རུང ། །རླུང་ཡབ་ཀྱིས་ནི་སྦར་ནས་སུ། །འོ་མར་ལྡན་པའི་བུད་ཤིང་སོགས། །མེ་ནི་གསལ་བར་སྦར་བར་བྱ། །མེ་ནི་འབར་བར་ཤེས་ནས་སུ། །དེ་ནས་མེ་ལྷ་དགུག་པར་བྱ། །མེ་ཡི་ཕྱོགས་ནས་སྤྱན་དྲང་བ། །དྲང་སྲོང་གི་ནི་འཁོར་གྱིས་བསྐོར། །ཡི་གེ་རཾ་ལས་ཡང་དག་བྱུང ། །ོཾ་ལས་
488a
༄#། །བྱུང་བའི་པདྨ་ནི། །མཛེས་པའི་ལུག་གི་སྟེང་གནས་པ། །བསམ་གཏན་ལ་བཞུགས་ཡང་དག་བསམ། །མདོག་དང་ན་བཟའ་རྒྱན་ལ་སོགས། །ལས་ཀྱི་རྗེས་སུ་མཐུན་པར་བྱ། །མེ་ཡི་ཁམས་ཀྱི་རང་བཞིན་ཏེ། །འབར་བའི་ཕྲེང་བ་རྒྱ་ཆེན་བཅས། །ཞལ་གཅིག་དང་ནི་ཕྱག་བཞིར་ལྡན། །རྡོ་རྗེ་རྩེ་གསུམ་དབྱིག་པ་དང ། །བགྲང་ཕྲེང་རིལ་བ་སྤྱི་བླུགས་དང ། །གཡས་དང་གཡོན་དུ་རིམ་བཞིན་བསམ། །རྡོ་རྗེ་མེ་ནི་བྱོན་པ་དང ། །ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། །དེ་ནས་ཨརྒ་སོགས་བྱིན་ཏེ། །ཆོ་ག་བཞིན་དུ་མཆོད་པར་བྱ། །ལས་ཀུན་བྱེད་པའི་ཆུ་ཡིས་ནི། །བསང་གཏོར་བྱས་ནས་ཞལ་བསིལ་སྦྱིན། །དངོས་གྲུབ་བླང་བའི་བསམ་པ་ཡིས། །དེ་ཡི་ཁར་ནི་དགང་བླུགས་དབུལ། །དགེ་བའི་ལས་ལ་གྲུ་མོ་ནི། །པུས་མོའི་བར་དུ་བཅུག་སྟེ་བསྲེག་།དྲག་པོའི་ལས་ལ་ལག་པ་གཡོན། །ཕྱི་རུ་ཕྱུང་སྟེ་བསྲེག་པར་བྱ། །ོཾ་བཛྲ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭཱ་ལ་ཡ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚ་ན་བིགྷྣཾ་ཧཱུཾ་ཕཊ། མེ་ཡི་སྔགས་ནི་དེ་ཉིད་ལ། །ལས་དང་རྗེས་སུ་མཐུན་པར་སྤེལ། །ོཾ་སརྦ་སམྤ་དེ་སཝཱཧཱ། ཞོ་ཟན་གྱིའོ། །ོཾ་ཨགྣ་ཡེ་སཝཱཧཱ། མར་གྱིའོ། །ོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡེ་སཝཱཧཱ། ཞེས་བྱ་བ་ནི། ཀུ་ཤ་ཡིའོ། །ོཾ་སརྦ་
488b
པཱ་པཾ་ད་ཧཱ་ན་བཛྲ་ཡ་སཝཱཧཱ། ཞེས་བྱ་བ་ནི། ཏིལ་གྱིས་སྡིག་པ་བསྲེག་པར་བྱ་བའི་འོ། །ོཾ་བཛྲ་ཨཱ་ཡུ་ཥེ་སཝཱཧཱ། ཞེས་བྱ་བ་ནི། དུར་བའི་སྟེ། ཚེ་སྤེལ་བར་བྱ་བའི་འོ། །ོཾ་བཛྲ་པུཥྚ་ཡེ་སཝཱཧཱ། ཞེས་བྱ་བ་ནི། འབྲས་ཀྱི་སྟེ། ཁྱིམ་རྒྱས་པར་བྱ་བའི་འོ། །འབྲུ་ལ་སོགས་པ་གཞན་དག་ཀྱང་འདིར་མར་གྱིས་བསྒོས་ཏེ་བསྲེག་པར་བྱའོ། །དེ་འོག་བསང་གཏོར་ཞལ་བསིལ་སོགས། །མེ་ནི་ཚིམ་བྱས་འབར་བ་ཡི། །རྣམ་པར་ཡོངས་སུ་ཐིམ་པར་འགྱུར། །དེ་ནས་མེ་དབུས་བདག་གི་ལྷ། །རྒྱན་དང་ན་བཟའ་ཁ་དོག་སོགས། ། ལས་ཀྱི་རྗེས་སུ་མཐུན་པར་ནི། །བསམ་ཞིང་མེ་ཡི་མཚན་མ་བརྟག་།གསེར་ལ་སོགས་པའི་ཁ་དོག་གིས། །མེ་ཡིས་དོག་ནི་ཤེས་པར་བྱ། །ཞི་ལ་ཁ་དོག་དཀར་པོ་ཤིས།། རྒྱས་པ་ལ་ནི་གསར་ལྟ་བུ། །དབང་ལ་བྱི་རུ་བཅག་པའི་ཨ་དོག་།མངོན་སྤྱོད་ལ་ནི་ནག་པོ་དང ། །སྔོ་སོགས་མཚན་མར་ཤེས་པར་བྱ། །དབྱིབས་ནི་དཔལ་གྱི་བེའུ་དང་ནི། །རྡོ་རྗེ་འཁོར་ལོ་ལ་སོགས་པ། །རང་གི་མཚན་མས་བརྒྱན་པར་ཤིས། །མེ་ནི་ཤིན་ཏུ་དྲི་ཞིམ་ན། །དགེ་བའི་ལས་ཀྱི་དངོས་གྲུབ་སྟེར། །མི་རོའི་དྲི་དང་ཉ་ཡི་དྲི། །དུ་བ་ཆེ་ཞིང་སྒྲ་དང་ལྡན། །མེ་སྟག་གིས་ནི་སྔགས་པ་སྲེག་།མེ་ཡི་མཚན་མ་བན་བ་སྟེ། །མི་དགེ་བ་ཡི་མཚན་མ་ནི། །མི་དགེ་བ་ཡི་ལས་ལ་ཤིས། །དེ་ཉིད་ཤིས་པའི་ལས་རྣམས་
489a
༄#། །ལ། །ཤིས་པའི་མཚན་མ་མ་ཡིན་ནོ། །དེ་ནས་བགེགས་ནི་བསྐྲད་ནས་སུ། །དེ་ནས་སླར་ཡང་སྦྱིན་སྲེག་བརྩམ། །དེ་ནས་རང་གི་སྔགས་ཀྱིས་ནི། །མེ་ལ་བསང་གཏོར་བྱས་ནས་སུ། །དགང་གཟར་ཆོ་ག་བཞིན་བཀང་ལ། །དགང་བླུགས་ལན་གསུམ་སྦྱིན་པར་བྱ། །ོཾ་ཨགྣ་ཡེ་ཨ་མུ་ཀ་སྱ་ཤཱིནྟིཾ་ཀུ་རུ་སཝཱཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་ཡི་གེ་གསུམ་གྱི་སྔགས་མངོན་དུ་བཟླས་པ་དང ། རང་གི་སྔགས་སྤེལ་ཏེ་རིམ་པ་བཞིན་དུ་བསྲེག་པར་བྱའོ། །དེ་ལ་སྲེག་པའི་གོ་རིམ་ནི། །འདི་ཡིན་ཏེ། དང་པོར་ནི། ཡམ་ཤིང་ངོ ། །དེའི་འོག་ཏུ་ནི། མར་རོ། །དེ་ནས་གྲོ་དང ། ཏིལ་ལ་སོགས་པའོ། །དེ་ནས་བཟའ་བ་ལ་སོགས་པའོ། ། དེ་ནས་ཟན་ནོ། །དེ་ནས་ཞོ་དང ། འོ་མ་དང ། འབྲས་བུ་ལ་སོགས་པ་དང ། བལྡག་པ་དང ། བཏང་བ་ལ་སོགས་པའི་ཚོགས་བསྲེགས་ལ། དེ་ནས་རྣལ་འབྱོར་པས་མེ་ཏོག་དང ། སོ་རྩི་ལ་སོགས་པ་དབུལ་ལོ། །དེ་བཞིན་དུ་རང་གི་ལྷ་ཡང་མཆོད་ནས་འདོད་པའི་དོན་གྱི་དངོས་གྲུབ་གསོལ་བར་བྱའོ། །དེ་ནས་མགོན་པོ་གཤེགས་སུ་གསོལ་ནས་སླར་ཡང་སློབ་མས་མེ་ལྷ་མཆོད་དེ་གཤེགས་སུ་གསོལ་ན། རྣལ་འབྱོར་བ་ལ་འདོད་པའི་འབྲས་བུ་སྟེར་བར་འགྱུར་རོ། །སྦྱིན་སྲེག་གི་ཆོ་གའོ། །གསེར་
489b
རམ་དངུལ་ལམ་ཟངས་མའམ། །མཆོད་སྦྱིན་གྱི་ནི་ཤིང་ཡང་རུང ། །དགང་གཟར་དཀྱུས་དང་དབྱིག་པ་སོགས། །ཚད་དང་དབྱིབས་ལ་སོགས་པ་བཤད། །སྟེང་དུ་སོར་བཞི་དང་ལྡན་པའི། །དཀྱུས་ནི་གྲུ་བཞིར་བྱ་བ་སྟེ། །ཟབས་སུ་སོར་གཉིས་བརྐོ་བར་བྱ། །དཀྱིལ་དུ་ཡེ་ཤེས་རྡོ་རྗེས་བརྒྱན། །དེ་ཡི་སྟེང་དུ་མཆུ་སོར་བཞི། །པདྨའི་འདབ་མ་ལྟ་བུར་བྱ། །དེ་དབུས་བཅུད་ནི་འཛག་པ་ཡི། །བུ་ག་མཐེའུ་ཆུང་ཚད་དུ་བྱ། །དེ་ནས་འོག་ཏུ་དབྱུག་པ་སྟེ། །རྡོ་རྗེ་རིན་ཆེན་སོར་དྲུག་བརྒྱན། །དགང་གཟར་ཆོས་ནི་སྟེར་བའི་མ། །གླུགས་གཟར་རོ་ལྡན་ཐབས་ཡིན་ཏེ། །སེམས་ཅན་ཀུན་ལ་ཕན་བྱེད་བ། །རྒྱ་རུ་སོར་གཉིས་ཟབས་སོར་གཅིག་།ཁ་ནི་པདྨའི་འདབ་མ་འདྲ། །དབུས་སུ་རྡོ་རྗེས་མཛེས་བ་སྟེ། །ལྷག་མ་སྔོན་བཞིན་མཚོན་པར་བྱ། །སོར་མོ་ལྔ་དང་ལྡན་པ་ཡིས། །གང་བའི་སྦྱིན་སྲེག་བྱ་བར་བརྗོད། །སོར་མོ་གསུམ་དང་ལྡན་པ་ཡིས། །སྦྱིན་སྲེག་གཅིག་ཤོས་བྱ་བར་བརྗོད། །ཞི་བ་བྱང་ཆུབ་མཆོག་གིས་གཟུང ། །ནོར་བུའི་ཁུ་ཚུར་རྒྱས་པ་ལ། །དབང་དང་དགུག་པ་དག་ལ་ནི། །དེ་བཞིན་པདྨའི་ཁུ་ཚུར་གཟུང་།། དྲག་པོའི་ལས་ལ་འབད་པ་ཡིས། །དེ་བཞིན་ཁྲོ་བོའི་ཁ་ཚུར་བྱ། །དགང་གཟར་བླུགས་གཟར་གྱི་ཆོ་གའོ། །དགང་བླུགས་ཞེས་བྱ་བ་ནི། གང་བའི་སྦྱིན་སྲེག་ལ་སོགས་
490a
༄#། །པའོ། །དེ་ཡི་ཆོ་ག་གཞན་བཤད་བྱ། །ཞི་བ་དང་ནི་རྒྱས་དང་དབང ། །དགེ་བ་ཡི་ནི་ལས་རྣམས་ལ། །གདོང་ནི་འཇུམ་དང་བཅས་པར་བྱ། ། དྲག་པོའི་ལས་ལ་ཁྲོ་གདོང་གིས། །ཡམ་ཤིང་ལ་སོགས་བསྲེག་པར་བྱ། །དེ་ཉིད་བསྡུས་དང་བདེ་མཆོག་དང ། །གསང་དང་རྡོ་རྗེ་འཇིགས་བྱེད་བཅས། །ཏི་ལ་ཀ་སོགས་མ་བཤད་པ། །སྦྱིན་སྲེག་མདོ་རུ་བསྡུས་པའོ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ལས་ཐམས་ཅད་ཀྱི་གསང་ཆེན་སྦྱིན་སྲེག་གི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།སླར་ཡང་ལྷ་མོས་གར་བྱས་ཏེ། །ཚིག་འདི་དག་ནི་གསོལ་བར་གྱུར། །ཆུང་ངུ་ལ་སོགས་ཇི་ལྟ་བུ། །དེ་རྣམས་བྱེ་བྲག་ཇི་ལྟར་ལགས། །ཁམས་ཀྱི་རང་བཞིན་སྣ་ཚོགས་ལ། །རྫས་ཀྱི་མཚན་ཉིད་གང་བཤད་པ། །དེ་དག་བདག་ནི་ཐེ་ཚོམ་སྐྱེས། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀལ་སྩལ་པ། ད་ནི་ཆུང་ངུ་ལ་སོགས་ཀྱི། །བྱེ་བྲག་ལ་སོགས་བཤད་པར་བྱ། །ཡོན་ཏན་ལྡན་པའི་རྫས་མཚན་
490b
ཉིད། །བཤད་ཀྱི་ཤེས་རབ་ལྷ་མོ་ཉོན། །ཆུང་ངུ་ལ་སོགས་པ་གང་དག་གི་ཡིན་པ་དེ་དག་ནི། ཆུང་ངུ་ལ་སོགས་པ་སྟེ། སོགས་པའི་སྒྲས་པར་མ་དང ། ཆེན་པོ་དང ། ཆེན་པོའི་ཆེན་པོ་དག་ལ་བྱ་སྟེ། གནས་སྐབས་ཀྱི་དབྱེ་བ་རྣམ་པ་བཞིས་རྣམ་པ་བཞིར་དབྱེ་བར་བྱའོ། །རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པའི་རང་བཞིན་གྱི་དབྱེ་བས་བུད་མེད་དང་སྐྱེས་པ་དག་བྱེ་བྲག་ཏུ་ཤེས་པར་བྱ་སྟེ། རྫས་རྣམས་སྦྱོར་བར་བྱའོ། །དེ་ཡང་རླུང་ཅན་ལ་ནི། སྣུམ་པའི་རྫས་སྦྱིན་པར་བྱ་ལ། །མཁྲིས་པ་ཅན་ལ་ནི། བསིལ་བའི་རྫས་བྱིན་ན་ཕན་ཏེ། བད་ཀན་ཅན་ལ་ནི། ཁ་བ་དང ། བསྐ་བའི་རྫས་སྦྱིན་ནོ། །ཡང་རྩུབ་པ་དང་བསིལ་བ་དང་སྣུམ་པ་རྣམས་རླུང་དང་མཁྲིས་པ་དང་བད་ཀན་ཅན་ལ་སོ་སོར་བསྔགས་སོ། །སྐྱེས་པ་དང་ནི་བུད་མེད་ཀྱང ། རེ་རེ་ཞིང་ཡང་གསུམ་གསུམ་འདོད། །ཅེས་བྱ་བ་ནི། ཁམས་ཀྱི་རང་བཞིན་གྱིས་ངེས་པ་གསུམ་གསུམ་དུ་འདོད་པའོ། །ཀྱང་ཞེས་བྱ་བ་ནི། བརྟག་པ་སྟེ། མ་ནིང་ལ་ནི། བཅུད་ཀྱིས་ལེན་མི་སྦྱིན་པའི་ཕྱིར་རོ། །ནག་པོ་ནི། ཁ་དོག་ནག་པོ་སྟེ། འཛག་པ་ལ་བསྔགས་སོ། །སེར་སྐྱ་ཡང་ཁ་དོག་སྟེ།་འཕོ་བ་ལའོ། །སྔོ་བསངས་ནི། ནག་པོ་དང་སེར་པོ་གཉིས་འདུས་པ་སྟེ། འཛག་པ་དང་འཕོ་བ་གཉིས་ཀ་ལའོ། །དང་ཞེས་བྱ་བ་ནི། རིམ་པ་བཞིན་དུ་སྦྱར་བའི་དོན་
491a
༄#། །ཏོ། །རྩུ་བ་ཅེས་བྱ་བ་ནི། བ་ལང་གི་ལྕེ་ལྟར་རྩུབ་པའོ། །འཇམ་པ་ནི། པདྨ་ཅན་ཞེས་བྱ་བའོ། །མཁྲང་བ་ནི། ཁུ་བ་སྲ་བ་སྟེ། གང་གི་ཁུ་བ་འཐས་པར་གྱུར་བའོ། །འཛེར་བ་ཅན་ནི། དུང་ཅན་མ་སྟེ། པདྨ་ལ་ཤ་འཛེར་ཡོད་པའོ། །བུད་མེད་འདི་དག་ནི། །བཅུད་བཅིང་བ་ལ་དབང་བར་གྱུར་པ་ཡིན་ནོ། །སྦོམ་ཞེས་བྱ་བ་ནི།་གདོང་དང་ཁ་དང་ནུ་མ་འཕེལ་ཁ་ཆེ་ཞིང་སྤོམ་པའོ། །ཐུང་ཞེས་བྱ་བ་ནི། །བོང་ཐུང་བ་དང་སྐྲ་ཐུང་ཞིང་ཆང་གི་དྲི་དང་ལྡན་ལ་འདོད་པས་མྱོས་པ་སྟེ། དེ་དག་ནི། བོད་ཚོད་རན་ཞེས་བྱ་བར་བཤད་དོ། །རིང་བའི་གདོང་དང་ལག་པ་དང་རྐང་པའི་དཀྱུས་རིང་བའོ། །གཞན་ཡང་ཉའི་དྲི་དང་ལྡན་པའི་ཁུ་བ་རིང་དུ་འཛག་པ་སྟེ། དུང་ཅན་མའོ། །སྔོ་བསངས་མཚུངས་ཞེས་བྱ་བ་ནི། དབྱངས་མི་སྙན་ཞིང་ཡན་ལག་དང་སྐྲ་ཐུང་བའོ། །ཡན་ལག་རྩུབ་ཅེས་བྱ་བ་ནི། དྲི་མི་ཞིན་ཞིང་འགྲོས་དལ་བ་སྟེ།་རི་མོ་ཅན་མའོ། །མགྲིན་པ་རིང་པ་ནི། རང་གི་མགྲིན་པ་མཐོ་བ་དེ་མགྲིན་པ་རིང་བ་སྟེ། པདྨ་དཀར་པོ་ལྟ་བུའི་འོད་ཡོད་ཅིང་ཡིད་དུ་འོང་ལ་དུས་རྟག་ཏུ་རྡུལ་གྱི་དྲི་ཞིམ་པ་དང ། རི་དྭགས་ཀྱི་མིག་འདྲ་ལ་རི་དྭགས་ལྟར་ལྟ་ཞིང་མགྲིན་པ་དང་ལྟོ་བ་རི་དྭགས་འདྲ་ལ་རྐེད་པ་རི་དྭགས་ཀྱི་རྒྱལ་པོ་ལྟ་བུ་སྟེ། པདྨ་ཅན་
491b
དུ་ཤེས་པར་བྱའོ། །མིག་ནི་ཟངས་ལྟར་དམར་བ་ཞེས་བྱ་བ་ནི། མིག་དང་རྐང་པ་དང་ལག་པ་ཤིན་ཏུ་དམར་ཞིང་མ་ལི་ཀའི་དྲི་དང་ལྡན་པ་དང ། བདེ་བར་གཤེགས་པའི་རིགས་ལ་དགའ་ཞིང་དེ་བཞིན་དུ་བདེ་བའི་དངོས་གྲུབ་སྟེར་བའོ། །པི་ནོ་ཨུ་ན་ཏ་ཞེས་བྱ་བ་ནི། པི་ན་ནི། འོ་མ་འཛིན་པ་སྟེ། དེ་མཁྲང་ཞིང་སྐྲ་ལི་བ་དང ། བཞིན་ཀུན་ནས་ཟླུམ་པ་དང ། ལྟེ་བའི་དབུས་ན་རི་མོ་གསུམ་ཡོད་པ་དེ་ནི། ཕྲེང་བ་ཅན་དུ་ཤེས་པར་བྱའོ། །ཐུན་མོང་ནི། གང་གི་རྒྱུ་སྦྱིན་པར་བྱེད་པའོ། །ནུ་མ་མེད་ཅེས་བྱ་བ་ནི། དང་ཚུལ་ངན་པ་དང ། སྐྱེས་པ་ལྟར་ནུ་མ་སྤངས་པ་སྟེ། ཡན་ལག་མ་ཚང་བ་ཞེས་བྱ་བའི་བར་དུའོ། །མདོག་ཉམས་པ་ཞེས་བྱ་བ་ནི། མདངས་རྩུབ་པའོ། །ས་ལ་དྲི་ཞེས་བྱ་བ་ནི། སཱ་ལུ་ལྟར་ཡིད་དུ་འོང་པའི་དྲི་ཡོད་པའོ། །ཆང་ནི། སྟོབས་ཏེ། དམ་ཚིག་དང་སྤྱོད་པ་ཕུན་སུམ་ཚོགས་པའི་བསམ་པ་དང་ལྡན་པའོ། །ཆང་མིན་དྲི་ཞེས་བྱ་བ་ནི།་ཁྱད་པར་དུ་མི་རོའི་དྲིའི་རྗེས་སུ་འགྲོ་བའོ། །མྱོས་པ་ནི། ཤིན་ཏུ་ཁྱད་པར་གྱུར་པའོ། །ཆ་གཉིས་པ་ནི། ཆ་གཉིས་ཏེ། ཆ་གཉིས་གཉིས་བསྡུས་པའོ། །ཆ་གསུམ་ནི།་ཆ་གཉིས་བོ་དེ་གསུམ་དུ་བསྒྱུར་བ་སྟེ། །སྤུ་མེད་པ་དང ། ཤ་ཆེ་བ་དང ། རུལ་སྦལ་གྱི་རྒྱབ་ལྟར་མཐོ་བ་དང ། གླང་པོ་ཆེའི་ཟེ་བ་ལྟར་མཁྲང་བར་དང ། སྐྱེ་གནས་ཡངས་
