rKTs


H379

(e-text produced by ACIP)

see text in transliteration
379a
རྒྱ་གར་སྐད་དུ། ཨཱརྱ་ཌཱ་ཀི་ནཱི་བཛྲ་པཉྫ་ར་མ་ཧཱ་ཏནྟྲ་རཱ་ཛ་ཀལྤ་ནཱ་མ། བོད་སྐད་དུ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པ། ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ནམ་མཁའ་བེམ་བཅས་དང་བ་དང ། །གོ་སྐབས་མེད་དང་འབྱེད་པ་དང ། །སྣ་ཚོགས་རྡོ་རྗེའི་གཞི་གནས་ཁང ། །སེམས་ཅན་ཁམས་དང་ཡིད་འོང་དང ། །སེམས་ཅན་སྣོད་དང་འཇིག་རྟེན་དང ། །ས་དང་ས་འོག་པར་སྣང་དང ། །ཡིད་དང་ལུས་དང་ངག་དང་ནི། །གཅིག་དང་གཉིས་དང་མཁའ་བདེ་དང ། །དྲུག་དང་ལྔ་དང་དྲུག་གཉིས་དང ། །བཞི་དང་སྐྱེ་འགྲོ་རྣམས་དང་ནི། །གཅིག་གིས་ཉི་ཤུར་མ་ཚང་དང ། །ཁམས་གསུམ་མ་ལུས་པ་དང་ནི། །ཕ་དང་བུ་དང་མ་མོ་དང ། །ཕྱི་རོལ་དང་ནི་ནང་དང་འམ། །བཙུན་མོ་ཀུན་དང་ཆོས་དང་ནི། །ཐམས་ཅད་ལས་དང་བདག་མེད་དང ། །འབྲས་བུ་རྒྱུ་དང་བྱ་བ་ཞེས། །བསྒྲུབ་བྱ་སྒྲུབ་ཐབས་རྡོ་རྗེ་དང ། །དེ་བཞིན་ཀུན་གཞི་རྣམ་ཤེས་དང ། །ཆོས་ཀྱི་དབྱིངས་དང་མ་བྱུང་དང ། །ནམ་མཁའི་ཁམས་དང་རང་དབྱིངས་དང ། །བདག་མེད་པ་དང་བདག་ཅེས་དང ། །དངོས་པོ་མེད་དང་དངོས་མེད་མིན། །བདེ་བ་ཅན་དང་གྲུ་གསུམ་དང ། ། སྐྱེས་དང་ནི་སྐྱོན་བྲལ་དང ། །རྡུལ་བྲལ་དང་ནི་སྡིག་བཅོམ་དང ། །དབའ་རླབས་མེད་
379b
པའི་རང་བཞིན་དང ། །མཐར་ནི་ཞི་བའི་བདེ་རིག་དང ། །གསང་དང་མཆོག་དང་དགྱེས་པ་ལ། །སངས་རྒྱས་ཀུན་ཁྱབ་སེམས་དཔའ་ནི། །མཁའ་འགྲོ་མ་ཡི་རྡོ་རྗེ་གུར། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷ་ཡི་བདག་པོ་གཅིག་པུ་ཉིད། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འབུམ་ཕྲག་ལྔ་བདག་ཀྱེའི་རྡོ་རྗེ། །ལས་ནི་དཀྱིལ་འཁོར་ལྔ་གསུངས་པ། །རྡོ་རྗེ་ཅན་དང་ཕན་པ་དང་།། དེ་བཞིན་རྡོ་རྗེ་གཟི་བརྗིད་ཉིད། །པདྨ་གར་གྱི་དབང་ཕྱུག་དང ། །རྟ་བདུན་རྒྱལ་པོ་ལྔ་བའོ། །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་དུ། །དཀར་མོ་རྐུན་མ་རོ་ལངས་མ། །གྷ་སྨ་རཱི་དང་པུཀྐ་སཱི། །རི་ཁྲོད་གདོལ་པ་གཡུང་མོ་འོ། །རྡོ་རྗེ་ཕན་པའི་དཀྱིལ་འཁོར་དུ། །སྐམ་པ་ཞགས་པ་ཉིམ་དང ། །དོ་ལ་ཟླུམ་དང་ལྕགས་ཀྱུ་འཛིན། །མེ་ཏོག་མ་སོགས་མཚམས་ཀྱི་ཆར། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ། །ཉི་ལག་མ་དང་མར་མེ་མ། །རིན་ཆེན་སྒྲོལ་མ་གློག་ལག་མ། །ལཱ་སྱེ་ལ་སོགས་མཚམས་ཆར་རོ། །པདྨ་ཆོས་འབྱུང་ལྕགས་སྒྲོག་དང ། །འཁྱུད་མ་གར་གྱི་དཀྱིལ་འཁོར་དུ། །གླིང་བུ་མ་སོགས་མཚམས་ཀྱི་ཆར། །བདག་ཉིད་ཆ་བྱད་སྦྱོར་བས་སོ། །རྟ་ཡི་རྒྱལ་པོའི་དཀྱིལ་འཁོར་དུ། །རྡོ་རྗེ་སྒོ་ལྕགས་ལྡེ་ཀྱོག་མ། །སྒོ་མ་དང་ནི་གོས་འཛིན་མ། །དེ་བཞིན་མཚམས་སུ་སྤྱན་ལ་སོགས། །རྡོ་རྗེ་མཁའ་འགྲོ་དེ་རྣམས་ཀུན། །རྐང་པ་གཡོན་པ་བརྐྱང་བས་གནས། །སྙིང་གར་གཡོན་བཅངས་སྡིགས་མཛུབ་སྟེ། །ཁ་དོག་སྣ་ཚོགས་ཆེ་འབར་
380a
༄#། །བའོ། །ཤིན་ཏུ་ཞེ་སྡང་ཞེ་སྡང་ཆེ། །གཽ་རཱི་ལ་སོགས་རབ་ཏུ་གྲགས། །ཤིན་ཏུ་གཏི་མུག་རྨོངས་ཆེན་ལས། །སྐམ་པ་མ་སོགས་ཆེར་གཟུང་ངོ ། །ཤིན་ཏུ་གཟི་བརྗིད་ཆེར་གསལ་\?\། །ཉི་མ་ལ་སོགས་རབ་ཏུ་གྲགས། །ཤིན་ཏུ་འདོད་ཆགས་ཆེན་པོ་ལས། །པད་སོགས་ཆོས་ཀྱི་དཀྱིལ་འཁོར་དུའོ། །ཕྲག་དོག་ཆེན་པོ་སྒྲིབ་ཆེན་ལས། །སྒོ་ལྕགས་མ་སོགས་མྱུར་འགྲོ་བདག་།རྒྱལ་བ་མགོན་པོ་ཕན་པ་ནི། །གཏི་མུག་ཐམས་ཅད་ཟད་པར་མཛད། །རྡོ་རྗེ་ཉི་མ་རྒྱལ་པོ་ཆེ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག། །རྟ་མགྲིན་འདོད་པ་ཆེན་པོ་ནི། །འདོད་ཆགས་ཅན་གྱི་བྱང་ཆུབ་སྟེར། །རྡོ་རྗེ་མགྱོགས་འགྲོ་ཕྲག་དོག་ཆེ། །ཐེག་པ་གཞན་ནི་རྣམ་བར་སྤངས། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །མི་བསྐྱོད་ཡེ་ཤེས་འབྱུང་བའི་གནས། །སྐྱེ་འགྲོ་མི་ཟད་མགྲོན་གཉེར་ཕྱིར། །སྒྲིབ་པ་ལྔ་ནི་འཇོམས་པ་པོ། །དེ་བཞིན་གཤེགས་པའི་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེ་སྡང་གཏི་མུག་ང་རྒྱལ་དང ། །འདོད་ཆགས་སེར་སྣ་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེ་གཟུགས་ནི་དུ་མ་འཛིན། །ཤིན་ཏུ་གདུག་པ་དྲག་པོ་ལ། །ཞི་བ་ཉེ་བར་མི་སྦྱར་ཏེ། །འདི་མཁྱེན་རྡོ་རྗེ་ཅན་ཆེན་ནི། །རང་གིས་ཀྱེ་ཡི་རྡོ་རྗེར་འགྱུར། །ཤིན་ཏུ་སྟོང་པར་ཞེན་རྣམས་ཀྱི། །ཡོད་མིན་བརྟུལ་ཞུགས་འཛིན་རྣམས་ཀྱི། །སངས་རྒྱས་གཏི་མུག་སྦྱོང་
380b
དོན་དུ། །རྡོ་རྗེ་རྫོགས་པའི་སངས་རྒྱས་འགྱུར། །ཤིན་ཏུ་ང་རྒྱལ་གདུག་རྣམས་ཀྱི། །སྐྱེ་འགྲོའི་ང་རྒྱལ་ཟད་པར་མཛད། །རྡོ་རྗེ་ཉི་མ་བདག་ཉིད་རྒྱལ། །ང་རྒྱལ་ཆེན་པོའི་མུན་པ་འཇོམས། ། བྱང་ཆུབ་ཆགས་བྲལ་ལས་སྐྱེས་སྤངས། །སེམས་ཅན་གང་ཞིག་བདེ་བྱེད་པ། །ཆགས་པས་བྱང་ཆུབ་རབ་གྲུབ་ཕྱིར། །པདྨ་གར་གྱི་དབང་ཕྱུག་གྱུར། །ཐམས་ཅད་མཁྱེན་པའི་ལམ་གནས་ཤིང ། །གང་ཞིག་ལམ་གཞན་ནས་འགྲོ་བ། །དེ་རྣམས་བྱང་ཆུབ་རབ་སྦྱིན་ཕྱིར། །རྡོ་རྗེ་མགྱོགས་འགྲོ་རང་གཙོ་བོ། །དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་ངོ་བོར་འགྲོ། །མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །སངས་རྒྱས་ཀུན་གྱི་བདག་ཉིད་འགྱུར། །གང་དང་གང་གིས་དངོས་པོ་ཡིས། །སྐྱེས་པ་རྣམས་ཀྱིས་ཡིད་སྦྱོར་ལ། །དེས་ན་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་གཟུགས་ནོར་ཇི་བཞིན་ནོ། །གང་དང་གང་གིས་འདུལ་བ་ཡི། །སེམས་ཅན་འདུལ་བར་འགྱུར་བ་སྟེ། །དེ་དང་དེ་ཡི་རྣམ་པ་ཡིས། །ཆོས་ཀྱི་བཤད་པ་བྱ་བ་འོ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བའི།། སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་རང་གི་རྣམ་རྟོག་གིས། །སྐྱེ་བོའི་དྲི་མས་ནག་པོར་བྱས། །དེ་བས་ཀུན་ཏུ་རབ་འབད་པས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱང ། །སེམས་དག་པ་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཕྲོག། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །འབྲས་བུ་རྒྱུ་ལས་གཞན་མིན་ཕྱིར། །ཐབས་ནི་སྟོང་པ་ཉིད་
381a
༄#། །མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང ། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས། ། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་མྱུར་བར་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན།། གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་ཀྱིས་བསྒྲུབ་བྱ་དང ། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཐམས་ཅད་ཀྱི་རྣམ་པ་མཆོག་ཏུ་ཞི་བ་སེམས་ཅན་འཇུག་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་ཁམས་གསུམ་ཐོབ། །རྣལ་འབྱོར་མ་ནི་རྡོ་རྗེ་གུར། །དམ་ཚིག་མཆོད་པ་ཡིད་འོང་བ། །འཁོར་ལ་རབ་ཏུ་བཀའ་སྩལ་པ། །གླུ་ནི་རྡོ་རྗེ་ཅན་ལ་དབུལ།། གར་ནི་སངས་རྒྱས་རྣམས་ལ་དབུལ། །ཧི་རཱ་མཆོག་ལ་དེ་བཞིན་དྲི། །འཇིག་རྟེན་རྗེ་ལ་བཟའ་དང་བཏུང ། །གོས་ཀྱིས་མཆོད་པ་རྟ་མཆོག་ལ། །འདི་རྣམས་དམ་ཚིག་དམ་པ་སྟེ།། རྡོ་རྗེ་མཆོད་པ་བྱས་པ་ཡི། །རྡོ་རྗེ་ཅན་ཀུན་མཉེས་པར་བྱེད། ། ག་རུ་ནག་ཀྱེ་རྡོ་རྗེ། །ཕན་པ་ལ་ནི་ཙནྡན་དཀར། །དམར་པོ་འཇིག་རྟེན་རྗེ་ལ་དབུལ། །ཁ་ཆེ་རྡོ་རྗེ་སྣང་བ་ལ། །བདུན་གྱི་རྒྱལ་པོ་ཐམས་ཅད་དེ། །ཧཱུཾ་རྡོ་རྗེ་ལས་བྱུང་བའི་དྲི། །འདི་རྣམས་དྲི་ཡི་རབ་སྦྱོར་བས། །དམ་པའི་སངས་རྒྱས་ཉིད་ཐོབ་བོ། །ཚ་བ་ཁ་བ་རྡོ་རྗེར་དབུལ། །མངར་བ་རྡོ་རྗེ་རྟག་པ་ལ། །སྐྱར་
381b
བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚཝ་འཇིག་རྟེན་རྗེར། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། །བསྐ་པ་རབ་ཏུ་བརྟག་པར་བྱ། །ཀྱེ་ཡི་རྡོ་རྗེ་རྡོར་ཅན་གྱིས། །མེ་ཏོག་མདོག་ནག་རྐང་འཐུང་བྱུང ། །མལླི་ཀཱ་\?\་དང་མ་ལ་ཏི། །ཀུན་ད་རྟག་ཏུ་སངས་རྒྱས་དབུལ། །ཤིང་གི་དབང་མཆོག་དྲི་མེད་མདོག། །སྣང་བྱེད་ལ་ནི་སྦྱོར་བར་བྱ། །དབང་མདོག་དམར་པོ་ཆུ་སྐྱེས་དང ། །བནྡྷུ་དམར་པོ་པ་ཏ་ལར།། པདྨ་གར་གྱི་དབང་ལ་འབུལ། །རྟ་མཆོག་རྡོ་རྗེ་ཅན་ལ་ཀུན། །རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་པ། །སྣང་བྱེད་ལ་ནི་ཁྲུ་ལྔ་ཉིད། །པདྨ་གར་དབང་དྲུག་པ་སྟེ། །ལྕགས་ཀྱི་རྒྱལ་པོ་དེ་བཞིན་བདུན། །བཟའ་བ་རྡོ་རྗེ་ཉི་མ་ཡི། །ལམ་དུ་ལྕགས་ཀྱུ་མཆོག་གི་དང ། །གཉིད་ལ་སངས་རྒྱས་མགོན་པོ་ཡི། །ཤིན་ཏུ་བདེ་ལ་གར་དབང་གི། །གླུ་གར་དེ་བཞིན་རོལ་མོའི་སྒྲ། །ས་གཞི་ཡོངས་བཟུང་དུས་སུ་ནི། །རྡོ་རྗེའི་གཟུགས་སུ་བཞག་ནས་སུ། །བདག་གི་རྣལ་འབྱོར་རབ་ཏུ་སྒྲུབ། །རྡོ་རྗེའི་དབང་པོ་སྔོན་པོ་སྟེ། །ཟླ་བ་ཆུ་ཤེལ་ཐུབ་ཆེན་གྱི། །མཁར་ཕྱིན་སྐྱེས་པའི་མེ་ཏོག་དམར། །པདྨ་དམར་པོ་སྤྱན་རས་གཟིགས། །རྟ་ཡི་ཡང་མྲྒད་ཏ་སྟེ། །རིན་ཆེན་ལྔ་ཡི་རྡུལ་ཚོན་མཆོག་།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཆེན་པོ་མཁའ་འགྲོ་མའི་རྡོ་རྗེ་གུར་འབྱུང་པོ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །དམ་ཚིག་ཡང་དག་རབ་ཕྱེ་བ། །ཀུན་ཏུ་བཟང་པོའི་ས་བོན་བདག། དབང་པོ་སྔོན་པོ་ལྟ་བུའི་འོད། །
382a
༄#། །ཕྱག་བཞི་འཇིགས་བྱེད་ཆེན་པོ་སྟེ། །མཛེས་པའི་ཁྲོ་བོ་ཡི་ནི་ལུས། །དབང་ལྡན་འབྱུང་བོ་མནན་པ་སྟེ། །གཡས་པས་རིགས་ཀྱི་བདག་པོ་ཉིད། །ལག་པ་གཡོན་པས་མི་ལྤགས་ཉིད། །གཉིས་པོ་དག་གིས་ཕྱག་རྒྱར་སྦྱོར། །ཞབས་གཡོན་བརྐྱང་བས་ཡང་དག་གནས། །ཅུང་ཟད་མཆེ་བས་འཇིགས་པར་བྱེད། །མགོ་བོའི་ཕྲེང་བའི་རྒྱན་མཆོག་སྟེ།། མགོ་འཛིངས་ཕྱེད་དུ་བཅིངས་པར་ནི། །རི་ཡི་རྩེ་མོར་བསྒོམ་པར་བྱ། །འབྱུང་པོ་འདུལ་བར་འགྲུབ་པར་འགྱུར། །གནོད་སྦྱིན་དུ་མ་འབྱུང་པོ་དང ། །གནོད་སྦྱིན་མོ་དང་ཀླུ་མོ་དང ། །མི་མོ་ལྷ་ཡི་མཛེས་མ་ནི། །སྒྲུབ་པ་པོ་ཡིས་ངེས་པར་འགྲུབ། །སྔགས་ནི། །ོཾ་བྷཱུ་ཏ་ཌ་མ་ར་བྷཱུ་ཏཱ་པ་ཏི་ཨཀྵོ་བྷྱ་ཀི་རི་ཊཱི་ན་སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་སཱི་དྷ་ཡ་ཧཱུཾ་ཕཊ། དེ་ནས་རྡོ་རྗེ་ཆེན་པོ་རྡོ་རྗེ་ཅན་མཁའ་འགྲོ་མའི་རྡོ་རྗེ་གུར་སྟོབས་པོ་ཆེའི་ཏིང་ངེ་འཛིན་ལ་བཞུགས་སོ། །ཆར་ཆེན་རབ་ཏུ་དབབ་བྱ་སྟེ། །པདྨ་འདབ་མ་བརྒྱད་པ་བསམ། །དེར་ནི་ཀླུ་བརྒྱད་དགོད་པར་བྱ། ། སྟོབས་པོ་ཆེ་ར་ནི་རབ་སྦྱོར་བས། །དེ་རྣམས་རྔ་མ་ཡང་དག་མནན། །ཆར་མེད་སྟོབས་པོ་ཆེ་ལས་ནི། །ཆུ་ཡི་ཚིགས་ནི་དབབ་པར་བྱ། །ཁ་དོག་ནག་ཅིང་ཆེར་གསལ་བ། །འཇིགས་པ་ལང་ནི་འཇིགས་པར་མཛད། །ཕྱག་བརྒྱད་ཞལ་ནི་བཞི་པ་སྟེ། །སྐར་ཉི་རྡོ་རྗེ་གདན་མཛད་པ། །ཕྱག་རྣམས་ཀྱིས་ནི་ཀླུ་བདག་བསྣམས། །ཕུཿ ་ཞེས་བྱ་བའི་སྔགས་བཟླས་ཤིང་།།
382b
ཧཱུཾ་དག་ནང་དུ་ཆུད་བྱས་ཏེ། །ཕཊ་ནི་མཐའ་རུ་སྦྱར་བར་བྱ། །དང་པོའི་ཞལ་ནི་ནག་པོ་སྟེ། །གཉིས་པ་ཟླ་འོད་བཟང་པོ་ཉིད། །གསུམ་པ་སེར་པོའི་མདོག་ལྟ་བུ། །བཞི་པ་དམར་པོ་ཉིད་དུ་བརྗོད། ། སྤྲུལ་གྱི་རྒྱན་གྱིས་ཡན་ལག་བརྒྱན། །རྡོ་རྗེ་སེམས་དཔས་རྣམ་པར་བརྒྱན། །ཀླུ་རྣམས་ཀྱིས་ནི་ཆར་དབབ་ཕྱིར། །སྟོབས་པོ་ཆེ་ནི་རབ་བསྒྲུབ་བྱ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་འཛིན་བ་རྡོ་རྗེ་གུར་སྨྲ་བ་པོས་སངས་རྒྱས་ཀྱི་དེ་ཁོ་ན་དབྱེ་བར་བྱའོ། །རྡོ་རྗེ་པདྨའོ་བྱས་དང ། །རི་དྭགས་བརྒྱན་པ་ཟོས་པ་དང ། །རྡོ་རྗེ་ཆུ་འཐུང་ནོར་ལྡན་པ། །སངས་རྒྱས་དེ་ཉིད་འདི་རིག་པ། །དག་པའི་གནས་ནི་གནས་ཆེན་པོ། །སངས་རྒྱས་ཀུན་གྱིས་རབ་གང་བ། །རྡོ་རྗེ་རིན་ཆེན་ཀུན་ཁྱབ་པ། །གང་གྱུར་ང་ཡིས་བཤད་པར་བྱ། །ཕན་པའི་གྲོང་ཁྱེར་ཡིད་འོང་བར། །མཁའ་འགྲོ་རྡོ་རྗེ་ལུ་གུ་རྒྱུད། །ཞེན་བ་ཆེན་པོ་སངས་རྒྱས་ཀུན། །ལྕགས་སྒྲོག་རྡོ་རྗེས་བཅིང་བར་བྱ། །དགའ་ལྡན་དུ་ནི་ལྡེག་པར་འགྱུར། །སངས་རྒྱས་རྣམས་ཀྱི་འདོད་པ་ཐོབ། ། རྒྱལ་བ་མགོན་པོ་བྱམས་པ་ནི། །ཡེ་ཤེས་སྤྱན་གྱིས་རྣམ་པར་གཟིགས། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །རྒྱལ་བོའི་ཚོགས་རྣམས་བཅིང་པར་བྱ། །གང་ཞིག་དངོས་གྲུབ་མི་སྟེར་ན། །སྒྲོག་གིས་བཅིངས་ནས་དགུག་པར་བྱ། །རྡོ་རྗེ་ཀྱོ་བ་དཀར་མོ་ཆེ། །རྡོ་རྗེ་ཞགས་མ་ཆོམ་རྐུན་མ། །རྡོ་རྗེ་ལྕགས་སྒྲོག་རོ་ལངས་མ། །རྡོ་རྗེ་དྲིལ་བུ་གྷསྨ་རཱི། །སངས་རྒྱས་རྣམས་ནི་དབང་དུ་བྱེད། །བཟླས་
383a
༄#། །དང་སྒོམ་པ་མངོན་དགའ་བའི། །དངོས་གྲུབ་གལ་ཏེ་མི་སྟེར་ན། །དེ་ཚེ་མཁའ་འགྲོ་མ་བཞི་ཡིས། །སངས་རྒྱས་རྣམས་ནི་དྲག་ཤུལ་སྒྲུབ། །དེ་ནས་རྡོ་རྗེ་འཛིན་གྱི་རྒྱལ་པོ་མཁའ་འགྲོ་མའི་རྡོ་རྗེ་གུར་གྱི་རྒྱུད་ཀྱི་ནང་དུ་འབུམ་ཕྲག་ལྔ་བྲིས་པ་ཡང་དག་པར་བཤད་པར་བྱའོ། །སངས་རྒྱས་ཀྱི་ནི་དཀྱིལ་འཁོར་འབུམ། །རྡོ་རྗེ་ཅན་གྱི་དེ་བཞིན་འབུམ། །འབུམ་གྱིས་རྡོ་རྗེ་ཉི་མ་ཡི། །འབུམ་གྱིས་རྡོ་རྗེ་ཆོས་ཀྱི་འོ། །འབུམ་ཕྲག་ཕྱེད་ཀྱིས་རྡོ་རྗེ་སྟེ། །འབྱུང་པོ་འདུལ་བ་སྟོང་ཕྲག་ལྔས། །ལྔ་ཡིས་ལས་ནི་རབ་རྒྱས་པ། །ལྔ་ཡིས་སངས་རྒྱས་གར་མཁན་ཉིད། །སྟོང་ཕྲག་གསུམ་ཅུ་དག་གིས་ནི། །ཀུ་རུ་ཀུལླེ་བརྟག་པའོ། །ལྷག་མ་སྟོང་ཕྲག་ལྔ་ཡིས་ནི། །ཆོ་གའི་རིམ་པ་རྒྱུད་ཀུན་གྱིའོ། །རྡོ་རྗེ་མཁའ་འགྲོ་ཀྱེའི་རྡོ་རྗེའི། །འབུམ་ཕྲག་ལྔ་ནི་བྲིས་པ་འོ། །དེ་ནས་རྡོ་རྗེ་འཛིན་པ་བློ་དང་ལྡན་པ་མཁའ་འགྲོ་མ་རྡོ་རྗེ་གུར་སངས་རྒྱས་ཀྱི་གར་གྱི་ཏིང་ངེ་འཛིན་ལ་བཞུགས་སོ། །གར་དང་གླུ་ལ་རབ་ཞེན་པའི། །སེམས་ཅན་རྣམས་ནི་བསྡུ་བའི་ཕྱིར། །སངས་རྒྱས་གར་མཁན་རོལ་པ་མཛད། །སངས་རྒྱས་གར་མཁན་རྡོ་རྗེ་ཡིས། །འདོད་ཆགས་ཅན་གྱིས་བྱང་ཆུབ་བསྒྲུབ། །དེ་ནས་རྡོ་རྗེ་ཅན་འབྱུང་སྟེ། །མེ་ཏོག་སྙིམ་པས་རབ་སྦྱོར་བས། །སེམས་ཅན་ཀུན་ལ་ཕན་ལྡན་པའི། །དམ་ཚི་ག་དེར་ནི་བཤད་པར་བྱ། །སེམས་ཅན་ཇི་སྙེད་པ་རྣམས་སེམས་ཅན་དུ་བསྡུ་བས་བསྡུས་པ་སྒོ་ང་ལས་
383b
སྐྱེས་པའམ། མངལ་ལས་སྐྱེས་པའམ། །དྲོད་གཤེར་ལས་སྐྱེས་པའམ། རྫུས་ཏེ་སྐྱེས་པའམ། གཟུགས་ཅན་རྣམས་སམ། གཟུགས་མེད་རྣམས་སམ། འདུ་ཤེས་མེད་པ་ཅན་ཉིད་རྣམས་སམ། འདུ་ཤེས་མེད་པ་རྣམས་སམ། སེམས་ཅན་དེ་རྣམས་ཐམས་ཅད་བདག་གིས་ཀྱང་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་དགོད་པར་བྱའོ། །དམ་ཚིག་ཆེ་བཤད་དེ་ནས་ནི། །ཟུར་མིག་མི་གཡོ་མགོན་བྱུང་སྟེ། །མི་བསྐྱོང་ཡེ་ཤེས་བརྙེས་ལྡན་པའི། །སྟོན་པ་ལ་ནི་རྣམ་པར་སྨོད། །ཅི་ཁྱོད་དམ་ཚིག་ཧཱུཾ་ཞེས་བྱ། །ཐུབ་པ་ཆེན་པོ་གཞུ་ཅན་ཡིན།། ང་མིང་སྙིང་རྗེའི་སྟོབས་དཔལ་ལྡན། །བདག་སྟོབས་བཅོམ་པ་མིན་ནམ་ཅི། །ཅི་ཁྱོད་དམ་ཚིག་ཨོཾ་ཞེས་བྱ། །ཁྱོད་ནི་ཚངས་པ་ཐུབ་བ་རྣམས། །ད་མིང་རྣམ་པར་སྣང་མཛད་དཔལ། ། ཁྱོད་ནི་མེ་བཅོམ་འདོད་པ་བྲལ། །ཅི་ཁྱོད་དམ་ཚིག་ཨཱཿ ་ཞེས་བྱ། །མངའ་བདག་མཁའ་ལྡིང་མཁྱེན་ནམ་ཅི། །ད་མིང་པདྨ་གར་དབང་དཔལ། །ཁྱོད་ནི་གར་མཁན་ཉེར་བཞད་མཁན། །ཅི་ཁྱོད་དམ་ཚིག་ཏྲཾ་ཞེས་བྱ། །ཁྱོད་ནི་གདུགས་ཏེ་ཚ་བ་འཕྲོག་།ང་མིང་རྡོ་རྗེ་ཉི་མ་དཔལ། །གདུགས་ཀྱི་རྣམ་ཁྱོད་ཇི་ལྟར་མིན། །ཅི་ཁྱོད་དམ་ཚིག་ཁཾ་ཞེས་བྱ། །ཁྱོད་ནི་མཁའ་སྟོང་རང་བཞིན་ནོ། །ངཾ་མིང་རྡོ་རྗེ་མགྱོགས་འགྲོ་ཡིན། །ཁྱོད་ནི་རྟ་སྟེ་ཕ་རོལ་འགྲོ། །ཅི་ཁྱོད་དམ་ཚིག་སྙིང་རྗེ་འཆང ། །ེ་མ་ཆང་ཚོང་མཛེས་མ་འོ། །མི་གཡོ་བདག་ནི་མཱ་
384a
༄#། །མ་ཀཱི། །ཞང་པོའི་གྲོང་ཁྱེར་འཛིན་ནམ་ཅི། །ཅི་ཁྱོད་དམ་ཚིག་ཞི་བ་ཉིད། །བུད་མེད་གཡོ་སྒྱུ་འཛིན་ནམ་ཅི། །བདག་ནི་མ་ཡིན་ལྷ་མོ་སྤྱན། །སྤྱན་ཡིན་ན་ནི་གཡོ་དང་བཅས། །ཅི་ཁྱོད་དམ་ཚིག་འདོད་ཆགས་ཆེ། །སྨད་ཚོང་མ་ལ་སྨྲར་ཅི་ཡོད། །བདག་མིང་ལྷ་མོ་དཀར་མོ་འོ། །ཇི་ལྟར་དྲི་མ་དཀར་བ་ཡིན། །ཅི་ཁྱོད་དམ་ཚིག་དབང་བྱེད་ཆེ། །བཙུན་མོའི་ཕོ་ཉ་མིན་ནམ་ཅི། །བདག་མིང་ཟུར་མིག་སྒྲོལ་མ་འོ། །སྒྲོལ་མ་མིག་ནི་བཅོམ་པ་ཡིན། །མིག་ཡོན་བདག་ནི་ནོར་ལྡན་དཔལ། །དེ་ལྟར་ངོ་ཚ་མེད་པས་ལེགས། །ངོ་ཚ་མེད་པས་སངས་རྒྱས་མིན། །མཐོང་དང་མི་མཐུན་མྱུར་དུ་སྨོས། །དེ་ནས་རྡོ་རྗེ་མིག་ཡོན་པོ། །སྨོད་པ་བས་ནི་རང་གསུངས་པ། །རྡོ་རྗེ་སེམས་དཔལ་ཞེ་སྡང་ཆེ། །ཐུབ་པ་རྣམ་པར་སྣང་མཛད་རྨོངས། ། འདོད་ལ་ཞེན་པ་འཇིག་རྟེན་བདག་།སེར་སྣ་རྡོ་རྗེ་སྣང་བྱེད་དོ། །དོན་ཡོད་སྐྱོན་ནི་ཐམས་ཅད་བྱེད། །འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །སྒོང་སྐྱེས་མངལ་ནས་སྐྱེས་པའམ། །དྲོད་གཤེར་སྐྱེས་དང་མཐའ་འཁོབ་བཞིན། །གཟུགས་ཅན་རྣམས་སམ་གཟུགས་མེད་དམ། །རྫུས་ནས་སྐྱེས་པ་ཉིད་དང་ནི། །ཐམས་ཅད་སངས་རྒྱས་བྱའོ་ཞེས། །ཁྱོད་ཀྱིས་དང་པོར་གསུངས་པ་ནི།། ཁྱོད་ཉིད་སངས་རྒྱས་གྱུར་ནས་ནི། །དེ་རྣམས་ཇི་ལྟར་རྒྱལ་མ་མཛད། །དེ་ཉིད་ཕྱིར་ན་རྫུན་གསུངས་པ། །མངའ་བདག་ཇི་ལྟར་འདི་མ་གསུངས། །སེམས་ཅན་བསླུས་ན་ཁྱོད་ཀྱི་གང་།།
384b
སངས་རྒྱས་ཉིད་དེ་ངོ་མཚར་རྨད། །འཆི་བདག་ཆེའམ་མུ་གེའམ། །ཕས་ཀྱིས་འཁོར་ལོའི་གནོད་པ་དང ། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང ། །ཆར་མེད་པ་དང་ཞི་བ་དང ། །སྔགས་དང་སྒོམ་པར་ལྡན་པར་ནི། །གང་ཞིག་བདག་ནི་རྟག་རོལ་པ། །དེ་ཡི་མདུན་དུ་བདག་འདུག་སྟེ། །དེར་ནི་རྫུན་དུ་མི་འགྱུར་རོ། །སློབ་དཔོན་ལྡ་དང་ལྷ་མོ་བཞི། །མི་གཡོ་བདག་ཉིད་སྨོད་པའོ། །དཀྱིལ་འཁོར་ཁང་པའི་གནས་ཉིད་དུ། །སངས་རྒྱས་གར་མཁན་རོལ་པ་མཛད། །ཁམས་གསུམ་དེ་བཞིན་རྩ་བ་འམ། །མ་དག་པའི་ཡང་རྒྱན་རྣམས་ཀྱིས། །སངས་རྒྱས་རྣམས་ཀྱི་གར་མཁན་གར། །བདེ་བ་དགའ་བར་བྱད་དད་བཅས། །ཆོས་འབྱུང་གྲོང་ཁྱེར་ཉམས་དགའ་བར། །རྡོ་རྗེ་དམ་ཚིག་གླུ་ཡིས་དང ། །རྡོ་རྗེ་རྐང་བའི་གོམ་པས་གང ། །མཐར་ནི་རྫ་རྔ་ལཱ་སྱེ་སོགས། །ཕྱག་རྒྱ་ཆེན་པོ་རབ་སྟེར་བའི། །དེ་ཉིད་འདིར་ནི་ཆེར་གསང་ངོ། །རྡོ་རྗེ་སེམས་དཔའི་བཀའ་ཇི་བཞིན། །རབ་ཏུ་འབད་བས་བསྲུང་བར་བྱ། །གླུ་སྣ་ཚོགས་དང ། རོལ་མོའི་སྒྲ་དང ། གར་དང ། འདུལ་བར་འཇུག་པ་དང ། ཆར་དབབ་པ་དང ། མི་གཡོ་བའི་བདག་ཉིད་ཆེ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ཏིང་ངེ་འཛིན་ལ་བཞུགས་ཏེ་འབྱུང་པོའི་གཏོར་མ་གསུངས་པ།་ནམ་མཁའི་ཁམས་ཀྱི་དབུས་གནས་པར། །པདྨ་འདབ་བརྒྱད་བསྒོམ་པར་བྱ། །དབང་པོ་ཤར་གྱི་འདབ་མར་བསམ། །མཐར་བྱེད་ལྷོར་ནི་དགོད་པར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལ། །བྱང་
385a
༄#། །དུ་ནོར་སྦྱིན་དགོད་པར་བྱ། །མེར་ནི་བྱིན་ཟ་ཆེན་པོ་ཉིད། །བདེན་བྲལ་མཚམས་སྐྱོད་དེ་བཞིན་ནོ། །རླུང་དུ་གནས་མེད་བསམ་པར་བྱ། །དབང་ལྡན་དུ་ནི་འབྱུང་བོའི་གཙོ།། ཟླ་ཉི་ཚོངས་པ་ལ་སོགས་དང ། །ཚངས་པའི་རིས་ནི་དམ་པ་དང ། །ཚངས་པའི་མདུན་ན་འདོན་ཉིད་དང ། །དགའ་ལྡན་འཐབ་བྲལ་གནས་པ་དང ། །རྒྱལ་པོ་ཆེན་པོར་གྱུར་པ་དང ། །གཞན་འཕྲུལ་དབང་བསྒྱུར་ཉིད་དང་ནི། །གང་ཞིག་འཕྲུལ་དགའི་གནས་རྣམས་དང ། །གཙང་མའི་གནས་སུ་གང་གནས་དང ། །བདེ་བ་ཅན་དུ་འདུག་པ་དང ། །འོག་མིན་དུ་ནི་གནས་པ་དང ། །འོད་ཟེར་ཅན་གྱི་འཇིག་རྟེན་ཁམས། །སུམ་ཅུ་རྩ་གསུམ་གནས་པ་དང ། །དེ་ཀུན་སྟེང་དུ་གནས་པར་བྱ། །ཆོས་འབྱུང་ནང་དུ་སོན་པ་ནི། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང ། །དེ་བཞིན་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་རིགས་ལྡན་ཉིད། །པད་ཆེན་པདྨ་བཟང་པོ་ཅན། །ལྷ་མིན་དམྱལ་བ་སེམས་ཅན་རྣམས། །ཆོས་ཀྱི་འབྱུང་གནས་འོག་ཏུ་འོ། །ོཾ་ལས་ཚངས་པ་ལ་སོགས་ལྷ། །ཧཱུཾ་ལས་མ་ཆགས་པ་ལ་སོགས། །ཱཿ ་ལས་སྟོབས་ཀྱི་རྒྱུ་ལ་སོགས། །ལག་གཉིས་གདོང་གཅིག་ལྡན་པ་སྟེ། །སྟེང་གི་ལྷ་རྣམས་དཀར་པོ་ཆེ། །དབང་པོ་ལ་སོགས་ནག་པོར་མཚུངས། །སྟོབས་ཀྱི་རྒྱུ་སོགས་དམར་པོ་ཆེ། །རང་མཚུངས་རིག་མ་ལུས་སྤྲད་ལྡན། །རྡོ་རྗེ་དྲིལ་བུས་ལག་པ་བྲེལ། །གཡས་བརྐྱང་བས་ནི་སྟན་ལ་གནས། །ཚངས་སོགས་རྟག་པས་
385b
ཕྱག་རྒྱས་གདབ། །མཆོད་སྦྱིན་བརྒྱ་སོགས་རྡོ་རྗེ་ཡིས། །སྟོབས་ཀྱི་རྒྱུ་སོགས་གར་བདག་གིས། །ཐམས་ཅད་རིགས་གསུམ་ལས་སྐྱེས་པའོ། །དཀར་མོས་དགུག་པར་བྱས་ནས་ནི། །ཆོམ་རྐུན་མས་ནི་ཞགས་བཅིངས་པས། །རོ་ལངས་མས་ནི་སྒྲོག་བཅིངས་པས། །གྷསྨ་རཱིས་ནི་དྲིལ་བུས་དབབ། །དེ་ནས་མཆོད་དེ་ཞབས་བསིལ་དབུལ། །སྔགས་ནི་འདི་ཡིས་བསང་གཏོང་བྱ། །ོཾ་ཨཱཿ ཧཱུཾ། ཕྱི་ནས་འཐོར་འཐུང་དབུལ་བར་བྱ། །སྔགས་ནི་འདི་ཡིས་གཤེགས་སུ་གསོལ། །ོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཤཱ་ཤཝ་ཏོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཧྲྀ་ད་ཡམྨེ་ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀཱརྱེ་ཥུ་མེ་ཙིཏྟཾ་ཤྲེ་ཡཾ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཾ་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿ མུ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་རྡོ་རྗེ་མིང་གི་ཏིང་ངེ་འཛིན་ལ་བཞུགས་ཏེ་རྡོ་རྗེ་མིང་ཕྱེ་བའོ། །མིང་གི་དབང་གི་དུས་སུ་ནི། །སློབ་མ་བདག་ཉིད་དབང་བསྐུར་བྱ། །རྡོ་རྗེ་མིང་གིས་དབང་བསྐུར་བ། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །བཞད་པའི་རྡོ་རྗེ་དང ། སྒེག་པའི་རྡོ་རྗེ་དང ། མཛེས་པའི་རྡོ་རྗེ་དང ། རོལ་པའི་རྡོ་རྗེ་དང ། ཤིན་ཏུ་དགའ་བའི་རྡོ་རྗེ་དང ། ཤིན་ཏུ་དགའ་བའི་མྱུ་གུའི་རྡོ་རྗེ་དང ། པདྨ་རྡོ་རྗེ་དང ། པདྨ་མྱུ་གུ་རྡོ་རྗེ་དང ། ་ལ་ལ་རྡོ་རྗེ་དང ། པདྨ་ལྕགས་ཀྱུ་རྡོ་རྗེ་དང ། ཡེ་ཤེས་རྡོ་རྗེ་དང ། ཡིད་བཞིན་ནོར་བུ་རྡོ་རྗེ་དང །
