རྒྱ་གར་སྐད་དུ། གཱ་ཐཱ་དྭ་ཡ་དྷཱ་ར་ཎཱི། བོད་སྐད་དུ། ཚིགས་སུ་བཅད་པ་གཉིས་པའི་གཟུངས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ནི་ཆོས་ལ་བརྙས་པ་དང ། །ལེ་ལོ་དང་ནི་ཅུང་ཟད་ཆོག་པར་འཛིན། ། 11a ༄#། །འདོད་ཆགས་དང་ནི་ང་རྒྱལ་སྤྱོད་པ་དང ། །འགྱོད་པ་དང་ནི་མ་ངེས་འབྱེད་པ་རྣམས། །སེམས་ཅན་རྣམས་ཀྱི་སྒྲིབ་པར་གྱུར་པ་སྟེ། །དེ་ཡི་གཉེན་པོར་ཐེག་པ་མཆོག་བསྟན་པ། །དེ་ཡིས་བར་དུ་གཅོད་པ་དེ་དག་ནི། །ཉེས་པ་ཐམས་ཅད་རབ་ཏུ་སྤོང་འགྱུར་རོ། །ཏདྱ་ཐཱ། ཨོཾ་བཛྲ་པྲ་ཀཱ་ར། བཛྲ་པྲ་ཀཱ་ར། བཛྲ་ཙཀྲ།་དཾཥྚཱ་བྷ་ཡ་ན་ཀེ་། མ་ལེ། བི་མ་ལེ། ནིར་མ་ཙུ་ལུ་ཀེ། ཙུ་ལུ་ཀེ་།ཙུ་ལུ་ཙུ་ལུ། སརྦ་བུདྡྷེ་སཝཱཧཱ་ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལ་ནི། ཚིག་གམ་དོན་གྱི་སྒོ་ནས་གང་སྦྱོར་བ། །སེམས་ཅན་དམ་པ་བློ་དང་ལྡན་པ་དེས། །ཕན་ཡོན་རྣམ་པ་བཅུ་དག་ཐོབ་པར་འགྱུར། །ཁམས་རྣམས་མཐའ་དག་རྒྱས་པར་འགྱུར་བ་དང ། །འཆི་བའི་ཚེ་ན་མཆོག་དགའ་དམ་པ་ཐོབ། །ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང ། །ཐམས་ཅད་དུ་ནི་ཚེ་རབས་དྲན་པར་འགྱུར། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་བ་དང ། །དེ་བཞིན་དེ་དག་ལས་ནི་ཐེག་མཆོག་ཐོས། །མོས་པར་འགྱུར་བ་བློ་དང་བཅས་པ་དང ། །སྒོ་གཉིས་དང་ནི་བྱང་ཆུབ་མྱུར་དུ་ཐོབ། །ཚིགས་སུ་བཅད་པ་གཉིས་པའི་གཟུངས་རྫོགས་སོ།། །། |