492a
༄#། །པ་དང ། ཁྲག་དང་ཁུ་བ་རྟག་ཏུ་འཛག་པ་སྟེ། དྲུག་པོ་དེ་དག་ནི། སྐལ་བཟང་མ་སྟེ། སུ་བྷ་ག་ཡིན་ལ། །དེ་དག་ནི། །སྒྲུབ་པ་པོ་ལ་མཆོག་སྟེར་བ་ཡིན་ནོ། །དེ་དག་ནི། རྐེད་པའི་བྱེ་བྲག་གོ་།དེ་ཉིད་ཀྱིས་སྦྲང་རྩི་ལྟར་འཛག་སྦྲང་རྩིའི་དྲི་སྟེ། སྦྲང་རྩིའི་རང་བཞིན་ཅན་ནོ། །སོ་སོ་ནི། དམ་ཚིག་གི་དོན་དང་གཞན་ལ་སོ་སོ་སྟེ་ཐ་དད་པར་སྦྱར་གྱི། གཞན་དུ་སྟེ་སེམས་ཅན་གྱི་དོན་དུ་ར་ས་ཡ་ན་ལ་སོགས་པ་ལས་གཞན་དུ་ནི་ནམ་ཡང་མ་ཡིན་ཏེ། གཞན་དུ་ནི་ཚིག་ཙམ་ཡང་སྦྱར་བར་མི་བྱའོ། །འདིར་ནི། སོ་སོ་སྒྲུབ་པ་སྟེ། ཡིད་ལ་སེམས་དཔའི་འཁྲུལ་འཁོར་གྱིས། །ཞེས་བྱ་བ་ལ། ཡིད་ལས་བྱུང་བ་ནི། ཡིད་ལ་སེམས་པ་སྟེ། འཁྲུལ་འཁོར་ནི།་ཤིང་དང་པགས་པའི་རང་བཞིན་གྱི་འཁྲུལ་འཁོར་ལོ། །སྒྲུབ་པ་ནི། དེས་བསྒྲུབ་པར་བྱའོ། །བུ་མོ་གཅིག་ནི། དང་པོ་སྟེ། བྱང་ཆུབ་དང ། ཐར་པའི་དོན་དུའོ། །གཉིས་ནི། དམ་ཚིག་གི་དོན་དུའོ། །མང་པོ་ནི། ནོར་གྱི་དོན་དུ་བརྟག་པར་བཞེས་བྱ་བ་ནི། ཁྱད་པར་དུ་རྫས་བཅོ་བརྒྱད་ཀྱི་སྟེ། གསལ་བར་གྱུར་པ་ནི ། གཅིག་ཉིད་མཐའ་ཡས་པའི་ཡོན་ཏན་སྟེར་བའི་ཕྱིར་རོ། །སུ་ལ་ཞེ་ན། སྒྲུབ་པའི་དབང་པོ་ལ་སྟེ། ཡོན་ཏན་བྱེད་པ་ནི། དེ་ཉིད་ཀྱིས་བྱའི་གདོང་པའི་རྩའི་བདུད་
492b
རྩིས་ཡོན་ཏན་དེ་ཡང་དང་ཡང་དུ་གོམས་པར་བྱ་བས་སོ། །བྱིས་པ་ཞེས་བྱ་བ་ནི། ཤེད་མ་བྱེ་བ་སྟེ། བུ་མོ་གཞོན་ནུ་མའོ། །ཉི་ཤུ་ཞེས་བྱ་བ་ལོ་ཉི་ཤུའི་བར་དུའོ། །དེ་རྣམས་ཐབས་ཀྱིས་སྦྱང་བར་བྱ། །ཞེས་བྱ་བ་ནི། དེ་རྣམས་ཉིད་ས་བོན་གདབ་པའི་ཞིང་དུ་གྱུར་པས་སྦྱང་བར་བྱ་བ་ཡིན་ལ། དེ་རྣམས་ཉིད་ཐབས་ཡིན་ཏེ། མངོན་པར་འདོད་པའི་དོན་ཉེ་བར་གཏོད་ཅིང་སྟེར་ལ། འབྲས་བུ་མངོན་སུམ་དུ་བྱེད་པ་ཞེས་བྱ་བའི་བར་དུའོ། །ཕྲ་མོ་ནི། ཡིད་དུ་འོང་བ་སྟེ། ནམ་ཁའ་ལྟ་བུའི་སྤྱོད་ཡུལ་ལོ། །སྟོབས་ལྡན་གཟུང་བ་ཡི་ནི་གནས། །ཞེས་བྱ་བ་ལ། སྟོབས་ལྡན་ནི། ནུས་པ་ཡོད་པའོ། །གཟུང་བ་ནི། བདག་གིར་བྱ་བའོ། །གནས་ནི། དབྱིབས་ཏེ། ཐུར་དུ་འབེབས་པ་དང་གྱེན་དུ་འཕེལ་པའི་དོ་ལ་དང་ཀུ་རབ་པ་ལ་སོགས་པའོ། །རྫས་ནི་ཡོངས་སུ་སྦྱོང་ཞེས་བྱ་བ་ལ། རྫས་ནི། སྲིད་པའི་རྒྱ་མཚོའོ། །དེ་ལས་གྲུ་ལྟར་སྦྱོང་ཞིང་ཕ་འདོགས་པར་བྱེད་པས་ན། ཡོངས་སུ་སྦྱོང་བའོ། །ཀུན་གབ་ཅེས་བྱ་བ་ནི། སྲོག་ཆགས་ནེའུ་ལ་ལྟར་ཀུན་ཏུ་འཁྱུད་པ་དང ། ཕུག་རོན་ལྟར་འོ་བྱེད་ཅིང་སོས་མ་མཆུ་བཟུང་སྟེ་འཇིབ་པ་དང ། སྐྲ་ནས་བཟུང་བ་དང ། སེན་མོ་འདེབས་པ་དང ། ཁུ་ཚུར་བསྣུན་པ་དང ། སོས་འདེབས་ཤིང་འདྲལ་བ་དང ། མཆན་ཁུང་དང ། ནུ་མ་དང ། རྐེད་པ་དང ། བྲལ་གཉིས་དང ། མགྲིན་པ་དང ། རྒྱབ་ཏུ་སེན་མོས་
493a
༄#། །འདྲལ་ཞིང་སིད་ཅེས་བྱ་བའི་སྒྲ་དང་བཅས་པར་སྔགས་པས་སྔོན་དུ་བྱ་ཞིང ། གཞན་ཡང་ནུ་མ་མཉེ་བ་ལ་སོགས་པས་དེའི་རྣམ་པར་འདུལ་བའི་བྱ་བདེ་དག་སོ་སོར་བྱེད་པའི་ཚུལ་རྣམས་པ་བརྒྱད་དང་སྦྱར་རོ། །སེན་མོ་འདེབས་པ་དེ་ཡང་འཇམ་ཞིང་གཞོན་ནུ་ལ་ནི། ཀུ་ཤའི་ཚད་ཙམ་དུ་གདབ་པ་དང་དྲལ་བར་བྱས་ཏེ། རྐེད་པ་དང་རྒྱབ་དང་བྷ་གའི་སྟེང་དང་སྐྲ་དང་འགྲམ་པ་ལ་སོགས་པ་རྣམས་སུ་འབྲས་ཀྱི་གཟེགས་མའི་ཚད་ཙམ་གྱི་རི་མོ་ཅི་རིགས་པར་ཆགས་པ་ལྷོད་པ་རྣམས་ལ་གདབ་བོ། །དེ་ཡང་སེན་མོ་འབའ་ཞིག་ནི། མ་ཡིན་གྱི། འོ་བྱ་བ་ལ་སོགས་པ་རྣམས་ཀྱིས་ཚིམ་པར་བྱའོ། །གང་ཞིག་ཆགས་པ་སྲ་བ་རྣམས་ལ་ནི། སོར་མོའི་རིང་པོ་གསུམ་སྤྲུལ་གྱི་མགོ་ལྟར་བྱས་ལ་མོ་མཆན་གྱི་བུ་གར་བཅུག་ནས་སིད་ཅེས་བྱ་བའི་སྔགས་འབྱུང་གི་བར་དུ་བྲུད་པར་བྱས་པས། རྒྱན་མོ་ལ་སོགས་པ་ཚིམ་པར་བྱ་བ་ནི། རྡོ་རྗེ་སོར་མོ་ཞེས་བྱའོ། །གང་ཞིག་གཞོན་ཞིང་མཉེན་པ་རྣམས་ལ་ནི། རང་གི་མཚན་མ་དང ། འོད་དང་ལྡན་པའི་བྱང་ཆུབ་སེམས་འབབ་པའི་རྩར་ལྕེ་བཅུག་སྟེ་བསྒྲིལ་བ་ཙམ་གྱིས་དགའ་བར་བྱ་སྟེ། །རྡོ་རྗེ་ལྕེའི་ཐུར་མ་ཞེས་བྱའོ། །དེ་ལྟར་སྒྲུབ་པ་པོས་ཡང་དང་ཡང་དུ་བསྒུལ་བས་སྙིང་འདར་བ་དང ། དགའ་བས་མྱོས་ཤིང་སེམས་ཀྱི་རྡུལ་
493b
ཕྲ་མོའི་ཆུ་འཛག་ལ། ངོ་ཚ་ལ་སོགས་པ་དང་བྲལ་ཏེ་བ་སྤུ་ལངས་ནས་ཤིན་ཏུ་ཆགས་པས་ལྟ་ཞིང་འཁྱུད་པ་ལ་གུས་པར་གྱུར་ཅིང་སིད་ཅེས་ཟེར་བ་དང ། དེ་ནས་སྐྱིལ་ཀྲུང་བཅིངས་ལ་རྡོ་རྗེ་དང་པདྨོ་མཉམ་པར་སྦྱོར་བས་དོ་ལ་དང ། ཀུ་རབ་ན་དང ། པུ་རྩི་དང ། ུད་ཀྵ་པ་དང ། སུ་ཕྲ་ས་རི་དང ། གྲ་མ་ན་ག་ར་དང ། ཕྲེང་ཁེན་དང ། ུ་རུ་སྤོ་ཏ་ཞེས་བྱ་བ་ལ་སོགས་པ་ཇི་སྙེད་བསྟན་བཅོས་ཐམས་ཅད་ལས་བྱུང་བའི་ཀ་ར་ན་བསྟེན་པར་བྱ་སྟེ། དེ་དག་ཀུན་ཀྱང་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་བརྗོད་དོ། །དེ་དག་གིས་རང་གི་དོན་གྱི་དངོས་གྲུབ་རབ་ཏུ་སྒྲུབ་པས་ན། དེ་དག་ཀུན་གབ་ལས་བྱུང་བའི། །རྫས་ནི་ཡོངས་སུ་སྦྱོང་བྱེད་ཡིན། །ཞེས་བྱ་བ་ཉིད་ཟབ་མོ་ཞེས་བྱ་སྟེ། དེ་ཡང་ཇི་སྲིད་དུ་ཡུལ་རྣམས་ཀྱི་ར་ས་ཡ་ན་ལ་སྐྱེས་བུས་དམན་པར་སྤྱོད་ཅིང ། དགའ་བའི་འཁོར་ལོར་ཞུགས་ནས་ཀྱང ། །སྐྱེས་དུ་དམན་པར་སྤྱོད་པ་ནི། །མི་འཕོ་ཞེས་བྱའོ། །བྱ་བ་ཀུན་གྱི་ལམ་གྱིས་ནི། ། ཞེས་པ་ནི། བྱང་ཆུབ་ཀྱི་ལམ་སྟེ། །ཟབ་མོ་ཞེས་བྱ་བ་ཕྱི་དང་ནང་གི་མིག་ལ་སོགས་པའི་དབང་པོ་དང ། གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་རང་རང་གི་ཚུལ་དང ། རང་རང་གི་ཆ་ལ་གནས་པའི་ཉེ་བའི་ལོངས་སྤྱོད་པ་ཐམས་ཅད་བསྡུས་ཏེ་ཉམས་སུ་བསྟར་བ་ཡིན་གྱི། གཞན་དུ་སོ་སོ་བས་ནི། ཐམས་ཅད་ལ་ཉེ་བར་
494a
༄#། །ལོངས་སྤྱོད་པར་མི་འགྱུར་རོ། །ཉེ་བར་ལོངས་སྤྱོད་པ་དེ་ཉིད་ཁྲིད་པར་བྱེད་པས་ན། ལམ་མོ། །དངུལ་ཆུ་ཡི་ནི་ཤིང་ཆེན་པོ། །ཞེས་བྱ་བ་ནི། ཇི་ལྟར་དཔག་བསམ་གྱི་ཤིང་འདོད་པའི་དོན་ཐམས་ཅད་སྟེར་བ་ལྟར་བྱང་ཆུབ་ཀྱི་སེམས་འདིས་ཀྱང་འབྲས་བུ་ཐམས་ཅད་སྤྱོད་ཡུལ་དུ་བྱེད་པའི་ཕྱིར་རོ། །དེས་ན་ཆུ་སྐྱེས་ཡོན་ཏན་ལྡན། །རང་སྐྱོན་འཇོམས་པའི་ཡིད་ཆེས་ཡིན། །ཞེས་བྱ་བ་ལ། གང་གིས་དོན་སྟོན་ཅིང་གསལ་བར་བྱེད་པས་ན། ཡིད་ཆེས་ཏེ། དེ་ཁོ་ན་ཉིད་ལ་ལྟ་བར་བྱེད་བའོ། ། དེ་ཡང་འདིར་ཕྱག་རྒྱའི་ཡེ་ཤེས་ཀྱིས་དབང་བསྐུར་བས་དབུགས་ཕྱུང་བ་ཡིན་ལ། ཕྱག་རྒྱའི་ཡེ་ཤེས་ཀྱང་རྣམ་པ་གཉིས་ཏེ། དངོས་གྲུབ་སྣ་ཚོགས་དང ། བདེ་བ་འཇུག་པས་རིག་པ་དང་རིག་པར་བྱ་བ་གཟུང་ངོ ། །དེ་ལྟར་ན་དབང་པོ་ཀུན་ལས་སྐྱེས་པའི་ཡིད་ཆེས་པ་དེས་དཔལ་དང ། ན་སོ་དང ། ནད་མེད་པའི་བདེ་ཕ་ཕུན་སུམ་ཚོགས་པར་འགྱུར་ཏེ། དཔལ་དང ། ན་སོ་དང ། ཆགས་པ་དང་ལྡན་པའི་ཟླ་བ་ལ་སོགས་པ་ལ་ཉེ་བར་སྤྱད་པས་དབང་ཕྱུག་དང ། ནད་མེད་པ་དང ། སྟོབས་འཕེལ་བ་དང ། སེམས་ཅན་གྱི་དོན་དུ་ཡུན་རིང་དུ་འཚོ་ཞིང་བདེ་བ་དམ་པ་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་ལ་ལྟ་ཞིང་ཡིད་ཆེས་པས་ཕྱིན་ཅི་མ་ལོག་པའི་དངོས་གྲུབ་ཏུ་འགྱུར་
494b
རོ། །ཞེས་བྱ་བའི་བར་དུའོ། །རང་གི་ཞེས་བྱ་བ་ནི། རང་གི་ཁུ་བ་སྟེ། དེས་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་ལ་སོགས་པ་ཀུན་ཏུ་འགྱུར་ཏེ། དེ་ཉིད་ནི། རྩི་ཞེས་བྱ་བ་རས་ཡ་ནའི་གཙོ་བོར་བཤད་དོ། །ལྟོ་སྐྱེས་མ་རྙིང་རྫས་ཀྱི་ལས། །ཞེས་བྱ་བ་ལ། མ་རྙིང་པ་ནི། མ་རྒས་པ་སྟེ། འབུ་ལ་སོགས་པ་དང་བྲལ་ཞིང་མཚན་ཉིད་དང་ལྡན་པའོ། །ལྟོ་སྐྱེས་ནི། མངལ་ནས་དང་པ་བྱུང་བ་ཤི་བའོ། །ལས་ནི། དེའི་བྱ་བ་སྟེ། མི་སྣང་བ་ལ་སོགས་པ་དང ། གཞན་ཡང་གཟུགས་སྣ་ཚོགས་སུ་སྒྱུར་བ་དང ། རྩི་ལ་སོགས་པའི་བྱ་བ་ཐམས་ཅད་སྦྱང་བར་བྱའོ། །སྐྱེད་བྱེད་དོན་ནི་རྒས་པ་འཇོམས། །ཞེས་བྱ་བ་ལ། བདག་ཉིད་ཀྱི་མཐུ་གང་གིས་སྐྱེད་བྱེད་ཀྱི་དོན་རྒས་པ་འཇོམས་པ་སྟེ། སྐྱེད་བྱེད་ནི། འབྱིན་པ་པོའོ། །རྫས་དེར་སྐྱེད་བྱེད་ཀྱི་དོན་ཉིད་རྒ་བ་འཇོམས་པའོ། །རྒྱས་པ་འཇོམས་པ་ལ་སོགས་པ་ཡང་དབང་པོས་ཨོ་ཙ་ཀའི་ནད་རྣམས་ལ་ཟླ་བ་བརྒྱད་དུ་མངལ་ན་གནས་པའི་བྱིས་པའི་རོས་བཅོམ་པ་ལ་སོགས་པ་ཡིན་ནོ། ལྷང་ཚེར་དངུལ་ཆུ་བཅིང་བའི་མཆོག་།ཅེས་བྱ་བ་ལ། མཆོག་ནི། གསལ་བ་དང ། མངོན་སུམ་དུ་གྱུར་པ་ཞེས་བྱ་བའི་བར་དུའོ། ། རྩི་ནི་རྫུ་འཕྲུལ་ལྡན་པའི་ཆ། །ཞེས་བྱ་བ་ལ། རྫུ་འཕྲུལ་ནི། ནམ་མཁར་འཕུར་བ་ལ་སོགས་པའོ། །ཆ་ནི་ཆ་ཤས་ཏེ། སྐྱོན་གྱི་ཚོགས་ཡིན་ལ། དེ་དང་བྲལ་བ་ལས་
495a
༄#། །འགྲུབ་པའོ། །དངུལ་ཆུ་བཞི་ཞེས་བྱ་བ་ནི། པར་ད་དང ། ཉེ་བའི་བཅུད་དང ། བཅུད་ཅན་དང ། རྩིའི་དབང་པོ་རྣམས་སོ། །ལྷང་ཚེ་བཞི་ཞེས་བྱ་བ་ནི།་དཀར་པོ་དང ། སེར་པོ་དང ། སྔོན་པོ་དང ། དམར་པོའི་བྱེ་བྲག་གིས་སོ། །དེ་རེ་རེ་ཞིང་ཡང་རྣམ་པ་བཞི་སྟེ། རྨ་བྱའི་མགྲིན་པ་དང ། སྦྲུལ་དང ། སྦལ་པ་དང ། སྤྲིན་གྱི་བྱེ་བྲག་གིས་སོ། །དེ་ལ་རྨ་བྱའི་མགྲིན་པ་ནི། མགྲིན་པའི་སྤུ་ལྟར་སྔོན་དམར་དུ་འདུག་པའོ། །སྔོན་པོ་ནི། བཅུད་ཆེན་པོ་སྟེ། ལྷག་པར་གཟུང་བར་བྱའོ། །སྦྲུལ་གྱི་གཟུགས་ནི།་བྱེ་བྲག་ཏུ་འཕེལ་བས་སྦྲུལ་གྱི་དབྱིབས་ལྟར་གྱུར་པའོ། །སྦལ་བའི་གཟུགས་ནི། སྦལ་བའི་འགྲོས་ལྟ་བུའོ། །སྤྲིན་གྱི་གཟུགས་ནི། ཆུ་འཛིན་གྱི་འགྲོས་ལྟ་བུའོ། ། སྟོབས་ལྡན་སོགས་བཅུད་བྲལ་ན་ནི། །སྔོན་བཞིན་ཉེས་པ་སྣ་ཚོགས་འགྱུར། །ཞེས་བྱ་བ་ལ། སྟོབས་ལྡན་ནི། མུ་ཟི་སྟེ། དེའི་སྐྱོན་ནི། ལྕི་བ་དང ། སྣུམ་པ་དང ། སཝ་བ་དག་ཡིན་ཏེ། སྐྱོན་དེས་སྔ་མ་ཁོ་བཞིན་དུ་འགྱུར་བའོ། །ནག་པ་དང ། གཡོ་བ་དང ། ལྕི་བ་ནི། ལྷང་ཚེར་དང་རྩིའི་སྐྱོན་ནོ། །རྡོ་དང་རླན་དང་ལྕི་བ་དང་སྲོག་ཆགས་ཀྱིས་ཟོས་པ་ལྟ་བུ་དང ། རྟུལ་བ་ནི། རྣོན་པོའི་སྐྱོན་ཏེ། སྐྱོན་ལྔ་པོ་དེས་སྔ་མ་བཞིན་ནོ། །རྡོ་དང་བཅས་པ་ཡང་མུ་ཟིའི་སྐྱོན་ནོ། །བ་བླའི་ནི། སེར་སྐྱའོ། །མུ་ཏིག་གི་
495b
ཡང་སེ་སྐྱ་སྟེ། སྙིང་པོ་མེད་པའོ། །བྱི་རུའི་ནི། སྣུམ་བག་མེད་པའོ། །ཁར་བའི་ནི། །གསེར་རྡོའོ། །མུ་མེན་གྱི་ནི། གསེར་ནེ་དཔའོ། །ནོར་བུ་འི་ནི། །ཕུག་པའོ། །གསེར་གྱི་ནི་བཅོས་མའི་ལྷང་དོ། །དངུལ་གྱི་ནི། འགས་པ་དང་སྲ་བ་ལ་སོགས་པའོ། །ཞ་ཉེའི་ནི། ཡན་ལག་ལ་གནོད་པའོ། །རོ་ཉེའི་ནི། སྦྲུལ་ལྟར་རིང་པའོ། །འཁར་བ་དང་གཡུ་དང་བྱི་མ་ལ་སོགས་པ་ནི། སྐྱ་བོའོ། །སྐྱོན་དེ་དག་ཐམས་ཅད་ཀྱིས་ཀྱང་སྔ་མ་བཞིན་ཏེ། རིན་པོ་ཆེའི་ཆོ་གའོ། །མ་ལུས་པ་ཞེས་བྱ་བ་ནི། གཞན་སྲོག་ཆགས་དང་རྩ་བ་ལ་སོགས་པ་ཡང་སྟེ། སཝ་སྟིའི་འདབ་མའི་ཡང་སེར་སྐྱའོ། །ཁ་ད་སིའི་རླིག་པའི་ཡང་བརྩེས་མ་དང་སེར་སྐྱའོ། །སྨན་སེན་མོའི་ནི། ཕག་པའི་རྣ་བ་ལྟ་བུའོ། །རི་དྭགས་ཀྱི་སྐྱོན་ཆེན་པོ་ནི།་ཉ་དང་ཐལ་སྨན་ལ་སོགས་པའི་དྲི་ལྟ་བུ་དང ། བསྲེགས་ན་མྱུར་དུ་ཐལ་བར་འགྱུར་བ་སྟེ། སྦར་བར་བྱའོ། །རྒྱ་མཚོའི་སྡིག་པའི་ཡང་ཅུང་ཟད་སེར་ཞིང་སྐྱ་བ་སྟེ། ལས་ཐམས་ཅད་ལ་སྤང་བར་བྱའོ། །ཡུང་པའི་ནི། མདོག་མེད་པ་དང ། སྐྱ་བོ་དང ། ཕྲ་བའོ། །ཤུ་དག་གི་ནི། ལྗང་གུར་སྒྲུབ་པ་པོས་ཤེས་པར་བྱའོ། །རུ་རྟའི་ནི།་བཅག་ན་རྒྱ་མཚོའི་དབུ་བ་ལྟ་བུའོ། །ཀ་ཀོ་ལའི་ནི། སྤལ་པའི་གཟུགས་ལྟར་མི་མཉམ་ལ་སྦུན་པ་ལྟར་ཡང་བའོ། །རྫཱ་ཏི་ཕལ་ལའི་སྐྱོན་ནི། སྐྱ་བ་དང ། སྣུམ་མེད་