386a
༄#། །ཡན་ལག་མེད་པའི་རྡོ་རྗེ་དང ། ཤེས་རབ་མྱུ་གུའི་རྡོ་རྗེ་དང ། སྙིང་རྗེ་མྱུ་གུའི་རྡོ་རྗེ་དང ། དམ་པར་དགའ་བའི་རྡོ་རྗེ་དང ། ཤིན་ཏུ་བདེ་བར་དགའ་བའི་རྡོ་རྗེ་དང ། སྤྱན་རས་གཟིགས་ཀྱི་རྡོ་རྗེ་དང ། འབེབས་པའི་རྡོ་རྗེ་དང ། ནམ་མཁའི་རྡོ་རྗེ་དང ། ཤེས་རབ་རྡོ་རྗེ་དང ། ཕ་རོལ་ཕྱིན་པའི་རྡོ་རྗེ་དང ། འདོད་ཆགས་རྡོ་རྗེ་ནི། དག་པའི་གནས་སུ་ཕྱག་རྒྱ་ཆེན་པོ་གྲུབ་པ་རྣམས་ཀྱི་རྡོ་རྗེའི་མིང་འདི་རྣམས་ཡིན་ནོ། །བུད་མེད་རྣམས་ཀྱི་འབྱུང་སྟེ། རྡོ་རྗེ་སྙེམས་པ་དང ། རྡོ་རྗེ་མཚོན་ཆ་མ་དང ། རྡོ་རྗེ་ཨེ་མའོ་བདེ་མ་དང ། རྡོ་རྗེ་བདག་མེད་མ་དང ། རྡོ་རྗེ་སྤྱན་མ་དང ། རྡོ་རྗེ་མཁའ་འགྲོ་མ་དང ། རྡོ་རྗེ་དཀར་མོ་དང ། རྡོ་རྗེ་སྒྱུ་མ་དང ། རྡོ་རྗེ་འབར་མ་དང ། རྡོ་རྗེ་འཁྲི་ཤིང་དང ། རྡོ་རྗེ་མགྱོགས་མ་དང ། རྡོ་རྗེ་རོ་ལངས་མ་དང ། རྡོ་རྗེ་ལྕགས་ཀྱུ་མ་དང ། རྡོ་རྗེ་བསྐོར་མ་དང ། རྡོ་རྗེ་ཕྲེང་བ་མ་དང ། རྡོ་རྗེ་ལཱ་སྱེ་མ་དང ། རྡོ་རྗེ་བཞད་མ་དང ། རྡོ་རྗེ་འཁྱུད་མ་དང ། རྡོ་རྗེ་ཕྱེ་མ་དང ། རྡོ་རྗེ་པདྨ་དང ། རྡོ་རྗེ་འབྱུང་མ་དང ། རྡོ་རྗེ་ཆེན་མོ་དང ། རྡོ་རྗེ་འདོད་ཆགས་མ་དང ། རྡོ་རྗེ་སྒྲོལ་མ་དང ། རྡོ་རྗེ་དོ་ཤལ་མ་དང ། རྡོ་རྗེ་སྒེག་མོ་དང ། རྡོ་རྗེ་ཀོངྐ་ཎཱ་དང ། རྡོ་རྗེ་ལཱ་མ་དང ། རྡོ་རྗེ་དབུགས་དབྱུང་མ་དང ། རྡོ་རྗེ་རྣམ་པ་མ་ནི། མཁའ་འགྲོ་མ་རྣམས་ཀྱིའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དུ་གྱུར་པ། །ཀྱེ་ཡི་རྡོ་རྗེ་རྡོ་རྗེ་སེམས་དཔའ་དང ། །རྣམ་སྣང་ཆེན་པོ་དང་ནི་རང་བྱུང་དང ། རྡོ་རྗེ་ཨར་ལླི་སྐེམ་པའི་ཁྲོ་བོ་དང ། །དེ་བཞིན་དུ་ཡང་རྡོ་རྗེའི་ཁྲོ་བོ་
386b
ཉིད། །རྡོ་རྗེ་བདུད་རྩི་བདུད་རྩི་ཐབས་སྦྱོར་དང ། །ཧེ་རུ་ཀ་དང་སྙིང་རྗེའི་སྟོབས་ཉིད་དོ། །རྟག་པ་དང་ནི་གཏི་མུག་རྡོ་རྗེ་དང ། །རྣམ་པར་སྣང་མཛད་དང་ནི་ཐམས་ཅད་སྐྱོབ། །སྒྱུ་འཕྲུལ་དང་ནི་དེ་ནས་ཨོཾ་མཇད་དང ། །སྐུ་ཡི་རྡོ་རྗེར་རབ་ཏུ་གྲགས་པ་དང ། །ས་སྙིང་དང་ནི་གཏི་མུག་ཆེན་པོ་དང ། །གཤིན་རྗེ་གཤེད་དང་ཐོ་བའི་དབང་ཕྱུག་དང ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང ། །སངས་རྒྱས་ཞེས་བྱར་རབ་ཏུ་གྲགས་པ་འོ། །རྡོ་རྗེ་ཉི་མ་དེ་ནས་རིན་ཆེན་བདག་།རིན་ཆེན་རྒྱལ་པོ་ཉིད་དེ་བཞིན་དུ་ཡང ། །རྡོ་རྗེ་གཟི་བ་རྗིད་དང་ནི་རྒྱལ་པོ་ཆེ། །རྡོ་རྗེ་བདུད་ཟིལ་གནོན་དང་སྣང་བྱེད་དོ། །རྟ་མགྲིན་དང་ནི་འཇིག་རྟེན་བདག་པོ་དང ། །རྡོ་རྗེ་ཆོས་དང་སྤྱན་རས་གཟིགས་དང་ནི། །པདྨ་གར་དབང་དང་ནི་འདོད་ཆགས་དང ། །འཇིག་རྟེན་མགོན་པོར་རབ་ཏུ་གྲགས་པའོ། །དམ་པའི་རྟ་དང་རྟ་ཡི་རྒྱལ་པོ་དང ། །བདུན་གྱི་རྒྱལ་པོ་དེ་ནས་ལྕགས་རྒྱལ་དང ། །དམ་ཚིག་རྡོ་རྗེ་དང་ནི་རྟ་མཆོག་དང ། །དེ་བཞིན་དུ་ཡང་ལས་ཀྱི་རྡོ་རྗེ་ཉིད། །དོན་ཡོད་དང་ནི་དོན་གྲུབ་རྒྱལ་པོ་དང ། །རྡོ་རྗེ་མགྱོགས་འགྲོར་རབ་ཏུ་གྲགས་པའོ།། རྡོ་རྗེ་སེམས་དཔའ་དེ་ནས་རྡོ་རྗེ་ཅན། །རྣམ་པར་རྒྱལ་བ་ཕྱག་ན་རྡོ་རྗེ་དང ། །དཔེ་མེད་རོ་མཉམ་ཤིན་ཏུ་དགའ་བ་དང ། །དམ་པ་དང་པོ་བདེ་བ་ཆེན་པོའོ། །འདོད་ཆགས་ཞེ་སྡང་གཏི་མུག་དང ། །དམ་ཚིག་སེམས་དཔའ་ནོར་བུ་ནི། །འདི་རྣམས་རིགས་ནི་དྲུག་ཏུ་བརྗོད། །འདོད་པའི་ཐར་རབ་སྒྲུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་གྱི་ལེའུ་སྟེ་གསུམ་པའོ།། །།
387a
༄#། །རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་ཉིད། །སྒྱུ་མའི་བརྟག་པ་གཉིས་པ་སྟེ། །རྡོ་རྗེ་གར་ནི་གསུམ་བའོ། །བཞི་པ་སྣ་ཚོགས་བརྟག་པ་སྟེ། །རྡོ་རྗེ་བརྟག་པ་ལྔ་པའོ། །བརྟག་པ་དྲུག་པ་སྟོབས་པོ་ཆེ། །བརྟག་པ་འདུན་པ་མི་གཡོ་མགོན། །བརྒྱད་པ་གཟུགས་ཀྱི་བརྟག་པ་སྟེ། །མཁའ་འགྲོ་ཀུ་རུ་ཀུལླེ་དགུ། །བཅུ་པ་འདུལ་བའི་བརྟག་པ་སྟེ། །རྣམ་བར་སྣང་མཛད་བཅུ་གཅིག་པ། །དངོས་གྲུབ་བརྟག་པ་བཅུ་གཉིས་པ། །སྒྲོལ་མའི་བརྟག་པ་བཅུ་གསུམ་པ། །རྡོ་རྗེ་ཕག་མོ་བཅུ་བཞི་པ། །བཅོ་ལྔ་པ་ནི་གཟི་བརྗིད་ཆེ། །བདག་མེད་བརྟག་པ་བཅུ་དྲུག་པ། །གཤིན་རྗེ་གཤེད་ཀྱི་བཅུ་བདུན་བ། །ཧཱུཾ་མཛད་ལ་ནི་བཅོ་བརྒྱད་པ། །དབྱངས་ཅན་གྱི་ནི་བཅུ་དགུ་པ། །སྦྱིན་སྲེག་བརྟག་པ་ཉི་ཤུ་པ། །རབ་གནས་ཉི་ཤུ་རྩ་གཅིག་པ། །དཀྱིལ་འཁོར་ཆེན་པོའི་བརྟག་པ་ནི། །ཉི་ཤུ་རྩ་ནི་གཉིས་སུ་འདོད། །གཏོར་མའི་བརྟག་པ་ཉི་ཤུ་གསུམ། །ཉི་ཤུ་བཞི་པ་སྟ་གོན་གནས། །མངོན་པར་རྟོགས་པ་ཉི་ཤུ་ལྔ། །དེ་བཞིན་ཕྱག་རྒྱ་ཉི་ཤུ་དྲུག། བྱེད་བ་ཉི་ཤུ་རྩ་བདུན་པ། །ཀླུ་ནི་ཉི་ཤུ་རྩ་བརྒྱད་པ། །གར་གྱི་དབང་ཕྱུག་བརྟག་པ་ནི། །སུམ་ཅུར་གཅིག་མེད་སུམ་ཅུ་པ། །བརྟག་པ་སུམ་ཅུ་པར་ནི་བཤད། །སྟོང་སུམ་ཅུ་ཡི་གྲངས་ཀྱིས་ནི། ། མཁའ་འགྲོ་མཁའ་འགྲོ་མ་རྣམས་ཀྱི། །འབུམ་ཕྲག་ལྔ་ཡི་རྒྱ་མཚོ་ཆེ། །ཀྱེ་ཡི་རྡོ་རྗེ་འཆང་གི་ནི། །རྒྱུད་ནི་ཨེ་མ་རྒྱས་བསྟན་པ། །འབུམ་ཕྲག་ལྔ་བདག་ཀྱེ་རྡོ་རྗེ། །དག་པའི་སྙིང་པོ་ཡོངས་
387b
སུ་གཟུང ། །རྡོ་རྗེ་མཁའ་འགྲོས་གསུངས་པ་སྟེ། །འདི་ནི་རྒྱུད་ཀྱི་ངེས་པའོ། །ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོར་རྒྱལ་བ་རྣམས་ཀྱིས་བཤད། །ཕྱི་ནས་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་བུད་མེད་བཟུང་ཕྱིར་རོ། །བཅོམ་ལྡན་འདས། ཇི་ལྟར་ན་སྤྲོས་པ་ལས་བསྡུས་པ་ལགས། བསྐལ་པ་བཟུང་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་དང་སོ་སོའི་སྐྱེ་བོ་རྣམས་ཚེ་ཐུང་བར་འགྱུར་ན། །ཇི་ལྟར་ན་དེ་རྣམས་འཛིན་པར་འགྱུར། ཇི་ལྟར་ན་དེ་རྣམས་ཐོས་པར་འགྱུར། ཇི་ལྟར་ན་སེམས་པར་འགྱུར། །བཅོམ་ལྡན་འདས། ཇི་ལྟར་ན་སྐྱེ་བོ་ཕལ་པ་ཚེ་ཐུང་བར་འགྱུར། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། རེ་ཞིག་གང་དག་སློབ་དཔོན་རྣམས་སུ་འགྱུར་བ་དེ་རྣམས་རྩ་བའི་ལྟུང་བ་འབྱུང་བར་འགྱུར་བ་དང ། གང་དག་སྤྱོད་པ་པོ་དེ་རྣམས་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་པར་འགྱུར་བ་དང ། གང་དག་སོ་སོའི་སྐྱེ་བོ་དེ་རྣམས་སྲོག་ཆགས་གསོད་པར་འགྱུར་བ་དང ། གང་དག་བུད་མེད་ཀྱི་ཚོགས་རྣམས་གཅིག་ཏུ་འདོད་པ་ལ་ཞེན་པར་འགྱུར་བ་སྟེ། དེའི་ཕྱིར་རྒྱུད་རྣམས་ཐམས་ཅད་རྒྱས་པར་བསྟན་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཛིན་པའི་རྡོ་རྗེ་གསུང་ཐོས་ནས་མཉེས་པར་འགྱུར་ཅིང་དགྱེས་པ་བརྙེས་ནས་ཚིག་འདི་གསུངས་པ། སྙིང་རྗེ་ཆེན་པོ་ཀྱེའི་རྡོ་རྗེ། །ང་ནི་དུར་ཁྲོད་ཆུ་འགྲམ་དང ། །ནགས་ཚལ་སྐྱེ་བོ་མེད་གྲོང་དུ། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །མཚོ་སྐྱེས་རྣམ་པའི་འགྲམ་ཡིད་འོང ། །སྐུ་གདུང་ཟབ་མོའི་མཆོད་རྟེན་དང ། །རྐང་
388a
༄#། །འཐུང་རློན་པའི་འོག་ཏུ་ནི། །ང་ནི་སངས་རྒྱས་དངོས་གྲུབ་སྟེར། །ཚོང་དུས་ཚོང་རྡལ་ཉིད་དང་ནི། །ཚོང་དུས་རྣམ་པའི་ཁྱིམ་དུ་ནི། །རྡོ་རྗེ་ཉི་མ་བརྟན་པ་ང ། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །གླུ་གར་རབ་ཏུ་འཆིང་བ་དང ། །ཆང་ཚོང་མ་ཡི་ཁྱིམ་དུ་ནི། །འདི་ལྟར་པདྨ་གར་མཁན་ང ། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །རྟག་ཏུ་འགྲོ་མགྱོགས་ཞོན་འགྱུར་དང ། །རེས་འགའ་ལམ་དུ་འགྲོ་བ་ན། །རྟ་ནི་དོན་ཡོད་བརྟན་པ་ང ། །དངོས་གྲུབ་རྡོ་རྗེ་རྣམས་སྟེང་རོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཆེན་པོ་མཁའ་འགྲོ་མ་རྡོ་རྗེ་གུར་ཕྱག་རྒྱ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཕྱག་རྒྱ་དང་ཕྱག་མཚན་ཡང་དག་པར་བཤད་པ། སྐུ་གསུང་ཐུགས་ཀྱི་བརྟག་པ་ལས། །ཕྱག་རྒྱ་རྣམ་གསུམ་ཤེས་པར་བྱ། །སྐུ་ལ་ལག་པའི་ཕཡྒ་རྒྱ་ཡིན། །སྔགས་བཟླས་པ་ལས་ངག་ཕྱག་རྒྱ། །སེམས་ལ་མཚན་མའི་ཕཡྒ་རྒྱ་ཡིན། །དེ་ཉིད་བསམ་གཏན་དཀྱིལ་འཁོར་ལའོ། །ལག་པ་གཡས་ན་སྐམ་པ་སྟེ། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། །མཁའ་འགྲོ་སྐམ་པ་མ་འཇིགས་མ། །གདུག་པ་རྣམས་ཀྱི་འཁུར་བ་འདོན། །གཡས་པའི་ལག་ན་ཞགས་པ་སྟེ། །གདུག་པ་རྣམས་བཅིང་རྣམ་པར་དགུག། དེ་འདི་ཞགས་པ་མ་ཤེས་བྱ། །གཡོན་པས་གདུག་པ་སྡིགས་མཛུབ་མ། །གཡས་ན་ཉ་རྒྱ་ཟླུམ་པོ་སྟེ། །གདུག་པ་རྣམས་ནི་བཀྲི་བར་འདོད། །འདི་ནི་རྟག་ཏུ་དོལ་ཟླུམ་བཤད། །གཡོན་པས་
388b
གདུག་པ་སྡིགས་མཛུབ་མཛད། །ལག་པ་གཡས་པར་ལྕགས་ཀྱུ་སྟེ། །གདུག་པ་རྣམས་ནི་དགུག་པར་འདོད། །འདི་དེ་རྡོ་རྗེ་ཀྱོ་མར་བཤད། །གཡོན་པས་བདུད་ལ་སྡིགས་མཛུབ་མ། །ལག་པ་གཡས་པ་ཉི་མ་སྟེ། །གཏི་མུག་མུན་པ་རྣམ་པར་དྲལ། །གཡོན་པས་སྡིགས་མཛུབ་མར་ནི་བཤད། །དེ་ནི་རྡོ་རྗེ་ཉི་མར་བརྗོད། །ལག་གཡས་མར་མེའི་སྡོད་སྣོད་དེ། །དེ་བཞིན་གཡོན་པར་སྡིགས་མཛུབ་པོ།། འདི་དེ་རྡོ་རྗེ་མར་མེར་བཤད། །རྣམ་པར་རྟོག་པའི་རབ་རིབ་འཇོམས། །ལག་པ་གཡས་ན་རིན་པོ་ཆེ། །སེམས་ཅན་རྣམས་ལ་སྦྱིན་པ་སྟེར། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །རིན་ཆེན་སྒྲོལ་མ་འདི་རབ་བརྗོད། །གློག་ནི་ལག་པ་གཡས་པར་ཏེ། །རྣམ་པར་རྟོག་པའི་ཆུ་འཛིན་འཇོམས། །དེ་འདི་གློག་ལག་མར་ཤེས་བྱ། དེ་བཞིན་གཡོན་པས་སྡིགས་མཛུབ་མ། །ལག་པ་གཡས་པར་པདྨ་སྟེ། །པདྨའི་འདོད་ཆགས་བརྗོད་པར་བྱ། །གཡོན་པས་སྡིགས་མཛུབ་མ་ཉིད་དེ། །འདི་ནི་མཁའ་འགྲོའི་པདྨར་བརྗོད། །གཡས་པར་བྷ་གའི་པདྨ་སྟེ། །བདེ་བ་ཆེན་པོ་རྣམ་པར་འཕེལ། ། གཡོན་ན་སྡིགས་མཛུབ་འཛིན་མ་སྟེ། །འདི་ནི་ཆོས་འབྱུང་མར་ནི་བརྗོད། །གཡས་པའི་ལག་ན་ལྕགས་སྒྲོག་སྟེ། །བྱང་ཆུབ་ཞེན་པས་ཀུན་འཆིང་པ། །གཡོན་ན་སྡིགས་མཛུབ་འཛིན་མ་སྟེ། ། འདི་ནི་རྡོ་རྗེ་སྒྲོག་མར་བརྗོད། །སངས་རྒྱས་རྗེས་ཆགས་འཆིང་བ་ཡིས། །བདག་ཉིད་འཁྱུད་པར་འདོད་པ་སྟེ། །བྱང་ཆུབ་ཆགས་པོས་རབ་སྒྲུབ་མ། །དེ་འདི་རྡོ་རྗེ་འཁྱུད་མར་བཤད། །གཡས་
389a
༄#། །པའི་ལག་ན་སྒོ་ལྕགས་ཏེ། །ཡེ་ཤེས་ཀུན་གྱི་སྲུང་བ་མོ། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །འདི་དེ་རྡོ་རྗེ་སྒོ་ལྕགས་བརྗོད། །གཡས་པའི་ལག་ཏུ་ལྡེ་ཀྱོག་སྟེ། ། ཡེ་ཤེས་བླངས་ནས་གཅོད་པ་མོ། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །འདི་དེ་རྡོ་རྗེ་ལྡེ་ཀྱོག་བརྗོད། །གཡས་པའི་ལག་ཏུ་སྒོ་མོ་ནི། །ཡེ་ཤེས་སྐྱེས་པ་མ་སྤངས་པ། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །འདི་ནི་རྡོ་རྗེ་སྒོ་མར་བརྗོད། །ལག་པ་གཡས་པར་ཡོལ་བ་ནི། །རང་མཚུངས་བཙུན་མོ་སྲུང་བ་ཉིད། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །རྡོ་རྗེ་ཡོལ་བ་མར་ནི་བརྗོད། །དེ་འདི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་འགྲོ་མ་ནི་དམ་པའི་ཚོགས། །མཁའ་འགྲོ་ལྔ་ནི་རབ་བསྒྲུབ་ཕྱིར། །མཁའ་འགྲོ་མ་ཡི་རྒྱུད་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་མཁའ་འགྲོ་མའི་རྡོ་རྗེའི་གསུང་ཐོས་ནས་ངོ་མཚར་སྐྱེས་པར་གྱུར་ཏེ། །བཅོམ་ལྡན་འདས་ཕྱག་རྒྱ་འཕྲོག་པ་འདི་ཅི་ཉི་ཚེ་བའི་དམ་ཚིག་ཕྱག་རྒྱ་འཕྲོག་པ་ལགས་སམ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་བ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས། འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་རྡོ་རྗེ་ངེས་པར་བརྗོད་པ་ཞེས་བྱ་བའི་ལུང་བསྟན་པ་ཡོད་དེ། འདི་ནི། དེའི་ཡིན་ཏེ། ཌཻ་བཻ་ཧ་ཡ་ས་ག་མ་ནེའི་སྐད་ཀྱི་བྱིངས་འདིར་རྣམ་པར་རྟོགས་པ་སྟེ། ཐམས་ཅད་ཀུན་ཏུ་ནམ་མཁར་སྤྱོད་པར་གྲུབ་
389b
པས་འདི་ནི། མཁའ་འགྲོ་མར་རབ་ཏུ་གྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་ཚིག་འདི་ཐོས་ནས་དགའ་བ་དང་མགུ་བ་ཉེ་བར་སྐྱེས་པར་གྱུར་པ་དང་ཚིག་འདི་གསོལ་པ། །ེ་མ་མཁའ་འགྲོ་མ་ཡི་རྒྱུད། །རྒྱུད་ཀུན་ལས་ནི་ཕྱི་མ་དང ། །རྟོགས་སླ་རྟོགས་པར་དཀའ་བ་དང ། །རིག་དང་མི་རིག་པ་ཉིད་པའོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐུལ་བའི་ཕྱིར་འདི་སྐད་གསུངས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་འདི་ལ་རྡོ་རྗེ་གུར་རྒྱུད་ཀྱི་རྒྱལ་པོ་འདིར་ཇི་ལྟར་རྣལ་འབྱོར་མ་རྣམས་དང ། །མཁའ་འགྲོ་མ་རྣམས་ཀྱི་བསྡུ་བ་ཡིན། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། །སྒོ་ང་ལས་སྐྱེས་པ་ལ་སོགས་པ་མཐའ་ཡས་པ་ངས་སྲིད་པ་ལས་བསྒྲལ་བར་བྱའོ། །ཞེས་སྨོན་ལམ་སྔོན་དུ་འགྲོ་བའི་བྱང་ཆུབ་གོང་དུ་རྡོ་རྗེ་འཛིན་པས་གསུངས་ན། ཅིའི་ཕྱིར་ན་སྲོག་ཆགས་རྣམས་གསད་པ་དང ། གཅིག་ཏུ་འདོད་པའི་བཙུན་མོ་རྣམ་སྦངས་ལགས། ལྟ་བ་རྣམས་ལས་ལོག་རྣམས་དང ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །མཁའ་འགྲོ་མ་ཡི་རྒྱུད་བཤད་དོ། །བདེ་བའི་ཐབས་ནི་འདོར་བསྡུས་པ། །གཞུང་ཉུང་དོན་ནི་རྒྱས་པ་སྟེ། །བློ་དམན་རབ་ཏུ་སང་བྱེད་པ། །རྒྱུད་ཀུན་གྱི་ནི་སྙིང་པོར་ངེས། །སྔགས་རྣམས་ཀྱི་ནི་ཁྱད་བར་དུའོ། །རྡོ་རྗེ་ངེས་པར་བརྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འདི་ནི་བཤད་པ་
390a
༄#། །ཙམ་གྱིས་ནི། །བདག་མེད་རྣལ་འབྱོར་མ་ཉིད་ཀྱིས། །སྔོན་དུ་གར་གྱིས་མཆོད་བྱས་ཏེ། །རང་གི་འཁོར་ལོ་འདི་གསུངས་པ། །སངས་རྒྱས་རྡོ་རྗེ་སེམས་དཔའ་དང ། ། གལ་ཏེ་རྡོ་རྗེ་ཆོས་དང་ནི། །རྟ་མཆོག་རྡོ་རྗེ་ཉི་མ་ཡང ། །བདག་གིས་སྤངས་ན་མི་འགྲུབ་སྟེ། །ང་ཉིད་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱི་གཟུགས་ཀྱིས་སྐྱེད་པར་བྱེད། །དེ་རྣམས་ཀྱི་ནི་མཛེས་མ་ང ། །དེ་ལ་ང་ནི་དངོས་གྲུབ་སྟེ། །མིག་སྨན་དང་ནི་རྐང་བྱུག་དང ། །རལ་གྲི་འོག་སྒྲུབ་པ་དང ། །རིལ་བུ་མཁའ་ལ་སྤྱོད་པ་དང ། །མི་སྣང་བ་དང་བཅུད་ཀྱིས་ལེན། །རིག་འཛིན་འཁོར་ལོས་བསྒྱུར་ཉིད་དང ། །བུ་མོ་དམ་པ་དགུག་པ་ནི། །བདག་མཉེས་པས་ནི་སྒྲུབ་པ་པོས། །དངོས་གྲུབ་རྡོ་རྗེ་རྣམས་ཐོབ་བོ། །སྤྲོས་པ་རྣམ་པ་མང་པོར་ནི། །སྨྲས་པ་འདིར་ནི་ཅི་ཞིག་བྱ། ། བདག་སྤངས་ངེས་པར་མི་འགྲུབ་ཅིང ། །བྱང་ཆུབ་མེད་ཅིང་སྒོམ་པ་མེད། །གང་ཞིག་རྟག་ཏུ་བདག་དྲན་ཞིང ། །རྟག་ཏུ་ཀློག་ཅིང་སེམས་པ་དང ། །སྔགས་ཀྱི་ཕྲེང་བ་བཟླས་པ་དང ། །ང་ཡི་སྐུ་ནི་སྒོམ་བྱེད་པ། །གལ་ཏེ་སྒྱུ་མའི་ཚུལ་གྱིས་སམ། །གལ་ཏེ་རྨི་ལམ་འདྲ་བར་ལྟ། །ཤིན་ཏུ་བསྒོམས་པའི་རིམ་པ་ལས། །མངོན་སུམ་དུ་ནི་མཐོང་བར་འགྱུར། །གཟུགས་བརྙན་རབ་ཏུ་སྦྱོར་བ་ལས། །དེ་ཡི་དངོས་གྲུབ་སྦྱིན་པར་བྱ། །རྡོ་རྗེ་པདྨ་རབ་སྦྱོར་བས། །ཤིན་ཏུ་བདེ་ཆེན་སྦྱོར་བ་ལས། །གང་ཞིག་བདག་ལ་འདོད་སྟེར་བ། །ལུས་ཅན་དེ་ལ་སྨོས་ཅི་དགོས། །གང་ཞིག་ཉི་མ་
390b
གཅིག་སྒོམ་པ། །རྡོ་རྗེའི་མཆོད་པའི་སྦྱོར་བ་ལས། །ཤེས་རབ་ཕ་རོལ་ཕྱིན་དངོས་གྲུབ། །སྟེར་ཏེ་འདི་ལ་ཐེ་ཚོམ་མེད། །བདག་ཉིད་ཧེ་རུ་གར་བྱས་ཤིང ། །རང་གི་བཙུན་མོ་རང་བསྒོམས་ནས། །གང་ཞིག་རྣལ་འབྱོར་ཆེར་འདོད་པ། །དེ་རྣམས་ལ་ནི་ང་མཉེས་འགྱུར། །འདོད་པའི་ཡོན་ཏན་ལྔ་ལྡན་ཞིང ། །སྤྲོ་བ་དགའ་བར་ལྡན་པ་དང ། །གླུ་གར་རོལ་སྒྲའི་རྣམ་པ་དང ། །འདོད་ཀུན་བདེ་བ་སྤྲོ་བ་དང། །སྣ་ཚོགས་སྒེག་པར་ལྡན་པ་དང ། །སྣ་ཚོགས་རོ་ཡི་བཏུང་བ་དང ། །སྣ་ཚོགས་གོས་ནི་རི་མོ་ཅན། །སྣ་ཚོགས་དྲི་ཡི་བྱུག་པ་ཡིས། །གང་ཞིག་བདག་དང་རྟག་ཉལ་བ། །དེ་ཡི་དངོས་གྲུབ་སྟེར་བ་ང ། །ཕྱག་རྒྱ་ཆེན་པོའི་གནས་འདུག་པ། །དེ་ཡི་འདོད་པ་མར་གྱུར་ཏོ། །ོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་སཝཱཧཱ། གང་ཞིག་འདིས་བསྐུལ་བར་བྱེད་པའི་རྒྱལ་བའི་སྲས་དེ་རྣམས་ཀྱི་ལག་ཏུ་བུད་མེད་ཀྱི་སྒྱུ་མའི་བདེ་བ་ཡང་དག་པར་གནས་ཀྱི་འདུག་གོ། །རྡོ་རྗེ་མ་ནི། ཤར་དུ་སྦྱིན་པར་བྱའོ། །ལྷོ་ཕྱོགས་སུ་དཀར་མོའི་གཟུགས་ཅན་མའོ། །ནུབ་ཕྱོགས་སུ་ནི་ཆུའི་མཁའ་འགྲོ་མའོ། །བྱང་དུ་ནི་རྡོ་རྗེ་མཁའ་འགྲོ་མའོ། །ང་དབུས་སུ་བཞག་སྟེ་སྙིང་པོ་དང་བཅས་པའི་དཀྱིལ་འཁོར་དུ་གང་ཞིག་བསམ་པར་བྱེད་པ་དེའི་བདག་མཛེས་མ་སྟེ། །ཕཡྒ་གཉིས་མ་ཞལ་གཅིག་མའོ། །གྲི་གུག་དང་སྐྱེས་པའི་ཐོད་པས་བྲེལ་བ། སྟག་གི་པགས་པ་བགོས་པ། སྤྱན་གསུམ་པ། སྐྲ་གྱེན་དུ་བརྫེས་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ཤར་གྱི་སྒོར་ནི་
391a
༄#། །དཀར་མོ་ཆེན་མོའོ། །ལྷོར་ནི་ཆོམ་རྐུན་མའོ། །ནུབ་ཕྱོགས་ཀྱི་སྒོར་ནི་ཆུ་མའོ། །དེ་བཞིན་བྱང་དུ་ནི་གྷསྨ་རཱའོ། །དབང་ལྡན་དུ་ནི་བུཀྐ་སཱིའོ། །འཚེད་པའི་མཚམས་སུ་ནི་རི་ཁྲོད་མའོ། །སྲིན་མོའི་ཕྱོགས་སུ་ནི་གདོལ་པ་མོའོ། །རྟག་ཏུ་འགྲོ་བར་ནི་གཡུང་མོའོ། །འདི་རྣམས་ནི། མཚམས་དང་བྲལ་དུ་སྦྱིན་ནོ། །གང་ཞིག་བདག་རབ་ཏུ་སྒོམ་པར་བྱེད་པ་དེའི་ལག་མཐིལ་དུ་ཕྱིན་པའི་དཔལ་སུས་ཀྱང་དབྲོག་པར་མི་ནུས་སོ། །ཐམས་ཅད་ཀྱང་ཁ་དོག་ནག་པོར་མཚུངས་པ་རབ་ཏུ་སྟོན་པའི་སྟེང་དུ་གར་དང་བཅས་པ་ཁྲོ་མོ་ཆེན་མོ་དཔལ་མོ་གཡོན་པ་ཁ་ཊྭཱཾ་ག་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་མཁའ་འགྲོ་མའི་རྡོ་རྗེ་གུར་མཆོག་ཏུ་དགའ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ་རིག་མའི་དབང་ཡང་དག་པར་བཤད་པ། རང་གི་རིག་མ་སྐྱེས་བུའི་ཆུས། །བུམ་པ་བརྒྱད་པོ་ཐམས་ཅད་ཀྱིས། །རྡོ་རྗེ་ཐུགས་ནི་རབ་བསྒོམས་པས། །རྡོ་རྗེ་ཅན་བསམ་དབང་བསྐུར་བྱ། རྡོ་རྗེ་ཉི་མ་རབ་བསྒོམས་པ། །དེར་ནི་དབུ་རྒྱན་སྦྱིན་པར་བྱ། །ཐམས་ཅད་སྔོན་སྦྱིན་དེ་བསམས་ནས། །རྡོ་རྗེའི་ཚིགས་བཅད་སྦྱོར་བ་ལས། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །སྙིང་གར་རང་གི་ལག་པས་བྱ། །སློབ་མ་འཇིག་རྟེན་དབང་ཕྱུག་བྱས།། རྡོ་རྗེ་སེམས་དཔའ་དབང་བསྐུར་བྱ། །སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ནི་དབང་བསྐུར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །བཟང་བསྒྲུབ་ཕྱིར་ནི་རྡོ་རྗེ་གཟུང ། །
391b
\?\་མ་ལྕགས་མཆོག་ལྷ་མོ་ནི། །སྒྲོལ་མས་འཁྱུད་པར་བསམ་པར་བྱ། །ལག་པས་རྡོ་རྗེ་དྲིལ་འཁྲོལ་ཞིང ། །རྡོ་རྗེ་བདག་པོས་དབང་བསྐུར་བྱ། །ོཾ་བཛྲ་དྷཱི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི་ཏིཥྛ། བཛྲ་ས་མ་ཡ་སྟྭཾ།་སློབ་མ་རྣམ་སྣང་བྱས་ནས་ནི། །མིང་གིས་ཀྱང་ནི་དབང་བསྐུར་བྱ། །ོཾ་བཛྲ་ས་ཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏ། ཀྱེ་ཆེ་གེ་མོ་རྡོ་རྗེ། གང་གང་ཀུན་གྱིས་རང་གཙོར་གྱུར། །དེ་དེ་བདག་ཉིད་ཧེ་རུ་ཀ་།སངས་རྒྱས་ཡེ་ཤེས་འབྱུང་བའི་ཕྱིར། །ཆོས་ཀྱི་རང་བཞིན་དག་པའོ། །འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྡོ་རྗེ་སྙིང་པོ་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང ། །ོཾ་བཛྲ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ས་མ་ཡ་སྟྭཾ་ཨེ་ཥོ་ཧཾ་སྟྭཾ་དྷཱ་ར་ཡཱ་མི་ཧཱིཿ ་ཧི་ཧི་ཧི་ཧི་ཧི་ཧཱུཾ། ཀུན་ཀྱང་ཆོག་གཅིག་པ་ཡིས། །རྟག་ཏུ་བླ་མེད་མཆོད་པས་ནི། །སློབ་མ་རྡོ་རྗེ་བརྟུལ་ཞུགས་སྦྱིན། །ཕྱིས་ནི་རྡོ་རྗེ་ལ་གནས་ལག་།སེམས་དཔའ་ཐོག་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་དགའ་ཆེན་པོ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག། རྡོ་རྗེ་སྙིང་པོའི་བདག་པོའི་བདག་།ཡང་ནི་དར་ནི་དྲིལ་བུ་སྦྱིན། །ཤེས་རབ་ཕ་རོལ་ཕྱིན་སྐྱེས་པའི། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །རྒྱལ་བས་བྱང་ཆུབ་མཆོག་བརྗོད་པ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང ། །དབུགས་འབྱིན་ཐམས་ཅད་བྱིན་
392a
