༄##། །རྒྱ་གར་སྐད་དུ། ཨཱརྱ་ནིཥྛ་ཏན་བྷ་ག་ཝཱན་ཛྙཱ་ན་བཻ་པུ་ལྱན་སཱུ་ཏྲ་རཏྣ་ཨ་ནནྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་ 2a ༄#། །སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་འགྲོ་ཞེས་བྱ་བར་ཁྱིམ་བདག་ཕྱཝ་མཁན་ཞིག་གིས་བཅོམ་ལྡན་འདས་ཁོ་ནའི་ཕྱིར་བཅོམ་ 2b ལྡན་འདས་ཁོ་ན་ལ་དམིགས་ཏེ། བཅོམ་ལྡན་འདས་ཁོ་ནའི་ཆེད་དུ་ཚེ་དང་ལྡན་པ་གང་པོ་ལག་གི་བླ་བྱེད་དུ་བཅུག་ནས། ཁང་བཟང་ཙནྡན་གྱི་ཁྱམས་དང་ལྡན་པ་ཞིག་རིང་པོར་མ་ཐོགས་པར་བྱས་ཏེ། རིང་པོར་མ་ཐོགས་པར་ཟིན་ནོ། །དེ་ནས་ཁྱིམ་བདག་ཕྱཝ་མཁན་གྱིས་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་པོ། ཁང་བཟང་ཙནྡན་གྱི་ཁྱམས་དང་ལྡན་པ་འདི་ནི། བཅོམ་ལྡན་འདས་ཁོ་ནའི་ཕྱིར་བྱས། བཅོམ་ལྡན་འདས་ཁོ་ན་ལ་དམིགས་ཏེ། བཅོམ་ལྡན་འདས་ཀྱི་ཆེད་དུ་བྱས་པ་ཡིན་ན། གཞན་སུ་ཞིག་ཁང་བཟང་ཙནྡན་གྱི་ཁྱམས་དང་ལྡན་པ་འདི་ལོངས་སྤྱོད་པར་བྱེད་ཀྱི། ཅི་ནས་བདག་གི་སྦྱིན་པ་འདི་འབྲས་ 3a ༄#། །བུ་ཆེ་བར་འགྱུར་བ་དང ། ཅི་ནས་བདག་གི་འབད་པ་འདི་དོན་ཡོད་པར་འགྱུར་བ་དང ། ཅི་ནས་བདག་གི་སྦྱིན་པ་འདི་ལོངས་སྤྱོད་པར་འགྱུར་བ་དེ་ལྟ་དེ་ལྟར་སྦྱིན་པ་འདི་བཏང་བ་དང ། ལོངས་སྤྱོད་ན་ཤིན་ཏུ་དགའ་བ་དང ། རབ་ཏུ་དགའ་བ་མང་བར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང ། ལག་གི་བླ་ཚེ་དང་ལྡན་པ་གང་པོས་ཁྱིམ་བདག་ཕྱཝ་མཁན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་།ཁང་བཟང་ཙནྡན་གྱི་ཁྱམས་དང་ལྡན་པ་དེ། བཅོམ་ལྡན་འདས་ཁོ་ནའི་ཕྱིར་བྱས། བཅོམ་ལྡན་འདས་ཁོ་ན་ལ་དམིགས་ཏེ་བཅོམ་ལྡན་འདས་ཁོ་ནའི་ཆེད་དུ་བྱས་པ་འདི། དགེ་སྦྱོང་ངམ། བྲམ་ཟེ་གང་གིས་ཀྱང་ལོངས་སྤྱོད་པར་ནུས་པ་མེད་དོ།། 3b དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག། དེ་བཞིན་གཤེགས་པའི་ལྷུང་བཟེད་དམ། ཆོས་གོས་སམ། གདིང་བའམ། བགོ་བའམ། ཀུན་དགའ་ར་བའམ། འཆག་སའམ།་སྟན་ནམ། གཙུག་ལག་ཁང་དེ་དག་ནི། ལྷ་དང་བཅས་པ་དང ། བདུད་དང་བཅས་པ་དང ། ཚངས་པ་དང་བཅས་པ་དང ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་རྒུ་དང ། ལྷ་དང་མིར་བཅས་པའི་མཆོད་རྟེན་དུ་གྱུར་པ་ཡིན་ཏེ། དེ་ནི། གཞན་སུས་ཀྱང་ལོངས་སྤྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་དགེ་སྦྱོང་ངམ། བྲམ་ཟེ་དེ་གང་ཡང་མེད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཅི་འདྲ་བ་དེ་ལྟ་བུ་དང་ལྡན་པའི་དགེ་སྦྱོང་ངམ། བྲམ་ཟེ་དེ་གང་ཡང་མེད་དོ། །འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནི། ཡོན་ཏན་ཚད་མེད་པ་དང་ལྡན་པ་ཡིན་ཏེ། ཁྱིམ་བདག། བཅོམ་ལྡན་འདས་དེ་ནི། ཡོན་ཏན་གྲངས་མེད་པ་དང་ལྡན། ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན། ཡོན་ཏན་གཞལ་དུ་མེད་པ་དང་ལྡན། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན། ཡོན་ཏན་བརྗོད་ཀྱིས་མི་ལང་བ་དང་ལྡན། 4a ༄#། །པའོ། །ཁྱིམ་བདག། བཅོམ་ལྡན་འདས་དེ་ནི། མཁྱེན་པ་ཚད་མེད་པ་དང་ལྡན། མཁྱེན་པ་གྲངས་མེད་པ་དང་ལྡན། མཁྱེན་པ་བསམ་གྱིས་མི་ཁྱབ་པ་དང་ལྡན། མཁྱེན་པ་གཞལ་དུ་མེད་པ་དང་ལྡན། མཁྱེན་པ་དཔག་ཏུ་མེད་པ་དང་ལྡན། མཁྱེན་པ་བརྗོད་ཀྱིས་མི་ལང་བ་དང་ལྡན་པའོ། །ཁྱིམ་བདག། དེ་བཞིན་གཤེགས་པ་དེ་ནི། གནས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གནས་ཤེས་པ་ཀུན་འབྱུང་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན།་གནས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གནས་མ་ཡིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་དང ། གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འདས་པ་ཤེས་པ་ཡང་དག་པ་ཇི་ལྟ་བཞིན་རབ་ཏུ་མཁྱེན་ཏེ། འདས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། འདས་པ་ཤེས་པ་འགོག་པ་ཤེས་པ་དང ། འདས་པ་ཤེས་པ་འགོག་པར་ 4b འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མ་འོངས་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མ་འོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། མ་འོངས་པ་ཤེས་པ་འགོག་པ་ཤེས་པ་དང ། མ་འོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ད་ལྟར་བྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན།་ད་ལྟར་བྱུང་བ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ལས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ལས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡང་དག་པར་བླང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཡང་དག་པར་བླང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ཡང་དག་པར་བླང་བ་ཤེས་པ་འགོག་པ་ཤེས་ 5a ༄#། །པ་དང ། ཡང་དག་པར་བླང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གནས་ཀྱི་བསམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གནས་ཀྱི་བསམ་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། གནས་ཀྱི་བསམ་པ་ཤེས་པ་འགོག་པ་ཤེས་པ་དང ། གནས་ཀྱི་བསམ་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྒྱུའི་བསམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། རྒྱུའི་བསམ་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། རྒྱུའི་བསམ་པ་ཤེས་པ་འགོག་པ་ཤེས་པ་དང ། རྒྱུའི་བསམ་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྣམ་པར་སྨིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། རྣམ་པར་སྨིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། རྣམ་པར་སྨིན་པ་ཤེས་པ་འགོག་པ་ཤེས་པ་དང ། རྣམ་པར་སྨིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། །ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཐམས་ཅད་དུ་འགྲོ་ 5b བའི་ལམ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པ་དང ། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་དུ་མ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁམས་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ཁམས་དུ་མ་ཤེས་པ་འགོག་པ་ཤེས་པ་དང ། ཁམས་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་སྣ་ཚོགས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ཁམས་སྣ་ཚོགས་ཤེས་པ་འགོག་པ་ཤེས་པ་དང ། ཁམས་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། འཇིག་རྟེན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། འཇིག་རྟེན་ཤེས་པ་འགོག་པ་ཤེས་པ་དང ། འཇིག་རྟེན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་དུ་མ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ 6a ༄#། །མཁྱེན་ཏེ། མོས་པ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པ་དང ། མོས་པ་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་སྣ་ཚོགས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པ་དང ། མོས་པ་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དབང་པོ་ཤེས་པ་ཀུན་འབྱུང་པ་ཤེས་པ་དང ། དབང་པོ་ཤེས་པ་འགོག་པ་ཤེས་པ་དང ། དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྟོབས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སྟོབས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། སྟོབས་ཤེས་པ་འགོག་པ་ཤེས་པ་དང ། སྟོབས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། །བརྩོན་འགྲུས་ཤེས་པ་ཡང་དག་པ་ཇི་ལྟ་བ་ 6b བཞིན་རབ་ཏུ་མཁྱེན་ཏེ། བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། བརྩོན་འགྲུས་ཤེས་པ་འགོག་པ་ཤེས་པ་དང ། བརྩོན་འགྲུས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རིམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། རིམ་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། རིམ་པ་ཤེས་པ་འགོག་པ་ཤེས་པ་དང ། རིམ་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །བསམ་གཏན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། བསམ་གཏན་ཤེས་པ་འགོག་པ་ཤེས་པ་དང ། བསམ་གཏན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྣམ་པར་ཐར་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།་རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས་པ་དང ། རྣམ་པར་ཐར་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཏིང་ངེ་འཛིན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཏིང་ངེ་འཛིན་ཤེས་པ་ཀུན་འབྱུང་བ་ཤེས་ 7a ༄#། །པ་དང ། ཏིང་ངེ་འཛིན་ཤེས་པ་འགོག་པ་ཤེས་པ་དང ། ཏིང་ངེ་འཛིན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྙོམས་པར་འཇུག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། སྙོམས་པར་འཇུག་པ་ཤེས་པ་འགོག་པ་ཤེས་པ་དང ། སྙོམས་པར་འཇུག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཀུན་ནས་ཉོན་མོངས་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པ་ཤེས་པ་དང ། ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྣམ་པར་བྱང་བ་ཤེས་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། རྣམ་པར་བྱང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། རྣམ་པར་བྱང་བ་ཤེས་པ་འགོག་པ་ཤེས་པ་དང ། རྣམ་པར་བྱང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྣམ་པར་གཞག་པ་ཤེས་པ་ཡང་ 7b དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། རྣམ་པར་གཞག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། རྣམ་པར་གཞག་པ་ཤེས་པ་འགོག་པ་ཤེས་པ་དང ། རྣམ་པར་གཞག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྔོན་གྱི་མཐའ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། སྔོན་གྱི་མཐའ་ཤེས་པ་འགོག་པ་ཤེས་པ་དང ། སྔོན་གྱི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྔོན་གྱི་གནས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སྔོན་གྱི་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། སྔོན་གྱི་གནས་ཤེས་པ་འགོག་པ་ཤེས་པ་དང ། སྔོན་གྱི་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། ཕྱི་མའི་མཐའ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཕྱི་མའི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ཕྱི་མའི་མཐའ་ཤེས་པ་འགོག་པ་ཤེས་པ་དང ། ཕྱི་མའི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ལྷའི་མིག་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ 8a ༄#། །ཏུ་མཁྱེན་ཏེ། ལྷའི་མིག་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ལྷའི་མིག་ཤེས་པ་འགོག་པ་ཤེས་པ་དང ། ལྷའི་མིག་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འཆི་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འཆི་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། འཆི་བ་ཤེས་པ་འགོག་པ་ཤེས་པ་དང ། འཆི་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། སྐྱེ་བ་ཤེས་པ་འགོག་པ་ཤེས་པ་དང ། སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འདོད་པའི་ཟག་པ་ཤེས་པ་ཡང་དང་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། འདོད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པ་དང ། འདོད་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྲིད་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སྲིད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ 8b ཤེས་པ་དང ། སྲིད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པ་དང ། སྲིད་པའི་ཟག་པར་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ལྟ་བའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ལྟ་བའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ལྟ་བའི་ཟག་པ་ཤེས་པ་འགོག་པ་ཤེས་པ་དང ། ལྟ་བའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མ་རིག་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མ་རིག་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། མ་རིག་པའི་ཟག་པ་ཤེས་པ་འགོག་པ་ཤེས་པ་དང ། མ་རིག་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཟད་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཟད་པ་ཤེས་པ་ཀུན་འབྱུང་བཤེས་པ་དང ། ཟག་པ་ཤེས་པ་འགོག་པ་ཤེས་པ་དང ། ཟད་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མི་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མི་སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། མི་སྐྱེ་བ་ཤེས་པ་འགོག་པ་ཤེས་པ་དང ། 9a ༄#། །མི་སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མི་འཇིགས་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མི་འཇིགས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། མི་འཇིགས་པ་ཤེས་པ་འགོག་པ་ཤེས་པ་དང ། མི་འཇིགས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སོ་སོ་ཡང་དག་པར་རིག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སོ་སོ་ཡང་དག་པར་རིག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པ་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པའི་སྟོབས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པའི་སྟོབས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། དེ་བཞིན་གཤེགས་པའི་སྟོབས་ཤེས་པ་འགོག་པ་ཤེས་པ་དང ། དེ་བཞིན་གཤེགས་པའི་སྟོབས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་ 9b བའི་ཡེ་ཤེས་ཀྱི་མཚན་ཉིད་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། དེ་བཞིན་གཤེགས་བའི་ཡེ་ཤེས་ཀྱི་མཚན་ཉིད་ཤེས་པ་འགོག་པ་ཤེས་པ་དང ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པའི་གནས་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པའི་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། དེ་བཞིན་གཤེགས་པའི་གནས་པ་ཤེས་པ་འགོག་པ་ཤེས་པ་དང ། དེ་བཞིན་གཤེགས་པའི་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་དང ། དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ལུས་ཀྱི་ལས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ལུས་ཀྱི་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ལུས་ཀྱི་ལས་ཤེས་པ་ 10a ༄#། །འགོག་པ་ཤེས་པ་དང ། ལུས་ཀྱི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ངག་གི་ལས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ངག་གི་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ངག་གི་ལས་ཤེས་པ་འགོག་པ་ཤེས་པ་དང ། ངག་གི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡིད་ཀྱི་ལས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཡིད་ཀྱི་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ཡིད་ཀྱི་ལས་ཤེས་པ་འགོག་པ་ཤེས་པ་དང ། ཡིད་ཀྱི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྔོན་དུ་འགྲོ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སྔོན་དུ་འགྲོ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། སྔོན་དུ་འགྲོ་བ་ཤེས་པ་འགོག་པ་ཤེས་པ་དང ། སྔོན་དུ་འགྲོ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྗེས་སུ་འབྲང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། རྗེས་སུ་འབྲང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། རྗེས་སུ་འབྲང་བ་ཤེས་པ་འགོག་པ་ཤེས་པ་དང ། རྗེས་སུ་ 10b འབྲང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྗེས་སུ་ཉམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།་རྗེས་སུ་ཉམས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། རྗེས་སུ་ཉམས་པ་ཤེས་པ་འགོག་པ་ཤེས་པ་དང ། རྗེས་སུ་ཉམས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། ཐམས་ཅད་མཁྱེན་པ་ཉིད་ཤེས་པ་འགོག་པ་ཤེས་པ་དང ། ཐམས་ཅད་མཁྱེན་པ་ཉིད་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ནི། བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པ་བསྟན་པ་དང་པོ་སྟེ། དེའི་བཤད་པ་ཉོན་ཅིག་།ཁྱིམ་བདག་།ཇི་ལྟར་ན།་དེ་བཞིན་གཤེགས་པས་གནས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ།་ལུས་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ། མི་སྡུག་པ། ཡིད་དུ་མི་འོང་བ་འགྲུབ་པ་གང་ཡིན་པ་དེ་ནི། གནས་ཡིན་ཞིང་སྐབས་ཡིན་ནོ། །ངག་ 11a ༄#། །གིས་ཉེས་པར་སྤྱད་པ་དང ། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ། མི་སྡུག་པ། ཡིད་དུ་མི་འོང་བ་འགྲུབ་པ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །ལུས་ཀྱིས་ཉེས་པར་སྤྱད་པས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །ངག་གིས་ཉེས་པར་སྤྱད་པ་དང ། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། ། ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ། སྡུག་པ། ཡིད་དུ་འོང་བ་འགྲུབ་པ་གང་ཡིན་པ་འང་གནས་ཡིན་ཞིང་སྐབས་ཡིན་ནོ། །ངག་གིས་ལེགས་པར་སྤྱད་པ་དང ། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ། སྡུག་པ། ཡིད་དུ་འོང་བ་མངོན་པར་འགྲུབ་པ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པས་ལུས་ཞིག་གནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་གང་ཡིན་པའང་ 11b གནས་ཡིན་ཞིང་སྐབས་ཡིན་ནོ། །ངག་གིས་ལེགས་པར་སྤྱད་པ་དང ། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པས་ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འདི་ན་སོ་སོའི་སྐྱེ་བོ་ལ་ལས་བསམ་བཞིན་དུ་མ་སྲོག་དང་ཕྲལ་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འདི་ན་སོ་སོའི་སྐྱེ་བོ་ལ་ལས་བསམ་བཞིན་དུ་ཕ་སྲོག་དང་ཕྲལ་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འདི་ན་སོ་སོའི་སྐྱེ་བོ་ལ་ལས་བསམ་བཞིན་དུ་དེ་བཞིན་གཤེགས་པའི་ཉན་ཐོས་དགྲ་བཅོམ་པ་སྲོག་དང་ཕྲལ་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འདི་ན་སོ་སོའི་སྐྱེ་བོ་ལ་ལས་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་ཕྱེ་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འདི་ན་སོ་སོའི་སྐྱེ་བོ་ལ་ལས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འདི་ན་སོ་སོའི་སྐྱེ་བོ་ལ་ལས་སྟོན་པ་གཞན་གྱིས་བསྟན་པ་དང ། འདི་ལས་ཕྱི་རོལ་པ་གཞན་གྱི་ཡང་དག་པའི་ལྟ་བ་འཆའ་ཞིང་བཅས་པ་དང ། སྦྱངས་པ་གཞན་ཡང་དག་པར་ལེན་དུ་འཇུག་པ་དང ། དགེ་སྦྱོང་དང་བྲམ་ཟེ་གང་ཡང་རུང་བ་ 12a ༄#། །ལ་ལ་དག་གི་དགེ་མཚན་དང ། བཀྲ་ཤིས་མང་པོ་སོ་སོའི་བདེན་པ་དེ་དག་གིས་དག་པ་ཡོངས་སུ་ཚོལ་བ་དང ། དགེ་སྦྱོང་དང་བྲམ་ཟེ་གཞན་དག་གིས་བཤད་པ་ལ་ཕྱོགས་ཤིང ། ཚེ་དང་ལྡན་པ་ཤེས་པར་བྱ་བ་འདི་ནི། ཤེས་པར་བྱ། བལྟ་བར་བྱ་བ་འདི་ནི། མཐོང་བར་བྱའོ། །ཞེས་བྱ་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འདི་ནི་སོ་སོའི་སྐྱེ་བོ་ལ་ལ་མིའི་སྲིད་པ་བརྒྱད་མངོན་པར་འགྲུབ་པ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འདི་ན་སྐྱེས་བུ་གང་ཟག་ལ་ལ་ཚངས་པ་ཉིད་སྒྲུབ་པའམ། བདུད་དམ། བྲམ་ཟེ་སྒྲུབ་པ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། ། འདི་ན་སྐྱེས་བུ་གང་ཟག་ལ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འདི་ན་སྐྱེས་བུ་གང་ཟག་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་གཅིག་བྱུང་བ་གང་ཡིན་པའང་གནས་ཡིན་ཞིང་སྐབས་ཡིན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ 12b གནས་ཤེས་པ་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་གནས་ཐོབ་པའི་གང་ཟག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཟག་འདི་ནི།་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་ཡིན་ནོ། །གང་ཟག་འདི་ནི། རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་ཡིན་ནོ། །གང་ཟག་འདི་ནི། ཉན་ཐོས་ཀྱི་ཆོས་རྣམས་ཀྱི་སྣོད་ཡིན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་གནས་ཤེས་པ་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པས་གནས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་སྟེ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་མམ། བསྐལ་བ་བྱེ་བའམ། བསྐལ་པ་ས་ཡའམ། བསྐལ་པ་གཏམས་སམ། བསྐལ་པ་དཀྲིགས་སམ། བསྐལ་པ་དཔག་ཏུ་མེད་པར་ལན་གསུང་ངོ ། །བསྐལ་པ་གྲངས་མེད་པ་དང ། བསམ་གྱིས་མི་ཁྱབ་པ་དང ། གཞལ་དུ་མེད་པ་དང ། དཔག་ཏུ་མེད་པ་དང ། བརྗོད་ཀྱིས་མི་ལང་བར་ལན་གསུང་ངོ ། །བསྐལ་པ་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པ་དང ། གྲངས་མེད་པའི་དཔག་ཏུ་མེད་པ་དང ། བསམ་གྱིས་མི་ཁྱབ་པའི་དཔག་ཏུ་མེད་པ་དང ། གཞལ་དུ་མེད་པའི་དཔག་ཏུ་མེད་པ་དང ། གཞལ་གྱིས་མི་ལང་བའི་དཔག་ཏུ་མེད་པ་དང ། བརྗོད་དུ་མེད་ 13a ༄#། །པའི་དཔག་ཏུ་མེད་པའི་བསྐལ་པར་ལན་གསུང་ངོ ། །བསྐལ་བ་གྲངས་མེད་པའི་དཔག་ཏུ་མེད་ཅིང་གྲངས་མེད་པའི་དཔག་ཏུ་མེད་པ་དང ། གྲངས་མེད་པའི་གྲངས་མེད་པ་དང ། གྲངས་མེད་པའི་བསམ་གྱིས་མི་ཁྱབ་པ་དང ། གྲངས་མེད་པའི་གཞལ་དུ་མེད་པ་དང ། གྲངས་མེད་པའི་གཞལ་གྱིས་མི་ལང་བ་དང ། གྲངས་མེད་པའི་བརྗོད་དུ་མེད་པ་དང ། བསམ་གྱིས་མི་ཁྱབ་པའི་དཔག་ཏུ་མེད་པ་དང ། བསམ་གྱིས་མི་ཁྱབ་པའི་གྲངས་མེད་པ་དང ། བསམ་གྱིས་མི་ཁྱབ་ཅིང་བསམ་གྱིས་མི་ཁྱབ་པའི་གཞལ་དུ་མེད་པ་དང ། བསམ་གྱིས་མི་ཁྱབ་པའི་གཞལ་གྱིས་མི་ལང་བ་དང ། གཞལ་དུ་མེད་པའི་དཔག་ཏུ་མེད་པ་དང ། གཞལ་དུ་མེད་པའི་གྲངས་མེད་པ་དང ། གཞལ་དུ་མེད་པའི་བསམ་གྱིས་མི་ཁྱབ་པ་དང ། གཞལ་དུ་མེད་པའི་གཞལ་དུ་མེད་པ་དང ། གཞལ་དུ་མེད་པའི་གཞལ་གྱིས་མི་ལང་བ་དང ། གཞལ་དུ་མེད་པའི་བརྗོད་དུ་མེད་པ་དང ། གཞལ་གྱིས་མི་ལང་བའི་དཔག་ཏུ་མེད་པ་དང ། གཞལ་གྱིས་མི་ལང་བའི་གྲངས་མེད་པ་དང ། གཞལ་གྱིས་མི་ལང་བའི་བསམ་དུ་མེད་པ་དང ། གཞལ་གྱིས་མི་ལང་བའི་གཞལ་གྱིས་མི་ལང་བ་དང ། གཞལ་གྱིས་མི་ལང་བའི་བརྗོད་དུ་མེད་པ་དང ། གྲངས་མེད་པའི་བརྗོད་དུ་ 13b མེད་པ་དང ། བསམ་གྱིས་མི་ཁྱབ་པའི་བརྗོད་དུ་མེད་པ་དང ། གཞལ་དུ་མེད་པའི་བརྗོད་དུ་མེད་པ་དང ། གཞལ་གྱིས་མི་ལང་བའི་བརྗོད་དུ་མེད་པའི་བརྗོད་དུ་མེད་པར་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་དེ། ཐུགས་སུ་ཆུད་པའི་གནས་གང་ལ་ཞུ་བ་ཞུས་པའི་སྤོབས་པ་མི་ཟད་དོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་སྡུག་བསྔལ་བར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ནང་དུ་རྗེས་སུ་བལྟ་བའམ། གལ་ཏེ་འབྲས་སུ་རྗེས་སུ་བལྟ་བའམ། གལ་ཏེ་ཟུག་རྔུར་རྗེས་སུ་བལྟ་བའམ། གལ་ཏེ་སྡིག་པར་རྗེས་སུ་ 14a ༄#། །བལྟ་བའམ། གལ་ཏེ་གནོད་པར་རྗེས་སུ་བལྟ་བའམ། གལ་ཏེ་ཆུང་དུར་རྗེས་སུ་བལྟ་བའམ། གལ་ཏེ་འཇིག་པར་རྗེས་སུ་བལྟ་བའམ། གལ་ཏེ་གཡོ་བ་ཉིད་དུ་རྗེས་སུ་བལྟ་བའམ། གལ་ཏེ་རབ་ཏུ་འཇིག་པར་རྗེས་སུ་བལྟ་བའམ། གལ་ཏེ་འགོ་པའི་ནད་དུ་རྗེས་སུ་བལྟ་བའམ། གལ་ཏེ་སྟོང་པ་ཉིད་དུ་རྗེས་སུ་བལྟ་བའམ། གལ་ཏེ་བདག་མེད་པར་རྗེས་སུ་བལྟ་བའམ། གལ་ཏེ་དབུགས་དབྱུང་བ་མེད་པར་རྗེས་སུ་བལྟ་བའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ནི། གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། གང་ཟག་འདི་ནི། དེ་བཞིན་གཤེགས་པ་ཁྲག་ཁྲིག་དེ་དག་ལ་དགེ་བའི་རྩ་བ་བསྐྱེད་ནས་གནས་ཤེས་པ་ལ་ངེས་པར་འབྱུང་བ་ཞེས་བྱ་སྟེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་ 14b གཤེགས་པ་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་པར་མཛད་དེ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་ཞུ་བ་ཞུས་པའི་སྤོབས་པ་མི་ཟད་དོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང ། དོན་མ་ཡིན་པ་བཟློག་ལ་སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། གནས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་ 15a ༄#། །རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཚོགས་པ་བྲལ་བས་འགགས་ཤིང་ཚོགས་པ་སྦྱོར་བས་གནས་ཤེས་པ་སྐྱེས་ལ་དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ཏེ། ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་།དེ་ཅིའི་ཕྱིར་ཞེ་ན།་འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་དེ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་གནས་ཤེས་པ་འགོག་པ་ཤེས་པ་ལ་ཞུ་བ་ཞུས་པའི་སྤོབས་པ་མི་ཟད་དོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པར་འགྱུར་ 15b བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས་པ་ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ།་གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འདི་ནི། གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ།་དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་དེ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་ཞུ་བ་ཞུས་པའི་སྤོབས་པ་མི་ཟད་དོ། །དེ་ལྟ་བས་ན། 16a ༄#། །འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།གཞན་ཡང་ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ལུས་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ། སྡུག་པ། ཡིད་དུ་འོང་བ་འགྲུབ་པ་གང་ཡིན་པ་དེ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །ངག་གིས་ཉེས་པར་སྤྱད་པ་དང ། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ། སྡུག་པ། ཡིད་དུ་འོང་བ་འགྲུབ་པ་གང་ཡིན་པ་དེ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །ལུས་ཀྱིས་ཉེས་པར་སྤྱད་པ་དང ། ངག་གིས་ཉེས་པར་སྤྱད་པ་དང ། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པས་ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་གང་ཡིན་པ་དེ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། ། ངག་གིས་ཉེས་པར་སྤྱད་པ་དང ། ཡིད་ཀྱིས་ཉེས་པར་སྤྱད་པའི་ཡང་དེ་བཞིན་ནོ། །ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ། མི་སྡུག་པ། ཡིད་ 16b དུ་མི་འོང་བ་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །ངག་གིས་ལེགས་པར་སྤྱད་པ་དང ། ཡིད་ཀྱིས་ལེགས་པར་སྤྱད་པའང་དེ་བཞིན་ནོ། །ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་གང་ཡིན་པ་དང ། དེ་བཞིན་དུ་ངག་གིས་ལེགས་པར་སྤྱད་པ་དང ། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་གིས་བསམ་བཞིན་དུ་མ་སྲོག་དང་ཕྲལ་བ་དང ། དེ་བཞིན་དུ་ཕ་དང ། དེ་བཞིན་དུ་དགྲ་བཅོམ་པ་དང ། དེ་བཞིན་དུ་དགེ་འདུན་ཕྱེ་བ་དང ། དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་གང་ཡིན་པ་དེ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །ལྟ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་གང་ཟག་གིས་སྟོན་པ་གཞན་རྣམ་པར་བསྟེན་པ་དང ། དེ་བཞིན་དུ་འདི་ལས་ཕྱི་རོལ་པ་གཞན་གྱིས་ཡང་དག་པའི་ལྟ་བ་འཆའ་ཞིང་བཅས་པ་དང ། སྦྱངས་པ་གཞན་ཡང་དག་པར་ལེན་དུ་འཇུག་པ་དང ། དགེ་སྦྱོང་དང་བྲམ་ཟེ་གང་ཡང་རུང་བ་ལ་ལ་དག་ 17a ༄#། །གིས་དགེ་མཚན་དང ། བཀྲ་ཤིས་མང་པོ་སོ་སོའི་བདེན་པ་དེ་དག་གིས་ཡང་དག་པར་འདོད་པ་དང ། དགེ་སྦྱོང་དང་བྲམ་ཟེ་གཞན་དག་གིས་བཤད་པ་ལ་ཕྱོགས་ཤིང ། ཚེ་དང་ལྡན་པ་ཤེས་པར་བྱ་བ་འདི་ནི། ཤེས་པར་བྱ། བལྟ་བར་བྱ་བ་འདི་ནི། མཐོང་བར་བྱ་བ་གང་ཡིན་པའང་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་གིས་མིའི་སྲིད་པ་བརྒྱད་མངོན་པར་འགྲུབ་པ་གང་ཡིན་པ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །བུད་མེད་བདག་གི་དངོས་པོ་དེ་ཉིད་ཀྱིས་བརྒྱ་བྱིན་ནམ། བདུད་དམ། ཚངས་པ་སྒྲུབ་པ་གང་ཡིན་པ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །བུད་མེད་བདག་གི་དངོས་པོ་དེ་ཉིད་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བ་གང་ཡིན་པ་དེ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །བུད་མེད་བདག་གི་དངོས་པོ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་གང་ཡིན་པ་དེ་ནི། གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེན་དུ་འབྱུང་བ་གང་ཡིན་ 17b པའང་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཐོབ་པའི་གང་ཟག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཟག་འདིས་སངས་རྒྱས་ཁྲག་ཁྲིག་འདི་སྙེད་ཅིག་ཐུགས་བྱུང་བར་བྱས་པས། དེ་སངས་རྒྱས་ཀྱི་ཆོས་རྣམས་དང ། རང་སངས་རྒྱས་ཀྱི་ཆོས་རྣམས་དང ། ཉན་ཐོས་ཀྱི་ཆོས་རྣམས་ཀྱི་སྣོད་མ་ཡིན་པ་དེ་ལྟར་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནས་མ་ཡིན་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།གཞན་ཡང་ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། 18a ༄#། །ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་སྡུག་བསྔལ་མ་ཡིན་པར་རྗེས་སུ་བལྟ་བའམ། གལ་ཏེ་ནད་མ་ཡིན་པར་རྗེས་སུ་བལྟ་བའམ། གལ་ཏེ་འབྲས་མ་ཡིན་པར་རྗེས་སུ་བལྟ་བའམ། གལ་ཏེ་ཟུག་རྔུ་མ་ཡིན་པར་རྗེས་སུ་བལྟ་བའམ། གལ་ཏེ་སྡིག་པ་མ་ཡིན་པར་རྗེས་སུ་བལྟ་བའམ། གལ་ཏེ་གཞན་མ་ཡིན་པར་རྗེས་སུ་བལྟ་བའམ། གལ་ཏེ་འཇིག་པ་མ་ཡིན་པར་རྗེས་སུ་བལྟ་བའམ།་གལ་ཏེ་གཡོ་བ་མ་ཡིན་པར་རྗེས་སུ་བལྟ་བའམ། གལ་ཏེ་རབ་ཏུ་འཇིག་པ་མ་ཡིན་པར་རྗེས་སུ་བལྟ་བའམ། གལ་ཏེ་འགོ་བའི་ནད་མ་ཡིན་པར་རྗེས་སུ་བལྟ་བའམ། གལ་ཏེ་མི་སྟོང་བར་རྗེས་སུ་བལྟ་བའམ། གལ་ཏེ་བདག་ཡོད་པར་རྗེས་སུ་བལྟ་བའམ། གལ་ཏེ་དབུགས་འབྱུང་བ་མེད་པར་རྗེས་སུ་བལྟ་བའམ།་གལ་ཏེ་ཉེས་དམིགས་མེད་པར་རྗེས་སུ་བལྟ་བའམ། གལ་ཏེ་གནོད་པ་མེད་པར་རྗེས་སུ་བལྟ་བའམ། གལ་ཏེ་ཕྱིར་རྒོལ་བ་མ་ཡིན་པར་རྗེས་སུ་བལྟ་ 18b བར་གནས་པ་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་མཁྱེན། ཐུགས་སུ་ཆུད། མངོན་སུམ་དུ་མཛད་དོ། །དེ་ལྟ་བས་ན། དེ་བཞིན་གཤེགས་པའི་ཡེ་ཤེས་གང་གིས་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི། གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་པར་མཛད་ཅིང ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་ 19a ༄#། །སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པ་ལ་མ་བརྟེན་པའི་སེམས་ཅན་རྣམས་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་གྱུར་ཅིང ། དེ་དེ་བཞིན་གཤེགས་པ་ལ་བརྟེན་ན་བྲལ་ཏེ། ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང ། དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ 19b མཁྱེན་ཏོ། །དེ་བཞིན་གཤེགས་པ་གནས་མ་ཡིན་པ་ཤེས་པ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང།་ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤིན་ཏུ་རྨོངས་པ་གང་གིས་གནས་མ་ཡིན་པ་སྟོན་པ་ལ་མི་ཤེས་པ་བྱུང་བའི་ཤིན་ཏུ་རྨོངས་པ་དེ་ནི། ངོ་བོ་ཉིད་དང་བྲལ་བ་སྟེ། དེས་ན། ཤིན་ཏུ་རྨོངས་པའི་ཆོས་མེད་དེ། ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ། །ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པ་ཤེས་པ་གང་གིས་གནས་མ་ཡིན་པ་ཤེས་པ་ཡོངས་སུ་ཤེས་པའི་འགོག་པ་ཤེས་ 20a ༄#། །བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བ་མེད་པར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། དེ་བཞིན་གཤེགས་པ་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་ཅིང ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེ་ལྟ་བས་ན་འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་གཞན་ཡང་ཇི་ལྟར་ན། དེ་བཞིན་གཤེགས་པས་ 20b འདས་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདས་པའི་བསྐལ་བ་དཔག་ཏུ་མེད་པའི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་ཏེ། འདས་པའི་བསྐལ་བ་གྲངས་མེད་པ་དང ། བསམ་གྱིས་མི་ཁྱབ་པ་དང ། གཞལ་དུ་མེད་པ་དང ། གཞལ་གྱིས་མི་ལང་བ་དང ། བརྗོད་དུ་མེད་པའི་བར་དག་གི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་ཏོ། །འདས་པའི་བསྐལ་བ་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པ་དང ། དཔག་ཏུ་མེད་པའི་གྲངས་མེད་པ་དང ། དཔག་ཏུ་མེད་པའི་བསམ་གྱིས་མི་ཁྱབ་པ་དང ། དཔག་ཏུ་མེད་པའི་གཞལ་དུ་མེད་པ་དང ། དཔག་ཏུ་མེད་པའི་བརྗོད་དུ་མེད་པའི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་སྦྱར་ཏེ་འདས་པའི་བསྐལ་བ་བརྗོད་དུ་མེད་པའི་དཔག་ཏུ་མེད་པ་དང ། བརྗོད་དུ་མེད་པའི་གྲངས་མེད་པ་དང ། བརྗོད་དུ་མེད་པའི་བསམ་གྱིས་མི་ཁྱབ་པ་དང ། བརྗོད་དུ་མེད་པའི་གཞལ་དུ་མེད་པ་དང ། བརྗོད་དུ་མེད་པའི་གཞལ་གྱིས་མི་ལང་བ་དང ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་གི་སངས་རྒྱས་དང ། སངས་ 21a ༄#། །རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང།་ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། འདས་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འདས་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ཡོངས་སུ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་སྔར་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་མ་འོངས་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་མ་འོངས་པའི་བསྐལ་པ་དཔག་ཏུ་མེད་པའི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་ཏེ། མ་འོངས་པའི་བསྐལ་བ་གྲངས་མེད་པ་དང ། བསམ་གྱིས་མི་ཁྱབ་པ་དང ། གཞལ་དུ་མེད་པ་དང ། བརྗོད་དུ་མེད་པའི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་ཏོ། །མ་འོངས་པའི་བསྐལ་བ་དཔག་ཏུ་མེད་པའི་ 21b ཡང་དཔག་ཏུ་མེད་པ་དང ། དཔག་ཏུ་མེད་པའི་གྲངས་མེད་པ་དང ། དཔག་ཏུ་མེད་པའི་བསམ་གྱིས་མི་ཁྱབ་པ་དང ། དཔག་ཏུ་མེད་པའི་གཞལ་དུ་མེད་པ་དང ། ། དཔག་ཏུ་མེད་པའི་གཞལ་གྱིས་མི་ལང་བ་དང ། དཔག་ཏུ་མེད་པའི་བརྗོད་དུ་མེད་པའི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་པ་ནས་མ་འོངས་པའི་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་གི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། མ་འོངས་པ་ཤེས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་མ་འོངས་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། གཞན་ཡང་ཇི་ལྟར་ན། དེ་བཞིན་གཤེགས་ 22a ༄#། །པས་ད་ལྟར་བྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ད་ལྟར་བྱུང་བའི་ཤར་ཕྱོགས་ཀྱི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་དཔག་ཏུ་མེད་པ་རྣམས་རབ་ཏུ་མཁྱེན་ཏེ། ད་ལྟར་བྱུང་བ་གྲངས་མེད་པ་དང ། བསམ་གྱིས་མི་ཁྱབ་པ་དང ། གཞལ་དུ་མེད་པ་དང ། གཞལ་གྱིས་མི་ལང་བ་དང ། བརྗོད་དུ་མེད་པའི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་པ་ནས་དེ་བཞིན་དུ་སྦྱར་ཏེ། ད་ལྟར་བྱུང་བའི་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་གི་སངས་རྒྱས་དང ། སངས་རྒྱས་ཀྱི་ཞིང་དང ། སེམས་ཅན་རྣམས་རབ་ཏུ་མཁྱེན་ཏེ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ད་ལྟར་བྱུང་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ད་ལྟར་བྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་པ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་ 22b པ་ཟད་མི་ཤེས་སོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། གཞན་ཡང་ཇི་ལྟར་ན། དེ་བཞིན་གཤེགས་པས་ལས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཡང་དག་པར་ལེན་པའི་ལས་བཞི་རབ་ཏུ་མཁྱེན་ཏེ། བཞི་གང་ཞེ་ན། ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་དང ། སྐྱེས་ནས་མྱོང་བར་འགྱུར་བ་དང ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང ། མྱོང་བར་མི་འགྱུར་བའི་ལས་སོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ལས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །བམ་པོ་གཉིས་པ། ཁྱིམ་བདག་།ཇི་ལྟར་ 23a ༄#། །ན།་དེ་བཞིན་གཤེགས་པས་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་ལས་དང་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ།་སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ལས་ཤེས་པ་ 23b འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་ལས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ལས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།ད་ལྟར་ན། དེ་བཞིན་གཤེགས་པས་ལས་ཤེས་པ་ 24a ༄#། །འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་ཞིང་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཡང་དག་པར་ལེན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཡང་དག་པར་ལེན་པའི་ལས་བཞི་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཞི་གང་ཞེ་ན། ད་ལྟར་བྱུང་བ་ནའང་སྡུག་བསྔལ་ལ། ཕྱི་མ་ལའང་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་དག་པར་ལེན་པའི་ལས་ཡོད་པ་དང ། ད་ལྟར་བྱུང་བ་ན་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་དག་པར་ལེན་པའི་ལས་ཡོད་པ་དང ། ད་ལྟར་བྱུང་བ་ན་སྡུག་བསྔལ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བ་ཡང་དག་པར་ལེན་པའི་ལས་ཡོད་པ་དང ། ད་ལྟར་བྱུང་བ་ནའང་བདེ་ལ་ཕྱི་མ་ལའང་རྣམ་པར་སྨིན་པ་བདེ་བ་ཡང་ 24b དག་པར་ལེན་པའི་ལས་ཡོད་དོ། །ད་ལྟར་བྱུང་བ་ནའང་སྡུག་བསྔལ་ལ་ཕྱི་མ་ལའང་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་དག་པར་ལེན་པའི་ལས་གང་ཞེ་ན། ཡང་དག་པར་ལེན་པའི་ལས་གང་དགེ་སྦྱོང་དང་བྲམ་ཟེ་མཁས་པ་རྣམས་ཀྱིས་སྨད་པ་འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་ལེན་པ་ཡིན་ཏེ། དེའང་འདོད་ཆགས་དྲག་པོ་དང ། ཞེ་སྡང་དྲག་པོ་དང ། གཏི་མུག་དྲག་པོས་ཡང་དག་པར་བླངས་པ་ནི། དབུལ་བའི་སྡུག་བསྔལ་ཡང་དག་པར་བླངས་པ་ཡིན་ལ། དེའང་ཚེ་འདི་ཉིད་ལ་མཁས་པ་རྣམས་ཀྱིས་སྨད་པར་བྱ་བ་ཡིན་ཞིང ། ཕྱི་མ་ལའང་རྣམ་པར་སྨིན་པ་མི་འདོད་པ་ཡིན་ཏེ། ཡང་དག་པར་ལེན་པའི་ལས་འདི་ནི། ད་ལྟར་བྱུང་བ་ནའང་སྡུག་བསྔལ་ལ། ཕྱི་མ་ལའང་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནོ། །ད་ལྟར་བྱུང་བ་ན་བདེ་ལ། ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་དག་པར་ལེན་པའི་ལས་གང་ཞེ་ན། འདོད་ཆགས་དྲག་པོ་དང ། ཞེ་སྡང་དྲག་པོ་དང ། གཏི་མུག་དྲག་པོ་དང ། དབང་ཕྱུག་གི་དབང་གིས་ཡང་དག་པར་བླངས་པ་ཡིན་ཏེ། འདི་ལྟ་སྟེ།་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པ་ཡིན་ལ། དེ་ཚེ་འདི་ཉིད་ལ་ལོངས་སྤྱོད་ཀྱི་གྲངས་སུ་འགྱུར་ཞིང ། བྱིས་པ་རྣམས་ཀྱིས་ཀྱང་བསྔགས་ལ། 25a ༄#། །མཁས་པ་རྣམས་ཀྱིས་ནི། སྨད་ལ། ཕྱི་མ་ལའང་མི་འདོད་པ། མི་སྡུག་པ་དག་ཏུ་འགྱུར་ཏེ། བྱིས་པ་རྣམས་ཀྱིས་བསྔགས་ལ། མཁས་པ་རྣམས་ཀྱིས་སྨད་པ་ཡང་དག་པར་ལེན་པའི་ལས་འདི་ནི། ད་ལྟར་བྱུང་བ་ན་བདེ་ལ། ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནོ། །ད་ལྟར་བྱུང་བ་ནའང་སྡུག་བསྔལ་ལ།་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བ་ཡང་དག་པར་ལེན་པའི་ལས་གང་ཞེ་ན། འདོད་ཆགས་དྲག་པོ་དང ། ཞེ་སྡང་དྲག་པོ་དང ། གཏི་མུག་དྲག་པོ་གང་དག་སོ་སོར་རྟོག་པ་འདིས་ལས་ཀྱི་རོ་མྱང་བ་ལ་ཞུགས་ལ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ཏེ་དབུལ་བ་ཟིལ་གྱིས་མནན་ནས་ཚུལ་བཞིན་དུ་སོ་སོར་རྟོག་པ།་མཁས་པ་རྣམས་ཀྱིས་བཟུང་བ། །སྡུག་བསྔལ་ལ་བཟོད་པ། ཡིད་མི་བདེ་བ་ལ་བཟོད་པ། དགེ་བའི་ཕྱོགས་ཡང་དག་པར་ལེན་པ། འཕགས་པའི་ཆོས་ཡང་དག་པར་ལེན་པ་སྟེ། ཡང་དག་པར་ལེན་པའི་ལས་འདི་ནི། ད་ལྟར་བྱུང་བ་ན་སྡུག་བསྔལ་ལ། ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བ་ཡིན་ནོ། །ད་ལྟར་བྱུང་བ་ནའང་བདེ་ལ། ཕྱི་མ་ལའང་རྣམ་པར་སྨིན་པ་བདེ་བ་ཡང་དག་པར་ལེན་པའི་ལས་གང་ཞེ་ན། འདོད་ཆགས་ཆུང་བ་དང ། ཞེ་སྡང་ཆུང་བ་དང ། གཏི་མུག་ཆུང་བ་དང ། 25b ཤེས་པ་གསལ་བ་གང་དག་གིས་ཚུལ་བཞིན་སོ་སོར་རྟོག་པ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ཤིང་ཡོ་བྱད་ཕུན་སུམ་ཚོགས་ཀྱང་དབང་ཕྱུག་དང ། རྒྱགས་པ་ཟིལ་གྱིས་མནན་ནས་དགེ་བའི་ཕྱོགས་ཀྱི་གཞི་ལ་གནས་པའོ། །དེ་ཚེ་འདི་ལའང་བདེ་ལ་ཡོ་བྱད་བདེ་བ་ཉམས་སུ་མྱོང་ཞིང་མཁས་པ་རྣམས་ཀྱིས་ཀྱང་བསྟོད་པ་ཡིན་ལ། ཕྱི་མ་ལའང་དེའི་འདོད་པ་དང ། སྡུག་པ་དང ། ཡིད་དུ་འོང་བར་འགྱུར་བ་ཡིན་ཏེ། ཡང་དག་པར་ལེན་པའི་ལས་འདི་ནི། ཚེ་འདི་ལའང་བདེ་ལ།་ཕྱི་མ་ལའང་རྣམ་པར་སྨིན་པ་བདེ་བ་ཡིན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཡང་དག་པར་ལེན་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡང་དག་པར་ལེན་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། 26a ༄#། །ཇི་ལྟར་ན། དེ་བཞིན་གཤེགས་པས་ཆོས་ཡང་དག་པར་ལེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་རྒྱུ་གང་དང ། རྐྱེན་གང་གིས་ཡང་དག་པར་ལེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡང་དག་པར་ལེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཡང་དག་པར་ལེན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་ 26b མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཡང་དག་པར་ལེན་པ་ཤེས་པ་འགོག་པ་ཤེས་པ་སྟེ། དེ་ཡང་གཟོད་མ་ནས་མ་སྐྱེས་བའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ཡང་དག་པར་ལེན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། དེ་བཞིན་གཤེགས་པ་ཡང་དག་པར་ལེན་པ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་ལ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཡང་དག་པར་ལེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཡང་དག་པར་ལེན་པ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་ 27a ༄#། །པའི་འགོག་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ།་གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡང་དག་པར་ལེན་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ལས་འདི་ལྟ་བུ་ནི་སེམས་ཅན་དམྱལ་བའི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་དུད་འགྲོའི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་གཤིན་རྗེའི་གནས་སུ་ 27b རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་ལྷམ་ཡིན་གྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་མིའི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་སུམ་ཅུ་རྩ་གསུམ་གྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་འཐབ་བྲལ་གྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་འཕྲུལ་དགའི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་ཚངས་པའི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ཚངས་རིས་ཀྱི་གནས་དང ། ཚངས་པའི་མདུན་ན་འདོན་གྱི་གནས་དང ། ཚངས་པ་ཆེན་པོའི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་འོད་དང ། འོད་ཆུང་དང ། ཚད་མེད་འོད་དང ། འོད་གསལ་གྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་དགེ་བ་དང ། ཆུང་དགེ་དང ། ཚད་མེད་དགེ་བ་དང ། དགེ་རྒྱས་ཀྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། ། ལས་འདི་ལྟ་བུ་ནི་ཆེ་བ་དང ། ཆུང་ཆེ་དང ། ཚད་མེད་ཆེ་བ་དང ། འབྲས་བུ་ཆེ་བའི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི་མི་ཆེ་བ་ 28a ༄#། །དང ། མི་གདུང་བ་དང ། གྱ་ནོམ་སྣང་བ་དང ། ཤིན་ཏུ་མཐོང་བ་དང ། འོག་མིན་གྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི། འདུ་ཤེས་མེད་པའི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང ། ཅིའང་མེད་པའི་སྐྱེ་མཆེད་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི། འཁོར་བའི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་འདི་ལྟ་བུ་ནི། མྱ་ངན་ལས་འདའ་བར་ཞུགས་པའི་རྣམ་པར་སྨིན་པར་འགྱུར་རོ། །ཞེས་ཁྱིམ་བདག་།དེ་ལྟར་ན།་དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནས་དང་གནས་ཀྱི་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། 28b འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་གནས་དང་གནས་ཀྱི་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནས་དང་གནས་ཀྱི་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་འགོག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ།་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། གནས་དང་གནས་ཀྱི་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་ 29a ༄#། །བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནས་དང་གནས་ཀྱི་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་འགོག་པ་ཤེས་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་གནས་དང་གནས་ཀྱི་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི་ 29b ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྒྱུ་ཡང་དག་པ་ཇི་ལྟ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དང ། དམིགས་པ་གང་དག་གིས་སེམས་ཅན་དག་སེམས་ཅན་དམྱལ་བའི་ལས་ཀྱི་རྣམ་པར་སྨིན་པ་མངོན་དུ་ཡང་དག་པར་བྱེད་པའི་རྒྱུ་དེ་དང ། རྐྱེན་དེ་དང ། དམིགས་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ནི།་དུད་འགྲོའི་རྣམ་པར་སྨིན་པ། གཤིན་རྗེའི་རྣམ་པར་སྨིན་པ། ལྷ་མ་ཡིན་གྱི་རྣམ་པར་སྨིན་པ། མིའི་རྣམ་པར་སྨིན་པ། རྒྱལ་ཆེན་བཞིའི་རིས་ཀྱི་རྣམ་པར་སྨིན་པ།་སུམ་ཅུ་རྩ་གསུམ་གྱི་རྣམ་པར་སྨིན་པ། འཐབ་བྲལ་གྱི་རྣམ་པར་སྨིན་པ། དགའ་ལྡན་གྱི་རྣམ་པར་སྨིན་པ། འཕྲུལ་དགའི་རྣམ་པར་སྨིན་པ། གཞན་འཕྲུལ་དབང་བྱེད་ཀྱི་རྣམ་པར་སྨིན་པ། ཚངས་རིས་དང ། ཚངས་པའི་མདུན་ན་འདོན་དང ། ཚངས་འཁོར་དང ། ཚངས་པ་ཆེན་པོའི་རྣམ་པར་སྨིན་པ། འོད་དང ། འོད་ཆུང་དང ། ཚད་མེད་འོད་དང ། འོད་གསལ་གྱི་རྣམ་པར་སྨིན་པ། དགེ་བ་དང ། ཆུང་དགེ་དང ། ཚད་མེད་དགེ་བ་དང ། དགེ་རྒྱས་ཀྱི་རྣམ་པར་སྨིན་པ། ཆེ་བ་དང ། ཆུང་ཆེ་ 30a ༄#། །དང ། ཚད་མེད་ཆེ་བ་དང ། འབྲས་བུ་ཆེ་བའི་རྣམ་པར་སྨིན་པ་དང ། མི་ཆེ་བ་དང ། མི་གདུང་བ་དང ། གྱ་ནོམ་སྣང་དང ། ཤིན་ཏུ་མཐོང་དང ། འོག་མིན་གྱི་རྣམ་པར་སྨིན་པ། འདུ་ཤེས་མེད་པའི་སེམས་ཅན་གྱི་རྣམ་པར་སྨིན་པའི་རྒྱུ་གང་དང ། རྐྱེན་གང་དང ། དམིགས་པ་གང་དག་གིས་ལས་ཀྱི་རྣམ་པར་སྨིན་པ་མངོན་དུ་ཡང་དག་པར་བྱེད་པའི་རྒྱུ་དེ་དང ། རྐྱེན་དེ་དང ། དམིགས་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དང ། དམིགས་པ་གང་དག་གིས་ལས་ཀྱི་རྣམ་པར་སྨིན་པ་མངོན་དུ་ཡང་དག་པར་བྱེད་པའི་རྒྱུ་དེ་དང ། རྐྱེན་དེ་དང ། དམིགས་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་རྒྱུ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྒྱུ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་རྒྱུ་ཤེས་པ་ཀུན་འབྱུང་བ་ 30b ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་རྒྱུ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། །དེ་བཞིན་གཤེགས་པ་རྒྱུ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རྒྱུ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། རྒྱུ་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་ 31a ༄#། །སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་རྒྱུ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྒྱུ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྒྱུ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་རྒྱུ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བའམ། གལ་ཏེ་ངེས་པར་འབྱུང་བར་བལྟ་བར་གནས་པ་སྟེ། ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པ་རྒྱུ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།རྒྱུ་ཤེས་པ་འགོག་པར་འགྱུར་བའི་ 31b ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོངས་པ་ཟད་མི་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ལས་ཀྱི་རྣམ་པར་སྨིན་པ་འདི་ལྟ་བུ་ནི། སེམས་ཅན་དམྱལ་བ་རྣམས་ཀྱི་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་ཀྱི་རྣམ་པར་སྨིན་པ་འདི་ལྟ་བུ་ནི། དུད་འགྲོའི་སྐྱེ་གནས་སུ་རྣམ་པར་སྨིན་པར་འགྱུར་རོ། །ལས་ཀྱི་རྣམ་པར་སྨིན་པ་འདི་ལྟ་བུ་ནི། གཤིན་རྗེའི་འཇིག་རྟེན་དུ་རྣམ་པར་སྨིན་པར་འགྱུར་བ་ནས། ལས་ཀྱི་རྣམ་པར་སྨིན་པ་འདི་ལྟ་བུ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྣམས་སུ་རྣམ་པར་སྨིན་པའི་བར་དུ་འགྱུར་རོ། །ལས་ཀྱི་རྣམ་པར་སྨིན་པ་འདི་ལྟ་བུ་ནི། རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དེའི་བྱེད་པ་པོའང་མེད་ལ། ལས་དེའི་རྣམ་པར་སྨིན་པ་སོ་སོར་མྱོང་བའང་མེད་དེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་ 32a ༄#། །བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་སྨིན་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པའི་རྣམ་པར་སྨིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་རྣམ་པར་སྨིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་གིས་ཡང་དག་པ་ཇི་ལྟ་ 32b བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་སྨིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། རྣམ་པར་སྨིན་པ་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་ 33a ༄#། །འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་སྨིན་པ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་གང་གིས་རྣམ་པར་སྨིན་པ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་སྟེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པ་རྣམ་པར་སྨིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་ 33b བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་སྨིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟར་ཞུགས་པ་ནི། གཤིན་རྗེའི་འཇིག་རྟེན་དུ་སྐྱེའོ། །འདི་ལྟར་ཞུགས་པ་ནི། ལྷ་མ་ཡིན་དུ་སྐྱེའོ། །འདི་ལྟར་ཞུགས་པ་ནི། མིར་སྐྱེའོ་ཞེས་བྱ་བ་ནས་འདི་ལྟར་ཞུགས་པ་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་སྐྱེའོ། །འདི་ལྟར་ཞུགས་པ་ནི། ལྷར་སྐྱེའོ། །འདི་ནི། མིར་སྐྱེའོ། །ཞེས་ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་ 