496a
༄#། །པ་དང ། སྒྲ་ཕྱུང་བའོ། །སུག་སྨེལ་དང་འབྲས་བུ་གསུམ་གྱི་སྐྱོན་ནི། སྦུན་པ་ལྟར་ཡང་པ་སྟེ། ཉེས་པ་གསུམ་སྐྱེད་པར་བྱེད་དོ། །རིའུ་ནུ་ཀའི་ནི། ན་ལེ་ཤམ་ལྟར་ཆུའི་སྟེང་ན་འཕྱོ་བའོ། །པྲི་ཡང་ཀུའི་ནི། ལྗང་གུ་སྟེ། འགལ་ལོ། །གུར་གསུམ་གྱི་ནི། བློ་དང་ལྡན་པས་ཕྲ་པ་དང ། སེང་ལྡེང་ལྟ་བུ་དང ། གེ་སར་ཆུང་བ་དང ། ཅུང་ཟད་སེར་བ་དང ། མར་ནག་ལྟར་མདོག་མེད་པའོ། །ུ་ཤི་རའི་སྐྱོན་ནི། འོད་ལྗང་གུར་འདུག་པ་དང ། ཐུང་བ་སྟེ། རྟག་ཏུ་སྤང་བར་བྱའོ། །ཀེ་བར་ཏིའི་གླ་སྒང་གི་ནི། ཆུ་རྙོག་མ་ཅན་ལས་སྐྱེས་པ་དང ། ཟི་མིའི་ནང་ནས་སྐྱེས་པ་སྟེ། སྤང་བར་བྱའོ། །གླ་སྒང་གི་ནི། རླན་ཅན་ལས་སྐྱེས་པའོ། །ཙ་ཏྲ་ཀའི་ནི། ཁ་དོག་ལྗང་གུའོ། །སེ་ཧ་ལིའི་ནི། རྩ་བ་མེད་པའོ། །ཀུ་སུ་མའི་ཕྲ་བའོ། །ཙམ་པ་ཀའི་ནི། ཁ་ཆེར་བྱེ་བར་བྱའོ། །ཀེ་ཏ་ཀའི་ནི། བུ་མང་པའོ། །ཉོན་ཅིག་ལྟ་མོ་སྐལ་ཆེན་མོ། །རྩི་དང་རྫས་རྣམས་སྐྱེ་བའི་ཡུལ། །རི་ཁ་བ་ཅན་གྱི་རྩེ་མོ་དང ། རི་བོ་དབང་ཆེན་དང ། འབིགས་བྱེད་ཀྱི་བྲག་ལས་བྱུང་བ་དང ། གཞན་ཡང་ནགས་ཀྱི་ཚང་ཚིང་གང་ནས་མིག་སྨན་ལྟ་བུའི་ཆུ་རྒྱུན་དུ་འབབ་པའི་བྲག་ལས་སྐྱེས་པ་སྟེ། གང་དག་གིས་རྩི་བྱིན་གྱིས་རློབ་པའི་གནས་ཀྱང་བཤད་པར་བྱའོ། །བུང་བའི་
496b
ཚོགས་ཀྱི་ནམ་ཁའི་ངོས་སུ་བརྒྱན་པ་དང ། །རླུང་ཚོགས་མི་རྒྱུ་དེ་ཉིད་རླུང་སྐྱེས་ཁ་བ་འབབ། །སྣ་ཚོགས་ཤིང་བུ་གེལ་བའི་དྲི་ཡིས་བསོགས་པ་དང ། །མཁའ་ལ་ལྟ་ཚོགས་སངས་རྒྱས་སྒྲ་ཡིས་གསལ་བྱེད་པ། །སྣ་ཚོགས་དྲི་ཞིན་དྲི་ཡིས་རོལ་པའི་ཡིད་དུ་འོང ། །སྣ་ཚོགས་ཤིང་གི་འབྲས་བུ་བྲུལ་བས་ས་གཞི་བརྒྱན། །དེ་ལྟའི་རི་ཤོད་ཆུ་འབབ་པ། །བཅུད་ནི་སྐྱེ་བའི་གནས་སུ་བཤད། །དེ་ལ་བྲག་དཀར་པོ་ལས་ནི། ཤེལ་དང་ཆུར་ཤེལ་ལ་སོགས་པའི་ནོར་བུ་སྐྱེ་བར་འགྱུར་རོ། །བྲག་སེར་པོ་ཆུ་སེར་པོ་འབབ་པ་ལས་ནི། བྱི་རུ་དང ། བཙག་དང ། བརྒྱ་བྱིན་གྱི་གཞུ་ལྟ་བུའི་ནོར་བུ་དང ། ནོར་བུ་ཛི་བ་ནི། རི་དམར་པོ་དག་ལས་སྐྱེ་བར་འགྱུར་རོ། །རིའི་ལྗོངས་གང་ལྗང་སྔོན་དུ་འདུག་ཅིང་དྲོ་བ་དང་བཅས་ལ་རླངས་པ་དུ་བལྟ་བུ་ཡོད་ཅིང ། །ས་རྡོན་ག་བ་ལས་ན་གསེར་རྡོ་དང ། ཁར་བ་དང ། གཞན་དག་དང ། །ལྕགས་ཁབ་ལེན་གྱི་རིགས་རྣམ་པ་བཞི་སྐྱེ་བར་འགྱུར་རོ། །བྲག་ལྗང་སྔོན་ལས་ནི་།བྱེ་མ་ལ་སོགས་པ་རྣམས་དང ། མུ་མེན་དང ། ནོར་བུ་སྟམ་པ་ལ་སོགས་པ་སྣ་ཚོགས་དག་སྐྱེ་བར་འགྱུར་རོ། །བྲག་ཁ་དོག་སྔོན་དམར་སྣ་ཚོགས་སུ་འདུག་པ་ལས་ནི། ལྡོང་རོས་དང ། བ་བླ་དང ། མུ་ཟི་ལ་སོགས་པ་སྐྱེ་བར་འགྱུར་རོ། །བྲག་སུམ་ཞིང་སྲོག་ཆགས་ལས་བཅས་པ་ལས་ནི། ཚ་ལ་ལ་སོགས་པ་
497a
༄#། །ཐལ་སྨན་རྣམས་སྐྱེ་བར་འགྱུར་རོ། །དེ་དག་བླང་བ་ཡང་དང་པོ་གཏོར་མ་བྱིན་ལ་ཀུ་བའི་སྣོད་དུ་བླང་བར་བྱའོ། །དངུལ་ཆུ་གང་རྡོ་ལས་ལྕི་རློན་གྱི་སྦྱོར་བས་བསྒྲུབ་པ་དེ་ནི། མཆོག་གོ། །རིག་པ་དེ་དག་ལྟ་མོ་ཆེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །ཚང་པ་བརྒྱ་བྱིན་སོགས་འགྲུབ་ན། །གཞན་དག་ལ་ལྟ་སྨོས་ཅི་དགོས། །འདས་པའི་འདུས་ན་སྔོན་བྱུང་བ། །བསྐལ་པ་དང་པོ་བདེ་བ་ཆེ། །དེར་ནི་རྡོ་རྗེ་སེམས་དཔའ་ཆེ། །ལྷག་པ་ཡི་ནི་ལྷ་གཅིག་བཞུགས། །ལྷ་མིན་གྲུབ་པ་སོགས་མཐོང་སྟེ། །ལྷ་ཡིས་ཚོགས་ནི་སྐྲག་གྱུར་ནས། །སངས་རྒྱས་ཐམས་ཅད་འདུས་ནས་ནི། །མྱུར་དུ་ང་ལ་སྐུལ་བར་བྱེད། །ཐིག་ལེར་ཞུ་ལས་ལྷ་མོ་ཆེ། །བདུད་ཀྱིས་ཀུན་ཏུ་གཏོར་བ་ནི། །ཐམས་ཅད་རྨོངས་པར་བྱེད་པ་ཡི། །དངུལ་ཆུ་ཞེས་ནི་བྱ་བར་གྲགས། །ཆུ་གཏིང་ལས་བྱུང་དམན་པ་སྟེ། །དེ་བཞིན་རི་ལས་སྐྱེས་པ་མཆོག་ལྡ་ནི་དྲི་ཡི་སྦྱོར་བ་དང ། ། སླར་ཡང་བཤད་ཀྱི་ལྷ་མོ་ཉོན། །དཀར་པོ་དང་ནི་དམར་པོ་དང ། །ཁྱད་པར་དུ་ནི་སེར་པོ་སྟེ། །དེ་རྣམས་དབྱེ་བ་བཤད་པར་བྱ། །མཆོག་དང་དམན་དང་བར་མ་ཡིན། །ཀེ་ཏ་ཀ་ལྟར་དྲི་ཞིན་ཞིང ། །ཡང་ལ་སྣུམ་པ་གླ་རྩིའི་མཆོག་།ཁ་ད་སི་ནི་སྐམ་སྐྱེས་པའི། །རླིག་པ་ཤ་ཆེན་ཟླུམ་པོ་ཤིས། །སྡིག་པ་སྔོ་ཞིང་སྣུམ་པ་
497b
དང ། །རྒྱ་མཚོ་ལས་ནི་བྱུང་བ་བཟང ། །སེན་མོའི་རྟ་ཡི་རྨིག་འདྲ་དང ། །གླང་པོ་ཆེ་ཡི་རྣ་ལྟ་བུ། །བ་ད་རི་སི་ཨུ་ཏྤལ་དང ། །འདབ་མ་ལྟ་བུ་རྣམ་པ་བཞི། །གཉིས་གཉིས་ཤིང་ནི་བདུག་པ་སྦྱར། ། ག་རུ་ནི་ལྕི་བ་དང ། །སྣུ་མ་ཞིག་བྱ་རོག་མཆུ་འདྲ་ཤིས། །བཅའ་བ་སོར་མོའི་དབྱིབས་འདྲ་ཞིང ། །དྲི་མ་མེད་པ་ཤིན་ཏུ་བསྔགས། །མུ་ར་སེར་པོ་མཆོག་ཡིན་ཏེ། །སྐྱེ་བོ་དག་ནི་དམན་ཤེས་བྱ། །ཤུ་དག་སྦོམ་ཞིང་ཕྱི་རོལ་སེར། །ནང་ན་དཀར་པོ་ཡོད་པ་བཟང ། །ནད་དབང་ཤ་བའི་ར་འདྲ་བར། །མཛེས་པ་ཡོན་ཏན་ལྡན་པ་ཡིན། །ཡུང་བ་ཀུ་ཏ་ཙ་ལྟར་སེར། །སྦོམ་ཞིང་ཚིགས་ནི་ཆེ་བ་དང ། །བཅག་ན་མིག་སྨན་མདོག་འདྲ་བ། །རྩི་ཡི་ལས་ལ་དགེ་བ་ཡིན། །ཅུང་ཟད་མདོག་ནི་སྔོ་བ་དང ། །བཅག་ན་ས་ར་ཧ་ཡི་དྲི། །ཡུང་བ་དེ་ནི་མར་ནག་དང ། །རྩི་ཡི་ལས་ལ་དམན་པར་བཤད། །ར་ན་སྲན་མ་མུད་ཀ་ལྟར། །སྔོ་བ་མཆོག་ནི་ཡིན་པར་བཤད། པྲི་ཡང་ཀུ་ནི་ནགས་སྐྱེས་ཤིང ། །ས་ཧ་དེ་བའི་འདབ་འདྲ་མཆོག་།གུར་གུམ་ཀུ་གསུམ་དམར་འདྲ་ཞིམ། །སྣུམ་ལ་གེ་སར་སྲབ་པ་མཆོག་།གེ་སར་སྦོམ་ཞིང་སེར་བ་དང ། ། སྦྲང་རྩིའི་དྲི་ལྡན་འབྲིང་པོ་ཡིན། །ཛཱ་ཏི་ཕ་ལ་སྒྲ་ཆེ་ཞིང ། །ལྕི་ལ་སྣུམ་པ་ཤིན་ཏུ་གཅེས། །ཀ་ཀོ་ལ་ནི་སྙོམས་པ་དང ། ལྕི་ཞིང་སྒྲ་མེད་བཟང་བ་ཡིན། །ུ་སི་ར་ནི་དཀར་པ་
498a
༄#། །དང ། །རིང་ཞིང་སྲ་བ་དེ་བཞིན་པ་སྔགས། །ཀེ་བར་ཏི་མུད་གླ་སྒང་ནི། །ཆུ་བོའི་འགྲམ་དང་མཚོ་འགྲམ་དང ། །དྲི་མ་མེད་པའི་ཆུ་ལས་སྐྱེས། ། ཟི་མ་འདམ་བུ་ལ་སོགས་བྲལ། །ཤིན་ཏུ་དྲི་ཞིམ་ཡིད་འོང་མཆོག་།ཚད་ཏི་བ་ནི་གི་ཝང་གི་མདོག་ལྟར་མཚོད་པ་བྔགྶ་པ་ཡིན། །གླ་སྒང་སྐམ་སྐྱེས་མཁྲེགས་པ་བཟང ། ། རླན་སྙོམས་ཡུལ་ནས་སྐྱེས་པ་འབྲིང ། ། རུ་ར་ནི་འབིགས་བྱེད་ཀྱི། །ནགས་དང་རི་བིའོ་དབང་ཆེན་སྐྱེས། །ནར་མ་ད་ཡི་ཆུ་སྐྱེས་མཆོག་།གཞན་དག་དམན་དང་འབྲིང་པོ་ཡིན། །སྨྱུང་པ་དང་ནི་འཇིགས་མེད་དང ། །འཚོ་དང་དེ་བཞིན་དུད་རྩི་སྟེ། །གཙང་མ་དང་ནི་འཕེལ་བ་དང ། །རྣམ་པར་རྒྱལ་བ་དུན་དུ་བརྗོད། །རི་མོ་གསུམ་པོ་སྨྱུང་པོ་སྟེ། །འཇིགས་མེད་རི་མོ་ལྔ་པ་ཡིན། །འཚོ་བ་གསེར་མདོག་ཤེས་པར་བྱ། །བདུད་རྩི་ཤ་ཆེན་ཞེས་བྱ་བ་སྟེ། །དེ་བཞིན་གཙང་མ་ཤ་མེད་ཡིན། །སེར་སྐྱ་འཕེལ་བ་ཞེས་བྱ་སྟེ། །ཀུ་བ་ལྟ་རྣམ་པར་རྒྱལ། །དྲི་ལ་སྨྱུང་པོ་སྦྱར་བྱ་སྟེ། །བཅུད་ཀྱིས་ལེ་ན་ལ་བདུད་རྩི་བསྔགས། །འཇིགས་མེད་རྣམ་པར་རྒྱལ་བ་འབྲིང ། །ལྷག་མ་རྣམས་ནི་དོན་མེད་དོ། །སྐྱུ་རུ་ར་ནི་ཧ་ཆེ་ཞིང ། །རུས་པ་ཆུང་ལ་རོ་དང་ལྡན། །རྡོ་བ་ཅན་གྱི་རི་ལས་སྐྱེས། །ཤི་ན་ཏུ་སྨིན་པ་མྖྒོ་ཏུ་བཤད། །བ་རུ་རེ་ནི་ཐ་
498b
མལ་པའི། །རི་ལས་སྐྱེས་པའམ་གཞན་ཡང་རུང ། ། རུ་རྐང་ནི་སྣུམ་ཞིང་ངོ ། །ལྕི་ཞིང་མར་དང་བཅས་པ་བཟང ། །ད་ནི་དེ་དག་རེ་རེ་ཞིང ། །གཟུང་བར་བྱ་བ་བཤད་ཀྱི་ཉོན། །རྫས་ནི་དུས་བཞིན་སྐྱེས་པ་དང ། བཅུད་དང་བཅས་པ་གཟུང་བྱ་སྟེ། །མཐུན་པས་ཕན་པ་ཉིད་འགྱུར་གྱི། །ལྡོག་པས་གནོད་པ་ཉིད་དུ་འགྱུར། །ད་ནི་ཚིམ་པར་བྱ་བ་ཡི། །ཆོ་ག་བཤད་ཀྱི་ལྷ་མོ་ཉོན། །མ་དྷི་དང་ནི་པེ་ཥྛི་དང ། །དེ་བཞིན་གོ་དྷི་ཛ་ཀ་ལ། །དེ་དག་འབྲུ་དང་བཅོས་པའི་ཆང ། །རོ་ཡི་བྱེ་བྲག་སྣ་ཚོགས་དེ། །རིམ་པ་དེ་དག་བརྗོད་པ་ཡིན། ། མ་དྷི་རྣམ་པ་ལྔར་བཤད་དེ། །པེཥྛི་རྣམ་པ་བརྒྱད་དུ་བརྗོད། །གོ་ཌྷི་རྣམ་པ་བདུ་ཉིན་ཏེ། །དེ་བཞིན་ཛ་ག་ལ་ནི་གསུམ། །བཙོ་དང་སྦྱོར་བའི་ཆོ་ག་དག་།ད་ནི་རབ་ཏུ་བཤད་ཀྱི་ཉོན། །སྦྲང་རྩི་ལས་བྱུང་དང་པོ་སྟེ། །ཁ་རྫས་རི་ཡི་གཉིས་པ་ཡིན། །རྒུན་འབྲུམ་ལས་བྱུང་གསུམ་པ་སྟེ། བཅུ་ཚོགས་ལས་བྱུང་བཞི་པ་ཡིན། །ལྔ་པ་དབང་ཆེན་ཞེས་བྱ་སྟེ། །ཐམས་ཅད་ཀྱི་ནི་གཙོ་བོར་བརྗོད། །རབ་ཏུ་གདང་དང་སེར་སྐྱ་དང ། །མྱོས་པར་བྱེད་པ་ཐམས་ཅད་འབྱུང ། །ལོ་དི་ལས་བྱུང་མདོག་བཟང་དང ། །མཆོག་ཏུ་གསར་དང་ཛི་པོ་དང ། །ཞི་བ་དང་ནི་རྣམ་པ་བརྒྱད། །དེ་བརྒྱད་པེཥྚི་ལས་བྱུང་བ། །མདོར་བསྡུས་ནས་ནི་བརྗོད་པ་ཡིན། །ི་ཀྵུ་ལ་ས་བྱུང་དང་པོ་སྟེ། སི་
499a
༄#། །དུ་ཡི་ནི་གཉིས་པ་ཡིན། །གསུམ་པ་བུ་རམ་གཉིས་ལས་བྱུང ། །བཞི་པ་སྐྱ་བོ་ཞེས་བྱ་སྟེ། །སྣ་ཚོགས་དང་ནི་དེ་བཞིན་གཞན། །མི་འཇིགས་ཞེས་བྱ་དང་ནི་བདུན། །འབྲས་བུ་ཡི་ནི་ཁུ་བ་དང ། །མེ་ཏོག་དང་ནི་དེ་བཞིན་གཞན་།ཉ་བུ་ཅན་གྱི་འབྲས་བུ་དང ། །ཙ་ཀྲ་ ་ག་བཟུང་ནས་ནི། །ན་ལེ་ཤམ་ནི་དྲུག་ཅུ་བཞི། ། སྐྱུ་རུ་ར་ཁུ་སྲང་བཅུ་དང ། །པོ་སོན་ཆ་ནི་སྲང་ཕྱེད་བཅས། །ཆུ་བྲེ་གང་དུ་མཉེས་ནས་ནི། །ཉི་མའི་འོད་ལ་བཙོ་བར་བྱ། །ས་ཧར་ད་དྲིའི་མེ་ཏོག་དང ། །འུ་སུ་ཤ་ཏ་པུས་པ་དང ། །མ་ལ་ཡ་དང་ཨུ་ཤི་ར། །རི་ལས་སྐྱེས་པའི་གཞོན་ནུ་མ། །ཛཱ་ཏི་ཤི་ཚ་པོ་སོན་ཆ། །དེ་དག་སོ་སོར་ཞོ་གཉིས་གཉིས། །དུར་ཤིང་ཁུ་བསྲང་བརྒྱད་དང ། །ཆུ་ནི་དེ་ཡི་བཞིན་འགྱུར་བཅས། །སྔོན་པོ་ཀ་ནྜ་ཀ་རི་དང ། །རྒྱ་སྤོས་སུག་སྨེལ་ཏ་མ་ལ། །བཙོད་དང་ནཱ་ག་གེ་སར་དང ། །ུ་ཤི་ར་དང་ན་ལེ་ཤམ། །གླང་པོ་ཆེ་ཡི་པི་པི་ལིང ། །བུ་རམ་སྲང་ནི་གཅིག་དང་བཅས། །ཆུ་ནི་སྲང་བདུན་ནང་དུ་བླུགས། །རྒྱ་སྤོས་བྲག་ཤུན་ཏ་མ་ལ། །རྒྱ་སྤོས་རུ་རྟ་ཆ་རེ་བྱ། །འབྲུ་ཆང་བྲེ་གང་ནང་དུ་ནི། །ཐམས་ཅད་བཙོས་ཏེ་ཉིན་བདུན་དུ། །ཉི་མའི་འོད་ལ་བཅོ་བར་བྱ། །དེ་ནས་སྦྲང་རྩི་དེ་མཉམ་དང ། །ཛ་མྦུའི་ཤིང་ནི་ཆ་བགྱད་བཅ། །སླར་ཡང་སྔ་མ་བཞིན་དུ་ནི། །ཉི་མ་ལ་ནི་བཙོས་བྱས་ཏེ། །སྦྲང་
499b