༄#། །ནས་ནི། །ཤཱཀྱ་ཐུབ་པར་རང་གྱུར་པས། །སློབ་མ་ཆེན་པོ་ལུང་བསྟན་ཏེ། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཁྱོད་ཀྱིས་འཆི་འཇིགས་མྱ་ངན་མེད། །དེ་བཞིན་ནད་དང་ཚ་བ་མེད། །བདེ་ཆེན་ཐེག་པ་ཆེན་པོ་ནི། །འདི་ལས་ང་ཡིས་ལུང་བསྟན་བུ། །ོཾ་ཨེ་ཥོ་ཧཾ་བྱ་ཀ་རོ་མི་སྟྭཾ་བཛྲ་སཏྭ་ཏ་ཐཱ་ག་ཏ། སྲིད་པའི་ངན་འགྲོ་ལས་བསྒྲལ་ཏེ། །ཤིན་ཏུ་སྲིད་པའི་དངོས་གྲུབ་ཕྱིར། །ཀྱེ་འགྲུབ་འགྱུར་དེ་བཞིན་གཤེགས་པ་ཡི། །མིང་ནི་རྡོ་རྗེ་ཞེས་བྱར་འགྱུར། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རིག་མ་ཆེན་མོའི་དབང་གི་དམ་ཚིག་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེ་སྟོན་པ་པོས་དམ་ཚིག་རྡོ་རྗེ་ཞེས་བྱ་བ་བཏོན་ཏེ་ཚིག་འདི་སྐད་དཀའ་སྩལ་བ། བླ་མ་རྡོ་རྗེ་རྣམས་མཆོད་ཅིང ། །བདུན་པོ་རྣམ་པར་དག་པར་བྱ། །བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །ཆོས་ཀྱི་འབྱུང་གནས་རྣམ་པར་བསྒོམ། །དེ་ལ་སངས་རྒྱས་གནས་བསམས་ནས། །རྣམ་པ་ལྔ་ནི་བསྒོམ་པར་བྱ། །དང་པོ་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་མཉམ་བར་ཞུགས་པ་ནི། །ཁུ་བར་རྗེས་སུ་དྲན་པར་བྱ། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །འཁོར་ལོའི་འདྲེན་པ་བསྐུལ་ནས་ནི། ། མིག་ལ་སོགས་པ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོང ། །ཕྱི་ནས་རྗེས་ཆགས་རྡོ་རྗེ་སྟེ། །ཡེ་ཤེས་རྣམ་པར་གཞུག་པ་དང ། །དབང་ནི་རིག་མ་བརྒྱུད་རྣམས་ཀྱི། །
392b
ཡང་ནི་བདུད་རྩི་མྱང་བ་དང ། །ལྷ་མོ་བརྒྱད་ཀྱི་མཆོད་པ་ཉིད། །འཁོར་ལོའི་འདྲེན་པ་བསྟོད་པའོ། །རང་བྱིན་བརླབ་པས་བྱིན་བརླབས་ཏེ། །དེ་ལ་ཡན་ལག་དྲུག་བསྒོམ་བྱ། །ཕྱི་ནས་ཡང་ནི་དམ་ཚིག་གི་།ཆོ་གའི་གོ་རིམ་རིམ་པ་ཡིས། །མཚན་མ་ཡང་དག་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་ཡིན། །བཞི་པ་མར་མེ་ཉེ་འབར་བ། ། ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འགྱུར་བ་ཡིན། །ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །མ་ལུས་ལུས་པ་མེད་པར་འགྲུབ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་ཅན་རྣམས། །ཡེ་ཤེས་ཕུང་པོའི་བློ་ལྡན་པ། །དེ་ཡི་རྗེས་སུ་ཐམས་ཅད་འབྲང ། །ཇི་སྲིད་སྐྱེ་གནས་ལས་བྱུང་བ། །ཁམས་གསུམ་ལམ་ནི་ཉམས་དགའ་བར། །ཕྱག་རྒྱ་ཆེན་པོ་རབ་སྦྱར་བས། །དེ་རྣམས་ཐམས་ཅད་བཟའ་བར་བྱ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ཚིག་གི་རྡོ་རྗེ་རྣམ་ཐོས་ནས། །དགའ་ཞིང་རངས་པར་གྱུར་ནས་ནི། །སྨྲ་བའི་རྡོ་རྗེ་མཛད་པར་ལྡན། །རིག་མ་ཆེན་མོ་བདག་མེད་དང ། །རྡོ་རྗེ་རྣམ་སྣང་མངའ་བདག་དང ། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་དང ། །རྟ་མཆོག་ཐུབ་པ་ཆེན་པོ་དང ། །རྡོ་རྗེ་ཉི་མ་གཟི་བརྗིད་ཆེ། །རྟ་མགྲིན་མངའ་བདག་ཆེན་པོ་ནི། །སྐུ་གསུང་ཐུགས་ནི་ཉིད་དང་ཡང ། །
393a
༄#། །ལུས་ཀྱི་གོང་བུ་འགུལ་བར་འགྱུར། །ལན་གཅིག་རྒྱལ་པོ་སྟོན་པ་ཡིས། །འཕྲལ་དུ་མངོན་སུམ་བྱེད་པའོ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་སྐུ་གསུམ་མཆོག་གི་རྡོ་རྗེ་འཛིན་པ་ཆེན་པོ་མཉམ་པ་ཉིད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞུགས་ཏེ་ཚིག་འདི་སྐད་གསུངས་སོ། །མ་མོའི་དཀྱིལ་འཁོར་ལ་ཞུགས་པ། །ཞལ་བརྒྱད་པ་ལ་སྟོབས་པོ་ཆེ། །ཕྱག་ནི་བཅུ་དྲུག་རྣམས་དང་ལྡན། །དབང་པོ་སྔོན་པོ་མཚུངས་པའི་འོད། །གཟི་བརྗིད་ཆེན་པོ་ཞབས་བཞི་དང ། །སྒེག་ཅིང་ཁྲོ་བོའི་གཟུགས་ཅན་ཏེ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །རུས་པའི་རྒྱན་གྱིས་རྣམ་པར་བརྒྱན། །དང་པོའི་ཞལ་ནི་ནག་པོ་སྟེ། །དཀར་པོ་དམར་པོས་རྣམ་པར་བརྒྱན། །ལྷག་པའི་ཞལ་ནི་བུང་བ་བཞིན། །བདུད་བཞི་མཉམ་པར་མནན་པ་སྟེ། །སྤྱི་བོར་རྡོ་རྗེ་འཛིན་པ་མཆོག། དེར་ནི་རྡོ་རྗེ་མདོག་ནག་པོ། །འོད་ཟེར་ཆེན་པོའང་བསྒོམ་པར་བྱ། །དབང་བསྐུར་བ་ཡི་གནས་ཉིད་དུ། །སངས་རྒྱས་ལྔས་ནི་རྣམ་པར་བརྒྱན། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། ། གཡས་པའི་ཐོད་པ་བརྒྱད་དུ་ནི། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་རླུང་དང་ནི། །དྲོད་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ནའོ། །སྐྱེས་བུ་ཆེན་པོ་བཞེངས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཏི་མུག་རྡོ་རྗེ་མིག་ལ་དགོད། །ཞེ་སྡང་རྡོ་རྗེ་རྣ་བ་ལ། །སེར་སྣ་འདོད་ཆགས་དེ་བཞིན་དུ། །རེག་དང་བདག་མེད་
393b
བསྒོམ་པར་བྱ། །ཕྱག་གཉིས་ཞལ་ནི་གཅིག་པ་ཡིན། །སྣ་ཚོགས་གཟུགས་མ་བཙུན་མོ་ཉིད། །ལག་པ་གྲི་གུག་ཐོད་པས་བྲེལ། །སྲོག་སོང་སྟེང་དུ་ཡང་དག་གནས། །ས་སྤྱོད་མཁའ་སྤྱོད་མ་ཉིད་དང་།། དེ་བཞིན་རྐང་འོག་གནས་པ་མོ། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །གནས་གསུམ་དུ་ནི་གནས་པར་བསྒོམ། །ོཾ་མཛད་རྒྱལ་པོ་ཆེན་པོ་ནི། །སྐུ་ཡི་རྡོ་རྗེ་རྣམ་པར་བརྒྱན། །ཐུགས་ཀྱི་རྡོ་རྗེ་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའི་གནས་ན་བཞུགས། ། ནི་མཆོག་གི་དེ་ཉིད་དེ། །ངག་གི་ལམ་ནི་གསལ་བྱེད་བརྗོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཆོས་ཅན་ལས་ནི་རིགས་གསུམ་འབྱུང ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །དཀར་མོ་གཟུགས་ཅན་བསྒོམ་པར་བྱ། །ལྕགས་ཀྱུའི་སྡིགས་མཛུབ་འཛིན་པའོ། །ཁ་དོག་དཀར་མོ་འོད་ཆེན་མོ། །དཀར་མོ་རྡོ་རྗེ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དམར་པོ་དཀྱིལ་འཁོར་དབུས་གནས་པར། །ཆོམ་རྐུན་མ་ཡི་གཟུགས་ཅན་བསྒོམ། །བཙོམ་གསེར་གྱི་མདོག་འདྲ་བ། །རྡོ་རྗེ་ཞགས་པ་མཚོན་ཆེན་པོ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །རོ་ལངས་མ་ནི་ཁྲག་དང་མཚུངས། །རྡོ་རྗེ་ལྕགས་སྒྲོག་ང་རྒྱལ་བྱེད། །བྱང་ཆུབ་འཆིང་བར་མཛད་པ་མོ། །འོད་ཀྱི་དཀྱིལ་འཁོར་དབུས་གནས་པར། །དེ་ནས་གྷསྨ་རཱི་བསྒོམ་བྱ། །རྡོ་རྗེ་དྲིལ་བུས་ལག་བ་བྲེལ། །མརྒད་ཨུཏྤལ་འདྲ་བའོ། །རྡོ་རྗེ་སྒེ་སྐྱོང་མ་རྡོ་རྗེ་བཙོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མཚམས་སུ་ལྷ་མོ་བཞི་རྣམས་ནི། །ཆོ་གའི་སྦྱོར་བས་བསྒོམ་པར་བྱ། །བྱང་སེམས་
394a
༄#། །བུམ་པ་རི་རབ་དང ། །མེ་ཡི་ཐབ་ཁུང་རྒྱལ་མཚན་ཆེ། །ཕྱི་བཅས་གཉིས་མེད་རྣལ་འབྱོར་པས། །མགོན་པོ་དེ་ལྟར་བསྒོམ་བར་བྱ། །འདོད་ཆགས་ཆེན་པོ་རྗེས་ཆགས་པས། ། དབའ་རླབས་མེད་པའི་བདེ་བ་འཐོབ། །འབྱུང་བ་བཞིའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་ཐེག་པ་གསུམ་གྱི་དམ་པ་སྟོན་པ་པོ་ཐམས་ཅད་ཀྱི་རྣམ་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ་དབྱངས་འདི་གསུངས་པ། ཧཱུཾ་ལས་བྱུང་བའི་ཁྲོ་པོ་ནི། །རྟག་ཏུ་ཞེ་སྡང་ལྡན་པའོ། །ནང་དུ་མ་རུངས་སེམས་ཀྱིས་ནི། །རབ་ཏུ་འབད་པས་བསྒྲུབ་པར་བྱ། །ན་མཿ ་ས་མནྟ་བུདྡྷེ་བྷྱོ། །ན་མོ་བཛྲ་མུད་ག་ར་ཧསྟྭ་ཡ་ཙཎྚ་མཎྜ་ལཱཀྵེ་པ་ཀ་རཱ་ཡ་ཧཱུཾ་ཕཊ། དེ་ནས་འདིར་ཁྲོ་བོ་ཆེན་པོ་བཤད་པ་ཙམ་གྱིས་སངས་རྒྱས་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་རྣམས་འཇིགས་ཤིང་འདར་བར་གྱུར་ནས་མངའ་བདག་རྡོ་རྗེ་འཛིན་པ་དྲན་པར་བྱེད་དོ། །སྐྱེས་བའི་པདྨ་གས་ཆགས་མེད། །སྲུབ་གཅིག་པ་དང་སྲུབ་གཉིས་པ། །རིག་མ་བཞི་ཡི་རབ་སྦྱོར་བས། །སངས་རྒྱས་ཀུན་གྱིས་རབ་ཏུ་དགང ། །རྐང་རྗེས་རྡུལ་གྱི་སྦྱོར་བ་ཡིས། །རྐང་བས་མནན་ཅིང་བསྡིག་པར་བྱ། །སྐུ་གསུམ་བསྐྱེད་པའི་སྒོམ་པ་ཡིས། །བུ་མོ་ཆེན་མོ་དགུག་པར་བྱ། །གཤིན་རྗེ་གཤེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ན་མཿ ་ས་མནྟ་བུདྡྷེ་བྷྱོ། མ་ཧཱ་ད་ཎྜ་དྷ་ར་བི་བི་དྷ་སཱུ་རཱ་སུ་ར་མརད་ན་བྷཱུ་ཏནྣི་རྨྨ་ཐ་ཧཱུཾ་ཕཊ། དེ་ནས་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྟོབས་པོ་ཆེ་བཤད་
394b
པས་བྱང་ཆུབ་སེམས་དཔའ་རྣམས་དང ། དེ་བཞིན་དུ་གཞན་རྣམས་ཀྱང་འདར་བར་གྱུར་ཅིང་དེ་དྲན་པར་བྱེད་དོ། །འབྱུང་པོ་ཡི་དྭགས་ཤུ་ཟ་ཉིད། །མཁའ་འགྲོ་གྲུལ་བུམ་ཟིན་པ་ལ། །ཧཱུཾ་གིས་དྲེགས་བྱས་ཕྱག་རྒྱས་གདབ། །རྡོ་རྗེ་བཙིར་བས་བདེ་བ་ཉིད། །གཞན་གྱིས་མི་ཐུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ན་མཿ ་ས་མནྟ་བུདྡྷེ་བྷྱོ། །ོཾ་ཧུ་ལུ་ཧུ་ལུ། མཧཱ་པདྨ་ཨ་མྲྀ་ཏི་ཀུ་རུ་མ་ཧཱ་པི་ཥཱ་ན་ཨཱཿ ་བཙན་དུག་ཆེན་པོ་དགུག་པར་བྱའོ། །བརྒྱལ་བ་བསླང་བ་དེ་བཞིན་ནོ། །པདྨའི་དྲེགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ན་མཿ ་ས་མནྟ་བུདྡྷེ་བྷྱོ། །ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾ་ཥྚོཏྐ་ཊ་བྷ་ར་ཝཱ་ཡ། བཛྲ་སནྡོ་ཧ་དརྦྤཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། དེ་ནས་ཁྲོ་བོ་བགེགས་འཇོམས་རྡོ་རྗེ་བཤད་པས་སངས་རྒྱས་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་རྣམས་ཡིད་མི་དགའ་བར་གྱུར་ཏོ། །རླུང་གིས་བཏེག་པ་པོ་དང ། རྐང་རྗེས་ཀྱི་རྡུལ་བླངས་ནས་བསྒྲུབ་བྱ་དེའི་མིང་བྱང་བཟུང་སྟེ་ཚོགས་ཀྱི་བདག་པོའི་རྐང་པའི་འོག་ཏུ་དགོད་ཅིང་ཧཱུཾ་ཕཊ་ཅེས་བྱ་སྟེ། ཧཱུཾ་གིས་ང་རྒྱལ་བྱས་ནས་རྡོ་རྗེ་བདུད་རྩིའི་ཏིང་ངེ་འཛིན་ལས་སྐྱེས་པ་ཁྲོ་བོའི་སྔགས་ཀྱིས་རབ་ཏུ་སྦྱོར་བས་སངས་རྒྱས་རྣམས་ཀྱང་སྐོད་པར་བྱེད་དོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཤིན་ཅུ་ལེགས་བར་གསང་བར་ནི། །བྱ་བ་འདི་ནི་རབ་བསྐུལ་བར། །ཡེ་ཤེས་རྡོ་རྗེས་བྱ་བ་སྟེ། །ཉི་མ་བདུན་གྱིས་འགྲུབ་པར་འགྱུར། །ན་མཿ ་ས་མནྟ་བུདྡྷེ་བྷྱོ། །ོཾ་ཡ་མ་དཎྜཱ་ཡ། ནཱི་ལཱ་ཡ། ནཱི་
395a
༄#། །ལ་ད་ཎྚཱ་ཡ། ཏུ་རུ་ཏུ་རུ། མུ་རུ་མུ་རུ། སརྦ་དུཥྚའ་ན་མཱ་ར་ཡམཱ་ར་ཡ་ཧཱུཾ་ཕཊ། དེ་ནས་ཁྲོ་བོ་ཆེན་བོ་དབྱུག་པ་སྔོན་པོ་སྐྱེས་བུ་ཆེན་པོ་བཤད་པས་སེམས་ཅན་ཐམས་ཅད་དང ། སངས་རྒྱས་རྣམས་སྲོག་ལ་ཐེ་ཚོམ་དུ་གྱུར་ཏོ། །བརྒྱ་ཕྲག་བརྒྱད་བཟླས་པ་ཙམ་གྱིས་ཀྱང་ཤིན་ཏུ་སྒོམ་པར་སྦྱོར་བའི་ཆོགས་བསྐུལ་བ་ལས་གདུག་པ་ཐམས་ཅད་འཆིང་བར་འགྱུར་རོ། །དབྱིག་པས་མནན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམས་མནྟ་བུདྡྷེ་བྷྱོ། །ན་མོ་མ་ཧཱ་བ་ལཱ་ཡ། ཨུ་ཙྪུ་ཥྨ་ཀྲོ་དྷ་རཱ་ཛཱ་ཨ་སརྦ་ནཱ་གཱ་ནཱཾ་ཧྲྀ་ད་ཡཾ་ཏཱ་ཊ་ཡ་ཧཱུཾ་ཕཊ། དེ་ནས་གཏུམ་པོ་ཆེན་པོ་བཤད་པས་དུག་གི་གདོང་འཇིགས་ཤིང་སྟོབས་དང་བྲལ་བ་དང ། སྐྲག་ཅིང་འདར་བར་འགྱུར་ཏེ་སྟོབས་པོ་ཆེ་དྲན་པར་བྱེད་དོ། །རྡོ་རྗེ་སྟོབས་ཀྱི་སྤྱན་རས་གཟིགས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ན་མཿ ་ས་མནྟ་བུདྡྷེ་བྷྱོ། ན་མོ་ཨ་ཙ་ལ་ཀཾ་ཙེ་ཊྚ་ཙེཊྚ། མོཊྚ་མོཊྚ། ཏུཊྚ་ཏུཊྚ། གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ། དེ་ནས་ཁྲོ་བོ་ཆེན་པོ་མི་གཡོ་བ་སྐྱེས་བུ་ཆེན་པོ་བཤད་པས་ལྷ་དང་ཀླུ་དང་གནོད་སྦྱིན་ཆེན་པོ་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །འདི་ནི་ཁྲོ་བོའི་རྒྱལ་པོ་ཡིས། །སེངྒེ་ཞོན་པའི་ཆོ་ག་ཡིས། །རྡོ་རྗེ་དཀྱིལ་འཁོར་རྣལ་འབྱོར་ལས། ། སྐྱེས་པ་དང་ནི་ལྷ་རྣམས་ཁུག། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧཎ་གྲྀཧཎ་ཧཱུཾ། གྲྀཧྞཱ་བ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཾ་བིདྱ་ར་ཛཱ་ཧཱུཾ་ཕཊ། །རྡོ་རྗེ་ས་འོག་གནས་པ་ཡི། །ཁྲོ་བོ་ཆེན་པོ་
395b
ཞད་པ་ཕས། །ལྷ་མིན་བུ་མོ་གུ་མོར་བཅས། །ནུ་མ་འདར་ཞིང་རཾ་བའམ། །རྡོ་རྗེ་ཞགས་པས་ངེས་བཅིངས་ཏེ། །ལྕགས་ཀྱུ་ཡིས་ནི་དྲལ་ནས་ནི། །སྐུ་གསུང་ཐུགས་ནི་བསྒོམ་པ་ཡིས། །བུ་མོ་ཐམས་ཅད་དགུག་པར་བྱའོ། །འཇིག་རྟེན་གསུམ་དགུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ཆོས་ནི་ཆར་སྤྲིན་ཆེ། །རྡོ་རྗེ་སེམས་དཔའ་ཆར་མཆོག་སྟེ། །རྡོ་རྗེ་ཉི་མ་དགེ་འདུན་ཆེ། །རྟ་མཆོག་ཚོགས་ནི་ཆེན་པོ་དང ། །ཕན་པའི་ཡང་ནི་ཆར་སྤྲིན་གྱི། །ཞགས་པ་ལྕགས་ཀྱུའི་སྒོམ་པ་ཡིས། །སངས་རྒྱས་རྣམས་ཀྱང་འགུགས་བརྗོད་ན། །སོ་སོ་སྐྱེ་བོ་སྨོས་ཅི་དགོས། །རང་གི་རིག་མ་སྐྱེས་བུ་བསམ། །སྐུ་གསུམ་རྡོ་རྗེས་རྣམ་པར་བརྒྱན། །ལྕགས་ཀྱུ་ལ་སོགས་སྦྱོར་བ་ཡིས། །བུ་མོ་བཀུག་ལ་བཟའ་བར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆེན་པོས་དགུག་པའི་དམ་ཚིག་བཀའ་སྩལ་ཏོ། །ན་མཿ ་ས་མནྟ་བུདྡྷེ་བྷྱོ། ཨོཾ་ཊཀྐི་ཧཱུཾ་ཛཿ ་ཁ་ཏི་དང་ནི་བཙག་ལ་ཡང ། །རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ལས། །ཟླ་བ་ཉེ་བར་ཆགས་དུས་སུ། །ཁར་བཅུག་ནས་ནི་བསྒྲུབ་པར་བྱ། །མིང་ནི་བྲིས་པ་ཙམ་གྱིས་ཀྱང ། །བརྒྱ་ནི་གསལ་བར་བཟླས་པ་ཡིས། །སྒྲ་ལྡན་གནས་མེད་དབང་པོ་དྲག། །ཆུང་མར་བཅས་པ་དགུག་པར་བྱ། །དམ་ཚིག་ལྕགས་ཀྱུའི་རྡོ་ཅེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བསམ་གཏན་སྔགས་དང་ཏིང་འཛིན་གནས། །རང་གི་རིག་མ་སྐྱེས་བུ་བདག་།དགུག་པའི་གནས་སུ་གཟུང་བར་བྱ། །ཐུབ་པ་གཞན་དུ་མི་འགྱུར་རོ། །
396a
༄#། །ན་མཿ ་ས་མནྟ་བུདྡྷ་ནཱཾ། ན་མཿ ་ས་མནྟ་དྷརྨཱ་ཎཾ། ན་མཿ ་ས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་བ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱཾ་གཱི་ར། ཨོཾ་བཛྲ་ཨུཥྞི་ཥ་ཙ་གྲ་ཝཾ་རྟི་སརྦྦཱ་ཡནྟྲ་མནྟྲ་མཱུ་ལ་ཀརྨཱ་བནྟྲ་ནཱི་ཏཱ་ཌ་ནཱ་ཀཱི་ལ་ནཾ་བཱ་མ་མ་ཀྲྀ་ཏཾ་ཡ་ན་ཀ་ན་ཙིཏྟ་ཀྲྀ་ཏཾ་ཏཏྟ་ཏ། སརྦ་ནྡུ་ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བདག་ཉིད་སྲུང་བའི་སྦྱོར་བ་ལ། སྦྱོར་བ་རྒྱུད་སོགས་གཞིག་པ་ལ། །དཔུང་བར་རིག་པ་བཏགས་བྱས་ན། །འཇིག་རྟེན་གསུམ་གྱིས་འདའ་མི་ནུས། །ཁྲོ་བོ་ཆེན་པོ་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དབེན་པའི་ནགས་ཚལ་ཉིད་དུ་ཡང ། །ཡིད་གཉིས་ཐམས་ཅད་རྣམ་སྤངས་ལ། །རྣལ་འབྱོར་མཆོག་ནི་འདི་བསྒྲུབས་ན། །ཐུབ་པ་གཞན་དུ་མི་འགྱུར་རོ། །ཁྲོ་བོ་ཆེན་པོ་འཁོར་ལོའི་སྔགས་ལ་འཇུག་པ་རྡོ་རྗེ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །ཀུན་མཁྱེན་ཡེ་ཤེས་ལས་བྱུང་པ། །ཡང་དག་ངེས་པར་རབ་ཏུ་དབྱེ། །སངས་རྒྱས་གཟུགས་བརྙན་རབ་བསྒོམས་ཏེ། །རྡོ་རྗེ་སེམས་དཔའ་རབ་བསྒོམ་བྱ། །སངས་རྒྱས་གཟུགས་བརྙན་རབ་བསྒོམས་ནས། །རྡོ་རྗེ་རྣམ་སྣང་དྲན་པར་བྱ། །སངས་རྒྱས་གཟུགས་བརྙན་རབ་བསྒོམས་ཏེ། །རྡོ་རྗེ་ཉི་མ་རབ་བསྒོམ་བྱ། །སངས་རྒྱས་གཟུགས་བརྙན་རབ་
396b
བསྒོམས་ནས། །འདོད་ཆགས་རྡོ་རྗེ་རྣམ་པར་བསྒོམ། །སངས་རྒྱས་གཟུགས་བརྙན་རྣམ་བསྒོམས་ཏེ། །རྟ་ཡི་དོན་ཡོད་རབ་བསྒོམ་བྱ། །སངས་རྒྱས་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་རྣམས་ནི་རྟག་བསྒོམ་བྱ། །ཐམས་ཅད་རྣམས་ཀྱི་སྔགས་འདི་ཡིས། །སྙིང་གར་ཡེ་ཤེས་གནས་སུ་དགོད། །ཡེ་ཤེས་སེམས་དཔར་རབ་སྦྱོར་བས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །རང་སྔགས་ཡི་གེ་རྫོགས་པ་དང ། །ཕྱག་རྒྱ་དང་ནི་ཕྱག་མཚན་བརྟག་།སྤྲོ་དང་བསྡུ་པ་བྱས་པ་ནི། །དཀྱིལ་འཁོར་རྣམས་ཀྱི་འབྱུང་པ་ཉིད། །སྒྲ་ལ་རྣམ་གསུམ་ཤེས་བྱས་ནས།། ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་གྲགས་ཆེན་པོ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྒྱལ་པོ་ནི། །རྡོ་རྗེ་རྣམ་སྣང་མངའ་བདག་ཉིད། །དྲི་ལ་རྣམ་གསུམ་རྣམ་ཤེས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སངས་རྒྱས་ནི། །རིན་ཆེན་པུང་པོ་རབ་ཏུ་གྲགས། །རོ་ལ་རྣམ་གསུམ་རྣམ་ཤེས་ནས། །ལྷ་རྣམས་ལ་ཡང་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་འདོད་ཆགས་ཉིད། །རྡོ་རྗེ་ཆོས་ནི་དེ་བཞིན་གཤེགས། །རེག་ལ་རྣམ་གསུམ་རྣམ་ཤེས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །དོན་ཡོད་འབྲས་བུ་སྟེར་བ་པོ། །སྲུང་བའི་དམ་ཚིག་བསྡུས་པ་ཡི། །དཀྱིལ་འཁོར་ལྔ་ནི་
397a
༄#། །བསྒོམ་པར་བྱ། །ལྔ་ལྔའི་བདག་ཉིད་རྫོགས་སངས་རྒྱས། །ཡེ་ཤེས་ལྔ་ནི་རྣམ་པར་བསྒོམ་འདོད་པ་ཡི་ཡོན་ཏན་ལྔ་དང་ལྡན། །འོད་ཟེར་སྣ་ཚོགས་ཀུན་ཏུ་ཁྱབ་སྣ་ཚོགས་ལས་ནི་བྱེད་པར་བརྗོད། །ཐམས་ཅད་བསྡུས་པའི་དཀྱིལ་འཁོར་ནི། །ཉི་ཤུ་རྩ་ལྔའི་དབྱེ་བ་ཡིས། །རྡུལ་ཚོན་གྱིས་ཀྱང་བྲི་བར་བྱ། །སངས་རྒྱས་ལྔ་ཡི་རང་བཞིན་གྱིས། །ཕུང་པོ་ལྔར་ནི་རབ་ཏུ་གྲགས། །སངས་རྒྱས་མགོན་པོའི་དཀྱིལ་འཁོར་ནི། །ཤར་གྱི་ཆར་ནི་རབ་ཏུ་གྲགས། །གཡས་སུ་རྡོ་རྗེ་ཉི་མ་ཡི། །ནུབ་ཏུ་འདོད་ཆགས་རྡོ་རྗེ་ཡི། །བྱང་དུ་རྟ་ཡི་རྒྱལ་པོ་ཡི། །དབུས་སུ་རྡོ་རྗེ་སེམས་དཔའ་ཡི། །ཤར་དུ་དཀར་པོ་ཆེན་པོ་སྟེ། །ལྷོ་ནི་སེར་པོ་ཡང་དག་ལྡན། །དམར་པོ་ནུབ་ཀྱི་ཆ་ཉིད་དུ། །བཙོད་ནི་བྱང་དུ་ཡང་དག་ལྡན། །མཚམས་ཀྱི་ཆར་ནི་ཐམས་ཅད་དང ། །སྒོ་ཡི་ལོགས་དང་ཡ་ཕུབས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་བརྒྱན། །སྣ་ཚོགས་སྣང་བ་རྣམས་ཀྱིས་མཛེས། །སངས་རྒྱས་མགོན་པོ་གང་ཉིད་ཀྱི། །དཀྱིལ་འཁོར་དབུས་སུ་འགྱུར་བ་ནི། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་བརྗོད། །སྙིང་པོ་ཡོངས་བཟུང་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་རེ་རེར་སྒོམ་པ་འམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ།། བརྒྱད་བརྒྱད་དབུས་སུ་གནས་པ་འམ། །ཡང་ན་ཉི་ཤུ་རྩ་ལྔ་རུ། །གང་ཚེ་དཀྱིལ་འཁོར་བསྡུས་པ་ཡི། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང ། །ལྕགས་སྒྲོག་དེ་བཞིན་རྡོ་རྗེ་ཉིད། །འཇུག་
397b
པའི་སྒོ་སྲུང་དགོད་པར་བྱ། །བཅོམ་ལྡན་འདས་ཀྱིས་བསྡུས་པ་ཆེན་པོའི་དམ་ཚིག་འདི་བཀའ་སྩལ་ཏོ། །དོམ་དང་བྱ་རྒོད་དེ་བཞིན་བསེ། །སྨྱིག་གླང་དང་ནི་སྟག་ཉིད་དང ། །སྤྲེའུ་དང་སྣ་ཐུང་བ་གླང་འཚེ། །རྡོ་རྗེ་ཆོས་ཀྱི་གཡས་ནའོ། །ཁཝ་འུག་ཆུ་སྐྱར་སེངྒེ་དང ། །མཚོར་གནས་དེ་བཞིན་ར་དང་ནི། །རི་དྭགས་ཕག་དང་ཡང་དག་ལྡན། །གཡས་མིན་པར་ནི་རྟག་ཏུ་གནས། །རྨ་བྱ་མ་ཧེ་ཆུ་སྲིན་དང ། །ཉི་མའི་རྒྱལ་པོ་རུས་སྤལ་དང ། །འོག་གི་རླུང་དང་ངང་པ་དང ། །རི་བོང་ཕན་བའི་གཡས་པ་ན། །སྦལ་པ་ཐུ་བོ་སྤྲིན་ཤུགས་ཀྱི། ཁ་ཆུ་མིག་སྨན་མཚུངས་བྱི་ལ། །གཡག་དང་དྲི་ལྡན་དེ་བཞིན་བཤད། །གཡོན་པའི་ཐོད་པ་བརྒྱད་ནའོ། །ཀ་རནྜ་དང་འཁོར་ལོ་དག། ལུག་དང་ཙ་ཀོ་ར་དང་ནི། །བྱ་ཁྲ་ཧོར་མོ་འོལ་བ་དང ། །ཀུ་རར་ཉི་མའི་གཡས་ནའོ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང ། །རིགས་ལྡན་པདྨ་པད་བཟང་དང ། །འཇོག་པོ་ནོར་རྒྱས་མཐའ་ཡས་ནི། །རིན་ཆེན་རྒྱལ་པོའི་གཡོན་ནའོ། །གཟའ་ལག་ཕུར་བུ་མཇུག་རིང་དང ། །སྒྲ་གཅན་མིག་དམར་པ་བ་སངས། །སྤེན་པ་ཁྱབ་འཇུག་རྟ་རྒྱལ་ཉིད། །གཡས་པ་ཉིད་དུ་རབ་ཏུ་གྲགས། །དབང་པོ་ཚངས་པ་དེ་བཞིན་དྲག། འདོད་ལྷ་དེ་བཞིན་ཐོད་པ་ཅན། །གཅེར་བུ་དང་ནི་ཐག་བཟང་རིས། །སྟོབས་ལྡན་ཞེས་བྱ་གཡོན་ན་འོ། །གློ་དང་དབུགས་དང་དེ་བཞིན་འབོག་ཁོང་སྐེམ་མཛེ་དང་རྐང་ཤུ་དང ། །མཆིན་པ་མཆེར་པའི་རང་བཞིན་ཡང ། །གླང་པོ་ལ་སོགས་རབ་ཏུ་གྲགས།།
398a
༄#། །ལྕགས་སྟེགས་དང་ནི་རྗེད་བྱེད་དང ། །ཁྲག་རྡོག་ཅོད་ནད་རྒྱལ་པོ་དང ། །གཞང་འབྲུམ་སྐྲན་དང་བཀྲེས་ནད་དང ། །མིག་སེར་དོམ་ལ་སོགས་པའོ། །རྫིམ་བྱི་དང་སོ་ནད་དང ། །མཁྲིས་པ་ཁྲག་དང་དེ་བཞིན་རླུང ། །བད་ཀན་འཛག་དང་ལུས་སྐམ་དང ། །སྐྱ་རྦབ་འབྲས་ནི་རྣ་བྱ་སོགས། །རྐང་འབམ་ཆིལ་ནད་རླིག་སྐྲངས་དང ། །རྒྱུ་མ་འཕེལ་དང་གསུང་པ་དང། །ཚད་པ་རིམས་དང་རབས་གས་ནི། །ཀ་རཎྜ་སོགས་རབ་ཏུ་གྲགས། །རླུང་མ་བྲིས་དེ་བཞིན་མ་ཞུ་བ། །སྒྲིབ་གཡོགས་རབ་རིབ་གཅིན་སྲི་བ། །གཞོགས་ཕྱེད་ན་དང་ལྐོག་འབྲས་དང། །རླུང་རྒྱས་གཟའ་ལག་ལ་སོགས་པའོ། །མི་ཡི་འགྲོ་བ་དམ་པ་ནི། །རབ་མཆོག་དེ་ལྟ་བུ་འགྲོ་བ། །ཐམས་ཅད་ནད་ཀྱིས་ཁྱབ་མཐོང་ནས། །སངས་རྒྱས་ལྡར་ནི་ཆེར་གྲགས་པ། ། བདག་གི་ལུས་ལ་གཞུག་པར་བྱ། །སེམས་ཅན་རྣམས་ལ་གདུངས་མ་གྱུར། །ནད་རྣམས་ཞི་ཕྱིར་སངས་རྒྱས་ནི། །གླང་པོ་ལ་སོགས་ནད་འཛིན་ཏོ། །དེ་ལྟར་བསྒོམས་པར་གྱུར་པ་ལ།། ནད་མེད་རུ་ཛ་ཏྲད་གྲུམ་མེད། །འཆི་མེད་ངེས་པར་བྱ་དྷི་མེད། །ང་རྒྱལ་མེད་ཅིང་གཏི་མུག་མེད། །བཀྲེས་པ་མེད་ཅིང་སྒོམ་པ་མེད། །སྡུག་བསྔལ་ངན་འགྲོ་དེ་བཞིན་མེད། །ལྷ་དང་ལྷ་མིན་མི་རྣམས་སམ། །གང་གིས་ཀྱང་ནི་ནད་བྱེད་མིན། །ནད་ཐམས་ཅད་རབ་ཏུ་ཞི་བ་དབུགས་དབྱུང་བ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་
398b
པོ་ལུས་ཐམས་ཅད་འཛིན་པ་པོ་མཁའ་འགྲོ་མའི་ཡིད་འཕྲོག་པས་ཚིག་འདི་བཀའ་སྩལ་པ། སེམས་ཀྱི་རྗེས་དྲན་དམིགས་ནས་ནི། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །སེམས་ཀྱི་རིན་ཆེན་བསམས་ནས་ནི། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ལས་རྗེས་དྲན་པའི་རྣལ་འབྱོར་བས། །འཁོར་ལོ་ཆེན་པོ་རབ་བསྒོམ་བྱ། །རྣལ་འབྱོར་འདི་ནི་མཆོག་རབ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམས་ནས། །ཕྱག་རྒྱ་བཞི་ཡིས་ཕྱག་རྒྱས་གདབ། །རྡོ་རྗེ་རྣམ་སྣང་བསམས་ནས་ནི། །ཕྱག་རྒྱ་བསྒོམས་པས་ཕྱག་རྒྱས་གདབ། །རྡོ་རྗེའི་ཕྱག་རྒྱའི་སྦྱོར་བ་ཡིས། །རིན་ཆེན་ཕུང་པོ་རབ་བསྒོམ་བྱ། །ཆོས་ཀྱི་ཕྱག་རྒྱ་རབ་སྦྱོར་བས། །ལས་ཀྱི་རྡོ་རྗེ་ཕྱག་རྒྱས་གདབ། །ཞེ་སྡང་རྒྱལ་པོ་རྒྱལ་པོ་ཆེ། །སྐྱོན་རྣམས་ཐམས་ཅད་ཟད་པར་མཛད།། སྤྲོ་ཞིང་བསྡུ་བར་བསྒོམ་པར་བྱ། །བསྡུ་བ་ཡང་ནི་ཡང་དག་བཤད། །སངས་རྒྱས་མགོན་པོ་རབ་བསྒོམས་ན། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ། །སྤྲོ་དང་བསྡུ་བའི་རྣལ་འབྱོར་གྱིས། །སངས་རྒྱས་བྱང་ཆུབ་རབ་བསྒོམ་བྱ། །སེམས་ཀྱི་རིན་ཆེན་རིན་པོ་ཆེས། །བདུད་ཀྱི་སྐྱོན་རྣམས་ཟད་པར་མཛད། །སེམས་ཀྱི་ཆར་སྤྲིན་སྦྱོར་བ་ཡིས། །ཡང་ནི་བསྡུ་བ་བསྟན་པར་བྱ། །ཆོས་ཀྱི་རྒྱལ་པོ་གཏི་མུག་ཆེ། །སྤྲོ་དང་བསྡུ་བའི་གཟུགས་ཅན་དེ། །ཐུན་ཚོད་བཞིར་ནི་བྱིན་བརླབས་པ། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །སེམས་ནི་འགྲོ་མགྱོགས་ལྟར་བསམས་ནས། །