34a ༄#། །མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་རྒྱུ་གང་དང ། རྐྱེན་གང་དག་གིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་ 34b པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང་ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་རྒྱུ་གང་དང ། རྐྱེན་གང་དག་གིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་པ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན།་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་ཤེས་པ་གང་གིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་ 35a ༄#། །རབ་ཏུ་མཁྱེན་ཏོ། །གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་སྟེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་མིག་གི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མིག་གི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ། མིག་གི་ཁམས་ཤེས་པ་འགོག་པ་ཤེས་པ། མིག་གི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གཟུགས་ཀྱི་ཁམས་ཤེས་ཏེ་གཟུགས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས། གཟུགས་ 35b ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ། གཟུགས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་ཏེ། མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས། མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས། མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་སྦྱར་ཏེ་རྣ་བའི་ཁམས་དང ། སྒྲའི་ཁམས་དང ། རྣ་བའི་རྣམ་པར་ཤེས་པའི་ཁམས་དང ། སྣའི་ཁམས་དང ། དྲིའི་ཁམས་དང ། སྣའི་རྣམ་པར་ཤེས་པའི་ཁམས་དང ། ལྕེའི་ཁམས་དང ། རོའི་ཁམས་དང ། ལྕེའི་རྣམ་པར་ཤེས་པའི་ཁམས་དང ། ལུས་ཀྱི་ཁམས་དང ། རེག་བྱའི་ཁམས་དང ། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་སོ། །ཡིད་ཀྱི་ཁམས་ཤེས་ཏེ། ཡིད་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས། ཡིད་ཀྱི་ཁམས་ཤེས་པ་འགོག་པ་ཤེས། ཡིད་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་སོ། །ཆོས་ཀྱི་ཁམས་ཤེས་ཏེ། ཆོས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས། ཆོས་ཀྱི་ཁམས་ཤེས་པ་འགོག་པ་ཤེས། ཆོས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་ 36a ༄#། །བའི་ལམ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུར་བྱས་པ་དང་བ་གང་ཡིན་པ་ནི། མིག་གི་རྣམ་པར་སྨིན་པ་སྟེ།་གང་གི་མིག་ལ་གཟུགས་སུ་སྣང་བར་འགྱུར་ཞིང ། གཟུགས་ཀྱང་ཐོགས་པ་དང ། མིག་གཟུགས་རྣམས་ལ་ཐོགས་པ་གང་ཡིན་པ་དང ། གང་དུ་མིག་ཀྱང་གཟུགས་ལ་ཐོགས་པ་དང ། མིག་གང་གིས་གཟུགས་མཐོང་བ་དང ། ལྟ་བ་དང ། ལྟ་བར་འགྱུར་བ་དང ། གཟུགས་མཐོང་བར་བྱ་བའི་ཕྱིར་རྟག་ཏུ་ཐ་མི་དད་པར་རུང་བའི་མིག་གང་ཡིན་པ་དང ། ཁམས་བཅོ་བརྒྱད་དག་ལས་མིག་གི་ཁམས་གང་ཡིན་པ་དང ། སྐྱེ་མཆེད་བཅུ་གཉིས་དག་ལས་མིག་གི་སྐྱེ་མཆེད་ 36b གང་ཡིན་པ་དང ། དབང་པོ་ཉི་ཤུ་རྩ་གཉིས་དག་ལས་མིག་གི་དབང་པོ་གང་ཡིན་པ་སྟེ། དེ་ནི། མིག་ཀྱང་ཡིན། དེ་ནི། མིག་གི་ཁམས་ཀྱང་ཡིན། དེ་ནི། མིག་གི་སྐྱེ་མཆེད་ཀྱང་ཡིན། དེ་ནི། མིག་གི་དབང་པོའང་ཡིན། དེ་ནི། སྒོ་ཡང་ཡིན། དེ་ནི། དཀར་བ་ཡང་ཡིན། དེ་ནི། རྒྱུན་ཀྱང་ཡིན། དེ་ནི། མཚོའང་ཡིན། དེ་ནི་རྒྱ་མཚོའང་ཡིན། དེ་ནི། ཀློང་ཡང་ཡིན། དེ་ནི། སྣང་བའང་ཡིན། དེ་ནི། ཆུ་འབྱུང་ཡང་ཡིན། དེ་ནི། ཁྲིད་བྱེད་ཀྱང་ཡིན། དེ་ནི། འདྲེན་བྱེད་ཀྱང་ཡིན། དེ་ནི།་གཞིའང་ཡིན། དེ་ནི། སྦུབས་ཀྱང་ཡིན། དེ་ནི། གསང་བའང་ཡིན། དེ་ནི། ཕ་རོལ་གྱི་འགྲམ་མ་ཡིན་པའང་ཡིན། དེ་ནི། བདུད་ཀྱི་སྣོད་ཀྱང་ཡིན། དེ་ནི།་བདག་གི་དངོས་པོར་འཇུག་པའང་ཡིན། དེ་ནི། གྲོང་སྟོང་པར་འཇུག་པའང་ཡིན། དེ་ནི། མངོན་པར་ཤེས་པར་བྱ་བའང་ཡིན། དེ་ནི། ཡོངས་སུ་ཤེས་པར་བྱ་བའང་ཡིན། དེ་ནི། སྤང་བར་བྱ་བའང་ཡིན་ཏེ། འདི་ནི། མིག་གི་ཁམས་ཤེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། མིག་གི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་ 37a ༄#། །བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་པར་མཛད་ཅིང ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་མིག་གི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་།དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་མིག་གི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་ 37b བར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་མིག་གི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་ངང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། དེ་བཞིན་གཤེགས་པ་མིག་གི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ལ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་ 38a ༄#། །བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི་མིག་གི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་མིག་གི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་མིག་གི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་ 38b དམིགས་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་གཟུགས་ཀྱི་ཁ་དོག་དང ། དབྱིབས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། ཁ་དོག་བཟང་པོ་དང ། ཁ་དོག་ངན་པ་དང ། དབྱིབས་ལེགས་པ་དང ། དབྱིབས་མ་ལེགས་པ་དང ། མདོག་བཟང་བ་དང ། མདོག་ངན་པ་དང ། ཁ་དོག་ངན་པ་དང ། ཁ་དོག་བཟང་པོའི་མདོག་དང ། མདོག་ནག་པོ་དང ། སེར་པོ་དང ། སོ་མདོག་ལྟ་བུ་དང ། དམར་པོ་དང ། དཀར་པོ་དང ། བཙོད་ཀ་དང ། ཤེལ་མདོག་དང ། གྲུ་བཞི་དང ། ཆ་དྲུག་པ་དང ། ཆ་བརྒྱད་པ་དང ། ཆ་བཅུ་དྲུག་པ་དང ། ཟུར་གསུམ་པ་དང ། དམའ་བ་དང ། མཐོ་བ་དང ། མཉམ་པ་དང ། མི་མཉམ་པ་དང ། གྲིབ་ 39a ༄#། །མ་དང ། ཉི་མ་དང ། སྤྲིན་དང ། སྤྲིན་མེད་པ་དང ། དུ་བ་དང ། རྡུལ་དང ། སྒྱུ་མ་དང ། སྨིག་རྒྱུ་དང ། སྣང་བ་དང ། མུན་པ་དང ། མཚན་མ་སྣང་བ་འདི་ནི། གཟུགས་ཀྱི་ཁམས་ཞེས་བྱ་སྟེ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། གཟུགས་ཀྱི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གཟུགས་ཀྱི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་གཟུགས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་ 39b བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་གཟུགས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གཟུགས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་ 40a ༄#། །སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། གཟུགས་ཀྱི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གཟུགས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་གཟུགས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་འདི་ནི། གཟུགས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ 40b ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གཟུགས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་དེ་སྐྱེ་བ་ན་ནང་གི་མིག་ལས་ཀྱང་མ་བྱུང ། ཕྱི་རོལ་གྱི་གཟུགས་ལས་ཀྱང་མ་འོངས། བར་དུ་རྣམ་པར་བཟུང་སྟེ་ཡང་མི་གནས་མོད་ཀྱི། འོན་ཀྱང་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ།་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ 41a ༄#། །ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་ 41b པ་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་པར་དག་ཏུ་ལན་གསུང་སྟེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ། འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་མཛད་ནས་བདེ་བ་ལ་བཙུད་པ་ནི། མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ 42a ༄#། །ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་པ་གང་གིས་མིག་གི་རྣམ་པར་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྣ་བའི་ཁམས་ཤེས་པ་ཡང་ 42b དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུར་བྱས་པ་གང་ཡིན་པ་དང་བ་གང་ཡིན་པ་ནི། རྣ་བའི་རྣམ་པར་སྨིན་པ་སྟེ། གང་གི་རྣ་བ་ལ་སྒྲར་སྣང་བར་འགྱུར་ཞིང ། རྣ་བ་གང་སྒྲ་ལ་ཐོགས་པ་དང ། རྣ་བ་གང་ལ་སྒྲ་ཐོགས་པ་དང ། རྣ་བ་གང་གིས་སྒྲ་ཐོས་པར་གྱུར་བ་དང ། ཐོས་པ་དང ། ཐོས་པར་འགྱུར་བ་དང ། སྒྲ་དག་ཐོས་པར་བྱ་བའི་ཕྱིར་ཡང་རྟག་ཏུ་ཐ་མི་དད་ཅིང་རུང་བའི་རྣ་བ་གང་ཡིན་པ་དང ། ཁམས་བཅོ་བརྒྱད་དག་ལས་རྣ་བའི་ཁམས་གང་ཡིན་པ་དང ། སྐྱེ་མཆེད་བཅུ་གཉིས་དག་ལས་རྣ་བའི་སྐྱེ་མཆེད་གང་ཡིན་པ་དང ། དབང་པོ་ཉི་ཤུ་རྩ་གཉིས་དག་ལས་རྣ་བའི་དབང་པོ་གང་ཡིན་པ་སྟེ། དེ་ནི། རྣ་བའང་ཡིན། དེ་ནི། ཁམས་ཀྱང་ཡིན། དེ་ནི། རྣ་བའི་སྐྱེ་མཆེད་ཀྱང་ཡིན། དེ་ནི། རྣ་བའི་དབང་པོའང་ཡིན། དེ་ནི། སྒོའང་ཡིན། དེ་ནི། དཀར་བའང་ཡིན། དེ་ནི། རྒྱུན་ཀྱང་ཡིན། དེ་ནི་མཚོའང་ཡིན། དེ་ནི་རྒྱ་མཚོའང་ཡིན། དེ་ནི་ཀློང་ཡང་ཡིན། དེ་ནི་སྣང་བའང་ཡིན།་དེ་ནི། ཆུ་འབྱུང་ཡང་ཡིན། དེ་ནི། ཁྲིད་བྱེད་ཀྱང་ཡིན། །དེ་ནི། འདྲེན་བྱེད་ཀྱང་ཡིན། དེ་ནི། སྦུབས་ཀྱང་ཡིན། དེ་ནི། གསང་བའང་ཡིན། དེ་ནི། ཞིང་ 43a ༄#། །ཡང་ཡིན། དེ་ནི། གཞིའང་ཡིན། དེ་ནི། ཕ་རོལ་གྱི་འགྲམ་མ་ཡིན་པའང་ཡིན། དེ་ནི། བདུད་ཀྱི་སྣོད་ཀྱང་ཡིན། དེ་ནི། གྲོང་སྟོང་པར་འཇུག་པའང་ཡིན། དེ་ནི། བདག་གི་དངོས་པོར་འཇུག་པའང་ཡིན། དེ་ནི། མངོན་པར་ཤེས་པར་བྱ་བའང་ཡིན། དེ་ནི། ཡོངས་སུ་ཤེས་པར་བྱ་བའང་ཡིན། དེ་ནི། སྤང་བར་བྱ་བའང་ཡིན། འདི་ནི། རྣ་བའི་ཁམས་ཞེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། རྣ་བའི་ཁམས་ཤེས་པ་ཞེས་བྱ་བ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣ་བའི་ཁམས་ཤེས་པ་དེ་ལའང་ཞུ་བཞུས་པ་ན་བསྐལ་པར་ལུང་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །བམ་པོ་གསུམ་པ། ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྣ་བའི་ཁམས་ཤེས་པ་ 43b ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་རྣ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང ། ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་རྣ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་དེ་བཞིན་དུ་སྦྱར་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྣ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་དེ་ལ་དེ་བཞིན་གཤེགས་པས་སེམས་ 44a ༄#། །ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། རྣ་བའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ།། ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་རྣ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི་ཙནྡན་གྱི་ཁྱམས་དང་ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་རྣ་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་དག་གིས་རྣ་བའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་ 44b རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་བར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་སྒྲའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འབྱུང་བ་ཆེན་པོ་ལ་ཤིན་ཏུ་བརྟེན་པའི་སྒྲའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། སྒྲ་སྙན་པ་ཉིད་དང ། སྒྲ་མི་སྙན་པ་ཉིད་དང ། སྒྲ་སྙན་ཅིང་འཇེབས་པ་ཉིད་དང ། སྒྲ་སྙན་ཅིང་འཇེབས་པ་མ་ཡིན་པ་ཉིད་དང ། སྒྲ་ཡིད་དུ་འོང་བ་ཉིད་དང ། སྒྲ་ཡིད་དུ་མི་འོང་བ་ཉིད་དང ། སྒྲ་ཉན་པར་འོས་པ་ཉིད་དང ། སྒྲ་དགའ་བར་བྱེད་པ་ཉིད་དང ། སྒྲ་མི་མཐུན་པ་ཉིད་དང ། སྒྲ་མཐུན་པ་མ་ཡིན་པ་ཉིད་དང ། དུང་གི་སྒྲ་དང ། རྔ་བོ་ཆེའི་སྒྲ་དང ། རྫ་རྔའི་སྒྲ་དང ། 45a ༄#། །འཁར་རྔའི་སྒྲ་དང ། ཆུ་སྒྲ་རྣམ་པར་གོ་བར་བྱེད་པའི་སྒྲ་དང ། མེའི་སྒྲ་དང ། ཆུའི་སྒྲ་དང ། རླུང་གི་སྒྲ་དང ། འབྲུག་གི་སྒྲ་འུར་འུར་བ་དང ། གློག་ལས་བྱུང་བའི་སྒྲ་དང ། སེར་བ་འབབ་པའི་སྒྲ་དང ། ཟིན་པ་དང་མ་ཟིན་པ་དག་གི་འབྱུང་བ་ཆེན་པོ་འདུས་པའི་སྒྲ་འདི་ནི། སྒྲའི་ཁམས་ཞེས་བྱ་སྟེ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་བ་དང ། མཁས་པ་གང་ཡིན་པ་འདི་ནི། སྒྲའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྒྲའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། ། དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་སྒྲའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ 45b ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་སྒྲའི་ཁམས་ཤེས་པ་ཡང་དག་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང ། ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང་རྐྱེན་གང་དག་གིས་སྒྲའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་བར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྒྲའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། ། ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་སྒྲའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། །འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ 46a ༄#། །ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། སྒྲའི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནི། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་སྒྲའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྒྲའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྒྲའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན་ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཤེས་པ་གང་གིས་སྒྲའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་ 46b པའམ།་གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པས་སྒྲའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏོ། །རྣ་བ་དང་སྒྲ་ལ་བརྟེན་ནས་རྣ་བའི་རྣམ་པར་ཤེས་པ་སྐྱེ་སྟེ།་དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་སྐྱེ་བ་ན་རྣ་བའི་ནང་ནས་ཀྱང་མ་བྱུང ། ཕྱི་རོལ་གྱི་སྒྲ་དག་ལས་ཀྱང་མ་འོངས། བར་དུ་རྣམ་པར་བཟུང་སྟེའང་མི་གནས་མོད་ཀྱི། འོན་ཀྱང་ཚོགས་པའི་དབང་གིས་རྣ་བའི་རྣམ་པར་ཤེས་པ་སྐྱེས་ལ། དེའི་འོང་བ་མེད་ཅིང་འགྲོ་བ་མེད་ལ། སྟོང་ཞིང་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་ 47a ༄#། །པ་འདི་ནི། རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་ཞིང ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང ། ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་ 47b འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་ 48a ༄#། །བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན།་དེ་བཞིན་གཤེགས་པས་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན།་ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་ནས་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་ 48b གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྣའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སྣའི་ཡུལ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུར་བྱས་པ་དང་བ་གང་ཡིན་པ་ནི། སྣའི་རྣམ་པར་སྨིན་པ་སྟེ། གང་གི་སྣ་ལ་དྲི་སྣང་བར་འགྱུར་ཞིང་དྲིའང་ཐོགས་པ་དང ། སྣ་གང་དྲི་དག་ལ་ཐོགས་པ་དང ། སྣ་གང་ལ་དྲི་ཐོགས་པ་དང ། སྣ་གང་གིས་དྲི་བསྣམས་པ་དང ། སྣོམ་པ་དང ། སྣོམ་པར་འགྱུར་བ་དང ། དྲི་དག་བསྣམ་པའི་ཕྱིར་ཡང་ཐ་མི་དད་ཅིང་རུང་བའི་སྣ་གང་ཡིན་པ་དང ། ཁམས་བཅོ་བརྒྱད་དག་ལས་སྣའི་ཁམས་གང་ཡིན་པ་དང ། སྐྱེ་མཆེད་བཅུ་གཉིས་དག་ལས་སྣའི་སྐྱེ་མཆེད་གང་ཡིན་པ་དང ། དབང་པོ་ཉི་ཤུ་རྩ་གཉིས་དག་ལས་སྣའི་དབང་པོ་གང་ཡིན་པ་སྟེ། དེ་ནི། སྣའང་ཡིན། དེ་ནི། སྣའི་ཁམས་ཀྱང་ཡིན། དེ་ནི། སྣའི་སྐྱེ་མཆེད་ཀྱང་ཡིན། དེ་ནི། སྣའི་དབང་པོའང་ཡིན།་དེ་ནི། སྒོའང་ཡིན། དེ་ནི། དཀར་བའང་ཡིན། དེ་ནི། རྒྱུན་ཀྱང་ཡིན། དེ་ནི། མཚོའང་ཡིན། དེ་ནི། རྒྱ་མཚོའང་ཡིན། དེ་ནི། ཀློང་ཡང་ཡིན། དེ་ནི། 49a ༄#། །སྣང་བའང་ཡིན། དེ་ནི་གསང་བའང་ཡིན། དེ་ནི་འབྱུང་བའང་ཡིན། དེ་ནི་ཁྲིད་བྱེད་ཀྱང་ཡིན། དེ་ནི་འདྲེན་བྱེད་ཀྱང་ཡིན། དེ་ནི། ཞིང་ཡང་ཡིན། དེ་ནི།་ཆུ་འབྱུང་ཡང་ཡིན། དེ་ནི། དངོས་པོའང་ཡིན། དེ་ནི། སྦུབས་ཀྱང་ཡིན། དེ་ནི། གསང་བའང་ཡིན། དེ་ནི། ཕ་རོལ་གྱི་འགྲམ་མ་ཡིན་པའང་ཡིན། དེ་ནི། བདུད་ཀྱི་སྣོད་ཀྱང་ཡིན། དེ་ནི། གྲོང་སྟོང་བར་འཇུག་པའང་ཡིན། དེ་ནི། མངོན་པར་ཤེས་པར་བྱ་བའང་ཡིན། དེ་ནི། ཡོངས་སུ་ཤེས་པར་བྱ་བའང་ཡིན། དེ་ནི།་སྤང་བར་བྱ་བའང་ཡིན་ཏེ། འདི་ནི། སྣའི་ཁམས་ཞེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། ཁམས་གང་ཡིན་པ་འདི་ནི། སྣའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྣའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་ 49b འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྣའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏོ། །སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་རྣ་བསྐྱེད་ནས་སྣའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང ། ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་སྣའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྣའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པ་ 50a ༄#། །འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྣའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་མཛད་ཅིང་དོན་མ་ཡིན་པ་བཟློག་ལ། སྣང་བ་མཛད་ཅིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་བར་མཛད་ནས་བདེ་བ་ལ་བཙུད་པ་ནི། སྣའི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་སྣའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྣའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྣའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་ 50b བཞིན་གཤེགས་པ་ཤེས་པ་གང་གིས་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་མཛད་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྣའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དྲིའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སྣའི་ཡུལ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དྲི་ཞིམ་པ་དང ། དྲི་ང་བ་དང ། དྲོ་འདོད་པ་དང ། དྲི་སྡུག་པ་དང ། དྲི་མི་སྡུག་པ་དང ། དྲི་ཡིད་དུ་འོང་པ་དང ། དྲི་ཡིད་དུ་མི་འོང་བ་དང ། དྲི་ཡིད་དུ་འཐད་པ་དང ། དྲི་ཡིད་དུ་མི་འཐད་པ་དང ། དྲིའི་ངོ་བོ་དགའ་བ་དང ། དྲིའི་ངོ་བོ་མི་དགའ་བ་དང ། དྲིའི་ངོ་བོ་ལེགས་ 51a ༄#། །པ་དང ། དྲིའི་ངོ་བོ་མི་ལེགས་པ་དང ། སྣོད་ན་ཡོད་པ་དང ། རྩ་བ་ལ་ཡོད་པ་དང ། སྙིང་པོ་ལ་ཡོད་པ་དང ། སྙིང་པོ་མེད་པ་ལ་ཡོད་པ་དང ། ཤུན་པ་ལ་ཡོད་པ་དང ། ངར་བ་ལ་ཡོད་པ་དང ། ལོ་མ་ལ་ཡོད་པ་དང ། མེ་ཏོག་ལ་ཡོད་པ་དང ། འབྲས་བུ་ལ་ཡོད་པའི་དྲི་གང་ཡིན་པ་འདི་ནི། དྲིའི་ཁམས་ཞེས་བྱ་ཞིང ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། དྲིའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དྲིའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ནས་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དྲིའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་ 51b བ་བསྐྱེད་ནས་དྲིའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང ། ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་དྲིའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དྲིའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་བའི་བར་དུའོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དྲིའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་ 52a ༄#། །བདེ་བ་ལ་བཙུད་པ་ནི། དྲིའི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་དྲིའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དྲིའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དྲིའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་དྲིའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པས་དེ་ལའང་ཞེས་བྱ་བ་ནས་གལ་ཏེ་རོ་བྲོ་བ་མེད་པར་རྗེས་སུ་བལྟ་བར་གནས་ 52b པའམ།་གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་པར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དྲིའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སྣ་དང་དྲི་ལ་བརྟེན་ནས་སྣའི་རྣམ་པར་ཤེས་པ་སྐྱེ་སྟེ། དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་དེ་སྐྱེ་བ་ན་ནང་གི་སྣ་ལས་ཀྱང་མ་བྱུང ། ཕྱི་རོལ་གྱི་དྲི་དག་ལས་ཀྱང་མ་འོངས། བར་དུ་རྣམ་པར་བཟུང་སྟེའང་མི་གནས། འོང་བ་མེད་ཅིང་འགྲོ་བ་མེད་ལ། སྟོང་ཞིང་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། སྣའི་རྣམ་པར་ཤེས་པའི་ཁམས་ 53a ༄#། །ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་བའི་བར་དུའོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། སྐྱེན་གང་དག་གིས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་ 53b སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་བའི་བར་དུའོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། སྣའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་ 54a ༄#། །པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ།། 54b ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ལྕེའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཟིན་པའི་འབྱུང་བ་ཆེན་པོ་རྒྱུར་བྱས་པའི་དང་བ་གང་ཡིན་པ་ནི། ལྕེའི་རྣམ་པར་སྨིན་པ་སྟེ། ལྕེའི་སྐྱེ་མཆེད་གང་ལ་རོ་སྣང་བར་འགྱུར་བ་དང ། རོའང་ཐོགས་པ་དང ། ལྕེ་གང་རོ་དག་ལ་ཐོགས་པ་དང ། ལྕེ་གང་ལའང་རོ་ཐོགས་པ་དང ། རོ་མྱངས་པ་དང ། ལྕེ་གང་རོ་མྱོང་བ་དང ། རོ་མྱོང་བར་འགྱུར་བ་དང ། རོ་དག་མྱང་བར་བྱ་བའི་ཕྱིར་རྟག་ཏུ་ཐ་མི་དད་ཅིང་རུང་བའི་ལྕེ་གང་ཡིན་པ་དང ། ཁམས་བཅོ་བརྒྱད་དག་ལས་ལྕེའི་ཁམས་གང་ཡིན་པ་དང ། སྐྱེ་མཆེད་བཅུ་གཉིས་དག་ལས་ལྕེའི་སྐྱེ་མཆེད་གང་ཡིན་པ་དང ། དབང་པོ་ཉི་ཤུ་རྩ་གཉིས་དག་ལས་ལྕེའི་དབང་པོ་གང་ཡིན་པ་སྟེ། དེ་ནི། ལྕེའང་ཡིན། དེ་ནི།་ལྕེའི་ཁམས་ཀྱང་ཡིན། དེ་ནི། ལྕེའི་སྐྱེ་མཆེད་ཀྱང་ཡིན། དེ་ནི། ལྕེའི་དབང་པོའང་ཡིན། དེ་ནི། སྒོའང་ཡིན། དེ་ནི། དཀར་བའང་ཡིན། དེ་ནི། རྒྱུན་ཀྱང་ཡིན། དེ་ནི། མཚོའང་ཡིན། དེ་ནི། རྒྱ་མཚོའང་ཡིན། དེ་ནི། ཀློང་ཡང་ཡིན། དེ་ནི། སྣང་བའང་ཡིན། དེ་ནི། ཆུ་འབྱུང་ཡང་ཡིན། དེ་ནི། ཁྲིད་ 55a ༄#། །བྱེད་ཀྱང་ཡིན། དེ་ནི། འདྲེན་བྱེད་ཀྱང་ཡིན། དེ་ནི། ཞིང་ཡང་ཡིན། དེ་ནི། དངོས་པོ་འང་ཡིན། དེ་ནི། སྦུབས་ཀྱང་ཡིན། དེ་ནི། གསང་བའང་ཡིན། དེ་ནི། ཕ་རོལ་གྱི་འགྲམ་མ་ཡིན་པའང་ཡིན། དེ་ནི། བདུད་ཀྱི་སྣོད་ཀྱང་ཡིན། དེ་ནི། བདག་གི་དངོས་པོར་འཇུག་པའང་ཡིན། དེ་ནི། གྲོང་སྟོང་པར་འཇུག་པའང་ཡིན། དེ་ནི། མངོན་པར་ཤེས་པར་བྱ་བའང་ཡིན། དེ་ནི། ཡོངས་སུ་ཤེས་པར་བྱ་བ་ཡིན། དེ་ནི། སྤང་བར་བྱ་བའང་ཡིན་ཏེ། དེ་ནི།་ལྕེའི་ཁམས་ཞེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ལྕེའི་ཁམས་ཤེས་པ་ཞེས་བྱའོ། །དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྕེའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་བའི་བར་དུའོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ལྕེའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ 55b ཅེ་ན།་ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ལྕེའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱ་གང་དང ། རྐྱེན་གང་དག་གིས་ལྕེའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྕེའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་བའི་བར་དུའོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ལྕེའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ 56a ༄#། །ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ།་སྣང་བ་བྱས་ཤིང་མུན་པ་བསལ་ནས་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི།་ལྕེའི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་ལྕེའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྕེའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན། དེ་བཞིན་གཤེགས་པར་ལྕེའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ལྕེའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་དེ་དེ་བཞིན་གཤེགས་ 56b པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྕེའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་ཞིང་དེའི་སྤོབས་པ་ཟད་མི་ཤེས་སོ། །དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རོའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ལྕེའི་ཁམས་ཀྱི་སྤྱོད་ཡུལ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། རོ་ཞིམ་པ་ཉིད་དང ། རོ་མི་ཞིམ་པ་ཉིད་དང ། རོ་འདོད་པ་ཉིད་དང ། རོ་མི་འདོད་པ་ཉིད་དང ། རོ་ཡི་གར་འོང་བ་ཉིད་དང ། རོ་ཡི་གར་མི་འོང་བ་ཉིད་དང ། རོ་ཡིད་དུ་འོང་བ་ཉིད་དང ། རོ་ཡིད་དུ་མི་འོང་བ་ཉིད་དང ། རོའི་ངོ་བོ་དགའ་བ་ཉིད་དང ། རོའི་ངོ་བོ་མི་དགའ་བ་ཉིད་དང ། རོའི་ངོ་བོ་ལེགས་པ་ཉིད་དང ། རོའི་ངོ་བོ་མ་ལེགས་པ་ 57a ༄#། །ཉིད་དང ། ཁ་བ་འཛིན་པ་དང ། ཚ་བ་འཛིན་པ་དང ། སྐྱུར་བ་འཛིན་པ་དང ། མངར་བ་འཛིན་པ་དང ། རོ་བ་ཚཝ་ཅན་ཉིད་ནས་རོ་བསྐ་བ་ཉིད་དང ། ལན་ཚཝའི་རོ་དང ། རོ་གང་དག་སྣོད་ན་ཡོད་པ་དང ། རྩ་བ་ལ་ཡོད་པ་དང ། སྙིང་པོ་ལ་ཡོད་པ་དང ། སྙིང་པོ་མེད་པ་ལ་ཡོད་པ་དང ། ཤུན་པ་ལ་ཡོད་པ་དང ། ངར་བ་ལ་ཡོད་པ་དང ། ལོ་མ་ལ་ཡོད་པ་དང ། མེ་ཏོག་ལ་ཡོད་པ་དང ། འབྲས་བུ་ལ་ཡོད་པའི་བར་གྱི་རོ་གང་དག་ཡོད་པ་འདི་ནི་རོའི་ཁམས་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རོའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་ཞིང་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རོའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་རོའི་ཁམས་ཤེས་པ་ཀུན་འབྱུང་བ་ 57b ཤེས་པ་ཡང་དག་པར་འགྲུབ་པ་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་རོའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་དེ་བཞིན་དུ་སྦྱར་ཏེ། ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལ་རོའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རོའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་ 58a ༄#། །སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། རོའི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་རོའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རོའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རོའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་གང་གིས་རོའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རོའི་ཁམས་ 58b ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། །བདེ་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ལྕེ་དང་རོ་ལ་བརྟེན་ནས་ལྕེའི་རྣམ་པར་ཤེས་པ་སྐྱེ་སྟེ། དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་དེ་སྐྱེ་བ་ན་ནང་གི་ལྕེ་ལས་ཀྱང་མ་བྱུང ། ཕྱི་རོལ་གྱི་རོ་དག་ལས་ཀྱང་མ་འོངས། བར་དུ་རྣམ་པར་བཟུང་སྟེའང་མི་གནས། འོང་བ་མེད་ཅིང་འགྲོ་བ་མེད་ལ། སྟོང་ཞིང་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། ད་ད་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ 59a ༄#། །ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྕེའི་རྣམ་པར་ 59b ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང་ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་ 60a ༄#། །བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་དེ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལུས་ཀྱི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཟིན་ 60b པའི་འབྱུང་བ་ཆེན་པོའི་རྒྱུར་བྱས་པ་དང་བ་གང་ཡིན་པ་ནི། ལུས་ཀྱི་རྣམ་པར་སྨིན་པ་སྟེ། ལུས་གང་གི་རེག་བྱ་སྣང་བར་འགྱུར་ཞིང ། རེག་བྱའང་ཐོགས་པ་དང ། ལུས་གང་རེག་བྱ་ལ་ཐོགས་པ་དང ། ལུས་གང་ལ་རེག་བྱའང་ཐོགས་པ་དང ། ལུས་གང་གིས་རེག་བྱ་ལ་རེག་པར་གྱུར་པ་དང ། རེག་པ་དང ། རེག་པར་འགྱུར་བ་དང ། རེག་བྱ་ལ་རེག་པར་བྱ་བའི་ཕྱིར་རྟག་ཏུ་ཐ་མི་དད་ཅིང་རུང་བའི་ལུས་གང་ཡིན་པ་དང ། ཁམས་བཅོ་བརྒྱད་དག་ལས་ལུས་ཀྱི་ཁམས་གང་ཡིན་པ་དང ། སྐྱེ་མཆེད་བཅུ་གཉིས་དག་ལས་ལུས་ཀྱི་སྐྱེ་མཆེད་གང་ཡིན་པ་དང ། དབང་པོ་ཉི་ཤུ་རྩ་གཉིས་དག་ལས་ལུས་ཀྱི་དབང་པོ་གང་ཡིན་པ་སྟེ། དེ་ནི། ལུས་ཀྱང་ཡིན། དེ་ནི། ལུས་ཀྱི་ཁམས་ཀྱང་ཡིན། དེ་ནི། ལུས་ཀྱི་སྐྱེ་མཆེད་ཀྱང་ཡིན། དེ་ནི། ལུས་ཀྱི་དབང་པོའང་ཡིན། དེ་ནི། སྒོའང་ཡིན། དེ་ནི། དཀར་བའང་ཡིན། དེ་ནི། རྒྱུན་ཀྱང་ཡིན།་དེ་ནི། མཚོའང་ཡིན། དེ་ནི། རྒྱ་མཚོའང་ཡིན། དེ་ནི། ཀློང་ཡང་ཡིན། དེ་ནི། སྣང་བའང་ཡིན། དེ་ནི། ཆུ་འབྱུང་ཡང་ཡིན། དེ་ནི། ཁྲིད་བྱེད་ཀྱང་ཡིན།་དེ་ནི། འདྲེན་བྱེད་ཀྱང་ཡིན། དེ་ནི། ཞིང་ཡང་ཡིན། དེ་ནི། དངོས་པོའང་ཡིན། དེ་ནི། སྦུབས་ཀྱང་ཡིན། དེ་ནི། གསང་བའང་ཡིན། དེ་ནི། ཕ་རོལ་ 61a ༄#། །གྱི་འགྲམ་མ་ཡིན་པའང་ཡིན། དེ་ནི། བདུད་ཀྱི་སྣོད་ཀྱང་ཡིན། དེ་ནི། བདག་གི་དངོས་པོར་འཇུག་པའང་ཡིན། དེ་ནི། གྲོང་སྟོང་པར་འཇུག་པའང་ཡིན། དེ་ནི། མངོན་པར་ཤེས་པར་བྱ་བའང་ཡིན། དེ་ནི། ཡོངས་སུ་ཤེས་པར་བྱ་བའང་ཡིན། དེ་ནི། སྤང་བར་བྱ་བའང་ཡིན་ཏེ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ལུས་ཀྱི་ཁམས་ཤེས་པའོ། །དེ་བཞིན་གཤེགས་པ་ལུས་ཀྱི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ལུས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ལུས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་ 61b བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ལུས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དང་དམིགས་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལུས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལུས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ནས་དེ་བཞིན་དུ་སྦྱར་ཏེ་བདེ་བ་ལ་བཙུད་པའི་བར་ནི། ལུས་ཀྱི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་ 62a ༄#། །སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་ལུས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལུས་ཀྱི་ཁམས་ཤེས་པ་འགོག་པར་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལུས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་གང་གིས་ལུས་ཀྱི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལུས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་ 62b གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རེག་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱི་ཁམས་ཀྱི་སྤྱོད་ཡུལ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། མིག་གི་རེག་པ་དང ། རྣ་བའི་རེག་པ་དང ། སྣའི་རེག་པ་དང ། ལྕེའི་རེག་པ་དང ། ལུས་ཀྱི་རེག་པ་དང ། ཡིད་ཀྱི་རེག་པ་དང ། བདེ་བའི་ཚོར་བར་རེག་པ་དང ། སྡུག་བསྔལ་གྱི་ཚོར་བར་རེག་པ་དང ། སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་པའི་ཚོར་བར་རེག་པ་དང ། ཟག་པ་དང་བཅས་པའི་རེག་པ་དང ། ཟག་པ་མེད་པའི་རེག་པ་དང ། འཇིག་རྟེན་པའི་རེག་པ་དང ། འཇིག་རྟེན་ལས་འདས་པའི་རེག་པ་འདི་ནི། རེག་པའི་ཁམས་ཞེས་བྱ་སྟེ། དེ་ལ་ཤེས་པ་ནས་མཁས་པ་གང་ཡིན་པའི་བར་འདི་ནི། རེག་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རེག་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རེག་པའི་ཁམས་ཤེས་པ་ཀུན་འབྱུང་ 63a ༄#། །བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་རེག་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང་རྐྱེན་གང་དག་གིས་རེག་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་ལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པས་རེག་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རེག་པའི་ཁམས་ཤེས་པ་ 63b འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། རེག་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ཏེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རེག་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན། དེ་བཞིན་གཤེགས་པས་རེག་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་གང་གིས་རེག་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་ 64a ༄#། །པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པས་རེག་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང་ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །བམ་པོ་བཞི་པ། ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ལུས་དང་རེག་པ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་སྐྱེ་བ་ན་ནང་གི་ལུས་ལས་ཀྱང་མ་བྱུང ། ཕྱི་རོལ་གྱི་རེག་པ་ལས་ཀྱང་མ་འོངས། བར་དུ་རྣམ་པར་བཟུང་སྟེ་འང་མི་གནས་མོད་ཀྱི། འོན་ཀྱང་ཚོགས་པའི་དབང་གིས་སྐྱེ་ཞིང་འོད་བ་མེད་ལ་འགྲོ་བ་མེད་པ་དང ། སྟོང་ཞིང་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས། ལུས་ཀྱི་ 64b རྣམ་པར་ཤེས་པས་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང་རྐྱེན་གང་དག་གིས་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུའི་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་ལྟ་བར་གནས་པ་ནས། དེ་བཞིན་དུ་སྦྱར་ཏེ་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་ལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང་ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་པ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་ 65a ༄#། །གང་དག་གིས་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་བར་རྗེ་སུ་བལྟ་བར་གནས་པ་ནས་དེ་བཞིན་དུ་སྦྱར་ཏེ། ཕྱིར་རྒོལ་པར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་བ་བསལ་ནས་དེ་བཞིན་དུ་སྦྱར་ཏེ་བདེ་བ་ལ་བཙུད་པའི་བར་དུ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་ 65b བཞིན་གཤེགས་པ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁམས་དང་ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་པའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་དེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་སྟེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁམས་དང་ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་ 66a ༄#། །རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འདས་མ་ཐག་པའི་ཡིད་དང་པོ་ཉིད་དུ་བྱུང་བ་གང་ཡིན་པ་འདི་ནི། ཡིད་ཀྱི་ཁམས་ཞེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཡིད་ཀྱི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ 66b ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ཡིད་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ཡིད་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། ། ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་གྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ 67a ༄#། །ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཡིད་ཀྱི་ཁམས་ཤེས་པ་འགོག་པ་སྟེ།་དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཡིད་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཡིད་ཀྱི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད།་མངོན་སུམ་བྱས་པའི་འགོག་པ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ 67b ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཆོས་ཀྱི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཡིད་ཀྱི་ཁམས་ཀྱི་སྤྱོད་ཡུལ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། རྣམ་པར་ཤེས་པ་ཚོགས་དྲུག་དག་གིས་འདི་ནི་ཆོས་ཀྱི་ཁམས་ཞེས་བྱའོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་ཆོས་ཀྱི་ཁམས་ཐམས་ཅད་ཅེས་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཆོས་ཀྱི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཆོས་ཀྱི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ 68a ༄#། །ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཆོས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ།་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ཆོས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ཆོས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཆོས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་ 68b གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཆོས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཆོས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པར་འགྲུབ་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཆོས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཆོས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་ 69a ༄#། །རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཆོས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཆོས་ཀྱི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་པར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཆོས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཡིད་ 69b རྣམ་པར་རྒྱུ་བ་དང་པོར་བྱུང་བའི་རྗེས་སུ་འབྲང་བ་འཇལ་བ་དང ། དཔྱོད་པ་གང་ཡིན་པ་འདི་ནི། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ 70a ༄#། །མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། །ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་ 70b རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་གང་གིས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ་གལ་ 71a ༄#། །ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་དེ་ངེས་པར་འབྱུང་བར་རྗེས་སུ་ལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་དེ་ལྟར་ན་དེ་བཞིན་གཤེགས་པས་ཁམས་དུ་མ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པས་ཁམས་དུ་མ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། ། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པ་ཁམས་སྣ་ཚོགས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ 71b མཁྱེན་ཏེ། འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ། འདོད་པའི་ཁམས་ཤེས་པ་འགོག་པ་ཤེས་པ། འདོད་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ན་གནོད་སེམས་ཀྱི་ཁམས་ཤེས་པ་དང ། རྣམ་པར་འཚེ་བའི་ཁམས་དང ། ངེས་པར་འབྱུང་བའི་ཁམས་དང ། གནོད་སེམས་མེད་བའི་ཁམས་དང ། རྣམ་པར་མི་འཚེ་བའི་ཁམས་དང ། ལོག་པར་ལྟ་བའི་ཁམས་དང ། འདས་པའི་ཁམས་དང ། མ་འོངས་པའི་ཁམས་དང།་ད་ལྟར་བྱུང་བའི་ཁམས་དང ། དགེ་བའི་ཁམས་དང ། མི་དགེ་བའི་ཁམས་དང ། ལུང་དུ་མ་བསྟན་པའི་ཁམས་དང ། ཟག་པ་དང་བཅས་པའི་ཁམས་དང།་ཟག་པ་མེད་པའི་ཁམས་དང ། ཟང་ཟིང་དང་བཅས་པའི་ཁམས་དང ། ཟང་ཟིང་མེད་པའི་ཁམས་དང ། འཕགས་པའི་ཁམས་དང ། འཕགས་པ་མ་ཡིན་པའི་ཁམས་དང ། འཇིག་རྟེན་པའི་ཁམས་དང ། འཇིག་རྟེན་ལས་འདས་པའི་ཁམས་དང ། འདུས་བྱས་ཀྱི་ཁམས་དང ། འདུས་མ་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ། འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ། འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་ 72a ༄#། །པ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་སྲེད་པའི་རྣམ་པར་སྤྱོད་པ་སུམ་ཅུ་རྩ་དྲུག་གིས་ཀུན་ནས་ཉོན་མོངས་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། འདོད་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འདོད་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་ཤིན་ཏུ་ཐུགས་སུ་ཆུད་པར་མཛད་དེ། ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་གང་འདོད་པའི་ཁམས་ཤེས་པ་ལ་ཞུ་བ་ཞུས་པའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག། དེ་ལྟ་བས་ན། འདིར་གང་ 72b གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང ། ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་ 73a ༄#། །རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། འདོད་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། འདོད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འདོད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདོད་ 73b པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་པ་གང་གིས་འདོད་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འདོད་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་སྤོབས་པ་ཟང་མི་ཤེས་པ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གནོད་སེམས་ཀྱི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་དག་གིས་ཀུན་ནས་ཉོན་མོངས་པའི་ཁམས་རབ་ཏུ་མཁྱེན་ཏེ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་ 74a ༄#། །པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། གནོད་སེམས་ཀྱི་ཁམས་ཤེས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་གནོད་སེམས་ཀྱི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་པར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་གནོད་སེམས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་གནོད་སེམས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་གནོད་སེམས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་ 74b བས་གནོད་སེམས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། གནོད་སེམས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་གནོད་སེམས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནོད་སེམས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་གནོད་སེམས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་པ་གང་གིས་གནོད་ 75a ༄#། །སེམས་ཀྱི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་དེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནོད་སེམས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན།་དེ་བཞིན་གཤེགས་པས་རྣམ་པར་འཚེ་བའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་དག་གིས་ཀུན་ནས་ཉོན་མོངས་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་འཚེ་བའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་འཚེ་བའི་ཁམས་ཤེས་ 75b པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། ། ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་འཚེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་རྣམ་པར་འཚེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་རྣམ་པར་འཚེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་འཚེ་བའི་ཁམས་ཤེས་པ་ཀུན་འབྱུང་ 76a ༄#། །བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་པར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་འཚེ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་མཛད་ནས་བདེ་བ་ལ་བཙུད་པ་ནི་རྣམ་པར་འཚེ་བའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་འཚེ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་འཚེ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། ། 76b ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་འཚེ་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཤེས་པ་གང་གིས་རྣམ་པར་འཚེ་བའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ།་གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་འཚེ་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ངེས་པར་འགྱུར་བའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སྲིད་པའི་རྣམ་པར་སྤྱོད་པ་སུམ་ཅུ་རྩ་དྲུག་གིས་ཀུན་ནས་ཉོན་མོངས་པ་མེད་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པ་ངེས་པར་འབྱུང་བའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་ 77a ༄#། །བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ངེས་པར་འབྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ངེས་པར་འབྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ངེས་པར་འབྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་ 77b པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ངེས་པར་འབྱིན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ངེས་པར་འབྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ངེས་པར་འབྱུང་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ།་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ངེས་པར་འབྱུང་བའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །འདི་ནི། ངེས་པར་འབྱུང་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ངེས་པར་འབྱུང་བའི་ཁམས་ 78a ༄#། །ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ངེས་པར་འབྱུང་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཤེས་པ་གང་གིས་ངེས་པར་འབྱུང་བའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པའི་ཤེས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འདི་ནི། ངེས་པར་འབྱུང་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ངེས་པར་འབྱུང་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ 78b ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་གནོད་སེམས་མེད་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་དག་གིས་ཀུན་ནས་ཉོན་མོངས་པ་མེད་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང།་གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། གནོད་སེམས་མེད་པའི་ཁམས་ཤེས་པ་ཞེས་བྱ་སྟེ།་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནོད་སེམས་མེད་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་གནོད་སེམས་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ 79a ༄#། །ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་གནོད་སེམས་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་གནོད་སེམས་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། གནོད་སེམས་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཞེས་བྱ་སྟེ།་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནོད་སེམས་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་ 79b པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། ། ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་གནོད་སེམས་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། གནོད་སེམས་མེད་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་གནོད་སེམས་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནོད་སེམས་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་ 80a ༄#། །པས་གནོད་སེམས་མེད་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་པ་གང་གིས་གནོད་སེམས་མེད་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་ལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་འདི་ནི། གནོད་སེམས་མེད་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་གནོད་སེམས་མེད་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་པ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་མི་འཚེ་བའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་ 80b གཤེགས་པས་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་དག་གིས་ཀུན་ནས་ཉོན་མོངས་པ་མེད་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། རྣམ་པར་མི་འཚེ་བའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་མི་འཚེ་བའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང།་འགོག་པ་དང ། ལམ་ཡང་སྔར་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལོག་པར་ལྟ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ལོག་པར་ལྟ་བ་ལ་ལོག་པར་ལྟ་བ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་འདིའི་ལྟ་བ་ཡང་དག་པ་ཡིན་ཞེ་ན། དེ་ལྟར་དེ་བཞིན་གཤེགས་པས་ལོག་པར་ལྟ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་སྦྱར་ཏེ། དེ་ 81a ༄#། །ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལོག་པར་ལྟ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ།་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ལོག་པར་ལྟ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང ། ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ལོག་པར་ལྟ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་དེ་བཞིན་དུ་སྦྱར་ཏེ་ཐམས་ཅད་ལའང་བྱའོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདས་པའི་ཁམས་སུ་གྱུར་པ་བྱུང་བ་དང ། སྐྱེས་པ་དང ། ཀུན་ནས་སྐྱེས་པ་དང ། ཤིན་ཏུ་བྱུང་བ་དང ། རབ་ཏུ་བྱུང་བ་ 81b དང ། འདས་པའི་ཆར་གྱུར་པ་དང ། འདས་པའི་རྒྱུད་མ་ཆད་པ་དང ། འདས་པའི་དུས་ཀྱིས་བཟུང་བ་གང་ཡིན་པ་འདི་ནི། འདས་པའི་ཁམས་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འདས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་བར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འདས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་འདས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང ། ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་འདས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པ་རྗེས་སུ་བལྟ་བར་གནས་པ་ནས་དེ་བཞིན་དུ་སྦྱར་ཏེ་ཐམས་ཅད་ལའང་བྱའོ། །ཁྱིམ་བདག་།ཇི་ལྟར་ 82a ༄#། །ན།་དེ་བཞིན་གཤེགས་པས་མ་འོངས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཁམས་མ་སྐྱེས་པ་དང ། ཀུན་ནས་མ་སྐྱེས་པ་དང ། མ་བྱུང་བ་དང ། ཀུན་ནས་མ་བྱུང་བ་དང ། རབ་ཏུ་མ་བྱུང་བ་དང ། ཤིན་ཏུ་མ་བྱུང་བ་དང ། མ་འོངས་པར་གྱུར་པ་དང ། མ་འོངས་པའི་རྒྱུད་དུ་གྱུར་པ་དང ། མ་འོངས་པའི་རྒྱུད་མ་ཆད་པ་དང ། མ་འོངས་པའི་དུས་ཀྱིས་བཟུང་བ་དང ། མ་འོངས་པའི་དུས་མ་ཆད་པ་གང་ཡིན་པ་འདི་ནི། མ་འོངས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་སྔར་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ད་ལྟར་བྱུང་བའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཁམས་སྐྱེས་པ་དང ། ཀུན་ནས་སྐྱེས་པ་དང ། བྱུང་བ་དང ། ཀུན་ནས་བྱུང་བ་དང ། རབ་ཏུ་བྱུང་བ་དང ། ད་ལྟར་བྱུང་བ་དང ། ད་ལྟར་བྱུང་བའི་རྒྱུད་དུ་གྱུར་པ་དང ། ད་ལྟར་བྱུང་བའི་དུས་ཀྱིས་བཟུང་བ་དང ། ད་ལྟར་བྱུང་བའི་རྒྱུད་མ་ཆད་པ་གང་ཡིན་པ་འདི་ནི། ད་ལྟར་བྱུང་བའི་ཁམས་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་ 82b པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྔར་ཇི་སྐད་བསྟན་པ་བཞིན་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ད་ལྟར་བྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ།་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ད་ལྟར་བྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ད་ལྟར་བྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ད་ལྟར་བྱུང་བའི་ 83a ༄#། །ཁམས་ཤེས་པ་ཀུན་འབྱུང་བ་ཤེས་བ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ད་ལྟར་བྱུང་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་སྔར་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན།་དེ་བཞིན་གཤེགས་པས་དགེ་བའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་པ་དག། འདི་ལ་དེ་བཞིན་གཤེགས་པས་དགེ་བ་བཅུའི་ལས་ཀྱི་ལམ་དང་ཡང་དག་པར་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། དགེ་བའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དགེ་བའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་བ་ན་བསྐལ་བར་ལན་གསུམ་བ་ནས་དེ་བཞིན་དུ་སྦྱར་ 83b ཏེ།་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དགེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་དགེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་དགེ་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གསལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དགེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་ 84a ༄#། །བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་དགེ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། དགེ་བའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། དགེ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དགེ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་ 84b སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དགེ་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལ་མ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་དགེ་བའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་འདི་ནི། དགེ་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དགེ་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་པ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །བམ་པོ་ལྔ་པ། ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་མི་དགེ་བའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་ཡང་ 85a ༄#། །དག་པར་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། མི་དགེ་བའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མི་དགེ་བའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་མི་དགེ་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་མི་དགེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། 85b རྒྱུ་གང་དང ། རྐྱེན་གང་དག་གིས་མི་དགེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།་གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི་མི་དགེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མི་དགེ་བའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མི་དགེ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་ 86a ༄#། །པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། མི་དགེ་བའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། མི་དགེ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མི་དགེ་བའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་མི་དགེ་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་གང་གིས་མི་དགེ་བའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་པར་སུམ་དུ་བྱས་པའི་འགོག་པ། གལ་ཏེ་རོ་མྱང་བ་མེད་པར་ 86b རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་འདི་ནི། མི་དགེ་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མི་དགེ་བའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ལས་ཀྱི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁམས་གང་ཡང་དག་པར་ཡོངས་སུ་སྤྱད་པ་དང ། གང་མི་མཐུན་པར་ཡོངས་སུ་སྤྱད་པ་དང ། གང་དུས་ཚིགས་སུ་ཡོངས་སུ་སྤྱད་པ་དང ། གང་སྤྱོད་ལམ་པའི་ཁམས་ཤེས་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་ 87a ༄#། །པ་འདི་ནི། ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། དེ་བཞིན་གཤེགས་པ་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་པ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་པར་རྗེས་སུ་བལྟ་བར་གནས་པའི་བར་འདི་ནི། ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་ 87b པ་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པའོ། །དེ་བཞིན་གཤེགས་པ་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ 88a ༄#། །ན།་དེ་བཞིན་གཤེགས་པས་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པའོ། །དེ་བཞིན་གཤེགས་པ་ལུང་དུ་མ་བསྟན་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟག་པ་དང་བཅས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན།་ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་དང་ཡང་དག་པར་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྲིད་ 88b པའི་ཟག་པ་དང་ཡང་དག་པར་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ལྟ་བའི་ཟག་པ་དང་ཡང་དག་པར་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། མ་རིག་པའི་ཟག་པ་དང་ཡང་དག་པར་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཟག་པ་དང་བཅས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟག་པ་དང་བཅས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པ་ཟག་པ་དང་བཅས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ཟག་པ་དང་བཅས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་ 89a ༄#། །པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ཟག་པ་དང་བཅས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་དེ་བཞིན་དུ་སྦྱར་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟག་པ་དང་བཅས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ 89b ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཟག་པ་དང་བཅས་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ཟག་པ་དང་བཅས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པ་ཟག་པ་དང་བཅས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟག་པ་དང་བཅས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཟག་པ་དང་བཅས་པའི་ཁམས་ཤེས་པ་ཡོངས་སུ་ཤེས།་ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་ 90a ༄#། །གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟག་པ་དང་བཅས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟག་པ་མེད་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་དང་མི་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སྲིད་པའི་ཟག་པ་དང ། ལྟ་བའི་ཟག་པ་དང ། མ་རིག་པའི་ཟག་པ་དང་མི་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ཟག་པ་མེད་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་ 90b གཤེགས་པ་ཟག་པ་མེད་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཟག་པ་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ཟག་པ་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ཟག་པ་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟག་པ་མེད་པའི་ཁམས་ 91a ༄#། །ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟག་པ་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཟག་པ་མེད་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ཟག་པ་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟག་པ་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། 91b དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟག་པ་མེད་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཟག་པ་མེད་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟག་པ་མེད་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདོད་པའི་ཡོན་ཏན་ལྔ་དང་ཡང་ 92a ༄#། །དག་པར་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་ཤེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པ་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་ཟང་ཟིང་དང་བཅས་པའི་ཁམས་ 92b ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་བར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དུའོ། །དེ་བཞིན་གཤེགས་པ་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་ 93a ༄#། །པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་བར་འབྱུང་བར་རྗེས་སུ་བལྟ་བར་གནས་པའི་ཤེས་པ་དེ་ 93b ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟང་ཟིང་དང་བཅས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན།་དེ་བཞིན་གཤེགས་པས་ཟང་ཟིང་མེད་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདོད་པའི་ཡོན་ཏན་ལྔ་དག་དང་མི་ལྡན་པའི་ཟང་ཟིང་མེད་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ཟང་ཟིང་མེད་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟང་ཟིང་མེད་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཟང་ཟིང་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་ 94a ༄#། །བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ཟང་ཟིང་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ཟང་ཟིང་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟང་ཟིང་མེད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟང་ཟིང་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་ 94b པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་པ་ནས་དེ་བཞིན་དུ་སྦྱར་ཏེ་བདེ་བ་ལ་བཙུད་པ་འདི་ནི། ཟང་ཟིང་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཟང་ཟིང་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟང་ཟིང་མེད་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་ཟང་ཟིང་མེད་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཟང་ཟིང་མེད་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་ 95a ༄#། །པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཟང་ཟིང་མེད་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག། དེ་བཞིན་གཤེགས་པས་འཕགས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཆགས་པ་དང་མི་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཞེ་སྡང་དང་མི་ལྡན་པ་དང ། གཏི་མུག་དང་མི་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། འཕགས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཕགས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ 95b ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཕགས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་འཕགས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་འཕགས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཕགས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཕགས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། 96a ༄#། །འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ།་སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། འཕགས་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། འཕགས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཕགས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཕགས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་འཕགས་བའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་ 96b དུ་བྱས་པའི་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཕགས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་པ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཆགས་པ་དང་ཡང་དག་པར་ལྡན་པ་དང ། ཞེ་སྡང་དང་ཡང་དག་པར་ལྡན་པ་དང ། གཏི་མུག་དང་ཡང་དག་པར་ལྡན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། འཕགས་པ་མ་ཡིན་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ 97a ༄#། །ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན།་ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཕགས་པ་ 97b མ་ཡིན་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་པ་ནས་དེ་ནི་ 98a ༄#། །ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་བར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཤེས་པ་གང་གིས་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ་།གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཕགས་པ་མ་ཡིན་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་པའི་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། 98b ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འཇིག་རྟེན་པའི་ཀུན་ཏུ་སྤྱོད་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་པའི་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་པའི་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་པའི་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་འཇིག་རྟེན་པའི་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ།་རྒྱུ་གང་དང ། རྐྱེན་གང་དག་གིས་འཇིག་རྟེན་པའི་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུད་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟར་བཞིན་ 99a ༄#། །རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་པའི་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་པའི་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། འཇིག་རྟེན་པའི་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། འཇིག་རྟེན་པའི་ཁམས་ཤེས་པ་ 99b འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་པའི་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་འཇིག་རྟེན་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་ 100a ༄#། །སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འཁོར་བ་འགོག་པའི་རྗེས་སུ་མཐུན་པའི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུངས་པ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་འཇིག་རྟེན་ལས་འདས་པའི་ཁམས་ 100b ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པ་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ 101a ༄#། །ཏེ།་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་གང་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་ལས་འདས་པའི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། 101b ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདུས་བྱས་ཀྱི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འདུས་བྱས་ཀྱི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདུས་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་འདུས་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་འདུས་བྱས་ཀྱི་ཁམས་ 102a ༄#། །ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འདུས་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདུས་བྱས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། འདུས་བྱས་ཀྱི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་ 102b བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི།་འདུས་བྱས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། །དེ་བཞིན་གཤེགས་པ་འདུས་བྱས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདུས་བྱས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་པ་གང་གིས་འདུས་བྱས་ཀྱི་ཁམས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད།་མངོན་སུམ་དུ་བྱས་པའི་འགོག་པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པའོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། འདུས་བྱས་ཀྱི་ཁམས་ཤེས་པ་འགོག་ 103a ༄#། །པར་འགྱུར་བའི་ལམ་ཤེས་པའོ། །དེ་བཞིན་གཤེགས་པ་འདུས་བྱས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །བམ་པོ་དྲུག་པ། ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདུས་མ་བྱས་ཀྱི་ཁམས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སོ་སོར་བརྟགས་པས་འགོག་པ་དང ། ནམ་མཁའ་དང ། མྱ་ངན་ལས་འདས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། འདུས་མ་བྱས་ཀྱི་ཁམས་ཀྱི་ཤེས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་འདུས་མ་བྱས་ཀྱི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདུས་མ་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་ 103b པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་འདུས་མ་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་འདུས་མ་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འདུས་མ་བྱས་ཀྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ 104a ༄#། །འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། དེ་བཞིན་གཤེགས་པ་འདུས་མ་བྱས་ཀྱི་ཁམས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཤེས་པ་གང་གིས་འདུས་མ་བྱས་ཀྱི་ཁམས་ཤེས་པ་ཡོངས་སུ་ཤེས། 104b ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་ལམ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པའོ། །དེ་བཞིན་གཤེགས་པ་འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་པར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་དེ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་འདུས་མ་བྱས་ཀྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་བཞུ་བ་ཞུས་པའི་སྤོབས་པ་ཟད་མི་ཤེས་སོ།། དེ་ལྟ་བས་ན། འདིར་གང་གིས་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཉི་མ་དང་ཟླ་བ་ཡོངས་སུ་རྒྱུ་བས་ཕྱོགས་གསལ་ཞིང་ 105a ༄#། །སྣང་བར་བྱེད་པའི་ཟླ་བ་སྟོང་དང ། ཉི་མ་སྟོང་དང ། ཛམྦུའི་གླིང་སྟོང་དང ། གླིང་ཆེན་པོ་དང ། ཤར་གྱི་ལུས་འཕགས་སྟོང་དང ། བྱང་གི་སྒྲ་མི་སྙན་སྟོང་དང ། ནུབ་ཀྱི་བ་ལང་སྤྱོད་སྟོང་དང ། རྒྱལ་ཆེན་བཞིའི་རིས་སྟོང་དང ། སུམ་ཅུ་རྩ་གསུམ་གྱི་གནས་སྟོང་དང ། འཐབ་བྲལ་གྱི་གནས་སྟོང་དང ། དགའ་ལྡན་གྱི་གནས་སྟོང་དང ། འཕྲུལ་དགའི་གནས་སྟོང་དང ། གཞན་འཕྲུལ་དབང་ཕྱེད་ཀྱི་གནས་སྟོང་དང ། ཚངས་པའི་འཇིག་རྟེན་སྟོང་ཇི་སྙེད་པ་འདི་ནི། སྟོང་སྤྱི་ཕུད་དང ། ཆུང་དུ་དང ། ཐ་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། ཚུལ་དེ་ལྟ་བུའི་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་འདི་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །ཚུལ་དེ་ལྟ་བུའི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་འདི་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། འདྲ་བར་འཇིག་།འདྲ་བར་ཆགས། འདྲ་བར་ཞིག་ནས་གནས། འདྲ་བར་ཆགས་ནས་གནས་སོ། །ཚུལ་དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གཞན་དག་ནི། འཇིག་།གཞན་དག་ནི། ཆགས། གཞན་དག་ཞིག་ནས་གནས། 105b གཞན་དག་ཆགས་ནས་གནས་ཏེ། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་དང ། ཤར་ལྷོ་དང ། ལྷོ་ནུབ་དང ། ནུབ་བྱང་དང ། བྱང་ཤར་དང ། འོག་དང ། སྟེང་གི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གཞན་དག་ནི། འཇིག་།གཞན་དག་ནི། ཆགས། གཞན་དག་ཞིག་ནས་གནས། གཞན་དག་ཆགས་ནས་གནས་སོ། ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། འཇིག་རྟེན་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་པའི་རྩ་བ་བསྐྱེད་ནས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་ 106a ༄#། །བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་འཇིག་རྟེན་གྱི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ།་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་ 106b བ་ལ་བཙུད་པ་ནི། འཇིག་རྟེན་གྱི་ཁམས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ།་ཤེས་པ་གང་གིས་འཇིག་རྟེན་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་ 107a ༄#། །པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི། གཟུགས་ལ་མོས་སོ། །སེམས་ཅན་འདི་དག་ནི། སྒྲ་ལ་མོས་སོ། ། སེམས་ཅན་འདི་དག་ནི། དྲི་ལ་མོས་སོ། །སེམས་ཅན་འདི་དག་ནི། རོ་ལ་མོས་སོ། །སེམས་ཅན་འདི་དག་ནི། རེག་བྱ་ལ་མོས་སོ། །ཞེས་ཁྱིམ་བདག་།དེ་ལྟར་ན།་དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོས་པ་དུ་མ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། 107b སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་མོས་པ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་མོས་བ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོས་པ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ 108a ༄#། །ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། མོས་པ་དུ་མ་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཤེས་པ་གང་གིས་མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་ལ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་ 108b རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་བའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོས་པ་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་པ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི། སྔོན་པོ་ལ་མོས་སོ། །སེམས་ཅན་འདི་དག་ནི། སེར་པོ་ལ་མོས་སོ། །སེམས་ཅན་འདི་དག་ནི། དམར་པོ་ལ་མོས་སོ། །སེམས་ཅན་འདི་དང་ནི། དཀར་པོ་ལ་མོས་སོ། །སེམས་ཅན་འདི་དག་ནི། སྣ་ཚོགས་ལ་མོས་སོ། །ཞེས་ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་ཡང་དག་པ་ཇི་ལྟར་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོས་པ་སྣ་ཚོགས་ཤེས་པ་དེ་ལའང་ཞུ་པ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་ 109a ༄#། །བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། 109b དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། མོས་པ་སྣ་ཚོགས་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། བདེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་ 110a ༄#། །གཤེགས་པ་ཤེས་པ་གང་གིས་མོས་པ་སྣ་ཚོགས་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ།་གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོས་པ་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་མིག་གི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མིག་གི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས། མིག་གི་དབང་པོ་ཤེས་པ་འགོག་པ་ཤེས། མིག་གི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་ 110b བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས། ཡིད་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས།་ཡིད་ཀྱི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དང ། མོའི་དབང་པོ་ཤེས་པ་དང ། ཕོའི་དབང་པོ་ཤེས་པ་དང ། ལམ་ཤེས་པ་དང ། སྲོག་གི་དབང་པོ་ཤེས་པ་དང ། བདེ་བའི་དབང་པོ་ཤེས་པ་དང ། སྡུག་བསྔལ་གྱི་དབང་པོ་ཤེས་པ་དང ། ཡིད་བདེ་བའི་དབང་པོ་ཤེས་པ་དང ། ཡིད་མི་བདེ་བའི་དབང་པོ་ཤེས་པ་དང ། བཏང་སྙོམས་ཀྱི་དབང་པོ་ཤེས་པ་དང ། དད་པའི་དབང་པོ་ཤེས་པ་དང ། བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་དང ། དྲན་པའི་དབང་པོ་ཤེས་པ་དང ། ཏིང་ངེ་འཛིན་གྱི་དབང་པོ་ཤེས་པ་དང ། ཤེས་རབ་ཀྱི་དབང་པོ་ཤེས་པ་དང ། མི་ཤེས་པ་ཀུན་ཤེས་པའི་དབང་པོ་ཤེས་པ་དང ། ཀུན་ཤེས་པའི་དབང་པོ་ཤེས་པ་དང ། ཀུན་ཤེས་པར་བྱེད་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས། ཀུན་ཤེས་པར་བྱེད་པའི་དབང་པོ་ཤེས་པ་འགོག་པ་ཤེས། ཀུན་ཤེས་པར་བྱེད་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པའི་བར་ཡང་དག་བ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཐམས་ཅད་ལའང་རྒྱས་པར་བྱ་ཞིང་མདོ་དང་པོ་ཇི་ལྟ་བ་བཞིན་ནོ། །ཁྱིམ་བདག་ 111a ༄#། །ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། འབྱུང་བ་ཆེན་པོ་བཞི་དག་གི་དང་བ་ནི། མིག་གི་དབང་པོ་ཡིན་ཏེ། སའི་ཁམས་དང་བ་དང ། ཆུའི་ཁམས་དང་བ་དང ། མེའི་ཁམས་དང་བ་དང ། རླུང་གི་ཁམས་དང་བ་ཡིན་ཏེ། དེ་ལ་སའི་ཁམས་དང་བའང་ཚིག་མ་ཡིན་ལ། སའི་ཁམས་དང་བ་ལས་གཞན་པའང་མིག་མ་ཡིན། ཆུའི་ཁམས་དང་བའང་མིག་མ་ཡིན་ལ། ཆུའི་ཁམས་དང་བ་ལས་གཞན་པའང་མིག་མ་ཡིན། མེའི་ཁམས་དང་བའང་མིག་མ་ཡིན་ལ། མེའི་ཁམས་དང་བ་ལས་གཞན་པའང་མིག་མ་ཡིན། རླུང་གི་ཁམས་དང་བའང་མིག་མ་ཡིན། རླུང་གི་ཁམས་དང་བ་ལས་གཞན་པའང་མིག་མ་ཡིན་མོད་ཀྱི། ཁྱིམ་བདག་།འོན་ཀྱང་ལས་ཀྱི་རྣམ་པར་སྨིན་པས་མིག་ཡོངས་སུ་གྲུབ་པ་ཡིན་ཏེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། མིག་གི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ 111b ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་མིག་གི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་མིག་གི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།་གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་ངས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་ 112a ༄#། །གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། མིག་གི་དབང་པོ་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་དབང་པོ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ།་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མིག་གི་དབང་པོ་ 112b ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་མིག་གི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མིག་གི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རྣ་བའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། འབྱུང་བ་ཆེན་པོ་བཞི་དང་བ་ནི། རྣ་བའི་དབང་པོ་ཡིན་ཏེ། སའི་ཁམས་དང་བ་དང ། ཆུའི་ཁམས་དང་བ་དང ། མེའི་ཁམས་དང་བ་དང ། རླུང་གི་ཁམས་དང་བ་ཡིན་ཏེ། དེ་ལ་སའི་ཁམས་དང་བའང་རྣ་བའི་དབང་པོ་མ་ཡིན་ལ། སའི་ཁམས་དང་བ་ལས་གཞན་པའང་ 113a ༄#། །རྣ་བའི་དབང་པོ་མ་ཡིན་ཞིང ། རླུང་གི་ཁམས་དང་བ་ལས་གཞན་པའང་རྣ་བའི་དབང་པོ་མ་ཡིན་མོད་ཀྱི། འོན་ཀྱང་ལས་ཀྱི་རྣམ་པར་སྨིན་པས་རྣ་བའི་དབང་པོ་མངོན་པར་གྲུབ་པ་ཡིན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་ནམ་མཁས་པའི་བར་གང་ཡིན་པ་འདི་ནི། རྣ་བའི་དབང་པོ་ཤེས་པ་ཞེས་བྱ་སྟེ།་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣ་བའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །སྣ་དང ། ལྕེ་དང ། ལུས་ཀྱང་དེ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཡིད་ཀྱི་དབང་པོ་ནི། དབང་པོ་ལྔ་དག་གི་གཙོ་བོ་ཡིན་ནོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡིད་ཀྱི་དབང་པོ་ནི། དབང་པོ་ལྔ་དག་གི་སྤྱོད་ཡུལ་ལ་སྤྱོད་པ་དང ། ཡིད་ཀྱི་དབང་པོ་ནི། དབང་པོ་ལྔའི་ཞིང་ཡིན་ནོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ 113b ཡིད་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མོའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། མོའི་སྒྲ་དང ། མོའི་དབྱིབས་དང ། མོའི་ལྦ་བ་དང ། མོའི་ཚུལ་དང ། མོའི་ཀུན་ཏུ་སྤྱོད་པ་གང་ཡིན་པ་འདི་ནི། མོའི་དབང་པོའོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། མོའི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མོའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཕོའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ 114a ༄#། །མཁྱེན་ཅེ་ན། ཕོའི་སྒྲ་དང ། ཕོའི་ཆ་བྱད་དང ། ཕོའི་ལྦ་བ་དང ། ཕོའི་ཚུལ་དང ། ཕོའི་ཀུན་ཏུ་སྤྱོད་པ་གང་ཡིན་པ་འདི་ནི། ཕོའི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཕོའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཚེའི་དབང་པོ་ཤེས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།སེམས་ཅན་གང་དག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་ཚེའི་ཚད་ཉིན་ཞག་གཅིག་ཡོད་དེ། དུས་མ་ཡིན་པར་འཆི་བའང་ཡོད། སེམས་ཅན་གང་དག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་ཚེའི་ཚད་ལྔ་བརྒྱ་པའང་ཡོད་ལ། དུས་མ་ཡིན་པར་འཆི་བའང་ཡོད། སེམས་ཅན་གང་དག་དུད་འགྲོའི་སྐྱེ་གནས་སུ་སོང་བའི་ཚེའི་ཚད་བསྐལ་པར་གནས་པའང་ཡོད་ལ། དུས་མ་ཡིན་པར་འཆི་བའང་ཡོད། ཛམྦུའི་གླིང་གི་མི་རྣམས་ཀྱི་ཚེའི་ཚད་ནི། ལོ་བརྒྱ་པ་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། 114b ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི། ལོ་ཉིས་བརྒྱ་ལྔ་བཅུ་པ་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ཀྱི་ཚེའི་ཚད་ནི། ལོ་ལྔ་བརྒྱ་པ་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི། ལོ་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་དང་དེ་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ་།ཉིན་ཞག་གི་ཚད་ནི། དེས་ཉི་མ་བཅོ་ལྔ་ལ་ཟླ་བ་ཕྱེད་དོ། །ཉི་མ་སུམ་ཅུ་ལ་ཟླ་བ་གཅིག་གོ་།ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ་།རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། ལོ་ལྔ་བརྒྱ་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། མི་རྣམས་ཀྱི་ལོ་བརྒྱ་པ་དེ་ནི།་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེས་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ་།སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། ལོ་སྟོང་སྟེ།་དུས་མ་ཡིན་པར་མཆི་བའང་ཡོད། མི་རྣམས་ཀྱི་ལོ་ཉིས་བརྒྱ་གང་ཡིན་པ་དེ་ནི། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ་།ཉིན་ཞག་གི་ཚད་དེས་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ་།ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ་།འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཚད་མེད་ནི། །ལོ་ཉིས་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། མི་རྣམས་ 115a ༄#། །ཀྱི་ལོ་བཞི་བརྒྱ་གང་ཡིན་པ་དེ་ནི། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ་།ཉིན་ཞག་གི་ཚད་དེས་ཞེས་བྱ་བ་ནས་ཟླ་བ་བཅུ་གཉིས་དང་ལོའི་བར་དུའོ། །དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། ལོ་བཞི་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་ནི། འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ་།ཉིན་ཞག་གི་ཚད་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ནི། ལོ་བརྒྱད་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། མི་རྣམས་ཀྱི་ལ་སྟོང་དྲུག་བརྒྱ་གང་ཡིན་པ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ་།ཉིན་ཞག་གི་ཚད་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། ལོ་ཁྲི་དྲུག་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། ཚངས་པ་དང ། ཚངས་རིས་དང ། ཚངས་པའི་མདུན་ན་འདོན་དང ། ཚངས་འཁོར་དང ། ཚངས་པ་ཆེན་པོ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་ཏེ། དུས་མ་ཡིན་པར་འཆི་བའང་ཡོད། འོད་དང ། འོད་ཆུང་དང ། ཚད་མེད་འོད་དང ། འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་གཉིས་ཏེ། དུས་མ་ཡིན་པར་འཆི་བའང་ཡོད། དགེ་བ་དང ། 115b ཆུང་དགེ་དང ། ཚད་མེད་དགེ་དང ། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བཞི་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། ཆེ་བ་དང ། ཆུང་ཆེ་དང ། ཚད་མེད་ཆེ་དང ། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བརྒྱད་དེ། དུས་མ་ཡིན་པར་འཆི་བའང་ཡོད། འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི།་བསྐལ་པ་ལྔ་བརྒྱའོ། །མི་ཆེ་བ་རྣམས་ཀྱི་ནི། བསྐལ་པ་སྟོང་ངོ ། །མི་གདུང་བ་རྣམས་ཀྱི་ནི། བསྐལ་པ་ཉིས་སྟོང་ངོ ། །གྱ་ནོམ་སྣང་བ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བཞི་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། ཤིན་ཏུ་མཐོང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བརྒྱད་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་ཁྲི་དྲུག་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད་དེ། ཚིག་ཐམས་ཅད་ལའང་སྦྱར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་ཉི་ཁྲི་ཆིག་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བཞི་ཁྲི་ཉིས་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། ཅིའང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་བ་དྲུག་ཁྲི་སུམ་སྟོང་སྟེ། དུས་མ་ཡིན་པར་འཆི་ 116a ༄#། །བའང་ཡོད། འདུ་ཤེས་མེད་འདུ་ཤེས་མེད་མིན་ལྷ་རྣམས་ཀྱི་ཚེའི་ཚད་ནི། བསྐལ་པ་བརྒྱད་ཁྲི་བཞི་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་གི་ཚེའི་ཚད་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཚེའི་ཚད་ནི། ལོ་ལྔ་བརྒྱ་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་གོ། ཉིན་ཞག་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་ནི། ལོ་སྟོང་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་ནི། སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་ཀྱི་ཉིན་ཞག་གཅིག་གོ་།ཉིན་ཞག་གི་ཚད་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་ཀྱི་ཚེའི་ཚད་ནི། ལོ་ཉིས་སྟོང་ངོ ། །དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི། དུ་འབོད་གཏུམ་པོའི་ཉིན་ཞག་གཅིག་གོ་།ཉིན་ཞག་དེས་ཞེས་བྱ་བ་ནས་ལོའི་བར་དུ་སྟེ། ཚེའི་ 116b ཚད་ལོ་བཞི་སྟོང་ངོ ། །འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཆད་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བ་ཆེན་བོ་ཚ་བའི་ཉིན་ཞག་གཅིག་གོ། ཉིན་ཞག་གི་ཚད་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་རྣམས་ཀྱི་ཚེའི་ཚད་ནི། ལོ་བརྒྱད་སྟོང་ངོ ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི།་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཉིན་ཞག་གཅིག་གོ། ཉིན་ཞག་གི་ཚད་དེས་ཞེས་བྱ་བ་ནས་ལོའི་བར་དུའོ། །སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ནི། ལོ་ཁྲི་དྲུག་སྟོང་ངོ ། །སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་ཚེའི་ཚད་ནི། བསྐལ་པ་ཕྱེད་དེ། དུས་མ་ཡིན་པར་འཆི་བའང་ཡོད། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཚེའི་ཚད་ནི། བསྐལ་པ་སྟེ། དུས་མ་ཡིན་པར་འཆི་བའང་ཡོད། འདི་ལྟ་སྟེ། དཔེར་ན། ཡུལ་མ་ག་དྷའི་ཁལ་གསུམ་བྲེ་བཞིའི་ཕྲག་ཉི་ཤུ་ལ་ཏིལ་ཁལ་དྲུག་ཅུ་རྩ་བཞི་སྟེ། དེ་ལས་ལོ་བརྒྱ་འདས་ཤིང་མིས་ཏིལ་འབྲུ་གཅིག་བོར་ཏེ། རྣམ་གྲངས་དང་ཐབས་དེ་ལྟ་བུས་ཡུལ་མ་ག་དྷའི་ཁལ་དྲུག་ཅུ་རྩ་བཞི་ལས་ཟད་པར་གྱུར་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་ཆུ་བུར་ཅན་གྱི་ཚེའི་ཚད་ནི། དེ་ལྟར་མི་ཟད་དོ། །སེམས་ཅན་དམྱལ་བ་ཆེན་པོ་ཆུ་བུར་ཅན་གྱི་ཚེའི་ཚད་ཉི་ཤུ་གང་ཡིན་ 117a ༄#། །པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཆུ་བུར་རྡོལ་གྱི་ཚེའི་ཚད་གཅིག་ཡིན་ནོ། །སེམས་ཅན་དམྱལ་བ་ཆེན་པོ་ཆུ་བུར་རྡོལ་གྱི་ཚེའི་ཚད་ཉི་ཤུ་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་སོ་ཐམ་ཐམ་གྱི་ཚེའི་ཚད་གཅིག་ཡིན་ནོ། །སེམས་ཅན་དམྱལ་བ་ཆེན་པོ་སོ་ཐམ་ཐམ་གྱི་ཚེའི་ཚད་ཉི་ཤུ་གང་ཡིན་པ་དེ་ནི་ཀྱི་ཧུད་ཟེར་གྱི་ཚེའི་ཚད་གཅིག་གོ། ཀྱི་ཧུད་ཟེར་གྱི་ཉི་ཤུ་གང་ཡིན་པ་དེ་ནི་ཨ་ཆུ་ཟེར་གྱི་གཅིག་གོ། ཨ་ར་ཌེའི་ཉི་ཤུ་གང་ཡིན་པ་དེ་ནི་མེ་ཏོག་དྲི་ཞིམ་ལྟར་གས་པའི་གཅིག་གོ། མེ་ཏོག་དྲི་ཞིམ་ལྟར་གས་པའི་ཉི་ཤུ་གང་ཡིན་པ་དེ་ནི་མེ་ཏོག་དྲི་ངད་འཇམ་ལྟར་གས་པའི་གཅིག་གོ། མེ་ཏོག་དྲི་ངད་འཇམ་ལྟར་གས་པའི་ཉི་ཤུ་གང་ཡིན་པ་དེ་ནི་ཨུད་པ་ལ་ལྟར་གས་པའི་གཅིག་གོ། ཨུད་པ་ལ་ལྟར་གས་པའི་ཉི་ཤུ་གང་ཡིན་པ་དེ་ནི་ཀུ་མུ་ད་ལྟར་གས་པའི་གཅིག་གོ། ཀུ་མུད་ད་ལྟར་གས་པའི་ཉི་ཤུ་གང་ཡིན་པ་དེ་ནི་པདྨ་དཀར་པོ་ལྟར་གས་པའི་གཅིག་གོ། པདྨ་དཀར་པོ་ལྟར་གས་པའི་ཉི་ཤུ་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ལྟར་གས་པའི་ཚེའི་ཚད་གཅིག་ཡིན་ནོ། །ཁྱིམ་བདག་དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་པ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི་ཚེའི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ 117b ཏོ། །དེ་བཞིན་གཤེགས་པ་ཚེའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཙནྡན་གྱི་ཁྱམས་དང་ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་ཚེའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས་ཚེའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ཚེའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་བར་རྗེས་སུ་བལྟ་བར་གནས་པ་ནས་གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཚེའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་ 118a ༄#། །པ་དེ་ལའང་ཞུ་བ་ཞུས་བ་ན་བསྐལ་བར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་བར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཚེའི་དབང་པོ་ཤེས་པས་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཚེའི་དབང་པོ་ཤེས་པ་འགོག་པ་སྟེ།་དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །འདི་ནི། ཚེའི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཚེའི་དབང་པོ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཚེའི་དབང་པོ་ཤེས་པ་འགོག་པར་འགྱུར་ 118b བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཚེའི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཚེའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་བདེ་བའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱི་བདེ་བའི་ཚོར་བའམ། ཚོར་བའི་རྣམ་པ་བདེ་བ་གང་ཅུང་ཟད་ཡོད་པ་ཡང་དག་པར་ཡོངས་སུ་སྤྱད་པའམ། མི་མཐུན་པར་ཡོངས་སུ་སྤྱད་པའམ། སྤྱོད་ལམ་པའམ། དུས་ཚིགས་ཀྱིས་ཡོངས་སུ་བསྒྱུར་བ་འདི་ནི་བདེ་བའི་དབང་པོ་ 119a ༄#། །ཤེས་བ་ཞེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་འདི་ནི། བདེ་བའི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་བདེ་བའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་བ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྡུག་བསྔལ་གྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱི་སྡུག་བསྔལ་གྱི་ཚོར་བའམ། ཚོར་བའི་རྣམ་པ་གང་ཅུང་ཟད་ཡང་དག་པར་ཡོངས་སུ་བསྒྱུར་བའམ། མི་མཐུན་བར་ཡོངས་སུ་བསྒྱུར་བའམ། དུས་ཚིགས་ཀྱིས་ཡོངས་སུ་བསྒྱུར་བའམ། སྤྱོད་ལམ་བ་འདི་ནི། སྡུག་བསྔལ་གྱི་དབང་པོ་ཞེས་བྱ་སྟེ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་ 119b གང་ཡིན་པ་འདི་ནི། སྡུག་བསྔལ་གྱི་དབང་པོ་ཤེས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་སྡུག་བསྔལ་གྱི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་བདེ་བའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སེམས་ལས་བྱུང་བའི་བདེ་བའི་ཚོར་བའམ། ཚོར་བའི་རྣམ་པ་བདེ་བ་གང་ཅུང་ཟད་ཡང་དག་པར་ཡོངས་སུ་བསྒྱུར་བའམ་མི་མཐུན་པར་ཡོངས་སུ་བསྒྱུར་བའམ་དུས་ཚིགས་ཀྱིས་ཡོངས་སུ་བསྒྱུར་བའམ། སྤྱོད་ལམ་འདི་ནི། ཡིད་བདེ་བའི་དབང་པོ་ཞེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཡིད་བདེ་བའི་དབང་པོ་ཤེས་པ་ཞེས་པ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་བདེ་བའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་ 120a ༄#། །གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་མི་བདེ་བའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་སེམས་ལས་བྱུང་བ་སྡུག་བསྔལ་གྱི་ཚོར་བའམ། ཚོར་བའི་རྣམ་པ་མི་བདེ་བ་གང་ཅུང་ཟད་ཡང་དག་པར་ཡོངས་སུ་བསྒྱུར་བའམ།་མི་མཐུན་པར་ཡོངས་སུ་བསྒྱུར་བའམ། དུས་ཚིགས་ཀྱིས་ཡོངས་སུ་བསྒྱུར་བའམ། སྤྱོད་ལམ་པ་འདི་ནི། ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། ། དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མ་འོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཡིད་མི་བདེ་བའི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་མི་བདེ་བའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་ 120b རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་རྒྱ་ཆེར་བྱའོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་བཏང་སྙོམས་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱིའམ། སེམས་ལས་བྱུང་བའི་ཚོར་བའམ། ཚོར་བའི་རྣམ་པ་བདེ་བ་ཉིད་མ་ཡིན་པའམ། མི་བདེ་བ་ཉིད་མ་ཡིན་པ་གང་ཅུང་ཟད་ཡང་དག་པར་ཡོངས་སུ་བསྒྱུར་བའམ། མི་མཐུན་པར་ཡོངས་སུ་བསྒྱུར་བའམ། དུས་ཚིགས་ཀྱིས་ཡོངས་སུ་བསྒྱུར་བའམ། སྤྱོད་ལམ་པ་འདི་ནི། བཏང་སྙོམས་ཀྱི་དབང་པོ་ཞེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། བཏང་སྙོམས་ཀྱི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་བཏང་སྙོམས་ཀྱི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁམས་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ 121a ༄#། །ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དད་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་དགེ་བའི་ཆོས་རྣམས་ལ་དོན་དུ་གཉེར་བ་ཉིད་དང ། འདུན་པ་དང ། འདོད་པ་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ངེས་པར་རྟོགས་པ་དང ། མངོན་པར་རྟོགས་པ་དང ། དང་བ་དང ། ཤིན་ཏུ་དང་བ་དང ། སེམས་རྙོག་པ་མེད་པ་དང ། དད་པའི་དབང་པོ་དང ། དད་པའི་སྟོབས་གང་ཡིན་པ་འདི་ནི། དད་པའི་དབང་པོའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི།་དད་པའི་དབང་པོ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དད་པའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་དད་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། 121b ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་དད་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དད་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དད་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ།་རྒྱུ་གང་དག་ཡོད་ན་དད་པའི་དབང་པོ་སྐྱེ་སྟེ། རྒྱུ་དེ་དག་འགོག་པ་ནི། དད་པའི་དབང་པོ་འགོག་པ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དད་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག། འདི་ལ་ཇི་ལྟར་ན། དེ་བཞིན་གཤེགས་པས་དད་པའི་དབང་པོ་ཤེས་ 122a ༄#། །པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཤེས་པ་གང་གིས་དད་པའི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དད་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །བམ་པོ་བདུན་པ། ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱིའམ། སེམས་ལས་བྱུང་བའི་བརྩོན་འགྲུས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེའང་མཁྱེན་པ་གང་གིས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅིང ། ཟག་པ་མེད་པའི་མཁྱེན་པ་དང ། འཇིག་རྟེན་ལས་འདས་པའི་མཁྱེན་པས་རབ་ཏུ་མཁྱེན་ཏེ། བརྩོན་འགྲུས་འདི་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་འགྱུར། 122b བརྩོན་འགྲུས་འདི་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པར་འགྱུར། བརྩོན་འགྲུས་འདི་ནི། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར། བརྩོན་འགྲུས་འདི་ནི། དགྲ་བཅོམ་ལ་གནས་པར་འགྱུར། བརྩོན་འགྲུས་འདི་ནི། རང་སངས་རྒྱས་ལ་གནས་པར་འགྱུར་རོ། །ཞེས་ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་བརྩོན་འགྲུས་ཀྱི་དབང་པོ་སྐྱེ་བར་འགྱུར་བ། གལ་ཏེ་དགེ་བའི་བཤེས་གཉེན་ལ་བརྟེན་པའམ། གལ་ཏེ་མལ་སྟན་ལ་གནས་པའམ།་གལ་ཏེ་ཡུལ་ལ་གནས་པའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་ཀུན་ 123a ༄#། །འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ། མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་བརྩོན་འགྲུས་ཀྱི་དབང་པོ་སྐྱེས་ཏེ་རྒྱུ་དེ་དག་འགོག་པའི་བརྩོན་འགྲུས་ཀྱི་འགོག་པ་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཤེས་པ་གང་གིས་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་དེ་ 123b བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་ཀྱི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། ། ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དྲན་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་མངོན་པར་བརྗོད་པའི་མཚན་ཉིད་ནི། དྲན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དྲན་པ་སོ་སོ་ཉེ་བར་གཞག་པ་ནི། དྲན་པའི་དབང་པོའོ། ། ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཐམས་ཅད་དུ་འགྲོ་བ་ནི། དྲན་པའི་དབང་པོའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དྲན་པའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དྲན་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་ 124a ༄#། །རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་དྲན་པའི་དབང་པོ་སྐྱེ་བའི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་སྟོང་གྱི་མཐའ་རྗེས་སུ་དྲན་པའམ། གལ་ཏེ་ཕྱི་མའི་མཐའ་ལས་བརྩམས་པའམ། གལ་ཏེ་ད་ལྟར་བྱུང་བའི་དུས་ལས་བརྩམས་པའམ། གལ་ཏེ་ལུས་ལ་དམིགས་པའམ། གལ་ཏེ་ཚོར་བ་ལ་དམིགས་པའམ། གལ་ཏེ་སེམས་ལ་དམིགས་པའམ། གལ་ཏེ་ཆོས་ལ་དམིགས་པའམ། གལ་ཏེ་འདོད་པ་ལ་དམིགས་པའམ། གལ་ཏེ་གནོད་སེམས་ལ་དམིགས་པའམ། གལ་ཏེ་རྣམ་པར་འཚེ་བ་ལ་དམིགས་པའམ། གལ་ཏེ་ངེས་པར་འབྱུང་བ་ལ་དམིགས་པའམ། གལ་ཏེ་གནོད་སེམས་མེད་པ་ལ་དམིགས་པའམ། གལ་ཏེ་རྣམ་པར་མི་འཚེ་བ་ལ་དམིགས་པའམ། གལ་ཏེ་སངས་རྒྱས་ལ་དམིགས་པའམ།་གལ་ཏེ་ཆོས་ལ་དམིགས་པའམ། གལ་ཏེ་དགེ་འདུན་ལ་དམིགས་པའམ། ཚུལ་ཁྲིམས་ལ་དམིགས་པའམ། ཏིང་ངེ་འཛིན་ལ་དམིགས་པའམ། ཤེས་རབ་ལ་དམིགས་པའམ། རྣམ་པར་གྲོལ་བ་ལ་དམིགས་པའམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་དམིགས་པའམ། གལ་ཏེ་ཟད་པ་ལ་དམིགས་ 