རྩི་ཙམ་ཞིམ་ལུས་བ་དང ། །བདུག་སྤོས་ཀྱིས་ནི་བདུག་པར་བྱ། །དེ་ནས་ཟླ་བ་གཅིག་ཏུ་ནི། །འབྲས་ཀྱི་སོ་བའི་ནང་དུ་གཞུག་།དེ་ནས་ས་ཡི་འོག་ཏུ་ནི། །ཟླ་བ་གཅིག་དང་ཉིན་བཞི་བཞག་ཐོག་མ་ཐ་མ་མཉམ་པ་སྟེ། །བར་མ་བཞི་འགྱུར་དུ་ནི་བླུག་།དུ་ཧི་ག་པུར་གླ་རྩིས་བདུག་།དེ་ནི་སྒེག་མོ་ཞེས་བྱ་ཡིན། །ད་ཏྲིའི་མེ་ཏོག་སྲང་ཕྱེད་དང ། །ཆང་དང་མཉམ་པའི་བུ་རམ་དང ། །ལྷག་མའི་ཆ་ནི་རྫོགས་ནས་སུ། །ཕྱི་ནང་གཅིག་ཏུ་བསྲེ་བར་བྱ། །ཆང་གི་བཅུ་དྲུག་ཆ་དང་ནི། །ད་ཏྲིའི་མེ་ཏོག་ཇི་སྙེད་པ། །དྲི་ཞིམ་གྱི་ནི་སྐྱོ་མ་དང ། །དེ་རྣམས་ཐམས་ཅད་གཅིག་ཏུ་སྤྱོ། །ཟླ་བ་རེ་རེ་སྤེལ་བྱ་སྟེ། །དེ་ཡི་ནང་དུ་སྒེག་མོ་བླུག་།དང་པོར་མཉམ་པོར་བླུག་བྱ་སྟེ། །ཟླ་བ་གཉིས་ལ་ཉིས་འགྱུར་བྱ། །དེ་ལྟར་གསུམ་བཞི་ལྔ་དྲུག་བདུན། ། ལ་སོགས་ལོ་གཅིག་བར་དུ་སྤེལ། །དེ་ནས་ཟླ་བ་དྲུག་ཏུ་ནི། །ཁ་བཅད་ནས་ནི་སྤ་བར་བྱ། །བུ་རམ་ཁུ་བས་སྤེལ་བྱ་སྟེ། །རབ་ཏུ་མྱོས་བྱེད་གསོ་བར་བཤད། །ཆུ་ཤིང་སྨིན་པ་རྡོག་མ་བརྒྱད། །དེ་བཞིན་སྒེག་མེ་སྲང་བརྒྱད་དང ། །ཕུར་མོའི་ཕྱེ་མ་སྲང་གཅིག་དང ། །འོད་མའི་ནང་དུ་བླུགས་ནས་སུ། །འབྲུ་ཡི་ནང་དུ་ཟླ་ཕྱེད་གཞག་།ཆགས་ཅན་མཆོག ་ ་ཅེས་བཤད་པ་ཡིན། །འབྲ་བུ་གསུམ་དང་ཤ་ཤི་དང ། ། ག་རུ་དང་ཨ་རྫུ་ན། །ཛཱ་ཏི་མེ་ཏོག་བཅས་པའི་རྫས། །ཕྱེ་མ་སྲང་གཅིག་བཟུང་ནས་སུ། །སླར་ཡང་སྒེ་མོ་སྲང་
500a
༄#། །བརྒྱད་བཅས། །ཉི་མ་བདུན་དུ་གཞག་པར་བྱ། །མེ་ཏོག་མྱོས་བྱེད་ཅེས་བྱ་ཡིན། །རྒུན་འབྲུམ་ཀ་ཏམ་ཤིང་དབང་ཕྱུག་།བརྫ་རི་ཡི་ཁུ་བ་དང ། ། སྤ་ཡི་རྩ་བ་རྣམ་པ་གཉིས། །པ་ཏ་མེ་ཏོག་ལ་སོགས་བཅས། །རྣམ་པ་བརྒྱད་ནི་སྦྱང་བར་བྱ། །ཕབས་ནི་བཅོས་པའི་ཆོ་ག་ཡིན། །པཥྛི་ལས་བྱུང་མྱོས་བྱེད་དེ། །ཟན་ལས་བྱུང་བ་ཆུ་ཅན་མཆོག། །ཙུ་ཏ་ལ་སོགས་ཤུན་པ་ལས། །བྱུང་བ་ཆང་ཞེས་བྱ་བ་ཡིན། །ཛ་ག་ལ་ནི་འབྲུ་ཆང་བརྗོད། །རྒྱུན་འབྲུམ་སྦྲང་རྩི་དཔའ་བོ་གཅིག་།སྐྱུར་པོ་གཡོན་ཅན་བྲན་མོ་ཡིན། །པི་ན་ཙ་རྩ་བ་ལས་བྱུང་གང ། །ཉ་ཕྱིས་ཅན་ཞེས་བྱ་བར་གྲགས། །མེ་ཏོག་གིས་བསྒོས་རབ་མྱོས་ཡིན། །དྲི་ཞིན་དང་བཅས་སྒེག་མོར་བཤད། །ཁ་ཟས་མི་ལེན་རིད་པ་དང ། །མཁྲིས་པ་ཅན་ལ་ཛ་ག་ཕན། །བད་ཀ་ན་ཅན་ལ་ཟན་ཆང་ཕན། །གཉིས་ག་ལ་ནི་ཛི་པོ་བསྔགས། །སྦྱོར་བས་བཅུད་ལེན་རོ་ཡི་མཆོག། །ཙ་ཀྲ་ཡང་ག་སྦྲང་རྩི་དང ། །རུ་རྟ་དང་ནི་གླ་སྒང་གི། ཁུ་བ་དང་ནི་ཙུ་ཏ་དང ། ཀུམ་པ་ལ་སོགས་གཞན་དག་ཀྱང ། །ཆང་གི་ཕབས་སུ་སྦྱར་བར་བྱ། །ཆང་དང་ཕབས་ཀྱི་ཆོ་གའོ། །གླ་སྒང་དང་ནི་ཀུ་ཙ་དང ། །ཡུང་བ་དང་ནི་སྒོག་སྐྱ་རྣམས། །སིངས་པོའི་ནང་དུ་ཞག་གསུམ་སྦང ། །དེ་ནས་ལོ་མ་ལྔ་པ་ཡི། །ཁུ་བའི་ནང་དུ་བསྐོལ་བར་བྱ། ། ་ ་
500b
འབྲས་ཕྱེ་དང་ནི་བུ་རམ་བཅས། །ཤི་ཁུའི་ཁུ་བ་ར་གཅིག་གྱིས། །བཀྲུས་ན་དག་པར་འགྱུར་བ་ཡིན། །ཤོ་བན་ཛ་དང་ར་གཅིན་དུ། །གླ་རྩི་དག་ནི་སྤངས་བྱས་ན། །དེ་ཡིས་དྲི་དང་འབྲལ་མི་འགྱུར། །ཁ་ད་སི་ཡི་རླིག་པ་ནི། །དང་པོ་ཐལ་བས་སྤུ་ཕྱི་ལ། །དེ་ནས་ལོ་མ་ལྔ་པ་ཡིས། །ཁུར་བར་ཁཝ་ཚོས་བྱས་ནས་ནི། །སླར་ཡང་ཤི་ཁྲུའི་ཁུ་བ་དང ། །ར་ཡི་གཅིན་དུ་སྤངས་ནས་ནི། །ཀེ་ཏ་ཀི་ཡི་ནང་བཅུག་ལ། །སོ་པན་ཙ་ཡི་རྩ་བར་གཞུག་།དེ་ནི་ཁ་ད་སི་རླིག་སྦྱང ། །ཤུ་དག་དང་ནི་ཡུང་བ་གཉིས། །ཡུངས་མར་རྡོ་རྗེ་འོ་མ་དང ། །སིངས་པོ་ཆ་མཉམ་ནང་བསྐོལ་བས། །དག་འགྱུར་འདིར་ནི་ཐེ་ཚོམ་མེད། །ེ་རཎྜ་ཡི་ཁུ་བ་དང ། བྲག་ཞུན་གྱི་ནི་ཆུར་བཅས་པས། །སེ་ཧལ་ལེ་ནི་བཀྲུས་ནས་སུ། །འདབ་མར་བཏུམ་སྟེ་ལྕི་བས་བྱུག་།ས་ཡི་འོག་ཏུ་སྦས་པས་འདག་།ཀུ་སུ་མ་དང་འབྲས་བུ་རྣམས། །དང་པོ་ཏ་ཀྲར་སྦངས་ནས་ནི། །བཀྲུས་ནས་ཤི་རི་བ་ལ་ཡི། ། ནང་དུ་བཅུག་ནས་བསྲོས་པས་འདག་།མུ་ཟི་མར་ཁུས་དག་འགྱུར་ཏེ། །བ་བླ་པ་ལ་ཤ་ཡིས་འདག། བྱ་དྲི་བ་ལང་ལྕི་བས་སྦྱང ། །ལྡོང་རོས་རང་སྐྱུར་གྱིས་ནི་འདག། གུར་གུམ་མར་གྱིས་འདག་པར་འགྱུར། །བཅའ་བ་ལང་གི་གཅིན་གྱིས་ཏེ། ། ག་རུ་ནི་ཁྲག་གིས་སྦྱང ། །སི་ཧལ་བུ་མོའི་ཁྲག་གིས་འདག་།དེ་ནས་བཅོམ་ལྡན་འདས་
501a
༄#། །ལ་ལྷ་མོས་མཆོད་ཅིང་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅུད་ཀྱིས་ལེན་ནི་རབ་སྦྱོར་བ། །གནས་ནི་གང་དུ་བརྩམ་པར་བགྱི། །སྡེ་ཚན་རྣམས་ནི་སྔར་བཤད་པའི། །འབྲེལ་པ་དག་ནི་ཇི་ལྟར་ལགས། །སྦྱོར་བའི་རིམ་པ་ཁྱོད་བཤད་པའི། །དགོངས་པ་དག་ནི་ཅི་ཞིག་ལགས། །མར་ནག་བཙོ་བ་ཆོ་ག་དང ། །ཡུལ་དང་འབྲེལ་པའི་ཏིང་ངེ་འཛིན། །ཁམས་ནི་བཅོ་བརྒྱད་བསྟན་པ་ཡི། །ཕན་ཚུན་བསྡུས་པ་ཇི་ལྟ་བུ། །འཁྲུལ་འཁོར་བྱེ་བྲག་བཤད་པ་དག་།ཕྱི་དང་ནང་ནི་ཇི་ལྟར་ལགས། །ནད་རྣམས་སྣ་ཚོགས་བྱུང་བ་དག་།ཇི་ལྟར་སྨིན་པས་འབྲས་བུར་འགྱུར། །སྦོམ་པོའི་བྱེ་བྲག་དུ་ཞིག་མཆིས། །ཕྲ་མོ་ཡི་ནི་ཁྱད་པར་ཅི། ། རྫས་དང་བཅུད་ལེན་མི་འཚལ་ཏེ། །ཁྱོད་ཀྱིས་སྦྱོར་བ་གང་བཤད་པའི། །དུས་ཀྱི་ཁྱད་པར་ཇི་ལྟ་བུ། །དེ་རྣམས་བདག་ནི་ཐེ་ཚོམ་སྐྱེས། །བདེ་བ་ཆེན་པོས་བཤད་དུ་གསོལ། བཀའ་སྩལ་པ། སྒྱུ་མ་ཀུན་གྱིས་རྣམ་རོལ་པ། །ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ། །སྦྲང་རྩི་ལྟ་བུར་བཅུད་བསྡུས་པ། །རྒྱུད་རྣམས་ཀུན་ཏུ་གསང་བ་ཡིན། །གནས་སོགས་ཇི་བཞིན་མཆོད་ནས་སུ། །བདེ་མཆོག་སྔགས་ཀྱི་བསྙེན་པར་བྱ། །དཔའ་བོ་རྣལ་འབྱོར་གཉིས་མེད་པ། །ཉི་ཤུ་རྩ་བཞིར་ཆེར་མཆོད་ནས། །རྣལ་འབྱོར་ཆེན་པོ་
501b
དེ་ཡིས་ནི། །བཅུད་ལེན་སྨན་གྱི་སྦྱོར་བ་བརྩམ། །རིག་པ་འཛིན་པའི་གྲོགས་པོ་ནི། །སྔགས་ཀྱི་བསྙེན་པར་གུས་པ་དང ། །སྐྱོ་དུབ་མེད་ཅིང་དོགས་པ་མེད། །དམ་ཚིག་སྤྱོད་ལ་གུས་པ་སྟེ། །དཔའ་ཞིང་བརྟན་ལ་གཡོ་སྒྱུ་མེད། །འཇམ་ཞིང་བླ་མའི་བསྙེན་བཀུར་བརྩོན། །དེ་དང་ལྷན་ཅིག་བསྒྲུབ་པར་བྱ། །སྒྲུབ་པོས་གཞན་དུ་བྱས་ན་ནི། །དངོས་གྲུབ་འབྲས་བུ་འབྱུང་མི་འགྱུར། །སྔར་བཤད་རིག་པ་སྦྱངས་བྱས་ཏེ། །དང་པོ་དམ་ཚིག་སྦྱིན་པར་བྱ། །གཅེར་བུའི་བརྟུལ་ཞུགས་འཛིན་པ་ཡིས། །གཉིས་པས་མིང་སོགས་དབང་ནི་བསྐུར། །དབང་བསྐུར་ནས་ནི་དེ་ཉིད་བསྟན། །སྟོང་དང་སྟོང་མིན་སོགས་སྤངས་པའི། །རིན་ཆེན་མི་མཆོག་གིས་རྟོགས་བྱ། །སྒོ་དགུ་ལས་ནི་བྱུང་བའི་རྫས། །སྦོམ་པོ་ཞེས་ནི་བྱ་བ་སྟེ། །རྫས་ནི་འཇུ་བར་བྱེད་པ་ཡིན། །བཅུད་ནི་དངུལ་གྱི་ལྷག་མ་ཡིན། །ལེན་པ་སྙིང་སྟོབས་ཞེས་བྱར་བཤད། །སྙིང་སྟོབས་རྫས་ཞེས་བྱ་བ་སྟེ། །དངུལ་ནི་ཞུ་བ་ཞེས་བྱར་བརྗོད། །དེ་ལྟར་རྫས་དང་ཞུ་བ་ནི། །བསྡུས་པ་ལེན་པ་ཞེས་བྱའོ། །མུན་པ་ཕྲ་མོ་ཞེས་བྱ་སྟེ། །ཕྲ་མོ་ནམ་མཁའི་ཁམས་མཚན་ཉིད། །ཕུང་པོ་ལ་སོགས་ཁྱད་པར་དང ། །ཁམས་རྣམས་ཐམས་ཅད་འཚོད་པ་ཡིན། །སྣ་ཚོགས་གཟུགས་རྣམས་འབྱིན་པ་ནི། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །དེ་དག་ལྷ་མོ་སྐལ་ཆེན་མོ། །རྫས་དང་
502a
༄#། །ཁམས་ནི་བསྡུས་པ་སྟེ། །བརྩོན་འགྲུས་དམན་ཞིང་ཐ་ཤལ་དང ། །བསོད་ནམས་དམན་པས་མཐོང་མི་འགྱུར། །བརྩོན་འགྲུས་བཅུད་ཀུན་གནས་ཡིན་པས། །དེ་བས་བརྩོན་འགྲུས་བརྩམ་པར་བྱ། །བཅུད་ནི་བཅིང་དང་གསོ་བ་དག་།མདོར་བསྡུས་ནས་ནི་བཤད་པ་ཡིན། །ཡོངས་སུ་སྨིན་པའི་མཆོག་གིས་ནི། །མཉམ་མེད་བཅུད་ལ་བརྟེན་པ་ཡི། །རྣམ་བཅིང་ལ་སོགས་ཉེས་པ་བརྒྱ། །བློ་དང་ལྡན་པས་དཔྱད་དེ་དགག་།བཅུད་ནི་ནག་པོ་སྔོན་པོ་སྟེ། །བཅུད་ནི་ཡོངས་སུ་གྲུབ་པ་ཡིན། །དངུལ་ཆུ་ལྷང་ཚེར་ཆོ་ག་ཡིས། །ཇི་སྲིད་བཅུད་ཆེན་གྲུབ་ཀྱི་བར། །དེ་སྲིད་དུ་ནི་འབད་དེ་དཔྱད། །འཁྲུལ་འཁོར་གང་ཞིག་ཁ་ཆེ་བ། །དེ་ནི་ཀ་རན་རྒོད་མའི་ཁ།། འཁྲུལ་འཁོར་གང་ཞིག་རྫ་རྔ་འདྲ། །དེ་ཉིད་བོང་བུ་རྔ་མོའི་ཁ། །རྒོད་མའི་ཁ་ནི་འོད་མ་ཡི། །སྦུ་གུ་ཡིས་ནི་བརྒྱན་པར་བྱ། །ཀ་རཎྜ་ཡི་འཁྲུལ་འཁོར་ནི། །རལ་གྲི་ཤུབས་ཀྱིས་བརྒྱན་པར་བྱ། །འཁྲུལ་འཁོར་བོང་བུའི་ཁ་ཞེས་པ། །ཀངྐའི་མགྲིན་པའི་སྦུ་གུར་སྦྱར། །རྔ་མོའི་ཁ་ཡི་འཁྲུལ་འཁོར་ནི། །བྱ་རོག་མཆུ་དང་མཚུངས་པར་སྦྱར།། ཚར་བཅད་པ་ནི་སྦལ་པ་སྟེ། །འོད་མ་ཅན་གྱིས་སྦྲང་རྩིར་བཙོ། །བྱ་རོག་མཆུ་ཅན་བུང་པར་བཙོ། །རྡོ་ལེབ་འབར་ཞིང་འོད་དང་བཅས། །ཀངྐའི་མ་ཆུ་ཅན་གླང་ཆེན་བཅོ།།
502b
རལ་གྲི་ཤུབས་ཅན་འཁྲུལ་འཁོར་གྱིས། །སེངྒེ་རུ་ནི་བཙོ་བ་ཡིན། །བཅུད་ཆེན་ཡིབ་དང་ཁྲོས་པ་དང ། །འཐོར་དང་ཤིན་ཏུ་ཆོས་པ་ཡིས། །ཆུ་ཡི་ནང་དུ་འབྲོས་པར་འགྱུར། །དེ་ནས་གླང་ཆེན་མགོ་བཅུད་དང ། །མུ་ཟི་ལ་སོགས་བྱིན་ནས་ནི། །བསྲེགས་པས་ཚར་བཅད་མནན་པ་དང ། །འོག་ཏུ་ས་ལ་བོར་ནས་སུ། །འདར་ཞིང་རྨོངས་ལ་དུ་བར་འཐུལ། །ཁྲོལ་ཁྲོལ་གྱི་ནི་སྒྲ་འབྱིན་ནོ། །དེ་ནས་ཨ་ཤཝ་གནྡྷ་དང ། །བ་ལ་ཙཀྲ་མརད་དང ། །བ་ལ་ཏ་ཀ་ཤི་ཁྲུ་སྟེ། །པི་ནི་ཚད་ཀུ་མུ་དང ། །ུཏྤལ་མ་ལི་ཀ་ས་བོན། །རྒྱ་ཤུག་རུས་པ་ཀི་ས་བོན། །ཀུ་བའི་ས་བོན་མ་དུ་དང ། །པོ་སོན་པ་ལ་ཤ་བའི་ཤུན། །ཕྱེ་མ་སྐྱོ་མར་བྱས་པ་ཡི། །ནང་དུ་དེ་ནས་བརྡུང་བར་བྱ། །ཆ་ནི་ངེས་དང་བཅས་པས་འཆིང ། །རྫས་ནི་དྲུག་ཆ་སྦྱིན་པར་བྱ། །དེ་ནས་རྡོ་ཡི་གཏུན་དུ་མཉེ། །དང་པོ་རེ་ཞིག་སྦྱང་བར་བྱ། །དེ་ནས་གཅི་བའི་ལན་ཚ་དང ། །ཕག་གི་ཞག་དང་ཁྲག་ཏུ་བཅས། །དཀྲུགས་པས་ཉེས་པ་གཞོམ་པར་བྱ། །འཁྲུལ་འཁོར་གཞུག་པ་བཤད་པར་བྱ། །ཙནྡན་ཐལ་སྨན་ལ་སོགས་དང ། །བཅས་པ་རྐང་གི་ནང་དུ་གཞུག་།དང་པོ་བརྒྱ་རྩ་བརྒྱད་པར་བྱ། །ཕྱི་ནས་ལྟོ་སྐྱེས་བཅས་པའི་བཅུད། །འོད་མའི་ནང་དུ་བཅུ་གནས་སུ། ། སྔར་བཤད་གནས་སུ་གཞག་པར་བྱ། །རྩ་བའི་འབྲས་བུ་ཞེས་བྱ་བ་ནི། སོ་མན་ཛ་ལ་སོགས་པའི་རྩ་བ་དང་འབྲས་བུའོ། །ཀ་ཏུ་མ་ཛ་ཛ་ལ་སོགས་པའི་ནི། མེ་ཏོག་དང་འདབ་མ་
503a
༄#། །དང་རུས་པ་ལ་སོགས་པ་གཟུང་ངོ ། །བཅུད་བཙོ་བའི་སྦྱོར་བའི་ཆོ་གའོ། །ལྷང་ཚེར་ཕྱོགས་ཀྱི་ཆ་དང་ནི། །བཅུད་ནི་དབང་པོའི་ཆ་དང་བཅས། །ཆ་ཡི་ངེས་པས་འཆིང་འགྱུར་ཏེ། །ཆ་བཅུས་རིམ་གྱིས་སྤེལ་བར་བྱ། །དྲི་ཞིམ་ཟླ་བ་རེ་རེ་སྦྱིན། །གསེར་གྱི་མདོག་ནི་བཟང་པོར་འགྱུར། །དངུལ་གྱི་སོ་ནི་བཟང་པོར་འགྱུར། །མུ་ཏིག་མིག་ནི་དག་པར་འགྱུར། །ནུ་མེད་སྐྲ་དང་སྤུ་ལ་ཕན། །རྡོ་རྗེས་ཐོག་ནི་བཟློག་འགྱུར་ཏེ། །ལྕགས་ཀྱུས་ཆུ་དང་མཚོན་རྣམས་བཟློག་།སྣ་ཚོགས་དབང་ཕྱུག་སེམས་དང་ནི། ། ལྷང་ཚེར་གྱི་ནི་བརྒྱ་བྱིན་དང ། །མེ་དང་གཤིན་རྗེ་ཆུ་ལྷ་དང ། །ལུས་ངན་ལ་སོགས་བགེགས་ཀུན་བཟློག་།ནཱ་ག་པར་ནི་མར་གསར་དང ། །རྒྱ་མཚོ་ལན་ཚཝར་བཅས་པ་ཡི། ། དངུལ་ཆུའི་སྦྱོར་བ་མཆོག་འདི་ཡིས། །རྒས་པ་དང་ནི་མཛེ་ནད་སོགས། །བ་ལང་ལྕེ་ཡི་སྨན་དང་ནི། །དངུལ་ཆུར་བཅས་པ་བྱུགས་པ་ཡིས། །གཞང་འབྲུམ་ནད་ནི་སེལ་བར་བྱེད། །ཀ་རི་ཀེ་སས་གསོ་བ་སྟེ། །ཀི་རི་ཀར་ནི་ཀ་དང་ནི། །རལ་པ་དམར་པོས་བཞུ་ཞིང་བསད། །འཛག་དང་ཨ་ཤོ་གནད་དང ། །ནཱ་ག་བ་ལ་བ་ལི་ཀ། ཆ་མཉམ་གྱིས་ནི་རྨོངས་པར་བྱ། །དྷ་དུ་ར་ཡི་ཁུ་བ་ཡིས། །རང་གི་ཡོན་ཏན་མ་ལུས་བྱེད། །དེ་ནས་སྙིང་པོ་ཀུན་བསྡུས་པའི། །མར་ཁུའི་ཆོ་ག་བཤད་པར་བྱ། །མར་ཁུ་རྣམ་པ་
503b