399a
༄#། །གཞལ་མེད་འབྲས་བུ་སྩོལ་པའོ། །རྟ་མཆོག་ཆར་སྤྲིན་ཆེན་པོ་ཡིས། །བསྡུ་བ་ཡང་ནི་བསྒོམ་པར་བྱ། །བཅོམ་ལྡན་འདས་ཀྱིས་སྤྲོ་བ་དང་བསྡུ་བའི་དམ་ཚིག་ཆེན་པོ་དེ་སྐད་ཅེས་བཀའ་སྩལ་ཏོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །སེམས་ཀྱི་རྣམ་པར་བསྒོམ་པར་བྱ། །རྙོག་མེད་དཀྱིལ་འཁོར་དབུས་གནས་པར། །སྐུ་ཡི་ཡི་གེ་རྣམ་པར་བསྒོམ། །ཁྲག་གི་དཀྱིལ་འཁོར་དབུས་གནས་པར། །སེམས་ཀྱི་རིན་ཆེན་ཡི་གེ་དགོད། །ཆེས་ཀྱི་འཁོར་ལོ་དབུས་གནས་པར། །གསུང་གི་ཡི་གེ་རྣམ་པར་བསྒོམ། །ལས་ཀྱི་དཀྱིལ་འཁོར་དབུས་གནས་པར། །དེ་ན་ཡོད་ཡི་གེ་གཟུགས་ཅན་ཏེ། །སྐུ་གསུམ་མི་བྱེད་སྒོམ་པ་ཡིས། །ཡེ་ཤེས་རྡོ་རྗེ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་མི་ཕྱེད་པའི། །ཆོས་ཀྱི་འཁོར་ལོ་རྣམ་སྣང་ལ། །རིན་ཆེན་སེམས་ཀྱི་རིན་པོ་ཆེ། །པདྨ་བཟང་པོ་འདབ་མ་དམར། །ཤེས་རབ་རལ་གྲི་དོན་ཡོད་ཀྱི། །ཤེས་རབ་རྣོན་པོའི་རང་བཞིན་གྱི། །རྣམ་རྟོག་རི་བོ་བཅད་ནས་ནི། །ཕྱག་རྒྱ་ཆེན་པོ་ལྡན་པར་འགྱུར། །དཔག་ཚད་བྱེ་བ་བརྒྱ་པར་ནི། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །ཕན་པའི་དཀྱིལ་འཁོར་ཉིད་དང་ཡང ། །རིན་ཆེན་ཕུང་པོ་འོད་ཆེན་དང ། །ཆོས་ཀྱི་ཕུང་པོ་མགོན་ཆེན་དང ། །དེ་བཞིན་གཤེགས་པ་རྡོ་རྗེ་ལས། །སྣ་ཚོགས་འོད་ཟེར་ཆེན་འབར་བ། །སངས་རྒྱས་སྤྲིན་གྱིས་རྣམ་པར་བརྒྱན། །ནམ་མཁའ་
399b
ཁམས་ཀྱི་དབུས་གནས་པར། །ཡེ་ཤེས་དཀྱིལ་འཁོར་བསྒོམ་པར་བྱ། །འདོད་པའི་ཡོན་ཏན་ལྔ་ཡིས་གང ། །ཐམས་ཅད་དུ་ནི་སྣ་ཚོགས་གཟུགས། །མཆོད་བ་ཀུན་གྱིས་མཆོད་པར་བྱ། །མཚམས་ཀྱི་ལྷ་མོའི་སྦྱོར་བ་ཡིས། །ཡེ་ཤེས་རྒྱ་མཚོ་རབ་བསྒྲུབ་བྱ། །དམ་ཚིག་འཁོར་ལོ་བཅུག་པ་ཡི། །ཡེ་ཤེས་རྡོ་རྗེ་ཆེན་པོ་འབར། །སངས་རྒྱས་ཀུན་མཉམ་རྣལ་འབྱོར་པས། །སྐད་ཅེག་ལ་ནི་གཉིས་མེད་འགྱུར། །རུ་རཀྵ་དང་དུང་བསེ་རུ། །གུ་ཡི་འཚོ་བ་བད་འབྲས་དང ། །མུ་ཏིག་ལ་སོགས་བྱི་རུ་སོགས། །བསམ་གཏན་ལྡན་པ་སྔགས་བཟླས་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང ། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་ཆེན་ལ་ལ་ཞིག། སྐད་ཅིག་ང་རོས་བོས་པ་ན། །ཐོས་པ་ཙམ་གྱིས་འོངས་གྱུར་པ། །དེ་ལྟར་སྐད་ཅིག་སངས་རྒྱས་གཤེགས། །འཇིག་རྟེན་ཁམས་ནི་སྟོང་ཕྲག་དང ། །ན་མཁའི་ཁམས་ཀྱི་མཁའ་གྲོང་དུ། །ཕྱག་རྒྱ་ཆེན་པོའི་བདེ་གནས་ཀྱི།། མཁའ་དང་མཉམ་པའི་སངས་རྒྱས་བཞུགས། །དེ་རྣམས་སྔགས་རིག་དྲུང་ནི་གཤེགས། །རྡོ་རྗེ་སྤྱན་གྱིས་རྣམ་པར་གཟིགས། །གང་གིས་སྔགས་ཀྱི་རིམ་ཐོབ་པ། །ེ་མ་དེ་ཡིས་བྱང་ཆུབ་ཐོབ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང ། །སྔགས་ཀྱི་སྤྱོད་པ་དང་པོར་འཛིན། །རྡོ་རྗེ་སྔགས་ནི་རབ་སྦྱོར་བས། །མཚུངས་པ་མེད་པའི་ཡེ་ཤེས་འཐོབ། །དེ་ལྟར་ཤེས་
400a
༄#། །པའི་སངས་རྒྱས་ཏེ། །སྔགས་ཀྱི་སྤྱོད་པའི་རིམ་གནས་པ། །འབྲས་བུ་ཉིད་ལ་ནི་གཟིགས་ཏེ། །དེ་ནི་སངས་རྒྱས་མཉམ་པ་བརྗོད། །སངས་རྒྱས་ང་རྒྱལ་དམིགས་ནས་ནི། །ཆོས་ཀྱི་དབྱིངས་ནི་འོད་གསལ་བ། །གང་ཞིག་སྒོམ་པ་དེ་བས་ན། །སེམས་ཅན་སངས་རྒྱས་མཉམ་པར་གྱུར། །འཇིག་རྟེན་ཇི་ལྟར་སངས་རྒྱས་ཏེ། །ཇི་ལྟར་ཆོས་ཀྱང་དགེ་འདུན་ཏེ།། སེམས་ཅན་ཁམས་ནི་དེ་ལྟར་བཤད། །ནམ་མཁའ་ལྟ་བུར་དྲི་མ་མེད། །དན་པར་བརྟགས་པའི་རྣམ་རྟོག་གིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །སེམས་དག་པས་ནི་དག་པར་འགྱུར་ཇི་ལྟར་ནམ་མཁའ་མི་འཇིག་པ། །ནམ་མཁའ་ཇི་བཞིན་དེ་བཞིན་སེམས། །སེམས་ཀྱི་རིན་ཆེན་བསྐུལ་བ་ལས། །སེམས་ཉིད་སྒོམ་པ་སངས་རྒྱས་ཏེ། །སྐྱེ་བར་སངས་རྒྱས་དམ་པ་ཉིད། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་བ་ཅུང་ཟད་མེད། །ཡིད་ཀྱིས་སངས་རྒྱས་ཐམས་ཅད་ཉིད། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཇིག་རྟེན་གསུམ་གྱི་རྒྱལ་པོ་ཆེ། །སེམས་གཅིག་གིས་ནི་ཐོབ་པར་འགྱུར། །གཟུགས་དང་སྒྲ་དང་དེ་བཞིན་དྲི།། རོ་དང་རེག་བྱའི་རང་བཞིན་ཏེ། །ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །འདི་ནི་རིན་ཆེན་མཆོག་ཏུ་བརྗོད། །གཟུགས་དང་ཚོར་བ་འདུ་ཤེས་དང ། །འདུ་བྱེད་དང་ནི་རྣམ་ཤེས་ཉིད། །འདི་
400b
དག་ཐམས་ཅད་སེམས་ལས་སྐྱེས་།ཐུབ་པ་འདི་ནི་གཞན་མི་འགྱུར། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །འདོད་དོན་འབྲས་བུ་རབ་སྟེར་བ། །སེམས་ཀྱི་དེ་ཉིད་རང་བཞིན་དག་།སངས་རྒྱས་བྱང་ཆུབ་འབྲས་བུ་སྟེར། །དེ་ཉིད་ཕྱིར་ན་སངས་རྒྱས་ཀྱིས། །སེམས་གྱི་རྡོ་རྗེ་བསྐུལ་པ་ཡིས། །ཟབ་མོའི་རྣམ་པ་དེས་ལྡན་པའི། །ཕྱེད་པར་དགའ་བའི་དངོས་གྲུབ་སྟེར། །རྡོ་རྗེ་སེམས་དཔའི་སྙིང་པོ་སྣང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་ཆེན་པོ་རྡོ་རྗེ་ཅན་མཁའ་འགྲོ་མའི་གུར་བསྐྱེད་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་བཞུགས་ཏེ་བདག་ཉིད་ཀྱི་རྣལ་འབྱོར་གསུངས་པ། སངས་རྒྱས་གནས་ནི་རབ་རྫོགས་དང ། །རྣམ་པ་ལྔ་པོ་བསྒོམས་པ་དང ། །ཀུན་ཏུ་བཟང་པོའི་རང་བཞིན་དང ། །རང་གི་ལྷག་པའི་ལྷར་སྒྲུབ་དང ། །དཀྱིལ་འཁོར་རྣམས་ཀྱི་དགོད་པ་དང ། །མཆོད་བསྟོད་བདུད་རྩིལ་སོགས་པ། །རིམ་པས་རྗེས་སུ་བསྒོམ་པར་བྱ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་བཛྲ་སཝ་བྷཱ་བ་ཨཱཏམ་ཀོཉྷཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་མྲྀ་ཏཱ་སཝཱ་ད་བཛྲ་སཝ་བྷཱ་བ་ཨཱཏམ་ཀོ་ཉྷཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སཝཱ་བྷཱ་བ་ཨཱཏམ་ཀོཉྷཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛཱ་བཛྲ་
401a
༄#། །སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྟ་མཆོག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སཝཱ་བྷཱ་བ་ཨཱཏྨ་ཀོ་ཉཧཾ་བཅོམ་ལྡན་འདས་རྡོ་རྗེ་ཉི་མ་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ཏེ། །སྤྲོ་བ་དང་ནི་བསྡུས་པའི་སྐུ། །རྒྱལ་ཆེན་རྣམ་པར་སྣང་མཛད་ཆེ། །ཆོས་དབྱིངས་ཡི་གེ་ལས་སྐྱེས་པ། །དེས་ནི་སངས་རྒྱས་གནས་དགོད་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནཱི་ལ་ཡ་བཛྲ་སཝཱ་བྷཱ་བ་ཨཱ་ཏྨ་ཀོཉཧཾ། རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར།། འབྱུང་བཞིའི་བདག་ཉིད་དཀྱིལ་འཁོར་ཉིད། །དེ་ཡི་སྟེང་དུ་སངས་རྒྱས་བསམ། །སྤྲོས་ནས་གཞལ་ཡས་གནས་དགོད་བྱ། །རྡོ་རྗེ་ལྟ་བུ་མི་ཕྱེད་ཕྱིར། །དེས་ན་མི་བསྐྱོད་བསྒོམ་པར་བྱ། །མ་སྐྱེས་རྗེས་སུ་དྲན་པ་ལས། རྣམ་པར་སྣང་མཛད་ཕན་པ་ཉིད། །རིན་ཆེན་རྣམས་ཀྱི་མཆོག་གི་མཆོག། འདི་ནི་རིན་ཆེན་སེམས་སུ་བཤད། །རྡོ་རྗེ་ཆོས་ནི་རྒྱལ་པོ་ཆེ། །འདོད་ཆགས་མཚན་ཉིད་འཛིན་པ་ལས། །རྡོ་རྗེ་སེམས་དཔའི་གནས་འདུག་པའི། །སེམས་ནི་འདོད་ཆགས་ཞེས་བྱར་བཤད། གང་ཕྱིར་འབྲས་བྲལ་མི་འགྲུབ་སྟེར། །དེ་ཕྱིར་དོན་ཡོད་རབ་ཏུ་གྲགས། །རིག་མ་མཛེས་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །ཇི་ལྟར་ལུས་ནི་དེ་བཞིན་གཤེགས།།
401b
དཀྱིལ་འཁོར་དམ་བ་བྲིས་ནས་ནི། །དམ་ཚིག་ཁུ་བའི་ཆོ་ག་ཡིས། །ཧཾ་དང་བསམ་གཏན་བསྐྱེད་བྱས་ནས། །དེ་ཚེ་དབུགས་བྱུང་སྦྱིན་པར་བྱ། །མཁའ་འགྲོ་ལྔ་དང་ལྡན་པ་དང ། །དམ་ཚིག་ལྔ་ཡིས་བཀང་བ་དང ། །མཁའ་འགྲོ་མ་ཡིས་ཚོགས་ལྡན་པས། །རྡོ་རྗེ་ས་བོན་རབ་སྦྱོར་བས། །རང་གི་ལྷག་པའི་ལྷར་བྱས་ལ། །སློབ་མ་རྟག་པར་ངེས་བསམས་ཏེ། །རྒྱུན་གྱིས་རིགས་ཀྱི་མིང་གིས་ནི། སློབ་མ་རྡོ་རྗེ་ཅན་དབང་བསྐུར། །སྤྱན་དང་བདེ་བདག་མོ་སྒྲོལ་མ་དང ། དཀར་མོ་ལ་སོགས་བདག་གཟུགས་ཀྱིས། །རྡོ་རྗེ་བཙུན་མོ་རབ་སྦྱོར་བས། །རྡོ་རྗེ་བླ་མེད་བཤད་པར་བྱ། །བླ་ན་མེད་པའི་དེ་ཉིད་འདི། །གཉིས་སུ་མེད་ཅིང་ཡི་གེ་མེད། །ཆོས་ཀྱི་དབྱིངས་ནི་འོད་གསལ་བྱེད། །བདེ་བ་བཟང་པོའི་རོ་མྱང་གེ། །སྒྲིབ་པ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། །ག་དང་ཧ་ཞེས་བྱ་བ་དང། །དང་པོ་མཐར་ཡང་ཤཝ་ལྡན་པའི། །རབ་ཏུ་གསལ་བ་དམ་པ་ཉིད། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཚོགས་ཀྱི་རྡོ་རྗེ་བདུད་རྩི་མྱང ། །འདི་དག་ཟོས་པ་ཙམ་གྱིས་ནི། །སངས་རྒྱས་ཀུན་མཉམ་རྣལ་འབྱོར་པ། །རྡོ་རྗེ་དང་ནི་མཉམ་པར་འགྱུར། །ནད་རྣམས་ཐམས་ཅད་རབ་ཏུ་ཞི། །དེ་ནི་གཟི་བརྗིད་ལུས་ཆེན་པོ། །འཇིག་རྟེན་ཀུན་གྱི་ཡིད་འཕྲོག་པ། །ཕས་ཀྱི་རྒོལ་བ་ཀུན་ལས་རྒྱལ། །འཇིག་རྟེན་ཀུན་གྱི་བདག་པོས་བརྒྱན། །ལྷ་རྣམས་ཀྱི་ནི་འདྲེན་པར་བརྗོད། །མཁའ་འགྲོ་ལྔ་ཡི་བདག་ཉིད་འགྱུར། །ཆོས་ཀྱི་བྲས་ནི་ཟབ་བོ། །དམ་ཚིག་ཆེན་པོའི་བསམ་
402a
༄#། །གཏན་ཟོས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མི་བསྐྱོད་བརྟེན་པའི་རྣལ་འབྱོར་པ། །ནད་རྣམས་ཐམས་ཅད་རྣམ་པར་སྤངས། །རྟག་པར་ཆུ་ཤེལ་ཆེན་པོར་ལྡན། །རྡོ་རྗེ་ཉི་མ་རྒས་པ་མེད། །དོན་ཡོད་རྒྱལ་པོ་ཆེན་པོ་ནི། །རྡོ་རྗེ་སྲོག་གི་ཡན་ལག་འབྱུང ། །དོན་ཀུན་སྒྲུབ་ཅིང་དཔལ་དང་ལྡན། དེས་ནི་རྣལ་འབྱོར་པར་ནི་བརྗོད། མི་བསྐྱོད་བཏུང་བའི་སྦྱོར་བ་ལས། །སྟོང་ཕྲག་ལྔས་ནི་འཚོ་བར་འགྱུར། །ཕན་པའི་ས་ནི་ཁྲི་རུ་བརྗོད། །རྡོ་རྗེ་ཉི་མས་རྡོ་རྗེའི་འབུམ། །ཚེ་དཔག་མེད་ཀྱིས་དཔག་མེད་དང ། །བདུན་གྱིས་ནམ་མཁའ་ཇི་སྲིད་བཤད། །རྡོ་རྗེ་ཉི་མ་དཔག་མེད་དག། །འཁོར་བའི་སྒྲུབ་ཐབས་རྩ་བ་ཉིད། །འདི་དག་བསྟེན་པས་རྣལ་འབྱོར་པ། །ཀུན་ཏུ་བཟང་པོ་འདྲ་བར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་ཡེ་ཤེས། །འདི་ནི་རྡོ་རྗེ་ཉི་མར་བརྗོད། །ཆོས་རྣམས་ཐམས་ཅད་ཀྱི་ནི་གནས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སངས་རྒྱས་རྡོ་རྗེ་ཅན་ཉིད་ཀྱི། །ཐབས་དང་ཤེས་རབ་ཞོན་པ་དག། ཁམས་གསུམ་དག་ནི་ཐམས་ཅད་དུ། །ས་དང་ས་འོག་བར་སྣང་ལ། །ཁྲག་དང་ཁུ་བས་ཁྱབ་པའི་ལུས། །རིགས་ཀྱི་དབང་ཕྱུག་གིས་འདི་གསུངས། །སེན་མོ་བ་སྤུ་དེ་བཞིན་ཁམས། །ཁུ་བ་ལ་ནི་རྣམ་པར་གཟིགས། །པགས་དང་ཁྲག་ལ་གཟི་བརྗིད་ཆེ། །ཚིལ་དང་རྐང་ལ་རྡོ་རྗེ་འཛིན། །ཐམས་ཅད་མགོན་པོ་རྣམ་སྣང་མཛད། །རྩ་དང་ཤ་
402b
ལ་བདུན་རྒྱལ་པོ། །འདི་རྣམས་ལ་ནི་སངས་རྒྱས་ལྔར། །རྡོ་རྗེ་མཁའ་འགྲོས་རྣམ་པར་བཤད། །ས་ཡི་བྨས་ནི་རྣམ་དག་པ། །སྤྱན་ནི་འཁོར་ལོ་མཛེས་པ་ཉིད། །རྡོ་རྗེ་བཙུན་མོ་དང་བ་སྟེ། །པདྨའི་བུ་མོ་ཚ་བ་ཉིད། །སྒྲོལ་མ་རླུང་ནི་རྣམ་པར་དག། །རྡོ་རྗེ་བཙུན་མོ་དང་བ་སྟེ། །རྡོ་རྗེ་མཁའ་འགྲོ་ཞེས་བྱའོ། །གུར་གྱིས་དེ་རྣམས་བཀའ་སྩལ་ཏོ། །སྔགས་ཐམས་ཅད་རྣམ་པར་དག་པ་བདུད་རྩི་ལྔ་མཆོག་ཏུ་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངོ་འཛིན་ལེའུ་བདུན་པའོ།། །།ཁྱོད་ནི་ཞེ་སྡང་རྡོ་རྗེ་ཡོངས་སྐྱོང་བ། །ཐུགས་དང་ཆོས་ནི་ཤིན་ཏུ་རྣམ་དག་པས། །ལྷ་ཡི་ལུས་ནི་ཡང་དག་བརྒྱན་མཛད་པ། །པུ་བ་སཱི་ནི་བདག་ལ་མྱུར་དུ་གཟིགས། །རྣམ་པར་འདྲེན་པ་འཇིག་རྟེན་དོན་གྱི་ཕྱིར། །སྟོང་བ་ཉིད་སྤངས་སྐྱེ་བ་བཞེས་པར་མཛོད། །ཁྱོད་ནི་གཏི་མུག་རྡོ་རྗེ་ཡོངས་སྐྱོང་བ། །སྐུ་ཡི་བདག་པོ་ཆོས་ཀྱི་གཟུགས་བརྙན་གྱིས། །ལྷ་ཡི་ལུས་ནི་ཡང་དག་བརྒྱན་མཛད་པ། །མགོན་པོ་རི་ཁྲོད་མ་ལ་མྱུར་དུ་གཟིགས། །རྣམ་པར་འདྲེན་པ་འཇིག་རྟེན་སྨན་སླད་དུ།། སྟོང་པ་ཉིད་སྤངས་སྐྱེ་བ་བཞེས་པར་མཛོད། །ཁྱོད་ནི་འདོད་ཆགས་རྡོ་རྗེ་ཡོངས་སྐྱོང་བ། །གསུང་དག་ལེགས་པར་སོ་སོར་རྟོག་པ་ཡིས། ལྷ་ཡི་ལུས་ནི་ཡང་དག་བརྒྱན་མཛད་པ། གཏུ་མ་པར་ལྡན་པ་བདག་ལ་མྱུར་དུ་གཟིགས། རྣམ་པར་འདྲེན་པའི་འཇིག་རྟེན་སྨན་སླད་དུ། །སྟོང་པ་ཉིད་སྤངས་སྐྱེ་བཞེས་པར་མཛོས་ཁྱོད་ནི་སངས་རྒྱས་ཐམས་ཅད་ཡོངས་སྐྱོང་པ། གཟུགས་
403a
༄#། །ཀུན་ན་ཏན་ཐམས་ཅད་མཉམ་ཉིད་ཀྱིས། །ལྷ་ཡི་ལུས་ནི་ཡང་དག་བརྒྱན་མཛད་པ། །ཌོམྦྷི་བདག་ལ་མགོན་པོ་མྱུར་དུ་གཟིགས། །རྣམ་པར་འདྲེན་པ་འཇིག་རྟེན་སྨན་སླད་དུ། །སྟོང་པ་ཉིད་སྤངས་སྐྱེ་བ་བཞེས་པར་མཛོད། །ཐམས་ཅད་བཞེས་པར་མཛད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འཁོར་ལོ་ཅན་རྣམས་ཐམས་ཅད་ཀྱི། །འདིས་ནི་བསྐྱེད་བར་འགྱུར་བར་ནི། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །དཀྱིལ་འཁོར་བདག་པོ་དེ་སྐད་གསུངས། །ོཾ་སརྦ་ཏ་ཐཱ་ག་ཏཱ་ཁཱེ་ཙ་རཱི་བཛྲ་སཝཱ་བྷཱ་བ་ཨཱཏྨ་ཀོཉཧཾ། །ོཾ་སརྦ་ཏ་ཐཱ་ག་ཏཱ་བྷུ་ཙ་རི་བཛྲ་སཝཱ་བྷཱ་བ་ཨཱཏྨ་ཀོཉྷཾ། ཨོཾ་སརྦ་ཏཱ་ཐཱ་ག་ཏཱ་ལ་ཝ་སི་ནཱི་བཛྲ་སཝཱ་བྷཱ་བ་ཨཱཏྨ་ཀོཉཧཾ། །སྐུ་གསུང་ཐུགས་ཀྱི་ཆོས་རྣམས་ཀྱི། །བྱིན་རླབས་གནས་སུ་རྟག་པར་ནི། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་རྒྱ་ཆེན་པོར་རབ་སྦྱོར་བ། །སྐུ་ཡི་རིན་ཆེན་སྦྱང་བར་བྱ། །བསམ་གཏན་རྡོ་རྗེ་བསམས་ནས་ནི། །སེམས་ཀྱི་རིན་ཆེན་རབ་བསྒྲུབ་བྱེད། །རྡོ་རྗེ་བཟླས་པའི་ཁྱད་པར་གྱིས། །ངག་གི་རྡོ་རྗེ་དྲི་མ་མེད། །གཏི་མུག་རྡོ་རྗེ་རབ་སྦྱོར་པས། མིག་གི་རྣམ་པར་ཤེས་བ་སྦྱར། ཞེས་སྡང་རྡོ་རྗེ་བསམ་པ་ཡིས། སྒྲ་ཡི་སྒོ་བསམ་པའོ། སྣ་ནི་སེ་རྡོ་རྗེ་ཡིས། རོ་དྲུག་འདོད་ཆགས་རྡོ་རྗེ་ཡིས། ལུས་ནི་ཕྲག་དོག་རྡོ་རྗེ་ཡིས། ཡིད་ནི་ཀུན་ཏུ་བཟང་པོ་ཡིས། དེ་
403b
ནམ་མཁའ་འགྲོ་བདག་མེད་མ། །འདི་རྣམས་ཀྱིས་ནི་རྣམ་པར་སྦྱང ། །གལ་ཏེ་འགལ་བ་ཡོད་པ་མ་ཡིན་ཡང ། །དེའི་ཚེ་རྒྱལ་བའི་དངོས་པོ་སྦྱང་བ་ཡོད། །ཀུན་རྫོབ་པ་བདེན་པར་ཡང་དག་གནས་ནས་ནི། །འཁོར་ལོ་གཟུགས་ཀྱི་ཆོས་ཙམ་རྣམ་པར་སྒོམ། །ཆོས་ཀྱི་དངོས་པོ་མ་བྱུང་སྤྱད་པ་ལས། །གང་ཟག་ཐམས་ཅད་རྣམ་སྤངས་འཇིག་རྟེན་པ། །འཇིག་རྟེན་འགྲོ་བར་བསམ་པར་མི་ནུས་ཏེ།། ཆོས་ཀྱི་ཚུལ་གྱིས་ཐམས་ཅད་རྣམ་པར་དག། ཚིགས་པ་རྣམས་ཀྱི་གདུང་དང་དུག་ཁྱབ་པའི། །ལུས་ཀྱི་སྨན་ནི་གཞན་གྱི་དུག་ཉིད་དེ། །ཇི་ལྟར་ཆུ་ནི་རྣ་བར་ཞུགས་པ་ལ། །ཡང་ན་ཆུ་ནི་ཐབས་སུ་འགྱུར་བ་ཉིད། །ཇི་ལྟར་རླུང་གིས་བཀྲུགས་པའི་སེམས་རྣམས་ཀྱིས། །དེ་བཞིན་མཁས་པས་མོན་སྲན་གྲེ་འུ་བཞིན། །འདོད་ཆགས་ཀྱིས་ཀྱང་རྨོངས་པ་ཡི། སྐྱེ་བོ་འདོད་ཆགས་མེ་ཡིས་གདུང ། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་སྨད་པས་ཟད་པར་འགྱུར། །འདོད་ཆགས་རྡོ་རྗེ་ཡོངས་ཤེས་པས། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །འདོད་ཆགས་ཞགས་པས་འཆིང་བ་ཡིས། །འཇིག་རྟེན་ཆགས་པས་ཁྱབ་པར་བརྗོད། །འདོད་ཆགས་བྲལ་བའི་མངོན་བྱང་ཆུབ། །འདོད་ཆགས་མཐར་ཕྱིན་རྣམས་མི་འདོད། །དེ་ནས་རྡོ་རྗེ་སྒྲོལ་མ་ཡིས། །སྒྲུབ་ཐབས་སྦྱིན་སྲེག་ལས་ཀྱི་ནི། གོ་ཆས་འདོད་དོན་ཐམས་ཅད་ཀྱི། སྒྲུབ་ཐབས་ཡང་དག་རབ་བཤད་བྱ། དེ་ལ་འདི་ནི་རྣམས་ནི། སྔས་ཀྱི་རྐང་པ་ཡིན་ཏེ། ཨོཾ་ན་མོ་ར་ཏྣ་ཏྲ་ཡའ་ཡ། ཨོཾ་ན་མཿ ་ ་བ་ལོ་ཀི་
404a
༄#། །ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མྷཱ་ཀཱ་རུ་ཎི་ཀཱ་ཡ། ཏངྱ་ཐཱ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སརྦ་དུ་ཥྚཱཾ་མ་མ་ཀྲི་ཏེ་ཇེ་སམྦྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། བནྔྷཾ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུ་ཥ ཊ་སྟམྦྷ་ནི་ཏཱ་རེ་སྭྷཱ། མ་མདོ་དཀྱིལ་འཁོར་དབུས་གནས་པར། ལྷ་མོ་སྒྲོལ་མ་བསྒོམ་པར་བྱ། ཕྱག་བརྒྱད་ཞལ་ནི་བཞི་བ་སྟེ། རྒྱན་རྣམས་ཀུན་གྱིས་རྣམ་པར་རྒྱ་གསེར་གྱི་ཁ་དོག་འདྲ་བྲེ་སྒོམ། གཞོན་ནུ་མ་ཡི་མཚན་ཉིད་འབར། རྡོ་རྗེ་ཉི་མའི་དབང་སྐྱེས་པའི། སངས་རྒྱས་བཞི་ཡི་དབུ་རྒྱན་ཅན། ལང་ཚོ་ལ་ནི་བབ་པའི་ལུས། གཡོབ་གསེར་གྱི་རྣ་ཆ་མ། སྣ་ཚོགས་པདྨའི་གདན་ལ་བཞུགས། འོད་ཟེར་དམར་པོས་རྣམ་པར་བརྒྱན། རྡོ་རྗེ་ཞགས་པ་དེ་བཞིན་དུང ། གཡས་བསམ་མངའ་ནི་འགེངས་པའོ། རྡོ་རྗེ་ལྕགས་ཀྱུ་ཨུཏྤ་ལ་སྡིགས་མཛུབ་གཡོན་པས་འཛིན་པ་མོ། རྡོ་རྗེ་སྐྱིལ་ཀྲུང་སྦྱོར་པ་ཡིས། གནས་གསུམ་པ་ནི་བསྒྲུབ་པར་བྱ། ཤར་དུ་མེ་ཏོག་སྒྲོལ་མ་སྟེམ། ཁ་དོག་དཀར་ཞིང་ཡིད་འོང་མ། ཡེ་གེ་ཨོཾ་ལས་སྐྱེས་པའོ། མེ་ཏོག་ཕྲེང་པས་ལག་པ་ཁྱབ། ཕྱག་གཉིས་ཞལ་ནི་གཅིག་མ་ཉིད། རྒྱན་རྣམ་སྐུན་གྱིས་རྣམ་པར་བརྒྱན། གཡས་སུ་བདུག་སྤོས་སྒྲོལ་མ་སྟེ། མདོག་ནག་མཛེས་པའི་གཟུགས་ཅན་མ། སྤོས་དང་དུང་གིས་ལག་པ་འབྲེལ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ནུབ་ཏུ་མར་མེ་སྒྲོལ་མ་སྟེ། མར་མེ་སྡོང་བུས་ལག་པ་ཁྱབ། མདོག་སེར་
404b
རྣམ་པར་བརྒྱན་ཆེན་མོ། གཡོ་བ་སེར་གྱི་རྣ་ཆ་མ། བྱང་དུ་དྲི་ཡི་སྒྲོལ་མ་སྟེ། དྲི་ཡི་དྲུང་གིས་ལག་ཁྱབ་པ། ཁྲག་གི་མདོག་ལྟར་ལྷ་མོ་ནི། དཀྱིལ་འཁོར་སྙིང་པོ་བསྒོམ་པར་བྱ། ལྕགས་ཀྱུང་སོགས་རབ་དབྱེ་པས། དེར་ནི་སྒོ་ཡི་སྲུང་བསམ། སྟེ་བ་དུ་གཙུག་ཏོར་རྣམ་རྒྱལ་མ། འོག་ཏུ་གནོད་མཛེས་མ་རབ་བསྒོམ། འཁོར་ལོ་ཀླུ་ཞགས་བསམས་ནས་ནི། སྤྲོ་ཞིང་སྔས་ནི་བཟླང་ང་བྱ། ཨོཾ་ཏཱ་རེ་ཏྲུ་ཏྲུ་རེ་ཏྲུ་རེ་སཝཱཧཱ། ཡེ་གེ་བཅུ་ཡིས་ལྷ་མོ་བཅུ། ཕ་རོལ་ཕྱིན་བཅུ་ལ་གནས་མ། འབྲས་བུ་ཐམས་ཅད་རབ་སྒྲུབ་ཕྱིར། རབ་ཏུ་འབད་པས་བསྒོམ་པར་བྱ། སྔགས་ནི་མཆོག་དང་ཕུལ་དུ་ཕྱིན། སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། བཀླགས་པས་འགྱུར་བྱེད་དྲག་པོ་སྟེ། རྡོ་རྗེ་གུར་གྱིས་བཤད་པ་འོ། སྣགས་འདིས་གོས་ཀྱི་ཐུ་བར་བདུན། མངོན་པར་བསྣགས་པར་བྱ་བ་སྟེ། མདུད་པས་བཅིངས་ཏེ་ནགས་ཚལ་དུ། འགྲོ་ནའང་ཀྱང་མི་འཁྱེར་ཏེ། སྟག་དང ། ཆོམ་རྐུན་དང ། ཆུས་རིན་སྣ་ཐུང་དང ། སེངྒེ་དང ། སྤྲུལ་དང ། མཆེ་བ་ཅན་དང་མྷེ་དང་དོམ་དང ། སྨྱིག་གླང་ལ་སོགས་པ་དྲན་པ་ཙམ་གྱིས་ཉམས་ཤིང་ཡི་པའོ། སངས་འདིས་ཨུཏྤལ་ལ་སྦྱིན་སྲེག་དུ་ལན་བརྒྱ་རྩ་བརྒྱད་ཇི་ཙམ་བསྐུ་བར་བྱ་སྟེ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཨ་མུ་ཀ་མེ་ཝ་ཥམྨཱ་ན་ཡ་སཝཱཧཱ། ཡང་སངས་དེ་ཉིད་ཀྱི་སྑྭཱི་སྒྲོ་ལ་ལན་སུམ་ཧུ་ཙ་གཉིས་ཡོངས་སུ་བཟླས་ཏེ་དགྲཱི་ཁྱིམ་དུ་སྦས་ན ། ཉི་མ་བདུན་གྱིས་སྐྲོད་པར་བྱེད་དོ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཙ་ལ་པྲ་ཙ་
405a
༄#། །ལ་ཤཱི་གྷྲཾ་གཱ་མི་དེ་ཝ་ད་ཏྟཾ་ཨུཙྩཱ་ཊ་ཡ་ཧཱུཾ་ཕཊ། དེ་ནས་གཞན་ཡང་སྦྱོར་བར་འགྱུར་པ། ཨོམ་ཏཱ་རེ་ཏུ་རེ་ཨ་མུ་ཀཱ་བྷཱི་ངྷཱ་ན་ཀུ་མཱ་རཱི་མ་ཏྱ་མུངྦཱ་ཧེ་ན་ཏ་སྱ་པེ་ཏ་ཕྲ་ཙྪམྟུ་མེ་སཝཱཧཱ། སྤྲ་ཚིལ་དང ། གཏུམ་པའི་ས་བོན་དང ། མྱོས་བྱེ་དང ། ་ཤཝ་ཀའི་ལོ་མ་དང ། མེ་ཏོག་བསྲེག་བླུགས་བྱ་ཞིང ། མར་དང་སྦྲང་རྩི་བུ་རམ་དུ་བཅས་པ་སྟོང་ཕྲེག་ལྡའི་སྦྱིན་སྲེག་ནི། བུ་མོའི་དངོས་གྲུབ་ལ་རབ་ཏུ་བསངས་ཏེ། ཉི་མ་བདུན་གྱིས་དེའི་ཚེ་རྣལ་འབྱོར་པས་རང་འདོད་པའི་བུ་མོ་འཐོབ་བོ། དེ་ནས་གཞན་ཡང་རབ་ཏུ་སྦྱོར་པར་འགྱུར་པ། པཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་ངྷ་ནཱཾ་ས་སྠཱ་ ་ཏ་ཨཱ་ཀཪྵ་ཡ་མནྟི་ཀེ་ཛཿ སྡགྶ་འདིས་རཱི་ཚེར་མ་སྟོང་ཕྲག་ལྔ་རང་བྱུང་གི་མེ་ཏོག་དང་སྦུགས་ཏེ་བསྲགས་བླུགས་བྱ་བར་བརྗོད་པ་འདི་བྱས་པས་སྐྱེས་པ་སྐྱོང་པ་རྣམས་ཀྱི་བུ་མོ་ཡང་འགུགས་པར་བྱེད་དོ། དེ་ནས་གཞན་ལང་སྦྱོར་བར་འགྱུར་པ། བླ་མཆོག་འཛགས་པའི་རས་ལ་བཅོམ་ལྡནས་མ་ཕྱག་གཉིས་མ་ཞལ་གཅིགས་མ། ལག་པ་ལྕགས་ཀྱུ་དང ། ུཏྤལ་དང་ཞགས་པར་བཅས་པ་རྣམ་པར་བྲིས་ཏེ། དེའི་མདུན་དུ་མཆོད་པ་བྱས་ནས་མེ་ཏོག་འདི་རྣམས་ཞིང་དགེ་ཞེས་བྱ་པ་ལས་སོགས་པས་མཚོ་ནས་ཕྱི་ནས་སྒོམ་པ་དང་ལྡན་པར་སངས་བཟླས་སོ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏ་རེ་ས་མུ་ཀཱི་མ་མེ་པ་སི་ཏཾ། སཝ་པནཾ་ཀྠཱ་ཧཱུཾ་པཧྚ། སྟོང་ཕྲག་ལྔས་འོང་པར་འགྱུར་རོ། ཞགས་པ་དང་
405b