124b པའམ།་གལ་ཏེ་མི་སྐྱེ་བ་ལ་དམིགས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་དེ་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དེ་ལའང་ཞུ་བ་ཞུས་པ་ན་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དྲན་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་དྲན་པའི་དབང་པོ་སྐྱེས་པའི་རྒྱུ་དེ་དག་འགོག་པ་ལས་དྲན་པའི་དབང་པོ་འགོག་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དེ་ལའང་ཞེས་བྱ་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དྲན་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་པ་གང་གིས་དྲན་པའི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དྲན་པའི་དབང་ 125a ༄#། །པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཏིང་ངེ་འཛིན་གྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སེམས་རྩེ་གཅིག་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ།་གལ་ཏེ་བསམ་གཏན་དང་པོའམ། གལ་ཏེ་བསམ་གཏན་གཉིས་པའམ། གལ་ཏེ་བསམ་གཏན་གསུམ་པའམ། གལ་ཏེ་བསམ་གཏན་བཞི་པའམ། གལ་ཏེ་བྱམས་པའམ། གལ་ཏེ་སྙིང་རྗེ་འམ། གལ་ཏེ་དགའ་པའམ། གལ་ཏེ་བཏང་སྙོམས་སམ། གལ་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པའམ། གལ་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་བར་རམ། གལ་ཏེ་རྣམ་པར་ཐར་པའམ། གལ་ཏེ་ཟད་པར་གྱི་སྐྱེ་མཆེད་དམ། གལ་ཏེ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་དག་གིས་ཇི་ལྟར་སེམས་རྩེ་གཅིག་པར་མངོན་དུ་གྱུར་པ་དེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ 125b ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སེམས་རྩེ་གཅིག་པ་དེ་དག་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཏིང་ངེ་འཛིན་གྱི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་སེམས་རྩེ་གཅིག་ཏུ་འགྱུར་བ། གལ་ཏེ་མི་གཙང་བའི་འདུ་ཤེས་ཀྱིས་སམ། གལ་ཏེ་རྣམ་པར་སྔོས་པའི་འདུ་ཤེས་ཀྱིས་སམ། གལ་ཏེ་རྣམ་པར་རུལ་བའི་འདུ་ཤེས་ཀྱིས་སམ། གལ་ཏེ་རྣམ་པར་ཟོས་པའི་འདུ་ཤེས་ཀྱིས་སམ། གལ་ཏེ་རྣམ་པར་ཚིག་པའི་འདུ་ཤེས་ཀྱིས་སམ། གལ་ཏེ་རུས་གོང་གི་འདུ་ཤེས་ཀྱིས་སམ། གལ་ཏེ་རྣམ་པར་འཐོར་བའི་འདུ་ཤེས་ཀྱིས་སམ། གལ་ཏེ་རྣམ་པར་མི་ལྡན་པའི་འདུ་ཤེས་ཀྱིས་སམ། གལ་ཏེ་ངེས་པར་འབྱུང་བའི་འདུ་ཤེས་ཀྱིས་སམ། གལ་ཏེ་གནོད་སེམས་མེད་པའི་འདུ་ཤེས་ཀྱིས་སམ། གལ་ཏེ་རྣམ་པར་མི་འཚེ་བའི་འདུ་ཤེས་ཀྱིས་སམ། གལ་ཏེ་སེམས་ཅན་གྱི་འདུ་ཤེས་ཀྱིས་སམ། གལ་ཏེ་ཆོས་ཀྱི་འདུ་ཤེས་ཀྱིས་ཏེ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ 126a ༄#། །ཏིང་ངེ་འཛིན་གྱི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཏིང་ངེ་འཛིན་གྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན།་ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་ཏིང་ངེ་འཛིན་གྱི་དབང་པོ་སྐྱེ་བའི་རྒྱུ་དེ་དང ། རྐྱེན་དེ་དག་འགོག་པ་ལས་ཏིང་ངེ་འཛིན་གྱི་དབང་པོ་འགགས་ཏེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན།་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་གྱི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པ་གང་གིས་ཏིང་ངེ་འཛིན་གྱི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ 126b ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་ནས་དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སྡུག་བསྔལ་གྱི་ཕུང་པོ་དཔག་ཏུ་མེད་པ་མཐར་བྱེད་པའི་ཤེས་རབ་ཀྱི་དབང་པོ་དང ། འཁོར་བ་དཔག་ཏུ་མེད་པའི་མཐར་བྱེད་པ་དང ། ཕུང་པོ་དག་གི་རིམ་པ་དཔག་ཏུ་མེད་པའི་མཐར་བྱེད་པ་དང ། མི་སྡུག་པ་དང་ཕྲད་པ་དཔག་ཏུ་མེད་པའི་མཐར་བྱེད་པ་དང ། སྡུག་པ་དང་བྲལ་བ་དཔག་ཏུ་མེད་པའི་མཐར་བྱེད་པ་དང ། སྡུག་བསྔལ་གྱི་སྡུག་བསྔལ་དཔག་ཏུ་མེད་པའི་མཐར་བྱེད་པ་དང ། འགྱུར་བའི་སྡུག་བསྔལ་དཔག་ཏུ་མེད་པའི་མཐར་བྱེད་པ་དང ། འདུ་བྱེད་པའི་སྡུག་བསྔལ་དཔག་ཏུ་མེད་པའི་མཐར་བྱེད་པ་འདི་ནི། ཤེས་རབ་ཀྱི་དབང་པོ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་བསྐྱེད་པ། ཡང་དག་པར་སྤོང་བ་བཞི་བསྐྱེད་པ། རྫུ་འཕྲུལ་གྱི་རྐང་པ་བཞི་བསྐྱེད་པ། དབང་པོ་ལྔ་བསྐྱེད་པ། སྟོབས་ལྔ་བསྐྱེད་པ། རྗེས་སུ་དྲན་པ་དྲུག་བསྐྱེད་པ། བྱང་ཆུབ་ཀྱི་ཡན་ལག་བདུན་བསྐྱེད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྐྱེད་པ། ཞི་གནས་དང་ལྷག་མཐོང་ 127a ༄#། །བསྐྱེད་པ། རིག་པ་བསྐྱེད་པ། རྣམ་པར་གྲོལ་བ་བསྐྱེད་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་བསྐྱེད་པ། རྣམ་པར་ཐར་པའི་སྒོའི་མཆོག་།སྒྲིབ་པ་མེད་པའི་མིག་།འཁོར་བའི་སྐྱོན་ཡང་དག་པར་སྟོན་པ། མྱ་ངན་ལས་འདས་པའི་ཡོན་ཏན་ཤིན་ཏུ་བརྗོད་པ། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མཆོག་ཏུ་བྱ་བ་བྱས་པ། མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མཆོག་ཏུ་བྱེད་པར་འགྱུར་བ། ད་ལྟར་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་གཞེས་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་དབང་པོ་འདི་མཆོག་ཏུ་མཛད་པ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་དབང་པོའི་ཐོག་མ་སྟེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པ་ཤེས་རབ་ཀྱི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཤེས་ 127b རབ་ཀྱི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང ། རྐྱེན་གང་དག་གིས་ཤེས་རབ་ཀྱི་དབང་པོ་ཤེས་པ་ཡང་དག་པར་འགྲུབ་པ་གལ་ཏེ་མི་རྟག་པའི་རྣམ་པས་སམ། དེ་བཞིན་དུ་སྦྱར་ཏེ་ཕྱིར་རྒོལ་བའི་རྣམ་པས་སམ།་གལ་ཏེ་མུན་པའི་རྣམ་པས་སམ། གལ་ཏེ་མི་རྟག་པ་དང་རྗེས་སུ་འབྲེལ་པའི་རྣམ་པས་སམ། གལ་ཏེ་དབུས་སུ་སྤྱོད་པས་སམ། གལ་ཏེ་མཛའ་བའི་རྣམ་པས་སམ། གལ་ཏེ་མི་མཛའ་བ་ལ་མཛའ་བཤེས་ལྟ་བུའི་རྣམ་པས་སམ། གལ་ཏེ་སྐྱོན་དུ་ལྟ་བའི་རྣམ་པས་སམ། གལ་ཏེ་སྒྱིད་ལུག་པའི་རྣམ་པས་སམ། གལ་ཏེ་ཡིད་བརྟན་དུ་མི་རུང་བའི་རྣམ་པས་སམ། གལ་ཏེ་ཆུའི་སྲིན་པོའི་རྣམ་པས་ཏེ། རྣམ་པ་དེ་ལྟ་བུ་དཔག་ཏུ་མེད་པ་འབུམ་དེ་དག་གིས་ཤེས་རབ་ཀྱི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཤེས་རབ་ཀྱི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན་ 128a ༄#། །དེ་བཞིན་གཤེགས་པས་ཤེས་རབ་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་རབ་ཀྱི་དབང་པོ་ནི། བསྐྱེད་པའི་ཆོས་ཅན་ཡིན་ལ། བསྐྱེད་པའི་ཆོས་ཅན་གང་ཡིན་པ་དེ་ནི། འགོག་པའི་ཆོས་ཅན་ཏེ། ཤེས་རབ་དེའང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་གྱི་ཕྱིར་སྐྱེས་ཤིང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ནས་འགགས། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་མ་ཡིན་པ་བཟློག་ནས་འགགས། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་སྡུག་བསྔལ་ལས་ཡོངས་སུ་ཐར་པར་མཛད་ནས་འགགས། སེམས་ཅན་དཔག་ཏུ་མེད་པ་རྣམས་བདེ་བ་ལ་བཙུད་ནས་འགགས་ཏེ། ཤེས་རབ་ཀྱི་དབང་པོ་རྗེས་སུ་དྲན་པ་ནའང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱེད་པར་འགྱུར། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་མ་ཡིན་པ་བཟློག་པར་འགྱུར་ཞིང་འགགས། ཤེས་རབ་ཀྱི་དབང་པོ་རྗེས་སུ་དྲན་པ་ནའང་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱེད་པར་འགྱུར། སེམས་ཅན་དཔག་ཏུ་མེད་པ་རྣམས་བདེ་བ་ལ་བཙུད་པར་འགྱུར་ཞིང་འགགས། 128b ཤེས་རབ་ཀྱི་དབང་པོ་རྗེས་སུ་དྲན་པ་ནའང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་མུན་པ་སེལ་བར་འགྱུར། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་སྣང་བར་འགྱུར་ཞིང་འགགས། ཤེས་རབ་ཀྱི་དབང་པོ་རྗེས་སུ་དྲན་པ་ནའང་ལམ་གོལ་བ་འགོག་པར་འགྱུར་ཞིང་ལམ་འབྱེད་པར་འགྱུར་ཏེ། འདི་ནི། ཤེས་རབ་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཞེས་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཤེས་རབ་ཀྱི་དབང་པོ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་ 129a ༄#། །རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། །འདི་ལ་དེ་བཞིན་གཤེགས་པས་ཤེས་པ་གང་གིས་ཤེས་རབ་ཀྱི་དབང་པོ་ཤེས་པ་ཡོངས་སུ་ཤེས།་ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མངོན་པར་ཤེས་པའི་ཤེས་པས་སམ།་གལ་ཏེ་ཡོངས་སུ་ཤེས་པའི་ཤེས་པས་སམ། གལ་ཏེ་སྤོང་བའི་ཤེས་པས་སམ། གལ་ཏེ་སྒོམ་པའི་ཤེས་པས་སམ། གལ་ཏེ་མངོན་སུམ་དུ་བྱས་པའི་ཤེས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཤེས་པ་གང་གིས་ཤེས་རབ་ཀྱི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་ནས་འགོག་པ་ཤེས་པ་དེ་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཤེས་རབ་ཀྱི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་ཞིང་བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བྱེ་བའམ། བསྐལ་པ་ཕྲག་འབུམ་མམ། བསྐལ་པ་ཁྲག་ཁྲིག་གམ། བསྐལ་པ་གཏམས་སམ། 129b བསྐལ་པ་དཀྲིགས་སམ། བསྐལ་པ་ཁྱད་ཕྱིན་ནམ། བསྐལ་པ་དཔག་ཏུ་མེད་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་གནས་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན།་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནས་ཤེས་པ་འགོག་པ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གནས་པ་མ་ཡིན་པ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། 130a ༄#། །གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འདས་པ་ཤེས་ཏེ།་འདས་པ་ཤེས་པ་ཀུན་འབྱུང་བ་ཤེས། འདས་པ་ཤེས་པ་འགོག་པ་ཤེས། འདས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མ་འོངས་པ་ཤེས་པ་ལ་མི་ཤེས་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མ་འོངས་པ་ཤེས་པ་ཀུན་འབྱུང་བ་ཤེས། མ་འོངས་པ་ཤེས་པ་འགོག་པ་ཤེས། མ་འོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ད་ལྟར་བྱུང་བ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས། ད་ལྟར་བྱུང་བ་ཤེས་པ་འགོག་པ་ཤེས། ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ 130b ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ལས་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་མི་ཤེས་པ་དག་དང ། ལས་ཤེས་པ་འགོག་པ་ཤེས་པ་ལ་མི་ཤེས་པ་དག་དང ། ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡང་དག་པར་བླང་བ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཡང་དག་པར་བླང་བ་ཤེས་པ་ཀུན་འབྱུང་བ་ཤེས། ཡང་དག་པར་བླང་བ་ཤེས་པ་འགོག་པ་ཤེས། ཡང་དག་པར་བླང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །གནས་དང་གནས་ཀྱི་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གནས་དང་གནས་ཀྱི་ཤེས་པ་ཀུན་འབྱུང་བ་ཤེས། གནས་དང་གནས་ཀྱི་ཤེས་པ་འགོག་པ་ཤེས། གནས་དང་གནས་ཀྱི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྒྱུ་དང་རྒྱུའི་ཤེས་པ་ལ་མི་ཤེས་ 131a ༄#། །པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཀུན་འབྱུང་བ་དང ། འགོག་པ་དང ། འགོག་པར་འགྱུར་བའི་ལམ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྣམ་པར་སྨིན་པ་ཤེས་པ་ཀུན་འབྱུང་བ་ཤེས། རྣམ་པར་སྨིན་པ་ཤེས་པ་འགོག་པ་ཤེས།་རྣམ་པར་སྨིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཀུན་འབྱུང་བ་ཤེས། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་དུ་མ་ཤེས་ཏེ། ཁམས་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས། ཁམས་དུ་མ་ཤེས་པ་འགོག་པ་ཤེས། ཁམས་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁམས་སྣ་ཚོགས་ཤེས་ཏེ། ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས། ཁམས་སྣ་ཚོགས་ཤེས་པ་འགོག་པ་ 131b ཤེས།་ཁམས་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འཇིག་རྟེན་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས། འཇིག་རྟེན་ཤེས་པ་འགོག་པ་ཤེས། འཇིག་རྟེན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་དུ་མ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མོས་པ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས། མོས་པ་དུ་མ་ཤེས་པ་འགོག་པ་ཤེས། མོས་པ་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མོས་པ་སྣ་ཚོགས་ཤེས་པ་ལ་མི་ཤེས་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས། མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས། མོས་པ་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དབང་པོ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་ཏེ། དབང་ 132a ༄#། །པོ་ཤེས་པ་ཀུན་འབྱུང་བ་ཤེས། དབང་པོ་ཤེས་པ་འགོག་པ་ཤེས། དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྟོབས་ཤེས་པ་ཀུན་འབྱུང་བ་ཤེས། སྟོབས་ཤེས་པ་འགོག་པ་ཤེས། སྟོབས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །བརྩོན་འགྲུས་ཤེས་ཏེ། བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས། བརྩོན་འགྲུས་ཤེས་པ་འགོག་པ་ཤེས། བརྩོན་འགྲུས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རིམ་པ་ཤེས་པ་ཀུན་འབྱུང་བ་ཤེས། རིམ་པ་ཤེས་པ་འགོག་པ་ཤེས། རིམ་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །བསམ་གཏན་ཤེས་ཏེ། བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས།་བསམ་གཏན་ཤེས་པ་འགོག་པ་ཤེས། བསམ་གཏན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་ 132b དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྣམ་པར་ཐར་པ་ཤེས་ཏེ། རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་ཤེས། རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས། རྣམ་པར་ཐར་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཏིང་ངེ་འཛིན་ཤེས་ཏེ། ཏིང་ངེ་འཛིན་ཤེས་པ་ཀུན་འབྱུང་བ་ཤེས། ཏིང་ངེ་འཛིན་ཤེས་པ་འགོག་པ་ཤེས། ཏིང་ངེ་འཛིན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྙོམས་པར་འཇུག་པ་ཤེས་ཏེ། སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས། སྙོམས་པར་འཇུག་པ་ཤེས་པ་འགོག་པ་ཤེས། སྙོམས་པར་འཇུག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཀུན་ནས་ཉོན་མོངས་པ་ཤེས་ཏེ། ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས། ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པ་ཤེས། ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྣམ་པར་ 133a ༄#། །བྱང་བ་ཤེས་ཏེ། རྣམ་པར་བྱང་བ་ཤེས་པ་ཀུན་འབྱུང་བ་ཤེས། རྣམ་པར་བྱང་བ་ཤེས་པ་འགོག་པ་ཤེས། རྣམ་པར་བྱང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྣམ་པར་གཞག་པ་ཤེས་ཏེ། རྣམ་པར་གཞག་པ་ཤེས་པ་ཀུན་འབྱུང་བ་ཤེས། རྣམ་པར་གཞག་པ་ཤེས་པ་འགོག་པ་ཤེས། རྣམ་པར་གཞག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྔོན་གྱི་མཐའ་ཤེས་ཏེ། སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས། སྔོན་གྱི་མཐའ་ཤེས་པ་འགོག་པ་ཤེས། སྔོན་གྱི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྔོན་གྱི་གནས་ཤེས་ཏེ། སྔོན་གྱི་གནས་ཤེས་པ་ཀུན་འབྱུང་བ་ཤེས། སྔོན་གྱི་གནས་ཤེས་པ་འགོག་པ་ཤེས། སྔོན་གྱི་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཕྱི་མའི་མཐའ་ཤེས་ཏེ། 133b ཕྱི་མའི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས། ཕྱི་མའི་མཐའ་ཤེས་པ་འགོག་པ་ཤེས། ཕྱི་མའི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འཆི་བ་ཤེས་ཏེ། འཆི་བ་ཤེས་པ་ཀུན་འབྱུང་བ་ཤེས། འཆི་བ་ཤེས་པ་འགོག་པ་ཤེས། འཆི་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྐྱེ་བ་ཤེས་ཏེ། །སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས། སྐྱེ་བ་ཤེས་པ་འགོག་པ་ཤེས། སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འདོད་པའི་ཟག་པ་ཤེས་ཏེ། འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས། འདོད་པའི་ཟག་པ་ཤེས་པ་འགོག་པ་ཤེས། འདོད་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྲིད་པའི་ཟག་པ་ཤེས་ཏེ།་སྲིད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས། སྲིད་པའི་ཟག་པ་ཤེས་པ་འགོག་པ་ཤེས། སྲིད་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ 134a ༄#། །ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ལྟ་བའི་ཟག་པ་ཤེས་ཏེ། ལྟ་བའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས། ལྟ་བའི་ཟག་པ་ཤེས་པ་འགོག་པ་ཤེས། ལྟ་བའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མ་རིག་པའི་ཟག་པ་ཤེས་ཏེ། མ་རིག་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས། མ་རིག་པའི་ཟག་པ་ཤེས་པ་འགོག་པ་ཤེས། མ་རིག་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཟད་པ་ཤེས་ཏེ། ཟད་པ་ཤེས་པ་ཀུན་འབྱུང་བ་ཤེས། ཟད་པ་ཤེས་པ་འགོག་པ་ཤེས། ཟད་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མི་སྐྱེ་བ་ཤེས་ཏེ། མི་སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས། མི་སྐྱེ་བ་ཤེས་པ་འགོག་པ་ཤེས། མི་སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ 134b མཁྱེན་ཏོ། །མི་འཇིགས་པ་ཤེས་ཏེ། མི་འཇིགས་པ་ཤེས་པ་ཀུན་འབྱུང་བ་ཤེས། མི་འཇིགས་པ་ཤེས་པ་འགོག་པ་ཤེས། མི་འཇིགས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ལའང་བྱ་ཞིང ། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་ལའང་བྱའོ། །དེ་བཞིན་གཤེགས་པའི་མཚན་ཉིད་ཤེས་ཏེ། དེ་བཞིན་གཤེགས་པའི་མཚན་ཉིད་ཤེས་པ་ཀུན་འབྱུང་བ་ཤེས། དེ་བཞིན་གཤེགས་པའི་མཚན་ཉིད་ཤེས་པ་འགོག་པ་ཤེས། དེ་བཞིན་གཤེགས་པའི་མཚན་ཉིད་ཤེས་པ་འགོག་པར་འགྱུར་པའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པའི་གནས་པ་ཤེས་ཏེ། དེ་བཞིན་གཤེགས་པའི་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས། དེ་བཞིན་གཤེགས་པའི་གནས་པ་ཤེས་པ་འགོག་པ་ཤེས། དེ་བཞིན་གཤེགས་པའི་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་དབང་པོ་ 135a ༄#། །ལའང་བྱའོ། །ལུས་ཀྱི་ལས་ཤེས་པ་དང ། ངག་གི་ལས་ཤེས་པ་དང ། ཡིད་ཀྱི་ལས་མཐའ་ཡས་པ་ཤེས་ཏེ། ཡིད་ཀྱི་ལས་ཤེས་པ་ཀུན་འབྱུང་བ་ཤེས། ཡིད་ཀྱི་ལས་ཤེས་པ་འགོག་པ་ཤེས། ཡིད་ཀྱི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། ། ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །སྔོན་དུ་འགྲོ་བ་མཐའ་ཡས་པ་ཤེས་ཏེ། སྔོན་དུ་འགྲོ་བ་ཤེས་པ་ཀུན་འབྱུང་བ་ཤེས། སྔོན་དུ་འགྲོ་བ་ཤེས་པ་འགོག་པ་ཤེས། སྔོན་དུ་འགྲོ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །རྗེས་སུ་འབྲང་བ་མཐའ་ཡས་པ་ཤེས་ཏེ། རྗེས་སུ་འབྲང་བ་ཤེས་པ་ཀུན་འབྱུང་བ་ཤེས། རྗེས་སུ་འབྲང་བ་ཤེས་པ་འགོག་པ་ཤེས། རྗེས་སུ་འབྲང་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཡོངས་སུ་ཉམས་པ་ཤེས་ཏེ།་ཡོངས་སུ་ཉམས་པ་ཤེས་པ་ཀུན་འབྱུང་བ་ཤེས། ཡོངས་སུ་ཉམས་པ་ཤེས་པ་འགོག་པ་ཤེས། ཡོངས་སུ་ཉམས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་ 135b པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཐམས་ཅད་མཁྱེན་པ་ཤེས་ཏེ། ཐམས་ཅད་མཁྱེན་པ་ཤེས་པ་ཀུན་འབྱུང་བ་ཤེས། ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས། ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་མི་ཤེས་པ་དག་ཀུན་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འདི་ནི། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ།་དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཀུན་ཤེས་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ཀུན་ཤེས་པའི་དབང་པོའི་གནས་ཤེས་པས་མེ་ལོང་ལྟ་བུར་གྱུར་པའི་དཀྱིལ་འཁོར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།འདི་ལྟ་སྟེ། 136a ༄#། །དཔེར་ན། སྐྱེས་བུའི་ལག་པས་མེ་ལོང་གི་དཀྱིལ་འཁོར་བཟུང་བར་གཟུགས་ཐམས་ཅད་སྣང་ངོ ། །དེ་བཞིན་དུ་དེ་བཞིན་གཤེགས་པས་ཀུན་ཤེས་པའི་དབང་པོའི་གནས་ཤེས་པ་དེས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རབ་ཏུ་མཁྱེན་ཅིང ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་གི་དབང་པོ་ནི།་རྣོའོ། །སེམས་ཅན་འདི་དག་གི་དབང་པོ་ནི། འབྲིང་ངོ ། །སེམས་ཅན་འདི་དག་གི་དབང་པོ་ནི། རྟུལ་ལོ། །སེམས་ཅན་འདི་དག་གི་དབང་པོ་ནི། མཆོག་ཏུ་རྣོ་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། མཆོག་གི་འབྲིང་ངོ ། །སེམས་ཅན་འདི་དག་གི་དབང་པོ་ནི། མཆོག་གི་རྟུལ་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། འབྲིང་གི་རྣོ་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། འབྲིང་གི་འབྲིང་ངོ ། །སེམས་ཅན་འདི་དག་གི་དབང་པོ་ནི། འབྲིང་གི་རྟུལ་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། རྟུལ་བའི་རྣོ་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། རྟུལ་པོའི་འབྲིང་ངོ ། །སེམས་ཅན་འདི་དག་གི་དབང་པོ་ནི། རྟུལ་བའི་རྟུལ་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཞེ་ 136b སྡང་གིས་ཉེར་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། གཏི་མུག་གིས་ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། འདོད་ཆགས་དང་ཞེ་སྡང་གིས་ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། འདོད་ཆགས་དང་གཏི་མུག་གིས་ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི།་ཞེ་སྡང་དང་འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཞེ་སྡང་དང་གཏི་མུག་གིས་ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། གཏི་མུག་དང་འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། གཏི་མུག་དང་ཞེ་སྡང་གིས་ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཉེ་བར་ཉོན་མོངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཉེ་བར་ཉོན་མོངས་པ་མེད་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཞི་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། མ་ཞི་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། རབ་ཏུ་ཞི་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། རབ་ཏུ་མ་ཞི་བའོ། །སེམས་ཅན་འདི་དག་གི་ 137a ༄#། །དབང་པོ་ནི། རྙོག་པ་ཅན་ནོ། །སེམས་ཅན་འདི་དག་གི་དབང་པོ་ནི། རྙོག་པ་མེད་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། དཀྲུགས་པའོ། ། སེམས་ཅན་འདི་དག་གི་དབང་པོ་ནི། མ་དཀྲུགས་པའོ། །འདི་དག་གི་དབང་པོ་ནི། གསལ་བའོ། །འདི་དག་གི་དབང་པོ་ནི། མི་གསལ་བའོ། །འདི་དག་གི་དབང་པོ་ནི།་གྲོལ་བའོ། །འདི་དག་གི་དབང་པོ་ནི། མ་གྲོལ་བའོ། །འདི་དག་གི་དབང་པོ་ནི། རབ་ཏུ་གྲོལ་བའོ། །འདི་དག་གི་དབང་པོ་ནི། རབ་ཏུ་མ་གྲོལ་བའོ། །འདི་དག་གི་དབང་པོ་ནི། བདེ་བའོ། །འདི་དག་གི་དབང་པོ་ནི། མི་བདེ་བའོ། །འདི་དག་གི་དབང་པོ་ནི། མ་ཚང་བའོ། །འདི་དག་གི་དབང་པོ་ནི། མ་ཚང་བ་མེད་པའོ། །འདི་དག་གི་དབང་པོ་ནི། དྲུག་ཆར་ཡོངས་སུ་ཚང་བའོ། །འདི་དག་གི་དབང་པོ་ནི། དྲུག་ཆར་ཡོངས་སུ་མ་ཚང་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ངེས་པའོ། ། སེམས་ཅན་འདི་དག་གི་དབང་པོ་ནི། མ་ངེས་པའོ། །སེམས་ཅན་འདི་དག་ནི། ཉན་ཐོས་ཀྱི་དབང་པོ་དང་ལྡན་པའོ། །སེམས་ཅན་འདི་དག་ནི། རང་སངས་རྒྱས་ཀྱི་དབང་པོ་དང་ལྡན་པའོ། །སེམས་ཅན་འདི་དག་ནི། དེ་བཞིན་གཤེགས་པའི་དབང་པོ་དང་ལྡན་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། འཁོར་བའི་སྤྱོད་པ་དང་ལྡན་ 137b པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། མྱ་ངན་ལས་འདའ་བའི་སྤྱོད་པ་དང་ལྡན་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཐུན་མོང་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཐུན་མོང་མ་ཡིན་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཤིན་ཏུ་མགུ་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཤིན་ཏུ་མ་མགུ་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཚིམ་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཚིམ་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། འཁྲུལ་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། མ་འཁྲུལ་པའོ། །འདི་དག་གི་དབང་པོ་ནི། འཕྱར་བའོ། །འདི་དག་གི་དབང་པོ་ནི། མ་འཕྱར་བའོ། །འདི་དག་གི་དབང་པོ་ནི། རྒྱས་པའོ། །འདི་དག་གི་དབང་པོ་ནི། མ་རྒྱས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། གཡེངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། མ་གཡེངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཡངས་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ཡངས་པ་མ་ཡིན་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། དབུགས་འབྱིན་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། དབུགས་འབྱིན་པ་མ་ཡིན་པའོ། །འདི་དག་གི་དབང་པོ་ནི། མགྱོགས་པའོ། །འདི་དག་གི་དབང་པོ་ནི། མི་མགྱོགས་པའོ། །སེམས་ཅན་ 138a ༄#། །འདི་དག་གི་དབང་པོ་ནི། མྱུར་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། མྱུར་བ་མ་ཡིན་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། རྒྱ་ཆེ་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། རྒྱ་ཆེ་བ་མ་ཡིན་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ངེས་པར་འབྱུང་བའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ངེས་པར་འབྱུང་བ་མ་ཡིན་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ངེས་པར་འབྱེད་པའོ། །སེམས་ཅན་འདི་དག་གི་དབང་པོ་ནི། ངེས་པར་འབྱེད་པ་མ་ཡིན་པ་སྟེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ཀུན་ཤེས་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཀུན་ཤེས་པའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། ། ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཀུན་ཤེས་པའི་དབང་པོ་ཞེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་དུད་ཤེས་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ། གལ་ 138b ཏེ་མི་རྟག་བར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་སྡུག་བསྔལ་བར་རྗེས་སུ་དེ་ལྟ་བར་གནས་པ་ནས་དེ་བཞིན་དུ་སྦྱར་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་གྱི་རྒྱུད་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཀུན་ཤེས་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་ཞིང་བསྐལ་པ་བརྒྱ་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེ་བཞིན་དུ་སྦྱར་ཏེ། དེ་ནི།་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཀུན་ཤེས་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཀུན་ཤེས་པའི་དབང་པོ་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །དེ་ལ་ 139a ༄#། །ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། ཀུན་ཤེས་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཀུན་ཤེས་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པ་ཀུན་ཤེས་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་ཀུན་ཤེས་པའི་དབང་པོ་ཤེས་པ་ཡོངས་སུ་ཤེས། ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་ 139b རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཀུན་ཤེས་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་དུ་ཉན་ཐོས་དང ། རང་སངས་རྒྱས་དང ། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ཀྱི་མཛད་པ་དག་མཛད་པས་དད་པ་དང ། བརྩོན་འགྲུས་དང ། དྲན་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་རྒྱུན་དུ་ཞུགས་པའི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་ལ་བྱ་བ་ཅིའང་མེད་དོ། །ཞེས་རབ་ཏུ་མཁྱེན་ཏོ། །ལན་གཅིག་ཕྱིར་འོང་བའི་ 140a ༄#། །འདོད་ཆགས་དང་གནོད་སེམས་བསྲབས་པ་ལ་བྱ་བ་ཅིའང་མེད་དོ། །ཞེས་རབ་ཏུ་མཁྱེན་ཏོ། །ཕྱིར་མི་འོང་བའི་ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་དག་སྤངས་པ་ལ་བྱ་བ་ཅིའང་མེད་དོ། །ཞེས་རབ་ཏུ་མཁྱེན་ཏོ། །དགྲ་བཅོམ་པའི་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ་ལ་བྱ་བ་ཅིའང་མེད་དེ། །ཞེས་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་བྱས་པ་སོ་སོར་རྟོགས་ཤིང་མི་སྐྱེ་བ་སོ་སོར་རྟོགས་པ་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །སྟོན་པ་མིག་དང་ལྡན་པས་བྱས་པ་ནད་འདྲར་མཁྱེན། །ཉོན་མོངས་ཐམས་ཅད་སྤངས་པས་དེ་ཡི་བསླབ་བྱ་མེད། །བསླབ་པ་ཀུན་ལ་བསླབས་པས་དེ་ཡི་བསླབ་བྱ་མེད། །བྱ་བ་བྱས་པ་དེས་མཁྱེན་འདི་ལྟར་རྨོངས་པ་མེད། །སྦྲུལ་གྱི་མཆེ་བ་བཅད་ཅིང་དུག་ཀུན་རྣམ་བཅོམ་པས། །སེམས་ཅན་གནོད་བྱར་མི་རུང་དུག་སོ་དངོས་མེད་པ། །དེ་ལྟར་ཉོན་མོངས་སྤངས་པ་རློམ་སེམས་མི་དམིགས་ཏེ། །ཤིན་ཏུ་ 140b སྒྲོམ་བུ་སྦས་པའི་སོས་གཟུགས་མི་རུང་བ། །དེ་ཡི་སྡིག་མཐོང་སེམས་ཅན་ཁྱད་པར་མེད་པ་ལྟར། །དེ་ལྟར་ཉོན་མོངས་པ་དག་སྤངས་ཤིང་འདས་པ་མེད། །སྔོན་གྱི་ལས་མངོན་འདུ་བྱེད་སྡུག་བསྔལ་འཁོར་ལོ་སྡིག་།གང་གིས་ཚེ་གཞན་དག་ཏུ་ཕྱིར་ཞིང་སྡུག་བསྔལ་བཟློག་།ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྟོབས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན།་ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཟག་འདི་ནི།་དད་པའི་སྟོབས་འདི་ཙམ་དང་ལྡན། གང་ཟག་འདི་ནི། བརྩོན་འགྲུས་ཀྱི་སྟོབས་འདི་ཙམ་དང་ལྡན། དྲན་པའི་སྟོབས་འདི་ཙམ་དང་ལྡན། ཏིང་ངེ་འཛིན་གྱི་སྟོབས་འདི་ཙམ་དང་ལྡན། གང་ཟག་འདི་ནི། ཤེས་རབ་ཀྱི་སྟོབས་འདི་ཙམ་དང་ལྡན། གང་ཟག་འདི་ནི། ཐབས་ལ་མཁས་པའི་སྟོབས་འདི་ཙམ་དང་ལྡན། གང་ཟག་འདི་ 141a ༄#། །ནི།་མོས་པའི་སྟོབས་འདི་ཙམ་དང་ལྡན་ནོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། སྟོབས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྟོབས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། ། འདིར་ཆོས་ཉིད་འདི་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་ཉིད་ཆེན་པོས་དུས་རིང་དག་ནས་སྟོབས་ཤེས་བསྟེན། །སངས་རྒྱས་དཔག་མེད་དག་ལ་མ་ལུས་ཡོངས་སུ་ཞུས། །འཇིག་རྟེན་གསལ་མཛད་དབང་པོ་སྟོབས་དང་སྟོབས་མིན་གསུང ། །སེམས་ཅན་ཀུན་གྱི་ཤེས་གང་མི་མཆོག་རབ་ཏུ་མཁྱེན། །སེམས་ཅན་དག་གི་དད་བརྩོན་དྲན་ཤེས་ཤེས་རབ་མཁྱེན། །གང་ཞིག་ཆོས་འདི་ལ་འཇུག་འབྱོར་བ་ཅི་འདྲ་བ། །དེ་ཞུས་དེ་བཞིན་གཤེགས་པས་མཁྱེན་པས་ལུད་སྟོན་མཛད། །རྫོགས་སངས་སྟོབས་ཤེས་དེ་ལ་ཡང་དང་ཡང་བསླབ་པས། །འདིར་ནི་ཞུས་ན་དེ་ཡིས་ཐོགས་མེད་ལུང་སྟོན་མཛད། །རྣམ་འདྲེན་དེ་ནི་ཁང་མཆོག་འདི་ལ་ལོངས་སྤྱོད་ 141b འགྱུར། །བམ་པོ་བརྒྱད་པ། ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་སྟོབས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། བརྩོན་འགྲུས་བརྩམས་པས་དོན་དག་འགྲུས་ཅིང ། ལེ་ལོ་དག་གིས་ནི། མ་ཡིན།་བརྩོན་འགྲུས་དག་བརྩམས་པས་གནས་ཤེས་པ་རྟོགས་པར་འགྱུར་ཞིང ། ལེ་ལོ་དག་གིས་ནི། མ་ཡིན། དེ་བཞིན་དུ་བརྩོན་འགྲུས་དག་བརྩམས་པས་གནས་ཤེས་པས་ཀུན་འབྱུང་བ་ཤེས་པ་རྟོགས་པར་འགྱུར་ཞིང ། ལེ་ལོ་དག་གིས་ནི། མ་ཡིན། བརྩོན་འགྲུས་དག་བརྩམས་པས་གནས་ཤེས་པ་རྟོགས་པར་འགྱུར་ཞིང ། ལེ་ལོ་དག་གིས་ནི། མ་ཡིན། བརྩོན་འགྲུས་དག་བརྩམས་པས་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་རྟོགས་པར་འགྱུར་ཞིང ། ལེ་ལོ་དག་གིས་ནི། མ་ཡིན། དེ་བཞིན་དུ་སྦྱར་ཏེ་སྟོབས་བཅུའི་བར་དག་ལའང་བྱའོ། །བརྩོན་འགྲུས་དག་བརྩམས་པས་ཐམས་ཅད་མཁྱེན་པའི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་རྟོགས་པར་འགྱུར་ཞིང ། ལེ་ལོ་དག་གིས་ནི། མ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལུས་དང་བགས་པ་རྒྱུས་པ་རུས་པ་བསྐམས་གྱུར་ཅིང ། ། 142a ༄#། །བདག་གི་ལུས་དང་ཁྲག་བཅས་ཐམས་ཅད་ཡོངས་བསྐམས་ཀྱང ། །ཐམས་ཅད་ཤེས་པ་རྟོགས་པར་མ་བྱས་པར་དུ་ནི། །བརྩོན་འགྲུས་གཏོང་པ་དག་ཏུ་བྱེད་པར་མི་འགྱུར་རོ། །དེ་ལྟར་ན། བརྩོན་འགྲུས་བརྩམས་པས་གནས་ཤེས་པ་རྟོགས་པར་འགྱུར་ཞིང ། ལེ་ལོ་དག་གིས་མ་ཡིན་ཏེ། བརྩོན་འགྲུས་བརྩམས་པས་དོན་དག་སྒྲུབ་པར་འགྱུར་ཞིང ། ལེ་ལོ་དག་གིས་ནི། མ་ཡིན། ཐམས་ཅད་མཁྱེན་པའི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པའི་བར་དུ་འགྱུར་ཞིང ། ལེ་ལོ་དག་གིས་ནི། མ་ཡིན་ནོ། །དེ་ལྟར་ན། དེ་བཞིན་གཤེགས་པས་བརྩོན་འགྲུས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་རིམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན།་ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་རིམ་པ་ལུས་ཀྱི་དང ། སེམས་ལས་བྱུང་བའི་བརྩོན་འགྲུས་ཡང་ 142b དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སེམས་ཅན་ཁ་ཅིག་ལུས་ཀྱི་བརྩོན་འགྲུས་དང་ལྡན་ལ། སེམས་ལས་བྱུང་བས་ནི། མ་ཡིན། སེམས་ཅན་ཁ་ཅིག་སེམས་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་ལ། ལུས་ཀྱིས་ནི། མ་ཡིན་ཏེ། དེ་ལ་སེམས་ཅན་གང་དག་བརྩོན་འགྲུས་ཀྱི་ལུས་དང་ལྡན་ལ། སེམས་ལས་བྱུང་བས་ནི། མ་ཡིན་པ་དེ།་ལུས་ཉམས་ཆུང་བ་ལས་སྨོད་པར་བྱེད། ལུས་ཉམས་ཆུང་བ་ལས་རྣམ་པར་བྱང་བ་མེད་པར་འཇིག་ཅིང་སྨོད་ལ་སྤྲོ་བ་མི་སྐྱོད་དོ། །གང་དག་སེམས་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་ལ། ལུས་ཀྱིས་ནི་མ་ཡིན་པ་དེ་ནི། སེམས་ཀྱི་དབང་གིས་སྨོད་པར་བྱེད་ཅིང་འཕྱར་བར་འགྱུར་རོ། །གང་དག་ལུས་ཀྱི་དང་སེམས་ལས་བྱུང་བའི་བརྩོན་འགྲུས་དང་ལྡན་པ་དེ་དག་ནི། ཟུང་དུ་མཉམ་ཞིང་ལྡན་པ་ནི། སྨོད་པར་མི་བྱེད་ཅིང་འཕྱར་བར་མི་བྱེད་ལ། བརྩོན་འགྲུས་བར་མའི་ཤེས་པ་དང་ལྡན་པས་ཚོགས་སྒྲུབ་ཅིང་བྱ་བ་མཐར་བྱེད་ལ། བྱ་བ་ཡང་དག་པར་སྒྲུབ། བདུད་ཀྱི་ཞགས་པ་གཅོད། བདུད་ཕམ་པར་བྱེད། བདུད་ཕྱིར་ཕྱོགས་པར་བྱེད། བདུད་ཀྱི་རིས་དག་སྐྲག་པར་བྱེད། སངས་རྒྱས་ཀྱི་རྒྱུད་འཕེལ་བར་བྱེད། ལམ་སྦྱོང་བར་བྱེད། མུ་སྟེན་པར་བྱེད། ཟམ་པ་འདོགས་པར་བྱེད། སྟེགས་འཆའ་བར་བྱེད། ཡེ་ཤེས་ཀྱི་སྒྲོན་མ་འབར་པར་ 143a ༄#། །བྱེད།་སྣང་བར་བྱེད། མུན་པ་སེལ་བར་བྱེད། ལམ་སྟོན་པར་བྱེད། ཡང་དག་པར་བླང་བའི་བརྩོན་འགྲུས་ལ་ཤིན་ཏུ་གནས་ཤིང་ཡོངས་སུ་མི་ཉམ་པར་བྱེད་དོ། །གང་དག་ལུས་ཀྱིའམ། སེམས་ལས་བྱུང་བའི་བརྩོན་འགྲུས་དེ་དག་ནི། ཤིང་ཀ་ཏ་ཀའི་འབྲས་བུ་ལྟར་དེ་དག་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལྟར་ན། དེ་བཞིན་གཤེགས་པས་བརྩོན་འགྲུས་ཀྱི་རིམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་བརྩོན་འགྲུས་ཀྱི་རིམ་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཉམས་པའི་ཆ་དང་མཐུན་པའི་བསམ་གཏན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནས་པའི་ཆ་དང་མཐུན་པའི་བསམ་གཏན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཁྱད་པར་གྱི་ཆ་དང་མཐུན་པའི་བསམ་གཏན་ 143b ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བསམ་གཏན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་དེ་དག་གིས་ཡོངས་སུ་ཉམས་པའི་བསམ་གཏན་དེ་དག་གི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྒྱུ་གང་དང ། རྐྱེན་གང་དག་གིས་གནས་པའི་ཆ་དང་མཐུན་པར་གྱུར་པ་དེ་དག་གི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྒྱུ་གང་དང ། རྐྱེན་གང་དག་གིས་ཁྱད་པར་གྱི་ཆ་དང་མཐུན་པར་གྱུར་པའི་བསམ་གཏན་དེ་དག་གི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྒྱུ་གང་དང ། རྐྱེན་གང་དག་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པར་གྱུར་པའི་བསམ་གཏན་དེ་དག་གི་རྒྱུ་དེ་དང ། རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་བསམ་གཏན་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ 144a ༄#། །ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་བརྒྱད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི། རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི། རྣམ་པར་ཐར་པ་གཉིས་པའོ། །གཙང་བ་ཉིད་ལ་མོས་པ་འདི་ནི། རྣམ་པར་ཐར་པ་གསུམ་པ་ཡིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་རྣམ་པར་ཐར་པ་དང ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་རྣམ་པར་ཐར་པ་དང ། ཅིའང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་རྣམ་པར་ཐར་པ་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་རྣམ་པར་ཐར་པ་དང ། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་ 144b བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་ཐར་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན།་ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ།་ཤུགས་ལྡན་ཞེས་བྱ་བའི་ཏིང་ངེ་འཛིན་དང ། སེངྒེ་ཞེས་བྱ་བའི་ཏིང་ངེ་འཛིན་དང ། ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང ། ཆོས་ཐམས་ཅད་ཀྱི་རྒྱུད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་ལྟར་ན། དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་ཡང་དག་པ་ཇི་ལྟ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྙོམས་པར་འཇུག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་ 145a ༄#། །གཤེགས་པས་བསམ་གཏན་ལ་མངོན་པར་གནས་པ་དང ། དོན་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་དག་བསམ་གཏན་དང་པོ་ལ་བརྟེན་ནས་ཟག་པ་ཟད་ཅིང་དོན་རྟོགས་པའི་སྙོམས་པར་འཇུག་པ་དང ། བསམ་གཏན་དང་པོ་ལ་བརྟེན་ནས་མི་རྟག་པ་ཡིད་ལ་བྱེད་པའི་སྙོམས་པར་འཇུག་པ་དང ། བསམ་གཏན་དང་པོ་ལ་བརྟེན་ནས་སྡུག་བསྔལ་ཡིད་ལ་བྱེད་པའི་སྙོམས་པར་འཇུག་པ་ནས་དེ་བཞིན་དུ་སྦྱར་ཏེ་ཕྱིར་རྒོལ་བ་ཡིད་ལ་བྱེད་པའི་བར་གྱི་སྙོམས་པར་འཇུག་པ་དང ། བསམ་གཏན་དང་པོ་ལ་བརྟེན་ནས་མཚན་མ་དང་བྲལ་བའི་སྙོམས་པར་འཇུག་པ་དང ། བསམ་གཏན་དང་པོ་ལ་བརྟེན་ནས་བདག་མེད་པ་དང་བྲལ་བའི་སྙོམས་པར་འཇུག་པ་དང ། བསམ་གཏན་དང་པོ་ལ་བརྟེན་ནས་སྨོན་ལམ་དང་བྲལ་བའི་སྙོམས་པར་འཇུག་པ་དང ། བསམ་གཏན་དང་པོ་ལ་བརྟེན་ནས་རྒྱུན་དུ་འཇུག་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་སྙོམས་པར་འཇུག་པ་དང ། བསམ་གཏན་དང་པོ་ལ་བརྟེན་ནས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་བར་ལ་སྙོམས་པར་འཇུག་པ་སྟེ། དེ་བཞིན་དུ་བསམ་གཏན་གཉིས་པ་ལ་བརྟེན་པ་ནས་བསམ་གཏན་བཞི་ 145b པ་ལ་བརྟེན་པ་དང ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང ། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའི་བར་ལའང་རྒྱ་ཆར་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྙོམས་པར་འཇུག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། འདོད་ཆགས་དང་ཞེ་སྡང་གིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདོད་ཆགས་དང་གཏི་མུག་གིས་ 146a ༄#། །ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཞེ་སྡང་དང་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཞེ་སྡང་དང་གཏི་མུག་གིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གཏི་མུག་དང་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཆ་མཉམ་པར་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཁྲོ་བས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། འཁོར་དང ། ཡོངས་སུ་གདུང་བ་དང ། ཕྲག་དོག་དང ། སེར་སྣ་དང ། གཡོ་དང ། སྒྱུ་དང ། ངོ་ཚ་མེད་པ་དང ། ཁྲེལ་མེད་པ་དང ། ཁེངས་པ་དང ། ཉེས་རྩོམ་དང ། རྒྱགས་པ་དང ། བག་མེད་པ་དང ། ང་རྒྱལ་ལས་ཀྱང་ལྷག་པའི་ང་རྒྱལ་གྱིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ང་རྒྱལ་གྱིའང་ང་རྒྱལ་གྱིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ལོག་པའི་ང་རྒྱལ་གྱིས་ཀུན་ནས་ཉོན་མོངས་པ་དང ། མངོན་པའི་ང་རྒྱལ་གྱིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ལྷག་པའི་ང་ 146b རྒྱལ་གྱིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཅུང་ཟད་སྙམ་པའི་ང་རྒྱལ་གྱིས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཁ་གསག་དང ། གཞོགས་སློང་དང ། ཐོབ་ཀྱིས་འཇལ་བས་ཀུན་ནས་ཉོན་མོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྙེད་པས་རྙེད་པར་བྱེད་འདོད་པས་ཀུན་ནས་ཉོན་མོངས་པ་དང ། སྡིག་འདོད་པས་ཀུན་ནས་ཉོན་མོངས་པ་དང ། འདོད་ཆེན་དང ། འདོད་པ་དང ། དྲན་པས་ཀུན་ནས་ཉོན་མོངས་པ་དང ། སྤྱོད་པ་མ་ཡིན་པས་ཀུན་ནས་ཉོན་མོངས་པ་དང ། མི་སྙན་པར་སྨྲ་བ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་དང ། མི་བཟོད་པས་ཀུན་ནས་ཉོན་མོངས་པ་དང ། སྦེད་པས་ཀུན་ནས་ཉོན་མོངས་པ་དང ། ཡོངས་སུ་སྦེད་པས་ཀུན་ནས་ཉོན་མོངས་པ་དང ། ཆོས་མ་ཡིན་པའི་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པ་དང ། ཆགས་པ་དང་མི་མཐུན་པར་ཆགས་པས་ཀུན་ནས་ཉོན་མོངས་པ་དང ། འཇིག་ཚོགས་ལ་ལྟ་བས་ཀུན་ནས་ཉོན་མོངས་པ་དང ། ཐེ་ཚོམ་གྱིས་ཀུན་ནས་ཉོན་མོངས་པ་དང ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ཀུན་ནས་ཉོན་མོངས་པ་དང ། འདོད་པ་ལ་འདུན་པས་ཀུན་ནས་ཉོན་མོངས་པ་དང ། གནོད་སེམས་ཀྱིས་ཀུན་ནས་ཉོན་མོངས་པ་ 147a ༄#། །དང ། རྨུགས་པ་དང་གཉིད་ཀྱིས་ཀུན་ནས་ཉོན་མོངས་པ་དང ། རྒོད་པ་དང ། འགྱོད་པ་དང ། ཡིད་གཉིས་ཀྱིས་ཀུན་ནས་ཉོན་མོངས་པ་དང ། མི་དགའ་བས་ཀུན་ནས་ཉོན་མོངས་པ་དང ། དགའ་བས་ཀུན་ནས་ཉོན་མོངས་པ་དང ། གླལ་བས་ཀུན་ནས་ཉོན་མོངས་པ་དང ། བཟའ་བ་མ་བསྡམས་པས་ཀུན་ནས་ཉོན་མོངས་པ་དང ། སེམས་ལས་བྱུང་བ་ཀུན་ནས་ཉོན་མོངས་པ་དང ། སེམས་ཀུན་ནས་ཉོན་མོངས་པ་དང ། འདུ་ཤེས་ནས་ཚོགས་ཀྱིས་ཀུན་ནས་ཉོན་མོངས་པ་དང ། བདག་ལ་དབང་མེད་པས་ཀུན་ནས་ཉོན་མོངས་པ་དང ། ལུས་ཀྱི་གནས་ངན་ལེན་གྱིས་ཀུན་ནས་ཉོན་མོངས་པ་དང ། ཐོགས་པས་ཀུན་ནས་ཉོན་མོངས་པ་དང ། ཆོག་མི་ཤེས་པས་ཀུན་ནས་ཉོན་མོངས་པ་སྟེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་ 147b པས་རྣམ་པར་བྱང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདོད་པ་ལ་འདུན་པའི་གཉེན་པོ་ནི། མི་གཙང་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གནོད་སེམས་ཀྱི་གཉེན་པོ་ནི། བྱམས་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྨུགས་པ་དང་གཉིད་ཀྱི་གཉེན་པོ་ནི། བརྩོན་འགྲུས་རྩོམ་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། རྒོད་པའི་གཉེན་པོ་ནི། ཞི་ནས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། འགྱོད་པའི་གཉེན་པོ་ནི། ཤེས་རབ་ཚོར་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཐེ་ཚོམ་གྱི་གཉེན་པོ་ནི། ཆོས་རྣམས་ལ་རྣམ་པར་ངེས་པ་ཁོང་དུ་ཆུད་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། མི་དགའ་བའི་གཉེན་པོ་ནི། ཕན་ཡོན་སྟོན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། དགའ་བའི་གཉེན་པོ་ནི། བདག་བསྡུས་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གླལ་བའི་གཉེན་པོ་ནི། བརྩོན་འགྲུས་རྩོམ་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། བཟའ་བ་མ་བསྡམས་པའི་གཉེན་པོ་ནི། ཟས་ལ་མི་མཐུན་པའི་འདུ་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་ 148a ༄#། །བ་བཞིན་རབ་ཏུ་མཁྱེན། ཀུན་ནས་ཉོན་མོངས་པའི་གཉེན་པོ་ནི། སེམས་རབ་ཏུ་བསྡུས་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། འདུ་ཤེས་སྣ་ཚོགས་ཀྱི་གཉེན་པོ་ནི། མཚན་མ་མེད་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཡིད་ལ་མི་བྱེད་པའི་གཉེན་པོ་ནི། ཆོས་རྣམས་ལ་དོན་དུ་བྱེད་པ་ཉིད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ལུས་ཀྱི་གནས་ངན་ལེན་གྱི་གཉེན་པོ་ནི། སྡོམ་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཆགས་པའི་གཉེན་པོ་ནི། དགེ་བའི་བཤེས་གཉེན་ལ་བརྟེན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། མུ་སྟེགས་ཀྱི་ཤེས་པ་ཉིད་དག་ལ་ཆགས་པའི་གཉེན་པོ་ནི། མི་མཐུན་པའི་འདུ་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་བྱང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། 148b ཇི་ལྟར་ན། དེ་བཞིན་གཤེགས་པས་རྣམ་པར་གཞག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟར་བསམ་གཏན་དང་པོ་ལས་ལྡང་བར་བྱ་ཞིང ། བསམ་གཏན་དང་པོ་ལས་ལངས་ནས་ཆོས་འདི་དག་ལ་ཡང་དག་པར་སྤྱོད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། བསམ་གཏན་དང་པོ་ལས་ལངས་པའི་སེམས་དབེན་པ་ལ་གཞོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། བསམ་གཏན་དང་པོ་ལས་ལངས་པའི་སེམས་དགའ་བར་བྱེད་པའི་ཆོས་གང་ཡིན་པ་དང ། བསམ་གཏན་དང་པོ་ལས་ལངས་པའི་མངོན་པར་རྗོད་པར་བྱེད་པའི་ཆོས་གང་ཡིན་པ་དང ། དེ་དང་པོའི་ཆོས་གང་ཡིན་པ་ཡང་དག་པར་སྤྱོད་པའི་ཆོས་དེ་དག་རབ་ཏུ་མཁྱེན། སེམས་གང་གཞོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཆོས་གང་དག་ལ་དགའ་བའི་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། གང་དག་ལ་མི་དགའ་བའི་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། ཆོས་གང་ཡིད་ལ་བྱས་ཤིང་ལྡང་བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་དུ་བསམ་གཏན་གཉིས་པ་དང ། གསུམ་པ་དང ། བསམ་གཏན་བཞི་པ་དང ། 149a ༄#། །དེ་བཞིན་དུ་རྣམ་པར་ཐར་པ་རྣམས་དང ། དེ་བཞིན་དུ་ཏིང་ངེ་འཛིན་རྣམས་དང ། དེ་བཞིན་དུ་སྙོམས་པར་འཇུག་པ་རྣམས་ཀྱི་སྟེ། དེ་ལྟར་ན།་དེ་བཞིན་གཤེགས་པས་རྣམ་པར་ལྡང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྣམ་པར་ལྡང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་རྒྱ་ཆེར་བྱ་སྟེ། ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སྔོན་གྱི་བསྐལ་པ་རབ་ཏུ་མཁྱེན་ཏེ། བསྐལ་པ་གང་དུ་མིང་དུ་བཏགས་པར་གྱུར་པ་དེ། རྐྱེན་གང་དག་གིས་མིང་དུ་བཏགས་ནས་ཡང་དག་པར་གནས་པའི་བསྐལ་པ་དེ་དག་ནི། འདི་ལྟ་སྟེ། དཔེར་ན། བསྐལ་པ་བཟང་པོ་འདིའི་མིང་བསྐལ་པ་པདྨ་སྟོང་མཐོང་ཞེས་བཏགས་པ་དེ་བཞིན་དུ་བསྐལ་པ་དེ་དག་གི་སོ་སོ་རབ་ཏུ་མཁྱེན། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་བཙུན་པར་བཏགས་པའང་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། འདིར་ཤཱཀྱའི་རིགས་ 149b ལས་ཐུབ་པ་འཁྲུངས་པ་ལ་ཤཱཀྱ་ཐུབ་པ་ཞེས་མཚན་བཏགས་པ་དེ་བཞིན་དུ། དེ་བཞིན་གཤེགས་པས་བསྐལ་པ་དེ་དག་དང ། སངས་རྒྱས་དེ་དག་གི་མཚན་བཏགས་པ་རབ་ཏུ་མཁྱེན། དེ་བཞིན་གཤེགས་པས་དེར་ཡང་སེམས་ཅན་ཐམས་ཅད་ཀྱི་མིང་དུ་བཏགས་པ་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྔོན་གྱི་མཐའ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། ། ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པ་སྔོན་གྱི་གནས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་རབ་ཏུ་མཁྱེན་ཏེ། གང་དུ་བདག་ཡུན་རིང་པོར་གནས་ཤིང ། དེ་ནས་ཀྱང་སྔོན་གྱི་གནས་གང་ལ་ཕྱིར་ཞིང་གནས་པ། གལ་ཏེ་སེམས་ཅན་དམྱལ་བའམ། གལ་ཏེ་དུད་འགྲོའི་སྐྱེ་གནས་སུའམ། གལ་ཏེ་གཤིན་རྗེའི་འཇིག་རྟེན་དུའམ། གལ་ཏེ་མིར་རམ། གལ་ཏེ་ལྷར་རམ།་གལ་ཏེ་ཡི་དྭགས་སུའམ། གལ་ཏེ་སེངྒེར་རམ། གལ་ཏེ་སྟག་ཏུའམ། གལ་ཏེ་གཟིག་ཏུའམ། གལ་ཏེ་ནམ་མཁའ་ལ་རྒྱུ་བའམ། གལ་ཏེ་བྱའི་ཚོགས་སུའམ། 150a ༄#། །གལ་ཏེ་སྦྲུལ་གདུག་པའི་ཚོགས་སུའམ། གལ་ཏེ་སྦྲུལ་གྱི་ཚོགས་སུའམ། གལ་ཏེ་སེར་མོའི་ཚོགས་སུའམ། གལ་ཏེ་ས་ལ་རྒྱུ་བར་རམ།་གལ་ཏེ་བར་སྣང་ལ་རྒྱུ་བར་རམ། གལ་ཏེ་རྐང་མེད་དུའམ། གལ་ཏེ་རྐང་གཉིས་པར་རམ། གལ་ཏེ་རྐང་བཞི་པར་རམ། གལ་ཏེ་རྐང་མང་དུའམ། གལ་ཏེ་ཆུ་ལ་རྒྱུ་བར་རམ། གལ་ཏེ་སྐམ་ས་ལ་རྒྱུ་བར་རམ། གལ་ཏེ་གནོད་སྦྱིན་གྱི་ཚོགས་སུའམ། གལ་ཏེ་ཤ་ཟའི་ཚོགས་སུའམ། གལ་ཏེ་སྲིན་པོའི་ཚོགས་སུའམ། གལ་ཏེ་འབྱུང་པོའི་ཚུགས་སུའམ། གལ་ཏེ་ལྷ་མ་ཡིན་གྱི་ཚོགས་སུའམ། གལ་ཏེ་ནམ་མཁའ་ལྡིང་གི་ཚོགས་སུའམ། གལ་ཏེ་མིའམ་ཅིའི་ཚོགས་སུའམ། གལ་ཏེ་ལྟོ་འཕྱེ་ཆེན་པོའི་ཚོགས་སུའམ། གལ་ཏེ་མི་མ་ཡིན་པའི་ཚོགས་སུའམ། གལ་ཏེ་ཕྲེང་བ་འཆང་བའི་ཚོགས་སུའམ། གལ་ཏེ་ལག་ན་གཞོང་ཐོགས་ཀྱི་ལྷར་རམ། གལ་ཏེ་རྟག་ཏུ་མྱོས་པའི་ལྷར་རམ། གལ་ཏེ་ལུས་རྒྱན་ཐོགས་པའི་ལྷར་རམ། གལ་ཏེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་རམ། གལ་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་རམ། གལ་ཏེ་འཐབ་བྲལ་གྱི་ལྷ་ནས་དེ་བཞིན་དུ་སྦྱར་ཏེ། དགའ་ལྡན་དུའམ། གལ་ཏེ་འཕྲུལ་དགར་རམ། གལ་ཏེ་གཞན་འཕྲུལ་དབང་ 150b བྱེད་དམ། གལ་ཏེ་ཚངས་པར་རམ། གལ་ཏེ་ཚངས་རིས་སུའམ། གལ་ཏེ་ཚངས་པ་མདུན་ན་འདོན་དུའམ། གལ་ཏེ་ཚངས་པ་ཀུན་འཁོར་དུའམ། གལ་ཏེ་ཚངས་པ་ཆེན་པོར་རམ། གལ་ཏེ་འོད་དུའམ། གལ་ཏེ་འོད་ཆུང་དུའམ། གལ་ཏེ་ཚད་མེད་འོད་དུའམ། གལ་ཏེ་འོད་གསལ་དུའམ། གལ་ཏེ་དགེ་བར་རམ། ཆུང་དགེར་རམ། ཚད་མེད་དགེར་རམ། དགེ་རྒྱས་སུའམ། ཆེ་བར་རམ། ཆུང་ཆེར་རམ། ཚད་མེད་ཅེར་རམ། འབྲས་བུ་ཆེ་བར་རམ། འདུ་ཤེས་མེད་པའི་སེམས་ཅན་དུའམ། གལ་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུའམ། གལ་ཏེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུའམ། གལ་ཏེ་ཅིའང་མེད་པའི་སྐྱེ་མཆེད་དུའམ། གལ་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པས་འདས་པའི་དུས་ཀྱི་དགེ་བའི་རྩ་བ་གང་དག་མངོན་པར་འདུས་བྱས་པ། གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་བརྩོན་འགྲུས་ཀྱི་ཕ་ 151a ༄#། །རོལ་ཏུ་ཕྱིན་པ་དང་སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་སོ་སོ་ཡང་དག་པར་ལྡན་པའམ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སོ་སོ་ཡང་དག་པར་ལྡན་པ་དེ་དག་ཐམས་ཅད་རབ་ཏུ་མཁྱེན། དེ་བཞིན་གཤེགས་པས་འདས་པའི་དུས་སུ་འཁོར་བ་གང་དག་ལ་གནས་ནས་གང་དུ་སངས་རྒྱས་བཅོས་ལྡན་འདས་དེས་པར་གནས་པ་དེ་དག་ལ་བསྙེན་བཀུར་བྱས་ཤིང ། ཡོངས་སུ་ཞུས་ནས་མཁྱེན་པ་གང་དག་བསྒྲུབས་པ་འདི་ལྟ་སྟེ།་ཐབས་ལ་མཁས་པ་དང ། བཟོའི་ཤེས་པ་དང ། སྙོམས་པར་འཇུག་པ་ཤེས་པ་བསྒྲུབས་པ་དེ་དང ། དེ་དག་ཐམས་ཅད་རབ་ཏུ་མཁྱེན་ཏོ། །ཟག་པ་ཟད་པ་ཤེས་པ་མ་གཏོགས་པར་བཟོའམ། བཟོ་ཤེས་པའམ། ལས་སམ། ལས་ཤེས་པ་གང་དག་དེ་བཞིན་གཤེགས་པས་སྔོན་མ་བསྐྱེད་པ་མེད་དེ། སྔོན་མངོན་པར་འདུས་མ་བྱས་པ་གང་ཡང་མེད་དོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་ 