གཉིས་གསུངས་ཏེ། །སྣོད་དང་སེམས་ཅན་ལས་བྱུང་བའོ། །དང་པོ་སྣོད་ཀྱི་བཤད་བྱ་སྟེ། །འབྲས་བུ་ཆེན་པོ་གསུམ་གྱི་ཆུས། །སྣུམ་སྟེར་རྣམས་ལ་ཡང་ཡང་བསྒོ། །དེ་ཡི་ལེགས་པར་བསྐམས་བྱས་ལ། །རྡུལ་ལ་སོགས་པའི་སྐྱོན་བྲལ་བའི། །ས་ཡི་ཆར་ནི་སྔགས་པས་བསྐྱེད། །ལེགས་པར་སྨིན་ཅིང་སྣུམ་པ་དང ། །སྐྱ་བོ་ལ་སོགས་སྐྱོན་སྤངས་ནག་།ལེགས་པར་བརྡུངས་ཤིང་བསྲོས་ནས་སུ། །སྐྱུ་རུ་ར་ཁུ་ཆར་ཆུས་སྤངས། །སྲ་བ་དེ་ཡི་བདུག་པས་བསྒོ། །དུ་མེད་མེ་ཡིས་རན་པར་བདུག་།དེ་ནས་འཁྲུལ་འཁོར་དག་གིས་བཙིར། །དཔྱིད་དང་སོས་ཀ་སྟོན་དུས་གསུམ། །ཉི་མའི་འོད་ལ་སྨན་མར་བཙོ། །དགུན་སྟོད་དགུན་སྨད་དབྱར་དང་གསུམ། །མར་ཁུ་མེ་ཡིས་རན་པར་བཙོ། །གནད་པ་ཏྲ་ཏྭ་ཙ་དང ། །སུག་སྨེལ་ནཱ་ག་པུས་པར་བཅས། །རལ་པ་དང་ནི་སཱ་ལུ་ལ། །དེ་དག་ཕྱེ་མར་བྱས་པ་ནི། །ཏིལ་ལས་བྱུང་བའི་ནང་བླུགས་ཏེ། །ཆུ་ནི་མར་ཁུའི་བཞི་འགྱུར་བྱ། ། ག་རུ་ནི་སྲང་ཕྱེད་དང ། །སྨན་གྱི་བཞི་འགྱུར་བྱས་ནས་སུ། །དེ་ནས་མེ་ནི་རན་པས་བསྐོལ། །སླར་ཡང་རལ་པ་གླ་སྒང་དང ། །ཙནྡན་ཤིང་ཚ་བ་ཏྲར་བཅས། །སྔར་བཤད་ཕྱེ་མ་མཉམ་པོར་བྱ། །དེ་བཞིན་སྔ་མ་བཞིན་དུ་བཙོ། །སླར་ཡང་སི་ཧལ་དཀར་མིན་ལྷ། །རུ་རྟ་ཛ་ལ་པ་ཐར་བཅས། །ཐམས་ཅད་བསྲེས་པ་སྲང་
504a
༄#། །གཅིག་གཏང ། །མར་ཁུ་སྲང་ནི་བརྒྱད་དང་བཅས། །འོད་མའི་ནང་དུ་བླུགས་ནས་ནི། །ཉི་མ་བདུན་དུ་ཉི་མར་བཙོ། །ཡིད་འོང་སྐལ་བཟང་སྟོབས་རབ་སྟེར། །འདོད་པའི་དོན་ནི་ཕུན་སུམ་ཚོགས། །གལ་ཏེ་ཚངས་པའི་མར་ཁུར་བཅས། །རྣལ་འབྱོར་ཅན་ལ་མཆོག་སྟེར་འགྱུར། །གཞན་ཡང་སྦ་ལ་སུག་སྨེལ་དང ། །པ་ཏ་བྷྲིང་ག་རཱ་ཛ་དང ། །སེན་མོ་རུ་རྟ་པི་ཤ་ཙ། །སོ་སོར་ཆ་བཞི་ཆ་དྲུག་བདུན། །ཆ་ནི་བཅུ་གཉིས་དག་དང་བཅས། །འདི་རྣམས་སྨན་གྱིས་སྐྱོ་མ་ནི། །སྔར་བཤད་པ་ཡི་ཚད་དང་བཅས། །སྔར་བཤད་འོད་མའི་ཆོ་གས་བཙོ། །གང་ཚེ་རྐང་གི་མར་ཁུར་བཅས། །ནད་རྣམས་ཐམས་ཅད་འཕྲོག་པར་འགྱུར། །དེ་ནས་ཤ་ཆེན་མར་ཁུ་དང ། །ལྷན་ཅིག་བསྲེས་ཏེ་སྦྲང་རྩི་ཡི། །སྣོད་དུ་བླུགས་ཏེ་ཉི་མར་བསྲོ། །ཉི་མ་བདུན་ནི་ཚུན་ཆད་ཀྱིས། །རི་དྭགས་ལྟེ་བ་དང་མཚུངས་འགྱུར། །སྦྱོར་བ་འདི་ནི་དམ་པ་སྟེ། །སྲུང་བ་ཀུན་གྱི་བླ་ན་མེད། །ཏི་ཏྲ་ཙ་ཡི་འབྲས་བུ་དང ། །ཙནྡན་སི་ཧལ་ཤིང་ཚར་བཅས། །སྔར་བཤད་པ་ཡི་མར་ཁུ་དེ། །རྐང་གི་མར་དང་བསྲེས་ནས་ནི། །སྔར་བཞིན་སྦྲང་རྩིའི་སྣོད་བཞག་སོགས། །དེ་ནི་ག་པུར་མཚུངས་འགྱུར་ཏེ། །སྐྱེ་བོ་ཐམས་ཅད་རྨོངས་པར་བྱེད། །དེ་ནས་རི་སྐྱེས་མར་ཁུར་བཅས། །འབྲས་གསུམ་ག་ལ་སྒང་ཤུ་དག་དང ། །པུ་ཏི་ཏ་དཀར་ཀུ་སུ་
504b
མ། །སེ་བ་ལ་ཡི་ངར་པ་དང ། །གུར་གུམ་དང་ནི་ལྷན་ཅིག་བཅས། །སྦྲང་རྩིའི་སྣོད་དུ་བླུགས་ནས་སུ། །ཉིན་བདུན་ཉི་མའི་དྲོད་ལ་བཙོ། །སྐལ་བཟང་སྟོབས་འཕེལ་མདངས་དང་ལྡན།། རྟག་ཏུ་འོ་མ་བཏུང་བྱ་ཞིང ། །བསམ་གཏན་བཟླས་ལ་འབད་པར་བྱ། །ཚངས་པར་སྤྱོད་ལ་རྟག་གནས་ནས། །ཁུ་བ་དག་ནི་དགག་པར་བྱ། །སྦྲང་རྩི་དང་ནི་བཅས་པ་རུ། །སྒྲུབ་པོས་ཕྲ་མོ་ཟླ་དྲུག་བཟའ། །དེ་ཡི་བཤད་པ་ཀུན་བླངས་ལ། །ལྷ་མོ་ལྷན་ཅིག་ཕྱེ་མར་བྱ། །རྫ་མ་གསར་པ་བཞག་ནས་སུ། །ཚ་གསུམ་ཙོ་རིའི་ཕྱེ་མ་ནི། །ཉིས་འགྱུར་དུ་ནི་བྱས་པ་དང ། །འབྱིན་བྱེད་ཕྱེ་མ་བཅུ་ཆར་བསྲེ། །བུ་རམ་གྱི་ནི་རིལ་བུ་བྱ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །ཉི་མ་རེ་རེ་ཞོ་གཉིས་གཉིས། །ཟོས་ན་ནད་རྣམས་ཐམས་ཅད་ནི། །འཇིག་འགྱུར་ཁྱད་པར་གཞང་འབྲུམ་འཇོམས། །མེས་པོ་ཡིས་ནི་ཆ་བཞི་དང ། །སྒོག་སྐྱ་དང་ནི་བཅུ་དྲུག་བསྲེ། །འོ་མ་དང་ནི་ལྷན་ཅིག་བཏུང ། །ཉི་མ་བདུན་ནི་ཚུན་ཆད་ཀྱིས། །གཟེར་ནད་ཀླད་ནད་འཇོམས་པར་འགྱུར། །སིངས་པོ་དང་ནི་ལྷན་ཅིག་ཏུ། །སྔ་མ་བཞིན་དུ་འཐུང་ན་ནི། །ནད་རྣམས་ཐམས་ཅད་སེལ་བར་བྱེད། །ཟླ་དྲུག་སྦྱོར་བ་གོམས་པ་ཡིས། །སྐྲ་དཀར་དང་ནི་གཉེར་མ་འཕྲོག་།འབྲས་ནི་དམར་པོའི་ཕྱེ་མ་དང ། །བ་ལའི་རྩ་བ་འདབ་མར་བཅས། །སྒོག་སྐྱ་ཞོ་གཉིས་ལྷན་ཅིག་ཏུ། །བཏགས་ཏེ་རིལ་བུ་བྱས་ན་ནི། །མར་རམ་མར་
505a
༄#། །ནག་ནང་དུ་བཙོ། །ཟོས་ནས་གཅིན་དང་འཚམ་པར་བཏུང ། །དེས་ནི་རུས་པ་ཆག་པ་དག་།འབྱོར་ཞིང་སྟོབས་དང་ཉམས་འཕེལ་འགྱུར། །བྷྲིང་ག་རཱ་ཛ་ཚངས་པ་ནི། །རློན་པ་གཅི་བ་དང་བཅས་བཟའ། །དེ་ཡིས་དུག་ནི་འཕྲོག་པར་བྱེད། །ཡུང་བའི་ཁུ་བ་ཞོ་གཉིས་དང ། །དེ་དང་མཉམ་པའི་གཅི་བར་བཅས། །འཐུང་ན་རྒྱུ་བའི་དུག་དང་ནི། །ཤུ་བ་དང་ནི་ནད་ཀུན་འཇོམས། །ཡུང་བའི་ཁུ་བ་གླང་གཅིན་དང ། །དེ་བཞིན་འབྱུང་པོའི་གཙོ་བོ་སྟེ། །རིག་བྱེད་གྲངས་དང་མཉམ་པའི་སྲང ། །དེ་ལ་ཞོ་ནི་གཉིས་གཉིས་བཏུང ། །དཔྱིད་ཀྱི་དུས་སུ་ཅུང་ཟད་བསྐྱེད། །སྦྱོར་བའི་གཙོ་བོ་འདི་ཡིས་ནི། །དུག་དང་རིམས་ནད་སེལ་བར་བྱེད། །གླ་སྒང་སྐྱུ་རུ་ར་དང་ནི། །དྲི་རྣོན་དང་ནི་ཞག་ཆེན་དང ། །སྦྲང་རྩི་ཆ་མཉམ་ཕྱེ་མ་ནི། །ཁབ་ལེན་ལྕགས་ཀྱི་སྣོད་དུ་གཞག་།སྦྱོར་བའི་རིམ་པ་འདི་ཡིས་ནི། །སྲང་ནི་སུམ་བརྒྱའི་བར་དུ་བྱ། །བད་སན་ཏ་ཞེས་བྱ་བ་སྟེ། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ལོ་གཅིག་བར་དུ་སྦྱོར་བ་ཡིས། །ཡིད་འོང་ཡིད་ནི་གཞུངས་པར་འགྱུར། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །གཉེར་མ་དང་ནི་སྐྲ་དཀར་སེལ། །དུས་ཀྱི་རླུང་དང་ཉིན་མཚན་སོགས། །བསྟེན་ཀྱང་འཇིགས་པར་མི་བྱའོ། །སྦྱོར་བ་གཞན་ལ་བསྟེན་པ་ནི། །འབྲས་བུ་མེད་ཅིང་ལོག་པར་འགྱུར། །རྟག་ཏུ་བསམ་གཏན་བཟླས་བྱས་ནས། །ལོ་ནི་
505b
སུམ་བརྒྱའི་བར་དུ་འཚོ། །པི་པི་ལིང་དང་གུར་གུམ་ནི། །ཆ་ནི་མཉམ་པོར་བྱས་ནས་སུ། །སོས་ཀའི་དུས་སུ་བཟའ་བར་བྱ། །དེ་རྗེས་གཅི་བ་དྲོ་འཐུང་ན། །ཁ་ཟས་ཡི་གར་འོང་ཞིང་འཇུ། །ནིར་གུཎྜི་ཡི་ཁུ་བ་དང ། །གཅི་བར་བཅས་པ་སྣ་སྨན་སྦྱིན། །བད་ཀན་ལས་གྱུར་ནད་རྣམས་འཕྲོག་།དེ་ཉིད་པདྨའི་དྲི་མ་དང ། །བཅས་པར་བྱུགས་ན་གླང་ཤུ་སེལ། །མར་ཀ་ད་ཡི་རྩ་བ་དང ། །སོ་དང་སེན་མོའི་རྡུལ་དང་བསྲེ། །རྨ་ནི་དང་པོ་མར་གྱིས་བཀྲུ། །དེ་རྗེས་སྨན་དེས་བྱུགས་ན་ནི། །རྨ་ནི་འདྲུབ་པར་བྱེད་པའི་མཆོག་།སོ་ཕག་རྡུལ་དང་སུག་སྨེལ་ཆེ། །གི་རི་ཀར་ནའི་ཁུ་བ་རུ། །མཉེས་ཏེ་མིག་ལ་བྱུགས་ན་ནི། །རབ་རིབ་དག་ནི་འཇོམས་པའི་མཆོག་།འབྲས་བུ་གསུམ་གྱི་ཁུ་བས་སྦྱང ། །མ་ཧ་ཧ་ཧ་ཀ་ཡི་འདབ། །འོ་མ་དང་ནི་ལིག་བུ་མིག་།འབྱུང་པོའི་ཆུ་དང་བཅས་པ་རུ། །མིག་ཏུ་བླུགས་ནས་ལོ་དྷ་ཡིས། །བདུགས་ན་དྲི་མ་མེད་པར་འགྱུར། །ཡུང་བ་གཉིས་ཀྱི་ཆ་མཉམ་ཕྱེ། །བ་ཡི་དར་བར་པྲེ་དོར་བཅས། །བྲེ་གང་ལུས་ཀྱི་བར་དུ་བསྐོལ། །ཞག་བདུན་དུ་ནི་དེ་འཐུང་ན། །དེ་ཡིས་ལུས་ནི་རྒྱས་འགྱུར་ཏེ། །བཅུད་ཀྱིས་ལེན་གྱི་སྦྱོར་བ་འདི། །དཔའ་བོ་རང་ཉིད་བཤད་པ་ཡིན། །ཡུང་བ་དང་ནི་སོ་ཕག་དང ། །དེ་བཞིན་བཙག་དང་སྨྱེ་བྱེད་ཁུ། །རླུང་མེད་གནས་སུ་གནས་ནས་ནི། །ལུས་ལ་དྲིལ་ཕྱིས་བྱས་ན་ནི། །རྟག་ཏུ་སྟོབས་ནི་འཕེལ་བྱེད་ཅིང ། །དངུལ་ཆུ་བཅིང་བ་དག་ལ་ཕན། །རུ་རྟ་མུར་བ་ཤུཀྟི་ཀ་།ཤིང་ཚ་ཆ་མཉམ་ཕྱེ་དང་ནི་
506a
༄#། །མང་སི་ཚ་ནི་ཉིས་འགྱུར་བཅས། །དྲིལ་ཕྱིས་བྱས་ན་འདོད་པ་འགྲུབ། །བྲག་ཞུན་དང་ནི་སོ་ཕག་དང ། །ནིར་གུཎྜི་དང་ཨེ་ལ་ཚ། །ཆ་ནི་མཉམ་པོར་བྱས་པ་ཡི། །ཡུང་བ་དག་ནི་བཞི་འགྱུར་བཅས། །གསེར་ཤིང་ཁུ་བ་ཆ་ཕྱེད་ཀྱིས། །དྲིལ་ཕྱིས་བྱས་ན་དུག་འཕྲོག་ཅིང ། །གཅི་བར་བཅས་པའི་དྲིལ་ཕྱིས་ཀྱིས། །ཁྱི་རྡོ་དང་ནི་མཛེ་ནད་འཇོམས། །ཁྱེའུ་དང་བུ་མོ་གཞོན་ནུའི་ཤ་།མར་དང་བཅས་པ་ཅི་རིགས་པར། །རྒྱུན་དུ་ཟོས་ན་ཚེ་རིང་འགྱུར། །མཛེས་མ་ལས་བྱུང་མེ་ཏོག་ནི། །ཟོས་ན་རིམ་གྱིས་རྒ་བ་འཇོམས། །རྟག་ཏུ་ག་བུར་ཙནྡན་དག་།བསྟེན་ན་ནད་རྣམས་སེལ་བའི་མཆོག་།དེ་བཞིན་བཞི་མཉམ་གཅི་བར་བཅས། །སྣ་སྨན་བྱིན་ནའང་ནད་ཀུན་སེལ། །ཤ་ཤང་ཀ་དང་ཡུང་བ་དང ། །ཁ་བ་ཡི་ནི་སྙིང་པོ་དག་།པདྨ་ཅན་གྱི་པདྨ་ནི། །སྨྱུང་པོ་ཡི་ནི་ཁུ་བ་དང ། །སེམས་ཀྱི་དབང་ཕྱུག་ལག་མཐིལ་དུ། །མཉེས་ཏེ་རིམ་གྱིས་བསྟེན་ན་ནི། །ནད་རྣམས་ཀུན་ལས་གྲོལ་འགྱུར་ཞིང ། །བསམ་པ་ཐམས་ཅད་རྫོགས་བྱེད་པར། །གདོན་མི་ཟ་བར་ངས་བཤད་དེ། །དཔྱིད་ཀྱི་དུས་སུ་བསྐུལ་བར་བྱ། །མཁྲང་མ་ཞེས་བྱ་ཆེན་པོའི་ཆེན། །དེ་ཡི་གཅི་བའི་ལན་ཚཝ་དང ། །དེ་ཡི་ཁྲག་དང་ཁུ་བར་བཅས། །དངུལ་ཆུ་དང་ནི་སྦྲང་རྩིར་བསྲེ། །སྦྱོར་བ་ཆེན་པོ་འདི་དག་ནི། །མཛེས་མའི་གདོང་ཅན་ཁྱོད་ལ་
506b
བཤད། །རྟག་ཏུ་ནད་མེད་སྟོབས་ལྡན་འགྱུར། །བད་ཀན་གྱི་ནི་མི་རྣམས་ལ། །ཚ་བའི་རྫས་དང་ལྷན་ཅིག་སྦྱིན། །ཐུང་ངུའི་པདྨ་ལས་བྱུང་བ། །དང་པོ་མཁས་པས་གཟུང་བར་བྱ། ། ལྕེ་དང་དཀར་པོར་བཅས་པ་ལས། །སྦྱོར་བ་པོས་ནི་རིལ་བུ་བྱ། །ཟླ་བ་དྲུག་ཏུ་བསྟེན་པ་ཡིས། །རྒྱུ་དང་མི་རྒྱུ་བཅས་པར་འཆིང ། །ཇི་སྲིད་ལུས་ནི་གནས་ཀྱི་བར། །དུག་ཀྱང་འཁོ་བར་མི་འགྱུར་རོ། །མཁྲང་མ་ལས་བྱུང་མེ་ཏོག་གཟུང ། །དེ་བཞིན་ཁ་གདོང་བདུད་རྩིར་བཅས། །ཤ་ཆེན་དག་ནི་ཉིས་འགྱུར་བྱ། །རང་ལས་བྱུང་བའི་སེམས་དང་བཅས། ། དེ་ནི་ཟོས་ཤིང་བསྟེན་པ་ཡིས། །ཚེ་དང་ནད་མེད་ཕུན་སུམ་ཚོགས། །རིམ་འདི་རྟག་ཏུ་བསྟེན་བྱས་ན། །ལོ་ནི་སུམ་བརྒྱར་འཚོ་འགྱུར་ཞིང ། །སྐྲ་དཀར་དང་ནི་གཉེར་མ་སེལ།། བསྟན་བཅོས་ཀུན་ལ་འཇིགས་མེད་འགྱུར། །བཤང་བའི་ཕྱེ་མ་ཞོ་གཉིས་དང ། ། བ་མརྒའི་ཐལ་བ་དག་།མི་ཡི་གཅིན་དང་མ་ཧེའི་གཅིན། །བཅས་པར་མཁས་པས་བླུད་ན་ནི། །སྟོབས་རྣམས་བདེ་བར་སྐྱེ་འགྱུར་བར། །ངས་བཤད་པ་ལ་ཐེ་ཚོམ་མེད། །རྡོ་རྗེ་བླ་མ་མཆོད་ནས་ནི། །དེ་འོག་ལས་ནི་བརྩམ་པར་བྱ། །ཡུང་བ་ཤེ་ཀ་རར་བཅས་པས། །ཁྲག་དང་མཁྲིས་པའང་སེལ་བར་བྱེད། །མི་མོའི་འོ་མ་སྲང་བརྒྱ་དང ། །རྡོ་རྗེའི་འོ་མ་སྲང་བརྒྱར་བཅས། །སྐྱུ་རུའི་ཁུ་བའང་དེ་ཙམ་སྟེ། །བ་ཡི་འོ་མ་ཁམ་ཕོར་གང ། །ཡུང་
507a
༄#། །བ་སྦྲང་རྩི་ཙནྡན་དམར། །སྲང་གཅིག་དང་ནི་པ་ཐ་དག་།སྔར་བཤད་མཚན་ཉིད་ལྡན་པ་ནི། །བརྒྱ་རྩ་བརྒྱད་ནི་གཟུང་བར་བྱ། །སྔོན་བཞིན་རན་པར་བཙོས་བྱས་ལ། །ཁྱིམ་གྱི་མེ་ཏོག་དཀར་པོར་བཅས། །དཔྱིད་ཀྱི་དུས་སུ་བསྐུལ་བར་བྱ། །སྤོམ་པོ་ལ་སོགས་ལྔ་ཡི་ནི། །ལས་ཀྱི་ཆོ་ག་བཤད་པར་བྱ། །ནུ་མ་མེད་པ་རྩུབ་མོ་དང ། །འཛེར་པ་ཅན་ཏེ་གསུམ་པ་ཡི། །གཅི་བའི་ལན་ཚཝ་བཟུང་ནས་སུ། །མཐེ་བོང་ཡི་ནི་ཁྲག་དང་བཅས། །འགུགས་པར་བྱེད་པའི་དམ་པ་ཡིན། །རྫས་ལ་རྟ་དང་མ་ཧེའི་ཁྲག་།ཁྲོ་བོ་ཡི་ནི་ཁྲག་དང་བཅས། །དེ་བཞིན་དུ་ནི་ཐ་ཆུང་གི་།ཁྲག་དང་བཅས་པས་གསད་པའང་འགྲུབ། །ཐུང་ངུ་ཡི་ནི་ལན་ཚཝ་དང ། །དེ་ཉིད་ཀྱི་ནི་ཁུ་བར་བཅས། །རིང་པོའི་ཁྲག་དང་བཅས་པ་ཡིས། །རྒྱས་པ་ཆེན་པོར་འགྱུར་བ་ཡིན། །དེ་ཉིད་སྲིན་ལག་འབྱུང་པོའི་བདག་།དོན་ཡོད་དབང་དུ་སྡུད་པ་ཡིན། །དྲི་ཡི་ཆུ་ནི་རྒྱལ་མཚན་གྱི། །ཁྲག་དང་ལྷན་ཅིག་བཅས་ནས་སུ། །ལག་མཐིལ་དུ་ནི་མཉེས་ལ་བཟའ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡིན། །པདྨ་ལས་བྱུང་མ་རྙེད་ན། །རོ་ཡི་ལག་པ་ལས་བྱུང་གཟུང ། །རྣལ་འབྱོར་དོན་གཉེར་དབུལ་པོ་ཡིས། །ལག་པའི་མཆོད་པས་ཡིད་འདོད་པ། །རྒྱད་རྣམས་ཀུན་ཏུ་ནང་སྦས་ལ། །དེ་དག་ཐམས་ཅད་ཁྱོད་