བགྲིན་པ་རྦྕིངྶ་ཏེ་ལྕགས་ཀྱུར་དྲངས་ནས་བསྒྲུབ་པ་བྱ་རྐང་པའི་འོག་ཏུ་བསམས་ཁོལ་མོའི་ཚུལ་གྱི་སྦྱད་པར་བྱའོ། དེ་ནས་གཞན་ཡང་སྦོར་པར་འགྱུར་བ། སྒྲོལ་མའི་གཟུངས་བདུན་མངོན་པར་བསྔགས་པར་གྱ་སྟེ། བདག་གི་མིག་གཉིས་མིག་སྨན་གྱིས་བསྐུ་པར་བྱ་ཞིང་རྒྱལ་པོའི་རིགས་གྱི་དྲུང་དུ་འཇུག་པར་བྱའོ། དེ་ནས་རྒྱལ་པོ་སློབ་མདང་འདྲ་པར་གུས་པར་བྱེད་ཅིང་འགལ་པར་མི་བྱེད་པ་དང ། བཀའ་དྲིན་སྩོལ།་ཤིང་སྙན་པར་བརྗོད་པར་བྱེ་པ་དང ། བྲན་རྡུ་ཡང་དག་པར་འགྲོ་ཞིང་ཁྲོས་པ་ཡང་དབང་དུ་འགྱུར་པ་སྟེ། འདི་ནི། མངོན་སུམ་སུ་མཐོང་བ་དང་ངོ་མཚར་དང་བཅས་པའོ། དེ་ནས་གཞན་ཡང་སྦྱོར་པར་འགྱུར་པ། སྒྲོལ་མའི་གཟུངས་ན་བརྒྱ་རྩ་བརྒྱད་བཟླས་ཏེ། བ་གཉིས་པའི་སོ་དྲུག་ཐལ་པར་བྱ།ས་པ་ཁ་དོག་དམར་མོའི་མར་དང ། ་ཤིང་བ་ལ་ལས་སྡོང་བུ་རབ་ཏུ་སྦར་མལ་མིག་སྨན་བསྡུ་པར་བྱའོ། མིག་སྨིན་རྡོ་རྗེ་ཉི་མ་དང ། རྡོ་རྗེ་ཆོས་དག་མཉེས་ལ་རྟ་མཆོག་གིས་བདུག་པར་བྱའོ། ཐལ་བ་དང་ལྷན་ཅིག་མིག་ལ་བསྐུ་པར་བྱེ་སྟེ། རྡོ་རྗེ་མིག་གིས་གང་བལྟས་པ་བདེ། གལ་ཏེ་པདྨ་གར་གྱི་དབང་ཕྱག་མི་འབབ་ནས་དེའི་ཚེ་བདག་སྒྲོལ་མ་ལྕགས་ཏེ། བདག་གིས་སངས་རྒྱས་ཅོམ་ལྡན་འདས་རྣམས་བཀྲོངས་པ་ལགས་སོ་དེ་ནས་གཞན་ཡང་སྦྱོར་པར་འགྱུར་བ། བྱིས་པ་སོ་མེད་པའི་ལྕེས་བླངས་ལ་སྒྲོལ་མའི་གཟུངས་བདུན་མངོན་པར་བསྡངས་པར་བྱས་ནས་རྒྱལ་པོའི་རྩ་བ་དང ། བ་གླང་གི་གི་ཝང་ལྷན་
406a
༄#། །ཅིག་བྱས་པས་དཔྲལ་བར་ཐིག་ལེ་ཡོངས་སུ་བཟུང་སྟེ་གང་བལྟས་པ་དེ་དབང་དུ་བྱེད་དོ། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ། ལྟོ་བའི་སྲིན་བུ་ལ་གཟུངས་བདུན་མངོན་བར་བསྔགས་པ་བྱ་སྟེ། །རྡོ་རྗེ་དང་ལྷན་ཅིག་བྱས་པས་དཔྲལ་བར་སོ་རྩིས་བྱས་ལ་བྱིན་ཏེ་སྦྱོར་བ་མཆོག་ཟོས་པ་ན་མི་སྤོང་བ་དང ། གཞན་དུ་མི་དགའ་བ་དང ། གཞན་དུ་མི་འགྲོ་བ་དང།་རང་གི་བདག་པོ་ཡང་སྤོང་ངོ ། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ། མར་ཁུ་ཆེན་པོས་ཉེ་བར་བྱུགས་ལ་སྒྲོལ་མའི་གཟུངས་བཟླས་ལ་དེ་བསྒོམ་པར་བྱའོ། །བཟླས་པའི་མཐར་སཱ་ལུ་བཏགས་པས་འདག་གུའི་དྲི་མ་ལ་ཁུ་བ་བྱས་ཏེ་གང་ལ་བྱིན་པ་དེ་ལྔ་བོར་ཡང་མི་སྤོང་ངོ ། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ། ཟླ་བ་ལ་ཉེ་བར་ཆགས་པའི་དུས་སུ་སྒྲོལ་མའི་གཟུངས་ཟློས་ཤིང་བསྙེན་པ་བྱས་ལ་དེ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་བླངས་ཏེ་དུང་གི་ཐལ་བ་དང་མཉེ་བར་བྱ་ཞིང་རབ་ཏུ་དྲེགས་མ་ཉིད་ལ་སྦྱིན་ཏེ། ཇི་སྲིད་དུ་སྔར་ཡང་རྗེས་སུ་འབྲང་པོ། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ། སྒྲོལ་མའི་གཟུངས་ཀྱིས་མ་ད་ན་ཕལ་ལ་ལན་བརྒྱད་ཡོངས་སུ་བཟླས་ཏེ་འདོད་པའི་འབྲས་བུ་དེས་རྟ་མགྲིན་དང་ལྷན་ཅིག་པས་བསྐུས་ནད་བང་དུ་འགྱུར་རོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་སྱ་བནྡྷ་ནཾ་མུ་ཀཾ་ཀུ་རུ་མཿ ་སཝཱཧཱ། །ཞེས་བྱ་བའི་སྔགས་འདི་ཨརྐའི་ལོ་མ་ལ་བསྒྲུབ་བྱའི་མིང་ནང་དུ་བཅུག་པར་བྲིས་ལ་ནེའུ་
406b
ལེའི་ཁུང་\?\་བུ་\?\་ན། བཅིངས་པ་ལས་གྲོལ་བར་འགྱུར་རོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་གནས་ཡང་དག་པར་རབ་ཏུ་བཤད་པར་བྱའོ། །གང་གིས་བསྒོམས་བ་ཙམ་གྱིས་ཕས་ཀྱིས་རྒོལ་བ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །ལྷ་མོ་ཕྱག་གཉིས་མ་ཞལ་གཅིག་མ། །སྐུ་མདོག་དཀར་བ་ཡིད་འཕྲོག་མ། །སྐྲ་ཕྱེད་དུ་ལི་བ། ཆུ་སྐྱེས་ཤིན་ཏུ་དཀར་པ་ལ་ཡང་དག་པར་གནས་མ། ལག་པ་གཉིས་པར་པདྨ་མདོག་དཀར་བ་ཡང་དག་པར་བསྒོམས་ཤིང ། གཡོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ལྟེ་པའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །ོཾ་ལས་སྐྱེས་མ། མཆོག་ཏུ་དགའ་བར་བྱེད་མ། དམ་ཚིག་སེམས་དཔའ་བསྐྱེད་ནས་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་ཞིང་རྣལ་འབྱོར་ཟླ་བ་དྲུག་ཏུ་གོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །མཚན་མོ་བདུན་དུ་སྦྱོར་བས་བསྟན་བཅོས་ཐམས་ཅད་ཤེས་པར་བྱེད་དོ། །འབུམ་བཟླས་པའི་སྦྱོར་བས་ཉི་མ་རེ་རེ་ལ་ཚིགས་བཅད་བརྒྱ་བརྒྱ་བྱེད་པར་འགྱུར་རོ། །རབ་ཏུ་འབད་པ་མེད་པར་གཞུང་བརྒྱ་ཡང་འཛིན་པར་བྱེད་དོ། །དེ་ལ་སྔགས་ཀྱི་རྐང་བར་གྱུར་པ། ཨོཾ་པི་ཙུ་བི་ཙུ་པྲ་ཛྙཱ་ཝ་རྡྷ་ནི།་ཛྲ་ལ་ཛྭཱ་ལ་མེ་དྷཱ་ཝ་རྡྷ་ནི། དྷི་རི་དྷི་རི་བུདྡྷི་ཝ་རྡྷ་ནི་སཝཱ་ཧཱ། ཁྲ་མེ་ཟེར་བ་ན་སྔགས་འདིས་བདུན་དུ་མངོན་པར་བསྔགས་པར་བྱས་ཏེ། །མ་བསླངས་པའི་སིངས་པོ་སྐྱུར་པོ་ལ་ལན་བདུན་དུ་སྔགས་
407a
༄#། །ཀྱིས་གདབ་པར་བྱ་ཞིང་ཇི་སྲིད་ཟླ་བ་དྲུག་ཏུ་གང་འཐུངས་པ་ཤེས་རབ་ཆེན་པོར་འགྱུར་རོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི། །མཚན་ཉིད་ཡང་དག་རབ་བཤད་པ། དེ་ཡིས་ཉེ་བར་བསྟེན་པའི་སྔགས། །སྒྲུབ་པ་པོ་ཡིས་ངེས་པར་འགྲུབ། །དལ་ཞིང་ཟབ་མོ་ཆོས་དང་ལྡན། །ཐམས་ཅད་རིག་པར་མཁས་དང་བཅས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང ། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་ནི་རྣམ་པར་རིག། ཉན་ཐོས་སྤྱོད་པ་སྲུང་བ་པོ། །སྔགས་སྤྱོད་རིམ་པ་གུས་པ་དང ། །གཟུགས་ལྡན་མཐོང་ན་དགའ་བ་དང ། །དཀྱིལ་འཁོར་འབྲི་ཞིང་བཟླས་པར་ལྡན། །རྩ་བའི་ལྟུང་བ་འཇོམས་པ་པོ། །སྔགས་དང་ལུས་སྐྱོབ་སྦྱོར་བ་ཡིས། །འཇིག་རྟེན་རྣམས་ནི་བདེ་བར་བྱེད། །དེ་ལྡན་བླ་མར་བཅས་ནས་ནི། །གང་ཞིག་བླ་མ་སྨོད་བྱེད་ཅིང ། །སྐྱེ་བོ་བླ་མ་སྨོད་པ་གང ། །དམྱལ་བ་ཆེན་པོར་འཚེད་བར་འགྱུར། །ཇི་ལྟར་རྡོ་རྗེ་འཇིག་རྟེན་རྒྱལ་ནི། །སངས་རྒྱས་ཀུན་གྱིས་དང་པོར་མཆོད། །རྡོ་རྗེ་གུར་གྱིས་འགྲོ་བ་ཡིས། །དེ་ལྟར་བླ་མའི་ནན་ཏན་བྱ། །བླ་མའི་གྲིབ་མ་བུད་མེད་དང ། །ལྷམ་དང་སྟན་དང་མལ་སྟན་རྣམས། །རྨོངས་ཆེན་གང་ཞིག་འགོང་བྱེད་ན།། སྐྱེས་པ་དེ་ནི་སྤུ་གྲི་འཛིན། །ལེགས་པར་དབང་བསྐུར་སློབ་མ་གང ། །བླ་མའི་བཀའ་ལས་འདའ་བྱེད་པ། །འཇིག་རྟེན་འདིར་ནི་འོན་པར་འགྱུར། །འཇིག་རྟེན་ཕ་རོལ་དམྱལ་བར་
407b
གནས། །གཡོ་དང་སྒྱུ་ཡི་སྦྱོར་བ་ཡིས། །རྫུན་གྱིས་མི་ནུས་སྨྲ་བ་ལས། །ཁོང་སྐམ་མཛེ་ནད་ཆེན་པོ་ཅན། །དམྱལ་བ་ལ་སོགས་སྐྱེ་བར་འགྱུར། །དེ་ལྟར་ཤེས་པའི་སློབ་མ་ཡིས། །བླ་མའི་བསྙེན་བཀུར་ཕ་རོལ་ཕྱིན། །བླ་མའི་བཀའ་ནི་རབ་བསྲུངས་ན། །དངོས་གྲུབ་རྒྱས་པ་འགྲུབ་པར་འགྱུར། །ཚོགས་ཀྱི་ཟས་ནི་རྟག་ཏུ་བྱ། །ཞི་བ་ལ་སོགས་རབ་ཏུ་བསྐུལ། །སྔ་བར་དགེ་འདུན་ཆོས་སྟོན་བྱ། །བླ་མ་སངས་རྒྱས་ཡང་མཉེས་བྱ། །བླ་མ་ལ་ནི་ཡོན་དབུལ་ཞིང ། །དེ་ཡི་རྗེས་སུ་ཚོགས་ཀུན་ལའོ། །བདག་གི་ལས་ནི་བརྩམས་ནས་ནི། །ཆོ་ག་འདིས་ནི་བསྒྲུབ་པར་བྱ། །ཡན་ལག་རྒྱན་རྣམས་ཀུན་གྱིས་བརྒྱན། །རྡོ་རྗེ་དྲིལ་བུ་བླངས་ནས་ནི། །ལམ་གྱི་བཞི་མདོར་གཏོར་མ་གཏང ། །མེ་ཏོག་བདུག་སྤོས་མར་མེ་དང ། །དེ་བཞིན་དྲི་ཡི་དུང་སོགས་གཡས། །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །མདུན་དུ་སྣོད་ནི་གཞག་པར་བྱ། །ཞབས་བསིལ་གོང་མའི་ཆོ་ག་ཡིས། །མེ་ཏོག་སྤོས་སོགས་རིམ་པ་བཞིན། །ལཱ་སྱེ་ལ་སོགས་མཆོད་པ་ཡིས། །མཆོད་པར་བྱས་ན་བཟང་པོར་སྦྱིན། །མེ་ཏོག་བསྒྱུར་བའི་ཚུལ་གྱིས་དང ། །དྲི་ནི་འཐོར་བའི་ཚུལ་ལས་དང ། །སྡོང་པོས་མར་མེའི་མཆོད་པ་དང ། །བྱུགས་པའི་ལུས་ཀྱིས་རྗེས་སུ་དྲིས། །ལཱ་སྱེའི་ལག་པ་ལཱ་སྱེ་སྟེ། །འཕྲེང་བས་ཕྲེང་བའི་མཁའ་འགྲོ་མ། །གླུ་ཡིས་ཧཱུཾ་གི་དམ་ཚིག་གླུ། །བརླ་བསྐུམས་བས་ནི་གར་ཉིད་དེ། །མཆོག་པ་\?\་རྣམས་བླ་ན་མེད། །སངས་རྒྱས་ཐམས་ཅད་མཉེས་པར་བྱེད། །སངས་རྒྱས་རྣམས་ནི་མཆོད་
408a
༄#། །པས་མཆོད། །འདོད་པའི་དངོས་གྲུབ་བྱེད་པར་འགྱུར། །བཟླས་དང་སྒོམ་པ་མངོན་དགའ་ཞིང ། །རྟག་ཏུ་འཁོར་བའི་ཕ་རོལ་འགྲོ། །རྡོ་རྗེ་མཁའ་འགྲོའི་བཀའ་ཇི་བཞིན། །འདི་རྣམས་བླ་མེད་མཆོད་པའོ། །མེ་ཏོག་སྤོས་སོགས་མངོན་སུམ་དུ། །འཇིག་རྟེན་སྤྱོད་པར་གནས་པ་ཡིས། སྣ་ཚོགས་མཆོད་པ་མཆོག་ཉིད་མིན། །དེ་ཉིད་བྱང་ཆུབ་ཡན་ལག་མིན། །དཀར་པོ་ཞི་བར་བྱེད་པར་བརྗོད། །སེར་པོ་རྒྱས་པའི་སྒྲུབ་ཐབས་ལ། །དབང་དང་དགུག་པར་དམར་པོ་སྟེ། །ཐ་མའི་ལས་ལ་ནག་པོའོ། །ཞི་བ་ལ་ནི་མེ་ཏོག་དཀར། །སེར་པོ་རྒྱས་པའི་རྡོ་རྗེ་ལ། །མེ་ཏོག་ནག་པོ་ཐམ་ལ། །དབང་དང་དགུག་ལ་དམར་པོ་བཟང ། །རྣལ་འབྱོར་པ་གང་དབང་བསྐུར་མེད། །དཀྱིལ་འཁོར་དུ་ནི་མ་ཞུགས་དང ། །གང་ཞིག་རབ་གནས་མ་མཐོད་དང ། །གང་ཞིག་སྦྱིན་སྲེག་མ་བྱས་པ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །དེ་ཡི་དངོས་གྲུབ་མཆོག་ཉིད་མེད། །གང་གིས་སློབ་དཔོན་གསོལ་མ་བཏབ། །འདིར་ནི་རིགས་སུ་སྐྱེ་བ་མེད། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །གང་གིས་བྱང་ཆུབ་མ་ཐོབ་ན། །འཁོར་ལོས་བསྒྱུར་བའི་གནས་སུ་དེའི། །སྐྱེ་ཞིང་སྐྱེ་པར་འགྱུར་པའོ། །ཡང་ནས་ཡི་བདག་པོ་ཉིད། །དག་པའི་གནས་སུ་མངོན་པར་འགྲོ། བདེ་བ་ཅན་དང་མཁའ་འགྲོ་དང ། །དགའ་ལྡན་དུ་ནི་བློ་ལྡན་སྐྱེ། །འཇིག་རྟེན་འདིར་ནི་གང་འགྲུབ་པ། །སངས་རྒྱས་དེ་ནི་ཅི་ཞིག་
408b
སྨྲོས། །ཁམས་གསུམ་བདག་པོ་ཆེན་པོ་འདི། །འཆི་མེད་རྒས་པས་ཁྱབ་པ་མེད། །ཚངས་པ་བརྒྱ་བྱིན་དེ་བཞིན་དྲག་།སྒྲ་གཅན་མེ་དང་རླུང་དང་ནི། །འདོད་པའི་ལྷ་དང་ཐོང་ལྡན་ཉིད། །འདི་རྣམས་དེ་ཡི་འཁོར་དུ་འགྱུར། །ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང ། །དྲི་ཟ་ལྷ་མ་ཡིན་དང་མི། །མིའམ་ཅི་དང་མཁའ་སྤྱོད་གང ། །དེ་རྣམས་འཁོར་འགྱུར་ཐེ་ཚོམ་མེད། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། རིགས་དང་བྱང་ཆུབ་བྱད་པ་དང ། །དེ་བཞིན་དུ་ནི་ལྷར་གཤེགས་དང ། །ཁྱིམ་ནས་འབྱུང་བ་བྱེད་པ་དང ། །རབ་ཏུ་བྱུང་བ་འཛིན་པ་དང ། སྐྱེ་བ་ཡོངས་སུ་ལེན་པ་དང ། །ཡོངས་སུ་མྱ་ངན་འདས་ཕ་སྟོན། །འདུལ་བའི་འཇིག་རྟེན་མཐོང་ནས་ནི། །འདི་ནི་གཟུགས་ནི་དུ་མ་བྱེད། །སངས་རྒྱས་སེམས་ཅན་བསྐྱབ་བཞེད་པས། །སངས་རྒྱས་གར་ནི་རོལ་པ་མཛད། །རི་བོང་སྟག་དང་སེངྒེ་དང ། །གླང་པོ་རྣམས་ཀྱི་རིགས་སུ་ཡང ། །སྙིང་རྗེས་ཕན་པའི་སེམས་ཀྱིས་ནི། །ཕྱག་རྒྱས་གྲུབ་པ་སྐྱེ་བར་འགྱུར། །བུད་མེད་སྒྱུ་མའི་སྤྲོས་པ་ཡིས། །འདོད་ཆགས་ཅན་ལ་ཆོས་གསུང་ངོ ། །བུད་མེད་སྒྱུ་མ་སངས་རྒྱས་ཉིད། །སྒྱུ་མ་ཐམས་ཅད་སེལ་བར་བྱེད། །ཤེས་རབ་ཕ་རོལ་ཕྱིན་གཟུགས་སུ། བུད་མེད་རྟག་ཏུ་ཡང་དག་གནས། །སྒྱུ་མ་ཆེན་མོ་གནས་འདུག་ནས། །སངས་རྒྱས་བྱང་ཆུབ་རབ་ཏུ་སྟེར། །གཡོ་ཞིང་དང་ཆེ་ངོ་ཚ་མེད། །རྟག་ཏུ་འདོད་ཆགས་ཕ་རོལ་འགྲོ། །དངོས་གྲུབ་ཀྱང་ནི་རབ་ཏུ་སྟེར།།
409a
༄#། །གཟུགས་དང་ཡོན་ཏན་ནོར་ལ་ཡང ། །འདོད་པ་གང་ཡང་བ་ཙུན་མོ་མེད། །རྡོ་རྗེ་འདོད་ཆགས་ཡིད་འདོད་པས། །རང་གི་བདེ་བ་མྱང་བར་ལྡན། །སྐྱེས་བུ་ཚུལ་ཁྲིམས་ལྡན་པ་དང ། །བདེར་གཤེགས་བཀའ་ལས་མི་འདའ་ཞིང ། །བླ་མ་བསྙེན་བཀུར་སྙིང་རྗེ་ཅན། །ཀྱེ་ཡི་རྡོ་རྗེ་རབ་ཕྱེ་བའོ། །དེ་ནས་རྣལ་འབྱོར་མ་བདག་མེད་མ་གཙོ་མོ་དང ། མཁའ་འགྲོ་མ་རྣམས་ཀྱིས་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པ། ཞེས་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཡིད་དང་ཕྲག་དོག་ཆེན་པོ་དང ། །རྡོ་རྗེ་ཀུན་གྱིས་དམ་ཚིག་མགོན། །ལས་རྣམས་ཐམས་ཅད་སྒྲུབ་པ་པོ། །རྡོ་རྗེ་ཅན་ཀུན་དགྱེས་པར་མཛོད། །དེ་ནས་བཅོམ་ལྡན་འདས་མཁའ་འགྲོ་མ་ཐམས་ཅད་ཀྱི་དམ་ཚིག་ལ་གནས་ཏེ་དབྱངས་འདི་གསུངས་པ། ཐིག་སྐུད་གསར་པ་མཛེས་པར་ལྡན། །ཤིན་ཏུ་ཚད་མ་གཙང་མ་ཡིས། །ཧེ་ཞེས་བྱ་བའི་དཀྱིལ་འཁོར་གྱི། །ཤེས་རབ་ཅན་གྱིས་ཐིག་གདབ་བྱ། །དེ་ལ་འདི་ནི། སློབ་མ་ཆེན་པོའི་གསོལ་བ་གདབ་པའི་དམ་ཚིག་གོ་།དེ་བཞིན་གཤེགས་པ་ཐམས་ཅད་ཞི། །དེ་བཞིན་གཤེགས་བ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །དཀྱིལ་འཁོར་གྱི་རྡོ་རྗེ་
409b
ལ་གསོལ་བ་གདབ་པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ང་ནི་སྙིང་རྗེ་སྟོབས་དཔལ་ལྡན། །སྲུང་བའི་འཁོར་ལོ་སྦྱོར་བ་བོ། །རྡོ་རྗེ་ཡིས་ནི་གསལ་བའི་ལུས། །སྐུ་གསུང་ལས་ནི་སྐྱེས་བ་སྤྲོ། །གལ་ཏེ་ལ་ལ་འདའ་བྱེད་ན། །འཇིག་སྟེ་འདི་ལ་ཐེ་ཚོམ་མེད། །ལུས་སྲུལ་བོ་དང་ཁ་ཅིག་གང ། །བདེ་ཆེན་ཡེ་ཤེས་འབྱུང་བ་དང ། །རྡོ་རྗེ་སེམས་དཔའི་རང་བཞིན་སྐྱེས། །གཟུར་ཅིག་བགེགས་ནི་ཆེན་པོ་རྣམས། །འཁོར་ལོ་ཡི་ནི་བརྒྱད་ཉིད་ཀྱི། །ཆ་ཡིས་སྒོར་ནི་རབ་ཏུ་གྲགས། །སྟོང་ཁང་ལྷ་ཡི་སྣམ་བུ་ནི། །སྒོ་ཡི་ཚད་ཀྱི་ཚད་དུ་བྱ། །སྒོ་ཡི་ཕྱེད་ཀྱི་ཆ་རུ་ནི། །ཡ་ཕུབས་དང་ནི་འགྲམ་ཉིད་དོ། །རིག་བྱེད་ཉིད་ཀྱང་དེ་བཞིན་བྱ། །ད་བའི་སྣམ་བུ་རིག་བྱེད་བྱེད། །དང་པོར་ཚངས་པའི་ཐིག་དང་ནི། །གཉིས་པར་མཚམས་ཀྱི་ཐིག་དང་ཡང ། །གསུམ་པར་ངོས་ནི་བཞི་ཡི་བཞི། །ཐིག་ནི་རབ་ཏུ་གདབ་པར་བྱ། །ཚངས་ཐིག་ཆ་གཉིས་བོར་ནས་ནི། །ཆ་དྲུག་ཏུ་ནི་གདབ་པར་བྱ། །དེ་ནས་སྒོ་ཡི་ཚད་བོར་ནས། །དགུ་ཡི་ཆར་ནི་རབ་ཏུ་གདབ། །དེ་ལ་འདི་ནི།་ས་སྦྱང་བའི་དམ་ཚིག་གོ་།ོཾ་ཁཾ་ཧཱུཾ་བྷཱུཾ། དེ་ལ་འདི་ནི། ཡེ་ཤེས་སྤྱན་དྲང་བ་སྟེ། ཨོཾ་མེ་དི་ནི་བཛྲཱི་བྷ་བ་བཛྲ་བ་ནྡྷ་ཧཱུཾ། དེ་ལ་འདི་ནི། །ཐིག་གདབ་པའི་དམ་ཚིག་སྟེ། ཨོཾ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། དེ་ལ་འདི་ནི། རྡུལ་ཚོན་བྲི་བའི་དམ་ཚིག་སྟེ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་ཐར་པར་བྱེད། །ཀྱེ་ཡི་རྡོ་རྗེ་རྒྱལ་པོ་ཆེས། །དཀྱིལ་འཁོར་དམ་
410a
༄#། །པ་བཞེངས་པར་བྱ། །དབང་ལྡན་དུ་ནི་ཤ་ར་བྷ། །མེ་ཡི་མཚམས་སུ་དགེ་སློང་བྲི། །ཆོས་ཀྱི་འཁོར་ལོ་བདེན་བྲལ་དུ། །རླུང་དུ་རྡོ་རྗེ་བྲི་བར་བྱ། །ལྕགས་ཀྱུ་ཤར་དུ་བྲི་བར་བྱ། །ལྷོ་ཡི་སྒོར་ནི་ཞགས་པ་ཉིད། །ནུབ་སྒོར་དེ་བཞིན་ལྕགས་སྒྲོག་སྟེ། །བྱང་དུ་རྡོ་རྗེ་དྲིལ་བུ་འོ། །དབུས་སུ་ཐོད་པ་དཀར་པོ་ནི། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །དེ་ནས་རྡོ་རྗེས་འཛིན་པའི་རྒྱལ་པོས་སྦྱིན་སྲེག་གི་གྲོང་ཁྱེར་རབ་ཏུ་ཕྱེ་བ། རྡོ་རྗེ་ཐབ་ཁུང་སྦྱོར་བ་ཡིས། །རྡོ་རྗེའི་བསྲེག་རྫས་སྦྱོར་བ་ལས། །ཟླུམ་བོར་ཞི་བར་བྱེད་པར་བརྗོད། །རྒྱས་པར་བའི་རྫིང་བུའི་གཟུགས། །དབང་ནི་ཟླ་བ་ཕྱེད་པ་འདྲ། །དགུག་པ་ལ་ནི་ལྕགས་ཀྱུའི་དབྱིབས། །བསད་དང་ཞེ་སྡང་ལས་ལ་ནི། །ནམ་མཁའི་ཁམས་དང་མཚུངས་པའོ། །དེ་བཞིན་སྐྲོད་བྱེད་སྐལ་ངན་བྱུང། །ཡན་ལག་ཉམས་པའི་སྦྱོར་བ་ཡིས། །ཙནྡན་ཨ་ག་རུ་ཤིང་དང ། །གཞན་ཡང་དྲི་ཡི་རྐང་འཐུང་གིས། །སྦྱིན་སྲེག་ཡན་ལག་མེ་སྦར་ནས། །ཕྱིས་ནི་ཡང་ནི་དགུག་པར་བྱ།། ཨོ་ཨེ་ཧྱེ་ཧི་མཧཱ་བྷུ་ཏ་དེ་བ་རྀ་ཥི་དྭི་ཛ་སཏྟ་མ་གྲི་ཧཱི་ཏྭཱ་ཨཱ་ཧུ་ཏི་མཱ་ཧཱ་རྀ་ཨསྨིནྶ་ནྣི་ཧི་ཏོ་བྷ་བ། ལྕགས་ཀྱུ་ཉིད་ཀྱིས་དགུག་པར་བྱ། །ཞགས་པ་ཉིད་ཀྱིས་གཞུག་བྱ་ཞིང ། །ལྕགས་སྒྲོག་གིས་ནི་ཞགས་དག་བཅིང ། །དྲིལ་བུ་འཁྲོལ་བས་དབང་དུ་བྱས། །ལཱ་སྱེ་ལ་སོགས་མཆོད་པ་བརྒྱད། །མཆོད་ཡོན་ཆོ་ག་བྱས་ནས་ནི། །མར་ལ་སོགས་པའི་སྦྱོར་བ་ལས། །ཡང་
410b
ནི་མེ་ནི་མཉེས་པར་བྱ། །དེ་ལ་འདི་ནི། རྡོ་རྗེ་མཆོད་ཡོན་གྱི་དམ་ཚིག་སྟེ། ཨོཾ་པྲ་ཝ་ར་སཏྐཱ་ར་པྲ་ཏཱི་ཙྪ་སཝཱཧཱ། དེ་ལ་འདི་ནི། ཞབས་བསིལ་གྱི་དམ་ཚིག་སྟེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སཝཏྭ་སྱ་སརྦ་པཱ་པཾ་ད་ཧ་སཝཱཧཱ། དེ་ལ་འདི་ནི། བསྲེག་རྫས་ཐམས་ཅད་འཆུ་བའི་དམ་ཚིག་གི་སྔགས་གི་སྔགས་ཏེ། ཨོཾ་བཛྲ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལ་ཡ། སརྦ་བྷ་སྨི་ཀུ་རུ་སརྦ་དུ་ཥཊ་ན་ཧཱུཾ་ཕཊ། དྲི་ཥྱ་ཛཿ ་ཧཱུཾ་བཾ་ཧོཿ ་ས་མ་ཡ་སྟྭཾ་ཨ་ཧཾ། ཕྱི་ནས་རང་འདོད་པའི་ལྷ་སྤྱན་དྲང་བ་སྟེ། ཨོཾ་ ་ཧྱེ་ཧི་བྷ་ག་ཝཱནྣི་ཧ་བྷཀྵ་ཎ་ས་མ་ཡེ་ནི་ཙ་ཨ་རྒྷ་ནྟུ་སཾ་པྲ་ཏཱིཙྪ་པཱུ་ཛ་ཛྙཱ་དཱ་པྲ་སིདྡྷ་མེ། །དེ་ལ་འདི་ནི། དགྱེས་པའི་དམ་ཚིག་སྟེ། ཨོཾ་ཀྲི་ཏོ་བཿ ་སརྦ་ས་ཏྭཱརྠཿ ་སིདྡྷི་རྡཏྟཱ་ཡ་ཐཱ་ནུ་ག་གཙྪ་དྷཱཾ་བུདྡྷ་བི་ཥ་ཡཾ་བུ་ན་རཱ་ག་མ་ནཱ་ཡ་མུཿ ་བཞེངས་པ་དང ། ལས་སྣ་ཚོགས་ཀྱི་སྦྱོར་བ་དང ། །སྦྱིན་སྲེག་གི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །རྡོ་རྗེ་སེམས་དཔའ་རབ་གནས་ནི། །འཇིག་རྟེན་ཐ་སྙད་ལ་གནས་ཏེ། །མདོར་བསྡུས་ནས་ནི་བསྟན་པར་བྱ། །དང་པོ་རེ་ཞིག་རིག་མ་འཛིན། །དྲིལ་བུ་འཁྲོལ་བར་འདོད་པ་དང ། །རྐང་གཡས་བརྐྱང་བའི་སྦྱོར་བ་ལས། །གཡས་པར་རྡོ་རྗེ་གསོར་བ་དང ། །སྲོང་ཐུན་སྐད་ནི་ཆག་པ་ནི། །གོས་ཀྱིས་མགྲིན་པ་བཅིངས་པ་དང ། །རིན་ཆེན་སྨན་གྱིས་ཡོངས་གང་བའི། །བུམ་པ་སྟ་གོ་ན་གནས་པར་བྱ། །ོཾ་དེ་ཝ་པོ་ཙུ་བཛྲ་དྷི་ཏིཥྛ། ཨོཾ་མོ་ཧ་ར་ཏི་ཨ་དྷི་ཏིཥཋ། ཨོཾ་དྭེ་ཥ་ར་ཏི་ཨདྷི་ཏིཥྛ། ཨོཾ་རཱ་ག་ར་ཏི་ཨ་དྷི་ཏིཥྛ། ཨོཾ་བཛྲ་ར་ཏི་ཨ་དྷི་ཏིཥྛ། ཨོཾ་
411a
༄#། །བཛྲ་གཽ་རཱི་ཨཱ་ཀཪྵ་ཡ་ཛཿ ོཾ་བཛྲ་ཙཽ་རཱི་པྲ་པེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་པེ་ཏཱ་ལཱི་བནྡྷ་ཡ་བཾ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤྱཾ་ཀུ་རུ་ཧོ། །འདི་ནི། ཡེ་ཤེས་དགུག་པའི་ཆོ་གའོ། ། ཤུན་པ་ལྔ་དང་བ་སྤུ་ལྔ། །ཁྱད་པར་དུ་ཡང་དྲི་ལྔ་དང ། །ལུས་བཤུལ་ལ་ནི་བླུགས་པར་བྱ། །མཆོད་ཡོན་ལ་སོགས་སྔར་བཞིན་བྱ། །ཡང་ན་དེ་ཉིད་སྦྱོར་བར་བྱ། །སྔ་བར་བླུགས་ཤིང་བྱིན་གྱིས་བརླབ། །མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །དབང་ནི་རང་གི་རིགས་ཉིད་ཀྱིས། །མཆོད་པ་ལ་སོགས་རིམ་པས་བརྩམ། །རང་གི་སྙིང་ནས་ཡེ་ཤེས་བསམ། །སངས་རྒྱས་བཞུགས་པར་གསང་གཏོར་བྱ། །ཡེ་ཤེས་རྡོ་རྗེའི་སྦྱོར་བ་ཡིས། །རིམ་པས་མཆོད་པའི་ལྷ་མོ་སྤྲོ། །བྱང་ཆུབ་སེམས་མཆོག་བསམས་ནས་ནི། །སངས་རྒྱས་བསྟོད་པ་ཡང་དག་བརྩམ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །སྟོང་པ་སྙིང་རྗེ་ཐ་དད་མེད། །ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་མཉེས་པ། །ཁྱོད་ཀྱི་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བསྒྲུབས་ཤིང ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སང་མཛད་པ། །སྒྱུ་མའི་སྤྲོས་པས་རྡོ་རྗེ་འཕེལ་མཛད་པ། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགྱེས། །རྡོ་རྗེ་སེ་གོལ་སྦྱོར་བ་ཡིས། །རྡོ་རྗེ་སྒོམ་པ་བསྒོམ་པར་བྱ། །རྡོ་རྗེ་ཡི་གེ་བླངས་ནས་ནི། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ཕུང་པོ་རྣམ་པར་བསྒོམ། །
411b
དེ་ནས་རྡོ་རྗེ་མཆོད་པ་བསམ། །རྡོ་རྗེ་ལྕེ་ཡི་སྦྱོར་བ་ལས། །སངས་རྒྱས་རྡོ་རྗེའི་རྗེས་བཅུག་ཉིད། །རྡོ་རྗེའི་སྔགས་ཀྱིས་བསང་གཏོར་བྱ། །བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་བདུད་རྩིའི་རོ་མྱང་བའི་རྡོ་རྗེ་དེ་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་ཁམས་ཀྱི་དབུས་སོན་པར། །རྩེ་མོ་ལྔ་པ་བྲིས་པ་ཡིས། །སངས་རྒྱས་དངོས་གྲུབ་འདོད་པ་ཡིས། །སྟོབས་ཀྱིས་སངས་རྒྱས་ཕུར་བུས་གདབ། །ཆོས་འབྱུང་གྲོང་ཁྱེར་ཡིད་འོང་བར། །རྡོ་རྗེ་མཛུབ་མོའི་སྦྱོར་བ་ལས། །གལ་ཏེ་དངོས་གྲུབ་མི་སྟེར་ན། །རྡོ་རྗེ་སེམས་དཔའ་གསད་པར་བྱ། །ོཾ་དུ་རུ་དུ་རུ། ཙྪིནྡ་ཙྪིནྡ། ཧཱུཾ་ཧཱུཾ། བཅོམ་ལྡན་འདས་ཀྱིས་ཕུར་བུས་གདབ་པ་ཆེན་པོ་རྡོ་རྗེ་དེ་སྐད་ཅེས་བཀའ་སྩལ་ཏོ། །མ་མོའི་དཀྱིལ་འཁོར་དབུས་གནས་པར། །རྟ་མགྲིན་རྣམ་པར་བསྒོམ་པར་བྱ། །དབུ་རྒྱན་ལ་ནི་རྡོ་རྗེ་ཆོས། །ཕྱག་རྒྱ་ཆེན་པོར་བརྗོད་པ་ལས། །པདྨ་དམར་པོ་སྤྱི་བོར་འཛིན། །སྐུ་མདོག་དམར་པོ་སྟོབས་པོ་ཆེ། །གོས་དཀར་གཉིས་མེད་སྦྱོར་བའི་ལས། །བཅུ་དྲུག་ཕྱག་གིས་རྣམ་པར་བརྒྱན། །གཡས་པའི་ཞལ་ནི་ནག་པོ་སྟེ། །གཡོན་པ་ཟླ་མཛེས་དྲི་མ་མེད། །དང་པོ་དམར་པོར་ཤེས་པར་བྱ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །རྡོ་རྗེ་ཆོས་ནི་གཟི་བརྗིད་ཆེ། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། ། བདུད་བཞི་མཉམ་པར་མནན་པའོ། །མ་མོའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་རྣམ་སྣང་དྲན་པར་བྱ། །དབུ་རྒྱན་རྡོ་རྗེ་འཛིན་པ་བསམ། །སྐུ་མདོག་དཀར་པོ་གཟི་བརྗིད་ཆེ། །ཕྱག་ནི་བཅུ་
412a
༄#། །དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་སྟེ་འཇིགས་པའོ། །ཆོས་ཀྱི་འཁོར་ལོ་སྤྱི་བོར་འཛིན། །འདོད་ཆགས་ཆེན་པོའི་རྗེས་ཆགས་པ། །སྤྱན་དང་གཉིས་མེད་སྦྱོར་ཡིས། །འཇིགས་པ་འདི་ནི་འཇིགས་པར་མཛད། །དང་པོའི་ཞལ་ནི་དཀར་པོ་སྟེ། །ནག་པོ་དམར་པོས་རྣམ་པར་བརྒྱན། །ལྷག་པའི་ཞལ་ནི་བུང་བ་མཚུངས། །མ་མོའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ཉི་མ་རྣམ་པར་བསྒོམ། །ཅོད་པན་རིན་ཆེན་འཛིན་པར་བསམ། །རྡོ་རྗེ་གཟི་བརྗིད་འོད་པོ་ཆེ། །ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་སྟེ་འཇིགས་པ་བོ། སེམས་ཀྱི་རིན་ཆེན་སྤྱི་བོ་འཛིན། །བཙོ་མ་གསེར་ལྟར་གཟི་བརྗིད་ཆེ། །དང་པོའི་ཞལ་ནི་སེར་པོ་སྟེ། །གཡས་པ་སྔོན་པོ་འདྲ་བའོ། །གཡོན་པ་ཟླ་འོད་བཟང་པོ་སྟེ། །ལྷག་མའི་ཞལ་ན་བུང་བ་མཚུངས། །མ་མོའི་དཀྱིལ་འཁོར་དབུས་གནས་པར། །རྟ་མཆོག་རྣམ་པར་བསྒོམ་པར་བྱ། །དབུ་རྒྱན་རལ་གྲི་འཛིན་པར་བསམ། །མྲྒད་ཨུཏྤལ་མཚུངས་པའོ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །བཅུ་དྲུག་ཕྱག་གིས་རྣམ་པར་བརྒྱན། །དང་པོའི་ཞལ་ནི་སྔོ་བསངས་ཏེ། །རྟ་ཡི་གཟུགས་ཏེ་འཇིགས་པ་བོ། །གཡས་པ་ཁ་དོག་ནག་པོ་སྟེ། །གཡོན་པ་ཟླ་མཛེས་དྲི་མ་མེད། །རལ་གྲི་དངོས་གྲུབ་སྤྱི་བོར་འཛིན། །ལྷག་མའི་ཞལ་ནི་བུང་བ་མཚུངས། །རྡོ་རྗེ་ཉི་མ་རྟ་ཉིད་ཀྱིས། །ཕྱག་རྒྱ་འདི་ནི་སྒྲོལ་མའི་གཟུགས། །ལྷ་མོ་རྣམས་ཀྱི་ཕྱག་གཉིས་བརྗོད། །