151b པས་ཕྱི་མའི་མཐའ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་མ་འོངས་པའི་བསྐལ་པའི་སངས་རྒྱས་རྣམས་དང ། སེམས་ཅན་རྣམས་ཀྱི་མིང་དུ་བཏགས་པ་རབ་ཏུ་མཁྱེན། རྒྱུ་གང་དང་རྐྱེན་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། སེམས་ཅན་དེ་རྣམས་ཀྱི་མིང་དུ་བཏགས་པར་འགྱུར་བ་དེ་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཕྱི་མའི་མཐའ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འཆི་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་གང་དག་སྐྱེས་ནས་འཆི་བར་འགྱུར་བ། འཆི་བ་དང ། འཆི་འཕོ་དང ། འཆི་བར་བྱེད་པ་དང ། གསོད་པ་དང ། དུས་བྱེད་པ་དང ། ཕུང་པོ་འཇིག་པ་དང ། ལུས་འདོར་བ་དང ། སྲོག་གི་དབང་པོ་ཡང་དག་པར་གཅོད་པ་དང ། །རིས་ལྷན་ཅིག་མཐུན་པ་བྱེད་པ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་ 152a ༄#། །བཞིན་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི་ཚེའི་ཚད་ཡོངས་སུ་མ་རྫོགས་པར་འཆི་བར་འགྱུར། སེམས་ཅན་འདི་དག་ནི། ཕ་རོལ་གྱི་གནོད་པས་འཆི་བར་འགྱུར། སེམས་ཅན་འདི་དག་ནི། ཡང་དག་པར་སྤངས་པས་འཆི་བར་འགྱུར། སེམས་ཅན་འདི་དག་ནི། ཡང་བ་མ་སྤངས་པས་འཆི་བར་འགྱུར། སེམས་ཅན་འདི་དག་ནི། དུས་ཚིགས་ཀྱིས་བསྒྱུར་ནས་འཆི་བར་འགྱུར། སེམས་ཅན་འདི་དག་ནི། བསོད་ནམས་ཟད་པས་འཆི་བར་འགྱུར། ཞེས་དེ་ལྟར་དེ་བཞིན་གཤེགས་པས་འཆི་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འཆི་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འཆི་བ་ན་སྐྱེ་བའི་མཚན་མ་འདི་དག་འབྱུང་བར་འགྱུར་ཏེ། གང་དུས་འདིས་སྐྱེ་བར་བྱེད་པ་སེམས་ཅན་དམྱལ་བའི་མཚན་མ་དག་མཐོང་བ་ནི། སེམས་ཅན་དམྱལ་བར་འགྲོའོ།། 152b དུད་འགྲོའི་མཚན་མ་དག་མཐོང་བ་ནི། དུད་འགྲོའི་སྐྱེ་གནས་སུ་འགྲོའོ། །གཤིན་རྗེའི་འཇིག་རྟེན་གྱི་མཚན་མ་དག་མཐོང་བ་ནི། གཤིན་རྗེའི་འཇིག་རྟེན་དུ་འགྲོའོ། །མིའི་མཚན་མ་དག་མཐོང་བ་ནི། མིའི་འཇིག་རྟེན་དུ་འགྲོའོ། །ལྷའི་མཚན་མ་དག་མཐོང་བ་ནི། མཐོ་རིས་སུ་འགྲོའོ། །མིར་སྐྱེ་བའི་མཚན་མ་དག་མཐོང་བ་ནི། མྱ་ངན་ལས་འདས་པར་འགྲོའོ་ཞེས། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྐྱེ་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན།་ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། འདོད་པའི་ཟག་པ་ནི། ཡོངས་སུ་རྟོག་པ་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བ། ཡང་དག་པ་མ་ཡིན་པ། སོ་སོ་ཉེ་བར་གཞོག་པ། དགེ་བའི་རྩ་བ་རྣམ་པར་འཇིག་པར་བྱེད་པ། བཅིངས་པ་ལྷོད་ཀྱང་རབ་ཏུ་ཐར་པར་དཀའ་བ། མི་བཤེས་ཀྱང་བཤེས་ 153a ༄#། །པ་ལྟར་སྣང་བ། བར་དུ་གཅོད་པར་བྱེད་པ། མི་མཐུན་པ་རྣམ་པ་དུ་མ་དག་ཏུ་མཚུངས་པའོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པ་གང་ཡིན་པ་འདི་ནི། འདོད་པའི་ཟག་པ་ཤེས་པ་ཞེས་བྱ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་འདོད་པའི་ཟག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྲིད་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སྲིད་པ་ལ་སྲེད་པ་དང ། སྲིད་པ་ལ་རྟག་ཏུ་མངོན་པར་དགའ་བ་དང ། སྲིད་པའི་བྱ་བ་ལ་ཆགས་པ་དང ། སྲིད་པ་ལ་རོ་མྱང་བར་བལྟས་པ་དང ། སྲིད་པ་གང་གི་དབང་གིས་སྔོན་གྱི་མཐའ་མ་ཤེས་ཏེ། སྡུག་བསྔལ་ཉམས་སུ་མྱོང་ལ་སྲིད་པ་དེའི་སྡུག་བསྔལ་ལ་ཆགས་ཤིང་རབ་ཏུ་མི་ཤེས། སྡུག་བསྔལ་སྤང་བ་རབ་ཏུ་མི་ཤེས་པའོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ 153b ཡིན་པ་འདི་ནི། སྲིད་པའི་ཟག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྲིད་པའི་ཟག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ལམ་གོལ་བར་ཞུགས་པ་ནི། འདི་དག་ཡིན་ཏེ། འདི་ལྟ་སྟེ། ཆད་པར་ལྟ་བ་དང ། རྟག་པར་ལྟ་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆད་པའི་ཆོས་དེ་གང་ཡང་མེད་ཅིང ། གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་ཆོས་དེའང་མི་དམིགས་ཏེ། གཞན་དུ་ན་ལས་ཚོགས་པ་དག་གིས་སྐྱེ་སྟེ། ཁྱིམ་བདག་།འདི་ལྟ་སྟེ།་དཔེར་ན། ཆུ་ཆེན་པོ་འབབ་པ་ན་སྒྲ་འབྱུང་ལ། དེའི་སྒྲ་འབྱུང་བ་ལ་བྱེད་པ་པོ་སུའང་མེད་དེ། གཞན་དུ་ན་ཚོགས་པའི་སྦྱོར་བས་འབྱུང་ངོ ། །ཁྱིམ་བདག་།དེ་བཞིན་དུ་རྐྱེན་ཡོད་ན། འཁོར་བའི་རྒྱུན་དུ་འཇུག་སྟེ། ཉོན་མོངས་པ་དག་ཡོད་ན། ལས་བྱེད་ལ། ལས་ཡོད་ན། རྣམ་པར་སྨིན་པ་མངོན་པར་འགྲུབ་ཅིང་འདིར་སོ་སོ་མྱོང་བར་ 154a ༄#། །མངོན་པར་འདུ་བྱེད་པ་གང་ཡང་མེད་དེ། གཞན་དུ་ན་རྐྱེན་དེ་དག་ཡོད་ཅིང་ཚོགས་པས་འགྲུབ་བོ། །དེ་ལ་བུས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་དག་འདི་སྙམ་དུ་སེམས་ཏེ། ངས་ལས་འདི་མངོན་པར་འདུ་བྱས་པ་གང་ངའི་རྣམ་པར་སྨིན་པ། སོ་སོ་ཡང་དག་པར་མྱོང་བར་བྱའོ། །ཞེས་དེ་ལྟར་ང་རྒྱལ་ལ་མངོན་པར་ཞེན་པ་ཡོད་པས་འཁོར་བའི་རྒྱུན་མི་འཆད་དོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ལྟ་བའི་ཟག་པ་ཤེས་པ་ཞེས་བྱ་སྟེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལྟ་བའི་ཟག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། མ་རིག་པ་ནི། ཇི་ལྟ་བ་བཞིན་དུ་མཐོང་བ་ལ་སྒྲིབ་པ་དང ། ཆད་ 154b པ་དང ། མུན་པ་དང ། མིག་མ་ཡིན་པར་བྱེད་པ་དང ། ཤེས་རབ་འགོག་པ་དང ། ཕོངས་པའི་ཕྱོགས་དང ། མྱ་ངན་ལས་འདས་པར་ཡང་དག་པར་འཇུག་པར་མི་བྱེད་པའོ། ། དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། མ་རིག་པའི་ཟག་པ་ཤེས་བྱ་སྟེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མ་རིག་པའི་ཟག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཟད་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། གང་ཉོན་མོངས་པ་ཟད་པ་དེ་ཟག་པ་ཟད་པའོ། །གང་ཟག་པ་ཟད་པ་དེ་ཉོན་མོངས་པ་ཟད་ཅིང་དེ་སྡུག་བསྔལ་ཟད་པའོ། །གང་སྡུག་བསྔལ་ཟད་པ་དེ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། འཁོར་བའི་ལམ་དུ་མི་འཇུག་གོ་།དེ་ལྟར་ན། དེ་བཞིན་གཤེགས་པས་ཟད་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ཟད་པ་ཤེས་པ་ཞེས་བྱའོ། །དེ་ 155a ༄#། །བཞིན་གཤེགས་པ་ཟད་པ་ཤེས་པ་དེའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སྲེད་པའི་རྐྱེན་གྱིས་སྡུག་བསྔལ་འགྲུབ་ལ། ཤེས་པའི་དབང་གིས་དེའི་སྤོང་བ་འགྲུབ་སྟེ། དེ་ལྟར་ན། དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པ་ཤེས་པ་གང་གིས་ཉོན་མོངས་པ་སྤོང་བ་ཡོངས་སུ་མཁྱེན་ཏེ། དེ་ནི། མི་སྐྱེ་བ་ཤེས་པའོ། །དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི།་མི་སྐྱེ་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་མི་སྐྱེ་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། 155b ཇི་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ལ་གཞན་ལ་རག་མ་ལུས་པའི་ཤེས་པ་ལ་དམིགས་ནས་ངས་མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཆོས་གང་ཡང་མེད་དེ། གང་ཕ་རོལ་དག་གིས་དེ་ཆོས་འདི་དག་ལ་མངོན་པར་རྫོགས་པར་སངས་མ་རྒྱས་སོ། །ཞེས་རྒོལ་བ་ལ་བསྙེངས་པ་མི་མངའོ། །དེ་ལྟར་དེ་བཞིན་གཤེགས་པ་མ་ལུས་པར་ཐུགས་སུ་ཆུད་པ་ལ་བཞུགས་སོ། །དེ་བཞིན་གཤེགས་པ་མ་ལུས་པར་ཐུགས་སུ་ཆུད་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་དོན་སོ་སོ་ཡང་དག་པར་རིག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་དོན་སོ་སོ་ཡང་དག་པར་རིག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། ཡི་གེ་འདི་ནི། དོན་སྟོན་ཏེ། འདི་ལྟ་སྟེ། ཆོས་ཀྱི་དོན་དང ། སེམས་ཅན་གྱི་དོན་དང ། སྲོག་མེད་པའི་དོན་དང ། གང་ཟག་མེད་པའི་དོན་དང ། སྟོང་པ་ཉིད་ཡོངས་སུ་བསྟན་པའི་དོན་དང ། མཚན་ 156a ༄#། །མ་དང་བྲལ་བའི་དོན་དང ། སྨོན་ལམ་དང་བྲལ་བ་སྟེ། དེའང་འདིར་བརྗོད་པར་བྱ་ཞིང་འདི་ལྟར་མངོན་དུ་དཔྱད་པར་བྱ་སྟེ། འདི་ལྟ་སྟེ། མི་རྟག་པ་ཞེའམ། སྡུག་བསྔལ་བ་ཞེའམ། བདག་མེད་པ་ཞེའམ། མཚན་མ་དང་བྲལ་བ་ཞེའམ། སྨོན་པ་དང་བྲལ་བ་ཞེའམ། ཞི་བ་ཞེའམ། རློམ་སེམས་མེད་པ་ཞེའམ།་བདག་འདུལ་བ་ཞེའམ། མངོན་པར་འདུ་མི་བྱེད་པ་ཞེའམ། སྤྲོས་པ་མེད་པ་ཞེས་བྱའོ། །ཡི་གེ་འདི་དག་ནི། དུས་དང་ལྡན་པར་སོ་སོར་བརྗོད་པར་བྱ་སྟེ། བདག་ཏུ་མངོན་པར་ཆགས་པ་དག་གི་དུས་སུ་ནི། སྟོང་པ་ཉིད་དོ། །མཚན་མ་ལ་མངོན་པར་ཆགས་པ་དག་གི་དུས་སུ་ནི། མཚན་མ་མེད་པའོ། །སྨོན་ལམ་ལ་མངོན་པར་ཆགས་པ་དག་གི་དུས་སུ་ནི། སྨོན་པ་མེད་པའོ། །བསམ་པ་རྣམ་པར་སྤྱོད་པ་དག་ལ་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། སོ་སོ་ཡང་དག་པར་རིག་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སོ་སོ་ཡང་དག་པར་རིག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་ 156b སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་མཚན་ཉིད་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་མཚན་ཉིད་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། གླང་པོ་ཆེ་ལྟར་གཟིགས་པ་ཉིད་དང ། སེངྒེ་ལྟར་རྣམ་པར་བསྒྱིངས་པ་ཉིད་དང ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ལ་འཇུག་པ་ཉིད་དང ། སེམས་ཅན་ཐམས་ཅད་ཀྱི་ལམ་དང་རྗེས་སུ་མཐུན་པ་ཉིད་དོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི།་དེ་བཞིན་གཤེགས་པའི་མཚན་ཉིད་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་བཞིན་གཤེགས་པ་མཚན་ཉིད་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་བར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་གནས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་ 157a ༄#། །པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱམས་པ་སྒོམ་པར་མཛད་དེ། ངས་སེམས་ཅན་འདི་དག་ནི། སྐྱེ་བའི་འཇིགས་པ་ལས་བསྐྱབ་པར་བྱ། རྒ་བའི་འཇིགས་པ་དང ། ནད་ཀྱི་འཇིགས་པ་དང ། འཆི་བའི་འཇིགས་པ་ལས་བསྐྱལ་པར་བྱ། སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བའི་ཕྱིར་བྱམས་པ་སྒོམ་པ་འདི་ནི། དེ་བཞིན་གཤེགས་པའི་གནས་པ་དང་པོའོ། །ཀྱེ་ཨེ་མ་སེམས་ཅན་འདི་དག་ནི། སྡུག་བསྔལ་བ་སྟེ། དེ་དག་གི་སྡུག་བསྔལ་བསལ་བའི་དོན་དུ་ཆོས་བསྟན་པར་བྱའོ། །གཞན་མ་ཡིན་པ་འཕགས་པའི་ལམ་གྱིས་ཐར་པར་བྱའོ། །ཞེས་ཐུགས་རྗེ་བསྐྱེད་པར་མཛད་དོ། །གཞན་མ་ཡིན་པའི་ལམ་འདི་ནི། དེ་བཞིན་དུ་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱེད་པའོ། །ཞེས་དགྱེས་པ་བསྐྱེད་པར་མཛད་དོ། །དགྱེས་པ་དེ་སྡུག་བསྔལ་ཐམས་ཅད་ལས་བཏང་སྙོམས་སུ་མཛད་ཅིང ། སེམས་དཔའ་མེད་པའི་བཏང་སྙོམས་བསྐྱེད་པར་མཛད་དོ། འདི་དག་ནི། དེ་བཞིན་གཤེགས་པའི་གནས་པ་བཞི་པའོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། དེ་བཞིན་གཤེགས་པའི་གནས་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་ 157b པ་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན།་ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་དཔག་ཏུ་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པ་ལ་དོན་དུ་གཉེར་བ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དང་པའི་སེམས་དང ། རྙོག་པ་མེད་པའི་སེམས་དང ། དཀྲུགས་པ་མེད་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །བྱང་ཆུབ་ཀྱི་སེམས་ལ་གཞོལ་བ་དང ། སེམས་རབ་ཏུ་བསྡུས་པ་དང ། སེམས་ཀྱི་རྒྱུན་བརྗེད་པ་མེད་པ་དང ། སེམས་ཀྱི་རྒྱུན་མ་གཡེངས་པ་དང ། ཉོན་མོངས་པ་མེད་པར་གྱུར་པའི་ཤེས་རབ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་དང ། གསལ་བ་དང ། མངོན་པར་རྟོགས་པ་དང ། ཡང་དག་པར་ཁོང་དུ་ཆུད་པ་དང ། མཁས་པའི་བར་གང་ཡིན་པ་འདི་ནི། དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་ཞེས་བྱ་སྟེ། ཁྱིམ་བདག་།དེ་ལྟར་ན། 158a ༄#། །དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སྲོག་གཅོད་པ་སྤོང་བ་དང ། མ་བྱིན་པར་ལེན་པ་སྤོང་བ་དང ། འདོད་པས་ལོག་པར་གཡེམ་པ་སྤོང་བ་སྟེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ལུས་ཀྱི་ལས་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ལུས་ཀྱི་ལས་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། འདི་ལ་སྲོག་གཅོད་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཁྱིམ་བདག་།དེ་ལྟར་ན། དེ་བཞིན་གཤེགས་པས་ 158b ལུས་ཀྱི་ལས་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ལུས་ཀྱི་ལས་ལུང་དུ་མ་བསྟན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་བསམ་པ་ལས་བྱུང་བའི་རྣམ་པར་སྨིན་པ་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ལུས་ཀྱི་ལས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ལུས་ཀྱི་ལས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །བམ་པོ་དགུ་པ། ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ངག་གི་ལས་སེམས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ངག་གི་ལས་དགེ་བ་རྣམ་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བརྫུན་དུ་སྨྲ་བ་སྤངས་པ་དང ། ཕྲ་མ་སྨྲ་བ་སྤངས་པ་དང ། ངག་རྩུབ་པོ་སྤངས་པ་དང ། ཚིག་ཀྱལ་པ་སྤངས་པ་སྟེ། ངག་གི་ལས་ཀྱི་དགེ་བ་རྣམ་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །བརྫུན་དུ་སྨྲ་བ་ 159a ༄#། །དང ། ཕྲ་མ་དང ། ངག་རྩུབ་པོ་དང ། ཚིག་ཀྱལ་པ་སྟེ། ཁྱིམ་བདག། དེ་ལྟར་ན། དེ་བཞིན་གཤེགས་པས་ངག་གི་ལས་མི་དགེ་བ་རྣམ་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ངག་གི་ལས་ལུང་དུ་མ་བསྟན་པ་རྣམ་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཡང་དག་པར་ཡོངས་སུ་སྤྱད་པ་དང ། མི་མཐུན་པར་ཡོངས་སུ་སྤྱད་པ་དང ། དུས་ཚིགས་ཀྱིས་རྣམ་པར་བསྒྱུར་བ་དང ། སྤྱོད་ལམ་ལས་བྱུང་བའི་ངག་གི་ལས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ངག་གི་ལས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ངག་གི་ལས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞི་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཡིད་ཀྱི་ལས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ 159b མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ཡིད་ཀྱི་ལས་དགེ་བ་རྣམ་པ་གསུམ་རབ་ཏུ་མཁྱེན་ཏེ། བརྣབ་སེམས་མེད་པ་དང ། གནོད་སེམས་མེད་པ་དང ། ཡང་དག་པའི་ལྟ་བའོ། ། ཡིད་ཀྱི་ལས་མི་དགེ་བ་རྣམ་པ་གསུམ་རབ་ཏུ་མཁྱེན་ཏེ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བའོ། །ཡིད་ཀྱི་ལས་ལུང་དུ་མ་བསྟན་པ་རྣམ་པ་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། ཡང་དག་པར་ཡོངས་སུ་སྤྱད་པ་དང ། མི་མཐུན་པར་ཡོངས་སུ་སྤྱད་པ་དང ། སྤྱོད་ལམ་ལས་བྱུང་བ་དང ། དུས་ཚིགས་ཀྱིས་རྣམ་པར་བསྒྱུར་བའོ། །དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ཡིད་ཀྱི་ལས་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཡིད་ཀྱི་ལས་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་སྔོན་དུ་འགྲོ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པ་སྔོན་དུ་འགྲོ་བར་བྱས་ནས་ལུས་ཀྱི་ལས་རྩོམ། ངག་གི་ལས་རྩོམ། ཡིད་ 160a ༄#། །ཀྱི་ལས་རྩོམ་མོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་གལ་ཏེ་ཟད་པ་ཤེས་པའམ། གལ་ཏེ་མི་སྐྱེ་བ་ཤེས་པའམ། གལ་ཏེ་འཁོར་བ་ཤེས་པའམ། གལ་ཏེ་མྱ་ངན་ལས་འདས་པ་ཤེས་པ་སྔོན་དུ་འགྲོ་བར་བྱས་པ་ནས་ཡིད་ཀྱི་ལས་རྩོམ་པའི་བར་དུའོ། །དེ་ལ་ཤེས་པ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། སྔོན་དུ་འགྲོ་བ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་སྔོན་དུ་འགྲོ་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག། ཇི་ལྟར་ན། དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུའི་རྗེས་སུ་འཇུག་པ་ཡིན་ནོ། །ཞེས་རབ་ཏུ་མཁྱེན་ཏེ། ལུས་ཀྱི་ལས་གང་དེ་བཞིན་གཤེགས་པའི་སྟོབས་བཅུ་དག་གིས་ཡོངས་སུ་ཤེས་པ་མ་བསྐྱེད་པའམ་།མི་གནས་པའམ། མི་འགག་པ་དེ་ 160b མེད་དེ།་དེ་བཞིན་དུ་ངག་གི་ལས་དང ། ཡིད་ཀྱི་ལས་ལའང་བྱའོ། །དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། རྗེས་སུ་འཇུག་པ་ཤེས་པ་ཞེས་བྱའོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་གང་དམིགས་པར་མཛད་པའི་མཁྱེན་པ་དེས་རྣམ་པར་དཔྱོད་པར་མཛད་དེ། བྱམས་པ་དང་ལྡན་པའི་ཐུགས་ཀྱིས་སེམས་ཅན་ལ་དམིགས་པ་གནོད་པ་མེད་པར་འཇིག་རྟེན་གནས་པ་ལ་གཟིགས་པ་ན་ལམ་གོལ་བར་རབ་ཏུ་ཞུགས་པ་སྲིད་པ་དང ། འགྲོ་བ་ཐམས་ཅད་གནོད་པ་དང ། རྒ་བ་དང ། ན་བ་དང ། འཆི་བ་ཡོད་པ་དག་གིས་ཉེན་པར་ཐུགས་སུ་ཆུད་ནས་ཐམས་ཅད་དུ་མཁྱེན་པས་དཔྱོད་པར་མཛད་པ་ནི། ཕུང་པོ་ཀུན་སྤངས་པ་མ་གཏོགས་པར་གཞན་དུ་ཅུང་ཟད་ཀྱང་གནོད་པ་མེད་པར་མ་གཟིགས་ཏེ། དེའི་མཁྱེན་པ་དེས་ཐམས་ཅད་ཀྱི་རྗེས་སུ་འཇུག་གོ་།གནོད་པ་ཡང་གང་ཀུན་ནས་མནར་སེམས་དང ། གནོད་པ་སྤོང་བའི་ཕྱིར་གནོད་པ་མེད་པ་ཡོངས་སུ་མཁྱེན་ཏོ། །དེ་ལྟར་ན། དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་རྗེས་སུ་འཇུག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཀུན་འབྱུང་བ་ 161a ༄#། །དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམ་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་ལས་ཡོངས་སུ་མི་ཉམ་མོ། །ཁྱིམ་བདག་།གཞན་ཡང་དེ་བཞིན་གཤེགས་པས་ཤེས་པ་གང་ཐུགས་སུ་ཆུད་པ་དེ་ལས་ཡོངས་སུ་མི་ཉམ་སྟེ། འདི་ལྟ་སྟེ། འདོད་ཆགས་སྤང་བ་ཤེས་པ་དང ། ཞེ་སྡང་སྤང་བ་ཤེས་པ་དང ། གཏི་མུག་སྤང་བ་ཤེས་པ་དེ་ལས་ཀྱང་ཡོངས་སུ་མི་ཉམ་མོ། །ཤེས་པ་གང་ཐུགས་སུ་ཆུད་པ་དེ་ནི། དྲན་པ་ཉེ་བར་གཞག་པ་ཤེས་པ་ནས་དེ་བཞིན་དུ་སྦྱར་ཏེ་ལམ་ཤེས་པ་དང ། རྗེས་སུ་དྲན་པ་ཤེས་པ་དང ། ཞི་གནས་ཤེས་པ་དང ། ལྷག་མཐོང་ཤེས་པ་དང ། རིག་པ་ཤེས་པ་དང ། རྣམ་པར་གྲོལ་བ་ཤེས་པ་དང ། ཟད་པ་ཤེས་པ་དང ། མི་སྐྱེ་བ་ཤེས་པ་དང ། ཡོངས་སུ་ཤེས་པ་དང ། སྤང་བ་ཤེས་པ་དང ། བསྒོམ་པ་ཤེས་པ་དང ། མངོན་སུམ་དུ་བྱ་བ་ཤེས་པ་དང ། རྫུ་འཕྲུལ་གྱི་རྣམ་པ་ཤེས་པ་དང ། ལྷའི་མིག་ཤེས་པ་དང ། ལྷའི་རྣ་བ་ཤེས་པ་དང ། ཕ་རོལ་གྱི་སེམས་ཤེས་པ་དང ། སྔོན་གྱི་གནས་ཤེས་པ་དང ། ཟག་པ་ཟད་པ་ཤེས་པ་དང ། 161b རྒྱུ་ཤེས་པ་དང ། འབྲས་བུ་ཤེས་པ་དང ། འཇུག་པ་ཤེས་པ་དང ། ལྡོག་པ་ཤེས་པ་དང ། ཕུང་པོ་ཤེས་པ་དང ། ཁམས་ཤེས་པ་དང ། སྐྱེ་མཆེད་ཤེས་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་དང ། དབང་པོ་ཤེས་པ་དང ། སྟོབས་ཤེས་པ་དང ། བདེན་པ་ཤེས་པ་དང ། འཁོར་བ་ཤེས་པ་དང ། མྱ་ངན་ལས་འདས་པ་ཤེས་པ་དང།་དུས་ཤེས་པ་དང ། དུས་མ་ཡིན་པ་ཤེས་པ་དང ། རིགས་པ་ཤེས་པ་དང ། མངོན་སུམ་པ་ཤེས་པ་དང ། བཟོད་པ་ཤེས་པ་དང ། རིང་བ་ཤེས་པ་དང ། ཉེ་བ་ཤེས་པ་དང ། འབྱུང་བ་ཤེས་པ་དང ། མི་འབྱུང་བ་ཤེས་པ་དང ། བསྒོམས་པ་ཤེས་པ་དང ། མ་བསྒོམས་པ་ཤེས་པ་དང ། ཟད་པ་ཤེས་པ་དང ། ཀུན་ནས་མནར་སེམས་ཤེས་པ་དང ། ཀུན་རྫོབ་ཤེས་པ་དང ། དོན་དམ་པ་ཤེས་པའི་བར་ཏེ། དེ་ལྟར་ན། སངས་རྒྱས་ནི། ཤེས་པ་མཐའ་ཡས་པ་དེ་ལས་ཡོངས་སུ་མི་ཉམ་མོ། ། དེ་ལ་ཤེས་པ་དང ། མཐོང་བ་ནས་མཁས་པའི་བར་གང་ཡིན་པ་འདི་ནི། ཡོངས་སུ་མི་ཉམ་པ་ཤེས་པ་ཞེས་བྱ་སྟེ། དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམ་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། ། 162a ༄#། །ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཡང་ཇི་སྐད་བསྟན་པ་བཞིན་ནོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཉིད་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་གཞན་ལས་མ་གསན་པར་ཆོས་ཐམས་ཅད་བདག་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཡང་དག་པར་རྟོགས་པ་ལ་མཁས་པས་ཆོས་ཉན་པ་པོའི་དབང་གིས་དུས་དང་དུས་མ་ཡིན་པ་ལ་མཁས། སེམས་ཅན་དག་གི་བསམ་པ་ལ་མཁས་པས་དུས་ལས་མི་འདའ་བ་ལ་མཁས། ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པས་སྣོད་ལ་མཁས།་ཆོས་སྟོན་པས་ཆོས་ཉན་པ་པོ་དག་གི་ཐབས་དང ། ཆོས་ཡང་དག་པར་ཐོབ་པར་བྱ་བ་ལ་མཁས་པ་སྟེ། དེ་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི། འདོད་ཆགས་ཀྱི་བསམ་པ་ཅན་ནོ། །སེམས་ཅན་འདི་དག་ནི། ཞེ་སྡང་གི་བསམ་པ་ཅན་ནོ། ། 162b སེམས་ཅན་འདི་དག་ནི། གཏི་མུག་གི་བསམ་པ་ཅན་ནོ། །སེམས་ཅན་འདི་དག་ནི། འདོད་ཆགས་དང་ཞེ་སྡང་གི་བསམ་པ་ཅན་ནོ། །སེམས་ཅན་འདི་དག་ནི། འདོད་ཆགས་དང་གཏི་མུག་གི་བསམ་པ་ཅན་ནོ། །སེམས་ཅན་འདི་དག་ནི། ཞེ་སྡང་དང་གཏི་མུག་གི་བསམ་པ་ཅན་ནོ། །སེམས་ཅན་འདི་དག་ནི། གཏི་མུག་དང་འདོད་ཆགས་ཀྱི་བསམ་པ་ཅན་ནོ། །སེམས་ཅན་འདི་དག་ནི། གཏི་མུག་དང་ཞེ་སྡང་གི་བསམ་པ་ཅན་ནོ། །སེམས་ཅན་འདི་དག་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བསམ་པ་ཅན་ནོ། །སེམས་ཅན་འདི་དག་ནི། བསམ་པ་དགེ་ལ་སྦྱོར་བ་ནག་གོ་།སེམས་ཅན་འདི་དག་ནི། བསམ་པ་ནག་ལ་སྦྱོར་བ་དགེ་བའོ། །སེམས་ཅན་འདི་དག་ནི།་བསམ་པ་ནག་ལ་སྦྱོར་བའང་ནག་པའོ། །སེམས་ཅན་འདི་དག་ནི། བསམ་པ་དགེ་ལ་སྦྱོར་བའང་དགེའོ། །སེམས་ཅན་འདི་དག་ནི། ཟང་ཟིང་ལ་གདུ་ལ་ཆོས་ལ་མི་གདུ་བའོ། །སེམས་ཅན་འདི་དག་ནི། ཆོས་ལ་གདུ་ལ་ཟང་ཟིང་ལ་མི་གདུ་བའོ། །གང་ཟག་འདིས་ནི། དགེ་བའི་རྩ་བ་འདི་ལྟ་བུ་ཞིག་མངོན་པར་འདུས་བྱས།་སེམས་འདི་དག་གིས་ནི། དགེ་བའི་རྩ་བ་འདི་ལྟ་བུ་ཞིག་མངོན་པར་འདུས་བྱས། གང་ཟག་འདི་ནི། ལམ་འདི་ལྟ་བུ་ཞིག་གིས་ཀུན་ནས་ཉོན་མོངས་པར་འགྱུར། 163a ༄#། །གང་ཟག་འདི་ནི། ལམ་འདི་ལྟ་བུ་ཞིག་གིས་རྣམ་པར་དག་པར་འགྱུར། གང་ཟག་འདི་ནི། བྱམས་པ་འདི་ལྟ་བུ་ཞིག་གིས་ཀུན་ནས་ཉོན་མོངས་པར་འགྱུར། གང་ཟག་འདི་ནི། བྱམས་པ་འདི་ལྟ་བུ་ཞིག་གིས་རྣམ་པར་དག་པར་འགྱུར་རོ། །ཞེས་དེ་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་རྒྱུ་གང་དང ། རྐྱེན་གང་དག་གིས་ཐམས་ཅད་མཁྱེན་པ་ཤེས་པ་ཡང་དག་པར་འགྲུབ་བ་གལ་ཏེ་མི་རྟག་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་སྡུག་བསྔལ་བར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ནད་དུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་འབྲས་སུ་རྗེས་སུ་བལྟ་བར་པའམ།་གལ་ཏེ་ཟུག་རྔུར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་སྡིག་པར་རྗེས་སུ་བལྟ་བར་གནས་པ་ནས་ཉམས་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ 163b གཡོ་བར་རྗེས་སུ་བལྟ་བར་གནས་པའམ། རབ་ཏུ་འཇིག་པར་རམ། ཉེས་པར་རམ། འགོ་བའི་ནད་དུའམ། སྟོང་པ་ཉིད་དུའམ། བདག་མེད་པར་རམ། གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་གནོད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་བལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག། འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ་སེམས་ཅན་དཔག་ཏུ་མེད་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱས་ནས་བདེ་བ་ལ་བཙུད་པ་ནི། ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་སྟེ། དེའང་གཟོད་མ་ནས་མ་སྐྱེས་པའི་ཆོས་ཅན་ནོ། །ཁྱིམ་བདག་།དེ་ལྟར་ན། 164a ༄#། །དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་དེ་བཞིན་དུ་སྦྱར་ཏེ་ལོངས་སྤྱོད་པའི་བར་དུ་འགྱུར་རོ། །ཁྱིམ་བདག་།ཇི་ལྟར་ན། དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་།འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། ཤེས་པ་གང་གིས་ཐམས་ཅད་མཁྱེན་པ་ཤེས་པ་ཡོངས་སུ་ཤེས།་ཁོང་དུ་ཆུད། མངོན་སུམ་དུ་བྱས་པའི་འགོག་པ་གལ་ཏེ་རོ་མྱང་བ་མེད་པར་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ཉེས་དམིགས་སུ་རྗེས་སུ་བལྟ་བར་གནས་པའམ། གལ་ཏེ་ངེས་པར་འབྱུང་བར་རྗེས་སུ་བལྟ་བར་གནས་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་བ་ནས་བསྐལ་པ་བརྒྱའམ། བསྐལ་པ་སྟོང་ 164b ངམ།་བསྐལ་པ་ཁྲིའམ། བསྐལ་པ་བྱེ་བའམ། བསྐལ་པ་ཐེར་འབུམ་མམ། བསྐལ་པ་གཏམས་སམ། བསྐལ་པ་དཀྲིགས་སམ། བསྐལ་པ་ཡིད་ཡལ་ལམ། བསྐལ་པ་ཁྱད་ཕྱིན་ནམ། བསྐལ་པ་དཔག་ཏུ་མེད་པར་ལན་གསུང་ངོ ། །བསྐལ་པ་གྲངས་མེད་པ་དང ། བསྐལ་པ་བསམ་གྱིས་མི་ཁྱབ་པ་དང ། གཞལ་དུ་མེད་པ་དང ། གཞལ་གྱིས་མི་ལང་བར་ལན་གསུང་ངོ ། །བསྐལ་པ་བརྗོད་དུ་མེད་པར་ལན་གསུང་ངོ ། །བསྐལ་པ་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པར་ལན་གསུང་སྟེ། བསྐལ་པ་དཔག་ཏུ་མེད་པའི་གྲངས་མེད་པ་དང ། དཔག་ཏུ་མེད་པའི་བསམ་གྱིས་མི་ཁྱབ་པ་དང ། དཔག་ཏུ་མེད་པའི་གཞལ་དུ་མེད་པ་དང ། དཔག་ཏུ་མེད་པའི་གཞལ་གྱིས་མི་ལང་བ་དང ། དཔག་ཏུ་མེད་པའི་ཡང་བརྗོད་དུ་མེད་པར་ལན་གསུང་ངོ ། །བསྐལ་པ་དཔག་ཏུ་མེད་པའི་གྲངས་མེད་པ་དང ། གྲངས་མེད་པའི་གྲངས་མེད་པ་དང ། གྲངས་མེད་པའི་བསམ་གྱིས་མི་ཁྱབ་པ་དང ། གྲངས་མེད་པའི་གཞལ་དུ་མེད་པ་དང ། གྲངས་མེད་པའི་གཞལ་གྱིས་མི་ལང་བ་དང ། གྲངས་མེད་པའི་བརྗོད་དུ་མེད་པ་དང ། བསམ་གྱིས་མི་ཁྱབ་པའི་གྲངས་མེད་པ་དང ། བསམ་གྱིས་མི་ཁྱབ་པའི་གཞལ་དུ་མེད་པ་དང ། བསམ་གྱིས་མི་ཁྱབ་པའི་གཞལ་གྱིས་མི་ལང་བ་དང ། བསམ་གྱིས་ 165a ༄#། །མི་ཁྱབ་པའི་བརྗོད་དུ་མེད་པ་དང ། གཞལ་དུ་མེད་པའི་དཔག་ཏུ་མེད་པ་དང ། གཞལ་དུ་མེད་པའི་གྲངས་མེད་པ་དང ། གཞལ་དུ་མེད་པའི་བསམ་གྱིས་མི་ཁྱབ་པ་དང ། གཞལ་དུ་མེད་པའི་གཞལ་དུ་མེད་པ་དང ། གཞལ་དུ་མེད་པའི་གཞལ་གྱིས་མི་ལང་བ་དང ། གཞལ་དུ་མེད་པའི་བརྗོད་དུ་མེད་པ་དང ། གཞལ་གྱིས་མི་ལང་བའི་དཔག་ཏུ་མེད་པ་དང ། གཞལ་གྱིས་མི་ལང་བའི་གྲངས་མེད་པ་དང ། གཞལ་གྱིས་མི་ལང་བའི་བསམ་གྱིས་མི་ཁྱབ་པ་དང ། གཞལ་གྱིས་མི་ལང་བའི་གཞལ་གྱིས་མི་ལང་བ་དང ། གཞལ་གྱིས་མི་ལང་བའི་བརྗོད་དུ་མེད་པ་དང ། བརྗོད་དུ་མེད་པའི་དཔག་ཏུ་མེད་པ་དང ། བརྗོད་དུ་མེད་པའི་གྲངས་མེད་པ་དང ། བརྗོད་དུ་མེད་པའི་བསམ་གྱིས་མི་ཁྱབ་པ་དང ། བརྗོད་དུ་མེད་པའི་གཞལ་དུ་མེད་པ་དང ། བརྗོད་དུ་མེད་པའི་གཞལ་གྱིས་མི་ལང་བ་དང ། བརྗོད་དུ་མེད་པའི་བརྗོད་དུ་མེད་པར་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་།དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེས་ཆོས་ཀྱི་དབྱིངས་བླ་ན་མེད་པ་མཁྱེན་རབ་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་དེ། གང་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ 165b དེ་ལའང་ཞུ་བ་ཞུས་པ་ན་བསྐལ་པར་ལན་གསུང་སྟེ། སྤོབས་པ་མི་ཟད་དོ། །དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་པར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ།་དཔེར་ན། ནམ་མཁའི་བྱ་རྗེས་ཇི་སྙེད་པ་ཉིད་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། བུད་མེད་གཞོན་ནུ་དག་ག་རྨི་ལམ་ན་བུ་བཙས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། བུད་མེད་གཞོན་ནུ་དག་གི་རྨི་ལམ་ན་བུ་ཤི་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ 166a ༄#། །ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། བུད་མེད་གཞོན་ནུ་དག་གི་རྨི་ལམ་ན་བུའི་མྱ་ངན་བྱེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་རི་མོ་བྲིས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་ཚོན་སྦྱོར་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། ཁྱིམ་བདག་།དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏེ། ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་ 166b གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་རི་མོ་འབྲི་བའི་བྱེ་བྲག་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་རི་མོ་མཁན་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ།། ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འདས་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་འདོད་པའི་དགའ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་འདས་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འདས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་འདོད་ཆགས་ཀྱི་དགའ་བ་ལ་འདུན་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་ 167a ༄#། །སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་འདས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་གང་ཡིན་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འདས་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་དགའ་བ་དང་བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འདས་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འདས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་དགའ་བ་དང་བྲལ་བའི་བརྗོད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་མོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མ་འོངས་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན།་རྨི་ལམ་ན་ཡུལ་དུ་འཇུག་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མ་འོངས་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མ་འོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྐོམ་ 167b འདོད་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་མ་འོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མ་འོངས་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་ཡུལ་དག་མ་ཐོབ་པར་ཞིག་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ་དེ་བཞིན་དུ་དེ་བཞིན་གཤེགས་པས་མ་འོངས་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མ་འོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་མ་འོངས་པའི་ཡུལ་ཚོལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་མ་འོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ད་ལྟར་བྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྡུག་པ་དང་ཕྲད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ད་ལྟར་བྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ད་ལྟར་བྱུང་བ་ཤེས་པ་ཀུན་ 168a ༄#། །འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྐྱེ་བོ་སྡུག་པ་དང་ཕྲད་པར་ཚོལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་ད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ད་ལྟར་བྱུང་བ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྡུག་པ་ཤི་བ་ཇི་སྙེད་པ་ཉིད་ནི།་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ད་ལྟར་བྱུང་བ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྡུག་པ་དང་འགྲོགས་པའི་དགའ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན་།སྒྱུ་མའི་ 168b སྐྱེས་བུའི་རྨི་ལམ་ན་བསྐྱོད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ལས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་ནོར་ཚོལ་བ་ཇི་སྙེད་པ་ཉིད་ནི།་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ནོར་ཆུད་ཟོས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ལས་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་འགྱོད་པ་བསལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་ 169a ༄#། །མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡང་དག་པར་བླང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མདུན་ཁང་བྱེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཡང་དག་པར་བླང་བ་ཤེས་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡང་དག་པར་བླང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་གཏེར་རྙེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཡང་དག་པར་བླང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡང་དག་པར་བླང་བ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན།་སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ནོར་ཟད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཡང་དག་པར་བླང་བ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡང་དག་པར་བླང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ 169b འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ནོར་རབ་ཏུ་གཏོང་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཡང་དག་པར་བླང་བ་ཤེས་པ་འགོག་པར་འགྱུར་པའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་གནས་བྱེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྡུག་པ་དང་ཕྲད་པར་དགའ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་པ་ནས་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་གྱི་བར་དུ་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན།་སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྡུག་པ་དང་བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། ཁྱིམ་བདག་།དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་འགོག་པ་ཤེས་ 170a ༄#། །པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་གཏེར་རྙེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་གནས་དང་གནས་ཀྱི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྒྱུ་དང་རྒྱུའི་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཆུང་མ་ལ་བྱམས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྒྱུ་དང་རྒྱུའི་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྒྱུ་དང་རྒྱུའི་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཁྱེའུ་ཚོལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་དེ་བཞིན་དུ་སྦྱར་ཏེ་ཚིག་ཐམས་ཅད་ལའང་རྒྱ་ཆེར་བྱའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྒྱུ་དང་རྒྱུའི་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་ 170b མའི་སྐྱེས་བུའི་རྨི་ལམ་ན་ཁྱེའུ་ཤི་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྒྱུ་དང་རྒྱུའི་ཤེས་པ་འགོག་པ་ཤེས་པ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྒྱུ་དང་རྒྱུའི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཁྱེའུ་ཤི་བ་ལས་སྨྲེ་སྔགས་འདོན་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་མིང་ཙམ་གྱི་བར་དུ་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྨིག་རྒྱུ་མཐོང་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྨིག་རྒྱུ་དག་ལ་ཆུའི་ལྟེང་ཀའི་འདུ་ཤེས་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་ 171a ༄#། །པས་རྣམ་པར་སྨིན་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཆུའི་ལྟེང་ཀ་སྐམ་པའི་འདུ་ཤེས་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་སྨིན་པ་ཤེས་པ་འཐོབ་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྨིག་རྒྱུའི་ཆུ་དང་བྲལ་བའི་འདུ་ཤེས་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་མིང་ཙམ་གྱི་བར་དུ་དེ་བཞིན་དུ་སྦྱར་རོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ལམ་སྟོན་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་ 171b མའི་སྐྱེས་བུའི་རྨི་ལམ་ན་དོན་ལ་བརྩོན་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་གཞན་དུ་འགྲོར་མེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཕྱོགས་དུ་མར་དོན་གྲུབ་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཁམས་དུ་མ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཁམས་དུ་མ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་ 172a ༄#། །གཤེགས་པས་ཁམས་དུ་མ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཁམས་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཚོན་རྩིའི་ཁ་དོག་སྣ་ཚོགས་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཁམས་དུ་མ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཁ་དོག་དུ་མའི་བྱེ་བྲག་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། ཁྱིམ་བདག་།དེ་བཞིན་དུ་དེ་བཞིན་གཤེགས་པས་ཁམས་དུ་མ་ཤེས་པ་འགོག་པ་ཤེས་པ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཁམས་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཚོན་རྩི་མཐོང་བའི་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཁམས་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཁམས་ 172b སྣ་ཚོགས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཟ་མ་ཏོག་གི་ནང་ནས་གཟུགས་རྣམ་པ་སྣ་ཚོགས་དག་འབྱིན་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཁམས་སྣ་ཚོགས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །དེ་ལ་དེ་བཞིན་གཤེགས་པས་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྒྱུ་མ་མཁན་རྣམ་པ་སྣ་ཚོགས་སུ་རྩེ་བས་སྐྱེ་བོའི་ཚོགས་དགའ་བར་བྱེད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཁམས་སྣ་ཚོགས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་འཆི་བ་སྟོན་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཁམས་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ནད་པ་ཤི་བ་ལ་ཐུག་པ་ལ་སྨན་གྱི་རྣམ་པ་སྦྱིན་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་ 173a ༄#། །སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་ཁམས་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །དེ་ལ་དེ་བཞིན་གཤེགས་པས་འཇིག་རྟེན་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བད་ཀན་བྱུང་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དཔྱིད་ཀྱི་དུས་སུ་རྒྱན་གྱི་རྣམ་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འཇིག་རྟེན་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དཔྱིད་ཀྱི་དུས་སུ་མེ་ཏོག་གི་ཤིང་གཅོད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འཇིག་རྟེན་ཤེས་པ་འགོག་པར་འགྱུར་ 173b བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡོ་བྱད་ཀྱི་རྣམ་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འཇིག་རྟེན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བྲོ་མཁན་མཐོང་བ་དེ་བཞིན་དུ་དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡོ་བྱད་ཀྱི་ཟ་མ་ཏོག་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡོ་བྱད་ཀྱི་ཟ་མ་ཏོག་ཆག་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པ་ 174a ༄#། །ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡོ་བྱད་ཀྱི་རྣམ་པ་བསྡུས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མོས་པ་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མིག་འཕྲུལ་ཆེན་པོ་མཐོང་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་མཁྱེན་ཏོ། །འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་རྒྱན་གྱི་རྣམ་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མོས་པ་སྣ་ 174b ཚོགས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཞིག་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་དབུགས་འབྱིན་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མོས་པ་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཀུན་རྫོབ་ཀྱི་རྣམ་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཚིག་ལ་སྤྱོད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་ 175a ༄#། །གཤེགས་པས་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཚིག་འགལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཀུན་རྫོབ་ཐོབ་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྒྱུ་མ་ཤེས་པའི་དཔུང་གི་སྦྱོར་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་ 175b བཞིན་གཤེགས་པའི་སྟོབས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྒྱུ་མ་ཀུན་ཏུ་སྤྱོད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྒྱུ་མ་ཞིག་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྒྱུ་མ་ཤེས་པ་ཁོང་དུ་ཆུད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྟོབས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་གང་ཡིན་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་བརྩོན་འགྲུས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བརྩོན་འགྲུས་རྩོམ་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ 176a ༄#། །བརྩོན་འགྲུས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དོན་མངོན་པར་བརྗོད་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་བརྩོན་འགྲུས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བརྩོན་འགྲུས་ཉམས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་རོ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་བརྩོན་འགྲུས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྙེད་པ་ཐོབ་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་བརྩོན་འགྲུས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རིམ་པ་ཤེས་ 176b པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བྱེ་བྲག་ཏུ་ཁོང་དུ་ཆུད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སློབ་དཔོན་གྱི་ལུང་འབོགས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ།་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སློབ་དཔོན་ཤི་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བཟོ་བཙལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རིམ་པ་ཤེས་པ་འགོག་པར་ 177a ༄#། །འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་དེ་ལྟར་རབ་ཏུ་མཁྱེན་ཏོ། །བམ་པོ་བཅུ་པ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། གསེར་མགར་གྱི་རྨི་ལམ་ན་གསེར་ལ་དཔྱོད་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། །འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་གསེར་མགར་གྱི་ཤེས་པ་སློབ་པ་ཇི་སྙེད་པ་ཉིད་ནི།་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་འགོག་པ་ཤེས་པ་འདི་ལྟར་བར་ཏུ་མཁྱེན་ཏེ། །འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་གསེར་མགར་གྱི་མིག་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ། མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་ 177b གཤེགས་པས་བསམ་གཏན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་གསེར་མགར་གྱི་མིག་ཉམས་པས་གསེར་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་བསམ་གཏན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། །འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྐྱེད་མོས་ཚལ་ཇི་སྙེད་པ་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྒྱུ་མའི་སྐྱེས་བུ་སྐྱེས་མོས་ཚལ་དུ་རྩེ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། ། ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། །འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྩེ་བ་དང་ 178a ༄#། །བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། །འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྒྱུ་མའི་སྐྱེད་བུ་སྐྱེས་མོས་ཚལ་དུ་འགྲོ་བའི་འབྲས་བུ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་གོས་དག་གི་སྣམ་བུ་བལྟབ་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་གོས་དག་གི་སྣམ་བུ་བལྟ་བ་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་ཀུན་འབྱུང་བ་ཤེས་ 178b པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་གོས་དག་གི་སྣམ་བུ་བརྐྱང་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ།་དཔེར་ན། རྨི་ལམ་ན་གོས་དག་གི་སྣམ་བུའི་རིན་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་སྙོམས་པར་འཇུག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ།་དཔེར་ན། རྨི་ལམ་ན་སྨན་པས་ནད་པའི་ཁམས་མཉམ་པ་ཤེས་ཤིང་རབ་ཏུ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྙོམས་པར་འཇུག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ 179a ༄#། །འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྨན་པས་ནད་པའི་སྨན་གྱི་རྣམ་པ་ཤེས་པར་བྱ་བ་རབ་ཏུ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྙོམས་པར་འཇུག་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྨན་པས་ནད་པ་ནང་དང་བྲལ་བར་རབ་ཏུ་ཤེས་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྙོམས་པར་འཇུག་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྙོམས་པར་འཇུག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན།་རྨི་ལམ་ན་སྨན་པས་ནད་པ་གསོ་བའི་དཔྱད་ཡང་དག་པར་རབ་ཏུ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྙོམས་པར་འཇུག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་ 179b པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་སྤྲིན་གྱི་དྲ་བ་བྱུང་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་མཚན་མོ་གྲང་བའི་ནང་པར་གྱི་དུས་ཀྱི་ཚེ་ཉི་མའི་གུང་བྱུང་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་མཚན་མོའི་མུན་པ་དང་བྲལ་བ་ཇི་སྙེད་པ་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་མཚན་མོའི་མུན་པ་མུན་ནག་ལ་སྣང་བ་བྱུང་བ་ཇི་སྙེད་པ་ཉིད། 180a ༄#། །ནི།་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་དམུས་ལོང་གིས་གཟུགས་མཐོང་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་དམུས་ལོང་གི་མིག་གསོ་བའི་དཔྱད་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་གློག་བྱུང་ནས་མེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་ 180b དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། འདི་ལྟ་སྟེ།་དཔེར་ན། རླུང་ཡོད་པའི་རྨི་ལམ་ན་སྤྲིན་དང་བྲལ་བའི་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་བྱང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་རྒྱལ་པོའི་བུ་གཞོན་ནུ་དབང་བསྐུར་བ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་རྒྱལ་པོའི་བུ་གཞོན་ནུ་དབང་བསྐུར་པའི་ཡི་བྱད་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་ 181a ༄#། །པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་བུ་གཞོན་ནུ་དང་བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་རྨི་ལམ་ན་དབང་བསྐུར་བ་གྲུབ་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྣམ་པར་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བགད་པ་དང ། དགའ་བ་དང ། རྩེས་པ་དང ། ཡོངས་སུ་སྤྱད་པ་དག་རྗེས་སུ་དྲན་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་ 181b གཤེགས་པས་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བྲོ་མཁན་འདུས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཉེ་དུ་དང་བྲལ་བ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཉེ་དུ་དང་མི་ལྡན་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེག་པས་སྔོན་གྱི་གནས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན།་སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ལྷའི་གནས་རྗེས་སུ་དྲན་པ་དང ། སྐྱེ་བའི་རིགས་རྗེས་སུ་དྲན་པ་ 182a ༄#། །དང ། ལོངས་སྤྱོད་རྗེས་སུ་དྲན་པ་དང ། མཛའ་བཤེས་དང་ཕྲད་པ་རྗེས་སུ་དྲན་པ་དང ། མི་མཛའ་བ་དང་ཕྲད་པ་རྗེས་སུ་དྲན་པ་དང ། མཚོ་དང་འབྲེལ་བ་རྗེས་སུ་དྲན་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཀྱི་ཁམས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་ན་གནས་པའི་རྒྱུ་དང ། རིགས་ལ་གནས་པའི་རྒྱུ་དང ། མཛའ་བཤེས་དང་ཕྲད་པའི་རྒྱུ་དང ། མི་མཛའ་བ་དང་ཕྲད་པའི་རྒྱུ་དང ། ཆུ་དང་འབྲལ་བའི་རྒྱུ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་ན་གནས་པའི་རྒྱུ་དང་བྲལ་བ་དང ། རིགས་ལ་གནས་པའི་རྒྱུ་དང་བྲལ་བ་དང ། མཛའ་བཤེས་ལ་གནས་པའི་རྒྱུ་དང་བྲལ་བ་དང ། མི་མཛའ་བ་ལ་གནས་པའི་རྒྱུ་དང་བྲལ་བ་དང ། མཚོ་ལ་གནས་ 182b པའི་རྒྱུ་དང་བྲལ་བ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ།། ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཐབས་ལ་མཁས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་གྱི་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཕྱི་མའི་མཐའ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྐྱེ་བའི་རིགས་ལ་འཇུག་པ་དང ། སྐྱེ་བའི་ཡུལ་དུ་འཇུག་པ་དང ། མཛའ་བཤེས་དང་ཕྲད་པར་འཇུག་པ་དང ། མི་མཛའ་བ་དང་ཕྲད་པར་འཇུག་པ་དང ། མཚོ་ཡོངས་སུ་ཤེས་པར་འཇུག་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཕྱི་མའི་མཐའ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཕྱི་མའི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན་།སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་དུ་གནས་པར་འཇུག་ 183a ༄#། །པའི་རྒྱུ་ཤེས་པ་དང ། སྐྱེ་བའི་རིགས་ལ་འཇུག་པའི་རྒྱུ་ཤེས་པ་དང ། མཛའ་བཤེས་དང་ཕྲད་པའི་འཇུག་པའི་རྒྱུ་ཤེས་པ་དང ། མི་མཛའ་བ་དང་ཕྲད་པར་འཇུག་པའི་རྒྱུ་ཤེས་པ་དང ། མཚོ་ཡོངས་སུ་ཤེས་པར་འཇུག་པའི་རྒྱུ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཕྱི་མའི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཕྱི་མའི་མཐའ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་འཇུག་པའི་རྒྱུ་དང་བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཕྱི་མའི་མཐའ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཕྱི་མའི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་ན་གནས་པའི་ཏིང་ངེ་འཛིན་ཤེས་པ་དང ། སྐྱེ་བའི་རིགས་ཡང་དག་པར་གྲུབ་པ་ཤེས་པ་དང ། མཛའ་བཤེས་དང་ཕྲད་པ་ཡང་དག་པར་གྲུབ་པ་ཤེས་པ་དང ། མི་མཛའ་བ་དང་བྲལ་བ་ཡང་དག་པར་གྲུབ་པ་ཤེས་པ་ 183b དང ། མཚོ་ཡོངས་སུ་ཤེས་པ་ཡང་དག་པར་གྲུབ་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཕྱི་མའི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འཆི་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་ན་འཆི་བ་ཤེས་པ་དང ། མཛའ་བཤེས་དང་བྲལ་བ་ཤེས་པ་དང ། མི་མཛའ་བ་དང་བྲལ་བ་ཤེས་པ་དང ། མཚོ་དང་བྲལ་བ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འཆི་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འཆི་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་འཆི་བ་ཤེས་པ་བསགས་པའི་རྒྱུ་དང ། ཡུལ་ན་གནས་པ་བསགས་པའི་རྒྱུ་དང ། ཡུལ་ངན་པར་གནས་པ་བསགས་པའི་རྒྱུ་དང ། མཛའ་བཤེས་དང་ཕྲད་པ་བསགས་པའི་རྒྱུ་དང ། མི་མཛའ་བ་དང་ཕྲད་པ་བསགས་པའི་རྒྱུ་དང ། མཚོ་ཡོངས་སུ་ཤེས་པ་བསགས་པའི་རྒྱུ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འཆི་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ 184a ༄#། །ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འཆི་བ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་ན་གནས་པའི་རྒྱུ་དང་བྲལ་བ་དང ། །མཛའ་བཤེས་ལ་གནས་པའི་རྒྱུ་དང་བྲལ་བ་དང ། མི་མཛའ་བ་ལ་གནས་པའི་རྒྱུ་དང་བྲལ་བ་དང ། མཚོ་ཡོངས་སུ་ཤེས་པའི་རྒྱུ་དང་བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འཆི་བ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འཆི་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཡུལ་ན་གནས་པ་ཡིད་ལ་བྱུང་བ་དང ། མཛའ་བཤེས་དང་ཕྲད་པ་ཡིད་ལ་བྱུང་བ་དང ། མི་མཛའ་བ་དང་ཕྲད་པ་ཡིད་ལ་བྱུང་བ་དང ། མཚོ་ལ་གནས་པ་ཡིད་ལ་བྱུང་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འཆི་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྐྱེ་བ་ཞེས་བ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ 184b ན།་སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མར་མེ་དང་མར་མེ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མར་མེ་དང་མར་མེའི་བྱ་བ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མར་མེའི་བྱ་བ་ཉམས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བྱ་བ་ཤེས་པ་འགོག་པའི་ཐབས་ལ་མཁས་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྐྱེ་བ་ཤེས་པ་འགོག་པར་འགྱུར་ 185a ༄#། །བའི་ལམ་ཤེས་པ་ཇི་སྙེད་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཆུ་བོ་ཆེན་པོ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཆར་ཆེན་པོ་འབབ་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཆུ་བོ་ཆེན་པོ་རྣམ་པར་བསྐམས་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ 185b ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཆུ་བོ་ཆེན་པོ་རྣམ་པར་སྐམས་པ་ཤེས་ཤིང་མཁས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་འདོད་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྲིད་པའི་ཟག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ།་འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྒྱལ་སྲིད་ཐོབ་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྲིད་པའི་ཟག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྲིད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྒྱལ་སྲིད་ཐོབ་པའི་སྲིད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྲིད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྲིད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པ་ 186a ༄#། །འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྒྱལ་སྲིད་ཉམས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྲིད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྲིད་པའི་ཟག་པ་ཤས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་པ་ནས་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་སྤྲུལ་གདུག་པའི་ཟ་མ་ཏོག་རྙེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྤྲུལ་གདུག་པའི་ཟ་མ་ཏོག་ལ་དགའ་བའི་འདུན་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་ཀུན་འབྱུང་ 186b བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ།་འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྦྲུལ་གདུག་པའི་ཟ་མ་ཏོག་ཆག་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལྟ་བའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་པ་ནས་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན།་དམུས་ལོང་གི་རྨི་ལམ་ན་གཟུགས་མཐོང་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། དམུས་ལོང་གི་རྨི་ལམ་ན་ཆུའི་སྒྲ་སྐད་གྲག་པ་ཇི་སྙེད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་ཀུན་འབྱུང་པ་ཤེས་པ་ཇི་སྙེད་པ་ཉིད་ 187a ༄#། །ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། དམུས་ལོང་སྐོམ་པའི་རྨི་ལམ་ན་བཏུང་བ་རྣམ་པར་བསྐམས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། དམུས་ལོང་གི་རྨི་ལམ་ན་མུན་པ་དང་བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མ་རིག་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་འདོད་ཆགས་ཞེ་སྡང་གཏི་མུག་སྤང་བ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་ 187b གཤེགས་པས་ཟད་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དགེ་བའི་བཤེས་གཉེན་གྱི་གདམས་ངག་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། དམུས་ལོང་གི་རྨི་ལམ་ན་ནོར་ཆུད་གཟན་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། འདི་ལྟ་སྟེ། དཔེར་ན། དམུས་ལོང་གི་རྨི་ལམ་ན་སྣང་བ་ཐོབ་བ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཟད་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མི་ 188a ༄#། །སྐྱེ་བ་ཤེས་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཟད་པ་དང ། མི་སྐྱེ་བ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏོ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ནོར་མ་རྙེད་པའི་རྙེད་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ནོར་རབ་ཏུ་ཉམས་པའི་མི་སྐྱེ་བ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མི་སྐྱེ་བ་ཤེས་པ་ 188b འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་ད་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་མི་འཇིགས་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཤེས་པ་ཐམས་ཅད་ཁོང་དུ་ཆུད་པས་མི་འཇིགས་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མི་འཇིགས་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་མི་འཇིགས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཆོས་ཡོངས་སུ་དྲིས་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མི་འཇིགས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་དེ་ལ་དེ་བཞིན་གཤེགས་པས་མི་འཇིགས་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཆོས་ཇི་ལྟར་བཟུང་བ་རྣམས་ཀྱི་རབ་ཏུ་འཇིགས་པ་ཤེས་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མི་འཇིགས་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་ 189a ༄#། །མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མི་འཇིགས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་འགོག་པའི་ཆོས་རྗེས་སུ་དྲན་པ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མི་འཇིགས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་བྲག་ཅའི་སྒྲ་བརྙན་གྱི་སྤོབས་པ་དོན་རྣམ་པར་རིག་པར་བྱེད་པ་ཉིད་ཀྱི་སྒྲ་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། རྨི་ལམ་ན་བྲག་ཅའི་དོན་ཤེས་ཏེ།་དོན་ཤེས་པ་ཀུན་འབྱུང་བ་ཤེས། དོན་ཤེས་པ་འགོག་པ་ཤེས། དོན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས། ཆོས་ཤེས་ཏེ་ཆོས་ཤེས་པ་ཀུན་ 189b འབྱུང་བ་ཤེས། ཆོས་ཤེས་པ་འགོག་པ་ཤེས། ཆོས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས། ངེས་པའི་ཚིག་ཤེས་ཏེ། ངེས་པའི་ཚིག་ཤེས་པ་ཀུན་འབྱུང་བ་ཤེས། ངེས་པའི་ཚིག་ཤེས་པ་འགོག་པ་ཤེས། ངེས་པའི་ཚིག་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཤེས་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཀུན་འབྱུང་བ་ཤེས། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པ་ཤེས། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མཚན་མོ་མུན་པ་མུན་ནག་དག་ནས་སྣང་བ་དང་བྲལ་བའི་བར་ཇི་སྙེད་པ་ཉིད་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་ 190a ༄#། །པར་རིག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྣང་བ་དང་བྲལ་བའི་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མཚན་ཉིད་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཀུན་བརྗོད་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མཚན་ཉིད་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མཚན་ཉིད་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་བ་མངོན་པར་འདུ་བྱེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མཚན་ཉིད་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མཚན་ཉིད་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་ 190b སྟེ།་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ཤེས་པ་དང་བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མཚན་ཉིད་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་མཚན་ཉིད་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ཐབས་མཁས་ཤིང་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་མཚན་ཉིད་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བྱམས་པ་ལ་གནས་པ་ཤེས་པ་དང ། སྙིང་རྗེ་ལ་གནས་པ་ཤེས་པ་དང ། དགའ་བ་ལ་གནས་པ་ཤེས་པ་དང ། བཏང་སྙོམས་ལ་གནས་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ 191a ༄#། །ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བྱམས་པ་ལ་གནས་པའི་ཤེས་པ་རྟོགས་པ་དང ། སྙིང་རྗེ་ལ་གནས་པའི་ཤེས་པ་རྟོགས་པ་དང ། དགའ་བ་ལ་གནས་པའི་ཤེས་པ་རྟོགས་པ་དང ། བཏང་སྙོམས་ལ་གནས་པའི་ཤེས་པ་རྟོགས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པས་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཤེས་པ་འགོག་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཐབས་མཁས་པའི་ཤེས་པ་ཁོང་དུ་ཆུད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་ 191b དུ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག། དེ་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དད་པའི་དབང་པོ་དང་བྲལ་བ་དང ། བརྩོན་འགྲུས་དང ། དྲན་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་དབང་པོ་དང་བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ང་རྒྱལ་གྱི་ཤེས་པ་ལ་འཇུག་པ་ཇི་སྙེད་པ་ཉིད་ནི།་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། 192a ༄#། །སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ང་རྒྱལ་ལ་དབང་བྱེད་པ་དང་བྲལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ལམ་རྙེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ལུས་བསྐྱོད་པ་ཤེས་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བྱ་བ་ལ་འཇུག་པ་ཇི་སྙེད་པ་ཉིད་ནི། མིང་ 192b ཙམ་སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཏིལ་མར་གྱི་མར་མེ་བུས་པ་ཟད་ཅིང་ཞི་བ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ལུས་ཀྱི་ལས་ཡོངས་སུ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ལུས་ཀྱི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་དག་གི་ལས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ།་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བརྫུན་དུ་སྨྲ་བའམ། བརྫུན་དུ་སྨྲ་བ་ལས་ལྡོག་པའམ། ཕྲ་མའི་ངག་གམ། ཕྲ་མའི་ངག་ལས་ལྡོག་པའམ། ཚིག་རྩུབ་པོའི་ 193a ༄#། །ངག་གམ། ཚིག་རྩུབ་པོའི་ངག་ལས་ལྡོག་པའམ། ཚིག་ཀྱལ་བའམ། ཚིག་ཀྱལ་པ་ལས་ལྡོག་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ངག་གི་ལས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ངག་གི་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཚད་མ་བསྟན་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ངག་གི་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ངག་གི་ལས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ངག་གི་ལས་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ངག་གི་ལས་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ངག་གི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་ 193b སྐྱེས་བུའི་རྨི་ལམ་ན་ཟོས་པ་དང ། མ་ཟོས་པ་ཡོངས་སུ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ངག་གི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡིད་ཀྱི་ལས་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ།་དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་བར་སྣང་ལ་རི་མོ་འབྲི་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཡིད་ཀྱི་ལས་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡིད་ཀྱི་ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རི་མོ་འབྲི་བའི་བཟོ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་དེ་བཞིན་དུ་སྦྱར་ཏེ། མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡིད་ཀྱི་ལས་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རི་མོ་འབྲི་བའི་བསྐལ་བ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་ 194a ༄#། །པས་ཡིད་ཀྱི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སློབ་དཔོན་གྱིས་བསྟན་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཡིད་ཀྱི་ལས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །བམ་པོ་བཅུ་གཅིག་པ། ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྔོན་དུ་འགྲོ་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྔོན་དུ་མགྱོགས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་དུ་འགྲོ་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྔོན་དུ་འགྲོ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཕྱོགས་དག་ཏུ་དོན་གྱི་བསམ་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་དུ་འགྲོ་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ 194b སྔོན་དུ་འགྲོ་བ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྔོན་དུ་མགྱོགས་པ་ཤི་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ།་དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་དུ་འགྲོ་བ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སྔོན་དུ་འགྲོ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ཕྱོགས་དག་ཏུ་དོན་གྲུབ་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་སྔོན་དུ་འགྲོ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན།་རྨི་ལམ་ན་རྣམ་པར་སད་པར་བྱེད་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ 195a ༄#། །ན།་སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྣམ་པར་སད་པ་ཤེས་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ནམ་ཤི་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་རྗེས་སུ་འཇུག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་མི་མཐུན་པའི་རྩ་བ་ཡང་དག་པར་གཅོད་པ་ནི་མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ནས་དེ་བཞིན་དུ་སྦྱར་ཏེ་མིང་ཙམ་གྱི་བར་དུའོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དུག་འཐུངས་པའི་རྩི་སྨན་མ་ལུས་པར་བྱེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། 195b དེ་བཞིན་དུ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དུག་བྱིན་པ་ལ་དུག་བསལ་བ་ཚོལ་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དུག་ཡང་མི་འབྱུང་བ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་འགོག་པ་ཤེས་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་དུག་བྱིན་པ་ལ་ཡང་དག་པར་གསོ་བའི་དཔྱད་བྱེད་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་ 196a ༄#། །དུ་དེ་བཞིན་གཤེགས་པས་ཡོངས་སུ་མི་ཉམས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྩི་སྨན་མཁན་ནད་ལ་མཁས་པ་དང ། ནད་ཀུན་ནས་ལྡང་བ་ལ་མཁས་པ་དང ། ནད་པའི་ཁམས་ལ་མཁས་པ་དང ། སྨན་སྦྱོར་བ་ལ་མཁས་པ་དང ། ཁ་ཟས་ཀྱི་ཆོ་ག་ལ་མཁས་བ་དང ། ཁྲུས་ཀྱི་ཆོ་ག་ལ་མཁས་པ་དང ། སྐུ་མཉེའི་ཆོ་ག་ལ་མཁས་པ་དང ། །རྐང་པ་མཉེ་བའི་ཆོ་ག་ལ་མཁས་པ་དང ། ལག་པས་མཉེ་བའི་ཆོ་ག་ལ་མཁས་པ་དང ། ཉལ་བའི་ཆོ་ག་ལ་མཁས་པ་དང ། སད་པའི་ཆོ་ག་ལ་མཁས་པ་དང ། ལོངས་སྤྱོད་ཀྱི་ཆོ་ག་ལ་མཁས་པ་དང ། དཔྱད་ཀྱི་སྦྱོར་བ་འདུག་པ་ལ་མཁས་པ་དང ། དུས་ཤེས། ཚོད་ཤེས། དུས་མིན་ཤེས་ཤིང་སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་རྩི་སྨན་དག་གིས་ནད་ཐམས་ཅད་འཇོམས་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ 196b ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་སྤྲུལ་བའི་གསོ་བའི་དཔྱད་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཤེས་པ་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་འདི་ལྟར་རབ་ཏུ་མཁྱེན་ཏེ།་འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུའི་རྨི་ལམ་ན་གསོ་བའི་དཔྱད་ཇི་སྙེད་པ་ཉིད་ནི། མིང་ཙམ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་སྙེད་པ་ཉིད་ཀྱང་མིང་ཙམ་དུ་དེ་ལྟར་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་ལྟ་བས་ན། འདིར་གང་གི་ཡེ་ཤེས་མཐོང་བ་ཐོགས་ 197a ༄#། །པ་མེད་པར་འཇུག་པ་གཞན་གྱིས་མ་བསྟན་ཅིང ། གཞན་ལ་རག་མ་ལས་པའི་ཤེས་པས་སེམས་ཅན་རྣམས་ལ་ཕན་གདགས་པའི་དོན་དུ་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི། ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང ། ཁྱིམ་བདག་ཕྱཝ་མཁན་གྱིས་ལག་གི་བླ་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་པོ། བཅོམ་ལྡན་འདས་དེ་ད་ལྟར་གང་ན་བཞུགས། དེ་སྐད་ཅེས་སྨྲས་པ་དང ། ལག་གི་བླ་གང་པོས་ཁྱིམ་བདག་ཕྱཝ་མཁན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་།བྱང་ཕྱོགས་ལོགས་ན་ཀོ་ས་ལ་ཞེས་བྱ་བའི་ཡུལ་གྱི་ལྗོངས་ཡོད་དེ། གངས་རིའི་རྒྱལ་པོའི་དྲུང་ན་མཉན་ཡོད་ཅེས་བྱ་བ་གྲོང་ཁྱེར་ཆེན་པོ་དེ་ན་རྒྱལ་པོའི་བུ་གཞོན་ནུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཅོམ་ལྡན་འདས་དེ་ད་ལྟར་བཞུགས་སོ། །དེ་སྐད་ཅེས་སྨྲས་པ་དང ། ཁྱིམ་བདག་ཕྱཝ་མཁན་གྱིས་ལག་གི་བླ་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་པོ། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་འདི་ནས་རིང་ཁྱད་ཅི་ཙམ། སྨྲས་པ། ཁྱིམ་བདག་།དེ་དཔག་ཚད་སུམ་སྟོང་དྲུག་ཅུ་རྩ་བཞི་ཡོད་དོ། །དེ་སྐད་ཅེས་ཅེས་སྨྲས་པ་དང ། ཁྱིམ་བདག་ཕྱཝ་མཁན་གྱིས་ 197b ལག་གི་བླ་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་པོ། རིང་བ་དེ་ནས་བཅོམ་ལྡན་འདས་དེ་ཇི་སྲིད་ཅིག་གིས་འདིར་བྱོན། སྨྲས་པ། ཁྱིམ་བདག་།དེ་བཞིན་གཤེགས་པ་ལ་ནི།་རིང་བའམ་ཉེ་བ་མེད་དེ། ཁྱིམ་བདག་།བཅོམ་ལྡན་འདས་དེ་བཞེད་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གྲངས་མེད་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པའི་འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་དག་ཏུ་གཤེགས་སོ། །ཁྱིམ་བདག་།དེ་ལ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དག་མཁྱེན། ཤིན་ཏུ་མཁྱེན། ཤིན་ཏུ་གཟིགས། ཤིན་ཏུ་ཐུགས་སུ་ཆུད། ཤིན་ཏུ་མངོན་སུམ་དུ་མཛད་དེ། མིག་བཙུམས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དག་རབ་ཏུ་མཁྱེན་ཏོ། །ཁྱིམ་བདག་།དེ་བཞིན་གཤེགས་པས་དེ་བཞེད་ན། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་བློ་ཉེ་བར་བཞག་ནས་འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་དག་ཏུ་གཤེགས་སོ། །གང་པོ། བདག་གི་དགེ་བའི་རྩ་བ་ཡོངས་སུ་གཟུང་བའི་ཕྱིར་དེ་བཞིན་གཤེགས་པ་དེ་ཞལ་ཟས་བཟང་པོ་ལ་ཉེ་བར་སྤྱན་དྲངས་ན་གཤེགས་སམ། ཁྱིམ་བདག་།གལ་ཏེ་ཅུང་ཟད་ཡོངས་སུ་གཏོང་བ་ལྟ་ན། དེ་བཞིན་གཤེགས་པ་དེ་ཞལ་ཟས་གཙང་མ་ལ་སྤྱན་དྲོངས་ཤིག་དང ། ཁྱོད་ཀྱི་དགེ་བའི་རྩ་བ་ཡོངས་སུ་གཟུང་བའི་ཕྱིར་ 198a ༄#། །བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་གཤེགས་སོ། །དེ་ནས་ཁྱིམ་བདག་ཕྱཝ་མཁན་གྱི་ཚེ་དང་ལྡན་པ་གང་པོའི་ལྟར་མཉན་ནས་མེ་ཏོག་དང ། ཕྲེང་བ་དང ། བདུག་པ་དག་བླངས་ཏེ་ཙནྡན་གྱི་ཁྱམས་དང ། ཁང་བཟང་གི་སྟེང་དུ་འཛེགས་ནས་མེ་ཏོག་གིས་བརྒྱན། སྤོས་ཀྱིས་བྱུགས་ནས་བཅོམ་ལྡན་འདས་དེ་ཕྱོགས་གང་ལོགས་ན་བཞུགས་པར་དེ་ཕྱོགས་ནས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བ་ཉེ་བར་དགོངས་ཏེ། ཞལ་ཟས་བཟང་པོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གཤེགས་པར་ཅི་གནང ། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པ། མི་ལས་འདས་པ། ལྷའི་སྙན་རྣམ་པར་དག་པས་ཁམས་ཀྱི་ཁྱིམ་བདག་ཕྱཝ་མཁན་གྱི་སྤྱན་དྲངས་པ་གསན་ནས་གཤེགས་པར་གནང་ངོ ། །དེ་ནས་ཁྱིམ་བདག་ཕྱཝ་མཁན་གྱིས་བཅོམ་ལྡན་འདས་མངོན་པར་སྤྱན་དྲངས་ཏེ། བྲན་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་དང ། མཛའ་བཤེས་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་ཉོན་ཅིག་ 198b ངས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་ཞལ་ཟས་བཟང་པོ་ལ་སྤྱན་དྲངས་ཀྱི། དེ་ལ་ཁྱེད་ནུས་པ་ཅི་ཡོད་པ་དང ། མཐུ་ཅི་ཡོད་པའི་ལུས་ཀྱིས་ཞལ་ཏ་བྱ་བ་ལ་བརྩོན་པ་དང་ལྡན་པར་གྱིས་ཤིག་།ཁྱིམ་བདག་ཕྱཝ་མཁན་གྱིས་དེ་སྐད་ཅེས་སྨྲས་པ་དང ། མཛའ་བཤེས་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་དག་གིས་ཁྱིམ་བདག་ཕྱཝ་མཁན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་།སྨྱོས་སོ། །ཁྱིམ་བདག་།གཡེངས་སོ། །གང་བཅོམ་ལྡན་འདས་དེ་མ་མཐོང་བར་ཞལ་ཟས་བཟང་པོ་ལ་སྤྱན་འདྲེན་ཏམ། ཁྱིམ་བདག་ཕྱཝ་མཁན་གྱིས་བཅོམ་ལྡན་འདས་དེ་སྤྱན་འདྲེན་ཏོ་ཞེས་སུ་གསོལ། དེ་སྐད་ཅེས་སྨྲས་པ་དང ། ཁྱིམ་བདག་ཕྱཝ་མཁན་གྱིས་མཛའ་བཤེས་དང ། བློན་པོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་།བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དག་པ་བརྙེས་ཏེ། དེས་ངའི་སེམས་མཁྱེན་ནས་གནང་ངོ ། །དེ་དག་མགུ་ཞིང་དགའ་ལ་ཡིད་རངས་པ་དང ། རབ་ཏུ་དགའ་ཞིང་ 199a ༄#། །བདེ་བ་དང ། ཡིད་བདེ་བ་སྐྱེས་ནས་དེའི་མཚན་མོ་བཟའ་བ་དང ། བཅའ་བ་བཟང་ཞིང་རབ་ཏུ་མང་པོ་མངོན་པར་ཡང་དག་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་དེ་ཕྱེམ་རེད་ཀྱི་དུས་སུ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་སྨྱིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་སོ། ། དེའི་ཚེ་སྨྱིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དང ། དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་འདུས་ནས་འཁོད་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན་དགེ་སློང་ཉེ་བར་གནས་ཤིང་འཁོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་འདུས་ནས་ང་ལ་སྦྲོན་ཅིག་།ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ལྟར་འཚལ་ཞེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན་དགེ་སློང་ཉེ་བར་གནས་ཤིང་འཁོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་འདུས་ནས་བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན་དགེ་ 199b སློང་ཉེ་བར་གནས་ཤིང་མཆིས་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་འདུས་ལགས་ཏེ། བཅོམ་ལྡན་འདས། དེའི་དུས་ལ་ད་བབ་ལགས་སོ། །དེ་ནས་བཅོམ་ལྡན་འདས་རིམ་གྲོའི་གནས་ག་ལ་བ་དེར་གཤེགས་ནས་གདན་བཅས་པ་དེ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་བཀའ་སྩལ་པ། དགེ་སློང་དག་།གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་འགྲོ་ན་ཁྱིམ་བདག་ཕྱཝ་མཁན་གྱིས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་ལ་སོགས་པ་མངོན་པར་སྤྱན་དྲངས་ཏེ། དེ་ངས་གནང་གི་།དེའི་ཕྱིར་དགེ་སློང་གང་དག་རྫུ་འཕྲུལ་དང་ལྡན་པ་དེ་དག་གིས་ཚུལ་ཤིང་ལོངས་ཤིག་།དེའི་ཚེ་ན་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་གང་དག་གིས་ཚུལ་ཤིང་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་།རྫུ་འཕྲུལ་གྱི་འཕྲུལ་བ་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་དག་ཡང་དག་པར་དགའ་བར་བྱ་བའི་ཕྱིར་ནམ་མཁའི་ལམ་ལས་འདོང་བར་གྱིས་ཤིག་།བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ཏེ། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དེའི་མཚན་མོ་འདས་ནས་ནང་བར་སྔར་སྨད་གཡོགས་དང ། ཆོས་གོས་གསོལ། ལྷུང་བཟེད་བསྣམས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་ནམ་མཁའ་ལ་མངོན་ 200a ༄#། །པར་འཕགས་ཏེ་གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་འགྲོ་ག་ལ་བ་དེར་གཤེགས་སོ། །ཚེ་དང་ལྡན་པ་ཤིང་ཤུན་ཅན་རྒྱལ་པོའི་ཁབ་ན་དྲང་སྲོང་གི་རི་ངོས་ལ་སྤ་དང ། ཤིང་པི་པ་ལ་སྐྱེ་བ་ན་འདུག་ལ། ནམ་གྱི་ཆ་སྟོད་དང ། ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དག་སྒོམ་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང ། ཞི་གནས་དང་ལྷག་མཐོང་ལ་མངོན་པར་བརྩོན་པ་འཆག་ཅིང་འགྲོ་བ་དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་ནམ་མཁའི་ལམ་ནས་གཤེགས་པ་མཐོང་སྟེ། འདི་ལྟ་སྟེ། དཔེར་ན། ངང་པའི་རྒྱལ་པོ་ལྟར་མཐོང་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤིང་ཤུན་ཅན་ལ་བཀའ་སྩལ་པ། །ཤིང་ཤུན་ཅན་ཚུར་ཤོག་།དེ་ནས་ཚེ་དང་ལྡན་པ་ཤིང་ཤུན་ཅན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པར་རིག་ནས་ལུས་དང་སྲོག་ལ་མ་བལྟས་པར་ངམ་གྲོག་དང་གཡང་ས་དེ་ལ་བདག་ཉིད་མཆོངས་སོ། ། དེ་བར་སྣང་ལ་སོང་མ་ཐག་ཏུ་མངོན་པར་ཤེས་པ་དྲུག་མངོན་སུམ་དུ་བྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དང ། ཤིང་ཤུན་ཅན་དང ། དགྲ་བཅོམ་པ་ལྔ་བརྒྱ་ 200b ཚང་བར་ཐབས་ཅིག་ཏུ་གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་འགྲོ་ག་ལ་བ་དེར་གཤེགས་སོ། །དེ་ནས་དགེ་སློང་དེ་དག་རྫུ་འཕྲུལ་གྱི་འཕྲུལ་པ་རྣམ་པ་སྣ་ཚོགས་དག་གིས་ཙནྡན་གྱི་ཁྱམས་དང ། ཁང་བཟང་དེར་མངོན་པར་ཞུགས་ཏེ། ལ་ལ་ནི། སེངྒེའི་གཟུགས། ལ་ལ་ནི། སྟག་གི་གཟུགས། ལ་ལ་ནི། གླང་པོ་ཆེའི་གཟུགས། ལ་ལ་ནི། རྟའི་གཟུགས། ལ་ལ་ནི། ཁྱུ་མཆོག་གི་གཟུགས། ལ་ལ་ནི། ཀླུའི་གཟུགས། ལ་ལ་ནི། ནམ་མཁའ་ལྡིང་གི་རྒྱལ་པོའི་གཟུགས། ལ་ལ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གཟུགས། ལ་ལ་ནི།་བློན་པོའི་གཟུགས། ལ་ལ་ནི། དགེ་སློང་རང་གི་གཟུགས། ལ་ལ་ནི། ལུས་ལས་འོད་སྔོན་པོ་དག་རབ་ཏུ་འབྱིན། ལ་ལ་ནི། དམར་པོ་དང ། ལ་ལ་ནི། དཀར་པོ་དང ། ལ་ལ་ནི། ལུས་ལས་འོད་བཙོང་ཁ་དག་རབ་ཏུ་འབྱིན། ལ་ལ་ནི། ཆར་འབེབས། ལ་ལ་ནི། རླུང་རབ་ཏུ་གཏོང ། ལ་ལ་ནི། ནོར་གྱི་ཆར་རབ་ཏུ་འབེབས། ལ་ལ་ནི། གསེར་གྱི་ཆར་རབ་ཏུ་འབེབས། ལ་ལ་ནི། དངུལ་གྱི་ཆར་རབ་ཏུ་འབེབས། ལ་ལ་ནི། སྤོས་ཆུའི་ཆར་རབ་ཏུ་འབེབས། ལ་ལ་ནི། སེར་བུ་བསིལ་བ་རབ་ཏུ་གཏོང ། ལ་ལ་ནི། ཕྲག་པ་ལས་ཁྱེར།་ལ་ལ་ནི། རྒྱ་མཚོ་ཆེན་པོར་ཆུ་འབེབས་པ་ཁྱེར། ལ་ལ་ནི། ཤིང་རྟ་ལ་ཞོན། ལ་ལ་ནི། གླང་པོ་ཆེའི་ཤིང་རྟ་ལ་ཞོན། ལ་ལ་ནི། རྟའི་ཤིང་རྟ་ལ་ཞོན། ལ་ལས་ནི། 201a ༄#། །ཀླུའི་ཤིང་རྟ་མངོན་པར་སྤྲུལ། ལ་ལས་ནི། གྲུལ་བུམ་གྱི་ཤིང་རྟ་མངོན་པར་སྤྲུལ། ལ་ལས་ནི། གནོད་སྦྱིན་གྱི་ཤིང་རྟ་མངོན་པར་སྤྲུལ། ལ་ལས་ནི། དྲི་ཟའི་ཤིང་རྟ་མངོན་པར་སྤྲུལ། ལ་ལས་ནི། ཆོ་འཕྲུལ་དག་ཟུང་དུ་སྤྲུལ། ལ་ལས་ནི། བདག་གི་ལུས་ལས་མེ་སྤར། ལ་ལས་ནི། བདག་གི་ལུས་ལས་ཆུ་འཛག་སྟེ། དེ་དག་ལ་སོགས་པ་ཆོ་འཕྲུལ་གྱི་འཕྲུལ་པ་རྣམ་པ་སྣ་ཚོགས་གཞན་དག་གིས་ཀྱང་ཙནྡན་གྱི་ཁྱམས་དང ། ཁང་བཟང་དུ་མངོན་པར་ཞུགས་སོ། །བཅོམ་ལྡན་འདས་ནི། བདག་ཉིད་ཀྱི་དངོས་པོ་བཟུང་བས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ནི། ཡང་དག་པར་བརྒྱན། དཔེ་བྱད་བཟང་པོ་བརྒྱད་ཅུས་ནི། རྣམ་པར་སྤྲས། མཛེས་ཤིང་དང་བ་དང།་དབང་པོ་ནི། ཞི། ཐུགས་ནི། ཞི། དུལ་བ་དང ། ཞི་གནས་དམ་པ་ནི། བརྙེས། དུལ་བ་དང་ཞི་གནས་མཆོག་གི་ཕ་རོལ་ཏུ་ཕྱིན། མི་མཇེད་ཀྱི་བདག་པོ་ཚངས་པ་དང།་ལྷའི་དབང་པོ་བརྒྱ་བྱིན་དང ། རྒྱལ་པོ་ཆེན་པོ་བཞི་དང ། གནས་གཙང་མའི་རིས་ཀྱི་ལྷའི་བུ་སྟོང་དག་གིས་ནི། ཕྱག་བྱས། བདུད་རྩིའི་ཆར་གྱི་རྒྱུན་རབ་ཏུ་འབེབས་ཤིང་མཆོད་པ་དང ། མེ་ཏོག་མནྡཱ་ར་བའི་ཆར་འབེབས་ཤིང ། ཙནྡན་གྱི་ཁྱམས་དང ། ཁང་བཟང་དུ་མངོན་པར་གཤེགས་ཏེ། དེ་ལྟ་བས་ན། བཅོམ་ལྡན་འདས་ 201b ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་སེམས་ཅན་དག་ཡང་དག་པར་དགའ་བར་མཛད་ཅིང་ཙནྡན་གྱི་ཁྱམས་དང ། ཁང་བཟང་དུ་མངོན་པར་གཤེགས་སོ། །དགེ་བའི་ཕ་རོལ་འགྲོའི་བྲམ་ཟེ་དང ། ཁྱིམ་བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་བར་སྣང་ལས་གཤེགས་པ་མཐོང་སྟེ། འདི་ལྟ་སྟེ། དཔེར་ན། ངང་པའི་རྒྱལ་པོ་ཆེན་པོ་ལྟ་བུར་མཐོང་ནས་སྲོག་ཆགས་ཁྲི་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་གོ་།གང་དག་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྤྱད་པའི་སྲོག་ཆགས་ཁྲི་དག་གིས་ནི། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཐོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །སྔོན་སེམས་མ་བསྐྱེད་པའི་སྲོག་ཆགས་ཁྲི་དག་གིས་ནི། བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཉན་ཐོས་དག་གིས་འདུལ་བའི་སྲོག་ཆགས་བརྒྱད་ཁྲི་དག་ནི། ཉན་ཐོས་ཀྱི་རྫུ་འཕྲུལ་མཐོང་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་གོ་།ལྷའི་བུ་ཁྲི་དག་གིས་ནི། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་མཐོང་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་གོ་།གཟུགས་ན་སྤྱོད་པའི་ལྷའི་ 202a ༄#། །བུ་ཁྲི་དག་གིས་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་པ་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པའི་བར་དུ་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོའི་བུ་གཙུག་ཕུད་ལྔ་པ་ལ་སྨྲས་པ། གཙུག་ཕུད་ལྔ་པ། དེ་བཞིན་གཤེགས་པ་ལ་བཀུར་སྟི་གྱིས་ཤིག་།དྲི་ཟའི་རྒྱལ་པོའི་བུ་གཙུག་ཕུད་ལྔ་པས་དེ་ལྟར་འཚལ་ཞེས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ལྟར་མཉན་ཏེ། དྲི་ཟ་ས་ཡ་ཕྲག་དྲུག་དང་ལྷན་ཅིག་ཏུ་རྒྱུད་ཀྱི་དབྱངས་དང།་ཀླུའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱེད་དོ། །རོལ་མོའི་སྒྲ་དང ། གླུ་སྒྲ་དེ་དག་གིས་རྒྱ་མཚོ་ཆེན་པོའི་ཀླུའི་རྒྱལ་པོ་དག་རབ་ཏུ་དགའ་ཞིང་བདེ་བ་དང་ཡིད་བདེ་བ་སྐྱེས་ནས་རང་རང་གི་གནས་ནས་བྱུང་ངོ ། །དེ་དག་བྱུང་བས་རྒྱ་མཚོ་ཆེན་པོ་ན་འབྱུང་པོ་ཆེན་པོ་དག་གི་གནས་རྣམ་པར་འཁྲུགས་སོ། །ཀླུའི་རྒྱལ་པོ་མཛེས་པ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་བརྒྱ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རྒྱ་མཚོ་ཆེན་པོ་ནས་བསྐྱོད་དོ། །ཀླུའི་རྒྱལ་པོ་ལྷ་མཛེས་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་བསྐྱོད་དོ། །ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་ 202b དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་རྒྱ་མཚོ་ཆེན་པོ་ནས་བསྐྱོད་དོ། །ཀླུའི་རྒྱལ་པོ་གསེར་གཙུག་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་བསྐྱོད་དོ། །ཀླུའི་རྒྱལ་པོ་ཨུཏྤལ་མིག་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་བསྐྱོད་དོ། །ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་ནས་དེ་བཞིན་དུ་སྦྱར་ཏེ་ཐམས་ཅད་ལའང་བྱའོ། །ཀླུའི་རྒྱལ་པོ་ཉེ་དགའ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་མ་དྲོས་པ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་ཨེ་ལའི་རཱ་བ་ཎ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་ཆབ་པའི་བུ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་མི་ནག་པ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་གཽ་ཏ་མ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་ཀམ་པ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་མགྲིན་སྔོན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་གསེར་མགྲིན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་འཇིགས་སྒྲོལ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་གཟི་ཅན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་ 203a ༄#། །དང ། ཀླུའི་རྒྱལ་པོ་རྣམ་པར་སྣང་བྱེད་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་རྡུལ་བྲལ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་ནས་དེ་བཞིན་དུ་སྦྱར་ཏེ། ཀླུའི་རྒྱལ་པོ་འོད་ཆེན་ལ་སོགས་པ་དང ། ཀླུའི་རྒྱལ་པོ་རབ་ཏུ་གདུང་བྱེད་ལ་སོགས་པ་དང ། ཀླུའི་རྒྱལ་པོ་སྟོབས་ཆེན་ལ་སོགས་པ་དང ། ཀླུའི་རྒྱལ་པོ་སྤྲིན་ཆེན་ལ་སོགས་པ་དང ། ཀླུའི་རྒྱལ་པོ་ཟླ་ཆེན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། རླུང་ཡང་དག་པར་སྟོན་པ་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང།་ཀླུའི་རྒྱལ་པོ་ཤུགས་འཛིན་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་སྤྲིན་ཆེན་ལ་སོགས་པ་དང ། ཀླུའི་རྒྱལ་པོ་རབ་ཏུ་གདུལ་དཀའ་ལ་སོགས་པ་དང།་ཀླུའི་རྒྱལ་པོ་ཐམས་ཅད་མེ་ལོང་ཞེས་བྱ་བ་ཀླུ་དུང་ཕྱུར་ཕྲག་དགུ་དང ། ཀླུའི་རྒྱལ་པོ་ཆར་ཆེན་སྤྱོད་ལ་སོགས་པ་ཀླུ་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རྒྱ་མཚོ་ཆེན་པོ་ནས་བསྐྱོད་དོ། །དེ་དག་ལ་སོགས་པ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་གཞན་དག་དང ། འཁོར་དུང་ཕྱུར་ཕྲག་དགུ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རྒྱ་མཚོ་ཆེན་པོ་ནས་བསྐྱོད་དོ། །དེ་དག་གིས་རྒྱ་མཚོ་ཆེན་པོ་དཀྲུགས་སོ། །དགེ་སློང་དེ་དག་གིས་ཀྱང་གྲོང་ཁྱེར་དང ། 203b གྲོང་རྡལ་དང ། ཚོང་དུས་དང ། རི་འོར་ས་དང་བཅས་པ་དཀྲུགས་སོ། །དེ་ནས་ས་རྣམ་པ་དུ་མར་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། །ལྡེག། རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་གོ་།དེ་ནས་ཁྱིམ་བདག་ཕྱཝ་མཁན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཟའ་བ་དང ། བཅའ་བ་དང ། མྱང་བ་བཟང་ཞིང་རབ་ཏུ་མང་པོ་རང་གི་ལག་གིས་ཡང་དག་པར་ཚིམ་པར་བྱས་ཤིང་ཡང་དག་པར་བྲིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།་དགེ་སློང་དག་།སུའི་བསོད་སྙོམས་ཀྱང་ཡོངས་སུ་བཟའ་བར་མི་བྱ་སྟེ། གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་འགྲོ་བ་འདི་ཀླུ་དཀྲུགས་པ་དག་གིས་གྲོང་ཁྱེར་མ་རུང་པར་བྱས་ས་རེ། དེ་ནས་བཅོམ་ལྡན་འདས་བསོད་སྙོམས་བཞེས་ནས་ནམ་མཁའ་ལ་མངོན་པར་འཕགས་ཏེ། འདི་ལྟ་སྟེ། དཔེར་ན། ངང་པའི་རྒྱལ་པོ་ཆེན་པོ་བཞིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་ཕྱིར་བཀྱེ་ནས་གནས་སུ་སྤྲུལ་པ་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དག་མངོན་པར་སྤྲུལ་ཏོ། །དེར་ཀླུའི་རྒྱལ་པོ་གང་དག་བཅོམ་ལྡན་འདས་བལྟ་བར་འདོད་པ་དེ་དག་ལ་དེ་བཞིན་གཤེགས་པའི་སྤྲུལ་པ་མངོན་པར་སྤྲུལ་ཏོ། །ཀླུའི་རྒྱལ་པོ་གང་དག་བཅོམ་ལྡན་འདས་ལ་མ་དད་ཅིང་བལྟ་བར་ 204a ༄#། །མི་འདོད་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དག་མངོན་པར་སྤྲུལ་ཏོ། །དེར་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཀླུ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ནི། སངས་རྒྱས་ལ་དད་པ་སྐྱེས་སོ། ། དེ་དག་དད་པ་ཐོབ་མ་ཐག་ཏུ་ཀླུའི་སྐྱེ་གནས་དེ་ནས་ཤི་སྟེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དེ་དག་བཏུལ་ནས་བསོད་སྙོམས་བཞེས་ཏེ་བར་སྣང་ལ་གཤེགས་སོ། །དེའི་ཚེ་ན་ཡུལ་ལག་མཐིལ་ལྟར་མཉམ་པ་ན་དཀའ་ཐུབ་ཅན་མེས་བྱིན་ཞེས་བྱ་བ་ཞིག་གནས་ཏེ། དེ་ནས་བཅོམ་ལྡན་འདས་ནམ་མཁའི་བར་སྣང་ལས་གཤེགས་པ་མཐོང་ངོ ། །དེ་མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་གུས་པ་བསྐྱེད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ལ་མཚན་མའི་རྣམ་པ་དེ་བཞིན་དུ་མཛད་དུ་གསོལ། གང་བདག་གི་གནས་འདིར་བཞུགས་ན། མཆོད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རལ་པ་ཅན་མེས་བྱིན་གྱི་བསམ་པ་ཐུགས་སུ་ཆུད་ནས། སྐྱེ་བོ་ཕྱི་མ་དག་ཉིད་ལ་ 204b ཐུགས་བརྩེ་བའི་སླད་དུ་རྡོ་ལེབ་ལ་ཞབས་བཞག་གོ་།དེ་ནས་བཅོམ་ལྡན་འདས་ཀྱི་རལ་པ་ཅན་མེས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ། ཁྱོད་ཀྱི་སེམས་དད་པར་བྱ་བའི་དོན་དུ་འདི་ནི། མཆོད་རྟེན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽངྒལ་གྱི་བུ་ཚུར་ཤོག་།མ་དྲོས་པའི་མཚོ་ག་ལ་བ་དེར་འདོང་ངོ ། །བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་ཀྱི་ཆུ་འགྲམ་དུ་བཞུགས་སོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གཤེགས་པར་རིག་ནས་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་དང ། མུ་ཏིག་དམར་པོ་དང ། སྤུག་གི་སྙིང་པོ་དང ། རྡོའི་སྙིང་པོ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྟན་ལྔ་བརྒྱ་ཙམ་ཞིག་མངོན་པར་སྤྲུལ་ཏོ། །ཁྲི་སྟན་ལྔ་བརྒྱ་དེ་དག་གི་དབུས་སུ་བཅོམ་ལྡན་འདས་ཀྱི་གདན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདན་བཤམས་ཏེ་ཀླུའི་རས་བཅོས་བུས་གཡོགས་སོ། །དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པ་ཀླུའི་བུ་མོ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ཟན་ཟོས་ཤིང་ལྷུང་བཟེད་ 205a ༄#། །དང་ལག་པ་བཀྲུས་པར་ཐུགས་སུ་ཆུད་ནས་བཀའ་སྩལ་པ། མཽངྒལ་གྱི་བུ། སོང་ལ་གནས་བརྟན་ཤཱ་རིའི་བུ་ཁྱོད་ལ་སྟོན་པ་འབོད་དོ། །ཞེས་སྨྲོས་ཤིག་།བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ཏེ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་བརྐྱང་བའམ། བརྐྱང་བ་བསྐུམ་པ་དེ་བཞིན་དུ་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་མ་དྲོས་པའི་མཚོན་ནས་བྱུང་སྟེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་ན་འདུག་གོ་།དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་སྣམ་སྦྱར་འདྲུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ལྷན་ཅིག་ཏུ་ཡང་དག་པར་དགའ་བའི་གཏམ་དང ། གཏམ་སྙན་པ་རྣམ་པ་མང་པོ་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སྟོན་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱོད་ལ་འབོད་དེ། སྟོན་པ་ཁྱོད་ལ་མངོན་པར་དགྱེས་ཀྱི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཚུར་ཤོག་།སྟོན་པ་ཁྱོད་ལ་གསུང་གི་འདོད་ངོ ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་མཽངྒལ་གྱི་བུ་ 205b ཆེན་པོ། །རེ་ཞིག་སྣམ་སྦྱར་འདི་འཚེམ་མོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་སོར་མོ་ལྔ་ཁ་བ་ལྔར་མངོན་པར་སྤྲུལ་ནས་སྣམ་སྦྱར་དེ་བཙེམས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽངྒལ་གྱི་བུ། འདི་ཅི་བྱེད། སྨྲས་པ། སྣམ་སྦྱར་བཙེམ་པར་བྱ་བ་འདི་མྱུར་དུ་བཙེམ་པར་བྱའོ། །སྨྲས་པ། དྲུབ་པ་དང ། །ཟིན་པ་ཉིད་དུ་གྱིས་ཤིག་།དེ་མ་ཐག་ཏུ་དྲུབ་ཅིང་ཟིན་པ་ཉིད་དུ་བྱས་ནས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། ཚུར་ཤོག་ད་འདོང ། སྨྲས་པ། མི་འགྲོ་།སྨྲས་པ། གལ་ཏེ་ཁྱོད་མི་འགྲོ་ན། སྟོབས་ཀྱིས་བཀུར་རོ། །སྨྲས་པ། ཚེ་དང་ལྡན་པ་མཽངྒལ་གྱི་བུ། རེ་ཞིག་སྐ་རགས་འདི་སྟོབས་ཀྱིས་ཁྱེར་ནུས་དང་ང་སྟོབས་ཀྱིས་ཁྱེར་བར་ཤེས་སོ། །དེས་སྐ་རགས་དེ་འཇིག་རྟེན་གྱི་ཁམས་བདུན་དུ་བྱིན་གྱིས་བརླབས་སོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་སྐ་རགས་དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཏེག་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས་ཀྱང་སྐ་རགས་དེ་གདེག་པར་མ་ནུས་སོ། །དེ་ནས་མ་དྲོས་པའི་མཚོ་རླབས་ཤིན་ཏུ་གཡོས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རྟ་ཐུལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇིག་རྟེན་དུ་དོག་ས་ཆེན་པོ་གཡོས་པ་ 206a ༄#། །བྱུང་བ་འདི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་རྟ་ཐུལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉན་ཐོས་ཆེན་པོའི་རྣམ་པར་འཕྲུལ་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽངྒལ་གྱི་བུ། ཇེ་བཞུད་ཅིག་།བདག་ཀྱང་མཆིའོ། །དེ་སྐད་སྨྲས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ནི། ཕྱི་ནས་འོང་ངོ ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མངོན་དུ་ཕྱོགས་པའི་རྫུ་འཕྲུལ་ཐོབ་པས་དེ་དང་པོར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་མཚན་མ་དེ་ལྟ་བུ་བྱུང་བ་མཛད་པའི་མཚན་མ་ཇི་ལྟ་བུ་བྱུང་བ་མཛད་པས་རྒྱ་མཚོའི་ཀླུའི་རྒྱལ་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མཛེས་དགས་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །བཀའ་སྩལ་པ། མཛེས་དགའ། ངས་ཞུ་བ་ལུང་བསྟན་ 206b པའི་ཕྱིར་འདི་ལྟར་ཐམས་ཅད་སྐབས་དབྱེ་བར་བྱའོ། །ཚིགས་སུ་བཅད་པ། སྟོན་པ་བདེ་སྦྱིན་མཛད་ལ་ཞུ་བ་ནི། །སྤྱད་པ་སྤྱོད་ཚེ་སུག་ལས་ཅི་བགྱིས་དང ། །བདེ་བའི་ལམ་གྱིས་མྱ་ངན་འདས་རེག་པ། །བདེ་གཤེགས་སྦྱིན་མཛད་དེ་ནི་ལུང་བསྟན་གསོལ། །མ་དྲོས་ཀླུ་ཡི་འཇིག་རྟེན་མགོན་དེ་ལ། །ཞུས་པ་བདེ་བར་གཤེགས་པས་ལུང་བསྟན་པ། །དགེ་བའི་ལས་ཀྱི་འབྲས་བུས་ཡིད་ཞི་ཞིང ། །གང་གི་བདེ་བས་བདེ་བར་གཤེགས་པ་བསྐྱེད། །སྔོན་གྱི་སྲིད་པར་སྤྱད་པ་སྤྱོད་པའི་ཚེ། །སྐྱེ་བོ་ཐམས་ཅད་བདེ་བས་བདེ་ལྡན་བྱས། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །བདེ་བའི་ལམ་གྱིས་མྱ་ངན་འདས་རེག་འགྱུར། །སྟོན་པའི་གསུང་གིས་མཛེས་པ་དེ་དགའ་ནས། །དེ་ཡི་སྐད་ཅིག་ས་སྟེང་པུས་བཙུགས་ཏེ། ། གཞལ་མེད་དགའ་ཡིས་སེམས་ནི་དང་བས་སུ། །འཇིག་རྟེན་སྒྲོན་མ་འདྲེན་ལ་ཕྱག་འཚལ་བྱེད། །སྟོན་པའི་བློ་ཡིས་མཁས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལས་ངེས་འབྱུང་ཕྱག་འཚལ་ལོ། །འཇིགས་མེད་བློ་དག་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་གཞན་མིན་གསུང་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་ལྷ་མཛེས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུས་པ། །འོད་མཛད་སྤྱན་སྡུག་ལེགས་པའི་སྤྱན་མངའ་བ། །བློ་དགེ་ཉོན་མོངས་ཚོགས་ལས་རྣམ་གྲོལ་ཞིང ། །ཡེ་ཤེས་དྲི་མེད་སྤྱོད་ཡུལ་ཁྱོད་ལ་ནི། 207a ༄#། །སྤྱད་པ་སྤྱོད་ཚེ་རྣམ་ཐར་བླ་མེད་ཞུ། །ལྷ་དང་བཅས་པའི་འཇིག་རྟེན་སྨན་སླད་དུ། །ཇི་ལྟར་སྤྱད་ན་བྱང་ཆུབ་ཞི་འཚལ་ཞིང ། །མི་མཆོག་དམ་པ་བདག་གི་སྤྱོད་སྤྱོད་པ། །ཡིད་འདས་དེ་དག་བདག་ལ་བཀའ་སྩལ་གསོལ། །རྒྱལ་བ་དེ་ཡིས་རྡུལ་བཅོམ་དབང་པོ་བསྡམས། །འདོད་པའི་འཆིང་ལས་ཐུགས་ནི་རྣམ་གྲོལ་བའི། །དགོངས་པའི་དེ་ཉིད་སེམས་ཀྱི་རྗེས་འཇུག་པ། །ཐུགས་ཞིམ་དཀྲུགས་དེས་ནི་ལུང་བསྟན་པ། །མཁས་པས་དགེ་བ་དག་ནི་སྤྱད་པའི་ཕྱིར། །སྲོག་གི་ཕྱིར་ཡང་ཡིད་ནི་མི་ལྡོག་ཅིང། །རྟག་ཏུ་སྤྱོད་ཚེ་ཉོན་མོངས་མེད་ཡིད་ཀྱིས། །ལུས་དང་དག་གི་དགེ་བ་མཉམ་སྤྱོད་པ། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །འཁོར་བའི་འགྲོ་ལ་སྤྱོད་པ་རྣམ་དག་སྟེ། །ཆུ་ཡི་ནང་ནས་པདྨ་སྐྱེ་བ་ལྟག་།གོས་པ་མེད་ཅིང་བྱང་ཆུབ་ཡང་དག་འགྲུབ། །བདེ་གཤེགས་གསུང་གིས་ལྷ་ཡི་མཛེས་པ་ཀླུ། །དེ་ནི་དགའ་ཞིང་ལེགས་པར་མགུ་བས་སུ། །དེ་ཡི་སྐད་ཅིག་ས་ལ་པུས་བཙུགས་ཏེ། །སངས་རྒྱས་རྐང་གཉིས་མཆོག་ལ་ཕྱག་འཚལ་བྱེད། །ཐུབ་པ་འཇིག་རྟེན་ཀུན་ལ་སྨན་མཛད་པ། །བློ་གྲོས་ངེས་པར་ཞི་ལ་ཕྱག་འཚལ་ལོ། །སྤྱད་པ་སྤྱོད་ཚེ་ཁྱོད་ཀྱི་རྗེས་སློབ་ཅིང ། །བྱང་ཆུབ་མི་གཡོ་ཡིད་ནི་བསྐྱེད་པར་བགྱི། །སེམས་ཅན་དོན་དུ་སྤྱད་པ་སྤྱོད་པའི་ཚེ། །ལུས་དང་སྲོག་ནི་དེ་བཞིན་ 207b བཏང་ནས་སུ། །སྡུག་བསྔལ་ཐར་བྱེད་སངས་རྒྱས་འགྱུར་བ་དང ། །བྱང་ཆུབ་ཞི་པ་བླ་མེད་ཐོབ་པའི་བགྱི། །ཀླུ་དེའི་བསམ་པ་ཐུགས་སུ་ཆུད་ནས་སུ། །རྒྱལ་བ་དགྲ་ལས་རྒྱལ་བ་འཛུམ་མཛད་དེ། །དེ་ཚེ་ཇི་ལྟར་གངྒཱའི་བྱེ་སྙེད་ཀྱི། །སངས་རྒྱས་མཐའ་ཡས་ཞིང་ནི་འོད་ཀྱིས་ཁྱབ། །བདེ་བར་གཤེགས་པས་འཛུམ་པ་བསྟན་པ་ལ། །ནམ་མཁའི་ལྷས་རིག་ལེགས་སོ་ཞེས་གསོལ་ཏེ། །ེ་མའོ་རྒྱལ་བས་རྡུལ་བཅོམ་དབང་པོ་བསྒོམས། །ཁྱོད་དང་མཉམ་མེད་གོང་ན་ཡོང་མ་ཡིན། །སངས་རྒྱས་ཞིང་མང་དག་ནི་རབ་གཡོ་ས་ཤིང ། །འདོད་པའི་ལྷ་ནི་སྡེར་བཅས་ཤིན་ཏུ་རྨོངས། །ལྷ་ཚོགས་མང་པོ་བསམ་པ་རབ་དགའ་ཞིང ། །རྒྱལ་བ་དབང་པོ་ཐུབ་ལ་ཕྱག་འཚལ་བྱེད། །སྟོན་པའི་ཉན་ཐོས་རྫུ་འཕྲུལ་ཆེ་བའི་མཆོག་མཽངྒལ་བུ་ཡིས་རྒྱལ་ལ་ཡོངས་ཞུས་པ། །གང་གིས་དཔག་ཏུ་མེད་པའི་འཛུམ་མཛད་པ། །བཅོམ་ལྡན་བདེ་གཤེགས་རྒྱུ་གང་རྐྱེན་གང་ལགས། །མཽངྒལ་བུ་ཡིས་རྒྱལ་ལ་ཉེར་ཞུས་པ། །ཐེ་ཚོམ་གཅོད་མཛད་རྒྱལ་བས་བཀའ་སྩལ་པ། །ང་ལ་མཆོད་པ་བྱེད་པའི་ཀླུ་འདི་ནི། །མ་འོངས་པ་ཡི་དུས་ན་སངས་རྒྱས་འགྱུར། །ཇི་སྙེད་ཞིང་འདི་འོང་ཀྱིས་ཁྱབ་པ་དག་།དེ་དག་ཐམས་ཅད་རྒྱལ་བའི་ཞིང་གཅིག་འགྱུར། །དེས་ན་རྒྱལ་པ་འདི་ལྟར་འགྱུར་བ་སྟེ། །འདྲེན་པ་དེ་མིང་དབང་པོ་རྒྱལ་མཚན་ནོ། །སྲོག་ཆགས་བྱེ་བ་ 208a ༄#། །ཁྲག་ཁྲིག་མཐའ་ཡས་དག་།དེས་ནི་འགྲོ་སྲིད་ཕ་རོལ་སྒྲོལ་བྱེད་དེ། །འདི་ལ་བརྟེན་ནས་ངས་ནི་འཛུམ་པ་བསྟན། །མཽངྒལ་བུ་ཁྱོད་དེ་ལྟར་ཤེས་པར་གྱིས། །ཀླུ་དེ་ལུང་བསྟན་པ་ནི་ཐོས་ནས་སུ། །བླ་ན་མེད་པ་དག་གི་དགའ་བས་ཁྱབ། །ལུང་བསྟན་ཐོས་ནས་བར་སྣང་འདི་ལས་ནི། །ཏ་ལ་བརྒྱད་ཅུ་སྲིད་དུ་མངོན་པར་འཕགས། །ཕྱོགས་བཅུ་དག་ན་རྣམ་དག་རྒྱལ་བའི་ཞིང ། །བཟང་ལ་གྲངས་མེད་སངས་རྒྱས་དེ་མཐོང་སྟེ། །མཐོང་ནས་སངས་རྒྱས་རྐང་གཉིས་མཆོག་དག་ལ། །ཚིགས་བཅད་སྣ་ཚོགས་དག་གིས་རྒྱལ་བ་བསྟོད། །འགྲོ་བ་ཕན་སྐྱེད་རྒྱལ་བ་དགྲ་ལས་རྒྱལ། །དབང་པོ་ཐུལ་ཅིང་མ་ནོར་དེ་བཞིན་གསུང ། །འོད་མཛད་བདེན་གསུང་ཁྱོད་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཚིག་རྨོངས་མེད་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །འཇིགས་སེལ་སྔགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སྤྱད་པ་སྤྱོད་ཚེ་སུག་ལས་ཅི་བགྱིས་པས། །འཇིགས་ལས་གྲོལ་དང་འགྲོ་བ་ཐར་བགྱིད་པ། །འཇིགས་སེལ་ལམ་ཞུགས་བདག་ལ་བཀའ་སྩལ་གསོལ། །ཇི་ལྟར་འདྲེན་པ་བདག་ཉིད་འཇིགས་གྲོལ་ཞིང ། །སྐྱེ་བོ་འཇིགས་ལས་རབ་ཏུ་གྲོལ་མཛད་པ། །ཁྱོས་ཀྱིས་ལེགས་ 208b པར་གསུངས་པའི་བཀའ་ཐོས་ནས། །དེ་བཞིན་ངོམས་མེད་ཡིད་ཀྱིས་སྤྱད་པར་བགྱི། །རྒྱུ་ཆེན་འཛིན་པ་ཀླུ་ཡི་རྒྱ་མཚོ་དེས། །འགྲོ་ལ་ཕན་ཕྱིར་སྟོན་ལ་ཞུ་བྱེད་པ། །འཇིགས་བཅས་ཞེ་སར་བཅས་ཤིང་དེ་བརྟེན་ནས། །མི་དབང་སྤྱན་སྔར་ཞེ་སར་བཅས་པས་འདུག་།དེ་ཡི་བསམ་པ་འདྲེན་པས་ཐུགས་ཆུད་ནས། །ཇི་ལྟར་སྤྱད་ན་འཇིགས་དང་རྣམ་བྲལ་ཞིང ། །སེམས་ཅན་དག་ཀྱང་འཇིགས་ལས་ཐར་བྱེད་པ། །ཡན་ལག་བརྒྱད་ལྡན་གསུང་གིས་ལུང་བསྟན་ཏོ། །བྱང་ཆུབ་སྤྱད་པ་རྗེས་སུ་སྤྱོད་བྱ་ཞིང ། །དབྱུག་མཚོན་མེད་པས་འགྲོ་ལ་རབ་ཏུ་སྟོན། །ཆུ་དང་ཐང་དང་དེ་བཞིན་གཡུལ་འཐབ་པའི། །འཇིགས་ལ་ཡང་དང་ཡང་དུ་འཇིགས་མེད་སྦྱིན། །དེ་ཡིས་ལེགས་པའི་ལས་ནི་བྱས་པས་ན། ། འཇིགས་པར་མི་འགྲོ་བྱང་ཆུབ་རེག་འགྱུར་ལ། །མཉམ་པར་བཞག་པའི་བྱམས་པའི་སེམས་ཀྱིས་སུ། །ཤིན་ཏུ་མི་བཟད་བདུད་སྟོབས་རབ་སྐྲག་བྱེད། །སྟོབས་བཅུའི་མཁྱེན་པས་རྒྱ་མཚོ་དེ་དགའ་ནས། །དེ་ཡི་སྐད་ཅིག་ས་ལ་པུས་བཙུགས་ཏེ། །འཇིགས་པར་མི་གནས་ཞི་བར་རབ་འདུག་ནས། །བདེ་བར་གཤེགས་ལ་ཐལ་སྦྱར་ཕྱག་འཚལ་བྱེད། ། སྲིད་ཀུན་བདག་ལ་མི་གནས་ཕྱག་འཚལ་ལོ། །དངང་མེད་འཇིགས་བྲལ་ལྡན་ལ་ཕྱག་འཚལ་ལོ། །དངང་དང་འཇིགས་ལས་སྐྱེ་བོ་བསྒྲལ་བགྱི་ཞིང ། །དེ་བཞིན་གཤེགས་ 209a ༄#། །པ་མི་དངས་བདག་འགྱུར་བགྱི། །དེ་ནས་ཀླུའི་རྒྱལ་པོ་གསེར་གཙུག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ།་དྲང་སྲོང་ཆེན་པོ་སྤྱན་དགེ་དབང་པོ་ཐུལ། །སྲིད་པའི་རྒྱ་མཚོ་བརྒལ་ཅིང་ཕ་རོལ་ཕྱིན། །སྐམ་ལ་བཞུགས་པ་སྲེད་བསྐམས་གང་ཟག་མཆོག་།འགྲོ་བའི་དོན་ཕྱིར་ཁྱོད་ཞུ་བཀའ་སྩལ་གསོལ། །ཇི་ལྟར་སྤྱད་ན་བདེ་གཤེགས་བདག་སྐྱེ་ཞིང ། །རྒྱལ་བའི་བསྟན་ལ་རབ་ཏུ་གནས་གྱུར་དང ། །བདུད་ཕྲག་སྟོང་དག་གིས་ཀྱང་མི་བསྐྱོད་པ། །ཀུན་སྤྱན་འདི་དག་བདག་ལ་བཀའ་སྩལ་གསོལ། །སངས་རྒྱས་ཚུལ་ལ་མི་གཡོ་རབ་གནས་ཤིང ། །ཀླུ་ཡི་གཙོ་བོས་འདྲེན་ལ་དེ་ཞུས་པ། །ཀླུ་ཡི་བདག་པོའི་བསམ་པ་ཐུགས་ཆུད་ནས། ། ཉོན་མོངས་ཀུན་སྤངས་དེ་ནི་ལུང་བསྟན་པ། །ལྷག་པའི་བསམ་པས་ཆོས་ཀྱི་ངེས་ལྡན་ཞིང ། །ངེས་པ་སྟོང་པའི་ཡུལ་ལ་རབ་ཏུ་གནས། །སྲིད་ལས་རྣམ་རྒྱལ་བསྟན་ལ་མི་གཡོ་ཞིང ། །གཞལ་མེད་བྱང་ཆུབ་ལ་ནི་འདུན་པ་བསྐྱེད། །གསེར་གཙུག་རྫུ་འཕྲུལ་ཆེ་བའི་ཀླུ་དེ་ནི། །སངས་རྒྱས་གསུང་པ་ཐོས་ནས་ཐེ་ཚོམ་མེད། །བྱང་ཆུབ་ཕྱིར་ནི་མི་གཡོ་ཡིད་བསྐྱེད་ཅིང ། །འཇིགས་ཀུན་ཕ་རོལ་ཕྱིན་ལ་མངོན་པར་བསྟོད། །སྲིད་མཚོ་རྒལ་ཅིང་སྐམ་ལ་ཤིན་ཏུ་བཞུགས། །ཐེ་ཚོམ་མི་མངའ་མི་གཡོ་བརྟན་བརྙེས་ཤིང ། ། 209b སྲིད་པར་འཁོར་བརྟན་བཞིན་དུ་རབ་བཞུགས་པ། །རི་རབ་རི་ལ་ལྷ་ཡི་གནས་བཅས་བཞིན། །འདི་ལྟར་མི་གཡོ་བ་ལ་སྐྱབས་མཆི་ཞིང ། །མི་གཡོ་རི་ལྟ་བུར་ནི་འགྱུར་བར་བགྱི། །དེའི་ཚེ་འགུལ་དང་མི་འགུལ་ཞིང་མི་གནས། །མི་གཡོ་རི་རབ་ལྟ་བུར་འགྱུར་བར་བགྱི། །མ་སྨད་པས་ནི་དེ་ཡི་ཐུགས་ཆུད་ནས། །ཡིད་དུ་འོང་བའི་དབྱངས་ཀྱིས་ལུང་བསྟན་པ། །བསྐལ་པ་སྟོང་ཕྲག་བརྒྱད་ཅུར་སྤྱད་བྱས་ནས། །མ་འོངས་པ་ཡི་དུས་སུ་སངས་རྒྱས་འགྱུར། །བདེ་བའི་ལམ་གྱིས་རྒྱལ་བར་འགྱུར་པ་སྟེ། །མཚན་ནི་ལེགས་མཐོང་ཞེས་བྱ་ཤིན་ཏུ་སྡུག་།སྲོག་ཆགས་བྱེ་བ་སྟོང་ཕྲག་ཐར་བྱེད་ཅིང ། །བསིལ་བ་བདེ་བ་ཞི་བའི་ལམ་འགོད་འགྱུར། །རྒྱལ་བས་གསུངས་པ་ཀླུ་དེས་ཐོས་ནས་སུ། །གཞལ་མེད་དགའ་བའི་སེམས་ནི་རབ་དང་བས་ཉོན་མོངས་ཐམས་ཅད་སེལ་ཅིང་མ་སྨད་པ། །འགྲོ་བའི་འདྲེན་པ་ལ་ནི་ཕྱག་འཚལ་བྱེད། །དེ་ནས་ཀླུའི་རྒྱལ་པོ་ཨུཏྤལ་མིག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །མི་མཆོག་འདུལ་མཛད་གཟི་བརྗིད་མཐའ་ཡས་པ། །ཐུགས་རབ་ཞི་ཞིང་ཉེར་ཞི་ཕ་རོལ་གཤེགས། །ཞི་གནས་ཡོན་ཏན་རབ་ཞི་རྣམ་གྲོལ་བ། ། ཞི་བ་མཁས་པ་བདེ་བར་གཤེགས་པ་གསུང ། །ཁྱོད་སྲས་བྱང་ཆུབ་ཇི་ལྟར་སྤྱད་བགྱིས་ན། །ཞི་གནས་དགའ་ཞིང་ཞི་གནས་བསྟེན་པ་དང ། །ཞི་གནས་ལ་ནི་ཇི་ལྟར་མཁས་ 210a ༄#། །པར་འགྱུར། །ཀུན་གཟིགས་མྱུར་དུ་བདག་གི་སོམ་ཉི་ཁུམ། །རྒྱལ་བ་ལ་ནི་ཀླུ་དེས་ཞུས་པ་དང ། །རྒྱལ་བས་ཨུཏྤལ་མིག་ལ་ལུང་བསྟན་པ། ། གང་གིས་དགེ་བའི་ལས་ཀྱི་ཡིད་འོང་བའི། །ཞི་གནས་ལ་ནི་ཤིན་ཏུ་བསླབ་པར་འགྱུར། །དེ་ཕྱིར་བྱང་ཆུབ་སེམས་དཔའ་མཁས་པ་ནི། །སྤྱད་པ་སྤྱོད་ཚེ་སེམས་གཡོར་མི་བྱེད་ཅིང ། །བསྐལ་པ་བྱེ་བར་ཞི་གནས་སྟེན་བྱེད་པ། །བྱང་ཆུབ་དམ་པ་དཔའ་མཆོག་སངས་རྒྱས་འགྱུར། །དེ་ཡིད་རབ་ཞི་བྱང་ཆུབ་རྟོགས་ནས་སུ། །རྣམ་འདྲེན་འགྲོ་བ་ཞི་ལ་སྦྱོར་བྱེད་ཅིང ། །རབ་ཏུ་སེམས་ཞི་གཡོ་བར་མི་འགྱུར་ལ། །སེམས་ཅན་ཉོན་མོངས་མི་གཡོ་ཞི་བར་བྱེད། །དེས་པ་ཨུཏྤལ་མིག་གི་ཀླུ་དེས་ནི། །རྒྱལ་བས་ལེགས་པར་གསུངས་པའི་ཚིག་ཐོས་ནས། །ཉོན་མོངས་ཀུན་གཡོ་ཡིད་ནི་ཞི་གྱུར་ཏེ། །བྱང་ཆུབ་མཆོག་རབ་སེམས་ནི་བསྐྱེད་གྱུར་ཏོ། །དེ་ཡི་ཞི་གནས་སེམས་ལ་བརྟེན་ནས་སུ། །བྱང་ཆུབ་སེམས་བསྐྱེད་རྒྱལ་བ་དེ་ལ་བསྟོད། །ཁྱོད་ལ་བསྐྱེད་ནས་ཞི་གནས་རྟོགས་གྱུར་ཅིང ། །ཤིན་ཏུ་ཡིད་ཞི་སངས་རྒྱས་འགྱུར་བར་བགྱི། །དེ་ནས་ཀླུའི་རྒྱལ་པོ་དགའ་བོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །བདེ་བར་གཤེགས་པ་ཞི་གནས་ཐུགས་སུ་ཆུད། །རྒྱལ་བ་གང་ཟག་ 210b མཆོག་ལ་བདག་ཞུ་བ། །ཁྱོད་ཉིད་ལས་འཁྲུངས་བྱང་ཆུབ་རབ་གནས་པ། །མི་མཆོག་ཇི་ལྟར་ལྷག་མཐོང་དག་ལ་སྤྱད། །མི་འདུལ་ཁ་ལོ་སྒྱུར་ལ་དགའ་བོས་ཞུས། །ཀླུ་དེའི་སྔོན་གྱི་མཐའ་ནི་གཟིགས་པས་ན། །དགེ་བའི་ལས་བསགས་པ་དག་ཐུགས་ཆུད་ནས། །མི་འདུལ་ཁ་ལོ་སྒྱུར་བ་འདི་སྐད་གསུང ། །ཡེ་ཤེས་དམ་པ་བྱང་ཆུབ་མཆོག་བཙལ་ཕྱིར། །མ་ཞུམ་ཡིད་ཀྱིས་ནོར་དང་འབྲུ་དག་ལ། །སེར་སྣ་མེད་ཅིང་རྫས་མང་མི་ཉུང་དང ། །ཆུང་མ་དང་ནི་བདག་ཉིད་གཏོང་བར་བྱེད། །དེ་ཡིས་ལེགས་པའི་ལས་དེ་བྱས་པ་དང ། །གཏོང་བ་ཤིན་ཏུ་སྡུག་བསྔལ་བསྟེན་པས་ན། །ཡེ་ཤེས་དམ་པ་བདག་རྒྱལ་སངས་རྒྱས་འགྱུར། །དེ་ནི་ལྷག་མཐོང་སྤྱད་པའི་འབྲས་བུ་ཡིན། །དེ་ནས་ཀླུའི་རྒྱལ་པོ་ཉེར་དགས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། འགྲོ་བ་ཀུན་གྱི་འདྲེན་ལ་བདག་ཞུ་བ། །ཁྱོད་སྲས་བྱང་ཆུབ་ཇི་ལྟར་སྤྱད་བགྱིས་ན། །ཞི་གནས་ལྷག་མཐོང་མཉམ་པར་སྤྱོད་པ་དང ། །ཟང་ཟིང་མེད་ཞི་བྱང་ཆུབ་འཐོབ་འགྱུར་ལགས། །འདྲེན་པ་དེ་ལ་ཀླུ་དེས་ཞུས་པ་དང ། །ཞི་གནས་ལྷག་མཐོང་ཡང་དག་ལེན་མཁྱེན་པ། །ཐོགས་པ་མེད་པ་འདྲེན་པ་འདི་བརྙེས་པས། །དེ་ནི་བདེ་བར་གཤེགས་པའི་བསྟན་ལ་བཞག་།བྱང་ཆུབ་སེམས་དཔའ་གང་ཞིག་སྤྱད་སྤྱོད་ཚེ། ། 211a ༄#། །གཉིས་ཀའི་སྟོབས་འདི་མཉམ་པར་བསྟེན་པས་ན། །དེ་ནི་བྱེ་བ་ཁྲག་ཁྲིག་མཐའ་ཡས་ཞིང ། །འགྲོ་བའི་དོན་དུ་མཉམ་པར་རྣམ་པར་སྤྱོད། །བསྐལ་པ་བྱེ་བ་མང་པོ་དེ་འཚང་རྒྱ། །ཞིང་གི་དམ་པ་དག་ཀྱང་འགོད་འགྱུར་ཏེ། །དེའི་མཐའ་བསྔགས་པ་བསྐལ་པ་བྱེ་མང་དུ། །སངས་རྒྱས་བྱེ་བས་ཟད་པར་དེ་མི་སྤྱོད། །དེ་ཚེ་ཀླུ་ཡི་བདག་པོ་ཉེ་དགའ་ཡིས། །ཐེག་པ་མཉམ་པའི་བསྔགས་པ་ཐོས་ནས་སུ། །གཞལ་དུ་མེད་པའི་དགའ་བས་སེམས་བདེ་ནས། །བྱང་ཆུབ་མཆོག་གི་སེམས་རབ་བསྐྱེད་གྱུར་ཏོ། །འཇིག་རྟེན་ཕན་ཕྱིར་བྱང་ཆུབ་དེ་ལུང་བསྟན། །མ་འོངས་དུས་སུ་སངས་རྒྱས་འགྱུར་བ་སྟེ། །མིང་ནི་རྒྱལ་བ་འདྲེན་པ་ཀུན་སྤྱན་ནོ། །སྲོག་ཆགས་བྱེ་བ་སྟོང་ཕྲག་ཐར་པར་བྱེད།། དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། བདེ་གཤེགས་ཁྱོད་སྲས་ཇི་ལྟར་སྤྱད་བགྱིས་ན། །འགྲོ་བའི་དོན་དུ་ཕན་པ་ཚོལ་བྱེད་ཅིང ། །བྱང་ཆུབ་བླ་མ་ཚོལ་ལ་མི་སྐྱོ་བ། །རྐང་གཉིས་དམ་པ་མཆོག་གིས་དེ་ལུང་སྟོན། །མི་ཡི་ཁྱུ་མཆོག་ལ་ནི་ཀླུས་ཞུས་པ། །ཀླུ་ཡི་བདག་པོའི་བསམ་པ་ཐུགས་ཆུད་དེ། །ཐུབ་པ་སྔོན་མཐའ་སྦྱོར་ལ་མི་འཇིགས་པས། །ཀླུ་ཡི་བདག་པོའི་ཐེ་ཚོམ་ལུང་བསྟན་པ། །བྱང་ཆུབ་ཞི་བ་སྤྱད་པ་སྤྱོད་འདོད་པ། །དེས་ཤིང་ 211b ཉམས་པ་མེད་པར་སྤྱོད་པ་དང ། །བདག་དང་གཞན་དག་ལ་ཡང་མི་གནོད་ཅིང ། །སེར་སྣ་མེད་ཅིང་གཏོང་ལྡན་རྒྱལ་བ་ཡིན། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །འགྲོ་བ་གང་གི་འཁོར་བར་བདེ་འདོད་ལ། །དེས་ཤིང་ཐམས་ཅད་དུ་ནི་སྙིང་རྗེར་ལྡན། །ནོར་བྱིན་པས་ནི་སྡུད་པ་བྱེད་པར་འགྱུར། །དེ་ཡིས་ལེགས་པའི་ལམ་དེ་བྱས་པས་ན། །ནམ་དུའང་སྐྱེ་བའི་སྡུག་བསྔལ་མྱོང་མི་འགྱུར། །རྟག་ཏུ་བདེ་བས་སྐྱེ་བོ་བདེར་འགོད་ལ། །ཁ་ན་མ་ཐོ་མེད་ཅིང་གནས་ཞིར་འཇོག་།སྟོན་པའི་གསུང་གིས་ཀླུ་དེ་བསྐུལ་བས་ན།། མཆོག་ཏུ་དགའ་བས་སེམས་ནི་བདེར་གྱུར་ཏེ། །དེ་ཡིས་སྐད་ཅིག་ས་ལ་པུས་བཙུགས་ནས། །ཚིགས་བཅད་སྣ་ཚོགས་དག་གིས་རྒྱལ་བསྟོད་པ། །གཽ་ཏམ་འཇིག་རྟེན་ཀུན་ན་མཉམ་མེད་དེ། ། འགྲོ་བ་ཟིལ་མནན་བདེ་གཤེགས་ལྷང་ངེ་བ། །ཁྱོད་ཀྱི་ཞལ་དུ་ལྷར་བཅས་འགྲོ་ཀུན་ལྟ། །འདི་ལྟར་ཐལ་མོ་སྤྱར་ནས་སྐྱབས་སུ་མཆི། །བྱང་ཆུབ་མཆོག་གི་ཡིད་ནི་བསྐྱེད་བགྱི་ཞིང ། །འདི་ལྟར་བདེ་གཤེགས་ཁྱོད་ཀྱི་ཡེ་ཤེས་དང ། །སྟོན་པ་ཁྱོད་ཀྱིས་ཐེ་ཚོམ་བསལ་བ་ལྟར། །བདག་ཀྱང་ཐོས་ནས་འཇིག་རྟེན་ཐེ་ཚོམ་བསལ། །དེ་ནས་དེའི་སྟོན་གཞལ་མེད་བྱང་ཆུབ་ཕྱིར། །ཡིད་ནི་ཤིན་ཏུ་དགྱེས་ནས་བཀའ་སྩལ་པ། །འཇིག་རྟེན་ཕན་ཕྱིར་འདྲེན་པར་འགྱུར་བ་ཡི། །མི་མཆོག་མིང་ནི་དབང་པོ་ཆེན་པོའོ། །དེ་ནས་ཀླུའི་ 212a ༄#། །རྒྱལ་པོ་ཨེ་ར་བ་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །འཇིག་རྟེན་དཔག་མེད་མང་པོའི་སྐྱབས་ཀྱི་མཆོག་རྒྱལ་བ་ཐེ་ཚོམ་གཅོད་ལ་ཞུ་བགྱི་བ། །བྱང་ཆུབ་སེམས་དཔས་སུ་ག་ལས་ཅི་བགྱིས་ན། །སངས་རྒྱས་མངོན་དུ་ལྷན་ཅིག་ཕྲད་བ་འཐོབ། །འཇིག་རྟེན་མགོན་པོ་དེ་ལ་ཀླུས་ཞུས་ནས། །འཇིག་རྟེན་ཕན་ཕྱིར་འདྲེན་པས་ལུང་བསྟན་པ། །སེམས་ཅན་རྒྱུད་ལ་ཉོན་མོངས་རྣམ་རིག་དང ། །ཡོངས་སུ་དུལ་བའི་ཡིད་ནི་རྣམ་ཤེས་ནས། །འགྲོ་ལ་ཕན་ཕྱིར་སྙིང་རྗེ་བསྐྱེད་ནས་སུ། །བྱང་ཆུབ་མཆོག་གི་དོན་དུ་སྤྱད་པ་སྤོང ། །བདག་དང་རྒྱལ་བར་ཇི་ལྟར་ཕྲད་སྙམ་ནས། །ཐབས་ལ་མཁས་པར་མངོན་པར་རབ་གནས་ཏེ། ། རྒྱལ་བ་རྣམས་དང་བདེ་གཤེགས་མྱ་ངན་འདས། །སྐུ་གདུང་དག་ལ་གཞལ་མེད་མཆོད་བྱེད་ཅིང ། །རྣམ་གྲོལ་ཡིད་ཀྱིས་སྨོན་ལམ་འདེབས་པར་བྱེད། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །རྟག་ཏུ་སངས་རྒྱས་མངོན་པར་ཕྲད་ཐོབ་སྟེ། །རྒྱལ་བ་མངོན་སུམ་མཆོད་པ་བྱས་ནས་སུ། །བྱང་ཆུབ་དགའ་བ་འོད་ལྡན་རེག་པར་འགྱུར། །སངས་རྒྱས་ཀྱིས་ནི་ལེགས་གསུངས་ཚིག་ཐོས་ནས། །ེར་བ་ན་ཀླུ་ནི་ཡིད་མགུ་སྟེ། །གཞལ་དུ་མེད་པའི་དགའ་བས་སེམས་བདེ་ནས། །དང་བའི་ཡིད་ཀྱིས་ 212b སངས་རྒྱས་མངོན་བསྟོད་པ། །མི་འདུལ་ཁ་ལོ་སྒྱུར་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་བདག་གི་སོམ་ཉི་ཐེ་ཚོམ་བསལ། །བྱང་ཆུབ་དོན་དུ་ཡིད་འདི་བསྐྱེད་བགྱི་སྟེ། །སྡུག་བསྔལ་མཐར་བགྱིད་སངས་རྒྱས་འགྱུར་བར་བགྱི། །གང་ཟག་བདག་གིས་ཀླུ་ཡི་བདག་པོ་ཡི། །བསམ་པ་ཐུགས་ཆུད་བྱང་ཆུབ་ལུང་བསྟན་པ། །བསྐལ་པ་བྱེ་བ་བརྒྱད་ཅུ་རྩ་བཞི་རུ། ། སྤྱོད་པ་སྤྱད་ནས་དེ་ནས་སངས་རྒྱས་འགྱུར། །མི་མཆོག་མཚན་ནི་ཐམས་ཅད་སྒྲོལ་བ་སྟེ། །སྲོག་ཆགས་བྱེ་བ་སྟོང་ཕྲག་ཐར་པར་བྱེད། །དེ་ཡི་རིང་བསྲེལ་མང་པོར་འགྱུར་བ་སྟེ། །སྐྱེ་བོ་མང་པོ་མཐོ་རིས་འགྲོ་བར་འགྱུར། །ཀླུ་དེ་སྟོན་པའི་གསུང་གིས་དགའ་གྱུར་ནས། །འཇིག་རྟེན་ཕན་མཛད་རྣམ་འདྲེན་མངོན་བསྟོད་པ། །ཁྱོད་ཀྱིས་འགྲོ་བའི་དོན་ནི་རྒྱ་ཆེར་མཛད། །སྡུག་བསྔལ་མཐར་མཛད་སངས་རྒྱས་ཕྱག་འཚལ་ལོ། །བམ་པོ་བཅུ་གཉིས་པ། དེ་ནས་ཀླུའི་རྒྱལ་པོ་ཚིབ་བའི་བུས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ལྷ་དང་བཅས་པའི་འཇིག་རྟེན་དོན་སླད་དུ། །འཇིག་རྟེན་དོན་མཛད་རྣམ་འདྲེན་ལ་ཞུ་བ། །སྤྱོད་པ་སྤྱོད་ཚེ་སུག་ལས་ཅི་བགྱིས་པས། །མ་རྟོགས་རྟོགས་ནས་རྒྱལ་བ་རྣམ་འདྲེན་འགྱུར། །ཚིབ་པའི་བུ་དེས་རྒྱལ་ལ་མངོན་ཞུས་ནས། །ཉོན་མོངས་ཐམས་ཅད་བསལ་བས་ལུང་ 213a ༄#། །བསྟན་པ། །དགེ་བའི་ལས་ཀྱིས་འབྲས་བུ་ཡིད་འོང་ཞིང ། །ཉོན་མོངས་བཅོམ་པས་དེས་ན་རྒྱལ་ཞེས་བྱ། །དེ་ནི་འགྲོ་ཀུན་ཚེ་དང་སངས་རྒྱས་ལ།། མཆོག་ཏུ་དད་པ་དག་གི་སེམས་ཀྱང་ཤེས། །དེ་ཡིས་ལས་ཀྱི་ལམ་དེ་བྱས་པས་ན། །འགྲོ་བའི་རྟག་པ་རྒྱལ་བ་དག་ཏུ་འགྱུར། །དེ་ཡིས་རྒྱལ་བའི་བཤད་པ་ཐོས་ནས་སུ། །འགྲོ་བ་ཐམས་ཅད་ལ་ནི་དད་པར་བྱས། །དེ་ཚེ་དེ་ཡིས་དགེ་བ་བྱས་པས་ན། །འདི་ཡི་སྨོན་ལམ་བཏབ་ལྟར་བདག་འགྱུར་རོ། །དེ་ནས་འཇིག་རྟེན་མགོན་པོས་དེ་ལུང་བསྟན། །མི་མཆོག་སངས་རྒྱས་སུ་ནི་འགྱུར་བ་སྟེ། །སྲོག་ཆགས་བྱེ་བ་སྟོང་ཕྲག་ཐར་བྱེད་ཅིང ། །སྤྱད་པ་སྤྱོད་ཚེ་རྒྱལ་བ་མངོན་པར་བསྟོད། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །སངས་རྒྱས་ལ་ནི་དད་བསྐྱེད་མངོན་བསྟོད་པ། །འགྲོ་བ་ཐར་མཛད་སངས་རྒྱས་ཕྱག་འཚལ་ལོ། །བསམ་ཡས་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་ནག་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། དྲང་སྲོང་ཆེན་པོ་སྐྱབས་མཆོག་དཔག་ཏུ་མེད། །སྐྱོན་དང་བྲལ་ཞིང་ཡོན་ཏན་མཆོག་བརྙེས་པ། །སྟོབས་བཅུའི་འཇིགས་པས་རྣམ་གནོད་ཁྱོད་ལ་ནི། །བྱང་ཆུབ་ཞི་སྤྱོད་མཁས་པ་རབ་གནས་ཞུ། ། 213b དེས་པའི་ཉོན་མོངས་ཇི་ལྟར་བསལ་བ་དང ། །རྒྱལ་བའི་མཆོག་ཉིད་ཇི་ལྟར་བསྒོམ་པར་བགྱི། །བདུད་ཀྱི་སྤྱོད་ཡུལ་དེ་དག་ཇི་ལྟར་སྤང ། །སངས་རྒྱས་སྤྱོད་ཡུལ་དག་ལ་ཇི་ལྟར་སྤྱད། །རྒྱལ་བ་ལ་ནི་ཀླུ་དེས་ཞུས་པ་དང ། །ཇི་ལྟར་བདེ་གཤེགས་སྤྱོད་ཡུལ་སྤྱད་པ་དང ། །ཇི་ལྟར་བདུད་ཀྱི་སྤྱོད་ཡུལ་སྤང་བ་དག་།ལམ་གཉིས་ཤིན་ཏུ་མཁྱེན་པས་རབ་ཏུ་བསྟེན་སྟོན་པ་ལ་ནི་ཀླུ་བདག་དེས་ཞུས་ནས། །དེ་ཡི་བསམ་པ་ཐུགས་ཆུད་ལུང་བསྟན་པ། །མི་མཁས་གང་དག་སེམས་ཅན་འདུ་ཤེས་སྤྱོད། །དེ་དག་ནག་པོའི་རྩ་ལག་སྤྱོད་ཡུལ་སྤྱོད། ། གང་དག་སེམས་ཅན་མེད་ཅིང་ཡིད་མི་གནས། །དེ་དག་ཐམས་ཅད་གཟིགས་པའི་སྤྱོད་ཡུལ་སྤྱོད། །ནག་པོའི་རྩ་ལག་དག་ལས་རྒྱལ་ནས་སུ། །བྱང་ཆུབ་བླ་མེད་ཞི་བ་དེས་ཐོབ་བོ།། སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །བདུད་ཀྱི་སྤྱོད་ཡུལ་མྱུར་པར་རྣམ་སྤངས་ཏེ། །སངས་རྒྱས་ཐམས་ཅད་གཟིགས་ལྟར་སྤྱོད་ཡུལ་དག་།བསྟེན་པས་དེ་ནི་མྱུར་དུ་རྒྱལ་བར་འགྱུར། །དེ་ནས་ཀླུའི་རྒྱལ་པོ་གཽ་ཏ་མས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །ཁ་ལོ་སྒྱུར་མཆོག་ཁྱོད་ལ་ཞུ་བགྱི་བ། །འདྲེན་པ་ཁྱོད་སྲས་ཇི་ལྟར་སྤྱད་བགྱིས་ནས། །ཀླུ་ཡི་སྐྱེ་གནས་དག་ནི་གཅོད་བགྱིད་ཅིང ། །སངས་རྒྱས་ཚུལ་གྱི་མྱུ་གུ་སྐྱེད་པར་བགྱིད། །བདེ་བར་གཤེགས་ལ་ཀླུ་དེས་ཞུས་པ་དང ། །དེ་ཡི་བསམ་པ་ 214a ༄#། །ཐུགས་ཆུད་ལུང་བསྟན་པ། །སེམས་ཅན་མེད་ལ་རྒྱལ་བའི་སྲས་སྤྱོད་ཅིང ། །བྱང་ཆུབ་སེམས་ལ་ནམ་ཡང་དེ་མི་གནས། །དེ་ནི་སྟོང་ཉིད་ཁོང་དུ་ཆུད་པ་ཡིན། །མཁས་པ་མཚན་མ་སྨོན་ལམ་རྣམས་སྤངས་ཤིང ། །མཛངས་པ་མི་དམིགས་པ་ལ་གནས་བདག་།འདི་ནི་སངས་རྒྱས་ཆོས་མངོན་མྱུ་གུ་བསྐྱེད། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །མི་དམིགས་པ་ལ་བརྟེན་པར་རབ་གནས་ཤིང ། །བདུད་ཀྱི་ཞགས་བཅིངས་དམ་པ་བཅད་ནས་སུ། །སངས་རྒྱས་ཚུལ་ལ་ཀླུ་ནི་རབ་ཏུ་གནས། ། འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །མ་འོངས་དུས་སུ་སངས་རྒྱས་འགྱུར་བ་སྟེ། །རྣམ་ཐར་རྒྱལ་ཞེས་ཕྱོགས་སུ་རྣམ་གྲགས་ཤིང ། །བདུད་ཀྱི་དབང་སོང་སྲོག་ཆགས་ཐར་པར་བྱེད། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །ཐལ་མོ་སྦྱར་ནས་སངས་རྒྱས་ཕྱག་འཚལ་བྱེད། །ཁྱོད་ཀྱི་ལམ་བསྟན་པས་ན་སངས་རྒྱས་བསྟེན། །མི་མཆོག་ཐར་མཛད་ཞིང་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་ཀ་མ་པ་ལའི་སྒྲས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །ཟླ་བའི་འོད་ལྟར་དྲི་མེད་མཐུ་ཆེ་ཞིང ། །མི་མཆོག་རང་བྱུང་གྱུར་ལ་ཞུ་བགྱི་བ། །རྣམ་འདྲེན་སྲས་ནི་ཇི་ལྟར་སྤྱད་བགྱིས་ན། །ཕན་པར་འཇུག་ཅིང་རྗེས་སུ་སྐྱེ་བར་འགྱུར། །གལ་ཏེ་སྟོང་ 214b ཉིད་སྨོན་མེད་རྗེས་སོང་ཞིང ། །ཕུང་པོ་མཚན་མོ་མི་ལྡན་བྲལ་པ་དང ། །ནམ་མཁའ་འདྲ་བའི་ཆོས་དང་རྣམ་ཤེས་ན། །ཕ་ཡི་ལམ་དུ་བུ་ཡང་རྗེས་འགྲོ་འགྱུར། །སྟོན་པས་ལེགས་པར་གསུངས་པ་དེ་དགའ་ནས། །དམིགས་སུ་མེད་པ་ཡིན་སེམས་བསྐྱེད་དོ། །འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །རྗེས་སུ་མཐུན་འདི་སྤྱོད་པ་སྤྱད་བྱས་ཤིང ། །ཞིང་མཆོག་དག་ཀྱང་ཡོངས་སུ་སྦྱངས་ནས་སུ། །མ་འོངས་དུས་སུ་སངས་རྒྱས་འགྱུར་བ་སྟེ། །ཟླ་བས་ལྷག་པར་ཕྱོགས་སུ་རྣམ་གྲགས་ཤིང ། །སྲིད་པར་འགྲོ་བའི་སེམས་ཅན་ཐར་པར་བྱེད།། ཀམ་པ་ལ་ཞེས་མིང་བཏགས་ཀླུ་དེ་ནི། །ཤཱཀྱ་སྲས་མཁས་བྱང་ཆུབ་ལུང་བསྟན་ནས། །སེམས་ནི་དགའ་ཞིང་ཡོངས་སུ་ཡིད་མགུ་སྟེ། །འགྲོ་ཀུན་ཐར་པར་མཛད་ལ་མངོན་བསྟོད་པ།། ཐུབ་པ་ཆེ་ལ་འདི་ལྟར་སྐྱབས་སུ་མཆི། །སངས་རྒྱས་འགྱུར་བར་ཐེ་ཚོམ་བདག་མ་མཆིས། །མུན་པ་དག་ལ་སྒྲོན་མ་གཟུང་བགྱི་ཞིང ། །ལོང་བ་མིག་མ་མཆིས་ལ་ལམ་བསྟན་བགྱི། ། དེ་ནས་ཀླུའི་བདག་པོ་ཡུལ་འཁོར་སྲུང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །མགོན་པོ་འཇིག་རྟེན་ལོང་བར་གྱུར་བའི་མིག་།མིག་སྦྱིན་སྨན་པ་དྲང་སྲོང་ཆེ་ལ་ཞུ། །གང་གིས་འཇིག་རྟེན་རྣམ་ཐར་ལམ་བཟང་ཞིང ། །ཞི་བའི་སར་མཆིས་རྐང་གཉིས་དབང་པོ་གསུངས། །སྟོབས་བཅུའི་སྟོབས་མངའ་རྣམ་ཐར་ལམ་ 215a ༄#། །སྟོན་པ། །འཇིག་རྟེན་མགོན་པོ་རྐང་གཉིས་དབང་པོས་དེ་ལུང་བསྟན། །གང་གིས་ཡུན་རིང་བཞུགས་པའི་སྡུག་བསྔལ་ལམ་ཞི་ཞིང ། །འཁོར་བ་ཉེར་ཞི་མྱ་ངན་འདས་པ་གསལ་བར་འགྲོ་།སྟོན་ལ་ཀླུ་ཡི་རྒྱལ་པོ་ལམ་ཞི་ཐོས་ནས་སུ། །སྡུག་བསྔལ་བ་ལ་སྙིང་རྗེ་དམ་པ་བསྐྱེད་བྱས་ཤིང ། །ཀླུ་ཡི་རྒྱལ་པོས་བྱང་ཆུབ་འདུན་པ་དྲག་བསྐྱེད་དོ། །སྟོབས་བཅུའི་སྟོབས་འཆང་འཇིག་རྟེན་མགོན་དུ་བདག་འགྱུར་བྱེད། །སྟོབས་བཅུའི་ཡོན་ཏན་མངའ་བས་ཀླུ་དབང་ལུང་བསྟན་པ། །མི་ཡི་སེངྒེ་བདག་ཉིད་མུ་སྟེགས་དགྲར་འགྱུར་ཞིང ། །སེམས་ཅན་མཐའ་ཡས་དཔག་མེད་འཁོར་བར་འགྲོ་བ་དག་།བདེ་གཤེགས་མཆོག་གི་ཚིག་གིས་འདྲེན་ཅིང་ཐར་པར་བྱེད། །སྟོན་པའི་གསུང་མཆོག་ཀླུ་ཡི་རྒྱལ་པོས་ཐོས་ནས་སུ། །དགའ་བའི་སེམས་ཀྱིས་སོར་བཅུའི་རྩེ་མོ་ཐལ་སྦྱར་ཏེ། །མི་དབང་འཇིག་རྟེན་མགོན་པོ་དྲང་སྲོང་ཆེན་པོ་ལ། །གུས་པ་བསྐྱེད་ནས་འཁྲུལ་མེད་ཚིག་གིས་མངོན་བསྟོད་པ། །སྐྱབས་མཆོག་ཤིན་ཏུ་ཐུགས་གཞུངས་མཚུངས་མེད་ཡེ་ཤེས་ཏོག་།འགྲོ་བའི་དགེ་བ་སྤྱོད་ཅིང་དགེ་ལ་ཡུན་རིང་དང ། །འགྲོ་བའི་བསམ་པ་མཐའ་ཡས་ཁྱོད་ཀྱིས་ཐུགས་ཆུད་པས། །དེས་ན་མི་དབང་ཁྱོད་ནི་འཇིག་རྟེན་རྒྱ་ཆེར་གྲགས། །དེ་ནས་ཀླུའི་རྒྱལ་པོ་གསེར་མགྲིན་གྱིས་བཅོམ་ལྡན་འདས་ལ་ 215b ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །སྟོབས་བཅུའི་སྟོབས་མངའ་སྟོབས་ཆེ་སྟོབས་དང་ལྡན་པ་སྟེ། །ཐུགས་དགེ་སྣང་མཛད་འོད་དང་ལྡན་ཞིང་སྡིག་མི་མངའ། །སྲིད་རྒྱལ་བློ་གྲོས་བཟང་བས་འགྲོ་བ་ཤིན་ཏུ་མཁྱེན། །རྒྱལ་བ་དགེ་སྦྱོང་ཤིན་ཏུ་དྲི་མེད་ཞལ་གསུངས་ཤིག་།མི་མཆོག་རྡུལ་བྲལ་ཁྱོད་སྲས་ཇི་ལྟར་སྤྱད་བགྱིས་ན། །མཁས་པ་མ་དཀྲུགས་མ་བསྐྱོད་པ་དག་ཐུགས་ཆུད་ཅིང ། །རྒྱལ་བ་རྡུལ་བྲལ་དཔག་མེད་བརྒྱ་ནི་ཡོངས་སུ་མཁྱེན། །རྒྱལ་སྲས་སྐྱེ་བོ་ཕན་མཛད་ཐུགས་སུ་ཆུད་པའི་སྤྱན། །བློ་གྲོས་དཔག་མེད་མངའ་བ་ལྷ་མི་མཁས་པ་ཡིས། །བླ་མར་བགྱིས་ཤིང་རྒྱལ་བ་དཔག་མེད་ས་ཡས་བསྐོར། །མཁས་པ་དུས་སུ་འགྲོ་བ་དཔག་མེད་ཕན་མཛད་དགོངས། །སྟོབས་བཅུ་མངའ་བ་ཀླུ་ཡི་འགྲོ་བ་ཞུས་པ་གསུངས། །བློ་འཆལ་བྲལ་ཞིང་བློ་གཙང་རྗེས་དགོངས་བརྟག་པ་མཛོད། །ང་ཡི་སྲས་མཆོག་རྒྱལ་བསྟེན་རྒ་ཤི་ཟད་བྱེད་པ། །འཐོབ་ཅིང་རྒྱལ་བས་མཆོད་ཅིང་རྡུལ་མེད་སྐྱོན་བྲལ་རེ། །འགྲོ་བའི་སྡུག་བསྔལ་དཔག་མེད་བརྒྱ་ཤེས་ཡོངས་སུ་འགྲོལ། །སྟོབས་བཅུ་བློ་གྲོས་མངའ་བས་ཀླུ་ཡི་བདག་པོ་ཡིས། །རྒ་ཤི་ཟད་བྱ་ཐོས་ནས་རབ་ཏུ་ཡིད་དགའ་སྟེ། །འགྲོ་ལ་ཕན་ཡིད་བྱང་ཆུབ་ཡིད་བྱས་རྒྱལ་བའི་མཆོག་།རྣམ་འདྲེན་བློ་མངའ་འགྲོ་ལ་ཕན་མཛད་མངོན་བསྟོད་པ། །འགྲོ་བ་མང་པོའི་མུན་པ་རབ་རིབ་ལིང་ 216a ༄#། །ཏོག་དག་།གཅོད་མཛད་འགྲོ་འདིའི་སྡུག་བསྔལ་འཇོམས་ཤིང་མུན་པ་དང ། །རབ་རིབ་ལིང་ཏོག་ཀུན་ནས་སེལ་མཛད་བདུད་རྩིའི་ལམ། །ཤིན་ཏུ་དྲི་མེད་སྤྱན་མངའ་དགེ་བ་ཕྱོགས་བཅུར་སྟོན། །ཀླུ་ཡི་བདག་པོའི་གསེར་དངུལ་ལྟ་བུའི་ཁྱིམ་གཤེགས་ཤིང ། །ཡོན་ཏན་དཔག་མེད་མངའ་བ་ཤིན་ཏུ་ཐུགས་སུ་ཆུད། །བློ་གྲོས་སྟོན་མཛད་འོད་ཟེར་སྟོང་འདྲའི་སྤྱན་མངའ་ཞལ། །མ་འཁྲུལ་མ་བློང་མ་སྨད་གཟི་ཆེ་མཁས་པའི་གཟི། །སྟོབས་བཅུ་འོད་ཆེན་མངའ་ལ་འགྲོ་བའི་ཚིག་གིས་བསྟོད། །རྒྱལ་མཆོག་བདག་ཉིད་བདེ་ལྡན་སངས་རྒྱས་བྱང་ཆུབ་ནས། །འགྲོ་བ་འཁྱམས་ཤིང་མངོན་མེད་རྒ་ཤི་སྡུག་བསྔལ་གྱིས། །ཉམ་ཐག་སྡུག་བསྔལ་དཔག་མེད་བསལ་ཏེ་ཐར་པར་བགྱི། །བདེ་དང་ཞི་དང་ཞི་བ་རྡུལ་མེད་རྒྱ་ཆེ་སེལ། །ཞི་བའི་ལམ་དུ་ཞུགས་ནས་བདག་ནི་སངས་རྒྱས་བགྱི། །རྒྱལ་བ་བརྒྱ་ཡིས་ཐུགས་ཆུད་བདུད་ཀྱི་སྟོབས་དག་ནི། །སྟོབས་མེད་བགྱི་ཞིང་མི་མཁས་པ་དག་གཞུག་པར་བགྱི། །དེ་ནས་ཀླུའི་རྒྱལ་པོ་མགྲིན་སྔོན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །སྟོན་མཆོག་འདུལ་བ་ཁ་ལོ་སྒྱུར་ལ་ཞུ་བགྱི་བ། །འདྲེན་པ་ཁྱོད་ཀྱི་སྲས་ནི་ཇི་ལྟར་སྤྱད་བགྱིས་ན། །ཁ་ན་མ་ཐོ་མེད་ཅིང་ཞི་ལ་རྡུལ་བྲལ་དང ། །ཉོན་མོངས་མེད་ཅིང་བྱང་ཆུབ་དམ་པ་ 216b སངས་རྒྱས་འགྱུར། །འགྲོ་བའི་དོན་དུ་འདྲེན་པས་གསུངས་པ་གང ། །དཔའ་བོ་ཁྱོད་ཉིད་ལས་འཁྲུངས་སྲས་ཐོས་ནས། །ཁ་ན་མ་ཐོ་མེད་ཅིང་བདག་དང་གཞན། །སངས་རྒྱས་འགྱུར་དང་བྱང་ཆུབ་ཐེ་ཚོམ་ཁུམ། །མགྲིན་སྔོན་ཀླུ་དེ་ཡིས་ནི་ཞུས་པ་དང ། །འཇིག་རྟེན་ཀུན་ལ་ཆགས་པ་མེད་པའི་ཐུགས། །ཆོས་རྣམས་ཀུན་ལ་མི་འཇིགས་དབང་བརྙེས་ཤིང ། ། སྟོན་པའི་གསུང་ལ་ལེགས་གནས་ལུང་བསྟན་པ། །ང་སྲས་འཇིག་རྟེན་གསུམ་ལ་མ་ཆགས་ཤིང ། །འགྲོ་ལ་ཕན་པར་སྤྱད་པ་སྤྱོད་བྱེད་པ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དག་དང ། །གཟུགས་མེད་ཁམས་སུའང་ཆེད་དུ་མི་སྐྱེའོ། །མྱ་ངན་འདས་དབྱིངས་གཞལ་མེད་འདུས་མ་བྱས། །ཐམས་ཅད་ཀྱི་ནི་སྡུག་བསྔལ་ཟད་ཅིང་འགོག་།དེ་ནི་ཉེར་བཟུང་འཇིག་རྟེན་གོས་མེད་ཡིན། །རྒྱལ་བ་རྒྱལ་བའི་དབང་པོ་རབ་ཏུ་སྒོམ། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །གོས་པ་མེད་ཅིང་འཇིགས་མེད་རྣམ་སྤྱོད་ལ། ། བདག་དང་གཞན་ལ་གནོད་པ་མེད་གནས་ཏེ། །བདག་ཉིད་བླ་མེད་བྱང་ཆུབ་མངོན་འཚང་རྒྱ། །དེ་ནི་རྣམ་སྨིན་དེ་ལས་རྗེས་མཐུན་པ། །ཤིན་ཏུ་དགའ་བས་བྱང་ཆུབ་འཚང་རྒྱར་འགྱུར། །དེ་ཡི་སྐྱེ་བོ་སྲོག་ཆགས་ལྷ་དང་ཀླུ། །མི་དང་སྲིན་པོ་དག་གིས་མི་མཐོང་ངོ ། །ཀླུ་མགྲིན་སྔོན་པོ་སྟོབས་པོ་ཆེ་དེ་ནི། །སངས་རྒྱས་ཀུན་མཁྱེན་གསུང་གིས་ 217a ༄#། །དགའ་གྱུར་ནས། །སོར་མོ་བཅུ་ཡི་ཐལ་སྦྱར་མགོ་བཏུད་དེ། །འཇིག་རྟེན་སྒྲོན་མཛད་འདྲེན་ལ་ཕྱག་འཚལ་བྱེད། །མི་མཆོག་ལ་ནི་འདི་ལྟར་བདག་སྐྱབས་མཆི། །ཡབ་ཀྱི་རྗེས་སུ་སྲས་ཀྱང་མཆི་བགྱི་ཞིང ། །མཐར་བགྱིད་བཅོམ་ལ་བྱང་ཆུབ་འཚང་རྒྱར་བགྱི། །སེམས་ཅན་སྡུག་བསྔལ་ཆོས་ཀྱིས་གནོད་གྱུར་དགྲོལ། ། འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །ཁྱོད་ནི་མ་འོངས་དུས་སུ་འཚང་རྒྱ་སྟེ། །ཀུན་ཏུ་སྤྱན་ཞེས་ཕྱོགས་སུ་རྣམ་གྲགས་ཤིང ། །འགྲོ་བའི་སྲིད་ལས་སེམས་ཅན་གྲོལ་བར་བྱེད། །དེ་ནས་ཀླུའི་རྒྱལ་པོ་འཇིགས་སྒྲོག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་འདུལ་ཁ་ལོ་སྒྱུར་བ་ཡིད་ལས་འདས།། སྟོན་པ་སུག་ལས་ཅི་བགྱིས་བདག་ཞུ་འོ། །རྒྱལ་བ་དེ་ནི་སྣམ་ཕྱོགས་གཟིགས་པ་ན། །དཀྱིལ་འཁོར་ཙམ་གྱིས་ནི་མདུན་དུ་འགྱུར། །ཆོས་ལ་ངེས་པའི་རྒྱལ་བས་དེ་ལུང་བསྟན། །ཀུན་མཁྱེན་མཁྱེན་པས་བསམ་པ་ཐུགས་ཆུད་ནས། །བླ་ན་མེད་པའི་ཐུགས་ནི་བསྐྱེད་མཛད་དེ། །དེ་བཞིན་མི་མཆོག་གིས་ནི་འདི་ལུང་བསྟན། །བདེ་བ་འབྱུང་བ་དག་གི་ལས་བྱས་ཤིང ། །དེ་དག་སྔོན་ཆད་ཡང་དང་ཡང་དྲན་པས། །དེ་ཡི་རྣམ་སྨིན་ལས་ནི་འདི་ལྟར་ཤེས། །དེ་ཡི་གཟིགས་པར་ས་ནི་འགྱུར་བ་ཡིན། །རྒྱལ་ 217b བས་ལེགས་གསུངས་ཚིག་ནི་ཐོས་ནས་སུ། །ཀླུ་རྒྱལ་དེ་ནི་མཆོག་ཏུ་དགའ་གྱུར་ནས། །འཕགས་པའི་ཟང་ཟིང་མེད་པའི་དགའ་བསྐྱེད་དེ། །ང་རྒྱལ་བཅོམ་ནས་སངས་རྒྱས་ཕྱག་འཚལ་བྱེད། །དེ་ནས་ཀླུའི་རྒྱལ་པོ་གཟི་ཅན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ལམ་སྟོར་བ་ལ་ལམ་ནི་རབ་སྟོན་ཅིང ། །འཇིག་རྟེན་དོན་མཛད་འདྲེན་ལ་ཞུ་བགྱི་བ། །སྔོན་ཚེ་རྟག་ཏུ་འཕྲིན་ལས་ཅི་མཛད་ན། །ཇི་ལྟར་དགོངས་པ་བཞིན་དུ་ཞི་གནས་མཛད། །འཇིག་རྟེན་མགོན་པོ་རྒྱལ་བས་དེ་ལུང་བསྟན། །སེམས་ཅན་ཀླུ་ནི་གདུལ་བའི་དུས་བབ་ཅིང ། །འགྲོ་བ་ཐམས་ཅད་ལ་ནི་ཕན་པའི་ཕྱིར། །འདྲེན་པ་བདུད་སྟོབས་འཇོམས་པས་ལུང་བསྟན་པ། །འདས་པའི་དུས་སུ་སྤྱད་པ་སྤྱོད་པའི་ཚེ། །ཚུལ་བཞིན་མ་ཡིན་སེམས་དང་གཉེན་མིན་པའི། །ནམས་ཀྱང་མི་སེམས་རྟག་ཏུ་ཞི་གནས་བསྟེན། །དེ་ལ་ངས་ནི་ཡུན་རིང་བསླབ་པ་ཡིན། །དེ་བཞིན་རྒྱལ་བ་དག་གི་མཆོད་རྟེན་ལ། །ཕྲེང་བ་རིན་ཆེན་དག་ནི་བཀྲམ་ཞིང་ཕུལ། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །ཉོན་མོངས་སེམས་དང་ནམས་ཀྱང་མི་གནས་སོ། །ང་ཡིས་བསྐལ་པ་སྟོང་ཕྲག་བྱེ་བ་རུ། །གཞན་ལ་གནོད་པས་ནམས་ཀྱང་གནོད་མ་བྱས། །ང་ནི་དེ་ཡིས་ལས་ཀྱི་རྣམ་སྨིན་རྒྱུས། །ཇི་ལྟར་བསམ་ 218a ༄#། །བཞིན་ཞི་གནས་བསྟེན་པར་བྱེད། །དྲང་སྲོང་ཆེ་བས་ལུང་བསྟན་འདི་ཐོས་ནས། །གཟི་ཅན་ཀླུ་ནི་དགའ་བར་གྱུར་པ་ན། །གཞལ་དུ་མེད་པའི་བདེ་བས་སེམས་དགའ་ནས། །སྟོན་པའི་མདུན་འདུག་ཚིགས་སུ་བཅད་པས་བསྟོད། །འགྲོ་བའི་ཀུན་ལྡང་ཉོན་མོངས་ཞི་མཛད་ཅིང ། །དེ་དག་སེམས་ཞི་ཁྱོད་ཀྱི་བསྟན་པ་མཛད།། ཐུབ་པ་ཉོན་མོངས་མེད་པར་འཇིག་རྟེན་སྤྱོད། །ཟླ་འོད་ལྟ་བུར་བློ་ཞི་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་རྣམ་པར་སྣང་བྱེད་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །སྔོན་ཚེ་དག་ཏུ་འཕྲིན་ལས་ཅི་མཛད་ན། །ཐུབ་པ་ཁྱོད་ཀྱིས་སྐུ་ལ་རྡུལ་མི་གོས། །དཔེ་མེད་རྣམ་གནོན་འདི་དག་བདག་ལ་གསུངས། །གང་དག་ཐོས་ནས་དགེ་བའི་ལས་སྤྱད་བགྱི། །རྣམ་པར་སྣང་བྱེད་དགེ་བ་ཚོལ་བའི་ཀླུས། །འཇིག་རྟེན་མགོན་དེ་ལ་ནི་ཞུས་པ་དང ། །ཉོན་མོངས་ཀུན་སེལ་ཡན་ལག་བརྒྱད་ལྡན་ཞིང ། །སྙན་ཅིང་འཇེབས་པའི་སྒྲས་ནི་ལུང་བསྟན་པ། །ང་ཡིས་སྔོན་ཆད་བྱང་ཆུབ་ཚོལ་བ་ན། །ནམ་ཡང་ཚུལ་བཞིན་མ་ཡིན་ངས་མ་བསམས། །ནམ་ཡང་རབ་ཏུ་ཉེས་སེམས་ངས་མ་བསྐྱེད། །བླ་མེད་བྱམས་ལས་ཡང་དང་ཡང་དུ་བྱས། །ང་ཡིས་དགེ་བའི་ལས་དེ་བྱས་པས་ན། །བླ་མེད་བྱང་ཆུབ་ཞི་བ་རེག་ནས་སུ། །མི་མཆོག་རྒྱལ་བ་ཐུབ་པའི་སྐུ་དག་དང་།། 218b ན་བཟའ་ལ་ཡང་རྡུལ་གྱིས་མི་གོས་སོ། །རྒྱལ་བའི་འཕྲིན་ལས་དགེ་བསགས་དེ་ཐོས་ནས། །རྣམ་པར་སྣང་བྱེད་ཀླུ་ནི་ཡིད་དགའ་སྟེ། །སོར་བཅུའི་ཐལ་མོ་སྦྱར་ནས་མགོ་བོ་ཡིས། ། རྒྱལ་བའི་ཞབས་ལ་མངོན་པར་ཕྱག་འཚལ་བྱེད། །ལེགས་སོ་རྒྱལ་བ་མུ་བྱེད་སྔོན་དུ་གཤེགས། །ཁྱོད་ཀྱིས་རྒྱ་ཆེ་མཐའ་ཡས་དོན་དག་མཛད། །སྲིད་པའི་ཚོགས་ལ་དགའ་ཞིང་སྡུག་བསྔལ་གྱིས། །གདུངས་པའི་འགྲོ་བ་མཐའ་དག་ཁྱོད་ཀྱིས་བསྒྲོལ། །སྐྱེ་བོ་དུག་གདུག་རེག་པའི་སྨན་པ་སྟེ། །སྐྱེ་བོ་དུག་བཅོམ་ཁྱོད་ནི་གསོ་སྨན་ལགས། །མེ་འབར་ཞི་ལྟར་རིམ་གྱིས་མྱ་ངན་འདའ། །འདི་ལྟར་ཐལ་སྦྱར་མགོས་བཏུད་སྐྱབས་སུ་མཆི། །དེ་ནས་ཀླུའི་རྒྱལ་པོ་བསྒྱིངས་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། རྣམ་འདྲེན་དགེ་བའི་འཕྲིན་ལས་ཅི་མཛད་ན། །ཞབས་ནི་ཤིན་ཏུ་མཉམ་ཞིང་བརྟན་པ་བརྙེས། །གང་དག་ཐོས་ནས་ཤིན་ཏུ་ཡིད་དགའ་འཐོབ། །མི་ཡི་མཆོག་གྱུར་དེ་དག་བདག་ལ་གསུངས། །ཀླུ་ཡི་རྒྱལ་པོ་བསྒྱིངས་པས་རྣམ་པར་འདྲེན། །འཇིག་རྟེན་མཁས་པ་དེ་ཡིས་ཞུས་པ་དང ། །ཡིད་དུ་འོང་བའི་ཚིགས་བཅད་སྣ་ཚོགས་ཀྱིས། །ཀླུ་ཡི་རྒྱལ་པོ་ཡིད་ནི་དགའ་བར་གྱུར། །ང་ཡིས་ཚུལ་ཁྲིམས་བརྟུལ་ཞུགས་རྣམ་དག་བསྒྲུབས། །ང་ཡིས་གཞན་ཡང་ཚུལ་ཁྲིམས་བརྟུལ་ཞུགས་བསྒོམས། །ངས་ནི་དགེ་བའི་ 219a ༄#། །ལས་དེ་བྱས་པས་ན། །རྐང་པ་མཉམ་པ་དག་གིས་ས་ལ་རེག་།དེ་ཚེ་ཐམས་ཅད་མཁྱེན་པས་ལུང་བསྟན་པ། །རྡུལ་བྲལ་ཀླུ་ནི་ཡིད་དགའ་མགུ་གྱུར་ནས། །གཞལ་དུ་མེད་པའི་བདེ་བས་སེམས་དགའ་སྟེ། །སངས་རྒྱས་རྐང་གཉིས་མཆོག་ལ་ཕྱག་འཚལ་བྱེད། །ལེགས་སོ་རྒྱལ་པ་འོད་མཛད་རྡུལ་བཅོམ་ཞིང ། །ཤིན་ཏུ་ཉོན་མོངས་བག་ཆགས་བཅས་པ་བཅོམ། །ཟླ་ཉའི་དཀྱིལ་འཁོར་སྒྲ་གཅན་གྱིས་བཏང་ལྟར། །དགྲ་བཅོམ་ནས་ནི་ཕྱོགས་རྣམས་རབ་ཏུ་གསལ། །དེ་ནས་ཀླུའི་རྒྱལ་པོ་འོད་ཆེན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ལྷ་དང་བཅས་པའི་འཇིག་རྟེན་སྨན་སླད་དུ། །འཇིག་རྟེན་འདས་གསུང་འདྲེན་ལ་ཞུ་བགྱི་བ། །རྐང་གཉིས་དམ་པ་སུག་ལས་ཅི་བགྱིས་ན། །རྣམ་འདྲེན་གནས་མ་ལགས་པ་འཚལ་བ་འཐོབ། །སྔོན་ཚེ་དག་ཏུ་སྤྱད་པ་སྤྱོད་པ་ནི། །ལུས་དང་ངག་ཡིད་དང་ནི་སེམས་ཀྱིས་ཀྱང ། །བདེ་བ་འབྱུང་བའི་ཡང་དག་ལས་བྱས་ཏེ། །ལས་གང་བྱས་པས་ནམ་ཡང་གདུང་མི་འགྱུར། །རབ་ཏུ་དགའ་ཞིང་དགེ་བས་བརླན་པ་དང ། ། གནས་མ་ཡིན་པའི་ལམ་གོལ་ཐམས་ཅད་ནི། །དགེ་བཅུ་ལས་ཀྱི་ལམ་གྱིས་རྣམ་པར་སྦྱངས། །གནས་མ་ཡིན་པའི་ཉོན་མོངས་ཐམས་ཅད་བཅོམ། །རྣམ་འདྲེན་དེ་ 219b ཡིས་ལས་དེ་མཛད་པས་ན། །འདི་ནས་འཕོས་ནས་གཞན་འཕྲུལ་དག་ཏུ་གཤེགས། །མི་ཡིས་འཇིག་རྟེན་བརྙེས་ནས་དེར་འདས་ཏེ། །བླ་མེད་གནས་མ་ཡིན་པ་ཤེས་པ་འཐོབ། །གནས་མ་ཡིན་པ་ཤེས་ལ་ནམ་ཡང་ནི། །བྱེ་བ་ཁྲག་ཁྲིག་བདུད་ཀྱིས་བསྐྱོད་མི་ནུས། །སེམས་དང་དེ་བཞིན་ཉོན་མོངས་ཡིད་གྲོལ་ཏེ། །དེ་བཞིན་གཤེགས་པས་འགྲོ་ཀུན་རབ་ཏུ་མཁྱེན། །སྟོན་པས་ལུང་བསྟན་པས་ནི་འོད་ཆེན་ཀླུ། །ཡིད་ནི་མགུ་ཞིང་ཤིན་ཏུ་དགའ་གྱུར་ཏེ། །གཞལ་དུ་མེད་པའི་བདེ་བས་སེམས་དགའ་ནས། །ཡོན་ཏན་ཕ་རོལ་གཤེགས་ལ་ཕྱག་འཚལ་བྱེད། །ཤིན་ཏུ་ཐུགས་དུལ་ཡིད་གཉིས་འཇོམས་པ་པོ། །འདམ་ལས་རྒལ་ཅིང་སྐམ་ལ་ཤིན་ཏུ་བཞུགས། །ཐུབ་ཆེན་རྒལ་ཅིང་འགྲོ་བ་སྒྲོལ་མཛད་པ། །ཇི་ལྟར་ཉི་མས་མུན་པ་བསལ་ནས་སུ། །གཟུགས་ཀྱི་རྣམ་པ་སྣང་ཞིང་གསལ་བ་ལྟར། །དེ་བཞིན་སྟོན་པའི་ཐུགས་ནི་རྣམ་གྲོལ་ཞིང ། །སེམས་ཅན་སྡུག་བསྔལ་མང་གནོད་མཐར་མཛད་པ། །མིག་སྦྱིན་གསོ་བའི་དཔྱད་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་རབ་ཏུ་གདུང་བྱེད་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། རྒྱལ་བ་གསེར་མདོག་འཕྲིན་ལས་ཅི་མཛད་ན། །དུས་གསུམ་མཁྱེན་ལ་རབ་ཏུ་བརྟན་པར་བཞུགས། །ནམ་མཁའ་ལྟ་བུར་མཁྱེན་ལྡན་ཞུ་བ་གྱིས་ 220a ༄#། །པ། །འགྲོ་བའི་འདྲེན་པ་དེ་དག་བདག་ལ་གསུངས། །ཐོགས་མེད་མཁྱེན་པས་ཐུགས་ནི་མ་ཆགས་ཤིང ། །སོམ་ཉི་གཅོད་ལ་ཐེ་ཚོམ་སེལ་མཛད་པ། །རྒྱལ་བ་རང་བྱུང་ཐུགས་ཀྱིས་དེའི་བསམ་པ། །ཤིན་ཏུ་ཐུགས་ཆུད་དེ་ནི་ལུང་བསྟན་པ། །རྟག་ཏུ་དགེ་བ་དྲན་ལྡན་སྟེན་བྱེད་ཅིང ། །ངེས་པའི་ལས་བྱས་པས་ནི་བདེ་འབྱུང་དང ། །རྟག་ཏུ་གཞན་ཡང་ཤེས་ལ་འཇོག་བྱེད་ཅིང ། །བདག་ཉིད་ཇི་ཙམ་ཤེས་པ་སེར་སྣ་མེད། །མཁས་པ་དེ་ཡིས་ལས་དེ་བྱས་པས་ན། །ལུས་ནི་ཞིག་ནས་ནི་གཞན་འཕྲུལ་དག་ཏུ་འགྲོ། །འདོད་པ་དག་ན་སྤྱོད་པའི་ལྷ་གནས་དང ། །ཐུར་དུ་འབབ་ཅིང་མི་ཡི་ནང་དུ་འབྱུང ། །དུས་གསུམ་ཤེས་ལ་རྣམ་པར་བརྩེ་བྱེད་ཅིང ། །བདག་དང་དེ་བཞིན་གཞན་ཡང་ཤེས་པར་བྱེད། །པགས་པ་སྲབ་ཅིང་བློ་དང་ལྡན་གྱུར་པ། །བདེ་གཤེགས་ཐོགས་པ་མེད་པས་ལུང་བསྟན་ཏོ། །ཤིན་ཏུ་བློ་ལྡན་མཆོག་གིས་བསྟན་ཐོས་ནས། །ཀླུ་ཆེན་རབ་ཏུ་གདུང་བྱེད་དགའ་གྱུར་ཏེ། །བྱང་ཆུབ་གཞལ་དུ་མེད་ལ་རང་གནས་ཤིང ། །ཡང་དག་བསྔགས་པས་མི་མཆོག་རྒྱལ་བ་བསྟོད། །དུས་གསུམ་མཚན་ཉིད་གཅིག་ཏུ་གཟིགས་མཛད་ཅིང ། །ལས་དང་རྣམ་སྨིན་དེ་བཞིན་རབ་ཏུ་མཁྱེན། །སེམས་ཅན་དག་གི་ཁྱད་པར་བདེ་བ་མཁྱེན། །བདེ་གཤེགས་ཐམས་ཅད་ 220b གཏོང་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་པོ་སྟོབས་ཆེན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་མཆོག་མཆོག་རབ་མཁྱེན་རབ་མཐའ་ཡས་པ། །མགོན་པོ་རྡུལ་བྲལ་ཐུགས་ནི་ཡོངས་སུ་དག་།བདག་གི་སོམ་ཉི་མྱུར་སོལ་ཐེ་ཚོམ་ཡང ། །སྐྱེན་པར་དགུ་མ་ཕྱིར་བདེ་བར་གཤེགས་པས་གསུངས། ། ཇི་ལྟར་སྔོན་ཚེ་མི་དང་ལྷ་དག་གིས། །སུག་ལས་བགྱིས་པ་བློ་མཁས་ཇི་ལྟར་འཚལ། །ཇི་ལྟར་བླ་མེད་བྱང་ཆུབ་མཆོག་ཐོབ་པ། །བདག་གིས་ཐེ་ཚོམ་ཞུས་པ་མྱུར་བར་གསུངས།། སྟོབས་བཅུའི་སྟོབས་མཁྱེན་བདག་ཉིད་ཤིན་ཏུ་ངེས། །རྒྱལ་ལ་ཀླུ་ཡིས་ཞུས་མྱུར་གསུང་སྟེ། །ང་ཡིས་ཇི་ལྟར་མི་ཡི་སྤྱོད་ཀུན་དང ། །དགེ་བའི་བསམ་པས་བྱང་ཆུབ་ཚོལ་བྱེད་ཅིང ། །ཇི་ལྟར་ཡིད་རབ་དགའ་བས་བསྒྲུབས་པ་དང ། །ཇི་ལྟར་སྐྱེ་རྒུ་སྡུག་བསྔལ་གྱིས་གནོད་ཅིང ། །ཐ་མ་མཐོང་ལ་ངན་འགྲོར་ལྟུང་བ་དང ། །ཉོན་མོངས་བརྒྱ་ཡིས་མུན་པར་གྱུར་པ་ཤེས། །དེར་ནི་སེམས་ཅན་སྙིང་པོས་སྙིང་རྗེ་བསྐྱེད། །ང་ཡིས་སེམས་ཅན་འདི་དག་སྡུག་བསྔལ་དགྲོལ། །ཐར་པར་འགྱུར་བའི་ལམ་མཆོག་དག་ཏུ་བཞག་།ང་ཡིས་ངན་འགྲོ་དག་གི་ལམ་ངན་དགག་།ང་ཡིས་ལམ་མཆོག་ཞི་བ་རབ་ཏུ་བསྟན། །བདེ་བའི་ལམ་གྱིས་བྱང་ཆུབ་ཞི་བར་བཀུར། །སྟོབས་བཅུའི་ལམ་མཆོག་རབ་ཏུ་བསྟན་བྱ་ཞིང ། །ཡུན་ 221a ༄#། །རིང་མི་དག་གིས་ནི་དོན་འགྱུར་བྱ། །དེ་ལྟར་བརྟན་པ་ངས་ནི་སྙིང་རྗེ་བསྐྱེད། །དྲང་སྲོང་ཆེན་པོའི་དགེ་ཚུལ་བསྒྲུབས་ནས་སུ། །མགོ་དང་མིག་དང་དེ་བཞིན་ཤ་དག་ནི། །བཏང་ནས་བདེ་གཤེགས་ལམ་ནས་དཔའ་བོ་འགྲོ། །སྔོན་གྱི་དུས་སུ་མི་ཡིས་སྤྱད་པ་ནི། །དེ་ཚེ་རྨི་ལམ་ལྟ་བུར་རབ་ཏུ་མཁྱེན། །དགེ་བ་འདི་དག་མི་ཡིས་ཤེས་པ་ན། །སྟོབས་བཅུ་མངའ་ལ་མཆོད་པ་རྩོལ་བར་བྱེད། །མགོན་ལ་གཞལ་མེད་དེ་བཞིན་དད་བསྐྱེད་ནས། །ཇི་ལྟར་འགྲོ་ཀུན་མགོན་དུ་བདག་འགྱུར་སྙམ།། ཇི་ལྟར་སྐྱེ་བོ་ཕོངས་ཚེ་བདག་གིས་ནི། །སྟོབས་བཅུས་བསྟན་པའི་ལམ་ལ་གཞག་པར་བྱ། །དགེ་བའི་རྩ་བ་འདི་དག་བསྟེན་པ་ན། །འདྲེན་པ་དག་གིས་སྤྱད་ལ་རྗེས་སུ་བསླབ།། བསྐལ་པ་བྱེ་བ་ཁྲག་ཁྲིག་མཐའ་ཡས་སུ། །ལམ་གོལ་སོང་བ་རྣམས་ལ་ལམ་མཆོག་བསྟན། །འདི་ལྟར་བདག་ཉིད་ཆེན་པོའི་སྤྱད་སྤྱོད་ན། །མི་ཡིས་སྔོན་གྱི་འཕྲིན་ལས་བྱས་པ་མཐོང ། །རྨི་ལམ་ལྟ་བུར་བྱས་པར་རྣམ་རིག་ཅིང ། །དེ་ནི་དྲན་ལ་ཕ་རོལ་དག་ལའང་སྟོན། །སྟོབས་བཅུ་མངའ་བའི་བཀའ་ནི་ཐོས་ནས་སུ། །སྟོབས་ཆེན་ཀླུ་ནི་ཡིད་དགའ་མགུ་གྱུར་ནས། །སོར་བཅུའི་ཐལ་མོ་སྤྱི་བོར་སྦྱར་བཏུད་དེ། །བྱང་ཆུབ་ཞི་ཐོབ་བྱ་ཕྱིར་རྒྱལ་བ་བསྟོད། །རྣམ་པར་འདྲེན་ལ་བདག་གིས་དད་བསྐྱེད་པས། །སྟོབས་བཅུའི་ 221b མཛད་པ་དག་ནི་བདག་གིས་བགྱི། །སྐྱེ་བོ་ལམ་གོལ་འགྲོ་ཞིང་མུན་གྱུར་རྣམས། །བྱང་ཆུབ་ཞི་བ་ཐོབ་པར་བདག་གིས་བགྱི། །དེ་ནས་ཀླུའི་རྒྱལ་པོ་སྤྲིན་ཆེན་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྟོབས་བཅུ་མངའ་བ་སྐྱེ་བོ་ཡོངས་གྲོལ་མཛད། །འདྲེན་པ་རང་བྱུང་ལ་ནི་བདག་འདི་ཞུ། །ཇི་ལྟར་སྟོན་པའི་སྲས་ཀྱིས་བརྩོན་བསྐྱེད་ན། །ཞི་བ་རྡུལ་མེད་བྱང་ཆུབ་མཆོག་འཐོབ་འགྱུར། །ཇི་ལྟར་འབད་པའི་བརྩོན་འགྲུས་སྟོབས་ཀྱིས་སུ། །བླ་མེད་བྱང་ཆུབ་བྱང་ཆུབ་སེམས་འཐོབ་པ། །ཡོན་ཏན་དཔག་མེད་ཡེ་ཤེས་མཆོག་མངའ་བའི། །དྲང་སྲོང་ཆེན་པོས་སྲས་ཞུས་ལུང་བསྟན་པ། །བྱང་ཆུབ་དོན་དུ་ང་ཡིས་སྔོན་སྤྱད་པ། །ཇི་ལྟར་འགྲོ་བ་རྣམས་སུ་སྟོབས་བརྩོན་བསྟེན། །བརྩོན་འགྲུས་སྟོབས་ཀྱིས་བྱང་ཆུབ་ངས་བརྙེས་པ། །དེ་ནི་ང་ཡིས་ཅུང་ཟད་བཤད་པར་བྱ། །འདས་པའི་དུས་སུ་མི་བདག་བྱུང་བ་ནི། །མི་ཡི་དབང་ཕྱུག་མི་དབང་སྟོབས་འཆང་ཞེས། །རིན་ཆེན་བདུན་ཡོད་བུ་དང་ལྡན་པ་སྟེ། །བདག་ལས་སྐྱེས་བ་ཁྲི་ཕྲག་བརྒྱ་དག་བྱུང ། །དེ་ཚེ་འཇིག་རྟེན་ཁམས་འདིའང་རྒྱས་པ་སྟེ། །རི་བོང་བདག་ཅེས་སངས་རྒྱས་ཞིང་དག་བྱུང ། །དེར་ནི་མི་མཆོག་རང་བྱུང་བྱུང་གྱུར་པ། །རིན་ཆེན་དཔལ་ཞེས་འཇིག་རྟེན་སྒྲ་རྣམས་གྲགས། །མི་མཆོག་དེ་ཡིས་ཉན་ཐོས་དགེ་འདུན་ནི། །ས་ཡ་ཕྲག་ནི་བརྒྱད་ 222a ༄#། །ཅུ་དག་བྱུང་ངོ ། །བདེ་གཤེགས་མཆོག་གི་རྗེས་སྐྱེས་སྲས་ཚོགས་ནི། །ཉོན་མོངས་ཁྲོ་དང་ང་རྒྱལ་འཆང་བྲལ་བའོ། །དེ་ཚེ་མི་མཆོག་དེ་ཡི་བྱང་ཆུབ་སེམས། །ས་ཡ་ཕྲག་ནི་བརྒྱད་ཅུ་དག་བྱུང་སྟེ། །རྒྱལ་བ་དཔག་མེད་དག་ལ་སྤྱད་ལྡན་ཞིང ། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་འཐོབ་འགྱུར་རོ། །དེ་ནི་རྣམ་པར་འདྲེན་པ་དེ་ཡི་ནི། །བྱང་ཆུབ་སེམས་དཔའ་བདུད་བསྟེན་ཞེས་བྱ་བྱུང ། །དྲང་སྲོང་ཆེན་པོ་བདུད་སྟོབས་རབ་འཇོམས་པ། །དེ་ཡིས་ཚོགས་ཀྱི་གཙོ་བོ་དེ་བྱེད་དོ། །དེ་ནས་བདུད་སྟོབས་བསྙེན་པར་དཀའ་ཞེས་པ། །ལྷའི་བུ་བྱུང་ནས་འདྲེན་པ་རྒྱལ་བའི་མཆོག་།དེ་ནི་བྱང་ཆུབ་མཆོག་ཏུ་གཤེགས་པ་ལ། །ཇི་ལྟར་མི་རེག་བྱ་ཕྱིར་བར་ཆད་བྱེད། །ས་འདི་རྒྱ་མཚོར་བཅས་པ་ཡོན་ཏན་ལྡན། །དེ་དག་བུད་མེད་ཚོགས་ཀྱིས་མངོན་སྤྲུལ་ཏེ། །བཟང་མོ་ཡོན་ཏན་རབ་མཚོག་འཛིན་པས་བཀང ། །དགའ་བའི་ཚིག་དང་ཡིད་འོང་ཚིག་སྨྲ་ཞིང ། །མིག་ནི་བཟང་ལ་འགྲོས་ཀྱང་ལྡེ་མ་བག་ཅན། །གླང་པོའི་སྣ་ལྟར་ལག་མཉམ་པ་ཡི་མདོག་།ཡུན་རིང་དག་ཏུ་བརྟུལ་ཞུགས་འཛིན་པ་སྟེ། །ནུ་མ་སྲ་ལ་ལེགས་དང་ལྡན་པ་ཡིན། །ངག་ཚིག་སྙན་ཅིང་པདྨ་འདྲ་བའི་མིག་།སོ་ཡི་ཕྲེང་བ་ཐགས་དམ་འཆང་བ་སྟེ། །བྱུ་རུའི་མདོག་ལྟར་མཆུ་ནི་མཛེས་པ་ཡིན། །བཞིན་དང་འགྲམ་ 222b པ་དག་ནི་མཛེས་དང་ལྡན། །བཞིན་གྱི་མདོག་ནི་ཟླ་བ་དྲི་མེད་འཕྲོག་།འཛུམ་ཞིང་ཚིག་ནི་སྙན་པ་གཏོང་བ་སྟེ། །གླང་མཆོག་མྱོས་པ་ལྟ་བུར་མཛེས་པའི་འགྲོས། །ངོ་ཚ་ཤེས་པས་བློ་གྲོས་ངན་པ་སྤངས། །ནུ་མ་སྲ་ཞིང་ཚིགས་ཀྱིས་ཟིན་པ་སྟེ། །རི་དྭགས་རྒྱལ་པོ་ལྟ་བུར་དེའི་ལུས་འཆང ། །བཟང་མོའི་ལུས་ངོས་སྲབ་ཅིང་འཇམ་དང་ལྡན། །རི་དྭགས་རྒྱལ་པོའི་བྱིན་འདྲ་རྩེ་འགྲོ་ཞིང ། །རྐང་པ་མཉམས་ལ་འཇོལ་བའི་ཐབས་སུ་འགྲོ་།འདོད་ཆགས་ལྡང་བར་འགྱུར་བའི་བུ་མོ་དག་།བདུད་ཀྱིས་ས་རྣམས་ཐམས་ཅད་གང་བྱས་པ། །དམར་བཟུང་དུ་ལྡན་པའི་མྱོས་མ་སྟེ། །བདུད་ཀྱིས་བདུད་ཀྱི་ཞགས་པ་མདུན་དུ་བསྟན། །དེ་ཡི་འདོད་པ་བདུད་སྟོབས་ཐམས་ཅད་དག་།དེ་ཚེ་བསྐྱེད་ནས་བདུད་བསྟེན་འཇིགས་བྱས་ཀྱང ། །ནག་པོའི་རྩ་ལག་དེ་ཡིས་གཙེ་མ་ནུས། །བར་ཆད་བྱ་བར་རབ་ཏུ་མ་ཚུགས་སོ། །དེ་ནས་ཤིན་ཏུ་མི་བཟད་སྲིན་པོ་ནི། །བྱེ་བ་དག་གིས་ཚིག་རྩུབ་སྨྲ་བར་བྱེད། །དཔག་ཏུ་མེད་ཅིང་བསམ་ཡས་མུ་མེད་པ། །ལུས་བོང་མཐའ་ཡས་མངོན་སྤྲུལ་ཚིག་རྩུབ་སྨྲ། །མདུང་ཐུང་མདའ་བོ་ཆེ་ཡིས་རྒྱོབ་ཅིག་རྒྱོབ། །འདི་ཡི་ཀླད་པ་མྱུར་དུ་རི་ཡིས་ཆོམ། །འདི་ཡི་སྙིང་ལ་གཟི་བརྗིད་ཡོད་པ་ཕྲོགས། །མྱུར་དུ་དུས་ལས་འདའ་ཞིང་འགོག་པར་གྱིས། །ཐང་གཅིག་ཙམ་ཡང་འདི་ནི་སྲོག་མ་སྦྱིན། །ཇི་ལྟར་འདོད་པའི་ཡོན་ཏན་བདེ་བསྟེན་ན། །བདག་གི་རྒྱལ་ 223a ༄#། །སྲིད་གནོད་པ་མེད་པར་འགྱུར། །ང་ཡི་ཡང་དག་ཚིག་དེ་ཐོས་ནས་སུ། །རྒྱལ་བའི་བསྟན་པ་འཕེལ་བར་མ་བྱེད་ཅིག་།དེ་ཚེ་བོང་བུའི་རྣམ་པ་མངོན་སྤྲུལ་པ། །མགོ་གཅིག་པ་དང་མགོ་གཉིས་པ་དག་བྱུང ། །སྲིན་པོ་རྣམས་ནི་སྒྲ་བོ་ཆེ་དག་འབོད། །ལ་ལ་མདུང་དང་མདའ་བོ་ཆེ་དག་ཐོགས། །ལ་ལ་དག་ཀྱང་རི་ནི་ཁྱེར་བ་སྟེ། ། ལ་ལ་སྡང་བའི་སེམས་ཀྱིས་སྦྲུལ་འཛིན་ཅིང ། །དེ་ཡི་མདུན་དུ་ཤིན་ཏུ་སྒྲ་དག་འབྱིན། །དེ་ཚེ་ལ་ལ་གནོད་སྦྱིན་མངོན་སྤྲུལ་ཏེ། །ལུས་གཅིག་པ་དང་ལུས་གཉིས་ལག་པ་ནི། ། གསུམ་དག་ཡོད་ཅིང་ལུས་བཞི་ལག་པ་གཅིག་།དེ་ཚེ་ལུས་གཅིག་མངོན་པར་སྤྲུལ་བྱས་ཤིང ། །དེ་ཚེ་དེ་བཞིན་མགོ་བཞི་མངོན་པར་སྤྲུལ། །དེ་ནས་ལུས་གཅིག་མངོན་པར་སྤྲུལ་བྱས་ཏེ། །དེ་དག་བོང་བུ་ར་དང་བྱི་ལ་དང ། །སྟག་གི་གདོང་སྟེ་འཇིགས་པར་བྱེད་པ་དག་།སོ་སོ་མི་འདྲ་བ་ཡི་སྐད་དག་འབྱིན། །བོང་བུའི་གདོང་ནི་ར་ཡི་སྐད་འབྱིན་ཅིང ། །ར་ཡི་གདོང་ནི་བོང་བུའི་སྐད་འབྱིན་ལ། །བོང་བུ་གླང་པོའི་སྐད་དང་རྟ་སྐད་འབྱིན། །བོང་བུ་གཅིག་གི་ཁ་ནས་སྐད་ཀུན་འབྱིན། །དེ་ཚེ་ར་ཡི་ཁ་ནས་ཐམས་ཅད་སྐད། །ཤིན་ཏུ་འཇིགས་སྐད་དཔག་ཏུ་མེད་པ་འབྱིན། །གཞན་ཡང་བདེ་གཤེགས་བསྙེན་པར་བྱ་བའི་ཕྱིར། །གླང་པོ་ཁ་ནས་ཚིག་རྩུབ་དཔག་མེད་འབྱིན། །དེ་ 223b ཚེ་གླང་པོ་བོང་བུའི་སྐད་འབྱིན་ཅིང ། །དེ་བཞིན་རྟ་དང་དེ་བཞིན་གླང་པོ་དག་།རྣམ་པ་མཐའ་ཡས་སྐད་དག་འབྱིན་བྱེད་ཀྱང ། །བདེ་གཤེགས་བ་སྤུའི་ཁུང་བུའང་མ་གཡོས་སོ། ། རྟ་ནི་གླང་པོའི་སྐད་དག་འབྱིན་བྱེད་ཅིང ། །དེ་བཞིན་སྤྲེའུ་ནི་རྟ་ཡི་སྐད་དག་འབྱིན། །སྤྲེའུ་ཡི་ཁ་ནས་མཐའ་ཡས་སྐད་འབྱིན་ཀྱང ། །བདེ་གཤེགས་བ་སྤུའི་ཁུང་ཡང་གཡོས་མ་གྱུར། །རི་དྭགས་རྒྱལ་པོ་ཝ་ཡི་སྐད་འབྱིན་ཅིང ། །བོང་བུའི་ཕྱུགས་དང་བྱ་བྱི་རྟ་སྐད་འབྱིན། །དེ་ཚེ་རྣམ་འདྲེན་གཙེ་བར་མ་ནུས་ཤིང ། །བ་སྤུའི་ཁུང་བུའང་གཡོས་པར་མ་གྱུར་ཏོ། །དེ་ཚེ་སྟག་ནི་ཕག་གི་སྐད་འབྱིན་ཅིང ། །དེ་ཚེ་ཕྱུགས་དང་བྱ་ནི་སྤྲུལ་སྐད་འབྱིན། །རྣམ་འདྲེན་དེ་ནི་གཙེ་བར་མ་ནུས་ཤིང ། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །རི་དྭགས་ཁྱུ་མཆོག་སེངྒེའི་སྐད་འབྱིན་ཅིང ། །བྱི་ལ་ཝ་ནི་བག་གི་སྐད་འབྱིན་ལ། །མ་ཧེ་དག་ནི་སྟག་གི་སྐད་འབྱིན་ཀྱང ། །འཇིག་རྟེན་མཁས་པ་བར་ཆད་བྱ་མ་ནུས། །དེ་བཞིན་ཕྱུགས་ཀྱི་ཁ་ནས་མཐའ་ཡས་པ། །རྣམ་པ་བྱེ་བ་སེམས་ཅན་སྐད་འབྱིན་ཀྱང ། །རྣམ་འདྲེན་དེ་ནི་གཙེ་བར་མ་ནུས་ཤིང ། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །སྟག་ནི་རི་དྭགས་ཁྱུ་མཆོག་སྐད་འབྱིན་ཅིང ། །དེ་བཞིན་བོང་བུའི་སྐད་དང་རྟ་ཡི་སྐད། །དེ་ཚེ་དོམ་ནི་སེངྒེའི་སྐད་འབྱིན་ཀྱང ། །འཇིག་རྟེན་ཕན་མཛད་པ་སྤུའི་ཁུང་མ་གཡོས། །དྲེད་ 224a ༄#། །ནི་ནམ་མཁའ་ལྡིང་གི་སྐད་འབྱིན་ཅིང ། །དེ་ཚེ་དེ་བཞིན་གླང་པོ་རྟ་སྐད་འབྱིན། །རྣམ་འདྲེན་དེ་ནི་གཙེས་པར་མ་ནུས་ཤིང ། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །ནམ་མཁའ་ལྡིང་ནི་ཁུ་བྱུག་སྐད་འབྱིན་ཅིང ། །དེ་བཞིན་ནེ་ཙོ་ཕྱུགས་གཞོན་སྐད་འབྱིན་ལ། །ནེ་ཙོའི་སྐད་ནི་ཡང་དག་སྐད་འབྱིན་བྱེད། ། ཤང་ཤང་ཏེའུའི་སྐད་རྣམས་འབྱིན་པར་བྱེད། །དེ་ཚེ་ཀ་ལ་པིངྐའི་ཡང་དག་སྐད། །དེ་ཚེ་མཚན་མོ་གང་ལ་ཞེ་སའི་སྐད། །དེ་ཚེ་ཉམས་སུ་དགའ་བ་རྨ་བྱའི་སྐད། །དེ་བཞིན་ཙན་ཙའི་སྐད་དང་ཤུགས་ཀྱི་སྐད། །ཕྱུགས་གཞོན་ཞེ་སའི་སྐད་དག་འབྱིན་པར་བྱེད། །དེ་ཚེ་ཀ་ལ་པིངྐ་ཡིད་འོང་དགའ། །ཀོ་ཀའི་ཚིག་རྩུབ་དག་ནི་འབྱིན་བྱེད་ཀྱང ། །རྒྱལ་བའི་ཐུགས་ནི་གཞན་དུ་མ་གྱུར་ཏོ། །སྦྲུལ་ནི་གླང་པོའི་སྐད་དག་འབྱིན་བྱེད་ཅིང ། །དེ་བཞིན་གླང་པོ་སྦྲུལ་གྱི་སྐད་འབྱིན་ཀྱང ། །རྣམ་འདྲེན་དེ་ལ་གཙོ་བར་མ་ནུས་ཤིང ། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །དེ་ཚེ་ངང་པ་སེངྒེའི་སྐད་འབྱིན་ཅིང ། །དེ་བཞིན་ཁྱིམ་བྱ་ཁྲ་ཡི་སྐད་འབྱིན་ཀྱང ། །རྣམ་འདྲེན་དེ་ལ་གཙེ་བར་བྱ་མ་ནུས། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །རྟ་ནི་དྲེའུའི་སྐད་དག་འབྱིན་བྱེད་ཅིང ། །དེ་བཞིན་ཙན་ཙ་གོ་བོའི་སྐད་འབྱིན་ཀྱང ། །རྣམ་འདྲེན་དེ་ལ་གཙེ་བར་མ་ 224b ནུས་ཤིང ། །བར་ཆད་བྱ་བ་དག་ཏུའང་མ་ཚུགས་སོ། །གླང་པོ་འུག་པ་ཙན་ཙའི་སྐད་འབྱིན་ཅིང ། །བྱ་དང་ཁྱུ་མཆོག་སྐད་འབྱིན་ཁྲུང་ཁྲུང་སྐད། །དེ་ཚེ་བྱ་རྒོད་ཛིམྷའི་སྐད་འབྱིན་ཅིང ། །བྱ་དང་ཁྱུ་མཆོག་བྷེ་རིའི་སྐད་འབྱིན་ལ། །ངང་པའི་ཁ་ནས་སྐད་རྣམས་ཐམས་ཅད་འབྱིན། །དེ་བཞིན་ཁུ་བྱུག་གནོད་སྦྱིན་ཀུན་གྱི་སྐད། །དེ་ཚེ་གྲུལ་བུམ་ཐམས་ཅད་སྐད་འབྱིན་ཅིང ། །དེ་བཞིན་ཁ་ཅིག་ནས་ནི་སྐད་ཀུན་འབྱིན། །ཁ་ཡི་རྣམ་པ་དེ་ལས་དེ་སྐད་འབྱིན། །སྐད་ཅིག་ཏུ་ནི་མཐའ་ཡས་སྐད་འབྱིན་ཀྱང ། །རྣམ་འདྲེན་དེ་ལ་གཙེ་བར་མ་ནུས་ཤིང ། །བར་ཆད་བྱེད་པ་དག་ཏུའང་མ་ཚུགས་སོ། །ཀླུ་ཡི་ཁ་ནས་རྡོ་ཡི་ཆར་འབེབས་ཤིང ། །དེ་བཞིན་མཚོན་ཆ་དྲག་པོའི་ཆར་འབེབས་ཀྱང ། །རྣམ་འདྲེན་དེ་ལ་གཙེ་བར་མ་ནུས་ཤིང ། །བར་ཆད་བྱེད་པ་དག་ཏུའང་མ་ཚུགས་སོ། །གནོད་སྦྱིན་ཁ་ནས་རྡོ་ཡི་ཆར་འབེབས་ཤིང ། །དེ་བཞིན་མེ་རབ་འབར་བའི་ཆར་འབེབས་ལ། །དེ་བཞིན་རི་དང་ཕྱག་དར་ཆར་འབེབས་ཀྱང ། །བདེ་གཤེགས་བར་ཆད་བྱ་བར་མ་ནུས་སོ། །གྲུལ་བུམ་མདའ་ཡི་ཆར་དང་དེ་བཞིན་དུ། །མེ་འབར་དང་ནི་མཚོན་ཆའི་ཆར་འབེབས་ཀྱང ། །རྣམ་འདྲེན་དེ་ལ་གཙོ་བར་མ་ནུས་ཤིང ། །བར་ཆད་བྱེད་པ་དག་ཏུའང་མ་ཚུགས་སོ། །དེ་ཚེ་བདུད་ནི་སྡིག་ཅན་ང་ཡིས་སུ། །ཤིན་ཏུ་མི་བཟད་རྣམ་པར་གཅེས་ 225a ༄#། །བྱས་ཀྱང ། །བརྩོན་འགྲུས་དཔག་མེད་སྟོབས་ནི་བསྐྱེད་ནས་སུ། །བདུད་སྟོབས་བསྟེན་པ་བྱང་ཆུབ་རྟོགས་པར་ཆུད། །རང་བྱུང་གིས་ནི་བདུད་སྡེ་དཔའ་བཀོང་ཞིང ། །ལྗོན་མཆོག་དྲུང་དུ་སྐྱིལ་མོ་དབྱེར་མེད་བཅས། །སྦུན་པ་རླུང་གིས་འཕྱར་ལྟར་བཅོམ་ནས་སུ། །བྱང་ཆུབ་མཆོག་རེག་སྐྱེ་རྒུ་ཐུགས་སུ་ཆུད། ། དེ་ཚེས་ནི་རྣམ་དྲུག་རབ་གཡོས་ཤིང ། །བསྙེན་པར་དཀའ་བའི་སྡེ་དེ་ཕྱོགས་ཚོལ་ཏོ། །རླུང་གི་རྒྱལ་པོས་བྱ་ནི་ཁྱེར་བ་ལྟར། །བདེ་བར་གཤེགས་པའི་གཟི་ཡིས་རྣམ་པར་བཅོམ། །ཀླུ་དང་གནོད་སྦྱིན་སྲིན་པོ་དེ་དག་གིས། །དེ་ཚེ་སྣ་ཚོགས་གདོང་ནི་མངོན་པར་སྤྲུལ། །དེ་དག་བདུད་བསྟེན་པ་ཡི་གཟི་བརྗིད་ཀྱིས། །ཁ་ནི་བྱེ་བ་ཡོད་པ་དེ་དག་བཅོམ། །ཇི་ལྟར་ང་ཡིས་བདུད་ཀྱི་བུ་མོ་བཅོམ། །བུད་མེད་འདི་དག་བདག་གིས་དེར་རྒས་གནས། །དེ་བཞིན་བདུད་སྟོབས་བསྙེན་དཀའ་རང་གིས་སྤྲུལ། །བདུད་སྟོབས་བསྟེན་པའི་མཐུ་ཡིས་བཅོམ་པར་གྱུར། །བདེ་གཤེགས་མཆོག་ལ་ལྷ་ཡིས་བུ་སྤྲུལ་བཀང ། །འཇིག་རྟེན་རྣམ་པར་འདྲེན་པས་ཟིལ་གྱིས་མནན། །ལྷ་ཡི་བུ་མོ་ཁྲི་ཕྲག་བརྒྱད་ཅུ་ཀུན། །བདུད་བསྟེན་པས་ནི་བྱང་ཆུབ་དག་ལ་བཙུད། །རྣམ་པར་བཏུལ་ཅིང་བྱང་ཆུབ་མི་གཡོ་གནས། །དེ་ཚེ་བསྟེན་པར་དཀའ་བ་སྡུག་བསྔལ་གྱུར། ། 225b དེ་ཡི་ཚེ་ན་བདུད་བསྟེན་བྱུང་ནས་སུ། །འགྲོ་བ་དེ་དག་བདག་ལས་གྲོལ་བར་བྱས། །དེ་ལྟར་ང་ཡིས་བརྩོན་འགྲུས་བསྐྱེད་པས་སུ། །དེ་ཚེ་ཐུབ་པར་དཀའ་བའི་བདུད་ལས་རྒྱལ། ། རྡུལ་བྲལ་ཞི་མཆོག་བྱང་ཆུབ་ཚོལ་བ་ན། ང་ཡི་སྲས་ཀྱིས་དེ་ལྟར་བསླབ་པར་བྱ། །སེམས་ཅན་བྱེ་བ་མང་པོའི་དོན་བྱ་ཞིང ། །ནམ་ཡང་བདག་གི་ཕྱིར་ནི་བདེ་མི་བྱ། །ཇི་ལྟར་མགོ་ལ་མེ་འབར་གཞན་མི་སེམས། །སྐྱེས་བུའི་ཞི་བྱ་ལྟ་བུར་བརྩོན་འགྲུས་བསྐྱེད། །དེ་ལྟར་ཞི་བ་མཆོག་དག་ཚོལ་བ་ན། །ཡིད་ཀྱིས་ཡིད་ཀྱིས་རྣམ་པར་བསམ་པར་བྱོས། །དེ་ནས་ཀླུའི་རྒྱལ་པོ་ཟླ་བ་ཆེན་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་དང་ལྷ་ཡི་སྟོན་པ་ཁ་ལོ་སྒྱུར། །ལྷ་དང་བཅས་པ་འགྲོ་འདིའི་འདྲེན་པ་སྟེ། །ཇི་ལྟར་བདེ་གཤེགས་བདག་འཁྲུངས་དྲན་ལྡན་པ། །བླ་མེད་བྱང་ཆུབ་ཐོབ་པ་བདག་གིས་ཞུ། །འདྲེན་པ་ཐུབ་པས་འདིར་ནི་སྲེད་ལས་རྒྱལ། །ཇི་ལྟར་འདྲེན་པ་བདེ་གཤེགས་བདག་ལ་འཁྲུངས། །བདུད་ནི་རྨོངས་མཛད་མྱ་ངན་འདས་རེག་པ། །རྒྱལ་བ་གང་ཟག་མཆོག་གི་ལུང་བསྟན་པ། །དྲན་པ་ཉེ་བར་གཞག་ལ་དྲན་བསྡམས་ན། ། ཉེས་བཅས་འཁོར་བའི་འགྲོ་བ་འགག་པར་འགྱུར། །སྐྱེ་བོ་མི་མཁས་གང་ལ་ཆགས་གྱུར་པ། །བདེ་བ་རབ་ཏུ་མི་ཤེས་སྡུག་བསྔལ་རེག་།དྲན་པ་ཉམས་པ་འཁོར་བ་དེ་དང་ 226a ༄#། །དེར། །མི་མཁས་འཁོར་བའི་སྡུག་བསྔལ་རྗེས་སུ་དྲན། །རྨོངས་པ་དེ་ནི་ཐར་པའི་འགྲོ་མི་ཤེས། །ཉོན་མོངས་བདུད་ཀྱི་སྤྱོད་ཡུལ་དག་ལ་དགའ། །ལོག་པ་རྣམ་པར་ཉམས་པའི་ཡིད་ཀྱིས་སུ། །མི་རྟག་རྟག་དང་སྡུག་བསྔལ་བདེ་བ་དང ། །བདག་མེད་བདག་དང་མི་གཙང་གཙང་འཛིན་པ། །ཉོན་མོངས་བདུད་ཀྱི་ཡུལ་ལས་མི་འགྲོལ་ལོ། །རབ་ཉམས་དེ་དག་གིས་ནི་འགྲོ་བ་ཤེས། །དྲན་པ་ཉེར་གཞག་ལམ་ནི་རབ་ཏུ་ཤེས། །སྤྱད་པ་སྤྱོད་ཚེ་འགྲོ་ལ་ཕན་པའི་ཕྱིར། །བྱང་ཆུབ་བྱེད་པའི་དྲན་པ་ཉེ་བར་གཞག་།དྲན་པ་ཉེ་བར་གཞག་པ་ཀླུས་ཐོས་ནས། །བྱང་ཆུབ་གཞལ་དུ་མེད་ལ་འདུན་པ་བསྐྱེད། །ཀླུ་ཆེན་ཟླ་བས་མི་འདུལ་ཁ་ལོ་སྒྱུར། །དྲན་པ་ཉེ་བར་གཞག་པ་རྒྱལ་ལ་བསྟོད། །དྲན་པ་ཉམས་པའི་འགྲོ་བ་འདྲེན་པ་ལགས། །དྲན་སྟོབས་ཤིན་ཏུ་གནས་ལ་ཕྱག་འཚལ་ལོ། །བྱང་ཆུབ་གཞལ་དུ་མེད་པར་འདུན་པ་བསྐྱེད། །དྲན་པ་ཉམས་པ་མེད་པའི་འགྲོ་བ་བསྟན། །བྱང་ཆུབ་གཞལ་དུ་མེད་ལ་འདུན་པ་བསྐྱེད། །བྱང་ཆུབ་དྲན་ལྡན་གནས་ལ་རེག་པར་བགྱི། །བདུད་སྟོངས་བདུད་དཔུང་བཅས་གཞོམ་སྤང་བྱ་ཞིང ། །བདུད་ཀྱིས་དམ་དུ་བཅིངས་པའི་སེམས་ཅན་དགྲོལ། །རྒྱལ་བ་དྲན་པ་ཉེ་བར་གཞག་པ་མཁྱེན། །ཀླུ་དེའི་བསམ་པ་ཐུགས་སུ་ཆུད་ 226b ནས་སུ། །སེམས་ཅན་ཕན་ཕྱིར་ཀླུ་ཆེན་ཟླ་བ་ནི། །འདྲེན་པས་གཞལ་མེད་བྱང་ཆུབ་ལུང་བསྟན་པ། །སྔོན་གྱི་སངས་རྒྱས་བྱེ་བ་བརྒྱད་ཅུ་ལ། །ཀླུ་བདག་དེ་ཡིས་སྔོན་ནི་བསྙེན་བཀུར་བྱས། །འདི་ནས་ཕྱིས་ནི་སངས་རྒྱས་བྱེ་བ་བཅུ། །བྱང་ཆུབ་ཞི་བ་ཚོལ་ཚེ་མཆོད་པ་བྱེད། །ཕྱི་ནས་དེ་ནི་གཞལ་མེད་བྱང་ཆུབ་རེག་།རྒྱལ་བའི་མཚན་ནི་ཟླ་བཟང་ཞེས་བྱ་སྟེ། །བདུད་ཀྱི་སྟོབས་ནི་ཤིན་ཏུ་སྟོབས་ཉམས་བྱེད། །བདུད་ཀྱི་སྟོབས་ནི་རྒྱལ་བའི་སྟོབས་བྱེད་འགྱུར། །སངས་རྒྱས་ཀྱིས་ནི་ལེགས་གསུངས་འདི་ཐོས་ནས། །ཀླུ་ནི་བྱེ་བ་བྱང་ཆུབ་མཆོག་ལ་གནས། །སྔོན་མེད་བྱང་ཆུབ་ལ་ནི་ཡིད་ཞུགས་ཏེ། །སངས་རྒྱས་ལེགས་པར་གསུངས་ལའང་མངོན་པར་དགའ། །དེ་ནས་ཀླུའི་རྒྱལ་པོ་ཚོགས་བྱེད་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། རྒྱལ་བ་ཉིད་འཁྲུངས་ཡང་དག་འདུ་གྱུར་པ། །མ་འཁྲུལ་སེམས་ཀྱིས་སྤྱད་པ་སྤྱོད་པ་ན། །བདུད་ཀྱི་སྟོབས་བཅས་དཔུང་བཅས་བཅོམ་ནས་སུ། །བླ་མེད་བྱང་ཆུབ་ཞི་བ་ཇི་ལྟར་འཐོབ། །བདེ་པའི་སེམས་ནི་གཡོ་བར་མི་བྱ་ཞིང ། །ཉོན་མོངས་བདུད་ཀྱི་སྟོབས་ནི་རྣམ་པར་སྤང ། །མཉམ་གཞག་རྒྱལ་བའི་སྤྱད་པ་སྤྱོད་བྱེད་པ། །དེ་ནི་མྱུར་དུ་བྱང་ཆུབ་ཞི་འཐོབ་འགྱུར། །ལུང་བསྟན་པས་ནི་ཀླུ་དེ་དག་འགྱུར་ནས། །རྒྱལ་བའི་བྱང་ཆུབ་ལ་ནི་ 227a ༄#། །ཡིད་འཇུག་ཅིང ། །མཉམ་གཞག་བདུད་ཀྱི་སྤྱོད་ཡུལ་ལས་ནི་འབྱུང ། །འདྲེན་ལ་བསམ་གཏན་ཚུལ་གྱིས་མངོན་བསྟོད་པ། །སྤྱོད་ཡུལ་དང་ནི་སྤྱོད་ཡུལ་མ་ཡིན་མཁྱེན། །གང་དག་འཇིག་རྟེན་འདྲེན་པ་ཁྱོད་ཀྱིས་བསླབ། །འགྲོ་བ་དེ་དག་བདུད་ཀྱི་སྤྱོད་ལས་ཐར། །ཆགས་མེད་ཐུགས་ཀྱིས་དགོངས་ལ་ཕྱག་འཚལ་ལོ།། དེ་རིང་སླན་ཆད་རྒྱལ་བའི་སྤྱོད་ཡུལ་ལ། །སྤྱད་པར་བགྱི་ཞིང་བདུད་ཀྱི་སྤྱོད་ཡུལ་སྤང ། །བདུད་ཀྱི་སྤྱོད་ཡུལ་ལས་ནི་འགྲོ་བ་དགྲོལ། །བདེ་གཤེགས་སྤྱོད་ཡུལ་ལ་ནི་ཡང་དག་དགོད། །གང་ཟག་མཆོག་གིས་ཀླུ་ཡི་བདག་པོ་ཡི། །བསམ་པ་མཁྱེན་ནས་བྱང་ཆུབ་ལུང་བསྟན་པ། །གང་དག་ཉོན་མོངས་བདུད་ཀྱི་ཡུལ་ལ་བརྟེན། །བྱེ་བ་ཐ་མ་པའི་ཀླུ་ནི་ཡང་དག་གནས། །དེ་ནས་ཀླུའི་རྒྱལ་པོ་ཤུགས་འཆང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་དག་འདི་རུ་ཤེས་རབ་ལ་སྤྱོད་པ། །འདོད་ལ་ཆགས་མེད་སྤྱད་པ་སྤྱོད་པའི་ཚེ། །བདུད་ཀྱི་སྟོབས་བཅུས་དཔུང་བཅས་བཅོམ་ནས་སུ། །བྱང་ཆུབ་གཞལ་མེད་ཉེས་མེད་ཇི་ལྟར་འཐོབ། །འགྲོ་ཀུན་སྒྱུ་མ་འདྲ་བར་རྣམ་ཤེས་པ། །དེ་ནི་བདུད་ཀྱི་ཞགས་པས་འཆིང་མི་བྱེད། །འགྲོ་བ་འདི་དག་བདུད་ཀྱིས་བཅིངས་མཐོང་ནས། །སྙིང་རྗེ་བསྐྱེད་དེ་དཀའ་ཐུབ་མཆོག་ 227b ལ་སྤྱོད། །སྟོན་པའི་གསུང་གིས་ཀླུ་དེ་དག་འགྱུར་ནས། །གཞལ་དུ་མེད་པའི་དགའ་བས་སེམས་རངས་ཏེ། །རྒྱལ་བ་ཐུབ་ལ་མཁྱེན་པས་བསྟོད་ནས་སུ། །བྱང་ཆུབ་གཞོལ་བ་ལ་ནི་ཡིད་བསྐྱོད་དོ། །ཀླུ་ཡི་བདག་པོའི་བསམ་པ་ཐུགས་ཆུད་ནས། །འདྲེན་པས་བྱང་ཆུབ་མཆོག་ལ་ལུང་བསྟན་ཏོ། །ཀླུ་ནི་བྱེ་བ་བྱང་ཆུབ་མཆོག་ལ་གནས། །འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །དེ་ནས་ཀླུའི་རྒྱལ་པོ་ཉི་མའི་སྙིང་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། འདྲེན་པ་ཐབས་ལ་མཁས་པ་བདག་ལ་གསུངས།། ཐབས་གང་གིས་ནི་སྤྱོད་པ་སྤྱད་བགྱིས་ན། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ལས་མི་ལྡོག། །མི་མཆོག་འདི་དག་བདག་ལ་བཀའ་སྩོལ་ཅིག་།ཇི་ལྟར་ཡིད་ནི་བར་དུ་མི་ལྡོག་པ། །བདེ་གཤེགས་གང་ཟག་མཆོག་ནི་ཁྱོད་ལས་སུ། །གང་དག་ཐོས་ནས་ཐབས་མཁས་མཉམ་པར་རྩོམ། །སྤྱད་པ་སྤྱོད་པ་རྣམས་ནི་སྐྱོ་མི་འགྱུར། །འགྲོ་བ་མི་མཁས་ལམ་ངན་ཞུགས་པ་ཡི། །འགྲོ་བ་རྣམ་པར་ཉམས་ལ་སྙིང་རྗེ་བསྐྱེད། །འགྲོ་ལ་ཕན་ཕྱིར་རྫོགས་པའི་སངས་རྒྱས་ཆོས། །བདག་ཉིད་ཡོངས་སུ་བཏང་སྟེ་ཚོལ་བར་བྱེད། །ཆོས་རྣམས་ཀྱི་ནི་ངོ་བོ་ཤེས་པ་ན། །བདག་ཉིད་གཏོང་ལ་ཞུམ་པར་མི་འགྱུར་རོ། །ཆོས་ནི་གཡོ་བ་མེད་པར་ཤེས་པ་ན། །དེ་བཞིན་སེམས་ཅན་རྣམས་ལ་རབ་ཏུ་སྟོན། །ཆུང་མ་བུ་དང་བུ་མོ་བདག་ 228a ༄#། །ཉིད་ཀྱི། །མགོ་ཡང་ཡོངས་སུ་གཏོང་ལ་མི་ཞུམ་མོ། །དེ་ནི་གང་དུའང་གནས་པར་མི་འཇིག་སྟེ། །བདག་མེད་འདུ་ཤེས་ཀྱིས་ནི་ཡིད་ལ་གནས། །དེ་ནི་ཕུང་པོ་བདག་མེད་རབ་ཏུ་སྟོན། །ཟང་ཟིང་མེད་པའི་བདེ་བ་མཆོག་འཐོབ་བོ། །དེ་ཚེ་སེམས་ཅན་བྱེ་བ་དཔག་མེད་དག་།སྨིན་པར་བྱེད་ལ་དགའ་ཞིང་ཞུམ་པ་མེད། །སྟོན་པའི་གསུང་གིས་ཀླུ་དེ་མགུ་གྱུར་ནས། །སངས་རྒྱས་ལ་ནི་སྙིང་ནས་སྐྱབས་སོང་ཞིང ། །བྱང་ཆུབ་གཞོལ་ལ་ཡིད་ནི་བསྐྱེད་པ་དང ། །འཇིག་རྟེན་མཁས་པས་བྱང་ཆུབ་དེ་ལུང་བསྟན། །དེ་ནས་ཀླུའི་རྒྱལ་པོ་བཟུང་བར་དགའ་བས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། བདེ་གཤེགས་ཁྱོད་སྲས་ཇི་ལྟར་སྤྱད་བགྱིས་ན། །སངས་རྒྱས་བྱང་ཆུབ་བདེ་བས་སྒྲུབ་པར་བགྱིད། །ཇི་ལྟར་ཐུབ་པ་གཤེགས་ལྟར་མྱུར་དུ་མཆི། །དཔག་མེད་གཤེགས་པ་དེ་དག་བདག་ལ་གསུངས། །རྒྱལ་བ་མི་མཆོག་རང་བྱུང་མཁྱེན་པས་སུ། །བྱང་ཆུབ་ངེས་ལ་དེ་ནི་ལུང་བསྟན་པ། །ཇི་ལྟར་རིགས་སུ་བྱང་ཆུབ་སྤྱོད་པ་ན། །ནམ་ཡང་འགྲོ་བའི་སྡུག་བསྔལ་རྣམས་མི་རེག་།བྱམས་པའི་སྟོབས་ཀྱིས་ཕན་པར་སྤྱོད་པ་ན། །བྱམས་པའི་སེམས་ནི་གར་ཡང་མི་རྨོངས་སོ། །བྱམས་པ་ལ་ནི་སྡུག་བསྔལ་མི་འབྱུང་ཞིང ། །ཉེས་པ་རབ་ཞི་སྤྱོད་པ་མི་གཡོའོ། །སྤྱོད་ཚེ་སེམས་ 228b ཅན་ཀུན་ལ་རབ་ཏུ་སྟོན། །བྱམས་པ་སྒོམས་ཤིག་གར་ཡང་མ་གཡོ་ཞིག་།རབ་ཏུ་ཞི་བའི་ཡིད་ཀྱིས་ཉེས་པ་ཆོམ། །སེམས་ཅན་རྣམས་ལ་ཕན་ཕྱིར་ཞི་བ་བཙལ། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །སྤྱད་པ་སྤྱོད་ཚེ་སྡུག་བསྔལ་མི་འཐོབ་ཅིང ། །གཞལ་མེད་བྱང་ཆུབ་མྱུར་དུ་གསོ་བར་བྱེད། །དེ་ཡི་འཁོར་ནི་ཐམས་ཅད་མཐུན་པར་འགྱུར། །སྟོན་པའི་གསུང་གིས་ཀླུ་དེ་དག་འགྱུར་ནས། །ཤིན་ཏུ་ཞི་བའི་ཡིད་ཀྱིས་ཉེས་པ་སྤངས། །བྱམས་པའི་སེམས་ཀྱིས་ཉེས་པ་རྣམ་པར་བཏུལ། །བྱང་ཆུབ་གཞོལ་བ་ལ་ནི་ཡིད་བསྐྱེད་དོ།། རྒྱལ་བ་སྔ་ཕྱི་མཁས་པས་དེའི་བསམ་པ། །རབ་ཏུ་དང་བའི་ཡིད་ཀྱིས་ཉོན་མོངས་བཏུལ། །ཡོངས་སུ་དག་ལ་ཤིན་ཏུ་གནས་མཁྱེན་ནས། །བྱང་ཆུབ་མཆོག་ལ་ཀླུ་ནི་ལུང་བསྟན་པ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་དེ་ཅུ་རུ། །བྱམས་པ་བསྟེན་ནས་མ་འོངས་དུས་སུ་ནི། །རྒྱལ་བ་ཐུགས་དག་ཅེས་བྱ་དབང་པོ་བཏུལ། །ལྷ་དང་མི་དག་གིས་ནི་མཆོད་པར་འགྱུར། ། མཆོག་ཏུ་དགའ་བ་རབ་ཏུ་མ་གུ་སེམས་ཀྱིས། །རྒྱལ་བའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཚིགས་སུ་བཅད་པ་འདི་ཡིས་རྒྱལ་བ་བསྟོད། །རབ་ཏུ་ཐུགས་དག་ནོངས་པ་ཤིན་ཏུ་བཏུལ། །གཏི་མུག་རྣམ་པར་བཅོམ་ཞིང་བདུད་ལས་རྒྱལ། །སེམས་ཅན་ཀུན་ལ་ཕན་པའི་ཐུགས་རྗེ་ཅན། །ཉེས་བའི་དུག་སྤངས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཀླུའི་རྒྱལ་ 229a ༄#། །པོ་ཐམས་ཅད་རྒྱགས་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྤྱད་པ་སྤྱོད་པའི་ཚེ་ན་ཐབས་གང་གིས། །བདུད་ཀྱི་སྤྱོད་ཡུལ་དབང་དུ་མི་འགྱུར་ཞིང ། །སངས་རྒྱས་ཐམས་ཅད་ཀྱིས་ནི་བསྲུངས་འགྱུར་བ། །བདེ་གཤེགས་ཐུབ་ཆེན་སངས་རྒྱས་ལ་ཞུའོ། །རྒྱལ་བས་དེ་ཡི་བསམ་པ་མཁྱེན་པ་ན། ། ཆགས་མེད་ཡེ་ཤེས་ཀུན་ཏུ་སྤྱན་མངའ་བ། །བསོད་ནམས་བརྒྱ་མཚན་ཕན་པའི་ཐུགས་རྗེ་ཅན། །སངས་རྒྱས་སྟོབས་ལ་མཁས་པས་ལུང་བསྟན་པ། །རྟག་ཏུ་དེ་ནི་དྲན་པ་ཉེར་བཞག་ན། །ཉོན་མོངས་བདུད་ཀྱི་དབང་དུ་བྱ་བ་མེད། །རྟག་ཏུ་རྣམ་དག་སེམས་ཀྱིས་དྲན་སྤྱོད་ན། །དེས་ན་བདུད་ཀྱི་དབང་དུ་དེ་མི་འཁྲིད། །རྒྱལ་བས་ལེགས་གསུངས་ཚིག་དེ་ཐོས་ནས་སུ། །སྟོན་པའི་གསུང་གིས་ཀླུ་དེ་དགའ་གྱུར་ནས། །རབ་ཏུ་སེམས་དང་ཚིག་ནི་གཙང་བ་དང ། །མ་སྨད་པ་ཡིས་བདེ་གཤེགས་མངོན་པར་བསྟོད། །སྲིད་པའི་སྐྱེ་ལ་རྒྱལ་བ་ཐུགས་བརྩེ་ལྡན། །སེམས་ཅན་ལམ་ངན་རབ་ཞུགས་གཟིགས་ནས་སུ། །ཐེ་ཚོམ་སེལ་ཅིང་ཡོངས་སུ་དགྱེས་ཐུགས་ཀྱིས། །རྒྱལ་བས་བསྟན་པའི་ལམ་ལ་སེམས་ཅན་རྣམས། །ཁྱོད་ཀྱིས་ལེགས་གསུངས་ཆིག་ནི་ཐོས་ནས་སུ། །རྒྱལ་བའི་ཆོས་བཙལ་སྤྱོད་བ་སྤྱད་པར་བགྱི། །བདུད་ཀྱི་སྟོབས་བཅས་དཔུང་བཅས་བཅོམ་ནས་སུ། །སྡུག་བསྔལ་ཆོས་དགྲོལ་ 229b