507b
ལ་བཤད། །དབང་སྐུར་ལག་ཏུ་བཀོད་ནས་ནི། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །མཛེས་མ་ཀུན་ཏུ་རུའི་ས་བོན། །ཕག་གི་མཆེ་བས་མཉེས་ནས་སུ། །ཐིག་ལེར་བྱས་ན་རྒྱུ་མི་རྒྱུའི། །འགྲོ་བ་དབང་དུ་བྱེད་པར་འགྱུར། །གི་རི་ཀར་ན་དཀར་པོ་དང ། །བྲི་ཡང་ཀུ་རུ་བཅས་ཏེ་བླུག་།ཉམས་སྟོབས་དག་ནི་འཕེལ་བར་འགྱུར། །བུ་མོ་གཞོན་ནུའི་མིག་རྣག་དང ། །ལྡོང་རོས་བཅས་པ་བསྟན་ན་ནི། །སྣ་ཚོགས་དུག་རྣམས་འཇོམས་པར་བྱེད། །ཀུ་མི་སྔོ་བསངས་མིག་རྣག་དང ། །ཀླད་པ་ཡི་ནི་ཞག་ཏུ་བཅས། །དེ་ནི་བལྡག་པ་ཙམ་གྱིས་སུ། །སྐྲ་དཀར་འཇོམས་པར་ཐེ་ཚོམ་མེད། །ལྕེ་དང་ཁྲག་ནི་ཆ་བསྙམས་ལ། །བུ་རམ་འོལ་སེ་བཞི་ཆར་བཅས། །གཞན་ཡང་ཁུ་བ་མང་དང་ནི། ། དངུལ་ཆུ་སྔར་ནི་བཤད་བཞིན་གཟུང ། །མུ་ཟི་བཟང་པོར་བཅས་པ་ནི། །གླགས་ན་སྦྱོར་བའི་དམ་པ་སྟེ། །ཟླ་དྲུག་ཙམ་དུ་ངེས་པར་ནི། །རྒ་དང་ན་ལས་གྲོལ་འགྱུར་ཞིང ། །ལོ་ནི་སུམ་བརྒྱར་འཚོ་བར་འགྱུར། །རྐང་གི་ཞག་དང་མུ་ཟི་ནི། །ཞོ་ནི་ཕྱེད་ཕྱེད་སྦྱར་བྱས་ལ། །ལོ་གཅིག་བར་དུ་བསྟེན་ན་ནི། །ལྷ་ཡི་གཟུགས་འགྱུར་ཐེ་ཚོམ་མེད། །ནམ་མཁའི་མེ་ནི་མཉེས་བྱེད་པ། །སུ་སི་རི་ཡི་ཚད་དང་མཉམ། །འདི་ནི་སྦྱོར་བ་ཆེན་པོ་སྟེ། །ཚེ་དང་ནད་མེད་འཕེལ་བྱེད་ཡིན། །རྩི་བསད་དང་ནི་བཀྲ་ཤིས་
508a
༄#། །བཅས། །ལྷག་པའི་ལྷ་ཡི་སེམས་པར་ལྡན། །བལྡག་དང་གཞིབ་དང་སྣ་སྨན་གྱིས། །རྡོ་རྗེའི་ལུས་འགྱུར་ཐེ་ཚོམ་མེད། །ལྕེ་མྱང་ཚ་དང་གསེར་ཤིང་དང ། །སྨྱོ་བྱེད་དག་ལ་བཞི་ཆར་བཅས། །ཙཀྲ་མརད་སེན་མོའི་རྡུལ། །སོ་མ་ར་ཙ་ཡུང་བ་དག་།ཐམས་ཅད་གཅིག་ཏུ་སྤྱོད་པ་ཡི། །རྫས་ནི་སྲང་གཅིག་བཟུང་ནས་སུ། །སྔར་བཤད་ཆོ་ག་བཞིན་དུ་ནི། །མར་ཁུ་དག་ནི་བཙོ་བར་བྱ། །མི་རྒྱལ་ཏ་ལ་ས་ཧྱ་དེ། །འབྲས་བུ་ཡི་ནི་ཆུ་དང་བཅས། །བཞི་དང་ལྔ་དང་དྲུག་བདུན་ཆ། །དེ་དག་ཇི་སྙེད་མར་དེ་སྙེད། །ལྕགས་ཀྱི་དྲི་མ་པྲི་ཡང་ཀུ། །སོ་དང་སེན་མོ་ཡུང་བར་བཅས། །དེ་དག་སླར་ཡང་མར་ཁུར་བཙོ། །གསལ་ཞིང་ནད་མེད་འཕེལ་བར་བྱེད། །མགོ་བསྐུ་བའི་ཆོ་གའོ། །པྲྀ་ཡང་ཀུ་དང་ཙནྡྲ་དང ། །ཀན་ཏེ་ལ་བ་ནའི་མེ་ཏོག་།སྦྲང་རྩི་འཇིག་དང་ཀུ་མུ་ད། །ུཏྤལ་ཆུ་ཡི་དོ་བར་བཅས། །སྐྱེར་བར་བཅས་པའི་སྐྱོ་མ་ནི། །སྲང་གཅིག་ཚད་ནི་གཟུང་བར་བྱ། །འདོད་པའི་མ་ནི་འབར་བྱེད་དེ། །སྐལ་བཟང་སྟོབས་ནི་འཕེལ་བར་བྱེད། །ཙམ་པ་དང་ནི་གུར་གུམ་དང ། །བ་བླའི་ཁུ་བར་བཅས་པ་བསྐུ། །བསྐུ་བྱུག་གི་ཆོ་གའོ། །འབྱིན་བྱེད་གཅིག་དང་མར་ཁུ་གཉིས། །དབང་པོ་གསུམ་དང་ལྡན་པར་བྱ། །བསྐ་བ་ཞེས་བྱ་སྐྱུ་རུ་ར། །ཀྲི་རི་མ་ལ་ཨེ་ལ་ཛི། །ཙམ་པ་ཀ་དང་ཙནྡན་དང ། །ནཱ་ག་གེ་སར་རུ་རྟ་དང ། །པདྨ་རཀྟ་
508b
པྲི་ཡང་ཀུ། །པ་ན་མ་ལ་ཕུར་མོ་དང ། ། པྲ་ད་དི་པུས་པར་བཅས། །ཆུ་ཡི་དོ་བ་དཔའ་བོ་གཅིག་།ཤ་ཏ་པུཥྤ་ཛ་ལ་གསུམ། །རྒྱ་སྤོས་དག་ནི་མཆོག་ཡིན་ཏེ། །མར་ཁུ་བཙོ་བའི་ཆོ་གས་ནི། །སྣ་སྨན་བཏུང་དང་བསྐུ་བྱུག་བྱ། །སྣ་སྨན་སྲང་བཅུ་སྦྱིན་བྱ་སྟེ། །བཏུང་བ་སྲང་ནི་རྣམ་པ་བརྒྱ། །ཉི་ཤུ་ལྷག་པ་མགོར་བསྐུ་ཡིན། །དྲིལ་ཕྱིས་སྲང་ནི་སུམ་བརྒྱར་བྱ། ། སྨན་བསྐོལ་ཆོ་ག་བཤད་བྱ་སྟེ། །སྨན་ནི་ཇི་སྙེད་ཡོད་པ་ཡི། །ཆུ་ནི་བཅུ་དྲུག་འགྱུར་དུ་བཙོ། །སྨན་དང་མཉམ་པའི་ཆུ་ལུས་པ། །བསྐོལ་བའི་ཆོ་གའི་མཆོག་ཏུ་བཤད། །ཀི་ད་དང་ནི་མ་ཚད་དི། །ས་ལ་ཛང་དང་གུ་གུལ་དང། །ཀུན་དུ་ར་དང་ཨ་ག་རུ། །མར་དང་བཅས་པ་བདུག་སྤོས་ཀྱི། །སྦྱང་བའི་མཆོག་ཏུ་བཤད་པ་ཡིན། །སུམ་ཅུ་གསུམ་ལ་པའང་མཆོད་པར་བྱེད། །བྲག་ཞུན་ག་པུར་རུ་རྟ་དང ། །ཙནྡན་སེན་མོ་པི་པི་ལིང ། །གླ་སྒང་བཅས་པ་སྔར་བཤད་པའི། །རྫས་དང་ལྷན་ཅིག་བསྲེས་ནས་ནི། །བྱེ་མ་ཁ་ར་མར་དང་བཅས། །བུ་རམ་དག་ནི་སྦང་བར་བྱ། །ཁམ་ཕོར་ཐོད་པའི་དབྱིབས་འདྲ་བ། །རྟ་ལའི་འབྲས་བུའི་ནང་དུ་གཞག་།བདུག་སྤོས་ཀྱི་འཁྲུལ་འཁོར་གཉིས་ཀྱི་ཆོ་གའོ། །བིསྣུ་ཀྲན་ད་ཁ་ད་སི། །རལ་པ་དམར་པོ་པྲི་ཡང་གསུམ། །ཤིང་ཚ་སེན་མོ་རུ་རྟ་དང ། །གླ་སྒང་རྒྱ་སྤོས་འདག་གུ་ནི། །བུད་མེད་ཁྲུས་ཀྱི་འདག་ཚལ་མཆོག་།ད་ནི་བུད་མེད་མངལ་
509a
༄#། །གང་ནས། །རྣག་དང་ཐལ་བ་ཉ་དྲི་འབྱུང ། །དེ་རྣམས་སྦྱང་བར་བྱ་བ་བཤད། །དང་པོ་དྲི་ཞིམ་ཆུ་ཡིས་བཀུར། །དེ་ནས་ལོ་དྷ་བསྐོལ་བས་བཀྲུ། །དེ་ནས་ཁྲི་སྟེང་བཞག་ནས་སུ། །ཁམ་ཕོར་བདུག་སྤོས་ཁ་སྦྱར་ཏེ། །བུག་པ་དག་ནི་དབུག་པར་བྱ། །དེ་རུ་སྦུ་གུ་བཅུག་ནས་ནི། །སྐྱེ་གནས་ནང་དུ་བདུག་པར་བྱ། །ནྱ་གྲོ་དྷ་ཡི་ཤིང་བུ་ནི། །མཐེའུ་ཆུང་ཚད་ཙམ་བླངས་ནས་སུ། །བ་ཡི་གཅིན་གྱི་ནང་དུ་ནི། །ཞག་གཅིག་བར་དུ་སྤང་བར་བྱ། །དེ་ཡིས་སོ་ནི་བྲུད་ནས་སུ། །དེ་འོག་རུ་རྟ་ཨ་རུ་ར། །ཆ་མཉམ་དྲི་ཡིས་སོ་ལ་བསྒོ། །ཁ་ཡི་དྲི་མ་སེལ་བའི་མཆོག་།གླ་སྒང་རུ་རྟ་ཨེ་ལ་དང ། །སུག་སྨེལ་འུ་སུ་ཤིང་མནར་རྣམས། །ཟོས་ན་རྣག་དང་སྒོག་དྲི་དང ། །ཆང་གི་དྲི་ནི་འཕྲོག་པའི་མཆོག་།པ་ལ་བ་ནི་རྣམ་གཉིས་ཀྱིས། །སྦང་བ་དང་ནི་བསྒོས་བྱས་ན། །མེ་ཏོག་དང་ནི་སྐྱུར་པོ་སོགས། །སྦྱང་ཞིང་དྲི་ཡིས་བསྒོ་བའི་མཆོག་།རལ་པ་དམར་པོ་པ་ལ་དང ། །སུག་སྨེལ་རྒྱ་སྤོས་འུ་སུ་བཅས། །སེན་མོ་དང་ནི་གླ་སྒང་ལ། །སྐྱུ་རུ་ར་ནི་སུམ་འགྱུར་བླུག་།འདི་ནི་ཁྲུས་ཀྱི་སྦྱར་བའི་མཆོག་།ཤིང་ཚ་གླ་སྒང་རྒྱ་སྤོས་དང ། །པ་ཏྲ་ཀེ་བར་ཏི་ཡི་ནི། །གླ་སྒང་རུ་རྟ་སེན་མོར་བཅས། །སྐྱུ་རུ་ར་ནི་ཆ་གསུམ་བྱ། །དེ་དག་བཀྲུ་བའི་འདག་ཚལ་མཆོག་།རྒྱལ་པོ་ལ་སོགས་ཕྱི་རོལ་སྦྱོར། །དྲུག་ཅུ་རྩ་བཞིའི་རིམ་
509b
པ་ནི། །བདག་ལས་སྐྱེས་པ་ལྔ་དང་བསྲེ། །རྒྱལ་པོ་ལ་སོགས་བཅུ་དྲུག་བྱ། ། ཨི་ཨོ་ཨ་སྟེ་དང་པོའོ། །ལྀ་ཨུ་ཨེ་རྀ་གཉིས་པའོ། །ཱི་ཨཾ་ཨ་ཨོཾ་ནི་གསུམ་པའོ། །ུ་ལཱྀ་རཱྀ་ཨཻ་ནི་བཞི་པའོ། །ལྷ་ཡི་གཟུགས་སུ་བྱེད་པ་ཡི། །སྨན་ནི་དེ་དག་བསྟན་པ་ཡིན། །དབྱངས་ཚད་ཆོ་ག་ཤེས་པ་ཡིས། །དེ་དག་ཐམས་ཅད་ཤེས་པར་བྱ། ། ནི་ས་ཡི་བདག་པོ་སྟེ། །ི་ནི་ས་ཧ་དེ་བ་ཡིན། །ོཾ་ནི་རྨ་བྱའི་ཅོད་པན་ཏེ། ། ནི་ངན་པར་སྦྱོར་མ་ཡིན། །ལྀ་ནི་ཀྲྀ་ཏ་ཨ་ཛཱ་ལི། །ུ་ནི་རལ་པ་དམར་པོ་ཡིན། །ེ་ནི་རྟག་ཏུ་ངུ་བ་སྟེ། །རྀ་ནི་གི་རི་ཀར་ནི་ཀ་།ཱི་ནི་ཙཀྲ་ཨང་ཀ་ཡིན། །ཾ་ནི་ཤ་སི་ཤེ་ཀ་ར། །ོ་ཞེས་བྱ་བ་ཉི་མའི་ཤིང ། །ོཾ་ཞེས་བྱ་བ་ལ་ཛུ་བ། །ཱུ་ནི་སྨྱོ་བྱེད་ཅེས་བྱ་སྟེ། །ལཱྀ་ནི་མགོ་ཡི་ལྕུགས་མ་ཡིན། །རཱི་ནི་མ་ཧེའི་རཝ་ཡིན་ཏེ། །ེ་ཞེས་བྱ་བ་རྡོ་རྗེ་ཅན། །ཀ་ནི། གུ་གུལ་ལོ། །ཁ་ནི། རྡོ་རྗེ་ཅན་ནོ། །ག་ནི། སྨྱོ་བྱེད་དོ། །གྷ་ནི། ར་མའོ། །ང་དང་ཙ་ནི། ས་ར་བོང་ཀ་དང་ཨ་ཏ་པ་རིའོ། །ཚ་དང་ཛ་ནི། སི་ཧལ་དང་ཙམ་པ་ཀའོ། །ཛྷ་ནི། ཀུན་ཏུ་རུའོ། །ཉ་དང་ཊ་ནི། ཨང་ཀོ་ལ་དང་སོན་རྩི་ཀའོ། །ཋ་ནི། ལྡོང་རོས་སོ། །ཌ་ནི། ཨ་ག་རུའོ། །ཌྷ་ནི། ལུག་རུའོ། །ཎ་ནི། དུར་བ་དཀར་པོའོ།། ཏ་དང་ཐ་ནི། ཉ་དང་གནྡྷི་ཀའོ། །ད་དང་དྷ་ནི། གུར་གུམ་དང་རོ་ཙ་ནའོ། །ན་ནི། པཾ་ཤྛིའོ། །བ་དང་ཕ་ནི། ཤ་ཁ་ར་དང་ལི་ཤིའོ། །ཕ་ནི། པྲི་ཡང་ཀུའོ། །བྷ་ནི། ནཱ་ག་གེ་སར་རོ། །མ་ནི་
510a
༄#། །སེན་མོའོ། །ཡ་ར་ལ་ཝ་བཞིའོ། །རླུང་ལ་སོགས་པའི་སྦྱོར་བ་མཆོག་།པྲྀ་ཀ་ཨན་ཛ་ལི་དང་ནི། །རལ་པ་དམར་པོ་ས་ཧ་དེ། །དཔྲལ་བར་ཐིག་ལེ་བྱས་པ་ཡིས། །རྒྱུ་དང་མི་རྒྱུ་བཅས་རྨོངས་བྱེད། །སུ་ཏ་པ་ཏི་མ་ཡུ་ར། །ཏྲི་ཀ་ཛ་ལ་གཞན་མི་ཐུབ། །དེ་དག་བྷ་གར་ཕྱུགས་ན་ནི། །ལན་གཅིག་ཙམ་གྱིས་བཀའ་ཉན་འགྱུར། །བཛྲི་མེ་ཤ་ཨ་ཀ་དང ། ། དན་ཛ་ཡེ་ཐལ་སྨན་མཆོག་།རལ་པ་ཀ་ཏམ་སྨྱོ་བྱེད་དང ། །ཀན་ཏའི་རིལ་བུས་དབང་དུ་བྱེད། །ན་ནི་ན་ར་ཨན་ཛ་ཡི། །ལ་ཛ་ལར་ནི་བཅས་པ་ཡིས། །ཆུ་ལ་ཤཱཀྱའི་དབང་པོ་བཞིན། །རྒྱལ་པོ་ཀྲི་ཏ་ཨན་ཛ་ལི། །ན་རི་དང་ནི་དེ་སྟིར་བཅས། །མེ་ནི་གཅིང་བའི་དམ་པ་ཡིན། །པིསྣུ་ཧེ་མ་བཛྲི་དང ། །ཧལི་དུར་བཅས་པ་ཁར་བཅུག་ན། །དེ་ཡི་མོད་ལ་ངལ་སོས་འགྱུར། །རྒྱལ་པོ་བློན་པོ་ལ་ཏ་དང ། །པ་ན་རྡོ་རྗེ་མཁྲང་བའི་མཆོག་།པ་ན་ས་ཧ་ཤི་ཁ་དང ། །མེ་ཤར་བཅས་པས་དུག་འཇོམས་བྱེད། །པརྱ་སུ་པ་མེ་ཤ་དང ། །སྣི་ཧ་བྷ་གར་བླུགས་ན་ནི། །མངལ་ན་གནས་པ་སྐྱེ་བར་འགྱུར། །མ་ཧེའི་རཝ་དང་ལ་ཏ་དང ། །ན་རི་ཨ་པ་ནར་བཅས་པ། །ལག་པར་བྱུགས་ན་རྒྱན་རྒྱལ་འགྱུར། །པྲི་ཏ་ཙན་དི་ན་ར་དང ། །ས་ཧ་དེ་བ་ཁར་བཅུག་ན། །མཚན་མོ་དག་ནི་འཇིགས་མེད་རྒྱུ། །སྐག་དང་རྒྱལ་རྩ་མཁྲིས་པ་དང ། །བན་དུ་
510b
བློན་པོ་ཇི་བཞིན་ཏེ། །སུ་ཏྲ་པར་\?\་ཐི་ཆ་བསྙམས་པ། །འདོད་དང་ལྡན་ཞིང་མངལ་འཛིན་འགྱུར། །ཤ་ཏ་སིངྒ་ཧ་སྟ་དང ། །ཙནྡན་གྱི་ནི་ཕྱེ་མ་དག་།སེམས་ཅན་ཐམས་ཅད་དབང་དུ་བྱེད། །བུད་མེད་ཀུན་ལ་བདེ་བ་སྟེར། །ནི་ཏ་ཀེ་ཀ་པ་ཡ་དང ། །སྐྱེས་བུས་བྷ་ག་བྱུགས་ན་ནི། །དབང་དུ་སྡུད་པར་བྱེད་པའི་མཆོག་།རྩ་མཁྲིས་རལ་པ་དམར་པོ་དང ། །ད་ལ་དང་ནི་པ་དུར་བཅས།། རིལ་བུ་ཁ་རུ་བཅུག་ན་ནི། །འཁྲིག་དུས་ཁུ་བ་འཛིན་པའི་མཆོག་།མ་ཡུ་ར་དང་ཨ་ཤུ་དང ། །རྐ་མེ་ཤི་ཕྱེ་མས་ནི། །དགྲ་བོ་བརླག་པར་བྱེད་པ་ཡིན། །རྨོངས་བྱེད་ཀན་ཏ་གཞན་མི་ཐུབ། །ས་ཡི་བདག་པོར་ཡང་དག་ལྡན། །སྨྱིག་མ་ཡི་ནི་ས་བོན་བཅས། །བྱ་བ་ཀུན་བྱེད་དགེ་བ་ཡིན། །ག་རི་དུ་ཧི་ཀྲ་མ་དང ། །བུ་དན་ཙ་རི་རྡོ་རྗེ་ཅན། །རང་ཁྲག་བཅས་པའི་སྐྱོ་མ་ཡིས། ། སྟ་རེ་འབར་བའང་གྲང་བར་བྱེད། ། ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ། ཨ་ལ་སོགས་པས་ལུས་བྱུགས་ན། །ལྷ་རྣམས་ཀྱིས་ཀྱང་མཆོད་འགྱུར་ན། །ས་སྟེང་སྐྱེ་བོ་སྨོས་ཅི་དགོས། །ཡང ། ་ཨི་ཨོ་ཨཿ རྣམྶ་ནི། །ཡིད་འོང་བདུག་པའི་སྦྱོར་བའོ། །ལཱྀ་ཨཱུ་རི་ཨཽ་རྣམས་ནི། དྲིལ་ཕྱིས་སྦྱོར་བའི་དམ་པ་ཡིན། །ཱ་ཨཾ་ཨེ་ཨཱི་རྣམས་ནི། མིག་སྨན་ལ་སོགས་ཆོ་གའོ། །ུ་ལྀ་རཱྀ་ཨཻ་རྣམས་ནི། ཁྲུས་ཀྱི་བྱ་བའི་ཆོ་གའི་མཆོག་།ཀ་སོགས་བདུད་རྩི་ལྔ་ལྡན་པ། །དབང་དུ་བྱ་བའི་ཆོ་ག་མཆོག་།ཙ་ལ་སོགས་དང་བདུད་རྩི་ལྔས། །
511a
༄#། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་སོགས། །སྐྱེས་པ་བུད་མེད་དབང་དུ་བྱེད། །ཊ་ལ་སོགས་དང་བདུད་རྩི་ལྔས། །དམངས་རིགས་དག་ནི་དབང་དུ་བྱེད།། ཏ་ལ་སོགས་དང་ཏིལ་ཆེན་གྱིས། །དཔྲལ་བར་ཐིག་ལེར་བྱས་ན་ནི། །རྒྱུ་དང་མི་རྒྱུ་བཅས་རྨོངས་བྱེད། །བ་ལ་སོགས་དང་བདུད་རྩི་ལྔས། །ཙནྡན་བཅོས་པས་དབང་དུ་བྱེད། ། ཤ་ཥ་ས་ཧ་རྣམས་ཀྱིས་ནི། །རླུང་དང་མེ་དང་དབང་ཆེན་ཆུ། །ཡ་ལ་སོགས་པའི་དཀྱིལ་འཁོར་གྱི། །ཆོ་ག་ཇི་བཞིན་རིག་པ་ཡིས། །བསྐྲད་པ་ལ་སོགས་བྱེད་པར་འགྱུར། ། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། །བཅུད་ཀྱིས་ལེན་གྱི་སྦྱོར་བ་དང ། སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་དགུ་པའོ།། །། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་བཞུགས་ལ། །གསང་ཆེན་དུ་ནི་ལེགས་བཞུགས་པའི། །དེར་ནི་ལྷ་མོས་འདི་སྐད་གསུངས། ། ལྷ་ཁྱོད་ཀྱིས་ནི་སྔར་བཤད་པའི། །མཚོན་ཆ་ལྔ་ཡི་ཆོ་ག་དང ། །ཐོད་པའི་ཕྲེང་བའི་དབང་བསྐུར་བ། །དེ་བཞིན་པདྨའི་ནགས་ཚལ་དང ། །གནས་བཞི་ཁྱོད་ཀྱིས་གསུངས་པ་ཡི། །