412b
གྲི་\?\་གུག་དང་ནི་ཐོད་པ་འཛིན། །ཀྱེ་ཡི་རྡོ་རྗེ་དཀྱིལ་འཁོར་མཆོག་།རལ་གྲི་དག་ནི་རྟག་པ་ཉིད། །ཕན་པར་མེ་ལོང་དེ་བཞིན་ནོ། །རྟ་མགྲིན་ལ་ནི་གོས་བཟང་སྟེ། །རྡོ་རྗེ་ཉི་མ་ལ་ནི་གསེར། །རྟ་མཆོག་ལ་ནི་འགྲོ་མགྱོགས་ཏེ། །མཆོག་ཏུ་ཕན་པ་ཉིད་ཀྱི་ཡོན། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །བླ་མ་ལ་རྟག་རྒྱུན་ཏུ་དབུལ། །སྐལ་བཟང་རྡོ་རྗེ་སེམས་དཔའ་བདག་།སྐལ་བཟང་ཐུབ་པ་རྣམ་སྣང་མཛད། །སྐལ་བཟང་དཔལ་ལྡན་འཇིག་རྟེན་དབང ། །སྐལ་བཟང་ཉི་མ་བདུན་རྒྱལ་པོ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་སྐུ་གསུམ་མཆོག་གི་རྡོ་རྗེ་འཛིན་པ་པོས་མངའ་བདག་རྡོ་རྗེ་འཛིན་པའི་དམ་ཚིག་མཆོག་གསུངས་པ། ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མརད་མརྡ། བཛྲ་དྷྲྀ་ཀ་ཕཊ་སཝཱཧཱ། དེ་ནས་སྔགས་ཆེན་བཤད་པ་ན། །རྡོ་རྗེ་སྐྱེ་བའི་སྙིང་རྗེ་ཚེ། །འཇིགས་ཤིང་སྐྲག་པར་གྱུར་ནས་ནི། །རྡོ་རྗེའི་དངོས་གྲུབ་རབ་ཏུ་སྩོལ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྟ་མགྲིན་གྱི་སྔགས་འདི་གསུངས་པ། ཨོཾ་བཛྲ་དྷརྨྨ་ས་མ་ཡ་སྟྭཾ། ཧུ་ལུ་ཧུ་ལུ། ཨོཾ་ཨཱ་རོ་ལི་ཀ་ཕཊ་སཝཱཧཱ། དེ་ནས་འདི་ནི་བཤད་ཙམ་ན། །རྡོ་རྗེ་ཆོས་ཀྱི་གྲགས་ཆེན་པོ། །འཇིགས་ཤིང་སྐྲག་པར་གྱུར་ནས་ནི། །ཆོས་ཀྱི་དངོས་གྲུབ་རབ་ཏུ་སྩོལ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཕན་པའི་སྔགས་འདི་གསུངས་པ། ཨོཾ་སཝཱ་ཤཝ་ཏཾ་པ་རཾ་སཝ་ཤཝ་ཏ་ཨེ་ཧྱེ་ཧི་ཛི་ན་ཛི་ཀ་ཕཊ།
413a
༄#། །སཝཱཧཱ། །དེ་ནས་འདི་ནི་བཤད་ཙམ་གྱིས། །སངས་རྒྱས་ཀུན་དང་དེ་བཞིན་གཤེགས། །བརྒྱལ་ཞིང་འཇིགས་པར་གྱུར་ནས་ནི། །དེ་ནས་སངས་རྒྱས་དངོས་གྲུབ་སྩོལ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་ཉི་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་གཟི་བརྗིད་ཀྱི་སྔགས་འདི་གསུངས་པ། ཨོཾ་བཛྲ་སཱུ་རྱ་ཏ་མོ་བི་དྷ་མ་ན་ས་མ་ཡ་སྟྭཾ་ཨ་ཧཾ་རཏྣ་དྷྲྀ་ཀ་ཕཊ་སཝཱཧཱ། དེ་ནས་འདི་ནི་བཤད་ཙམ་གྱིས། །རྡོ་རྗེ་གཟི་བརྗིད་འོད་པོ་ཆེ། །འཇིགས་ཤིང་བརྒྱལ་བར་གྱུར་ནས་ནི། །ཉི་མའི་དངོས་གྲུབ་རབ་ཏུ་སྩོལ། །དེ་ནས་བཅོམ་ལྡན་འདས་དོན་ཡོད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ་རྟ་མཆོག་རྡོ་རྗེའི་སྔགས་འདི་གསུངས་སོ། །ཕུཿ ཕུཿ ་ཕུཿ ་ཧི་ཧི་ཧི་པྲ་ཛྙཱ་དྷྲྀ་ཀ་ཕཊ་སཝཱཧཱ། དེ་ནས་འདི་ནི་བཤད་ཙམ་གྱིས། །རྡོ་རྗེ་དོན་ཡོད་རིགས་བྱུང་བ། །འཇིགས་ཤིང་བརྒྱལ་བར་གྱུར་ནས་ནི། །དེ་རྣམས་དོན་ཡོད་དངོས་གྲུབ་སྩོལ། །སངས་རྒྱས་དཀྱིལ་འཁོར་དེ་ཉིད་དེ། །རྡོ་རྗེ་ཅན་གྱི་ཟླ་ཕྱེད་མཚུངས། །རྡོ་རྗེ་ཆོས་ཀྱི་པདྨ་འདྲ། །ཉི་མའི་ཡིད་བཞིན་ནོར་བུ་སྦྱིན། །རྟ་མཆོག་ཅེས་བྱ་དེ་ཡི་ནི། །ཐམས་ཅད་དུ་ནི་གྲུ་གསུམ་མོ། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེ། །ཕན་པའི་ཕྱག་རྒྱ་ཉིད་དང་ནི། །རྡོ་རྗེས་ཆོས་ཀྱི་ཕྱག་རྒྱ་ཆེ། །རིན་ཆེན་ཏོག་གི་འོད་བྱེད་མ། །དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེ། །རུས་པའི་རྒྱན་གྱིས་བརྒྱན་པར་ལྡན། །སྟག་གི་བགས་པ་བསྣམས་པ་དང ། །དབུ་སྐྲ་ཐོད་པ་
413b
བྱད་པ་སྟེ། །མཆོད་པར་བརྩོན་པའི་སེམས་དཔའ་ཡིས། །ཆགས་པ་མིག་དམར་མཐོང་ནས་ནི། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ལས། །ཆགས་པའི་སྦྱོར་བས་བསྒོམ་པར་བྱ། །ལས་སྣ་ཚོགས་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །སྤྱོད་པའི་མཚན་ཉིད་བཤད་པར་བྱ། །རྡོ་རྗེ་སྤྱོད་པའི་སྦྱོར་བ་ཡིས། །རྡོ་རྗེ་ཕྱག་རྒྱ་ཡང་དག་བརྩམས། །མེ་ཏོག་འབྲས་སོགས་ཀྱིས་བརྒྱན་པ། །ནགས་ཆེན་པོ་ཡི་མཐའ་ཉིད་དུ། །སེམས་དཔའ་ཆེན་པོ་འགྲོ་བར་བྱ། །ནགས་ཚལ་དུ་ནི་སློང་མོ་རྒྱུ། །ཟས་ནི་བཟང་པོ་བརྒྱན་པ་ཉིད། །དེ་རྣམས་འཇིགས་ཤིང་སྐྲག་ནས་སྟེར། །ནགས་ཚལ་བདག་པོའི་རིགས་ཀུན་ནི། །རྡོ་རྗེ་ཅན་དེ་འཁོར་དུ་འགྱུར། །སྐྱེས་པ་དང་ནི་སྐྱེ་བ་ཀུན། །སྐྱེ་བོ་གང་ཞིག་སྐྱེ་འགྱུར་བ། །གཏི་མུག་རྡོ་རྗེའི་སྦྱོར་བ་ལས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ཁམས་གསུམ་ལམ་ནི་ཉམས་དགའ་བར། །སྒྲ་ནི་གང་ཞིག་རབ་གྲགས་པ། །རྣ་བའི་དྲུང་དུ་གནས་པ་བཞིན། །ཞེ་སྡང་རྡོ་རྗེའི་སྦྱོར་བ་ལས། །དྲང་སྲོང་མངོན་པར་ཤེས་པས་ཐོས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །མཚོན་ཀ་ལྟ་བུའི་མཚན་ཉིད་ནི། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །རྡོ་རྗེའི་སེམས་ཀྱིས་ཤེས་པར་འགྱུར། །སྐྱེ་བ་བྱེ་བ་སྟོང་ཁྲག་ཏུ། །རང་གི་རིགས་ནི་སྟོང་ཕྲག་གཅིག་།རྡོ་རྗེ་སྦྱོར་བས་དྲན་འགྱུར་ཏེ། །ཉི་མ་གསུམ་བཞིན་དྲན་པར་འགྱུར། །སྒྱུ་འཕྲུལ་དྲ་བ་དུ་མ་ཡིས། །འདིས་ནི་སྣང་བར་བྱེད་པར་འགྱུར། །མངོན་
414a
༄#། །ཤེས་ལྔ་ཡི་སྦྱོར་བ་ཡིས། །སངས་རྒྱས་མངོན་ཤེས་ཐོབ་པར་འགྱུར། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དག་པའི་ལེའུ་སྟེ་བཅུ་པའོ།། །།ཕན་པ་ཉིད་ཀྱི་ཞི་བ་སྟེ། །རྡོ་རྗེ་ཉི་མས་རྒྱས་པའོ། །རྡོ་རྗེ་ཆོས་ཀྱིས་དབང་ཞེས་བྱ། །རྡོ་རྗེ་སེམས་དཔས་གསད་པར་བྱ། །ཞི་བའི་སེམས་ཀྱིས་ཞི་བ་སྟེ། །དབང་ནི་ཡང་དག་བརྩམ་པར་བྱ། །རྒྱས་པའི་སེམས་ཀྱིས་རྒྱས་པ་སྟེ། །རིན་ཆེན་ཆར་སྤྲིན་རབ་བསྒོམ་བྱ། །རྗེས་སུ་ཆགས་པའི་སེམས་ཀྱིས་ནི། །བུ་མོ་བཀུག་ནས་བཟའ་བར་བྱ། །མེ་ཡི་ཆར་སྤྲིན་འབབ་པ་དང ། །གདུག་པའི་སེམས་ཀྱིས་གསད་པར་བྱ། །འཕྲོག་པ་ལས་ནི་དཀར་མོ་སྟེ། །སྐྱེ་གཉིས་པ་ལས་ཚངས་པ་ཉིད། །དཔལ་ནི་སྲེད་མེད་བུ་ལས་ཀྱང ། །མ་བཅག་པ་ལས་རཾ་བྷ་ཉིད། །དགའ་མ་ཆུ་སྲིན་རྒྱལ་མཚན་ལས། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །དེ་རྣམས་ཐམས་ཅད་ཉེ་བར་བཟའ། །ཤིན་ཏུ་དགའ་བའི་སེམས་ཀྱི་རྩེ། །འདོད་པས་གོས་པར་མི་འགྱུར་རོ། །མཐར་ནི་སཝཱཧཱས་ཞི་བ་སྟེ། །རྒྱས་པའི་དུས་སུ་པོ་ཥཊ།། མཐར་ནི་ཧཱུཾ་ཕཊ་གསད་པ་ལ། །དབང་དང་དགུག་ལ་ཛཿ ་དང་ཧྲཱིཿ ། །ལས་ཐམས་ཅད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་ནི། །མཁའ་འགྲོ་མ་ནི་རྡོ་རྗེ་གུར། །རྡོ་རྗེ་མཁའ་འགྲོ་རབ་བསྒྲུབ་ཕྱིར། །ཐུབ་པས་ཚིག་འདི་བཀའ་སྩལ་ཏོ། །མེ་ཏོག་འབྲས་བུས་བརྒྱན་བྱས་པའི། །རི་ཁྲོད་དང་ནི་སྨན་ལྗོངས་སུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་
414b
ནི། །བླ་མ་སངས་རྒྱས་མཆོད་པར་བྱ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང ། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་བསོ་བར་བྱ། །ཕྱི་ནས་བྱང་ཆུབ་སེམས་གནས་ཏེ། །རྡོ་རྗེ་སྲུང་བའི་དམ་ཚིག་གོ། བདེན་དང་རྫུན་པར་སྤྱད་པ་ཡིས། །བརྟག་པས་ཉེ་བར་མི་གོས་ཏེ། །མ་སྐྱེས་པ་ཡི་སྦྱོར་བ་ཡིས། །སྐྱེ་བ་འདིར་ནི་རབ་ཏུ་བརྗོད། །ོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །ཧཱུཾ་ནི་བཅུ་ཡི་སྦྱོར་པ་ཡིས། །ཁྲོ་བོ་བཅུ་ནི་རིམ་པས་དགོད། །གཤིན་རྗེ་མཐར་བྱེད་ཤེས་རབ་མཐར། །པདྨ་མཐར་བྱེད་བགེགས་མཐར་བྱེད། །ཊཀྐི་ཁྲོ་བོ་དབྱུག་པ་སྔོན། །མི་གཡོ་བ་དང་སྟོབས་ཆེན་དང ། ། གཙུག་ཏོར་གདུགས་ནི་དཀར་པོ་དང ། །རྡོ་རྗེ་ཞབས་འོག་གནས་པ་དང ། །བདུད་རྩི་ཞབས་འོག་གནས་པ་ནི། །བདུད་རྩི་སྦྱོར་བས་ཐམས་ཅད་དུ། །ཁྲོ་བོའི་སྒོམ་པས་བསྒོམ་པར་བྱ། །དཔག་
415a
༄#། །ཚད་བརྒྱར་ནི་ཁྱབ་པ་རུ། །བསམས་ནས་བགེགས་ནི་བསྐྲད་པར་བྱ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །མེ་ཡི་དཀྱིལ་འཁོར་དབུས་གནས་པར། །ཡང་ན་ཆུ་ནི་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་དབུས་གནས་པར། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་བསྒོམ། །དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། །བྲུམ་ལས་གནས་ནི་བསམས་ནས་སུ། །རྡོ་རྗེ་དཀྱིལ་འཁོར་དེ་བརྟག་བྱ། །རྣམ་པ་ལྔ་ནི་རབ་བརྟག་བྱ། །ཡེ་ཤེས་ལྔ་ལས་བྱུང་བ་ཡིས། །སེམས་དཔའི་གཟུགས་བརྙན་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །རིག་མའི་སྐྱེས་བུ་བསྒོམ་པར་བྱ། །ོཾ་དྷཱརྨ་དྷཱ་ཏུ་བཛྲ་སཝབྷཱ་བ་ཨཱཏྨ་ཀོཉཧཾ། རྡོ་རྗེ་བཞེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཐུགས་ཀྱི་རྡོ་རྗེ་མཁའ་སྤྱོད་མ། །གསུང་གི་རྡོ་རྗེས་སྤྱོད་མ། །སྐུ་ལ་ཞབས་འོག་གནས་མ་སྟེ། །ཧཱུཾ་ཨཱཿ ོཾ་ལས་བྱུང་བའོ། །བཅོམ་ལྡན་འདས་ཀྱི་སྙིང་པོར་བྱ། །རྡོ་རྗེ་དཀར་མོ་ཆུ་བདག་མ། །རྡོ་རྗེ་མཁའ་འགྲོ་བདག་མེད་མ། །ཞེ་སྡང་རྡོ་རྗེའི་གནས་མནན་ཅིང ། །དཀྱིལ་འཁོར་སྙིང་པོར་བསྒོམ་པར་བྱ། ། དཀར་མོ་ཆོམ་རྐུན་རོ་ལངས་མ། །གྷསྨ་རཱི་ནི་སྒོ་སྲུང་མ། །བུཀྐ་སཱི་དང་རི་ཁྲོད་མ། །གདོལ་བ་གཡུང་མོ་མཚམས་སུ་དགོད། །སྟེང་དུ་མཁའ་སྤྱོད་མ་ཞེས་བཤད། །འོག་
415b
\?\་བཞིན་ས་སྤྱོད་མ། །དབུས་སུ་བདག་མེད་མཁའ་འགྲོ་མ། །མཁའ་འགྲོ་དཀྱིལ་འཁོར་ཉིད་དུ་བསྒོམ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་པ་ཆེ་སྩལ་པ། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྩོལ་བར་མཛད། །ཡེ་ཤེས་ཀྱི་དབང་ལ་གསོལ་བ་གདབ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རིག་མའི་སྐྱེས་བུ་དབང་ཆེན་ལ། །ཅོད་པན་རང་གི་ལྷག་པའི་ལྷ། །དེས་ནི་དཀྱིལ་འཁོར་དབང་དང་ནི། །བསྟོད་དང་མཆོད་པ་ལ་སོགས་བྱ། །ཡེ་ཤེས་གཞུག་པ་དེ་བཞིན་ཡང ། །ལྕེ་ཡིས་རྡོ་རྗེ་བདུད་རྩི་མྱང ། །ནང་དུ་བརྗོད་པའི་སྦྱོར་བ་ལས། །བརྟུལ་ཞུགས་ཅན་གྱི་སྔགས་བཟླས་ཀྱང ། །རྣལ་འབྱོར་མ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་རང་གི་རྣམ་པར་རྟོག་པ་སྐྱེས་པར་གྱུར་ཏེ། བཅོམ་ལྡན་འདས། ཇི་ལྟར་ན་རྣལ་འབྱོར་མའི་རྒྱུད་ཆེས་སྤྱད་པར་བགྱི། རྡོ་རྗེ་འཛིན་པས་བཀའ་སྩལ་པ། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །རྣལ་འབྱོར་མ་ཞེས་མངོན་པར་བརྗོད། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་ལས། །གང་ཕྱིར་དེ་ཉིད་བསྟན་པ་ཡི། །རྣལ་འབྱོར་མ་ཡི་རྡོ་རྗེ་གུར། །རྣལ་འབྱོར་མ་ཡི་རྒྱུད་ཅེས་བཤད། །ཕ་རོལ་ཕྱིན་པ་ཀུན་གྱི་ཐབས་
416a
༄#། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །དགའ་མཛེས་མཁའ་འགྲོ་མ་ཡི་མཚོ། །མཁའ་དང་གསེར་གྱི་ཆར་བ་དང ། །དགའ་ཆེན་མ་དང་གྷསྨ་རཱི། །ཤིན་ཏུ་དགྱེས་རོལ་གསང་ཡིག་འཕྲོག་།རྡོ་རྗེ་མཁའ་འགྲོ་པན་རྒྱུད་བརྒྱད། །ཀྱཻ་ཡི་རྡོ་རྗེ་སངས་རྒྱས་ཀུན། །གསང་མཛོད་རྡོ་རྗེ་བདུད་རྩི་འབྱུང་བ་དང ། །འཁོར་ལོ་སྡོམ་པ་གུར་དང་འབྱུང་གནས་ནི། །རྣལ་འབྱོར་མ་རྒྱུད་དུ་ནི་རབ་ཏུ་གྲགས། །སྐྱེས་བུ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་རྒྱུད་ནི་ཡང་དག་བཤད། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་བཤད་དོ། །དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག་།རྣལ་འབྱོར་གོང་མེད་དེ་ལྟག་ལ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། རེ་ཞིག་བདག་ཅག་གི་ཡུལ་རྣམས་ནི། འཚལ་ན། །སེམས་ཅན་གཞན་རྣམས་ཀྱིས་ཇི་ལྟར་སངས་རྒྱས་ཀྱིས་གསུངས་པ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རབ་བསྒོམས་པ། །འདི་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །མུ་སྟེགས་ཅན་སུན་དབྱུང་བ་དང ། རྒོལ་བ་རྣམས་ཚར་གཅོད་པ་དང ། རང་གི་སྡེའི་གཞུང་བརྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བདག་གི་བྱང་ཆུབ་ཐོབ་བྱའི་ཕྱིར། །གང་ཕྱིར་གཞན་དག་
416b
བསྒྲལ་བའི་ཕྱིར། །དེས་ན་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །བདག་འཛིན་ཞེན་པ་བཟློག་པའི་ཕྱིར། །ཆོས་དབྱིངས་བདག་ཉིད་སྒྲུབ་ཐབས་ནི། །ཐབས་དང་ཤེས་རབ་འདུས་པ་ཡིས། །དེས་ནི་སངས་རྒྱས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་རྣམས་དང ། རྒྱལ་བའི་སྲས་པོ་རྣམས་བཅོམ་ལྡན་འདས་ཀྱི་གསུང་འདི་ཐོས་ནས་དགའ་བར་གྱུར་ཏེ་ཚིག་འདི་སྐད་སྨྲས་པ། ཨེ་མ་ཀུན་ཏུ་བཟང་པོ་ཡི། བསྟན་པ་ནམ་མཁའ་ལས་བྱུང་བ། །ནམ་མཁའི་དབུས་སུ་སྦྱོར་བ་ཡིས། །ཡེ་ཤེས་རྒྱ་མཚོ་ཉན་པར་འགྱུར། །དེ་ནས་རྡོ་རྗེ་འཛིན་རྒྱལ་ནི། །བདེ་བ་ཆེན་པོ་རྣམ་འཕེལ་བས། །དམ་ཚིག་ཐམས་ཅད་བཤད་པར་བྱ། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །བདེ་དང་རངས་ཤིང་གར་དང་ནི། །གླུ་གར་རོལ་མོ་སྒྲ་བྱེད་པས། །དྲི་དང་ཕྲེང་བ་བྱུག་པ་ཡིས། །རིག་པའི་རྒྱལ་པོ་རབ་ཏུ་འགྲུབ། །ཇི་ལྟར་བདེ་བ་བདེ་བཟུང་ནས། །ཇི་ལྟར་འདོད་པ་སྤྱད་པར་བྱ། །ཇི་ལྟར་གནས་སུ་གནས་ནས་ཀྱང ། །ཡི་གེ་དམ་པ་འགྲུབ་པར་འགྱུར། །བཟའ་དང་བཏུང་བའི་སྦྱོར་བ་དང ། །བཟང་པོའི་རྒྱན་གྱིས་བརྒྱན་པ་ཡིས། །ཉི་མ་གཅིག་ཏུ་བསྐུལ་བ་ཡིས། །དམ་པ་དེ་ཉིད་འགྲུབ་པར་འགྱུར། །རྟག་ཏུ་རང་གི་དམ་ཚིག་མྱང ། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཇི་ལྟར་མགོན་པོ་རྣམ་སྣང་མཛད། །རྡོ་རྗེ་འཛིན་སྦྱིན་བླ་མ་ཉིད། །ཇི་ལྟར་ནམ་མཁའ་རྒྱ་མཚོ་ཆེ། །ཇི་
417a
༄#། །ལྟར་ཐུབ་པ་རྡོ་རྗེ་ཆོས། །ཇི་ལྟར་མགོན་པོ་བདུན་རྒྱལ་པོ། །དེ་ལྟར་རྡོ་རྗེ་སློབ་དཔོན་བརྗོད། །དེས་ན་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །དགེ་བ་མཆོག་ཏུ་གསལ་བ་པོ། །རྣམ་ཡང་སྨད་པར་མི་བྱའོ། །རྡོ་རྗེ་སྡོམ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ་རྡོ་རྗེ་གསེར་བར་བཞད་པའོ། །མཁའ་འགྲོ་བདག་མེད་མས་འཁྱུད་པས། །བཟང་པོ་སྤྱོད་པ་དབྱེ་བར་བྱ། །རྡོ་རྗེའི་གཟུགས་སུ་བཞག་ནས་ནི། །ཇི་ལྟར་འདོད་པར་འདོད་པ་ཡིས། །རིག་འཛིན་འཁོར་ལོས་བསྒྱུར་བ་ཉིད། །དོགས་པ་མེད་པར་འགྲུབ་པར་འགྱུར། །དྲི་ལྔ་ཡང་དག་བླངས་ནས་སུ། །རྫས་ལྔ་དང་ནི་བསྲེ་བར་བྱ། །ལྕགས་གསུམ་གྱིས་ནི་དཀྲིས་ནས་ནི། །རིལ་བུའི་རིག་པ་འཛིན་པར་འགྱུར། །གུར་གུམ་ཨ་ག་རུ་ལྡན་པ། །ཉི་མ་འཆར་ཀའི་མདོག་འདྲ་བའི། །རིལ་བུ་ཁ་རུ་བཅུག་བྱས་ནས། །ཉི་མའི་རིག་པ་འཛིན་པར་འགྱུར། །ཤ་ལྔ་དང་ནི་ལྡན་པ་རུ། །ལྕགས་གསུམ་གྱིས་ནི་དཀྲིས་ནས་ནི། །རྡོ་རྗེ་ཉི་མ་རབ་སྦྱོར་བས། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཙནྡན་དམར་པོ་ཁ་ཆེ་དང ། །དགའ་བ་སྦས་པར་སྦྱར་བ་ནི། །ལྕགས་གསུམ་གྱིས་ནི་དཀྲིས་བྱས་པ། །རྟ་ཡི་རིག་པ་འཛིན་པར་འགྱུར། །འཇིག་རྟེན་མགོན་པོ་རྣམ་བསྒོམས་ནས། །ཙ་ནིའི་རུས་པའི་ཚད་ཙམ་ལས། །གུ་གུལ་ལྕགས་ཀྱིས་དཀྲིས་པ་ནི། །མགོན་པོའི་རིག་པ་
417b
འཛིན་པར་འགྱུར། །རིལ་བུ་སྒྲུབ་ཐབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཀླུ་ཡི་རྒྱལ་པོའི་མགོ་བསྲེགས་ནས། །རང་བྱུང་ཁྲག་གིས་བསྒོ་བར་བྱ། །རྡོ་རྗེ་ཕན་པའི་རྣལ་འབྱོར་གྱིས། །མིག་སྨན་རིག་འཛིན་པར་འགྱུར། །བླ་མའི་ས་བོན་ལྡན་པ་དང ། །སྟག་གི་བགས་པའི་ཚིལ་བུ་མཉེ། །སྐུ་ཡི་རྡོ་རྗེའི་རྣལ་འབྱོར་གྱིས། །རྐང་བའི་བྱུག་པ་འགྲུབ་པར་འགྱུར། །ཡན་ལག་མེད་པའི་དཀྱིལ་འཁོར་དབུས། །དབང་པོའི་བྲག་ཕུག་འགྲམ་དུ་ནི། །རྡོ་རྗེ་རྐང་འོག་རྣལ་འབྱོར་གྱིས། །ལྷ་ཡི་བུ་མོ་རབ་བསྒྲུབ་བྱ། །ོ་ཌའི་ཡུལ་དུ་ཉེ་བ་ན། ། མྲ་འབྲས་ཆེན་པོ་ཡི་ནི། །རྡོ་རྗེ་གནོད་མཛེས་སྦྱོར་བ་ཡིས། །རྐང་འོག་རིག་པ་འཛིན་པར་འགྱུར། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་ནས་ཡང་དུ་བསྐུལ་བར་བྱ། །དེ་ཉིད་དངོས་གྲུབ་ཐམས་ཅད་ཀྱིས། །ཡིད་བཞིན་ནོར་བུ་ལྟ་བུར་མཚུངས། །རྡོ་རྗེ་གནོད་མཛེས་སྐུ་ཆེན་པོ། །ཕྱག་གཉིས་ཞལ་ནི་གཅིག་པ་ཅན། །སྡིགས་མཛུབ་ཀླུ་ཡི་ཞགས་པ་དང ། །ཁ་དོག་ནག་པོར་བསྒོམ་པར་བྱ། །རྡོ་རྗེ་ཧཱུཾ་མཛད་བླངས་ནས་ནི། །རྣམ་པ་ཐམས་ཅད་བསྒོམ་པར་བྱ། །མི་བསྐྱོད་པ་ཡིས་ཡང་དག་མནན། །ཕུཿ ་ཞེས་བྱ་བའི་སྔགས་བརྗོད་དོ། །རབ་ཏུ་བྱུག་པ་དང་མིག་སྨན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་ཀྱི་གསུང་ཐོས་ནས་དགའ་ཞིང་མགུ་བ་སྐྱེས་པར་གྱུར་ཏེ་ཚིག་འདི་སྐད་སྨྲས་སོ། །ེ་མ་ཧོ་རྡོ་རྗེ་ཨེ་མ་རྡོ་རྗེ། །ེ་མ་རྡོ་རྗེའི་བསྟན་པ་ནི། །ཆོས་རྣམས་ཐམས་ཅད་སྟོང་
418a
༄#། །པ་ལ། །གང་ཕྱིར་དངོས་གྲུབ་རབ་གནས་པ། །སྙིང་པོ་མེད་པའི་ཆུ་ཤིང་ལ། །ཇི་ལྟར་སྙིང་པོའི་འབྲས་ཞིམ་པ། །དེ་ལྟར་སྙིང་པོ་མེད་ལུས་ལ། །དངོས་གྲུབ་འབྲས་ཞིམ་དེ་བཞིན་ནོ། །ནམ་མཁའ་འབྱུང་པོ་ཐམས་ཅད་དང ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །སེམས་ནི་ནམ་མཁའ་ལྟ་བུར་དག་།དགེ་བའི་སེམས་ནི་མཆོག་ཏུ་བདེ། །དོན་དམ་དབང་པོའི་རང་བཞིན་གྱིས། །སེམས་ལས་ཕྱི་རོལ་འགྱུར་བ་མེད། །གཟུགས་སོགས་སོ་སོར་འདོད་པ་ཡི། །སེམས་ཉིད་དུ་ནི་འདོད་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟར་སེམས་སྟོང་ལ། སེམས་ལས་ཕྱི་རོལ་གྱི་དོན་སེམས་མི་སྟོང་པ་རབ་ཏུ་འབྱུང་ཞེས་བགྱི། དེ་བཞིན་གཤེགས་པས་བཀའ་སྩལ་པ། ཐོག་མེད་སྲིད་པའི་བག་ཆགས་ཀྱིས། །ཕྱི་རོལ་དོན་ནི་རྣམ་པར་བརྟགས། །སེམས་ཀྱིས་ཐམས་ཅད་རྣམ་པར་བརྟགས། སེམས་ནི་ཀུན་ཏུ་འགྲོ་བར་བརྗོད། །བྱང་ཆུབ་སེམས་རབ་ཏུ་འབྱུང་བ་བསྟན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཤིན་ཏུ་བཞིན་མཛེས་མིག་ཡངས་མ། །སི་ཧལ་ག་པུར་འབྱུང་བའི་གནས། །དབང་དུ་གཞུག་པར་བྱས་ནས་ནི། །སྐྲ་ནས་བཟུང་བར་ཡང་དག་བརྩམ། །རྡོ་རྗེའོ་ཡིས་འོ་བྱས་ཤིང ། །རྡོ་རྗེ་ཉེད་པས་མཉེ་བར་བྱ། །རྡོ་རྗེ་འཁྱུད་པས་ཡང་དག་བླང ། །རྡོ་རྗེ་མ་མཆུ་རབ་བཙིར་བྱ།།
418b
རྡོ་རྗེ་མཛུབ་མོའི་སྦྱོར་བ་ཡིས། །རྡོ་རྗེ་གནས་ནི་རབ་བསྐུལ་བྱ། །རྡོ་རྗེ་སེམས་ནི་ཕྱུང་བ་ཡིས། །རྡོ་རྗེ་ལྕེ་ཡིས་ཡང་དག་བཟའ། །ཕྱི་ནས་དེ་ཡི་བདེ་ཅན་དུ། །རྡོ་རྗེ་སེམས་དཔའ་གཞུག་པར་བྱ། །རྡོ་རྗེ་ལ་\?\་བའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པ་ཡང་དག་བརྩམ། །རྡོ་རྗེ་སེམས་དཔའ་འབྱུང་བ་ལ། །སེམས་ནི་བརྟུལ་ཞུགས་ཅན་གྱིས་དབྲོག་།པདྨ་མེ་ཏོག་ལྡན་པ་ཡིས། །པདྨ་དམར་པོས་མཆོད་པར་བྱ། །པདྨས་མཉེས་པའི་རྡོ་རྗེ་ཅན། །པདྨ་དམར་པོས་ཁྱད་པར་དུའོ། །དྲི་ངའི་རབ་ཏུ་སྦྱོར་བ་ཡིས། །རྒྱལ་མཚན་ག་བུར་མཆོད་པ་ནི། །འདི་ནི་བརྩོན་འགྲུབ་བདེ་ཆེན་དང ། །སྟོབས་དང་རྒྱུས་པར་འགྱུར་བ་དང ། །མཐོང་བ་ཉིད་ཀྱིས་བསྐུལ་བ་ཡིས། །འཇིག་རྟེན་འདི་ནི་དབང་དུ་བྱེད། །གང་གིས་དཀོན་མཆོག་གསུམ་བསད་དང ། །གང་གིས་སེམས་ཅན་བསད་བྱས་དང ། །གང་གིས་སློབ་དཔོན་སྨོད་པ་དང ། །སངས་རྒྱས་ལམ་ལ་འཕྱ་བ་རྣམས། །ལྕགས་ཀྱུ་ཡིས་ནི་ཡང་དག་དགུག་།ལྕགས་སྒྲོག་གིས་ནི་རྐང་པ་བཅིང ། །ཞགས་པས་མགྲིན་པ་དམ་པར་བཅིང ། ། རྡོ་རྗེ་བདག་གིས་དགུག་པར་བྱ། །མཁའ་འགྲོ་སངས་རྒྱས་བསམས་ནས་ནི། །དེ་རྣམས་དབང་པོར་གསོལ་བར་བྱ། །འདིས་ནི་སངས་རྒྱས་དཔའ་བོ་དང ། །རྡོ་རྗེ་སེམས་དཔའ་བཀྲོངས་པ་སྟེ།། འདི་སྟེ་སྡིག་པ་ཆེན་པོ་སྟེ། །མནར་མེད་འགྲོ་བའི་བདག་ཉིད་དེ། །འདི་ནི་དམྱལ་བ་ཆེན་པོར་ལྟུང ། །དེ་ལྟར་བསམས་ནས་གསད་པར་བྱ། །རྡོ་རྗེའི་གཟུགས་ནི་བསམས་ནས་སུ། །ནམ་
419a
༄#། །མཁའི་དབྱིངས་ནི་བསྒོམ་པར་བྱ། །རྡོ་རྗེ་དབྱུག་པས་བརྡུངས་བྱས་ནས། །རྡོ་རྗེ་ཅན་གྱི་གནས་སུ་སྐྱེ། །ལྕགས་ཀྱུ་ལ་སོགས་མི་ནུས་ན། །ཟན་གྱིས་ཀྱང་ནི་འདུ་བྱ་ཞིང ། དེ་ཉིད་ཀྱིས་ནི་གཟུགས་བསམས་ནས། །རྡོ་རྗེ་དཀྱིལ་འཁོར་ཉིད་དུ་གཞག་།ཊཀྐི་རྒྱལ་པོ་ལྕགས་ཀྱུ་སྟེ། །དབྱུག་སྔོན་ཅན་ལ་རང་གི་མིང ། །སྟོབས་ཀྱི་རྒྱལ་པོ་རྩེ་གསུམ་པ། །མི་གཡོ་གྲི་རྩེའི་དཀྱིལ་འཁོར་ཅན། །རྣམ་པར་རྟོག་པ་ཆེན་པོ་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །ཐམས་ཅད་དབུགས་དབྱུང་རབ་གསོལ་བས། །དམ་ཚིག་རྡོ་རྗེ་བསྲུང་དོན་དུ། །སྦས་པའི་སྤྱོད་ཡུལ་འདི་གསུངས་པ། །རྡོ་རྗེ་ཁྲོ་བོའི་སྐྱེས་བུ་ཆེ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །སྙིང་གར་གཡོན་པའི་ཁུ་ཚུར་མཛུབ། །གཡས་ན་རང་གི་མཚོན་ཆ་འཕྱར། །གཤིན་རྗེ་གསོད་པའི་དབྱིག་ཏོ་ཅན། །གཞན་གྱིས་མི་ཐུབ་རྡོ་རྗེ་དབྱིག། རྟ་མགྲིན་ལ་ནི་དབང་མཆོག་དམར། །མི་ཕྱེད་བདུད་རྩིའི་ཐབ་སྦྱོར་ལས། །ཊཀྐི་རྒྱལ་པོ་ལྕགས་ཀྱུ་སྟེ།། དབྱིག་སྔོན་ཅན་ལ་རང་གི་མིང ། །སྟོབས་ཀྱི་རྒྱལ་པོ་རྩེ་གསུམ་པ། །མི་གཡོ་ཡི་གེའི་དཀྱིལ་འཁོར་རྩེ། །ཚད་སྐྱོབ་རྒྱལ་པོ་རྒྱལ་པོ་ལ། །ཆོས་ཀྱི་འཁོར་ལོ་རྣམ་པར་བསྒོམ། །གཏུན་ཤིང་རྡོ་རྗེ་རྐང་འོག་ལ། །ཞབས་གཡོན་བརྐྱང་བས་གནས་པའོ། །དབང་པོ་སྔོན་པོའི་རྣམ་པ་ལྟར། །མཐར་བྱེད་རྣམ་པར་བསྒོམ་པར་བྱ། །གཞན་གྱིས་མི་ཐུབ་རྡོ་རྗེ་ནི། །འཇིགས་བྱེད་ཟླ་
