རྒྱ་གར་སྐད་དུ། གཎྜཱིའི་ས་མ་ཡ་སཱུ་ཏྲ། བོད་སྐད་དུ། གཎྜཱིའི་དུས་ཀྱི་མདོ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལནད་ཀའི་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་དག་ལ་ལོ་རྣམས་ཀྱི་དུས་བཤད་པར་བྱ་ཡི། དེ་ལེགས་པར་ཉོན་ཅིག་།དགེ་སློང་རྣམས་དགུན་ཟླ་ར་བའི་ཕྱེད་དང་པོ་ལ་ནི། རྐང་པ་བདུན་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་ཕྱེད་དང་ལྔ་ནི། དུས་མ་ཡིན་ནོ། །ཟླ་བ་ཕྱེད་དང་གཉིས་པ་ལ་ནི། རྐང་པ་བརྒྱད་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་དྲུག་ནི། དུས་མ་ཡིན་ནོ། །དགུན་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི། རྐང་པ་དགུ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བདུན་ནི། དུས་མ་ཡིན་ནོ། །ཟླ་བ་གཉིས་པ་ལ་ནི། རྐང་པ་ 563a ༄#། །བཅུ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བརྒྱད་ནི་དུས་མ་ཡིན་ནོ། །དགུན་ཟླ་ཐ་ཆུང་གི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བཅུ་གཅིག་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་དགུ་ནི་དུས་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཅུ་གཉིས་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་བ་བཅུ་ནི་དུས་མ་ཡིན་ནོ། །དཔྱིང་ཟླ་ར་བ་ཕྱེད་དང་པོ་ལ་ནི་རྐང་པ་བཅུ་གཅིག་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་དགུ་ནི་དུས་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཅུ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བརྒྱད་ནི་དུས་མ་ཡིན་ནོ། །དཔྱིད་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་དགུ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བདུན་ནི་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བརྒྱད་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་དྲུག་ནི་དུས་མ་ཡིན་ནོ། །དཔྱིད་ཟླ་ཐ་ཆུང་གི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བདུན་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་ལྔ་ནི་དུས་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་དྲུག་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཞི་ནི་དུས་མ་ཡིན་ནོ། །དབྱར་ཟླ་ར་བ་ཕྱེད་དང་པོ་ལ་ནི་རྐང་པ་དྲུག་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཞི་ནི་དུས་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་ 563b ལྔ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གསུམ་པ་ནི་དུས་མ་ཡིན་ནོ། །དབྱར་ཟླ་འབྲིང་བོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བཞི་གཎྜཱིའི་འདུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གསུམ་ནི་དུས་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བཞི་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ། །དབྱར་ཟླ་ཐ་ཆུང་གི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་གསུམ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་པ་ནི་དུས་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་རྐང་པ་གསུམ་གཎྜཱིའི་འདུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ། །སྟོན་ཟླ་ར་བའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་གསུམ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་ཕྱེད་དང་གསུམ་ནི་དུས་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་གཉིས་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་ཕྱེད་ནི་དུས་མ་ཡིན་ནོ། །སྟོན་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་བཞི་གཎྜཱིའི་འདུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་བ་བཞི་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ། །སྟོན་ཟླ་ཐ་ཆུང་གི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་ལྔ་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་གསུམ་ནི་དུས་མ་ཡིན་ནོ། །ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་དྲུག་གཎྜཱིའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བཞི་ནི་དུས་མ་ཡིན་ནོ། ། 564a ༄#། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པ་བསྟོད་དོ། །འཕགས་པ་གཎྜཱིའི་དུས་ཀྱི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང ། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ། |