511b
དགོས་པ་དག་ནི་ཇི་ལྟ་བུ། །བསྡུས་པའི་མིང་ནི་ཇི་ལྟར་ལགས། །དེ་བཞིན་གཞན་ཡང་བྲི་བ་ཅི། །ཁྱོད་ཀྱིས་བ་དན་གསུམ་བཤད་པའི། །མཆོད་པ་ཡི་ནི་ཁྱད་པར་ཅི། །དེ་དག་བདག་ནི་ཐེ་ཚོམ་གྱུར། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །སྒྱུ་མ་ཀུན་གྱིས་རྣམ་རོལ་པའི། །རྒྱུད་རྣམས་ཀུན་ཏུ་སྦས་པ་གང ། །དེ་དག་ཐམས་ཅད་ཞུ་འདོད་པ། །སྒྱུ་འཕྲུལ་ཆེན་མོ་ལེགས་སོ་ལེགས། །ནང་གི་སྦྱོར་བའི་སྡོམ་པ་ནི། །རབ་ཏུ་བཤད་ཀྱི་ལྷ་མོ་ཉོན། །ལྟོང་རྒྱུད་སྦྱོར་བ་ལ་སོགས་ཚོགས། །མེ་ཏོག་དག་ནི་བསྡུས་པ་འདྲ། །རྣ་དྲུང་བར་དུ་འགེངས་པ་དག་།ལྕགས་ཀྱུ་ཞགས་པ་སོགས་པའང་སྦྱར། །མདའ་ནི་མྱུར་བ་མགྱོགས་པ་སྟེ། །འཕེན་པ་མདའ་ཡི་ཤུགས་ཡིན་ནོ། །གཡས་དང་གཡོན་ནི་གཉིས་ཀ་ཡིས། །འགེངས་པ་མཆོག་མའི་བར་དུ་ཡིན། །འཛིན་པ་ཅུང་ཟད་གནས་པ་སྟེ། །མི་འདའ་བར་ནི་འཕང་བར་བྱ། །མདའ་ཡི་ཆོ་ག་བརྗོད་མི་ལང ། །ད་ནི་ཕྱག་རྒྱ་བརྗོད་པར་བྱ། །ས་ནི་ཕྱག་རྒྱས་གདབ་པར་བྱ། ། མཉམ་པ་རྐང་གཉིས་གཤིབས་པ་སྟེ། །ཡངས་པ་རྒྱ་ཆེར་བསྐྱེད་པ་ཡིན། །ཟླུམ་པོ་དཀྱིལ་འཁོར་ལྟ་བུར་བྱ། །གཡོན་པ་ཅུང་ཟད་བསྐུམས་པ་ནི། །གཡས་པ་བརྐྱང་ཞེས་བྱ་བ་སྟེ། །གཡོན་བརྐྱང་གཡོན་པ་བསྲང་ནས་ནི། །གཡས་པ་ཅུང་ཟད་བསྐུམས་པའོ། །མདའ་གཞུ་རིག་བྱེད་ཆོ་ག་ཡིས། །མཚོན་ཆ་ཐམས་ཅད་འཕང་བར་བྱ། །འདི་ནི་དབྱིབས་
512a
༄#། །ཀྱི་ཕྱག་རྒྱ་ཡིན། །ད་ནི་ལུས་ཀྱི་མཚན་ཉིད་རྣམས། །ཕྱག་རྒྱ་རབ་ཏུ་བཤད་པར་བྱ། །གྲིམས་པ་ནི། །མི་ལྷོད་པ་སྟེ། །སྙིང་སྟོབས་དང་ལྡན་པའོ། ། སྲན་འཛུགས་པ་ནི། །བརྟན་ཞིང་བརྩོན་པ་དང་ལྡན་པའོ། །མཉེན་པ་ཞེས་བྱ་བ་ནི། མཛེས་ཤིང་སྙན་པར་སྨྲ་བའོ། །ཡན་ལག་བརྟན་ཞེས་བྱ་བ་ནི། ཕྱག་རྒྱས་རྨ་སྲོལ་ཆེར་འདོད་པའི་ངང་ཚུལ་ཅན་ནོ། །རྒྱ་ཆེར་འགེངས་ཤིང་རྣམ་པར་དག་།ཅེས་བྱ་བ་ལ། འགེངས་པ་ནི། ཡོངས་སུ་རྫོགས་པ་སྟེ། ཚད་དང་ལྡན་ཞིང་ཡིད་དུ་འོང་བའི་ལུས་འཛུམ་པ་དང་བཅས་ཤིང་མཐུན་པར་འཇུག་པའོ། །ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན། །ཞེས་བྱ་བ་ནི། །རབ་ཏུ་རྫོགས་པའི་ངང་ཚུལ་ཅན་ནོ། །རིམས་དང་དུག་དང་དབྱིག་དུག་དང ། །བསམ་གཏན་སྦྱོར་བས་དབུག་པར་བྱ། །ཁྲོ་བའི་གཟུགས་སུ་བསྒོམས་ནས་སུ། །ལྷ་ཡི་དབང་པོར་གཞུར་བྱས་ནས། །ཀླུ་དབང་བ་སུ་ད་ཡི་རྒྱུད། །གློག་ནི་མདའ་རུ་བསམ་བྱ་སྟེ། །མེ་ལྕེ་འབར་བ་མདེ་འུར་བྱ། །སྒྲོ་ནི་རླུང་ཞེས་བྱ་བ་སྟེ། །རྣམ་པ་ལྔར་ནི་འབུགས་པ་ཡིན། །ལག་པ་གཡས་པ་ཞེས་བྱ་བ་ནི། སྣ་སྒོ་གཡས་པ་སྟེ། དེ་ནས་སྤྲོ་བར་བྱའོ། །ལག་པ་གཡོན་པ་ནི། སྣ་སྒོ་གཡོན་པ་སྟེ། །བསྡུ་བའོ། །ཆང་བས་འབེན་ནི་བསྒྲིབས་ནས་སུ། །ཞེས་བྱ་བ་ནི། དབང་དུ་བྱ་བའི་དོན་\?\་ནོ། །འགྱེད་
512b
པ་ཞེས་བྱ་བ་ནི། །དགུག་པའོ། །དེ་ལ་ཆང་བ་ཞེས་བྱ་བ་ནི། །རྣམ་པར་ཤེས་པ་དང་རླུང་ངོ ། །མིག་གདངས་པ་ནི། །བཞིན་འཛུམ་པ་དང་བཅས་པའོ། །ལྟ་བ་ཆང་པ་ལ་གནད་\?\་ཅེས་བྱ་བ་ནི།་ཤི་བ་རྣམས་ཀྱང་འཚོ་བར་བྱེད་པའི་མཆོག་གོ་།མདའ་གཞུས་རྣམ་པར་རྒྱལ་བ་ཡི། །འབུགས་པའི་མཚན་ཉིད་བཤད་པར་བྱ། །སྨིན་མའི་དཀྱུས་ནི་གཞུ་ཡིན་ཏེ། །ལྡོག་སྟེ་ལྟ་བ་མདའ་ཡིན་ནོ། །འབུགས་པ་རང་གི་སེམས་ཀྱིས་ནི། །གཞན་སེམས་དོན་ལ་གཏད་པ་ཡིན། །རོལ་པ་འགྲོས་ནི་དལ་བ་སྟེ། །འོ་མ་འཛིན་པ་མཁྲང་བ་ནི། །པོ་ནོ་ཨུ་ན་ཏ་ཞེས་བྱ། །བུ་མོ་འདི་ནི་ཡིད་འཕྲོག་མ། །ཐམས་ཅད་དངོས་པོ་གསུམ་ཡིན་ཏེ། །ཡན་ལག་མི་གསལ་འོད་ལྡན་གང ། །ད་ནི་ཡང་དག་གསལ་ཞིང་འབར། །སྙིང་གིས་ཐམས་ཅད་འཛིན་པ་གང ། །དེ་ཡི་ཡན་ལག་སྒྲུབ་པར་བརྗོད། །སྙིང་ནི་པདྨ་ཞེས་བཤད་དེ། །པདྨ་དེ་ནི་ཀུན་གྱིས་མཆོད། །ཐམས་ཅད་འཛིན་པ་མགོ་བོ་ཡིན། །ཀླད་པ་ནས་ནི་ཀུན་ཏུ་རྒྱུ། །གང་གི་སྟོབས་ནི་གང་ཡིན་པ། །དེ་ནི་དེ་ཚེ་སྦྱར་བར་བྱ། །གནས་ནི་རྣམ་པ་དུ་མར་བཤད། །ཤ་དང་པུས་ཀར་བུང་བ་སོགས། །འདིར་ཡང་རིམ་པ་དེ་ཉིད་ཀྱིས། །སེམས་ནི་དགུག་པ་སྔོན་འགྲོ་བའི། །བདག་གི་གདན་ལ་སོགས་པ་ཡིན། །རང་ཉིད་ཀྱིས་ནི་རྟོགས་པར་སླ། །བརྡ་ཡིས་བཤད་པ་བརྗོད་པར་བྱ། །གྲུ་བཞི་ལ་སོགས་ཞེས་བྱ་བ། །གྲུ་བཞི་པ་ནི་ཟུར་བཞི་སྟེ། །ལ་
513a
༄#། །ཡིག་དབང་ཆེན་དཀྱིལ་འཁོར་རོ། །འདབ་མ་ཅན་ནི་གྲུ་གསུམ་སྟེ། །མེ་ཡི་དཀྱིལ་འཁོར་རཾ་ལས་བྱུང ། །དེ་བཞིན་ཀུན་ནས་ཟླུམ་པོ་ནི། །བ་དང་ཡ་ཞེས་བྱ་བར་བཤད། །བསྒྲུབ་པར་བྱ་ལ་དཀྱིལ་འཁོར་དག་།ཡི་གེ་དང་བཅས་བསམས་ཏེ་བསྒྲུབ། །གཡས་ཕྱོགས་ནས་ནི་བསྐོར་བ་ནི། །བསྒྲུབ་བྱའི་ཡན་ལག་ཀུན་བསམ་པའོ། །རིམ་གྱིས་གནོན་ཅིང་འགྲོ་བྱ་སྟེ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །རྡོ་རྗེ་ཆགས་པར་བདག་བསྒོམས་ན། །རྒྱལ་སྲིད་ཐམས་ཅད་ལོངས་སྤྱོད་འགྱུར། ། སླར་ཡང་ཨེ་ནི་གཞུར་བྱས་ཏེ། །བ་ཞེས་བྱ་བ་མདའ་ཡིན་ནོ། །མདའ་གཞུའི་རིག་བྱེད་སྦྱོར་བ་ཡིས། །སྔར་བཤད་ཇི་བཞིན་གནས་པར་བྱ། །བསྒྲུབ་པར་བྱ་བ་འོད་དམར་འགྱུར། །མདུན་དུ་བལྟས་པ་བསམ་པར་བྱ། །གསང་བའི་གནས་ཀྱི་ངེས་པ་ནི། །ས་ཡི་འབུགས་པར་ངས་བཤད་དེ། །ལྟེ་བའི་དབུགས་ནི་པུས་ཀ་ར། །སྙིང་ག་བུང་བ་ཞེས་བྱ་སྟེ། །གེ་སར་འབུགས་པ་དཔྲལ་བ་ཡིན། །མིག་སོགས་གཡོ་བ་ཞེས་བྱ་སྟེ། །དབང་པོའི་ཚོགས་ནི་གཡུལ་འགྱེད་པ། །མི་ཡི་བདག་པོ་གསད་པར་བྱ། །དེ་དག་ཀུན་གྱི་མན་ངག་ནི། །བླ་མའི་ཁ་ལས་ངེས་པར་བྱ། །འཁྲུལ་འཁོར་གྱིས་འཕེན་མི་འཕེན་དང ། །ཞེས་བྱ་བ་ལ། འཁྲུལ་འཁོར་ནི། ཏ་ལའི་འདབ་མ་དང ། གྲོ་ག་
513b
དང ། རས་ལ་སོགས་པ་ལ་རལ་གྲི་དང ། པདྨ་དང ། འཁོར་ལོའི་དཀྱིལ་འཁོར་སྔགས་དང་བཅས་པར་བྲིས་པ་སྟེ། དེ་ནི། འཁྲུལ་འཁོར་གྱིས་འཕེན་པའོ། །མི་འཕེན་པ་ཞེས་བྱ་བ་ནི། །རང་གི་སྙིང་གའི་ཡི་གེ་འབྲུ་ལས་སྣ་སྒོའི་ལམ་ནས་བྱུང་སྟེ་དགུག་པ་དང ། གཞུག་པ་དང ། བཅིང་བ་དང ། དབང་དུ་བྱ་བའོ། །ལག་པས་འཕེན་པ་ཞེས་བྱ་བ་ནི། རང་གི་ལྷར་དམིགས་ཏེ་དམ་ཚིག་དབང་དུ་བྱ་བའི་ཕྱིར་འགྲོ་བ་དང་འོང་བར་བྱེད་དོ། །འཕངས་ནས་སླར་ནི་བཟུང་བ་དང ། །ཞེས་བྱ་བ་ནི། ཕྱག་རྒྱར་བཅུག་སྟེ་བསླང་ནས་ཐལ་བར་བྱས་ལ་སླར་ཡང་བཟུང་བ་ཞེས་བྱ་བ་ལ་སོགས་པའི་ཡི་གེས་རང་ཉིད་བཀུག་ནས་བསླང་སྟེ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ནམ་མཁའ་ངོས་ཐམས་ཅད་ཡོངས་སུ་ཁྱབ་པའི་དུ་བ་ལྟ་བུའི་ཡེ་ཤེས་དེར་བཀུག་ཅིང་གསོལ་ཏེ་དམ་བཅའོ། །དེ་ནས་དགྲ་བོའི་གཟུགས་བརྙན་བྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་ཅི་རིགས་པར་བསམས་ནས་རྐང་པ་དང་རྐང་པར། ལག་པ་དང་ལག་པར། །ཁ་དང་ཁར། །ལུས་དང་ལུས་སུ། །ངག་དང་ངག་ཏུ། ལྟེ་བ་དང་ལྟེ་བར་འཐབ་ཅིང་འཆིང་བར་བསྒོམ་པར་བྱ་བ་འདི་ནི། ལག་པས་འགྱེད་པ་སྟེ། རྣམ་པ་ལྔའོ། །ཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་བྱ་བ་ནི། ཨཾ་ཨིཾ་ཨཾ་ཨེཾ་ཨོཾ་ཨཾ་སཱཿ ། །ཀ་ཙ་ཊ་ཏ་བ་ཡ་ཤ་རྣམས་ཏེ། །རབ་ཏུ་སྦྱོར་བ་རྒྱས་པར་ནི། །
514a
༄#། །སྒྲུབ་པ་སྒྲུབ་པོ་རྣམས་ལ་བཤད། །པདྨ་གར་དབང་བསྒྱུར་ནས་སུ། །བུ་མོའི་གནས་ལ་འདུག་པར་བསམ། །ེ་ཞེས་བྱ་དང་བཾ་ཞེས་པ། །ལ་ཞེས་བྱ་བ་གསུམ་པ་སྟེ། །སྒྲུབ་པོས་འདིར་ནི་ཡི་གེ་བསམ། །མེ་མར་གྱི་ནི་རྩེ་ལྟར་བྱ། །རྩེ་མོ་ལྟ་བུ་ཞེས་བྱ་བ་ལ། ཤི་ཁ་ནི། མགོ་སྟེ། ཀླད་པའི་གོང་བུའོ། །རྩེ་མོ་ནི། མེའི་རྩེ་མོ་སྟེ། དེས་མར་གསར་བུམ་པར་བཙོས་པ་ལྟར་ཐམས་ཅད་དུ་བཞུ་པར་བྱའོ། །སྔགས་ཀྱི་མར་མེ་འདི་ཡིས་ནི། །སྐད་ཅིག་གིས་ནི་འདར་བར་འགྱུར། །བུ་མོ་ཆགས་པས་གདུངས་ནས་སུ། །ཇི་སྲིད་འཚོ་བར་དབང་དུ་འགྱུར། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལུགས་མའམ་ནི་བྲིས་པ་ལ། །དེ་ཡི་མིང་ནི་བྲིས་ནས་སུ། །བློ་ལྡན་སྙིང་གར་བཅུག་སྟེ་བསྒོམ།། ཉི་མ་བདུན་ནི་ཚུན་ཆད་ཀྱིས། །མར་མེ་ཡི་ནི་ཆོ་ག་ཡིས། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །གང་གི་དབང་པོ་རྫས་ཡིན་ཏེ། །ཤིན་ཏུ་མཉམ་པར་བཞག་སྟེ་བསྒྲུབ། ། དབང་པོ་མིག་ལ་སོགས་པ་ཡིན། །རིགས་པའི་སྦྱོར་བ་ལམ་ཡིན་ཏེ། །གང་དང་གང་གི་རང་བཞིན་ཏེ། །དེ་དང་དེ་ཡི་དངོས་པོ་ཡིས། །བདེ་བ་ཉིད་དུ་བསྒྲུབ་པར་བྱ། །བདེ་བ་སེམས་ཞེས་བྱ་བ་སྟེ། །དེ་ཉིད་དུ་ནི་བདག་བདེ་སོགས། །སྡུག་བསྔལ་གྱིས་ནི་འགྲུབ་མི་འགྱུར། །བདེ་བ་ཡིས་ནི་འགྲུབ་པར་བཤད། །ཤིན་ཏུ་བདེ་བའི་སྒྲུབ་ཐབས་ནི། །ཐོས་དང་
514b
བསམ་གཏན་སོགས་སྤངས་པའི། །དམན་པ་དག་ནི་གང་གིས་ཀྱང ། །སྒྲུབ་པར་ནུས་པ་མ་ཡིན་ཏེ། །སྐྱེ་བོ་ཐབས་དང་བྲལ་བས་ནི། །ཚུལ་ངན་དམན་པ་དཀའ་བས་སྒྲུབ། །བདག་ཉིད་སྒྲུབ་པ་དང་བྲལ་བས། །སྐལ་མེད་ངལ་བ་དོན་མེད་ཅིང ། །དེ་ལ་དངོས་གྲུབ་ཅེས་མི་བརྗོད། ། ས་མ་ཞེས་བྱ་བ་ནི། །དཔེ་དང་ཟླ་མེད་པའོ། ། དྷི་ཏ་ཞེས་བྱ་བ་ནི་།རྣལ་འབྱོར་པ་རྣམས་ཀྱི་སྦྱོར་བའོ། །སངས་རྒྱས་ཀུན་ཏུ་རང་ཉིད་འགྱུར། །ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་མཚོན་ཅིང་འཇུག་པའོ། །པྲ་ཏ་ཧང་ཞེས་བྱ་བ་ནི།་ཉི་མ་རེ་རེ་ཞིང་ངོ ། །ཡང་ན་ཟླ་རེ་སྟེ། ཟླ་བ་ཉ་ལའོ། །ཡང་ན་ལོ་རེ་ཞིང་སྟེ། གལ་ཏེ་མ་འབྱོར་བའམ། སྐལ་བ་མེད་པ་དང ། འདས་པའི་དབང་གིས་ཀྱང་རུང་སྟེ། དེ་དག་གིས་ནི།་ལོ་རེ་ཞིང་བྱའོ། །དེ་བཞིན་ཞེས་བྱ་བ་ནི། དབང་བསྐུར་བའི་ཆོ་ག་ལྟར་བྱ་བའོ། །ཡང་ན་དེ་བཞིན་ཏེ། སློབ་དཔོན་གཞན་མེད་ན་ཇི་བཞིན་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ལ།་དེ་ལ་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་སྡོམ་པ་སྟེ། དེ་རྙེད་ནས་བདག་དང་ལྷན་ཅིག་ཏུ་གར་བྱའོ། །སངས་རྒྱས་སྡོམ་པ་ནི། སངས་རྒྱས་དང་འབྲེལ་པ་སྟེ།་དེ་སུ་ཞིག་ཅེ་ན། གཟུགས་ལ་སོགས་པ་དང ། ལང་ཚོ་\?\་ཕུན་སུམ་ཚོགས་པའི་བུ་མོའོ། །གར་ཞེས་བྱ་བ་ནི། བདག་ཉིད་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་སྤྱད་པར་
515a