419b
བའི་ནོར་བུ་འདྲ། །པདྨའི་ཁྲོ་བོ་དམར་པོ་ཆེ། །རྡོ་རྗེ་བདུད་རྩིའི་བདག་ཉིད་ནག་།མཚམས་ཀྱི་ཁྲོ་བོ་ཆེར་ནག་ཅིང ། །སྤྱི་བོར་རྡོ་རྗེ་འཛིན་པས་མཚན། །གཤིན་རྗེ་རྣམ་སྣང་ཉིད་ཀྱིས་ཏེ། །རྡོ་རྗེ་སེམས་དཔའ་དབྱིག་པ་ཅན། །པདྨའི་ཁྲོ་བོ་རྣམས་གཟིགས་རྗེས། །རྡོ་རྗེ་སེམས་དཔའ་ལ་སྦྱོར་བ། །རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །འོག་ཏུ་པདྨའི་གདན་བསམས་ནས། །ཁྲོ་བོ་བཅུ་རྣམས་རབ་བསྒོམ་བྱ། །ཡེ་ཤེས་རྡོ་རྗེ་རང་དངོས་སུ། །བཅུ་ཕྱེད་དཀྱིལ་འཁོར་བདག་ཉིད་དེ། །བདུད་རྣམས་ཞབས་ཀྱི་འོག་བསམས་ནས། །དཀྱིལ་འཁོར་ལྔ་པོ་བསྒོམ་པར་བྱ། ། སྲུང་བའི་འཁོར་ལོ་གཟི་བརྗིད་ཆེ། །བསྐལ་པའི་མེ་ལྟར་འབར་བ་སྟེ། །འཁོར་ཞིང་རབ་ཏུ་མི་གཡོ་བར། །དཔག་ཚད་ལྔ་བརྒྱའི་ཚད་ཙམ་མོ། །སྲུང་བའི་དམ་ཚིག་སྟོབས་ཀྱི་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་དཔའ་ཆེན་པོ། །རང་གི་བྱིན་རླབས་རིམ་གནས་ཏེ། །རང་གི་བྱིན་རླབས་རྣལ་འབྱོར་གྱིས། །དེ་ཉིད་ལས་ནི་བཤད་པར་བྱ། །སྙིང་གི་དབུས་སུ་ཟླ་བར་འགྱུར། །གཟུགས་བརྙན་ཟླ་བར་མ་བཅོམ་པ། །སྣ་ཚོགས་འོད་ཀྱིས་ཡང་དག་ཁྱབ། །དེ་ལས་རྡོ་རྗེ་བསྒོམ་པར་བྱ། །རྡོ་རྗེ་བདག་མེད་མཁའ་འགྲོ་མ། །ཆོ་གས་བསྐུལ་བས་བསྒོམ་པར་བྱ། །མཁའ་འགྲོ་སྣ་ཡི་མཐར་གནས་པ། །ཡུངས་ཀར་ཙམ་དུ་རྣམ་པར་བསྒོམ། །ཡུངས་ཀར་ལ་ནི་འགྲོ་བ་ཀུན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །ད་ལྟར་སྒོམ་པར་བྱེད་པ་ཡི། །རང་གི་
420a
༄#། །བྱིན་རླབས་རབ་ཏུ་འགྲུབ། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་རེག་བྱ་མངོན་འདོད་པ། །དེར་ནི་རྣལ་འབྱོར་ཉིད་ཀྱིས་ནི། །མི་འཛིན་དེ་ཕྱིར་བདག་གཞན་མེད། ། ཇི་ལྟར་རྡོར་བད་ལས་བྱུང་བ། །ཞི་བའི་བདེ་བའི་རྣམ་པར་འདོད། །རྦ་རླབས་མེད་ཅིང་སྣང་བ་མེད། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །མྱོས་བྱེད་ཅུང་ཟད་རབ་འཐུངས་པའི། །བདག་གི་བདག་ཉིད་མི་རིག་གོ། དགའ་བྲལ་དགའ་བ་དག་གི་མཐར། །རྟོག་པའི་དྲ་བ་རྣམ་པར་སྤངས། །འགྱུར་མེད་འཁྲུལ་པ་ལས་འདས་ཤིང ། །ཀྱེ་ཡི་རྡོ་རྗེ་རྣམ་པར་གསལ། །བེམ་མིན་རྣམ་པ་ཧེ་རུ་ཀ། རྣམ་པ་རྣམས་ཀྱིས་ཡོངས་སུ་བསྐོར། །རང་ཉིད་མགོན་པོ་ཧེ་རུ་ཀ་།དེ་ཡིས་བདག་ཉིད་མི་རིག་ཅིང ། །དེ་ཡི་དུས་ན་ཐམས་ཅད་རིག་།འབྱུང་པོ་འགྲོ་དང་འོང་བ་ནི། །རང་གིས་ཀུན་མཁྱེན་ལྟ་བུར་གཟིགས། །སངས་རྒྱས་སངས་རྒྱས་སྲས་པོ་དང ། །ཡན་ལག་ཀུན་དང་བུག་ཀུན། །མགོན་པོ་དྲ་བའི་སྐུད་པར་བཅོས། །ལུས་ནི་ཡོད་མིན་ལྟར་གཟིགས་ཤིང ། །སྐད་ཅིག་ཀྱེའི་རྡོ་རྗེའི་གཟུགས་འཛིན། །ཇི་ལྟར་ནམ་མཁའ་མི་གཟིགས་ཤིང ། །མཚན་མ་མེད་ཅིང་མ་བྱུང་དང ། །གོས་པ་མེད་ཅིང་འཁྲུལ་པ་མེད། །སྒྲིབ་པ་ལྔ་ནི་རྣམ་པར་སྤངས། །ཇི་ལྟར་མེ་ལོང་གཟུགས་བརྙན་ནི། །རྟོགས་ནས་བདེ་བ་རྣམ་སྤངས་པ། །དེ་བཞིན་བདག་ཉིད་ཧེ་རུ་ཀའི། །རྣམ་པ་ལྟ་བུར་གསལ་བར་མཐོང ། །དེ་ཉིད་དོན་དང་དབང་པོ་དང ། །ཕུང་པོ་ནམ་
420b
མཁའ་ལྟ་བུར་ཡོད། །ལུས་ནི་བདེ་བ་ཉིད་བརྗོད་ཅིང ། །འདུ་བྱེད་རྣམས་ཀྱིས་ཟིལ་མི་གནོན། །གཟུགས་ནི་མིག་གིས་མི་འཛིན་ཏེ། །སྒྲ་ནི་ཐོས་པ་པོ་ཡིས་མིན། །ལྕེ་ཡིས་རོ་ནི་མི་ཚོར་ཏེ། །དྲི་ནི་སྣ་ཡིས་ཀྱང་མ་ཡིན། །རེག་བྱ་ལུས་ཀྱི་གོང་བུས་མིན། །འོན་ཀྱང་བདེ་ཆེན་ཚུལ་ལས་ནི། །པུད་མེད་བཟང་མོ་མཐོང་བས་བདེ། །རྣ་བས་གླུ་ཡི་བདེ་བས་བཟང ། །སྣོམ་པས་དྲི་ཡི་བདེ་བ་ཆེ། ། སྐྱེ་གནས་རེག་པའི་བདེ་ཆེན་དང ། །རོ་ཡིས་བཏུང་བའི་སྦྱོར་བ་ལས། །གང་གིས་བདེ་བ་འགོག་པར་བྱེད། །བདེ་བ་ཆེན་པོས་འགྲོ་བ་ཁྱབ། །བདེ་བ་མ་རྟོགས་མི་ཤེས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །མཁའ་འགྲོ་མ་དང་བཙུན་མོ་བཟང ། །སངས་རྒྱས་ལྔ་དང་དུ་མ་ནི། །བདེ་བར་ཕྱིན་ཅིང་རྣམ་པར་སད། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་\?\་དེ་བ་ཆེན་པོའི་ཚིག་འདི་སྐད་སྨྲས་པ། ཕལ་པའི་རྣམ་རྟོག་གཞོམ་པའི་ཕྱིར། །སྒོམ་པ་ཡང་དག་རབ་ཏུ་གྲགས། །ཕལ་བའི་གནས་སྐབས་གཞོམ་པའི་ཕྱིར། །སྒོམ་པ་ཡང་ནི་སྒོམ་པ་མིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པ་དེ་བཞིན་ཏེ། །འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གཟུགས་བསྒོམ་པར་བྱའོ། །ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས། །ལུས་ཅན་སྒོམ་པའི་ཐབས་ཀྱི་དགོས་པ་ཉིད་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ། དགོས་
421a
༄#། །པ་ཡོད་དོ། །བཅོམ་ལྡན་འདས། །མིང་ཅི་ལགས། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། སངས་རྒྱས་ཉིད་དོ། །སངས་རྒྱས་ཉིད་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཅི་ལགས། ལུས་ཅན་འདི་ནི། བདེན་པའོ། །དེ་ཅིའི་སླད་དུ་ཞེ་ན། རྡོ་རྗེ་འཛིན་པས་བཀའ་སྩལ་པ། འདི་ལྟར་ང་ནི། མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །དེ་ཅིའི་སླད་དུ་ཞེ་ན། མི་འདྲ་བའི་ཕྱིར་སྒྲུབ་པ་ཡིན་ནོ། །ཕྱག་ན་རྡོ་རྗེས་གསོལ་པ། ཅི་བཅོམ་ལྡན་འདས་བེམ་པོ་ལགས་སམ། རྡོ་རྗེ་འཛིན་པས་བཀའ་སྩལ་པ། ང་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཅི་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། བདེན་པ་མ་ཡིན་པ་དང ། རྫུན་པ་མ་ཡིན་པ་དང ། རྒྱུ་མ་ཡིན་པ་དང ། སྐྱེས་པ་མ་ཡིན་པ་སྟེ། དེ་ལྟར་ང་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དང ། ང་ཉིད་སོ་སོར་རྟོག་པའི་ཡེ་ཤེས་དང ། ང་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་དང ། ། དེ་ལྟར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པ་དང་བྲལ་བའི་བྱང་ཆུབ་དེ་སྐད་མ་སྨྲ་ཞིག། ང་ཉིད་དངོས་དང་དངོས་མེད་ང་།། དང་པོའི་དེ་བཞིན་གཤེགས་པར་བརྗོད། །གཟུགས་དང་གཟུགས་མེད་ལྡན་པའི་མཆོག་།ཟབ་མོ་ཞི་བའི་ཆོས་དང་ལྡན། སེམས་དཔའ་ཆེན་པོ་ཧེ་རུ་ཀ། །བདག་མེད་ལྷན་ཅིག་
421b
མཉམ་སྦྱོར་ང ། །བདེ་ཆེན་ལས་ནི་བེམ་མིན་ང ། །འཇིག་རྟེན་ཀུན་རྫོབ་བེམ་པོ་ང ། །སྐྱེས་པ་བུད་མེད་མ་ནིང་དང ། །འགྲོ་བ་ང་ཡིས་ཡང་དག་ཁྱབ། །དེ་ཕྱིར་འདུས་པ་ཞེས་བྱ་ཉིད། །རྒྱལ་བ་རྒྱ་མཚོ་བདག་གིས་བཤད། །རྡོ་རྗེ་ཅན་དང་བྱང་སེམས་རྣམས། །མ་ནིང་གནས་སུ་ཡང་དག་གྲུབ། །གང་ཞིག་ལྷ་མོ་བདག་མེད་དེ། །རང་བཞིན་གྱི་ནི་བཙུན་མོ་ཡིན། །སངས་རྒྱས་ཧེ་རུ་ཀ་ང་ཡིན། །དེ་ཉིད་ཕྱིར་ན་མ་ནིང་སྟེ། །འགྲོ་བའི་དངོས་པོ་གཉིས་མཐོང་ནས། །ཐབས་དང་ཤེས་རབ་བདག་ཉིད་ང ། །ཤིན་ཏུ་མཉམ་སྦྱོར་རྣལ་འབྱོར་གྱིས། །མི་བསྐྱོད་མེད་ཅིང་བདག་མངའ་མེད།། དམ་པའི་རང་བཞིན་བདེ་བ་ཆེན་པོའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་དཔའ་བོ་ཆེན་པོ་རྡོ་རྗེ་འདོད་པ་བདེ་བ་ཆེན་པོ་རྡོ་རྗེ་ཡན་ལག་མེད་པ་ཤིན་ཏུ་དགའ་པ་ཆེན་པོས་ཚིག་འདི་དག་བཀའ་སྩལ་པ། ཕྱག་དྲུག་པ་དང་སྒེག་པར་བཅས། །ཞལ་གཅིག་རལ་པ་འཛིན་པ་དང ། །བརྒྱད་གཉིས་ལོ་ལོན་སེར་མོ་ནི། །རྡོ་རྗེ་ཡན་ལག་མེད་པ་འགྲུབ།། དཔའ་བོའི་གཡས་པར་མདའ་ཉིད་དེ། །ལག་པ་གཉིས་པར་རལ་གྲི་ཉིད། །གསུམ་པར་མེ་ལོང་རིག་པར་བྱ། །ལག་པ་གཡོན་པར་གཞུ་ཉིད་དེ། །གཉིས་པ་ལ་ནི་དབང་མཆོག་ཉིད།། ཀཾ་ཀེ་ལླ་ཡི་ཡལ་ག་སྟེ། །ཕྱག་དྲུག་ཉིད་དུ་བསྒོམ་པར་བྱ། །ཞབས་གཡོན་བརྐྱང་པས་གནས་པར་ནི། །བུ་མོའི་སྙིང་གར་བསམས་ནས་ནི། །རྡོ་རྗེ་བཙུན་མོ་འགྲུབ་པར་འགྱུར། །མདའ་
422a
༄#། །ཡིས་འོ་མ་འཛིན་པ་འབིགས། ། ཤོ་ཀ་ཡིས་སྙིང་གར་བྲབ། །རལ་གྲིས་སྐྱེས་མ་བསྡིག་པར་བྱ། །དེ་ནས་མེ་ལོང་བསྟན་པར་བྱ། །གཞུ་ཡིས་རྐང་པ་བཅིངས་ནས་ནི། །ུཏྤལ་ཞགས་པས་དགུག་པར་བྱ། །སྐྲ་གྲོལ་འོང་བར་འདོད་པ་དང ། །སྙན་པའི་སྐད་ནི་རབ་ཏུ་སྨྲ། །ཧ་དང་སི་ནི་བྱེད་པ་མོ། །རངས་ཤིང་ཡན་ལག་ཚད་མས་བརྒྱན། །ཁ་ནི་སོ་རྩིས་གང་བ་དང ། །འདོད་པ་སྟོབས་དང་བྲལ་བ་བསམ། །རྡོ་རྗེ་མཆོད་པའི་སྦྱོར་བ་ཡིས། །མི་འགྱུར་སེམས་ཀྱིས་རྗེས་ཆགས་བྱ། །འདོད་པའི་སྔགས་ནི་མ་བཅོས་པས། །དེ་ཡི་སྙིང་ནི་བསྐུལ་བར་བྱ། །ོཾ་ཨ་མུ་ཀཱི་མཱེ་ཀཱཪྵ་ཡ་མཉྫུ་གྷོ་ཥ་ཧྲཱིཿ ཛཿ དེ་ལྟར་བསྒོམས་པར་བྱས་པ་ཡིས། །འཇམ་པའི་མགོན་པོའི་བཙུན་མོ་ནི། །སྒྲུབ་པ་པོ་ལ་འདོད་པ་དང ། དབང་དུ་བྱེད་ཅིང་འོང་བར་འགྱུར། །ཟླ་བ་ཕྱེད་ཀྱི་སྦྱོར་བ་ཡིས། །བཟླས་པ་ཁྲི་ཡི་སྦྱོར་བ་ལས། །གཡོ་བ་གསེར་གྱི་རྣ་ཆ་མ། །ཤིན་ཏུ་དག་པའི་སེམས་ཀྱིས་བསྒྲུབ། །ཧཾ་གི་ས་བོན་ལས་སྐྱེས་པ། །ཐམས་ཅད་རྒྱན་གྱིས་རྣམ་པར་བརྒྱན། །ཆང་གིས་བཏུང་བའི་རབ་སྦྱོར་བས། །རྡོ་རྗེ་ཡན་ལག་མེད་པ་སྒྲུབ། །མ་བཅོས་མཆོག་གི་ས་བོན་ནི། །བདེ་དང་སྡུག་བསྔལ་རང་བཞིན་ཅན། །བདེ་བ་ཆེན་པོ་མཆོག་ཏུ་ཞི། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །འདི་ནི་སྲོག་ནི་ཆེན་པོ་སྟེ། །མཆོག་ཏུ་དགའ་བ་མཛེས་མ་ཉིད། །བདེ་དང་སྡུག་བསྔལ་རྟག་ཏུ་དེའི། །དྲན་པ་དེ་ལྟར་
422b
རབ་ཏུ་གྲགས། །མྱ་ངན་འདོད་ཆགས་དེ་བཞིན་གདུངས། །དགའ་དང་དགའ་བྲལ་དེ་བཞིན་ནོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །དེ་ཉིད་དབྱངས་ཡིག་དྲུག་པར་བརྗོད། །ཟླ་བ་ཕྱེད་པས་ཡང་དག་ལྡན། །ཐིག་ལེས་མ་གོ་བོ་ཉིད་དུ་མཆོད། །སེམས་ཅན་གྱི་ནི་ཀུན་གཞི་སྟེ། །རྒྱུད་རྣམས་ཀྱི་ནི་ཁྱད་པར་དུའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོའི་རྡོ་རྗེ་ས་བོན་གྱི་ཡི་གེ་ཐོས་ནས་སེམས་སྒྲུབ་པ་གསལ་བ་ཉེ་བར་གྱུར་ནས་ཚིག་འདི་དག་གསུངས་པ། སེམས་དཔའ་མེད་ཅིང་སྒོམ་པ་སྟེ། །སྔགས་མེད་ལྷ་ཡང་མེད་པ་སྟེ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བརྟན་པའོ། །བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །བསོད་ནམས་མེད་ཅིང་སྡིག་པ་མེད། །བྱང་ཆུབ་མེད་ཅིང་སངས་རྒྱས་མེད། །ཡེ་ཤེས་ལྔ་ཡི་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་བརྟན་པའོ། །བཅོམ་ལྡན་འདས་འཁོར་ལོའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྔགས་མེད་བཟླས་པའང་ཡོད་མ་ཡིན། །འགྲོ་བ་གསུམ་པོ་ཐམས་ཅད་མེད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །སྒོམ་པ་དང་ནི་བསྒོམ་པ་མེད། །བཅོམ་ལྡན་འདས་རིན་པོ་ཆེའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཀུན་རྫོབ་འཇིག་རྟེན་པ་ཡང་ཡོད། །དཔྱད་ན་གང་དུ་འཇིག་རྟེན་པ། །རྟག་ཏུ་འཇིག་རྟེན་པ་ཉིད་འཁོར། །འདི་ནི་བྱང་ཆུབ་རིམ་བསྟན་པའོ།
423a
༄#། །བཅོམ་ལྡན་འདས་པདྨ་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །མ་སྐྱེས་པ་དང་མི་དམིགས་པ། །མི་ཕྱེད་ནམ་མཁའ་ལྟ་བུ་སྟེ། །ཟབ་ཅིང་ཞི་བའི་རང་བཞིན་ནི། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་རལ་གྲིའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྒྱུ་མ་ཇི་ལྟར་མེ་ལོང་ལྟར། །ནམ་མཁའ་ཇི་ལྟར་བདེ་ཇི་ལྟར།། ཇི་ལྟར་དངོས་པོ་ཡོངས་ཤེས་པ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་མ་མཁའ་འགྲོ་མ་བདག་མེད་མས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྟོང་ཉིད་དྲི་མེད་དམ་པའི་གནས། །རྨི་ལམ་སྒྱུ་མའི་རང་བཞིན་ཉིད། །ཇི་སྲིད་མ་ཞིག་བར་དུ་ནི། །སེམས་ཀྱི་རང་བཞིན་སྒོམ་པར་གྱིས། །མཱ་མཱ་ཀཱིའིའོ། །སྲིད་མེད་མྱ་ངན་འདས་པ་མེད། །འདི་དེ་བདེ་ཆེན་རྡོ་རྗེ་སྟེ། །གང་ཞིག་ཡིད་ཀྱིས་སྒོམ་པས་བསྒོམ། །དེ་ནི་མཆོག་གིས་སྒོམ་པས་བསྒོམ། །སྤྱན་གྱིའོ། །སྔགས་དང་ཡི་གེ་རྣམ་པར་སྤངས། །འདི་ནི་སེམས་མེད་ཐིག་ལེ་མེད། །འདི་དེ་དམ་པའི་བདེ་ཆེན་ཏེ། །བྲི་བ་མེད་ཅིང་གང་བ་མེད། །གོས་དཀར་མོའིའོ། །གཟུགས་བརྙན་རང་བཞིན་ཇི་ལྟ་བར། །དེ་ལྟར་དངོས་པོ་བསྒོམ་པར་བྱ། །སྟོང་ཉིད་དྲི་མེད་མཆོག་གི་གནས། །ད་ནི་བསོད་ནམས་སྡིག་པ་མེད། །སྒྲོལ་མའི་འོ། །ཇི་ལྟར་ཆུ་ནང་ཟླ་བ་སྟེ། །བདེན་མིན་རྫུན་པ་མིན་པ་ལྟར། །དེ་ལྟར་དཀྱིལ་འཁོར་འཁོར་ལོ་ཡིས། །ལུས་ཀྱི་རང་བཞིན་
423b
རྙོག་པ་མེད། །འཁོར་ཐམས་ཅད་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་སྣ་ཚོགས་བྱེད་པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་མདའ་གཞུ་ཆར་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །མུཿ ཙྪུ་ཌི་དང་སེར་རྣ་ཡིས། །ཆང་གཟུང་ཁུ་ཚུར་བཟུང་བ་ཡིས། །གཡོན་ནི་འདོད་པའི་ཁུར་ཚུར་གྱིས། །བསྡམས་བསང་གྲ་རྣམས་བསྡིག་པར་བྱ། །ཡན་ལག་ཀོས་ཀོར་བཟུང་ནས་ནི། །མཚོན་པའི་ཁུ་ཚུར་བཟུང་ནས་ནི། །ཧཱུཾ་གིས་མདའ་ནི་གཏང་བྱ་ཞིང ། །བདུད་ཀྱི་དཀྱིལ་འཁོར་བསྡིག་པར་བྱ། །བརླ་ནི་བསྐུམ་པར་བྱས་ནས་ནི། །ལུས་ནི་དབུགས་ཀྱིས་དགང་བར་བྱ། །ལུས་ལ་ཁུ་ཚུར་བཟུང་ནས་ནི། །བྲང་ནི་རྒྱས་པ་ཉིད་དུ་བྱ། །སེམས་དང་དམིགས་ནི་འབེན་ལ་བྱ། །ཧཱུཾ་གིས་ཁ་ནི་དགང་བ་དང ། །གཡས་བརྐྱང་ལ་སོགས་སྦྱོར་བ་ཡིས། གཤིན་རྗེ་སྲིན་པོ་གསད་པར་བྱ། །འདིར་མང་བརྗོད་པས་ཅི་ཞིག་བྱ། །ཀུན་རྫོབ་ཏུ་ནི་བསྡུས་པ་ཙམ། །གཞུ་ཡི་རིག་བྱེད་རྩ་བ་གང ། །དེ་ནི་རྡོ་རྗེ་འཛིན་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རོལ་མོའི་སྒྲ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །རོལ་མོའི་སྒྲའི་སྒེག་པ་འདི་ཉིད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །ཐ་ཧིཾ་ཐ་ཧིཾ། ཐ་ཀ་ཐ་ཀ། ཐུ་ཀ་ཐུ་ཀ་།ཐཱ་ཧི་ཐཱ་ཧི། བ་ཧི་བ་ཧི། ཨུ་ཌྷཾ་ཨུ་ཌྷཾ། ཀཾ་ཀ་ཀཾ་ཀ་།ཐ་ཀ་ཐ་ཀ་།ཧཱི་ཌྷཾ་ཧི་ཌྷཾ། ཏ་ཌ་ཝ་ཏ་ཌྭ་ཝ་ཏཱཾ། ཆ་ལང་དང་ནི་རྔ་དང་ཡང ། །རྫ་རྔ་ཁ་ཅིག་པི་ཝང་རྒྱས། །མངར་
424a
༄#། །བ་ཅན་དང་གླིང་བུ་དང ། །རྒྱུད་གསུམ་ཀ་ར་ཏ་ཀ་ནི། །རྣམ་གསུམ་བརྡུང་བས་བརྡུང་པར་བྱ། །ཆུང་ངུར་བརྡུངས་པས་རྒྱལ་བ་སྟེ། །དཀྱིལ་འཁོར་གསོལ་གདབ་ལ་སོགས་པ། །མཆོད་པ་འདི་ནི་བླ་ན་མེད། །རང་གི་ཚིགས་བཅད་མང་པོ་ནི། །བསྟན་པ་འདིས་ནི་ཅི་ཞིག་བྱ། །ཇི་སྙེད་རོལ་མོའི་བསྟན་བཅོས་སུ། །དེ་ནི་རྡོ་རྗེ་རོལ་མོའི་སྒྲ། །དེ་ནས་བཅོམ་ལྡན་འདས་དྲི་བཟང་པོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བདུག་སྤོས་ཀྱི་མཆོད་པ་འདི་ཉིད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །ཙནྡན་ཉིད་དང་གུར་གུམ་དང ། །བྲག་ཞུན་དེ་བཞིན་འདོད་མ་ནི། །འདི་རྣམས་རྫས་ནི་བདུག་སྤོས་ཆེ། །ཧེ་རུ་ཀ་ལ་རབ་ཏུ་དབུལ། །ཀ་ཙོ་ར་དང་ཀུ་མ་ཉིད། །དེ་བཞིན་དུ་ཡང་སྒྲ་སྒྲ་ཉིད། །བདུག་བྱེད་སྙིང་པོ་འདི་རྣམས་ནི། །ཕན་པ་ལ་ནི་སྦྱར་བར་བྱ། །ཀུན་དུ་རུ་དང་པོ་ལ་ཀ། །རི་དྭགས་ལྟེ་བ་སེན་མོ་ནི། །རིན་ཆེན་རྒྱལ་པོའི་བདུག་པ་འདི། །ཀུན་ལ་མི་འཇིགས་གུར་གུམ་དང ། །ཤྲ་ཏྲཱི་ཡི་ནི་ཤ་ཐཱི་དང ། །ཤ་ལཱི་ཛ་དང་ཤ་ལི་ཀ། འཇིག་རྟེན་མགོན་གྱི་བདུག་པ་འདི། །རྟག་ཏུ་རྡོ་རྗེ་འཛིན་པས་གསུངས། །སྣ་ཚོགས་དྲི་ནི་ཁྱད་པར་དུ། །སྣ་ཚོགས་རྡོ་རྗེ་མཆོད་པ་ལས། །བདུན་གྱི་རྒྱལ་པོ་མཆོད་པ་འདི། །ཀུན་ཏུ་སྟོབས་ཀྱི་སྒྲུབ་པ་སྟེ། །ཇི་སྙེད་དྲི་ཡི་བསྟན་བཅོས་སུ།།
424b
དུམ་\?\་བུའི་བདུག་པ་མཆོག་།དེ་ཀུན་ཕྱག་ན་རྡོ་རྗེ་ཡི། །རྡོ་རྗེའི་མཆོད་པར་རབ་ཏུ་གྲགས། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གོམ་པ་རྣམ་པར་དགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་གར་འདི་ཉིད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །གུས་བཅས་དང་པོར་སྒེག་པར་ལྡན། །དང་པོ་རྩེ་བཅས་རྫས་རྒྱུ་བས། །རྐང་སྟབས་བརྒྱད་དུ་ཆོ་ག་ཡིས། །རྡོ་རྗེ་གོམས་པས་རོལ་པ་བྱ། །མེ་ཏོག་སྙིམ་པའི་སྦྱོར་བ་དང ། །སྤོས་ཀྱི་ཡལ་གའི་སྦྱོར་བ་དང ། །མར་མེ་སྡོང་བུའི་ལག་ཚུལ་དང ། །ཡར་ནི་བྱུག་པའི་ལུས་དང་ནི། །མིག་ལག་དེ་བཞིན་བརླ་ནང་དང ། །རྐང་པའི་ངོས་སུ་བསྐོར་བ་ནི། །གདུང་བའི་སྦྱོར་བས་རོལ་བ་བྱ། །དེ་བཞིན་དུ་ཡང་གཡོན་པས་སོ། །དེ་ནས་རྒྱུན་གྱི་གར་བྱས་ནས། །གཡོན་པས་ཡང་ནི་གར་བྱ་ཞིང ། །མྱུར་དུ་བརྡུངས་པས་དེ་བཞིན་གར། །བྱས་ནས་འཁོར་ལོ་ལྟ་བུར་བསྐོར། །ཕྱི་ནས་གྲུ་བཞི་དགང་བར་བྱ། །ཕྱི་ནས་འདོད་པའི་ལག་པས་བསྐོར། །ས་ལ་པུས་ནི་གཉིས་བཙུགས་ནས། །ལག་པས་མཆོད་རྟེན་ལེགས་པར་བྱ། །ཇི་སྙེད་གར་གྱི་བསྟན་བཅོས་སུ། །བྱེད་པའི་ཆ་ལུགས་བརྗོད་པ་ནི། །དེ་སྙེད་རྡོ་རྗེ་སེམས་དཔའ་ཡི། །སྒེག་པས་བྱང་ཆུབ་སྒྲུབ་པའི་ཐབས། །དེ་ནས་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཚོགས་ཀྱི་འཁོར་ལོ་འདི་ཉིད་ཀྱི་སྐུ་དང ། གསུང་དང ། ཐུགས་
425a
༄#། །རྡོ་རྗེ་ལས་ཕྱུང་ངོ ། །རང་གི་ལྷག་པའི་ལྷར་དམིགས་ནས། །བཟང་པོའི་རྒྱན་གྱིས་རྣམ་པར་བརྒྱན། །ཐམས་ཅད་འབྱོར་པའམ་དམིགས་ནས་ནི། །བེམ་པོའི་གནས་སུ་བསྲེག་བླུགས་བྱ། །ཤར་ལྷོ་བྱང་དང་ནུབ་ཕྱོགས་སུ། །ཕྱོགས་གནས་རྣམས་ནི་དགའ་བར་བྱ། །ཕྱོགས་བྲལ་རྣམས་སུ་ལྷ་མོ་རྣམས། །དམ་པའི་ཚེ་ཡིས་མཆོད་པར་བྱ།། ཡིད་ཀྱིས་མར་ཁུ་བསམ་པ་དང ། །འབྲས་སོ་ཆག་མེད་འབྲས་དང་ནི། འབྲུ་དང་ཞོ་ཡི་ཟན་དང་ནི། །ཏིལ་དང་དེ་བཞིན་མཉམ་པའི་ཤིང ། །དུར་བ་རབ་ཏུ་གཞོན་པ་ཉིད། ། བསམ་གཏན་རྡོ་རྗེ་སྦྱིན་སྲེག་བྱ། །དེ་ལ་འདི་ནི། སྔགས་ཀྱི་རྐང་པ་ཡིན་ཏེ། ཨོཾ་ཨགྣ་ཡེ་སཝཱཧཱ། མར་གྱིའོ། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སཝཱཧཱ། ཏིལ་ནག་པོའིའོ། །ོཾ་བཛྲ་པུཥྛ་ཡེ་སཝཱཧཱ། འབྲས་མ་ཆག་པའི་འོ། །ོཾ་སརྦ་སཾ་པ་དེ་སཝཱཧཱ། ཞོ་དང་ཟན་དམ་པའི་འོ། །ོཾ་བཛྲ་བཱི་ཛ་ཡ་སཝཱཧཱ། འབྲས་སོ་བའི་འོ། །ོཾ་མཧཱ་བེ་གཱ་ཡ་སཝཱཧཱ། ནས་ཀྱིའོ། །ོཾ་མཧཱ་བ་ལཱ་ཡ་སཝཱཧཱ། མོན་སྲན་གྲེའུའིའོ། །ོཾ་བཛྲ་གྷསྨ་རེ་སཝཱཧཱ། གྲོའི་འོ། །ོཾ་བཛྲ་ཨཱ་ཡུ་ཥེ་སཝཱཧཱ། དུར་བ་གཞོན་ནུའི་འོ། །ོཾ་བཛྲ་ཨ་པྲ་ཏི་ཧ་ཏེ་བཛྲ་ཡ་སཝཱཧཱ། ཀུ་ཤའིའོ། །ོཾ་བཛྲ་ཡཛྙཱ་ཡ་སཝཱཧཱ། ཨུ་དུམ་ཝ་རའི་འོ། །ོཾ་བོ་དྷི་པྲྀཀྵཱ་ཡ་སཝཱཧཱ། བྱང་ཆུབ་ཀྱི་ཤིང་གིའོ། །ོཾ་བཛྲ་ལ་ཏཱ་ཡ་སཝཱཧཱ། པ་ལཀྵའིའོ། །ོཾ་བཛྲ་ཀུ་བེ་རཱ་ཡ་སཝཱཧཱ། ནྱ་གྲོ་
425b
དྷཱིའོ། །ོཾ་ས་ཧ་ཀཱ་རཱ་ཡ་སཝཱཧཱ། ཨ་མྲའི་འོ། །ཙམ་པ་ཨ་ཤོ་ཀཱ་ཡ་ཀླུ། །ཀ་དམ་པ་དང་སྲིད་སྒྲུབ་ཉིད། །ཇི་ལྟར་རྙེད་པ་བཟླས་བྱས་ནས། །མེ་ཏོག་འདིས་ནི་སྦྱིན་སྲེག་བྱ། །རྒུན་འབྲུམ་ཨ་མྲ་སྦྲུལ་འཇིག་དང ། །ཁ་འཛག་སྐྱེས་མ་བརྩེ་མ་ནི། །འཁོར་ལོ་ལྔ་ཡི་མཆོག་རིམ་པས། །འབྲས་བུ་རྣམས་ཀྱི་སྦྱིན་སྲེག་བྱ། །ཤ་ལྔ་དང་ནི་བདུད་རྩི་ཉིད། །དཀྱིལ་འཁོར་ལྔ་ཡི་སྐོམ་པ་ཡིས། ། འདིས་ནི་རྡོ་རྗེ་མཉེས་པར་འགྱུར། །ཡེ་ཤེས་མེ་ནི་རབ་དགྱེས་བྱ། །རྒྱལ་བ་ཕན་པ་མཉེས་པ་དང ། །གསེར་གྱི་མངའ་བདག་མཉེས་པ་དང ། པདྨོ་གར་དབང་མཉེས་པ་དང ། །ལྕགས་སྒྲོག་བདག་པོ་མཉེས་པ་དང ། །ཚངས་པ་བརྒྱ་བྱིན་དབང་ཆེན་དང ། །ཁྱབ་འཇུག་རླུང་དང་མེ་ཆེན་དང ། །ཐོང་ལྡན་ཉིད་དང་འདོད་ལྷ་དང ། །ཟླ་བ་ཉི་མ་གདོང་གཞན་དང ། །ས་ནི་ཞགས་པ་འཛིན་པ་དང ། །ལུས་ངན་དེ་བཞིན་མཚམས་སྐྱོང་དང ། །ཆོས་རྒྱལ་དང་ནི་ཀླུ་དང་ནི། །དྲི་ཟ་ལྷ་མིན་མིའམ་ཅི། །སུམ་ཅུ་རྩ་གསུམ་གནས་པའི་ལྷ། །འོག་མིན་དུ་ནི་གནས་པ་དང ། །གང་ཞིག་རྒྱལ་ཆེན་གནས་པ་དང ། །གཞན་འཕྲུལ་དབང་སྒྱུར་ཉིད་དང་ནི། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང ། །གང་ཞིག་དག་པའི་གནས་སོན་དང ། །འོད་ཟེར་འཇིག་རྟེན་ཁམས་གནས་དང ། མི་མཇེད་ཁམས་སུ་གནས་པ་དང ། །གླིང་བཞིར་གནས་པའི་སེམས་ཅན་དང ། །གང་ཞིག་ཁམས་གསུམ་གནས་པ་དང ། །སྣོད་ལྡན་སེམས་ཅན་འཇིག་རྟེན་དང ། །ལྕུག་མའི་ཚོགས་
426a
༄#། །དང་རྩཝ་སོགས་དང ། །གང་ཞིག་རབ་དགའི་སར་གནས་དང ། །ཕ་རོལ་དྲི་མེད་གང་ཕྱིན་དང ། །འོད་འཕྲོ་ཅན་དུ་གནས་པ་དང ། །མི་གཡོའི་གནས་སུ་བྱས་པ་དང ། །གང་ཞིག་ཆོས་སྤྲིན་རྗེས་སོང་དང ། །གང་ཞིག་སྦྱང་དཀར་སོན་པ་དང ། །གང་ཞིག་རིང་སོང་ཐོབ་པ་དང ། །འོད་བྱེད་དུ་ནི་གནས་པ་སྟེ། །ས་བཅུའི་དབང་ཕྱུག་མགོན་པོ་དང ། །འཕགས་པའི་གང་ཟག་བརྒྱད་པོ་དང ། །རྫོགས་སངས་རྒྱས་དང་ཉན་ཐོས་ཉིད། །རཝ་ནི་རལ་གྲིའི་གཟུགས་ཅན་དང ། །རང་གི་ལྷག་པའི་ལྷར་སྦྱོར་བདག་།ཤཱཀྱ་སེངྒེ་མཉེས་བྱས་ནས། །དམྱལ་བ་ཡི་དྭགས་བྱོལ་སོང་དང ། །ལྷ་དང་ལྷ་མིན་མི་རྣམས་ནི། །སྦྱིན་སྲེག་ཆོ་གས་དགྱེས་པ་ཉིད། །དེ་ཉིད་ཚོགས་ཀྱི་དཀྱིལ་འཁོར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྒྱ་མཚོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་དམ་ཚིག་ལ་གསོལ་བ་གདབ་པ་འདི་གསུངས་སོ། །རྡོ་རྗེ་སེམས་དཔའ་སྐྱེད་པ་ནི། །རྡོ་རྗེ་པདྨའི་སྒོམ་པ་སྟེ། །དེ་ཡི་མགོ་བོའི་སྣ་རྩེ་ལ། །ཕྱག་འཚལ་ཡིད་བཞིན་ནོར་བུ་སྟེ། །སྦུ་གུའི་ནང་དུ་ཕཌ་ཀྱིས་ནི། །ཡེ་ཤེས་མ་ལྷུང་ཡང་དག་གནས། །རྫོགས་སངས་རྒྱས་ཀྱིས་དགྱེས་པར་མཛོད། །འདི་ནི་ཕྱག་རྒྱའི་ཆོ་ག་ལས། །རང་གི་ལྷག་པའི་ལྷར་སྦྱོར་བས།།
426b
རྡོ་རྗེ་སེམས་དཔའ་སྙེམས་བྱས་ནས། །གནས་ནི་ཐམས་ཅད་བསྒྲུབ་པར་བྱ། །ཕྱག་རྒྱ་ཆེན་པོའི་གནས་འདུག་ནས། །རང་གི་ལྷག་པའི་ལྷར་སྦྱོར་བདག་།ཤཱཀྱ་སེངྒེ་སྙེམས་བྱས་ནས། །རྒྱལ་པོ་ཐམས་ཅད་ཐོབ་པར་འགྱུར། །ལས་ཀྱི་ཕྱག་རྒྱའི་གནས་འདུག་ནས། །རང་གི་ལྷག་པའི་ལྷར་སྦྱོར་བདག་།ཀུན་གྱི་རྒྱལ་པོ་ཐོབ་པར་འགྱུར། །རྡོ་རྗེ་གཟི་བརྗིད་ཏིང་འཛིན་ལྡན། །དམ་ཚིག་ཕྱག་རྒྱ་སྦྱོར་བ་ཡིས། །གནས་གསུམ་པོ་ཡང་བསྒྲུབ་པར་བྱ། །རང་གི་ལྷག་པའི་ལྷར་སྦྱོར་བས། །པདྨ་གར་གྱི་དབང་ཕྱུག་བདག་།ཆོས་ཀྱི་ཕྱག་རྒྱའི་ཏིང་འཛིན་གནས། །རྡོ་རྗེ་ཆོས་ནི་བསྒོམ་པར་བྱ། །རང་གི་ལྷག་པའི་ལྷར་སྦྱོར་བས། །རྟ་མཆོག་རིམ་པས་གནས་ནས་ནི། །དམ་ཚིག་ཕྱག་རྒྱ་སྦྱོར་བ་ཡིས། །སྒྲོལ་མའི་དངོས་གྲུབ་རབ་བསྒྲུབ་བྱ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གར་གྱི་འདོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེའི་གར་མཛད་པ་འདི་ཉིད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །གཡོན་པ་བརྐྱང་པ་དང་།། གཡས་བརྐྱང་བ་དང ། མཉམ་པའི་རྐང་སྟབས་དང ། རྡོ་རྗེའི་རྐང་སྟབས་དང ། དཀྱིལ་འཁོར་དང ། སྣ་ཚོགས་ཐམས་ཅད་དང ། རུས་སྦལ་གྱི་རྐང་སྟབས་དང ། བུང་བའི་དྲ་བ་དང ། རྒྱ་མཚོའི་བསྐྱོད་པ་དང ། རི་བོའི་མཆོག་དང ། མཛེས་པའི་གོམ་པ་དང ། ཁྲོ་བོའི་གོམ་པ་སྟེ། རྐང་སྟབས་ཀྱི་དགོད་པའོ། །རལ་གྲིའི་ལུས་དང ། འཁོར་ལོའི་ཚུལ་དང ། རིན་པོ་
427a
༄#། །ཆེའི་ཚུལ་དང ། པདྨའི་ལག་པ་དང ། རལ་གྲིའི་ཚུལ་དང ། མདུང་གི་ཚུལ་དང ། གཞུའི་ཚུལ་དང ། དབྱིག་པའི་ཚུལ་དང ། དབྱིག་ཏོའི་ཚུལ་དང ། གཏུན་ཤིང་གི་ཚུལ་དང ། རྡོ་རྗེ་རྩེ་གཅིག་པའི་ཚུལ་དང ། ཁ་བཅུ་པའི་ཚུལ་དང ། རལ་གྲི་བུ་མོའི་ཚུལ་དང ། སྣ་ཚོགས་དབྱིག་པའི་ཚུལ་དང ། མདུང་ཐུང་གི་ཚུལ་དང ། གོང་བུ་སྐྱོང་བའི་ཚུལ་དང ། འཕན་ལྕེ་གཉིས་པ་དང ། འཕན་ལྕེ་གསུམ་པ་དང ། མེ་ཏོག་གི་ཚུལ་དང ། བདུག་སྤོས་ཀྱི་ཚུལ་དང ། མར་མེའི་ཚུལ་དང ། དྲིའི་ཚུལ་དང ། ལཱ་སྱེའི་ལག་པ་དང ། ཕྲེང་བའི་ལག་པ་དང ། གླུའི་ལག་པ་དང ། གར་གྱི་ལག་པ་དང ། གླིང་བུའི་ལག་པ་དང ། པི་ཝང་གི་ལག་པ་དང ། རྫ་རྔའི་ལག་པ་དང ། མུ་ཀུནདའི་ལག་པ་སྟེ། ལག་པའི་དགོད་པའོ། །རྡོ་རྗེ་སྐྱིལ་ཀྲུང་དང ། པདྨའི་སྐྱིལ་ཀྲུང་དང ། པདྨའི་འདུག་སྟངས་དང ། བཟང་པོའི་འདུག་སྟངས་དང ། སྐྱིལ་ཀྲུང་ཕྱེད་པ་དང ། བཀྲ་ཤིས་ཀྱི་འདུག་སྟངས་ཏེ། འདུག་སྟངས་ཀྱི་དགོད་པའོ། །སྒེག་པའི་ང་རོ་དང ། དཔའ་བའི་ང་རོ་དང ། མི་སྡུག་པའི་ང་རོ་དང ། དགོད་པའི་ང་རོ་དང ། དྲག་པོའི་ང་རོ་དང ། འཇིགས་སུ་རུང་བའི་ང་རོ་དང ། ཞི་བའི་ང་རོ་དང ། རྔམ་པའི་ང་རོ་དང ། སྙིང་རྗེའི་ང་རོ་དང ། དྲུག་གི་རྗེས་སུ་སྐྱེས་པའི་གླུ་དང ། དྲང་སྲོང་གི་རྗེས་ཀྱི་གླུ་དང ། དྲི་ཟའི་རྗེས་ཀྱི་གླུ་དང ། བར་མའི་རྗེས་ཀྱི་གླུ་དང ། ལྔ་པའི་རྗེས་ཀྱི་གླུ་དང ། བློ་གསལ་གྱི་རྗེས་
427b
ཀྱི་གླུ་དང ། འཁོར་ཉན་པའི་གླུའོ། །ཉུང་ངུའི་དབྱེ་བ་དང ། སྒྲོལ་མའི་དབྱེ་བ་དང ། འཇིགས་པའི་དབྱེ་བ་དང ། གང་བ་དང ། ཕྱེད་ཕྱི་བ་དང ། རྣམ་པར་འདྲེ་བ་དང ། འདོད་ཆགས་གཉིས་མཚུངས་པར་བྱེད་པ་དང ། འདོད་ཆགས་གསུམ་མཚུངས་པར་བྱེད་པ་དང ། ལྐོག་མ་ཉེད་པ་དང ། རྐན་ཉེད་པ་དང ། ལྕེ་ཉེད་པ་དང ། སོ་ཉེད་པ་སྟེ། གླུའི་དགོད་པའོ། །ས་གཞི་ཡོངས་གཟུང་དུས་སུ་ནི། །དམ་ཚིག་འདི་ནི་རབ་བསྐུལ་བ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །འདི་ནི་དམ་ཚིག་རིམ་པའི་མཆོག་།མེ་ཏོག་འདི་རྣམས་བཟང་ཞིང་དགེ། དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཚལ་དག་རོ་ཡི་ཕན་པ་དང ། །གང་ཞིག་དྲི་དང་བདུག་སྤོས་མཆོག་།བདག་གིས་དད་པས་འབུལ་ལགས་ཀྱི།། བཞེས་ནས་བདག་ལ་དགྱེས་པར་མཛོད། །སྲིན་པོ་འཇོམས་ཤིང་དག་བྱེད་པ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པར། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ོཾ་བཛྲ་གྷཎྜ་ཨ། དེལ་བུ་བླང་བའི་སྔགས་སོ། །ོཾ་མཧཱ་བཛྲེ་ཧཱུཾ། རྡོ་རྗེ་གཟུང་བའི་སྔགས་སོ། །དངོས་པོ་སྣ་ཚོགས་རྣམ་པར་དབྱེ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྡོ་རྗེ་འཛིན་
428a
༄#། །རྒྱལ་པོ། །རྣལ་འབྱོར་མ་ཡི་རྡོ་རྗེའི་གུར། །སངས་རྒྱས་ཀུན་དང་སངས་རྒྱས་ལ། །ཚིག་ནི་འདི་དག་བཀའ་སྩལ་པ། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །རྡོ་རྗེ་ལས་སྐྱེས་རང་བཞིན་ཅན། །ལག་པར་ཐོད་པ་ཁ་ཊྭཱཾ་ག་།བསམས་ནས་སྤྲོ་ཞིང་བཟླས་པའོ། །ཕྱག་བཞི་པ་ནི་ཉིད་དང་ཡང ། །ཞལ་གསུམ་རྡོ་རྗེ་ལས་བྱུང་པ། །དཀར་པོ་དམར་པོ་དེ་བཞིན་སྔོ། །ཕག་མོ་ལྷན་ཅིག་མཉམ་སྦྱོར་བའོ། །ཕྱག་དྲུག་པ་ལ་ཁ་དོག་ནག་།ལྕགས་སྒྲོག་མ་དང་ལྷན་ཅིག་སྦྱོར། །སངས་རྒྱས་ལྔ་ཡི་ཐོད་པ་ཅན། །ཞལ་གསུམ་ཉིད་དུ་སྦྱོར་བར་བྱ། །མདོག་དམར་ཕྱག་ནི་བཞི་པ་དང ། །ཞལ་གཅིག་མ་དང་དབང་བྱེད་མ། །རྡོ་རྗེ་ཆོས་ཀྱི་གནས་མནན་པ། །འདི་ནི་ཀུ་རུ་ཀུལླེར་བརྗོད། །འདི་ནི་སྔགས་ནི་བརྗོད་པའོ། །བཙུན་མོ་ཆོས་ལ་གནས་པ་ནི། །ཁྱོད་ཀྱི་སྤྱན་སྔར་བདག་གིས་ནི། །དུས་གཅིག་པ་ཡི་དུས་སུ་ནི། །བདག་ཉིད་ཀྱིས་ནི་འདི་ཐོས་ནས། །རྒྱས་པ་ཉིད་དུ་རབ་ཏུ་དབྱེ། །འདི་སྐད་བདག་གིས་ཐོས་པ་སྟེ། ། དུས་གཅིག་དུས་ནི་གཅིག་ནའོ། །བདག་གིས་བཅོམ་ལྡན་སྤྱན་སྔར་ནི། །བཙུན་མོའི་ཆོས་སུ་རྣམ་རྒྱས་པས། །ལྟ་སྟངས་དགུག་དང་བརྡ་ཆེན་དང ། །དོན་བྱེད་ནུས་དང་ཆར་སོགས་དང ། །ལམ་གྱི་དེ་ཉིད་ལས་སྐྱེས་པ། །ཐུབ་པ་ཆེན་པོ་འཇིག་རྟེན་མགོན། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །མཆོད་སྦྱིན་དང་ནི་པདྨས་བརྒྱན། །པདྨའི་གདན་ལ་ཡང་དག་གནས། །དབུ་རྒྱན་རྡོ་རྗེ་
428b
ཆོས་དང་ལྡན། །མཱཾ་གྱི་དེ་ཉིད་ལས་སྐྱེས་པ། །འཇམ་པའི་དབྱངས་ཀྱི་སེར་པོ་སྟེ། །ཡན་ལག་མཆོད་སྦྱིན་ཨུཏྤལ་བརྒྱན། །མི་བསྐྱོད་རྡོ་རྗེ་སྤྱི་བོར་འཛིན། །ཧཱུཾ་གི་ཡེ་ཤེས་ལས་བྱུང་བ། །ལག་པ་རལ་གྲི་སྡེགས་མཛུབ་ཉིད། །མ་ཧེ་ཆེན་པོའི་རྒྱབ་ཏུ་ནི། །དཔའ་བོ་གཡོན་བརྐྱང་པ་ཡིས་གནས། །ཁྲོ་བོའི་གཟུགས་ཅན་འཇིགས་བྱེད་པ། །ཁ་སྦྱར་མདུན་དུ་མི་བསྐྱོད་འཛིན། །ཧཱུཾ་གི་ཡེ་ཤེས་ལས་བྱུང་བ། །རྡོ་རྗེ་ཧཱུཾ་མཛད་རྡོ་རྗེ་ཅན། །རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །ལག་པ་གཉིས་ཀྱི་ཕྱག་རྒྱ་བཅིངས། །རྐང་པ་གཡོན་ཉིད་བརྐྱང་པ་ཡིས། །འཇིགས་བྱེད་མནན་པ་ཡི་ནི་ལུས། སྤྱི་བོར་རྡོ་རྗེའི་རིགས་བསམས་ནས། །འཇིག་རྟེན་གསུམ་རྒྱལ་དྲན་པར་བྱ། །ཏཱཾ་གྱི་ཡི་གེ་ལས་བྱུང་བ། །མཆོད་སྦྱིན་དབང་མཆོག་མཚོན་ཆ་སྟེ། །ལྷ་མོ་ལྗང་གུ་ལྟ་བུ་ཉིད། །རྟག་ཏུ་བཟང་པོའི་འདུག་སྟངས་གནས། །སྣ་ཚོགས་པདྨར་ཡང་དག་བཞུགས། །སྤྱི་བོར་དོན་ཡོད་འཛིན་པ་པོ། །སྒེག་མོ་ཆེན་མོ་སྐལ་བཟང་མ། །སྒྲོལ་མའི་གཟུགས་ཅན་བསྒོམ་པར་བྱ། །མཱཾ་གྱི་ཡི་གེ་ལས་བྱུང་བ། །མཆོད་སྦྱིན་ཨ་ཤོ་ཀ་འཛིན་མ། །ཉི་མ་ཤར་བ་ལྟ་བུ་སྟེ། །རྣམ་སྣང་དཔལ་ནི་སྤྱི་བོར་སྐྱེས། །གཡོན་བརྐྱང་བ་ཡི་སྦྱོར་བ་ཡིས། །འགྲོ་མགྱོགས་བདུན་གྱི་ཤིང་རྟ་མནན།། ཡན་ལག་སྒེག་པའི་རོ་ཡིས་བརྒྱན། །འོད་ཟེར་ཅན་ནི་བསྒོམ་པར་བྱ། །ཙུཾ་གྱི་ཡི་གེ་ལས་བྱུང་བའི། །སྟོན་གའི་ཟླ་བ་ལྟ་བུའི་འོད། །སྙིང་གར་རིན་ཆེན་སྙིམ་པར་གནས། །མཛེས་པའི་ཚུལ་
429a
༄#། །གྱིས་ཡང་དག་བཞུགས། །ལྷ་མོ་ལྷ་ཚོགས་པད་གདན་ཅན། །ཕན་པས་མགོ་བོ་མནན་པ་སྟེ། །བྱང་ཆུབ་སེམས་ནི་འཛག་འབབ་པའི། །ལྷ་མོ་སྟོབས་དང་བྲལ་བ་བསྒོམ། །བཾ་གྱི་ཡི་གེ་ལས་བྱུང་བ། །ནོར་འཛིན་ཤིན་ཏུ་ཁ་དོག་སེར། །ལག་པ་མཆོད་སྦྱིན་འབྲས་སྙེ་མ། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ལས། །ཡན་ལག་རིན་ཆེན་འབྱུང་གནས་བརྒྱན།། སྤྱན་ནི་ཤིན་ཏུ་སྒེག་པར་ནི། །གནོད་སྦྱིན་རྒྱལ་མོ་བསྒོམ་པར་བྱ། །ནོར་གྱི་བདག་པོ་མཚུངས་པར་འགྱུར། །ཛཾ་གྱི་ཡི་གེ་ལས་བྱུང་བ། །ནམ་མཁའ་མཛོད་ཅེས་བྱ་བ་བསྒོམ། །ཁ་དོག་སེར་ཞིང་གཡས་པ་ན། །མཆོད་སྦྱིན་རིན་ཆེན་ནེའུ་ལེ་སྟེ། །རིན་ཆེན་འབྱུང་གནས་རྡོ་རྗེ་ཡིས། །སྤྱི་བོར་དཀྱིལ་འཁོར་རྣམ་པར་བརྒྱན། །རིན་ཆེན་ཆར་ནི་བསམ་པར་བྱ། །སྐྱོར་གང་རྡོ་རྗེ་ཆུར་གཞུག་བྱ། །པྲཾ་གྱི་ཡི་གེ་ལས་སྐྱེས་པ། །ལུས་ནི་དཀར་ཞིང་ཡིད་འོང་མ། །ལྷ་མོ་རལ་གྲིའི་འཁོར་ལོ་འཛིན། །སྤྱི་བོར་ཕན་པས་མནན་པའོ། །རང་གི་མང་པོའི་དུས་ལྟ་བུར། །དཀྱིལ་འཁོར་གནས་སུ་ཡང་དག་འདུག་།ནམ་མཁའི་གནས་ནས་འཇམ་པའི་དབྱངས། །འབྱུང་བར་རྣམ་པར་བསམ་པར་བྱ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་སྔགས་སྣ་ཚོགས་ནང་དུ་ཆུད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔགས་ཀྱི་ཚིག་འདི་དག་གསལ་བར་མཛད་པ། ཨོཾ་མ་ཎི་པདྨེ་ཧཱུཾ་ཕཊ་སཝཱཧཱ། ཨོཾ་
429b
མཾ་ཛུ་བཛྲཱ་ཡ་མུཿ ་སཝཱཧཱ། ཨོཾ་ཧྲཱིཿ ཥྚཱིཿ ཝི་ཀྲྀ་ཏཱ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། ཨོཾ་ཧཱུཾ་ཕཊ་སཝཱཧཱ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སཝཱཧཱ། ཨོཾ་མཱ་རི་ཙྱེ་སཝཱཧཱ། ཨོཾ་ཙ་ལེ་ཙུ་ལེ་ཙུཾ་དེ་སཝཱཧཱ། ཨོཾ་བ་སུ་དྷཱ་རེ་མཧཱ་བིཥྚི་ནི་པཱ་ཏ་ནི་བ་སུ་སཝཱཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་སཝཱཧཱ། ཨོཾ་མ་ཎི་དྷ་རཱི་བཛྲ་ཎི་མཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། འཇིག་རྟེན་མགོན་གྱིས་ནང་རྣམས་ཞི། །འཇམ་པའི་དབྱངས་ཀྱིས་བློ་གྲོས་བཟང ། །གཤིན་རྗེ་གཤེད་ཀྱིས་ཡི་དྭགས་སྲུང ། །ལྷ་དང་ལྷ་མིན་ཧཱུཾ་མཛད་ཀྱིས། །སྒྲོལ་མས་འཇིག་རྟེན་དབང་དུ་མཛད། །འོད་ཟེར་ཅན་གྱིས་ཆོམ་རྐུན་འཇིག། ཙུནྡཱ་སེམས་ཅན་ཐམས་ཅད་ནི། །དགུག་པ་ཡི་ནི་ཆོ་གར་བརྗོད། །ཛམྦྷ་ལ་དང་ནོར་སྦྱིན་བདག་།ནོར་གྱི་སྒྲུབ་པའི་ཐབས་སུ་འདོད། །བུད་མེད་གང་ཞིག་པུ་ཤི་བས། །སོ་སོར་འབྲང་མ་རྟག་དྲན་བྱ། །རྡོ་རྗེ་མཁའ་འགྲོས་གསུངས་པའོ། ། སྔགས་ཀྱི་རྐང་པས་ཐམས་ཅད་འགྲུབ། །བཟླས་པ་འབུམ་གྱི་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་རབ་ཏུ་འགྲུབ། །སྙིང་གི་བདེ་བ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནག་པོ་ཆེན་པོའི་སྒྲུབ་ཐབས་འདི་ཉིད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །ཧཱུཾ་གི་ཡི་གེ་ལས་སྐྱེས་པ། །ཕྱག་གཉིས་པ་དང་ཞལ་གཅིག་ལྡན།། ཁ་དོག་ནག་ཅིང་ཆེར་འབར་བ། །གྲི་གུག་ཐོད་པ་འཛིན་པའོ། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་བ་ཆེན་པོས་འཇིགས་པར་བྱེད། །གཟུགས་ཐུང་གཟི་བརྗིད་ཆེན་པོ་ཉིད།།
430a
༄#། །ཁ་ནས་ཁྲག་ནི་འཛག་པ་སྟེ། །སློབ་དཔོན་ལ་རྟག་གང་སྡང་དང ། །གང་ཞིག་དཀོན་མཆོག་གསུམ་ཁྲོ་དང ། །སེམས་ཅན་དུ་མ་གསོད་བྱེད་པ། །ནག་པོ་ཆེན་པོས་ཟ་བར་བྱེད། །རང་གི་ལག་གཡས་ཤ་གཅོད་བྱེད། །ཁྲག་གི་རྒྱུན་ནི་འཐུང་བར་བྱེད། །དེ་ནས་སྤྱི་བོར་འདི་འདུག་ནས། །དེ་ནི་ཏིལ་ཙམ་གཅོད་པར་བྱེད། །མོན་སྲན་གྲེ་དང་ཛམྦུ་ཊི། །མེ་ཏོག་བདུག་པ་བྱུག་པ་ཆང ། །ཤ་ལྔ་ཉིད་དང་བདུད་རྩི་ཡིས། །ནག་པོ་ཆེ་ལག་ཏོར་མ་སྦྱིན། །སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎེ་ཨེ་ཥ་ཨ་པ་ཤྩི་མ་ཀཱ་ལོ་ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ་ཨ་པ་ཀཱ་རི་ཎ་ཡ་དི་པྲ་ཏི་ཛྙཱཾ་སྨ་ར་མི་ཏ་དཱ་ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་ར་མ་ར་གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ་ཧཱུཾ། ཚ་བ་གསུམ་གྱི་གཟུགས་བརྙན་ནི། །བྱས་ནས་ལུས་ལ་ཚེ་ར་མས་དགང ། །དུག་དང་སྐེ་ཚེ་ཡིས་དཀྲིས་ནས། །དེ་ནི་གང་གི་མིང་གིས་ནི། །དེ་ནས་མེ་ལ་གདུང་བར་བྱ། །དེ་ཡི་དུས་ན་མི་སྣང་འགྱུར། །དེ་ནས་གཞན་ཡང་རབ་བཤད་པ། །ཕྱག་རྒྱའི་དངོས་གྲུབ་སྒོམ་པ་ཉིད། །ཕྱག་རྒྱའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་ཀུན་གྱི་སྤྱོད་ཡུལ་མིན། །དེ་དུས་ད་ཡི་ལུས་འཐབ་ཅིང ། །སྐད་ཅིག་ན་ནི་བདེ་ཆེན་ཚུལ། །སྐད་ཅིག་ན་ནི་དེ་འཁོར་ལྡན། །སྒོམ་པ་དང་ནི་སྔགས་ཉིད་དང ། །སྐད་ཅིག་སངས་རྒྱས་རྣམ་སྣང་མཛད། །སྤྱན་གྱི་ཕྲག་ནས་འཁྱུད་
430b
ཡང་\?\། །སྐད་ཅིག་ལ་ནི་གཉིས་མེད་ལྡན། །དགའ་བ་ཆེན་པོ་མཆོག་ཏུ་དགའ། །རྡོ་རྗེ་འཛིན་རྒྱལ་སྐད་ཅིག་གིས། །མཱ་མ་གཱི་དང་བདེ་བསྡོམ། །རྡོ་རྗེ་པདྨའི་རྩེ་མཆོད་པས། །སྐད་ཅིག་གིས་ནི་གཉིས་མེད་ལྡན། །རྡོ་རྗེ་པདྨ་རབ་སྦྱར་བས། །རྡོ་རྗེ་གུས་པའི་ཕ་རོལ་སོན། །རྡོ་རྗེ་པདྨ་མཆོད་བྱ་ཞིང ། །པདྨའི་འདོད་པ་སྤང་བར་བྱ། །བདག་ཉིད་རང་བདག་བསམས་ནས་ནི། །རྡོ་རྗེ་པདྨ་རབ་སྦྱོར་བས། །རྡོ་རྗེ་བུ་མོ་ཆེར་གྲགས་པ། །རྡོ་རྗེ་ནག་པོ་ལྟ་བུ་མཆོད། །རང་གི་སྐྱེས་བུ་བསམས་ནས་ནི། །རྡོ་རྗེ་པདྨའི་རྩེ་མཆོད་པས། །བུ་མོ་དེ་བཞིན་གཤེགས་མ་མཆོག་།ཕྱག་རྒྱའི་དངོས་གྲུབ་དོན་དུ་མཆོད། །རང་གི་རིག་མ་སྐྱེས་པུ་བསམས། །རྡོ་རྗེ་པདྨའི་རྩེ་མཆོད་པས། །གདོལ་པ་ཆེན་པོ་ལས་བྱུང་པ། །ཕྱག་རྒྱའི་དངོས་གྲུབ་དོན་དུ་མཆོད། །ཕྱག་རྒྱ་ཆེན་པོ་རབ་སྒྲུབ་པ། །རྣམ་པར་རྒྱལ་བའི་སྟོབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གཉིས་ཀྱི་ཆོག་དང ། །ཉི་མ་གསུམ་གྱི་སྦྱོར་བ་དང ། །དེ་བཞིན་དུ་ནི་ཉི་མ་བཞི། །ཉི་མ་ལྔ་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མེ་ཏོག་ལ་སོགས་མཆོད་བྱས་ནས། །བསམ་གཏན་གནས་སུ་འདུག་པ་དང ། །ཕྱག་རྒྱ་ལྷན་ཅིག་ཞུགས་ནས་ནི། །རྡོ་རྗེ་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་པ་ན། །སྦྱོར་བ་འདི་ནི་ཡང་དག་བརྩམ། །ཉི་མ་ཤར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདོད་ཆགས་ཆེན་པོས་རྗེས་ཆགས་
431a
༄#། །པས། །འདོད་ཆགས་ཆེན་པོའི་རང་བཞིན་ལས། །ཆགས་ཆེན་ཏིང་འཛིན་གནས་ནས་ནི། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཤིན་ཏུ་དགའ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །པདྨར་རྡོ་རྗེ་ཅན་བཅུག་ནས། །རང་གི་རིག་མ་བདག་མར་བྱ། །དེ་དང་ལྷན་ཅིག་འགྲུབ་པར་འགྱུར། །འདི་ནི་ཕྱག་རྒྱ་ཆེན་པོར་བརྗོད། །མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་འཁོར་ལོ་རབ་ཏུ་དབྱེ། །དྲི་དང་མེ་ཏོག་མཐུན་བྱས་ནས། །འཁོར་ལོ་གོམས་པར་ཡང་དག་བརྩམ། །སྤྱན་དང་བདག་མ་སྒྲོལ་མ་དང ། །དཀར་མོ་ཤིན་ཏུ་ཡིད་འཕྲོག་མ། །མེ་ཏོག་དྲི་ཡིས་མཐུན་བྱས་ནས། །རྡོ་རྗེ་མཆོད་པ་ཡང་དག་བརྩམ། །སྔགས་པས་ཕན་པ་འགྲུབ་འགྱུར་ཞིང ། །ཕྱག་ན་རྡོ་རྗེ་འགྲུབ་པ་དང ། །རྡོ་རྗེ་ཉི་མ་འགྲུབ་པ་དང ། །དམ་པའི་ཡི་གེ་འགྲུབ་པ་དང ། ། བདུན་པའི་རྒྱལ་པོ་འགྲུབ་པ་དང ། །ཐམས་ཅད་འདྲེན་པ་འགྲུབ་པར་འགྱུར། །ཆུ་ཡི་དབང་ནི་དང་པོ་སྟེ། །ཅོད་པན་དབང་ལ་གཉིས་པའོ། །རྡོ་རྗེའི་དབང་གིས་གསུམ་པ་སྟེ། །རང་གི་བདག་པོ་བཞི་པ་ཉིད། །མིང་གིས་དབང་བསྐུར་ལྔ་པ་སྟེ། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བདུན་པ་བུམ་པའི་དབང་གིས་ཏེ། །གསང་བའི་དབང་གིས་བརྒྱད་པའོ། །ཤེས་རབ་དབང་ལས་དགུ་པ་སྟེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཀུན་གྱི་དེ་ཉིད་བརྟུལ་ཞུགས་བརྗོད། །སྟོན་པ་རང་གིས་ལུང་བསྟན་ཏེ། །དེ་འདིར་དབང་གི་ཆོ་གའོ། །སློབ་དཔོན་སྨད་
431b
བར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐྲལ་མེད་དེ་ཉིད་གཏམ་མི་བྱ། །སྐལ་ལྡན་སེམས་ཅན་སྨད་མི་བྱ། །བདག་གི་ལུས་ལའང་མི་སྨད། །ཆོས་ལ་ཡིད་གཉིས་མི་བྱ་ཞིང ། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །དམ་ཚིག་རྟག་ཏུ་བསྐྱང་བ་དང ། །གཞན་གྱི་ཆོས་ལ་སྨད་མི་བྱ། །བུད་མེད་ཉིད་ལའང་སྨད་མི་བྱ། །རྩ་བའི་ལྟུང་བ་རབ་ཏུ་སྤང་བ་མདོར་བསྟན་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུའང་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་སྤང་ཞིང ། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱ་ཞིང ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིར། །བསམ་གཏན་ཉིད་ཀྱང་འབྲལ་མི་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང ། །རྟག་པ་རུ་ནི་བཤད་པར་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛཾ་བྷ་ལ་ལ་ཆུ་སྦྱིན་ཞིང ། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་མཆོད་རྟེན་ལས་ལ་ཡང ། །མཁས་
432a
༄#། །པས་ཆོ་ག་བཞིན་དུ་བྱ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། ཕོ་ཉ་མོ་ཐམས་ཅད་དང ། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ངེས་པར་བརྗོད་པ་འདི་ཐོས་ནས་ཚིག་འདི་དག་གསུངས་པ། སེམས་ཅན་ཀུན་གྱི་ཐམས་ཅད་ཁྱོད། །སྡིག་པ་ཐམས་ཅད་རྣམ་སྤྱོང་བ། །ཆོས་རྣམས་ཐམས་ཅད་ཡོངས་སུ་རྟོགས། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །སྡང་བས་མནན་པའི་འགྲོ་གཟིགས་ནས། །གཏི་མུག་ཐམས་ཅད་ཟད་བྱའི་ཕྱིར། །རྒྱལ་བ་མགོན་པོ་རྣམ་སྣང་མཛད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །འགྲོ་བ་བུད་མེད་འདུལ་གཟིགས་ནས། །བདག་མེད་རྣལ་འབྱོར་མར་གྱུར་གང ། །ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་ལ། །སྒྱུ་མའི་ཕྱག་རྒྱ་ཕྱག་འཚལ་བསྟོད། །གཏི་མུག་མནན་པའི་འགྲོ་གཟིགས་ནས། །ཞེ་སྡང་ཐམས་ཅད་ཟད་མཛད་པ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །ང་རྒྱལ་མནན་བའི་འགྲོ་གཟིགས་ནས། །ང་རྒྱལ་ཐམས་ཅད་ཟད་མཛད་པའི། །རྡོ་རྗེ་ཉི་མ་རྒྱལ་པོ་ཆེ། །འདོད་ཆགས་རྡོ་རྗེ་ཕྱག་འཚལ་བསྟོད། །ཆགས་པས་མནན་པའི་འགྲོ་གཟིགས་ནས། ། འདོད་ཆགས་ཐམས་ཅད་ཟད་མཛད་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །སེར་སྣ་རྡོ་རྗེ་ཕྱག་འཚལ་བསྟོད། །འགྲོ་བ་ཕྲག་དོག་མནན་གཟིགས་ནས། །ཕྲག་དོག་ཐམས་ཅད་ཟད་
432b
མཛད་པ། །བདུན་གྱི་རྒྱལ་པོ་རྒྱལ་པོ་ཆེ། །ཐམས་ཅད་གཟུགས་ལ་ཕྱག་འཚལ་བསྟོད། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་པ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད། དཔལ་ཀྱེའི་རྡོ་རྗེ་དབང་བསྐུར་བའི་སློབ་དཔོན་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པས་བཀའ་སྩལ་པ། སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་བཀའ་སྩལ་པ།་རྡོ་རྗེ་སེམས་དཔའ་སངས་རྒྱས་དང ། །རྡོ་རྗེ་ཆོས་དང་གཟི་བརྗིད་དང ། །བདུན་གྱི་རྒྱལ་པོའི་དངོས་གྲུབ་རྣམས། །གང་ཕྱིར་དེ་ཡི་དགའ་བ་མེད། །མིག་སྨན་དང་ནི་རྐང་བྱུག་དང ། །རལ་གྲི་རྐང་འོག་སྒྲུབ་པ་དང ། །རིལ་བུ་དང་ནི་མཁའ་སྤྱོད་དང ། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་ཡེ་ཤེས་རྡོ་རྗེ་དང ། །མཉེས་པས་མྱུར་དུ་ཐོབ་པར་འགྱུར། །དེ་ཕྱིར་སློབ་དཔོན་དྲུང་གཤགས་ཏེ། །དེ་བཞིན་གཤེགས་རྣམས་ཕྱག་མཛད་དོ། །རྡོ་རྗེ་སེམས་དཔའ་ཇི་ལྟ་བར། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས ། ཕལ་པའི་གཟུགས་སུ་གནས་པའོ། །སློབ་དཔོན་གྱིས་ནི་མཐར་དུས་སུ། །ཤི་བ་འཇིག་རྟེན་མི་གནས་པ། །སྐྱེས་པ་གླེན་ཞིང་རྨོངས་པ་གང ། །དེ་འདི་ཤི་ཞེས་སྨྲ་བར་བརྗོད། །
433a
༄#། །འཆི་བ་ཞེས་བྱའི་རྣམ་རྟོག་གིས། དག་པའི་གནས་སུ་འཁྱེར་བར་བྱེད། །ཡང་ན་བདེ་བ་ཅན་དུ་ངེས། །འདོད་པའི་རིགས་སུ་སྐྱེ་བར་འགྱུར། །མེ་ཏོག་སྣ་ཚོགས་ལག་ཐོགས་ཤིང ། །སྣ་ཚོགས་རྒྱལ་མཚན་བྱུག་པ་དང ། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །སངས་རྒྱས་སྲས་དང་རྡོ་རྗེར་བཅས། །སྣ་ཚོགས་སྒྲ་དང་སིལ་སྙན་ཆེ། །བཀྲ་ཤིས་ཚིགས་བཅད་སྣ་ཚོགས་དང ། །དབང་གི་གནས་རྣམས་ཉིད་ཀྱིས་ནི། །ལུས་ལས་ལུས་གཞན་འགྲོ་བར་འགྱུར། །རྡོ་རྗེ་དྲིལ་བུ་ལག་བྱིན་ཏེ། །མགོ་བོའི་གཙུག་ཏོར་མནན་ནས་ནི། །རྡོ་རྗེའི་སྡོམ་པ་བྱིན་ནས་སུ། །བུམ་པའི་དབང་ནི་བསྐུར་ནས་ནི། །མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །རྡོ་རྗེ་ཐབ་ཁུང་རབ་སྦྱོར་བས། །སྦྱང་བར་ཡང་དག་བསྟན་པའོ། །ཉི་མ་དག་ནི་གསུམ་ལ་ནི། །རུས་པའི་ཕྲེང་བ་བསྡུ་བར་བྱ། །འོ་མ་དྲི་བཟང་བསང་གཏོར་ནས། །དེ་ཡི་མཆོད་རྟེན་ཡང་དག་བརྩམ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་པ་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །འཕགས་པ་མཁའ་འགྲོ་མའི་དྲ་བའི་རྡོ་རྗེ་གུར་རྒྱུད་ཀྱི་རྒྱལ་པོའི་བརྟག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང ། ལོ་ཙྪ་བ་
433b
དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།།