༄#། །བྱ་ཞེས་བྱ་བའི་དོན་ཏོ། །དེས་ནི། འདི་སྐད་བསྟེན་པར་འགྱུར་ཏེ། ཕྱག་རྒྱ་ལ་སོགས་པའི་ཡོ་བྱད་རྣམས་ཅི་སྟེ་རྒྱུན་དུ་མ་འབྱོར་ན། །དེས་བདེ་བ་སླར་ཡང་རྗེས་སུ་གཟུང་བའི་ཕྱིར་རིམ་པ་འདིས་མཆོད་པ་བྱ་ཞིང་དམ་ཚིག་བསྲུང་ཞིང་བསྐྱང་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །གཞན་ཡང་བརྡས་བཤད་པའི་དོན་བསྟན་པར་བྱ་སྟེ། པྲ་ཏ་ཧཾ་ཞེས་བྱ་བ་ནི། རབ་ཏུ་མང་པོའོ། །དེ་ཅི་ཞིག་ཞེན། །ཁམས་བཅོ་བརྒྱུད་ཀྱིས་མཉམ་པར་སྦྱོར་བ་ཞེས་བྱ་བའི་བར་དུའོ། །ཟླ་རེ་ཞེས་བྱ་བ་ནི། ཟླ་བ་དང་དམར་པོའོ། །ལོ་རེ་ཞེས་བྱ་བ་ནི། ལོ་བཅུ་གཅིག་མ་ནས་བརྩམས་ཏེ་ཉི་ཤུ་རྩ་ལྔ་མའི་བར་དུའོ། །གལ་ཏེ་དེ་དག་ཀྱང་མ་འབྱོར་ན་ཇི་བཞིན་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི། བདག་ཉིད་གཅིག་པུས་བདེ་བའི་སྦྱོར་བས་དམ་ཚིག་བསྐྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཕྱག་བྱས་དངོས་གྲུབ་འཇུག་པར་འགྱུར། །ཞེས་བྱ་བ་ལ།་འཇུག་པ་ནི། ཉམས་སུ་ལེན་པའོ། །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །པདྨའི་སྡོད་ནི་བཟུང་ནས་སུ། །ཞེས་བྱ་བ་ལ། པདྨའི་སྣོད་ནི། དུམ་བུ་གཅིག་པའི་ཐོང་པ་སྟེ།་དེ་ལ་ཀ་ཞེས་བྱ་བ་ནི། ལུས་སོ། །པཱ་ལ་ཞེས་བྱ་བ་ནི། །སོང་བ་སྐྱེ། རུམ་བུ་གཅིག་པ་ཞེས་བྱ་བ་ནི། མཉམས་ཤིང་ཤིན་ཏུ་མཛེས་པའོ། །དེ་ལ་པདྨ་ཞེས་
515b
བྱ་བ་ནི།་པདྨ་ཅན་ནམ། རིགས་གཞན་གྱི་བུ་མོ་ཡང་རུང་སྟེ། སྣོད་ནི། །དེའི་ཆོས་ཀྱི་འབྱུང་གནས་ཀྱི་པདྨ་ཡིན་ལ། དེ་ཉིད་མ་ཉམས་པ་སྟེ། རྨ་མེད་པ་ཞེས་བྱ་བའི་བར་དུའོ། ། ལག་པ་ཞེས་བྱ་བ་ནི། བརྟན་པ་ཞེས་བྱ་བར་འཇུག་པའོ། །གཡོན་པ་ཞེས་བྱ་བ་ནི། ཟུར་མིག་གཡོན་དུ་ལྟ་བའོ། །བ་དན་གསུམ་ཞེས་བྱ་བ་ནི། བུ་མོའི་བཅུད་འཛག་པ་སྟེ།་བཟའ་བའོ། །ལག་པ་གཡས་པ་ཞེས་བྱ་བ་ལ། ལག་པ་ནི། ལོ་ཉི་ཤུ་རྩ་ལྔ་མའི་བར་ཡིན་ལ། ཤེས་ཉེན་དང་ལྡན་པའི་ཕྱིར་གཡས་པའོ། །དེ་ཉིད་ནི། གཡོན་པ་སྟེ།་དེ་ལས་བྱུང་བ་དེ་ལོངས་སྤྱོད་པར་བྱ་བའོ། །དེ་ལ་ལོངས་སྤྱད་པ་ཞེས་བྱ་བ་ནི། ཇི་ལྟར་བླ་མས་ཉམས་སུ་བསྟར་བ་དེ་ལྟར་སྤྱད་པས་འགྲུབ་པར་འགྱུར་རོ། །སྒྲུབ་པ་པོས་དེ་ལྟར་ངེས་པར་ཤེས་པར་བྱས་ལ་དེ་ནས་དུས་བཅིང་བར་བྱའི། །གཞན་དུ་ནི། ལྟུང་བར་འགྱུར་རོ། །ལྟུང་བ་ཞེས་བྱ་བ་ནི། དམ་ཚིག་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །སྔགས་ནི་བླ་མས་བསྟན་པ་སྟེ། །ཕྱག་རྒྱ་དེ་ལ་བསྟན་པ་ཡིན། །དེ་ཉིད་རྟག་ཏུ་སྦྱོར་བ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །འདི་དག་ཐམས་ཅད་མི་རྟོག་པ། ། མི་རྟོག་པ་ཡང་མ་ཡིན་ཏེ། །རྟོག་པ་མེད་པའི་རང་བཞིན་གྱིས། །མི་རྟོག་པ་ནི་བརྟགས་པ་ཡིན། །དུས་དྲུག་ཏུ་ནི་བསྟན་པ་དག་།རྟག་ཏུ་རྣམ་པར་མི་རྟོག་གནས། །རྡོ་རྗེ་སེམས་
516a
༄#། །སོགས་རྒྱལ་བ་རུ། །དེ་ཡི་རང་བཞིན་ཡོངས་ཤེས་བྱ། །སོས་ག་དང་ནི་དབྱར་དང་སྟོན། །དགུན་སྟོད་དགུན་སྨད་དེ་བཞིན་དཔྱིད། །དེ་དག་མ་འདྲེས་ཤེས་བྱ་ལ། །འདིས་ནི་ལས་རྣམས་ཐམས་ཅད་བྱ། །སོས་ཀའི་དུས་ནི་རྟ་མཆོག་སྟེ། །དེ་བཞིན་དབྱར་ནི་ཧེ་རུ་ཀ་།རྡོ་རྗེ་ཉི་མ་སྟོན་ཡིན་ཏེ། །པདྨས་རོལ་པ་དགུན་སྟོད་ཡིན། །དགུན་སྨད་རྡོ་རྗེ་སེམས་དཔའ་ལ། །དཔྱིད་ནི་རྣམ་པར་སྣང་མཛད་དོ། །སོས་ཀ་མར་མེས་མངོན་བྱ་སྟེ། །དེ་བཞིན་དབྱར་ནི་ཆུ་ཡིས་མཆོད། །སྟོན་ནི་མར་ཁུས་མཆོད་བྱ་སྟེ། །དགུན་སྟོད་དེ་བཞིན་མེ་ཏོག་དབུལ། །དགུན་སྨད་ག་པུར་བཟའ་བྱ་སྟེ། །ཁྱད་པར་དུ་ནི་བཞི་མཉམ་གྱིས། །དཔྱིད་ཀྱི་དུས་སུ་མཆོད་པར་བྱ། །དུས་ཀྱི་མཆོད་དང་མཉམ་མེད་དེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །རྣལ་འབྱོར་མ་ནི་ཐམས་ཅད་དང ། །མཁའ་འགྲོ་མ་དང་མ་མོ་མཉེས། །དེ་བས་འབད་པ་ཐམས་ཅད་ཀྱིས། །མཆོད་ན་མཆོད་པའི་བདག་ཉིད་འགྱུར། །རང་བཞིན་དེ་དག་རྫོགས་པར་ནི། །གང་ཞིག་གྱུར་པའི་རྣལ་འབྱོར་པས། །སྒྲུབ་པོ་རྣམས་ཀྱི་ལས་རྣམས་ནི། །ཐམས་ཅད་བྱེད་འགྱུར་གདོན་མི་ཟ། །དེ་དག་རང་བཞིན་གྲུབ་པ་སྟེ། །དུས་ཞེས་བྱ་བར་བརྗོད་པ་ཡིན། །དུས་ལ་སོགས་པའི་རང་བཞིན་གྱིས། །རྒྱལ་བ་ཐམས་ཅད་ཡང་
516b
དག་བཞུགས། །དུས་ཀུན་སེམས་ལ་གནས་མོད་ཀྱི། །ད་ལྟར་ན་ཡང་རྣམ་པར་འཁྲུལ། །མི་ཤིགས་པ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་སྟེ། དེ་ཡང་བདག་ཉིད་ཀྱི་ལུས་ལ་གནས་པའི་ཧཱུཾ་ངོ ། ། དེ་ཉིད་ནི་ཡི་གེ་མཆོག་ཅེས་བྱ་སྟེ། ཡི་གེ་མཆོག་དེའི་ཕྱག་རྒྱ་ནི་རྩ་གསུམ་ནས་བདེ་བ་ཆེན་པོའི་སྒོར་སྣའི་སྒོ་གཉིས་ནས་རླུང་ཇི་ལྟ་བ་བཞིན་དུ་འཇུག་པ་ཡིན་ལ། དེ་ཉིད་ནི་ཨཱ་ལི་ཀཱ་ལི་སྟེ། གཡས་དང ། གཡོན་དུའོ། །དེས་འདི་སྐད་བསྟན་པར་འགྱུར་ཏེ། ལྟེ་བའི་དཀྱིལ་འཁོར་དུ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རླུང་གི་དཀྱིལ་འཁོར་འཇུག་པ་ཡིན་ལ། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་རོ། །དེ་ནས་ནི་མེའོ། །དེ་ནས་ནི་སའོ། །དེའི་སྟེང་དུ་ནི་པདྨའོ། །དེའི་སྟེང་གནས་པའི་ས་བོན་ནི་མི་ཤིགས་པ་དང ། ཡི་གེའི་མཆོག་ཅེས་བརྗོད་དོ། །དབང་པོ་ཀུན་ལས་བྱུང་བ་ནི། །དམ་ཚིག་ཐོད་པ་ཞེས་བྱར་བརྗོད། །མཛེས་པ་ཕྲེང་བ་ཞེས་བཤད་དེ། །དེ་ཁོ་ན་ཉིད་དབུ་རྒྱན། ཡིན། །གཙུག་གི་ནོར་བུ་དབང་བསྐུར་ཏེ། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་ཡི་དབང་བསྐུར་བའོ། །ཐོད་པ་ལུས་ཞེས་བྱ་བ་སྟེ། །རྐེད་པ་ཕྲེང་བའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུངས་\?\་ས་བརྗོད་དོ། །གཙུག་གི་ནོར་བུ་བདེ་བར་བཤད། །རྡོ་རྗེ་པདྨའི་དབང་བསྐུར་བྱའོ། །
517a
༄#། །སླར་ཡང་བཤད་པར་བྱ་བ་སྟེ། །ཐོད་པ་དབང་གཉིས་དམ་ཚིག་སྟེ། །ཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་གིས་བཏབ་པའོ།། སྟོང་པ་དབུ་རྒྱན་ཞེས་བྱར་བཤད། ། ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་བརྗོད། །དེ་རྣམས་དབུས་ཀྱི་བདེ་བ་གང ། །དེ་ནི་གཙུག་གི་ནོར་བུར་བརྗོད། །རིགས་རྣམས་ཀུན་གྱིས་ཐམས་ཅད་དུ། །རྟག་ཏུ་དབང་བསྐུར་དེ་ལྟ་བུ། །དཔལ་ཞེས་བྱ་བ་དགའ་བ་སྟེ། །བདེ་བ་སངས་རྒྱས་སུ་ནི་བརྗོད། །པདྨ་པདྨ་ཉིད་ཡིན་ལ། །ནགས་ནི་སྐྱ་རེངས་ཞེས་བྱར་གྲགས། །རྩ་བ་བྱང་ཆུབ་སེམས་ཡིན་ནོ། །ཡང་ན། པདྨ་ལྟེ་བའི་འཁོར་ལོ་སྟེ། །ནགས་ནི་ཨ་སོགས་མ་མེ་ཡིན། །རྩ་བ་ཐར་པ་སྟེར་བྱེད་པའི། །བརྡ་ཡིས་སངས་རྒྱས་ཕྱག་རྒྱ་ཡིན། །ཡང་ན། ལྟེ་བ་མཚོ་སྐྱེས་ཞེས་བྱ་བ་སྟེ། །ནགས་ཞེས་བྱ་བ་ངག་ཡིན་ལ། །རྩ་བ་ལུས་ཀྱི་བླ་དྭགས་ཡིན། །སངས་རྒྱས་སེམས་ཀྱི་བརྡ་ཡིན་ནོ། །གཅིག་པུ་ངེས་པའི་རྣལ་འབྱོར་ཡིན། །དབེན་པ་རྟོག་པ་སྤངས་པ་སྟེ། །སྦས་པ་གསལ་བར་མ་བྱས་པའོ། །ནགས་ནི་སྔར་བཤད་ཁམས་རྣམས་ཏེ།། ལྷན་ཅིག་མཆོག་ཏུ་འཇུག་པས་ན། །བསྡུས་པ་ཞེས་ནི་བྱ་བར་བརྗོད། །ལྷ་ཞེས་བྱ་བར་རང་མིང་བརྗོད། །གཟའ་དང་སྐར་མ་ལ་སོགས་ལྷ། ། གྲ་ཞེས་བྱའི་སྒྲ་བརྗོད་
517b
པ། །དེ་ནི་རྣལ་འབྱོར་ཤེས་པ་ཡིན། ། གྲ་གཙོ་བོ་ཞེས་བརྗོད་ཅིང ། ། གྲ་དམ་པ་ཞེས་བྱ་ལ། ། གྲ་དང་པོ་ཞེས་བཤད་ཅིང ། ། གྲ་སྤྱི་བོར་གནས་པའོ། །རང་གི་མིང་དང་ལྡན་པ་ཡིས། །སྡིག་པ་དག་ནི་སེལ་བར་བྱེད། །ཡང་ན་ས་ནི་ཨ་སོགས་ཏེ། །དེ་རྣམས་ཨ་གྲ་ཧ་ཞེས་བྱ། །མགོར་གནས་འོག་ཏུ་བལྟས་ནས་ནི། །ཡི་གེ་ཐ་སྙད་ཚར་དུ་འབེབས། ཐ་སྙད་ཅེས་བྱ་བ་ནི། དབྱངས་དང ། གསལ་བྱེད་རྣམས་ཏེ། །དེ་རྣམས་ཀྱིས་འཚོ་བར་གྱུར་པའོ། །དབྱངས་ཞེས་བྱ་བ་ལ། །སཝ་ནི། རང་ཉིད་ཀྱིས་སོ། །ར་ནི་མཛེས་པ་སྟེ། དེས་ན་མེ་སཝ་རའོ། །ཧ་ནི་སྐལ་བཟང་ཡི་གེ་སྟེ། །རྣམ་པའི་མཆོག་ཀུན་ལྡན་པ་དང ། །རྒྱན་རྣམས་ཀུན་གྱིས་ཀླུབས་པ་ཡིན། །རྡོ་རྗེ་སེམས་སོགས་ལྷ་རྣམས་སུ། །བདག་གི་ལུས་ནི་བསམ་པར་བྱ། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང ། །བསོད་ནམས་ཀུན་དང་ལྡན་པ་རུ། །དངོས་པོ་གསུམ་ནི་ཡང་དག་གནས། །བྲིས་པས་བསོད་ནམས་གང་མཐོང་བ། །བསམ་པས་ཀྱང་ནི་དེ་བཞིན་མཐོང ། །སློབ་མ་བདག་ཉིད་ཆེན་པོ་ལ། །འདི་ཡིས་དབང་ནི་བསྐུར་བར་བྱ། །དབང་བསྐུར་དམ་པ་བསྒོམ་བྱར་འདོད། །གང་དང་གང་གི་ལྷ་ཡི་མཆོག་།དེ་དང་དེ་ནི་སློབ་དཔོན་འགྲོ། །གང་དང་གང་ལ་ལྷག་མོས་པ། །དེ་དག་ཀུན་གྱིས་དབང་བསྐུར་བྱ། །དབང་ནི་རྣམ་
518a
༄#། །པ་བཞི་དག་ཏུ། །ཡང་དང་ཡང་དུ་སོ་སོར་བཤད། །གང་ཞིག་སྔར་ནི་བཤད་པ་རྣམས། །དེ་དག་ཀུན་གྱིས་བརྗོད་པ་ཡིན། །རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡི་ནི་སྒོམ་པ་དང ། །བཅོས་མ་ཡི་ནི་བཟླས་པ་བྱ། །རྣལ་མའི་སྦྱོར་བ་རྟོགས་གྱུར་ན། །བཅོས་མའི་སྦྱོར་བ་ཕྱི་རོལ་ནས། །རྣལ་མའི་སྦྱོར་བ་རྟོགས་གྱུར་པས།། བཅོས་མ་དག་ནི་མི་བྱའོ། །དཔེར་ན་གཟིངས་ལ་འཇུས་ནས་ནི། །ཆུ་ཡི་ཕ་རོལ་འགྲོ་བར་བྱེད། །ཕ་རོལ་ཕྱིན་ནས་འདོར་བ་ལྟར། །བཅོས་མ་དག་ཀྱང་དེ་བཞིན་ནོ། །དཀྱིལ་འཁོར་ལ་སོགས་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །དངོས་གྲུབ་དེ་ཀུན་འདིར་གནས་པས། །རྒྱལ་བའི་དངོས་ཉིད་རིག་ལ་མིན། །གང་ཡང་སྒྲ་ཤེས་བསྟན་བཅོས་རྣམས། །དྲང་སྲོང་རྣམས་ཀྱིས་བྱས་པ་ལྟར། །རང་གི་སེམས་ནི་འཇུག་བྱེད་པའི། །སྐྱེས་བུའི་བཅོས་མའི་བྱ་བ་རྣམས། །རྒྱུད་ཀྱི་རྗེས་སུ་འབྲང་ནས་ནི། །འབད་པས་སྡུག་བསྔལ་སློང་བར་བྱེད། །དེ་ཕྱིར་དཀྱིལ་འཁོར་ལ་སོགས་པ། །བྱ་བའི་ཆོ་ག་ལ་འབད་པ། །ཐར་པ་དང་བྲལ་ཕྱི་རོལ་ཏེ། །སྐྱེས་བུ་ཉོན་མོངས་འབའ་ཞིག་བྱེད། །མི་རྟོག་པས་ནི་འཚང་མི་རྒྱ། །རྟོག་དང་བཅས་པས་ཀྱང་དེ་བཞིན། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །ཡིད་འདོད་རྣམས་ཀྱི་དེ་
518b
ཉིད་འགྱུར། །རྒྱུ་དང་འབྲས་བུའི་རང་བཞིན་ནི། །དམ་པ་ཉིད་དུ་ཡོད་མིན་ཅིང ། །རང་བཞིན་གསལ་བ་ཉིད་ཀྱི་ཕྱིར། །སྟོང་པ་ཉིད་ཀྱང་མ་ཡིན་ནོ། །རང་བཞིན་དབྱེ་བ་ཐམས་ཅད་ཀྱི། །རྣམ་པ་དག་ནི་རྣམ་གནས་པ། །རྒྱ་མཚོ་ལ་ནི་རིན་ཆེན་བཞིན། །ཐོག་མཐའ་མེད་པའི་ཚུལ་ཅན་ཡིན། །འཇིག་རྟེན་རྟག་ཏུ་ཐ་སྙད་སྤྱོད། །འཇིག་རྟེན་ལས་འདས་དེ་དང་འགལ། །ཡོད་དང་མེད་ཅེས་བྱ་བ་ནི། །རང་བཞིན་ཉིད་དུ་ཤེས་པ་མིན། །འདི་ཡི་ཚུལ་གྱིས་རབ་རྟོགས་པ། །རྫོགས་དང་བྲལ་བས་གྲོལ་བ་མིན། །རྣལ་མའི་ལམ་ལ་བརྟེན་ན་ནི། །ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། །སྐྱོན་དང་ཡོན་ཏན་འཕེལ་བྱེད་པའི། །འཁོར་བ་དང་ནི་མྱ་ངན་འདས། །བདེ་བ་དང་ནི་སྡུག་བསྔལ་དངོས། །ལྷན་ཅིག་སྐྱེད་པར་ཡང་དག་གནས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ་དང ། རང་བཞིན་ཉིད་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་སྟེ་ལྔ་བཅུ་པའོ།། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ག་ཡ་དྷ་ར་དང ། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཅོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་དཔེ་གཉིས་ལ་གཏུགས་ནས་གཏན་ལ་ཕབ་པ།