སངས་རྒྱས་འགྱུར་བར་བགྱི། །དེ་ནས་ཀླུའི་རྒྱལ་པོ་ཆར་ཆེན་པོ་སྤྱོད་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། །སྐྱེ་རྒུ་དག་ལ་བྱམས་ཐུགས་སྐྱབས་ཀྱི་མཆོག་།ཀུན་ཏུ་སྤྱན་མངའ་རྒྱལ་མཆོག་ཐུགས་རྗེ་ཅན། །རྡུལ་བྲལ་བྱང་ཆུབ་ལ་ནི་ཇི་ལྟར་སྤྱད། །སྟོབས་བཅུ་ཡེ་ཤེས་ཕུང་པོ་ཁྱོད་ལ་ཞུ། །འཇིག་རྟེན་མགོན་པོ་བདག་གི་ཐེ་ཚོམ་ཁུམ། །འགྲོ་བ་ཀུན་གྱི་བསམ་པ་རྣམ་པར་མཁྱེན། །བདེ་བར་གཤེགས་པས་ཀླུ་དེ་དགའ་གྱུར་ནས། །རང་སེམས་ཤེས་པར་བྱ་ཕྱིར་བརྩོན་འགྲུས་བརྟན། །ཇི་ལྟར་བདེ་བར་གཤེགས་པས་བསྟན་ལྟར་བསླབ། །རང་སེམས་ཤེས་པར་བྱ་ཕྱིར་ངེས་པར་གྱུར། །རྒྱལ་བས་བསྟན་པའི་ལམ་ནི་ཐོས་ནས་འདུག་།ཡོངས་སུ་མགུ་བའི་ཡིད་ཀྱིས་ཐེ་ཚོམ་བསལ། །དགའ་བས་ས་ལ་པུས་མོ་བཙུགས་ནས་སུ། །རྣམ་འདྲེན་འཇིག་རྟེན་ཕན་མཛད་མངོན་བསྟོད་པ། །ཉོན་མོངས་ཐམས་ཅད་བསལ་བ་བླ་ན་མེད། །ཁྱོད་འདྲ་མ་མཆིས་གོང་ན་ག་ལ་མཆིས། །མ་སྨད་སེམས་ཅན་ཡིད་ནི་དགའ་བར་མཛད། །བདེ་གཤེགས་བྱང་ཆུབ་མི་ཟད་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱི་བསམ་པ་མཁྱེན། ལས་ཀྱང་མཁྱེན། སྨོན་ལམ་དག་ཀྱང་མཁྱེན་ཏེ། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དོན་ཆེན་པོ་མཛད་ནས་དགེ་སློང་རྣམས་ 230a ༄#། །ལ་བཀའ་སྩལ་པ། དགེ་སློང་དག་།ལྟོས་ཤིག་།ཀླུའི་རྒྱལ་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལས་འདུལ་བ་ཐོས་ནས་འདུལ་བའི་རྟགས་དག་སྟོན་པར་བྱེད། རྗེས་སུ་ཆགས་པའི་རྟགས་དག་སྟོན་པར་བྱེད། རྗེས་སུ་འཛིན་པའི་རྟགས་དག་སྟོན་པར་བྱེད། འདྲེན་པའི་རྟགས་དག་སྟོན་པར་བྱེད། རྣམ་པར་འདྲེན་པའི་རྟགས་དག་སྟོན་པར་བྱེད། མུར་བྱེད་པའི་རྟགས་དག་སྟོན་པར་བྱེད་དེ། འདི་ལྟ་སྟེ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ནས་བཅོམ་ལྡན་འདས་རྫུ་འཕྲུལ་ཆེན་པོའི་བར་དང ། བཅོམ་ལྡན་འདས་གཟི་བརྗིད་ཆེན་པོའི་བར་དག་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས། འཕྲིན་ལས་རྣམ་པར་སྨིན་པ་གང་གིས་བཅོམ་ལྡན་འདས་གནས་མཁྱེན་པ་གྲུབ་ལགས། བཅོམ་ལྡན་ 230b འདས།་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་དགོངས་ཏེ་ལུང་བསྟན་དུ་གསོལ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཐོས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་པས་སྤྱད་པ་སྤྱོད་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ་གྱི་བུ། །ལེགས་སོ། །ལེགས་སོ། །མཽངྒལ་གྱི་བུ། ཁྱོད་གང་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི། མཽངྒལ་གྱི་བུ། ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོའི་ཚོགས་མང་པོའི་དོན་དང ། ཕན་པ་དང ། བདེ་བའི་ཕྱིར་ཞུགས་ཏེ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི། ལེགས་སོ། །མཽངྒལ་གྱི་བུ།་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། ངས་བཤད་དོ། །ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་ལེགས་སོ། །ཞེས་གསོལ་ཏེ།་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ་གྱི་བུ། ང་གནས་ཤེས་པར་བྱ་བའི་དོན་དུ་འདས་པའི་དུས་ཀྱི་ 231a ༄#། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་དག་ལ་བསྙེན་བཀུར་བྱས་ཏེ་ཡོངས་སུ་ཞུས་སོ། །དགེ་བའི་རྩ་བ་བསྐྱེད་པ་དེ་དག་གི་རྣམ་གྲངས་དེས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་འཛིན་ཅེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ན་མེད་པ།་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་འཛིན་དེའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་བྱུང་ངོ ། །དེའི་ཚེ་བྲམ་ཟེ་ཨུཏྤ་ལའི་མིག་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་ཀྱང་བྱུང་སྟེ། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་འཛིན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ལ་གཙུག་ལག་ཁང་དབུལ་བ་ཕུལ་ནས་སྨོན་ལམ་བཏབ་པ། བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་གནས་བགྱི་བའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས། བདག་གནས་ཤེས་པ་ཐོབ་པར་གྱུར་ཅིག་།དེ་ནས་དེ་བཞིན་གཤེགས་པ་ 231b མེ་ཏོག་འཛིན་པ་དེས་ང་ལ་ལེགས་སོ། །ཞེས་བྱ་བ་རྗེས་སུ་གནང་སྟེ། ཨུཏཔ་ལའི་མིག་།ལེགས་སོ། །ལེགས་སོ། །དགེ་བའི་རྩ་བ་འདིས་ཨུཏྤ་ལའི་མིག་ཁྱོད་མ་འོངས་པའི་དུས་ན་གནས་ཤེས་པ་འཐོབ་པར་འགྱུར་རོ། །དགེ་བའི་རྩ་བ་དེས་ང་གནས་ཤེས་པ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསམ་གཏན་པ་ཡི་གནས་བྱས་ཤིང ། །གཙུག་ལག་ཁང་ནི་ཕུལ་བ་ཡི། །དགེ་བའི་རྩ་བ་དེ་ཡིས་ན། །ངས་ནི་གནས་ཀྱི་ཤེས་པ་བསྒྲུབས། །ངས་དགེ་བའི་རྩ་བ་དེ་བསྐྱེད་ནས་འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་གང་དག་ཕྱོགས་བཅུའི་འཇིག་རྟེན་ན་གནས་ཤེས་པ་དང་ཡང་དག་པར་ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་སྟེ། ངས་རྗེས་སུ་ཡི་རང་བའི་བསོད་ནམས་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དགེ་བའི་རྩ་བ་དེས་ང་གནས་ཤེས་པ་དང ། ཀུན་འབྱུང་བ་ཤེས་པ་འགྲུབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གནས་ནི་ཤེས་པར་བྱ་བའི་ཕྱིར། །གང་དག་གཡེལ་བ་མེད་སྤྱོད་པ། །དེ་ཡི་སྤྱོད་ལ་རྗེས་ཡི་རང ། །ངའི་སེམས་རྣམ་པར་མ་གཡོས་ཤིང ། །དགེ་ལ་རྗེས་སུ་ཡི་རང་སྟེ། །མི་དབང་དེ་ཡི་སྤྱོད་པ་ལ། །བསམ་པས་ 232a ༄#། །རྗེས་སུ་ཡི་རང་ནས། །ངས་ནི་དེ་ལྟར་ཀུན་འབྱུང་གྲུབ། །ང་རྟག་པར་རྒྱུན་དུ་ཁམས་གསུམ་ལ་མ་ཆགས་པའི་ཡིད་ཀྱིས་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དེ་དག་ལ་རྗེས་སུ་ཡི་རང་སྟེ། དེ་དག་གི་རྣམ་པར་སྨིན་པ་ལ་ཐེ་ཚོམ་མེད་པའི་དགེ་བའི་རྩབ་དེས་ང་གནས་ཤེས་པ་འགོག་པ་ཤེས་པ་ཐུགས་སུ་ཆུད་དོ། །ལམ་དེའང་བརྩོན་འགྲུས་བརྩམས་པས་ཐུགས་སུ་ཆུད་ཀྱི། ལེ་ལོས་ནི། མ་ཡིན་ཏེ། དགེ་བའི་རྩ་བ་དེས་ང་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཐུགས་སུ་ཆུད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གནས་དང་ཀུན་འབྱུང་ཤེས་པ་དང ། །དེ་བཞིན་འགོག་པ་དག་ལ་ཡང ། །ལམ་གང་གིས་ནི་དེ་འཐོབ་པ། །རྐང་གཉིས་མཆོག་ནི་དེ་མཁྱེན་ཏོ། །ཤེས་པ་དེ་དང་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར། །འདྲེན་པས་དེ་ནི་གྲོལ་བར་བྱེད། །མཽངྒལ་གྱི་བུ། ང་གནས་མ་ཡིན་པ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་བསྐྱེད་དེ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ན་དེ་བཞིན་གཤེགས་པ་མི་གནས་པར་སྤྱོད་པ་ཞེས་བྱ་བ་སྟོན་པ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་མི་གནས་པར་ 232b སྤྱོད་པ་དེའི་ཉན་ཐོས་འདུས་པ་གཅིག་ནི། དྲུག་ཁྲི་བརྒྱད་སྟོང་བྱུང་ངོ ། །དེའི་ཚེ་ན་ཁྱིམ་བདག་ཐོས་སྤྱོད་ཅེས་བྱ་བ་ཞིག་ཀྱང་བྱུང་སྟེ། དེས་དེ་བཞིན་གཤེགས་པ་མི་གནས་པར་སྤྱོད་པ་དེའི་ཡོ་བྱད་ཐམས་ཅད་སྦྱར་ནས་སྨོན་ལམ་འདི་སྐད་བཏབ་བོ། །བདག་དགེ་བའི་རྩ་བ་འདིས་མི་གནས་པའི་ཆོས་ཐོབ་པར་གྱུར་ཅིག་ཅེས་བཏབ་སྟེ། དེའི་རྒྱུར་བྱས་པའི་ཆོས་གང་ལའང་སྨོན་ལམ་མ་བཏབ་བོ། །དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དེས་པ་སྲིད་པ་དང ། འགྲོ་བ་དང ། འཆི་བ་དང ། སྐྱེ་བ་ཐམས་ཅད་ལ་གང་གི་གཞིའི་གནས་ལྡོག་པ་ནི།་ང་ལ་མེད་དེ། དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་ཐུགས་སུ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །རྟེན་པ་མེད་པ་སེམས་ཀྱིས་སུ། །ཚུལ་ཁྲིམས་བཟོད་པའི་སྟོབས་ལ་བརྟེན། །གང་གིས་འགྲོ་བ་སྤུངས་བྱས་པ། །གནས་མ་ཡིན་གྱི་ཤེས་པ་ཐོབ། །ངས་སེམས་ཅན་དཔག་ཏུ་མེད་པ་དག་གནས་མ་ཡིན་པ་ཤེས་པ་ལ་བཙུད་ཅིང་དགེ་བའི་རྩ་བའང་བསྐྱེད་ལ། ང་དགེ་བའི་རྩ་བ་དེ་དག་ལའང་གུས་པར་རྗེས་སུ་ཡི་རང་སྟེ། དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་དང ། ཀུན་འབྱུང་བ་ཤེས་པ་མངོན་པར་གྲུབ་བོ། །དགེ་བའི་རྩ་བ་དེ་དག་ཀྱང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་གཏོགས་པར་ཕུང་པོ་དག་མངོན་པར་ 233a ༄#། །འགྲུབ་པར་བྱེད་པར་གང་ཡང་མ་བསྔོས་སོ། །དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་མངོན་པར་གྲུབ་བོ། །ང་ལམ་གྱི་ཤེས་པ་འདི་བསྒྲུབ་པའི་དོན་དུ་འདི་ལྟ་སྟེ། དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་པ་ནི། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་པ་དཔག་ཏུ་མེད་པ་ན་དེ་བཞིན་གཤེགས་པ་ཟུག་རྡུ་འབྱིན་ཅེས་བྱ་བ་འཇིག་རྟེན་ཏུ་བྱུང་སྟེ། དེའི་ཉན་ཐོས་འབུམ་ཚང་བར་བྱུང་ངོ ། །དེའི་ཚེ་དབང་པོས་བྱིན་ཞེས་བྱ་བ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་ཀྱང་བྱུང་སྟེ། དེ་དེ་བཞིན་གཤེགས་པ་ཟུག་རྡུལ་འབྱིན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་ཡོ་བྱད་ཐམས་ཅད་ལོ་ཁྲིར་སྦྱར་ཏོ། །མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་དབང་པོས་བྱིན་ཞེས་བྱ་བ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་ང་བྲམ་ཟེ་དབང་པོས་བྱིན་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །མཽངྒལ་གྱི་བུ་ཆེན་པོ། དེ་ལྟ་བས་ན། གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་འདོད་པའི་བྱང་ཆུབ་སེམས་དཔས་དགེ་བ་མངོན་པར་འདུས་བྱས་ཏེ། བག་ཡོད་པས་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་པའི་ལམ་ཤེས་པར་ཡོངས་སུ་བསྔོ་བར་བྱའོ། །མཽངྒལ་གྱི་བུ། 233b གཞན་ཡང་དེ་བཞིན་གཤེགས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་པར་བླང་བ་ལ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་མཛད་དོ། །དེ་ལས་ཀྱི་རྣམ་པར་སྨིན་པ་དེས་ཞབས་ཤིན་ཏུ་བརྟན་པར་གནས་ཏེ། སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་མངའ་བར་གྱུར། ཕྱག་བཟང་ཞིང་དཔེ་བྱད་མངའ་བར་གྱུར་ཅིང ། གནས་མ་ཡིན་པ་ཤེས་པའང་བརྙེས་སོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་པར་བླང་བ་དེ་ལ་སྐྱེ་བོ་མང་པོ་ཡང་དག་པར་འཛིན་དུ་བཙུག་སྟེ། དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་བརྙེས་སོ། །བམ་པོ་བཅུ་གསུམ་པ། ངས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་པར་བླང་པ་དེའི་བསྔགས་པ་བརྗོད་དེ།་དེའི་ལས་ཀྱི་རྣམ་པར་སྨིན་པ་དེས་ང་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་བརྙེས་སོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་དག་པར་བླང་བ་དེ་ལ་ངས་སྐྱེ་བོའི་ཚོགས་མང་པོ་རབ་ཏུ་བཀོད་དེ། ལས་ཀྱི་རྣམ་པར་སྨིན་པ་དེས་ང་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །ངས་ཕྱིར་མི་འཕྲོག་པའང་ཐུགས་སུ་ཆུད་དེ། མཽངྒལ་གྱི་བུ། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པར་སྤྱོད་པ་ན་དམ་བཅས་པ་ལས་ནམ་ཡང་འགལ་བར་མ་བྱས་ཏེ། ངས་ཇི་ལྟར་དམ་བཅས་པ་དེ་ལྟར་བྱས་སོ། ། 234a ༄#། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་དཔལ་གྱི་སྙིང་པོ་ཞེས་བྱ་བ་གདུགས་གཅིག་པ། ས་རྣམས་ཀྱི་དབང་ཕྱུག། སྦྱིན་པ་པོ། སྦྱིན་བདག་དམ་བཅས་པར་དོན་ཡོད་པར་བྱེད་པ། །དམ་བཅས་པ་ལས་མི་འདའ་བ་ཞིག་བྱུང་ངོ ། །དེའི་ཚེ་བྲམ་ཟེ་ཚངས་པའི་ལྷ་ཞེས་བྱ་བ་ཞིག་རྒྱལ་པོ་དཔལ་གྱི་སྙིང་པོ་ག་ལ་པ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ཞེས་བརྗོད་དེ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བླངས་པ། །ས་དབང་དཔལ་གྱི་སྙིང་པོ་རྒྱལ་པར་སྤྱན།། ཡོན་ཏན་ལྡན་པས་རྒྱ་མཚོ་སར་བཅས་སྐྱོངས། །བདག་གིས་མཆིས་བྲང་དུ་ནི་སྲས་མོ་སྩོལ། །བདག་སློང་འབྲས་བུ་ཡོད་པར་རྒྱལ་པོས་མཛོད། །བྲམ་ཟེ་དེ་དཀའ་ཐུབ་སྤྱོད་པ་ཡིན་ཏེ། བདག་ལུས་ཤིན་ཏུ་སྐེམ་ལ་སྐྲ་སེར། སོ་མི་སྡུག་ཅིང་དཀར་ལ་གཙིགས་པ། །ཤེལ་གྱི་མིག་ལ་བལྟ་ན་མི་བཟད་ཅིང ། རལ་པའི་ཐོར་ཆུགས་ཅན་དེ་མཐོང་ནས་རྒྱལ་པོ་དེ་འཇིགས་ཤིང་སྐྲག་ལ་མི་དགའ་སྟེ་བ་སྤུའི་ཁུང་བུ་ཟིང་ཞེས་བྱེད་པར་འགྱུར་པ་ནས་འཇིགས་པར་སེམས་པའི་རྗེས་སུ་ཞུགས་པའི་བར་དུ་གྱུར་ཏེ། གལ་ཏེ་བུ་མོ་འདི་མ་བྱིན་ན། དེ་བདག་ལ་དམོད་པ་བྱེད་པར་འགྱུར། །གཞན་ཡང་བདག་གིས་སེམས་ཅན་ཐམས་ཅད་ལ་བཀུར་སྟི་བྱ་བ་ཡིན་ཏེ། བདག་གིས་ 234b དམ་བཅས་པ་དང་ཡང་འགལ་བར་འགྱུར་རོ། །སྙམ་མོ། །བུ་མོ་དེ་ཡུལ་གྱི་བཟང་མོ་ཞེས་བྱ་སྟེ། གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། རྒྱལ་པོའི་ཁྱད་པར་དུ་འཕགས་པའི་ཚུལ་ཐམས་ཅད་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བར་དེ་ལྟར་བདག་གིས་དམ་བཅས་ན། དྲང་སྲོང་འདི་ནི། གཟུགས་མི་སྡུག་ལ། བདག་གི་བུ་མོ་འདི་ནི། མཆོག་ཏུ་གཟུགས་བཟང་བ་ཡིན་ཏེ། འདི་ལྟར་དེའི་བདག་པོར་མི་དགའ་བར་འགྱུར་བས་དམ་བཅས་པ་གཞིག་པར་བྱའོ། །སྙམ་སྟེ། དེ་སེམས་པ་འདི་ལ་ཞུགས་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེ་ནས་བུ་མོ་ཡུལ་གྱི་བཟང་མོ་དེས་ཕ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཡབ་ཅིག་དགོངས་ཤིང་ཤིན་ཏུ་དགོངས་པར་མཛོད། །བྲམ་ཟེའི་ཚིག་ལས་འགལ་བར་མ་མཛད་ཅིག་།འདི་འདྲའི་ལས་ཀྱིས་བདག་བསྐྱེད་ཡབ་ཡུམ་ལའང ། །དབང་མི་མངའ་བས་ཁྱིམ་ཐབ་དེ་སྩོལ་ཅིག་།དེ་ནས་རྒྱལ་པོ་དཔལ་གྱི་སྙིང་པོ་བུ་མོ་དེའི་ཚིག་ཐོས་ནས་མགུ་ཞིང་དགའ་ལ་ཡིད་རངས་ཏེ་རབ་ཏུ་དགའ་ཞིང་བདེ་བ་དང་ཡིད་བདེ་བ་སྐྱེས་ནས་བུ་མོ་ཡུལ་གྱི་བཟང་མོ་དེ་བྲམ་ཟེ་དེ་ལ་བྱིན་ནོ། །དེ་ནས་བྲམ་ཟེ་དེས་བུ་མོ་དེ་བླངས་ནས་སོང་སྟེ་བུ་བསྐྱེད་ནས་ཆུང་མ་དང་བུ་བཞག་སྟེ་ཡང་རབ་ 235a ༄#། །ཏུ་བྱུང་ངོ ། །རྒྱལ་པོ་དེས་བྲམ་ཟེ་དེའི་བསམ་པ་ཡོངས་སུ་རྫོགས་པར་བྱས་པའི་དགེ་བའི་རྩ་བ་དེས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་བརྟུལ་ཞུགས་འདྲ་བར་སྐྱེས་ཏེ། དེ་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་གི་ཚེའི་ཚད་ཡོངས་སུ་རྫོགས་པར་བྱས་ནས་མིར་སྐྱེས་པ་ན་ཕྱིར་མི་འཕྲོག་པའི་ཆོས་ཐམས་ཅད་ཐོབ་བོ། ། མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་གྱི་སྙིང་པོ་ཞེས་བྱ་བ་དེ་གཞན་མ་ཡིན་ཏེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔལ་གྱི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་ཐོབ་ཅིང་བདུད་ཀྱི་ཞགས་པ་ཐམས་ཅད་ཀྱིས་ཀྱང་ཕྱིར་མི་འཕྲོག་གོ་།མཽངྒལ་གྱི་བུ། དེས་ན། ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་དཔག་ཏུ་མེད་པ་དགེ་བའི་རྩ་བ་འདི་ཡང་དག་པར་འཛིན་དུ་བཅུག་པའི་དགེ་བ་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཐོབ་ཅིང ། དགེ་བའི་རྩ་བ་འདིའི་རྣམ་པར་སྨིན་པ་ལ་ཐེ་ཚོམ་མེད་དེ། དེའི་ལས་ཀྱི་རྣམ་པར་སྨིན་པས་ང་གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ་ཐུགས་སུ་ཆུད། མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པའང་བརྙེས་སོ། །ངས་གང་གི་ཚེ་དགེ་བའི་རྩ་བ་འདི་དག་མངོན་པར་འདུས་བྱས་ཏེ་སེམས་ཅན་རྣམས་དགེ་བའི་རྩ་བ་འདི་ལ་བཅུག་པ་ 235b དེས་ང་རབ་ཏུ་དགའ་བ་གཞལ་དུ་མེད་པ་སྐྱེས་ཏེ། དགེ་བའི་རྩ་བ་དེས་ང་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་པའི་ལམ་ཤེས་པ་ཐོབ་སྟེ། ཤེས་པ་གང་དང་ལྡན་པས་བདག་དང་སེམས་ཅན་རྣམས་ཀྱི་གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་སོ་སོར་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གནས་མ་ཡིན་པ་ཤེས་པ་རྒྱུར་བཅས་དང ། །དེ་བཞིན་འགོག་དང་ལམ་དང་སེམས་ཅན་གྱི། །སྤྱོད་དང་བསམ་པ་ངེས་པར་དེ་ཡི་མཐུས། །ངས་ནི་བརྟག་དང་དཔྱོད་པ་ཀུན་ཏུ་ཤེས། །མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་ཡུན་རིང་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་རྟག་པར་རབ་ཏུ་དྲན་པ་ཉེ་བར་བཞག་པ་རྒྱུར་ཏེ་དྲན་པའི་དབང་པོ་གང་གིས་ང་ཤིན་ཏུ་ཉེ་བར་གནས་པས་ཡུན་རིང་པོར་བྱས་པ་དང ། ཡུན་རིང་པོར་བཤད་པ་བརྗོད་དེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ན་དེ་བཞིན་གཤེགས་པ་འཇིགས་སྒྲོག་བླ་མ་ཞེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་འཇིགས་སྒྲོག་བླ་མ་དེའི་རིམ་གྲོ་བ་དགེ་སློང་ཡིད་དུ་འོང་ཞེས་བྱ་བར་འགྱུར་ཏེ། དེ་ལ་བྱེ་བ་ཕྲག་དྲག་ཅུར་དེ་བཞིན་གཤེགས་པ་འཇིགས་སྒྲོག་བླ་མ་དེའི་རིམ་གྲོ་པ་བྱས་ཤིང་ཡིད་དུ་ 236a ༄#། །འོང་སྟེ།་ཡིད་དུ་མི་འོང་བ་མ་ཡིན་པས་བཤད་པའང་འཛིན་ལ། རང་གི་དོན་ཀྱང་མི་གཏོང་ངོ ། །སངས་རྒྱས་ཀྱི་ཞིང་གི་བསྐལ་པ་གཅིག་པོ་དེ་ལ་སངས་རྒྱས་ཁྲི་ཉིས་སྟོང་བྱུང་སྟེ། དེ་དག་ཐམས་ཅད་ཀྱི་རིམ་གྲོ་པར་ཡང་དགེ་སློང་ཡིད་འོང་དེ་གྱུར་ཏོ། །དེ་ལྟར་ཕྱིས་དེ་བཞིན་གཤེགས་པ་སྟོབས་ཀྱི་ཤུགས་བརྙེས་ཞེས་བྱ་བ་བྱུང་སྟེ། དེའི་རིམ་གྲོ་པར་ཡང་དགེ་སློང་ཡིད་འོང་དེ་གྱུར་ཏེ། དེ་དགེ་བའི་རྩ་བ་དེས་ལྷ་དང་མི་རྣམས་སུ་སྐྱེས་སོ། །མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་དགེ་སློང་ཡིད་འོང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དགེ་སློང་ཡིད་འོང་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་འདས་པ་ཤེས་པ་ཐོབ་ཅིང ། དྲན་པ་ཤེས་པ་དེ་ངས་སྐྱེ་བོ་མང་པོ་ཡང་དག་པར་འཛིན་དུ་བཅུག་ཅིང ། གཞན་དག་གི་དགེ་བའི་རྩ་བ་ལའང་ཡིད་དགའ་བས་རྗེས་སུ་ཡིད་རངས་ཏེ། དགེ་བའི་རྩ་བ་དེས་ང་འདས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་བརྙེས་སོ། །དགེ་བའི་རྩ་བ་དེ་དང་ཤེས་པ་དེའང་ཤེས་པ་གང་གིས་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་དེས་འདས་པ་ཤེས་པ་འགོག་པ་ཤེས་པ་མངོན་སུམ་དུ་བྱས། ཐབས་གང་གིས་ང་སྤྱད་པ་སྤྱོད་པ་ན་དེ་སྐྱེ་བོའི་ཚོགས་མང་པོ་ཤེས་པ་དེ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་ 236b དེས་ང་འདས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །མཽངྒལ་གྱི་བུ། ང་མ་འོངས་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དཀའ་བ་མང་པོ་བྱས་ཏེ། གཏང་བར་དཀའ་བ་བཏང་ནས་ཇི་ལྟར་མ་འོངས་པའི་དུས་ན་བདག་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བར་གྱུར་ཅིག་སྙམ་མོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ན་དེ་བཞིན་གཤེགས་པ་ཡེ་ཤེས་གསལ་བའི་སྒྲོན་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཡེ་ཤེས་གསལ་བའི་སྒྲོན་མ་དེའི་འཁོར་ཉན་ཐོས་འབུམ་བྱུང་ངོ ། །དེ་མ་འོངས་པའི་དུས་ལས་བརྩམས་ཉན་ཐོས་རྣམས་ལ་ཆོས་སྟོན་པ་དེའི་ཚེ་དགེ་སློང་རྟག་ཏུ་བརྩོན་འགྲུས་རྩོམ་པ་ཞེས་བྱ་བ་དེའི་འཁོར་ཉིད་དུ་འདུས་ཏེ་འདུག་པར་གྱུར་པ་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་བདག་མ་འོངས་པའི་དུས་ན་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་པར་གྱུར་ཅིག་སྙམ་ནས་དེ་དེ་བཞིན་གཤེགས་པ་ཡེ་ཤེས་གསལ་བའི་སྒྲོན་མ་དེ་ལ་གསེར་གྱི་མེ་ཏོག་ཆེན་པོ་མངོན་པར་གཏོར་ཏེ་སྨོན་ལམ་བཏབ་པ། ཀྱེ་ཨེ་མ་བདག་མ་འོངས་པའི་དུས་ན་འདི་ལྟ་བུའི་ཡེ་ཤེས་སྐྱེ་བར་གྱུར་ཅིག་ཅེས་བཏབ་སྟེ། དགེ་བའི་རྩ་བ་དེས་ང་མ་འོངས་པ་ཤེས་པ་བརྙེས་སོ། །དགེ་བའི་རྩ་བ་དེས་ཀྱང་ང་རྟེན་ཅིང་འབྲེལ་པར་ 237a ༄#། །འབྱུང་བ་མཁྱེན་ཏེ། དགེ་བའི་རྩ་བ་དེས་ང་མ་འོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་བརྙེས་སོ། །རྒྱུ་དང་རྐྱེན་གང་ཞིག་ཡོད་ན། མ་འོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་ཀྱི། དེའི་རྒྱུ་མེད་ན། དེ་ལྟ་བུ་རབ་ཏུ་ཤེས་པར་མི་འགྱུར་ཏེ། དགེ་བའི་རྩ་བ་དེས་ང་མ་འོངས་པ་ཤེས་པ་འགོག་པ་ཤེས་པ་མངོན་སུམ་དུ་བྱས་སོ། །ང་མཆོག་ཏུ་དགའ་བ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བསྟན་ཏེ། ཤེས་པ་དེ་མངོན་པར་དགའ་ཞིང་ཡོངས་སུ་དག་པའི་ཚུལ་ཁྲིམས་ཀྱི་དགེ་བའི་རྩ་བས་ང་མ་འོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །མཽངྒལ་གྱི་བུ། གཞན་ཡང་ད་ལྟར་བྱུང་བའི་ཤེས་པ་བསྒྲུབ་པའི་དོན་དུ་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐའ་ཡས་སྤྱན་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ།་དེ་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་པ་ལ་ད་ལྟར་བྱུང་བའི་དུས་ལས་བརྩམས་ཏེ་ཆོས་སྟོན་ཏོ། །དེའི་ཚེ་བྲམ་ཟེ་བློ་ལྡན་ཞེས་བྱ་ 237b བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་ཀྱང་དེའི་འཁོར་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་སྤོབས་པ་ཐོགས་པ་མེད་པས་ད་ལྟར་གྱི་དུས་ལས་བརྩམས་ནས་ཆོས་སྟོན་པ་བྲམ་ཟེ་བློ་ལྡན་ཤིང་སཱ་ལ་ཆེན་པོ་ལྟ་བུས་ཐོས་སོ། །ཐོས་ནས་ཀྱང་དེ་བཞིན་གཤེགས་པ་དེའི་དྲུང་ནས་ངོ་མཚར་དུ་བྱ་བ་གཞལ་དུ་མེད་པ་ཞིག་སྐྱེས་པར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པས་ད་ལྟར་བྱུང་བའི་དུས་ལས་བརྩམས་ནས་སྤོབས་པ་ཐོགས་པ་མེད་པས་ཆོས་སྟོན་པ་འདི་ནི། ངོ་མཚར་ཏོ། །འདི་ནི། རྨད་དུ་བྱུང་བའོ། །སྙམ་མོ། །དེ་དེ་བཞིན་གཤེགས་པའི་དྲུང་ནས་ངོ་མཚར་དུ་བྱ་བ་ཐོབ་ནས་དེ་བཞིན་གཤེགས་པ་དེ་ལ་རིན་པོ་ཆེའི་མེ་ཏོག་གཏོར་ཏེ་སྨོན་ལམ་བཏབ་པ། ཀྱེ་ཨེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སྤོབས་པ་ཐོགས་པ་མེད་པ་ཐོབ་པར་བྱ་བའི་ཕྱིར་ཆོས་སྟོན་པར་གྱུར་ཅིག་ཅེས་བཏབ་སྟེ། དེ་ལས་ཀྱི་རྣམ་པར་སྨིན་པ་དེས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུར་ལོག་པར་ལྟུང་བར་མ་སོང་ངོ ། །མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་བྲམ་ཟེ་བློ་ལྡན་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་བློ་ལྡན་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་ད་ལྟར་བྱུང་བའི་དུས་ལ་སྒྲིབ་ 238a ༄#། །པ་མེད་པའི་ཡེ་ཤེས་སྐྱེས་ཏེ། ངས་ད་ལྟར་བྱུང་བའི་ཤེས་པ་དེ་ལ་སྐྱེ་བོའི་ཚོགས་མང་པོ་བཙུད་དོ། །དགེ་བའི་རྩ་བ་དེས་ངད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་མངོན་པར་གྲུབ་སྟེ། ད་ལྟར་བྱུང་བའི་ཤེས་པ་དེའང་ངས་མངོན་སུམ་དུ་བྱས་ཤིང་ཡང་དག་པར་རབ་ཏུ་བསྟན་པས་སྐྱེ་བོའི་ཚོགས་མང་པོ་དག་ཀྱང་མངོན་སུམ་དུ་བྱས་སོ། །དགེ་བའི་རྩ་བ་དེས་ང་ད་ལྟར་བྱུང་བ་ཤེས་པ་འགོག་པ་ཤེས་པ་མངོན་སུམ་དུ་བྱས་ཏེ། ལམ་གང་གིས་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་མངོན་སུམ་དུ་བྱས་པ་དེ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ལ་བསྙེན་བཀུར་བྱས་ཤིང་ཡོངས་སུ་ཞུས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱི་འང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐའ་ཡས་གཟིགས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེའི་ཉན་ཐོས་ཀྱི་དགེ་འདུན་ཐེར་འབུམ་ཕྲག་བདུན་བྱུང་ངོ ། །དེ་ཉན་ཐོས་ཀྱི་དགེ་འདུན་དེའི་ནང་དུ་བཞུགས་ནས་ད་ལྟར་ 238b བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ལས་བརྩམས་ཏེ་ལམ་འདིས་ད་ལྟར་བྱུང་བའི་ཚུལ་ཡོངས་སུ་ཤེས་པར་བྱའོ། །ཞེས་ཆོས་སྟོན་ཏོ། །དེའི་ཚེ་རྒྱལ་རིགས་ས་གའི་བཤེས་གཉེན་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེའི་འཁོར་ཉིད་དུ་འདུས་ཏེ་འདུག་པར་གྱུར་ནས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་བྱུང་བ་མཁྱེན་པ་འགོག་པར་འགྱུར་བའི་ལམ་ལས་བརྩམས་ནས་གང་འདི་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་དང ། ཉོན་མོངས་པ་སྣ་ཚོགས་དག་སྤྱོད་པ་ལ་ལམ་གྱི་ཆོས་སྟོན་པ་ཐོས་པར་འཚལ་ལོ། །དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་ངེས་རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ས་གའི་བཤེས་གཉེན། ཁྱོད་འདི་ལྟར་ཡུན་རིང་པོར་ཆོས་ཟབ་མོ་སྤྱད། ཟབ་མོའི་ཚུལ་ལ་རབ་ཏུ་གནས་ཤིང་སྔོན་གྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ཏེ་སྐྱེ་བོའི་ཚོགས་མང་པོའི་དོན་དུ་བསམ་ནས་ཟབ་མོ་དེ་དག་ཞུ་བ་ཞུས་པ་དེ་ལེགས་སོ་ལེགས་སོ། །ས་གའི་བཤེས་གཉེན། དེའི་ཕྱིར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་ 239a ༄#། །པོ་ལྟ་བུས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ས་གའི་བཤེས་གཉེན། སེམས་ཅན་དག་གཟུགས་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི། མི་གཙང་བའོ། །སེམས་ཅན་དག་སྒྲ་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི། མི་རྟག་པའི་འདུ་ཤེས་སོ། །དེ་བཞིན་དུ་སེམས་ཅན་དག་དྲི་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི། སྟོང་པ་ཉིད་དོ། །སེམས་ཅན་དག་རོལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི། མི་མཐུན་པའི་འདུ་ཤེས་སོ། །སེམས་ཅན་དག་རེག་བྱ་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི། སྡུག་བསྔལ་བའི་འདུ་ཤེས་སོ། །སེམས་ཅན་དག་ཆོས་ལ་འདོད་ཆགས་སྤྱོད་པའི་གཉེན་པོ་ནི། བདག་མེད་པའི་འདུ་ཤེས་སོ། །ས་གའི་བཤེས་གཉེན། ཚུལ་འདིས་ནི། སེམས་ཅན་དག་ཇི་ལྟར་སྤྱོད་པའི་གཉེན་པོ་བསྟན་པར་བྱ་སྟེ། ས་གའི་བཤེས་གཉེན། གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་ལམ་ཡོད་ཅིང་ལམ་གྱི་སྤྱོད་པ་ཡོད་དེ། འདི་ལྟ་སྟེ། ཐེ་ཚོམ་མེད་པའི་སྨན་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སོ། །ས་གའི་བ་ཤེས་གཉེན། གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཐེ་ཚོམ་མེད་པར་ལམ་གང་ལ་ 239b སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལམ་གྱི་མཆོག་ལ་ལམ་གང་གིས་ཡང་དག་པར་སྤོང་བ་འདི་ལྟ་སྟེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །ས་གའི་བ་ཤེས་གཉེན། འདི་ལྟ་སྟེ།་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་འདིའང་ཐམས་ཅད་ཀྱི་སྤྱོད་པ་ཐེ་ཚོམ་མེད་པའི་ལམ་འཆིང་བ་ཐམས་ཅད་ཡང་དག་པར་གཅོད་པར་འགྱུར་རོ། །ས་གའི་བཤེས་གཉེན། ངས་འདི་བསྒྲུབ་པའི་ཕྱིར་སྔོན་གྱི་སངས་རྒྱས་བྱེ་བ་ཕྲག་ཁྲིག་དག་ལ་བསྙེན་བཀུར་བྱས་ཏེ། དེ་ལྟར་ང་དགེ་བའི་རྩ་བ་བསྐྱེད་ཅིང་དགེ་བའི་རྩ་བ་དེ་དག་གིས་ང་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་བསྒྲུབས་སོ། །མཽངྒལ་གྱི་བུ། དེ་ནས་རྒྱལ་རིགས་ས་གའི་བ་ཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེ་ལ་རིན་པོ་ཆ་ཐམས་ཅད་ཀྱི་མེ་ཏོག་གིས་མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས་ལུས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ། །མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་རིགས་ས་གའི་བཤེས་གཉེན་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་ད་ལྟར་བྱུང་བ་ཤེས་པ་འགོག་པར་ 240a ༄#། །འགྱུར་བའི་ལམ་ཤེས་པ་མངོན་པར་ཡང་དག་པར་ཐུགས་སུ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། རྒྱལ་བ་ཀུན་གཟིགས་སྐྱོབ་ལ་བཀུར་སྟི་བྱས་པས་སུ། །དགེ་རྩ་དེ་ཡིས་དེ་ལྟར་བྱུང་ཤེས་ང་རྣམ་སྦྱངས། །དེ་འདྲའི་དགེ་རྩ་མེད་ན་ཀུན་མཐོང་མི་ནུས་ཏེ། །དགེ་རྩ་གང་གིས་ད་ལྟར་བྱུང་ཤེས་ང་རྣམ་སྦྱངས། །ང་ནི་ཆོས་གང་མི་ཤིས་ཅི་ཡང་མེད་པས་ན། །བདུད་ཀྱི་ཞགས་པའི་རྒྱུད་ལས་སེམས་ཅན་ཐར་པར་བྱ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཡོངས་སུ་དྲི་བའི་རང་བཞིན་ཅན་དུ་བྱ་སྟེ། །མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་ཡོངས་སུ་འདྲི་བའི་རང་བཞིན་ཅན་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པའི་འཁོར་བ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཁྲིད་མཛད་ཅེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཛམྦུའི་གླིང་འདི་ཞེང་དཔག་ཚད་དྲུག་ཁྲིར་གྱུར་ཅིང ། ཀུན་ནས་གྲུ་བཞི་ལ་ཇི་ཙམ་དུ་སྲིད་དུ་ཡོད་པ་དེ་ཙམ་དུ་ཞེང་དུའང་གྲུ་བཞི་སྟེ། འདི་ལྟ་སྟེ། མཛེས་པར་སྤྲུལ་པ་ཤིན་ཏུ་རྣམ་པར་ཕྱེ་བ་མིག་མང་ 240b རིས་སུ་བྲིས་པ། གསེར་གྱི་གདུགས་ཀྱིས་ཤིན་ཏུ་བཀབ་པ། ལག་མཐིལ་ལྟར་མཉམ་པར་གྱུར་ཏོ། །དེའི་ཚེ་ང་ཛམྦུའི་གླིང་གི་རྒྱལ་པོར་གྱུར་ཏེ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རྒྱལ་བའི་སྡེ་ཞེས་བྱའོ། །དེའི་བུ་སྟོང་ཚང་བར་བྱུང་སྟེ། དེའི་བུ་ཕུ་བོ་གཞོན་ནུ་ཞི་བའི་བློ་གྲོས་ཞེས་བྱ་བ་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ལ་འདྲིས་པར་བྱས་པ། སྟོང་པ་ཉིད་ལ་མོས་པ། ཆོས་ཟབ་མོའི་བཟོད་པ་དང་ལྡན་པ། རྒྱ་ཆེན་པོ་ལ་མོས་ཤིང ། ཆོས་དམན་པ་ལ་མ་མོས་ཏེ། ཆོས་དམན་པ་ལ་རྣམ་པར་སྨོད་པ། བློ་གྲོས་ཤིན་ཏུ་ཞིབ་པ་ཞིག་བྱུང་ངོ ། །དེ་ནས་རྒྱལ་པོ་རྒྱལ་བའི་སྡེ་འདི་སྙམ་དུ་གྱུར་ཏེ། གཞོན་ནུ་འདི་ནི། ཤིན་ཏུ་བློ་ཟབ་ཅིང་ཆོས་དང་ལྡན་པ་ཡིན་ཏེ། བདག་གིས་དེའི་བསམ་པ་ཡོངས་སུ་རྫོགས་པར་བྱའོ། །སྙམ་ནས་ངས་དེ་ལ་སྨྲས་པ། གཞོན་ནུ། ཁྱོད་ཀྱི་བྱ་བ་ཅི་ཡོད། དེས་སྨྲས་པ། ཡབ། གལ་ཏེ་བདག་ལ་ཐུགས་དཔག་མཛད་ན། དགེ་སྦྱོང་དང་བྲམ་ཟེ་མང་དུ་ཐོས་པ་ལས་བསྡུར་གསོལ། ཡབ། དེ་དག་ཆོས་རྣམས་ལ་ཐེ་ཚོམ་མཆིས་ཏེ། དེ་བདག་གིས་དྲི་བར་བགྱི་ན། འདི་ལྟར་ཆོས་ཀྱི་ཐེ་ཚོམ་གཅོད་པ་རྡོ་ཐོགས་པ་དེ་འཚལ་ཏོ། །དེ་ནས་རྒྱལ་བོ་རྒྱལ་བའི་སྡེ་དེ་གཞོན་ནུ་ཞི་བའི་བློ་གྲོས་ཀྱི་ཚིག་ཐོས་ནས་གང་འཇིག་རྟེན་གྱི་ཁམས་ན་དགེ་སྦྱོང་དང་བྲམ་ 241a ༄#། །ཟེ་མཁས་པ། བློ་གྲོས་མཐུན་པ། སྤྱོད་པ་མ་ཉམས་པ་དེ་དག་རྒྱལ་པོ་རྒྱལ་བའི་སྡེ་དེའི་སྐྱེད་མོས་ཚལ་གྱི་གནས་སུ་བསྡུས་སོ། །དེ་ནས་གཞོན་ནུ་ཞི་བའི་བློ་གྲོས་དགེ་སྦྱོང་དང ། བྲམ་ཟེ་མཁས་པ་དེ་དག་དང་ལྡན་ཅིག་ཏུ་སྐྱེད་མོས་ཚལ་ག་ལ་བ་དེར་དོང་ངོ ། །དེ་ནས་གཞོན་ནུ་ཞི་བའི་བློ་གྲོས་དང ། དགེ་སྦྱོང་དང ། བྲམ་ཟེ་མཁས་པ་དཔྱོད་པ་དེ་དག་དང་ལྷན་ཅིག་ཏུ་ཆོས་བགྲོ་བར་བྱེད་དོ། །འཕགས་པ་དག་།འཇིག་རྟེན་ན་ཅི་གནོད། དེ་ལ་ཁ་ཅིག་གིས་འདི་སྐད་སྨྲས་སོ། །དབུལ་བ་ནི། འཇིག་རྟེན་ན་གནོད་དེ། དབུལ་བས་ཉེན་པའི་སེམས་ཅན་དག་ནི། ཅི་ནས་ཀྱང་བདག་དེ་ལ་བརྟེན་ཏེ་བདེ་བར་བྱའོ། །སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །བརྙས་པ་ནི། འཇིག་རྟེན་ན་གནོད་དེ། བརྙས་པར་བྱ་བའི་སེམས་ཅན་དག་ནི། ཅི་ནས་ཀྱང་དེ་ལ་བརྟེན་ཏེ་བརྙས་སུ་མི་འདོད་དོ། །སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །ངག་དང་མི་ལྡན་པ་ནི། འཇིག་རྟེན་ན་གནོད་དོ། ངག་ཉམས་པའི་སེམས་ཅན་དག་ནི། ཅི་ནས་ཀྱང་དེ་ལ་བརྟེན་ཏེ་བདེ་བར་བྱའོ། །སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །བློ་དང་མི་ལྡན་པ་ནི། འཇིག་རྟེན་ན་གནོད་དེ། བློ་རྣམ་པར་ཉམས་ 241b པའི་སེམས་ཅན་དག་ནི། ཅི་ནས་ཀྱང་བདག་དེ་ལ་བརྟེན་ཏེ་བློ་ཐོབ་པར་བྱས་ལ་བློའི་སྟོབས་བསྐྱེད་པ་གང་གིས་བདེ་བར་འཚོ་བར་བྱའོ། །སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། ། ཁ་ཅིག་གིས་འདི་སྐད་སྨྲས་སོ། །དོན་ཡོངས་སུ་ཉམས་པ་ནི། འཇིག་རྟེན་ན་གནོད་དེ། དོན་ཡོངས་སུ་ཉམས་པའི་སེམས་ཅན་དག་ནི། ཅི་གནས་ཀྱང་དེ་ལ་བརྟེན་ཏེ་དོན་ཡོངས་སུ་ཉམས་པ་མེད་པར་བྱའོ་སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །མཛའ་བ་ཤེས་དང་བྲལ་བ་ནི། འཇིག་རྟེན་ན་གནོད་དེ། མཛའ་བ་ཤེས་དང་བྲལ་བའི་སེམས་ཅན་དག་ནི། ཅི་ནས་ཀྱང་དེ་ལ་བརྟེན་ཏེ་བདེ་བར་འཚོ་བར་བྱའོ། །སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །བཟོ་མི་ཤེས་པ་ནི། འཇིག་རྟེན་ན་གནོད་དེ། བཟོ་མི་ཤེས་པའི་སྐྱེས་བུ་དག་ནི། ཅི་ནས་ཀྱང་དེ་ལ་བརྟེན་ཏེ་བདོ་བར་འཚོ་བར་བྱའོ། །སྙམ་ནས་གཞན་ལ་རྟེན་པར་བྱེད་དོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །རྒྱལ་སྲིད་ཉམས་པ་ནི། འཇིག་རྟེན་ན་གནོད་དེ། རྒྱལ་སྲིད་ཉམས་ན་རྒྱལ་པོ་ལ་རྟེན་པ་ཐམས་ཅད་སྡུག་བསྔལ་བར་འགྱུར་རོ། ། གཞན་དག་གིས་འདི་སྐད་སྨྲས་སོ། །རྒྱལ་པོ་ལ་བརྙས་ན་སྡུག་བསྔལ་ཞིང ། རྒྱལ་པོའི་བློན་པོ་ལ་བརྙས་ནའང་སྡུག་བསྔལ་བར་འགྱུར་རོ། །གཞན་དག་གིས་འདི་ 242a ༄#། །སྐད་སྨྲས་སོ། །ཆུང་མ་མ་གུས་པ་དག་ནི། འཇིག་རྟེན་ན་གནོད་དེ། ཁྱིམ་ཐབ་འཁྲུགས་ན། གསོད་པར་འགྱུར་རོ། །གཞན་དག་གིས་འདི་སྐད་སྨྲས་སོ། །གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བ་ནི། འཇིག་རྟེན་ན་གནོད་དེ། གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བའི་སེམས་ཅན་དག་ནི། རྒྱུ་དེས་ཉོན་མོངས་པར་འགྱུར་ཏེ།་དེ་ལྟ་བས་ན། གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བ་ནི། འཇིག་རྟེན་ན་གནོད་དོ། །གཞན་དག་གིས་འདི་སྐད་སྨྲས་སོ། །ཆོག་མི་ཤེས་པ་ནི། འཇིག་རྟེན་ན་གནོད་དེ།་ཆོ་ག་མི་ཤེས་པའི་སྐྱེས་བུ་ནི། ལྕགས་ཀྱི་ལམ་དང ། ཕུར་བུའི་ལམ་དང ། སྤའི་ལམ་ནས་འགྲོ་ཞིང་ཆོག་མི་ཤེས་པའི་སྐྱེ་བུ་ཆགས་པས་ཟིལ་གྱིས་ནོན་པའི་སེམས་ཀུན་ནས་འཛིན་པས་ནོར་གྱི་ཕྱིར་གཞན་གྱི་ཁྱིམ་དུ་འཇུག་སྟེ། དེ་ནི། དེ་ལས་ཉོན་མོངས་པར་འགྱུར་རོ། །གཞན་དག་གིས་འདི་སྐད་སྨྲས་སོ། །བྱས་པ་མི་གཟོ་བ་ནི། འཇིག་རྟེན་ན་གནོད་དེ། བྱས་པ་མི་གཟོ་བའི་སྐྱེས་བུ་ནི། ཕན་པ་བྱེད་པ་ལ་མི་ལྟ་སྟེ། དེ་སྔོན་ཕན་པ་བྱས་པ་ལ་མི་རྟོག་ཅིང ། སྔོན་གྱི་ཕན་པ་བྱེད་པ་ལ་མི་ལྟ། དེ་སྔོན་ཕན་པ་བྱས་པའི་དོན་ལ་མི་རྟོག་ཅིང ། སྔོན་གྱི་ཕན་པ་རྣམ་པར་འཇིག་པར་བྱེད་ལ། །བྱས་པ་མི་གཟོ་བ་ཕལ་ཆེར་གནོད་པར་བྱ་བ་ 242b སེམས་ཏེ། འདི་སྐད་ཅེས་ཐོས་སོ། །སྐྱེས་བུ་གང་ཞིག་ཚལ་གྱི་ནང་དུ་སོང་བ་ལས་སྤྲིན་ནག་པོ་བྱུང་ནས་མགོན་མེད་སྐྱབས་མེད་པ་ལས་དོམ་ཞིག་གིས་བསྐྱབས་ཏེ། དེ་དེས་ཁྲིད་ནས་རང་གི་གནས་སུ་བཅུག་གོ་།དེ་དེར་ཞག་བདུན་དུ་འབྲས་བུ་དང་རྩ་བས་གསོས་ཏེ། འདི་གྲང་བས་སྡུག་བསྔལ་སྐྱེས་པ་མེད་པར་བྱའོ། །སྙམ་ནས་བཟུང་སྟེ་མཆན་དུ་བཅུག་གོ་།དེ་ནས་ཞག་བདུན་འདས་པ་དང་སྤྲིན་ནག་པོ་དེ་མེད་དེ་དེའི་གནས་ནས་ཕྱུང་སྟེ་བཏང་ངོ ། །དེ་ནས་སྔོན་གྱི་ཕན་བཏགས་པ་ཡོངས་སུ་བཏང་སྟེ་རྔོན་པ་གཞན་དག་གིས་མཐོང་བར་བྱས་ནས་དོམ་དེ་བསད་དོ། །དེ་ལྟ་བས་ན། བྱས་པ་མི་གཟོ་བ་ཉིད་ནི། འཇིག་རྟེན་ན་སྡུག་བསྔལ་ཏེ། འདི་ལྟར་སྡུག་བསྔལ་གྱི་རྣམ་པ་མང་པོ་སྣ་ཚོགས་རབ་ཏུ་བསྟན་ཏོ། །དེ་ནས་གཞོན་ནུ་ཞི་བའི་བློ་གྲོས་ཀྱིས་དགེ་སྦྱོང་དང ། བྲམ་ཟེ་མཁས་པ་དག་ལ་འདི་སྐད་ཅེས་སྨྲས་སོ། །གང་གི་ཚེ་ཚེ་དང་ལྡན་པ་ཁྱེད་ཅག་གིས་སྡུག་བསྔལ་དང ། གནོད་པ་སྣ་ཚོགས་བཤད་པ་ནི། བདག་རྗེས་སུ་ཡི་རང་ངོ ། །གཞན་ཡང་བདག་གིས་འཇིག་རྟེན་ན་གནོད་པ་གསུམ་མཐོང་སྟེ། གནོད་པ་གང་གིས་སེམས་ཅན་དག་གནོད་ཅིང་སྡུག་བསྔལ་བར་གྱུར་པ་གསུམ་གང་ཞེ་ན། རྒ་བས་གནོད་པ་དང ། ན་བས་གནོད་པ་དང ། འཆི་བས་གནོད་པ་ 243a ༄#། །སྟེ། གསུམ་པོ་འདི་དག་གིས་འཇིག་རྟེན་གནས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པ་གནོད་བས་གནོད་དེ། དེ་ལས་ངེས་པར་འབྱུང་བ་ཡང་དག་པར་རབ་ཏུ་མི་ཤེས་སོ། །དེ་བཞིན་གཤེགས་པ་བར་སྣང་ལ་ཁྲིད་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་སྐྱེ་བ་དང ། རྒ་བ་དང ། ནད་དང ། འཆི་བ་ལས་ཡང་དག་པར་འདའ་བའི་ཆོས་སྟོན་ཏོ། །ཞེས་དེ་སྐད་ཐོས་ཏེ། ཁྱེད་ཅག་ཚུར་ཤོག་།ལྷན་ཅིག་ཏུ་བཅོམ་ལྡན་འདས་དེའི་དྲུང་དུ་དོང་ལ་འཇིག་རྟེན་ན་གནོད་པ་དུ་མཆིས་ཞེས་ཞུ་བར་བྱའོ། །བཅོམ་ལྡན་འདས་དེ་ཇི་ལྟ་བ་བཞིན་དུ་ལུང་སྟོན་ཏེ། དེ་ལྟར་དོན་གཟུང་བར་བྱའོ། །དེ་ནས་གཞོན་ནུ་ཞི་བའི་བློ་གྲོས་སྲོག་ཆགས་བྱེ་བ་ཕྲག་དྲུག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ཁྲིད་མཛད་དེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།སྲོག་ཆགས་བྱེ་བ་ཕྲག་དྲུག་པོ་དེ་དག་ཀྱང་སོ་སོར་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །རྒྱལ་པོ་གཞོན་ནུ་ཞི་བའི་བློ་གྲོས་ཕྱོགས་གཅིག་ཏུ་འདུག་པས་དེ་བཞིན་གཤེགས་པ་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ཤིན་ཏུ་དྲི་མེད་ཐུགས་ཞི་ལྷར་བཅས་པའི།། 243b འཇིག་རྟེན་ཁྲིད་མཛད་ཁྱོད་ལ་ཞུ་བ་ནི། །འགྲོ་བ་སྤྱོད་པའི་གནོད་པ་གང་ལགས་པ། །ཀུན་ཏུ་སྤྱན་མངའ་དེ་དག་བདག་ལ་གསུངས། །ཆགས་པ་གང་གིས་འགྲོ་བའི་གནོད་པ་དག་།ཕན་མཛད་བརྩེ་ལྡན་དེ་དག་བདག་ལ་གསུངས། །གང་ཞིག་ཐོས་ནས་སྐྱེ་བོའམ་གལ་ཏེ་བདག་།རབ་ཏུ་ཐར་པར་བགྱི་བ་འཚལ་བར་བགྱི། །གཞོན་ནུའི་ཚིག་དེས་ཤིན་ཏུ་ཡོན་ཏན་ལྡན། །ཞུ་བ་འདི་ནི་ཁྲིད་མཛད་གསན་ནས་ཀྱང ། །རྒྱལ་བ་ཆོས་རྣམས་ཐམས་ཅད་ཐུགས་ཆུད་པའི། །འདྲེན་པས་འཇིག་རྟེན་ཕན་ཕྱིར་ལུང་བསྟན་པ། །གང་གིས་སྐྱེ་བ་གནོད་པའི་རྣམ་པ་ནི། །རྒ་དང་ནད་དང་འཆི་དང་མྱ་ངན་དང ། །རྣམ་པ་སྣ་ཚོགས་སྡུག་བསྔལ་གནོད་འགྱུར་བ། །འགྲོ་བ་ཉེ་བར་ཉོན་མོངས་མི་ཤེས་སོ། །སྐྱེས་མ་ཐག་ཏུ་སྔོན་གྱི་ལས་ཀྱིས་སུ། །ངན་པའམ་བཟང་པོའི་རྗེས་སུ་མྱུར་དུ་འགྲོ། །དེ་བཞིན་དམའ་བའམ་མཐོ་བའི་རིགས་སུ་སྐྱེ། །ཁྱད་པར་དེ་ཡིས་ཁ་དོག་ཕུན་སུམ་ཚོགས། །གཟུགས་ངན་པའམ་མངོན་པར་གཟུགས་བཟང་དང ། །བུད་མེད་སྐྱེས་པ་དེ་བཞིན་མ་ནིང་ངམ། །ཚངས་པ་དེ་བཞིན་རྒྱལ་རིགས་རྗེའི་རིགས་དམངས། །དབུལ་བའམ་དེ་བཞིན་ལོངས་སྤྱོད་ལྡན་པ་འམ། །དབང་པོ་ཉམས་པ་མེད་པ་འཐོབ་པའམ། །དེ་བཞིན་དབང་པོ་དག་ནི་མ་ཚང་བ། །སྐྱེ་བ་སྲིད་པ་དེ་ཡིས་ 244a ༄#། །གནོད་པ་ཡིན། །རྒ་དང་ནད་དང་འཆི་བ་སྡིག་ཡིན་ཏེ། །ཁྲོ་བ་སྤངས་པས་གཟུགས་བཟང་ཐོབ་འགྱུར་ལ། །ཁྲོ་བ་བསྐྱེད་པས་གཟུགས་ངན་ཐོབ་པར་འགྱུར། །ང་རྒྱལ་བསྐྱེད་པས་བརྙས་པ་འཐོབ་འགྱུར་ལ། །ང་རྒྱལ་སྤངས་པས་བཀུར་སྟི་ཐོབ་པར་འགྱུར། །སྲོག་ཆགས་བསད་པས་ཚེ་ནི་ཐུང་འགྱུར་ལ། །སྲུང་བ་བྱས་པས་ཚེ་རིང་ཚེ་འཕེལ་འགྱུར། །སྲོག་ཆགས་གཙེས་པས་ངན་འགྲོར་དེ་འགྲོལ། །མི་ཡི་སྐྱེ་བར་དེ་ནི་ནད་ཅན་འགྱུར། །མི་ཡི་འཇིག་རྟེན་སེམས་ཅན་བསྲུངས་བྱས་ཤིང ། །སྡུག་བསྔལ་མང་པོ་འཇིགས་ལས་དབུགས་བྱུང་བ། །ལས་དེ་བྱས་པས་མི་ནི་སྤངས་ནས་སུ། །ལྷ་གནས་དག་ཏུ་དེ་ནི་རབ་ཏུ་དགའ། །ལྷ་ལས་ཤི་ནས་རྗེས་སུ་མི་ཐོབ་སྟེ། །བདེ་ཞིང་ནད་མེད་དྲན་པ་མངོན་དུ་འབྱུང ། །སྐྱེ་བར་ནམ་ཡང་སྡུག་བསྔལ་མི་མྱོང་སྟེ། །ལྷ་དང་མི་ཡི་ཡིད་དུ་འོང་བར་འགྱུར། །མི་གང་གཞན་གྱི་བུད་མེད་དེར་འགྲོ་ན། །མི་ལས་ཤི་ནས་ངན་འགྲོར་དེ་འགྲོ་ལ། །ལྕགས་ཀྱི་ཤལ་མར་ཚེར་མ་རྣོན་པོ་ཡིས། །འབིགས་པར་བྱེད་ཅིང་སྡུག་བསྔལ་མེ་ཡིས་གདུངས། །སྡིག་ཅན་དམྱལ་བའི་ལས་ནི་ཟད་བྱས་ནས། །མི་ཡི་འཇིག་རྟེན་རྙེད་དཀའ་ཐོབ་ནས་སུ། །རང་གི་ཆུང་མ་ལའང་དབང་མེད་ཅིང ། །ལས་ 244b མི་ཤེས་པས་དེ་ནི་མྱ་ངན་བྱེད། །གང་དག་གཞན་གྱི་བུད་མེད་སྡོམ་བྱེད་ཅིང ། །གཞན་གྱི་བུད་མེད་དག་ལ་ཡིད་མི་གཏོང ། །མི་ཡི་ལུས་ནི་དེ་ཡིས་སྤངས་ནས་སུ། །འདི་ནས་འཕོས་ནས་མཐོ་རིས་རབ་ཏུ་དགའ། །དེ་རྟག་ལྷ་ཡི་འཇིག་རྟེན་ཤེས་རབ་ལྡན། །མཁས་པ་མི་ཡི་འཇིག་རྟེན་ཐོབ་ནས་ཀྱང ། །གུས་བྱེད་བུད་མེད་རྙེད་ཅིང་རྗེས་འབྲང་ལ། ། བསམ་པ་མཐུན་པའི་སློབ་མ་རྙེད་པར་འགྱུར། །མི་གང་ཚིག་ལ་ཤིན་ཏུ་མི་སྡོམ་པ། །དེ་ལ་དྲིས་ན་རྫུན་པའི་ཚིག་སྨྲས་ཏེ། །མི་ལས་ཤི་ནས་ངན་འགྲོར་དེ་འགྲོ་ཞིང ། །ལེགས་པ་མ་ཡིན་སྡུག་བསྔལ་ཚོར་མྱོང་འགྱུར། །དེ་ནས་ཤི་ནས་མི་ཡི་སྲིད་པར་འོང ། །མི་ཡི་འཇིག་རྟེན་རྙེད་དཀའ་ཐོབ་ནས་སུ། །ཡང་དག་མ་ཡིན་མེད་པའི་སྐུར་པ་འཐོབ། ། མི་ཡི་འཇིག་རྟེན་དག་ཏུ་ཉོན་མོངས་འཚོ། །མི་གང་ཚིག་ནི་ཤིན་ཏུ་སྡོམ་པ་དག་།བདེན་པ་སྲུང་ལ་རྫུན་དུ་མི་སྨྲ་བ། །མི་ཡི་འཇིག་རྟེན་ཤི་ནས་བརྟུལ་ཞུགས་གཙང ། །ཡོན་ཏན་ལྡན་པ་ལྷ་ཡི་འཇིག་རྟེན་འགྲོ། །མཁས་པ་གཙང་བའི་ལས་དག་ཟད་ནས་སུ། །ལྷ་ལས་ཤི་ནས་མི་ཡི་འཇིག་རྟེན་འོང ། །དེ་ཡིས་སྨྲས་པ་ཡང་དག་ཚད་མར་འགྱུར། ། གཙང་མའི་འབྲས་བུ་དེ་ནི་མི་མཐུན་མེད། །མི་ཡི་འཇིག་རྟེན་དུ་ནི་ཕྲ་མ་དང ། །མི་ཡི་སྲིད་པར་དབྱེན་སྦྱོར་བྱེད་པ་ནི། །མི་ཡི་ལུས་འདི་དག་ནི་སྤངས་ནས་སུ། །དེ་ནི་ངན་ 245a ༄#། །སོང་སྡུག་བསྔལ་འཐོབ་ཅིང་མྱོང ། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །མི་ཡི་འཇིག་རྟེན་རྙེད་དཀའ་ཐོབ་ནས་ཀྱང ། །ཇི་ལྟར་རྩ་རྩེར་ཟིལ་པ་མི་གནས་ལྟར། །མཛའ་བཤེས་དང་ནི་དེ་བཞིན་གཉེན་འབྱེད་དོ། །མི་མཐུན་པ་ཡི་མི་དགེ་བསྡུམས་བྱས་ན། །འདི་ནས་ཤི་ནས་མཐོ་རིས་རབ་ཏུ་དགའ། །དེ་ནི་ལྷ་ཡུལ་དག་ན་ཤིན་ཏུ་བཀུར། །ལྷ་ཡི་ཚོགས་ཀྱིས་མཁས་པ་ཡང་དག་མཆོད། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །བསམ་པ་མཐུན་པའི་བུད་མེད་ཕུན་སུམ་ཚོགས། །སྙིང་ཉེ་མི་ཕྱེད་འཁོར་ནི་རྙེད་འགྱུར་ཏེ། །ཉེས་པའི་གནས་ན་འདུག་ཀྱང་དེ་མི་གཏོང ། །འཇམ་པོ་མ་ཡིན་ཚིག་རྩུབ་སྨྲ་བ་ནི། །གཞན་ལ་མྱ་ངན་བྱེད་འཇུག་མི་སྡོམ་པ། །མི་ཡི་ལུས་འདི་དག་ནི་སྤངས་ནས་སུ། །ངན་སོང་ཐོབ་ཅིང་སྡུག་བསྔལ་ཚོར་བ་རེག་།ངན་སོང་ཚོར་བ་སྡུག་བསྔལ་ཟད་བྱས་ཤིང ། །དེ་ནས་ཤི་སྟེ་མི་ཡི་སྲིད་པར་འོང ། །གང་གིས་རྟག་ཏུ་སེམས་ཁྲོ་མི་འདོད་ཚིག་།ཐོས་ཤིང་དེ་ཡི་ཡིད་ནི་རབ་ཏུ་འཁྲུག་།སྙན་པར་སྨྲ་བའི་ཚིག་དང་ལྡན་པ་ནི། །ཕ་རོལ་སེམས་ལ་ཤིན་ཏུ་དགའ་བར་བྱེད། །དེ་ནི་མི་ཡི་ལུས་དག་སྤངས་ནས་ཀྱང ། །འདི་ནས་ཤི་ནས་བདེ་འགྲོར་རབ་ཏུ་དགའ། །གཙང་ལྡན་དེ་ནི་མཐོ་རིས་ཤི་ 245b ནས་སུ། །མི་ཡི་འཇིག་རྟེན་དུ་ནི་ལུས་ཐོབ་ནས། །གང་གིས་ཡང་དང་ཡང་དུ་ཡིད་འོང་སྒྲ། །ཐོས་ནས་རྟག་ཏུ་འདིའི་སེམས་ཤིན་ཏུ་དགའ། །གང་ཞིག་དོན་བྱེད་དུས་མ་ཡིན་པར་སྨྲ། །དེ་ཡི་ཚིག་ནི་མངོན་པར་མི་འདོད་དེ། །མི་ཡི་ལུས་ནི་དེ་ཡིས་སྤངས་ནས་སུ། །ངན་སོང་རྙེད་ཅིང་སྡུག་བསྔལ་དེས་མྱོང་འགྱུར། །སྡིག་པའི་ལས་ཀྱི་རྣམ་སྨིན་ཟད་བྱས་ནས། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །དེའི་ཚིག་མངོན་པར་འདོད་པར་མི་འགྱུར་ཞིང ། །མཁས་པར་མི་འགྱུར་ནམ་ཡང་མཆོད་མི་འགྱུར། །གང་ཞིག་དོན་ཆེན་ཚིག་དང་དོན་ལྡན་པ། །དུས་སུ་སྨྲ་བྱེད་སྐྱེ་བོ་རབ་ཏུ་དགའ། །དེ་ཡིས་མི་ཡི་ལུས་དག་སྤངས་ནས་སུ། །ལྷ་ཡི་འཇིག་རྟེན་བདེ་བར་བདེ་རབ་དགའ། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། ། ཇི་ལྟར་སེམས་ཅན་སྐོམ་པ་ཆུ་འཐུང་ལྟར། །ཤིན་ཏུ་བསྡམས་པ་སྐྱེ་བོ་ཆེན་པོ་ཡི། །དེ་ཡི་ཚིག་སྨྲས་ཚིག་གཟུང་འོས་པར་འགྱུར། །མི་གང་གཞན་ལ་གནོད་སེམས་མདུད་པར་འཛིན། །དུག་འདྲའི་ཉེས་པ་བྱུང་བ་མི་ཞི་སྟེ། །དེ་ནི་མི་ཡི་ལུས་དག་སྤངས་ནས་སུ། །ངན་སོང་ཐོབ་ཅིང་སྡུག་བསྔལ་དེས་མྱོང་འགྱུར། །ངན་སོང་སྡུག་བསྔལ་ཐོབ་པ་དེ་ཟད་ཅིང ། །ངན་སོང་དག་ལས་ཤི་ནས་མི་འཐོབ་སྟེ། །དེ་ཡི་ལུས་ནི་ཁ་དོག་ངན་པར་འགྱུར། །འགྲོ་ལ་བལྟ་བའི་མིག་ནི་མི་འཛུམ་ལ། །ཕ་རོལ་དག་ལ་ 246a ༄#། །གནོད་སེམས་མེད་པ་ནི། །དུག་འདྲའི་ཉེས་པ་བྱུང་བ་ཞི་བར་འགྱུར། །དེ་ཡིས་མི་ཡི་ལུས་དག་སྤངས་ནས་སུ། །འདི་ནས་ཤི་ནས་མཐོ་རིས་རབ་ཏུ་དགའ། །མཁས་པ་ལྷ་ཡི་འཇིག་རྟེན་དགེ་ཟད་ནས། །མི་ཡི་འཇིག་རྟེན་ཐོབ་དཀའ་རྙེད་ནས་སུ། །འགྲོ་བ་དགའ་ཞིང་མཛེས་པ་དག་ཏུ་འགྱུར། །འགྲོ་ལ་ལྟ་བའི་མིག་ནི་འཛུམ་བྱེད་པ། །མི་གང་གཞན་གྱི་ནོར་ལ་འདོད་སེམས་ཤིང ། །གཞན་གྱི་བདེ་བ་ཤིན་ཏུ་སྡུག་བསྔལ་བྱེད། །དེ་ནི་མི་ཡིས་ལུས་དག་སྤངས་ནས་སུ། ། ངན་སོང་ཐོབ་ཅིང་སྡུག་བསྔལ་མྱོང་བར་འགྱུར། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །དེ་ནི་ཕོངས་ཤིང་གཟི་བརྗིད་ཆུང་བར་འགྱུར། །གླང་པོ་ཉམ་ཆུང་འདམ་དུ་སོང་བ་ལྟར། །གཞན་གྱི་ཚིག་སྨྲ་ཐོས་ནས་ཞུམ་པར་འགྱུར། །གཞན་ལ་གནོད་སེམས་ཡིད་ནི་མི་གནས་ཤིང ། །གང་ཞིག་གཞན་གྱི་ཕུན་ཚོགས་བདེ་བྱེད་པ། །མི་ལས་ཤི་ནས་ལྷ་ཡི་གནས་སུ་སྐྱེ། །ཚེ་དང་མདོག་དང་གྲགས་དང་སྟོབས་དང་གཟུགས། །སྒྲ་དང་དྲི་དང་རོ་དང་རེག་བྱ་དག་།ལྷ་ཡི་ཡོན་ཏན་ལྡན་པ་བཅུ་འཐོབ་ཅིང ། །ཇི་ལྟར་ཚངས་པ་ལྟ་ཚོགས་བ་རྟུལ་ཞུགས་དོན། །དེ་ནི་ལྷ་ཡི་ཚོགས་ཀྱིས་གསོལ་ཞིང་མཆོད། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །གཟི་ 246b བརྗིད་ལྡན་ཞིང་དཔལ་ནི་འབར་འགྱུར་ལ། །ཉི་མ་ལ་ནི་བརྟག་པར་མི་བཟོད་ལྟར། །དེ་ཡི་གཟི་བརྗིད་མཆོག་ཏུ་བཟང་བར་འགྱུར། །མི་གང་ལས་ཀྱི་རྣམ་སྨིན་དག་ལ་རྨོངས།། རང་གིས་བྱས་དང་དབང་ཕྱུག་སྤྲུལ་པ་དང ། །བདེ་དང་སྡུག་བསྔལ་རྒྱུ་མེད་འདོད་པ་འམ། །ལས་ཀྱི་འབྲས་བུ་མེད་པར་སེམས་པ་དག་།ལས་རྣམས་སྨིན་ལ་དེའི་ཡིད་ལོག་ཞུགས་པས། །དེ་ནི་ལུས་དང་ངག་གི་ཉེས་པ་བྱེད། །མི་ཡི་ལུས་ནི་དེ་ཡིས་སྤངས་ནས་སུ། །ངན་སོང་དང་ནི་སྡུག་བསྔལ་ཉམས་པ་འཐོབ། །དེ་ནས་ཤི་ནས་མི་སྲིད་འདིར་འོངས་ཏེ། །ཤེས་རབ་རྟུལ་ཞིང་བློ་མེད་དེ་གླེན་འགྱུར། །འདྲེན་པ་རྣམས་ཀྱི་ལས་ནི་མི་ཤེས་པས། །སངས་རྒྱས་སྟོང་གིས་དགྲོལ་བར་དེ་མི་སྤྱོད། །ལས་ཀྱིས་འགྲོ་བར་རབ་ཏུ་ཚུད་གཟོད་ཞེས། །ལས་རྣམས་སྨིན་ལ་མཁས་པ་དེ་ངེས་པས། །ཁྲིད་མཛད་ལས་ནི་ཁ་དྲང་དེ་མི་ནུས། །དེ་ཡི་ལེགས་པའི་ལས་དེ་བྱས་པས་ན། ། འདི་ནས་ཤི་ནས་མཐོ་རིས་རབ་ཏུ་དགའ། །ལྷ་ཡི་འཇིག་རྟེན་གནས་ཏེ་དེ་ནས་ཤི། །མི་ཡི་འཇིག་རྟེན་གནས་ཏེ་ལེགས་པར་བཀུར། །མཁས་པ་དེ་ནི་རྟག་ཏུ་ལེགས་བཀུར་ཅིང ། །ནམ་ཡང་ཉོན་མོངས་དག་ཏུ་མི་འགྲོའོ། །དེ་ཡི་ལྟ་བ་སྡིག་དང་མི་ལྡན་ཏེ། །རྟག་ཏུ་དམ་པའི་ཆོས་ལ་ངེས་པར་སྤྱོད། །དེ་ནི་འགྲོ་བའི་ལས་དང་སྡིག་ 247a ༄#། །པ་དང ། །གནོད་པ་དང་ནི་ཉོན་མོངས་དེ་དག་བསྟན། །བཟློག་པས་དགེ་བ་དག་ནི་བསྟན་པ་སྟེ། །རྣམ་པར་བྱང་དང་མ་ཐོ་རིས་ལམ་ཡང་བསྟན། །དེ་ནི་སྡུག་བསྔལ་ཀུན་ལ་རབ་འཇུག་པའི། །སྐྱེ་བའི་རྒྱུ་ལས་ཐམས་ཅད་རབ་ཏུ་འབྱུང ། །གང་ཞིག་འདི་ལས་ངེས་འབྱུང་མི་ཤེས་པ། །གལ་ཏེ་དེ་ཡི་གནོད་མེད་ཞི་འདོད་ན། །ལས་ཀྱི་འཇིག་རྟེན་ཕ་རོལ་ཅིས་མི་འགྲོ། །འཇིག་རྟེན་ཕ་རོལ་ནས་ཀྱང་ཅིས་མ་འོངས། །སངས་རྒྱས་བསྟན་པ་འཕོ་མེད་ཤེས་པར་གྱིས།། བྱས་པའི་འབྲས་བུའང་ཆུད་ཟར་མི་འགྱུར་ཞིང ། །བྱེད་པ་པོ་དང་ལས་ཀྱང་གང་ཡང་མེད། །འབྲས་བུ་སྤྱོད་པ་གང་ཡང་འཐོབ་མེད་དེ། །རྒྱུ་ལ་བརྟེན་ནས་ཆོས་རྣམས་རབ་ཏུ་འབྱུང ། །མེད་ལ་འཛིན་པས་སྡུག་བསྔལ་རབ་ཏུ་འཇུག་།རྒྱལ་བ་གང་དག་འདས་དུས་ཡོངས་འདས་པས། །ཐམས་ཅད་ཆུ་ཟླ་ལྟ་བུར་གཟིགས་པས་ན། ། ཆོས་རྣམས་ངོ་བོ་ཉིད་ནི་དེ་འདྲར་ལྟོས། །ཇི་ལྟར་སྨིག་རྒྱུའི་ངོ་བོ་ཉིད་མེད་ལྟར། །དངོས་དང་དངོས་མེད་བྲལ་བ་ཅི་ཡང་མེད། །ཇི་ལྟར་རྨི་ལམ་དུ་ནི་དངོས་མེད་དང་།། ཇི་ལྟར་ཆུ་ནང་སྤྲིན་གྱི་དངོས་མེད་ལྟར། །དེ་ལྟར་ཆོས་རྣམས་དག་གི་ངོ་བོ་མེད། །ནམ་མཁའི་བར་ན་སྐར་མ་འདུག་པ་ལྟར། །དངོས་པོའི་ངོ་བོ་གཞན་དངོས་འདི་ 247b དག་གསོག་།ཇི་ལྟར་མི་དག་མྱོས་པའི་རྨི་ལམ་ན། །དགའ་བར་ཚོར་བསད་ནས་དེ་མེད་ཅིང ། །རྨི་ལམ་རྨིས་པ་སྙིང་པོ་མེད་པ་སྟེ། །མཚན་མོ་སད་པའི་མི་ནི་རྗེས་དྲན་དང ། ། རྨི་ལམ་རྨིས་པའི་མི་ཡིས་མཐོང་བ་ལྟར། །དེ་བཞིན་དངོས་པོ་དག་དང་ངོ་བོ་མེད། །ཇི་ལྟར་ཤིན་ཏུ་ཁྲོས་པར་རྨིས་པའི་མི། །རྨི་ལམ་དག་ན་ཁྲོ་བ་གང་ཡང་མེད། །མཁས་པ་སད་ནས་གནོད་སེམས་མ་མཐོང་ལྟར། །དེ་བཞིན་དངོས་པོ་ངོ་བོ་ཉིད་ཀྱིས་གསོག་།ཇི་ལྟར་རྨི་ལམ་དག་ན་ཆང་འཐུང་མི། །དེ་ནི་ཆང་འཐུངས་པས་ན་མྱོས་པར་ཤེས། །ཆང་དང་མྱོས་པའི་དངོས་ཉིད་མེད་པ་ལྟར། །དེ་བཞིན་ཆོས་རྣམས་དག་གི་དངོས་པོ་མེད། །ཇི་ལྟར་མི་དག་གི་ནི་རྨི་ལམ་ན། །བུད་མེད་རྒྱན་སྡུག་དག་གི་བཞིན་མཐོང་ནས། །རྨི་ལམ་རྨིས་ཚེ་འདོད་ཆགས་སྐྱེད་པ་དག་།སད་ནས་བུད་མེད་བཞིན་ནི་མ་མཐོང་སྟེ། །རྨི་ལམ་དེར་ནི་བུད་མེད་མེད་པ་དང ། །དེ་བཞིན་འདོད་ཆགས་བུད་མེད་དེ་བཞིན་དགའ། །སད་ན་ས་འདོད་ཆགས་བུད་མེད་དེ་དགའ་དག་།མ་མཐོང་བ་ལྟར་ཆོས་དངོས་དེ་འདྲའོ། །མི་གང་མི་མཁས་རྣམ་པར་མི་ཤེས་པ། །གང་གིས་འགྲོ་བའི་གནོད་པ་མི་ཤེས་ཏེ། །འགྲོ་བའི་གནོད་པ་སྐྱེས་པ་དེ་འདྲ་ཞིང ། །མཁས་པ་ཆོས་ལ་འདོད་ཆགས་མི་བསྐྱེད་དོ། །དེ་ལྟར་གཞོན་ 248a ༄#། །ནུ་མཁས་པའི་རང་བཞིན་ནི། །རྟག་ཏུ་ཆོས་རྣམས་རྨི་ལམ་ལྟ་བུར་རྟོག་།ནད་འགོ་གནོད་པ་རྣམས་ལས་ཐར་པ་ལྟར། །དེ་བཞིན་གཞན་དག་ལ་ཡང་རབ་ཏུ་ཤོད། །མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་རྒྱལ་པོ་གཞོན་ནུ་ཞི་བའི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཞོན་ནུ་ཞི་བའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། ངའི་ཤེས་པ་འདོད་པ་དང ། སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་པར་འདོད་པས་ད་ལྟར་བྱུང་བའི་ཤེས་པ་ལ་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ། ང་ད་ལྟར་བྱུང་བ་ཤེས་པ་ལ་མངོན་པར་བརྩོན་པ་དེའི་འཇིགས་པ་མེད་པས་ལུས་དང་སྲོག་ལ་མི་ལྟ་བར་གྱུར་ཏེ། །ལུས་དང་སྲོག་ལ་མ་བལྟས་པའི་དགེ་བའི་རྩ་བ་བསྐྱེད་དོ། །ད་ལྟར་བྱུང་བའི་ཤེས་པ་མངོན་པར་གྲུབ་པའི་རྒྱུ་གང་ཡིན། རྐྱེན་གང་ཡིན་ཞེ་ན། ངས་དགེ་སྦྱོང་དང་བྲམ་ཟེ་མཁས་པ་དག་ལ་བསྙེན་བཀུར་བྱས་ཤིང་ཡོངས་སུ་ཞུས་པ་ཡིན་ནོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཉིད་ 248b རིན་པོ་ཆེའི་མེ་ཏོག་བརྩེགས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་གྱུར་ཅིང ། ཛམྦུའི་གླིང་འདི་གསེར་འོད་ཅེས་བྱ་བའི་གླིང་ཆེན་པོ་གྱུར་ཏེ། ཞེང་དུ་དཔག་ཚད་དྲུག་ཁྲི་ཡོད་ཅིང ། ཆུར་ཡང་དཔག་ཚད་དྲུག་ཁྲི་ཡོད་ལ་གྲུ་བཞི་བ། མཛེས་པར་སྤྲུལ་པ། ཤིན་ཏུ་རྣམ་པར་ཕྱེ་བ། སྐལ་བ་མཉམ་པ་སྟེ། དཔེར་ན། གླིང་ཆེན་པོ་བྱང་གི་སྒྲ་མི་སྙན་འདི་ཉིད་ཀྱི་ཡོངས་སུ་སྤྱོད་པ་དང་འདྲའོ། །གླིང་ཆེན་པོ་གསེར་འོད་ཅེས་བྱ་བ་དེར་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་ཞེས་བྱ་བ་ཞིག་བྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་འདྲི་མེད་སྤྱན་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རྒྱུ་ལ་མཁས་པ། ཆོས་ཐམས་ཅད་ཀྱི་རྐྱེན་ལ་མཁས་པ་ཞིག་འཇིག་རྟེན་དུ་བྱུང་ངོ ། །དེ་ནས་དེའི་ཚེ་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་དེའི་དྲུང་དུ་གཞན་མུ་སྟེགས་སྤྱོད་པ་ཀུན་ཏུ་རྒྱུ་མང་པོ་དག་ཅིག་འདུས་ཏེ་འདུག་ནས་བར་དེར་ད་ལྟར་བྱུང་བའི་ཤེས་པ་མངོན་པར་གྲུབ་པའི་རྒྱུ་ནི་གང ། རྐྱེན་ནི་གང་ཞེས་གཏམ་གྱི་ཚུལ་འདི་ཉིད་ཀུན་ཏུ་སྨྲ་བར་གྱུར་ཏོ། །དེ་ནས་གཞན་མུ་སྟེགས་སྤྱོད་པ་ཀུན་ཏུ་རྒྱུ་བ་དེ་དག་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་ག་ལ་བ་དེར་སོང་ནས་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་ལ་ཆེད་དུ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་རྒྱལ་བར་སྤྱོད་ཅིག་།བདག་གི་གསོལ་པ་རྒྱལ་པོ་ཆེན་པོ་ལ་འདེབས་པས་གལ་ཏེ་སྐབས་ཕྱེ་ན་ 249a ༄#། །གསོལ་ལོ། །དེ་སྐད་ཅེས་སྨྲས་པ་དང ། རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པས་མུ་སྟེགས་པ་གཞན་སྤྱོད་པ་ཀུན་ཏུ་རྒྱུ་བ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་།ཐེ་ཚོམ་གང་དང་གང་ཡོད་པ་དྲིས་ཤིག་།གལ་ཏེ་ལུང་བསྟན་པར་ནུས་ན། ལུང་བསྟན་པར་བྱའོ། །གལ་ཏེ་མི་ནུས་ན། ཐབས་གང་གིས་ཚེ་དང་ལྡན་པ་དག་གི་དོན་འདི་ཤེས་པར་བྱ་བ་བཤད་དོ། །དེ་དག་གིས་སྨྲས་པ། ཞལ་བཟང ། ད་ལྟར་བྱུང་བའི་ཤེས་པ་མངོན་སུམ་དུ་བྱ་བའི་རྒྱུ་ནི། གང ། རྐྱེན་ནི། ། གང ། དེས་སྨྲས་པ། ངས་དོན་འདི་ལུང་བསྟན་པར་མི་ནུས་ཏེ། འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་སྤྱན་དེ་ང་དང་ཉེ་བ་མེ་ཏོག་འཛིན་པའི་སྐྱེད་མོས་ཚལ་འདི་ཉིད་ན་བཞུགས་ཏེ། དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་མི་མཁྱེན་པའམ། མ་གཟིགས་པའམ། ཐུགས་སུ་མ་ཆུད་པ་ཅིའང་མེད་དེ། དེ་ལ་འདི་ཞུས་དང་ལུང་སྟོན་པར་གྱུར་པས་དེ་བཞིན་དུ་གཟུང་བར་བྱ་སྟེ། ཚེ་དང་ལྡན་པ་དག་།དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་གལ་བ་དེར་འདོང ། དེ་ནས་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་པོས་ 249b ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།གཞན་མུ་སྟེགས་སྤྱོད་པ་ཀུན་ཏུ་རྒྱུ་བ་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དང་ལྷན་ཅིག་མངོན་སུམ་དུ་ཡང་དག་པར་དགའ་བ་དང ། ཡང་དག་པར་ཆགས་པར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་དག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་གཞན་མུ་སྟེགས་སྤྱོད་པ་ཀུན་ཏུ་རྒྱུ་བ་པ་དེ་དག་གིས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། དགེ་བའི་སུག་ལས་ཅི་བགྱིས་བདེ་བ་འབྱུང་ད་ལྟར་བྱུང་བའི་ཤེས་ཚུལ་རབ་ཏུ་འཚལ། །གང་གིས་ཡེ་ཤེས་མཆོག་ཏུ་འགྲུབ་པ་དག་།གཞན་མི་གསུང་བ་དེ་དག་བདག་ལ་ཤོད། །ཉོན་མོངས་བཅོམ་པས་རྒྱལ་བ་ཐུགས་དག་སྟེ། །ཐོགས་མེད་མཁྱེན་ཅིང་ཀུན་ཏུ་སྤྱན་མངའ་བ། །ཐོགས་མེད་མཁྱེན་པས་དེ་བས་མ་ཐུགས་ཆུད་ནས། །འདྲེན་པ་དྲི་མེད་སྤྱན་གྱིས་ལུང་བསྟན་པ། །བྱམས་པའི་མིག་གིས་འགྲོ་བ་འདི་ལ་བལྟ། །སྡུག་བསྔལ་རྒྱུད་དག་ལ་ནི་སྙིང་རྗེ་བསྐྱེད། །བྱམས་པ་འདི་ལ་འགྲོ་བ་རབ་ཏུ་བཀོད། །ཉོན་མོངས་དག་གི་ཁམས་ལ་བཏང་སྙོམས་ཡིན། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །རྒྱུ་དེ་ཀུན་ཏུ་ཤེས་ཤིང་ཤེས་པ་འཆར། །ལེགས་པར་བཤད་པའི་ཚུལ་འདི་ཐོས་ནས་སུ། །བྱང་ཆུབ་ལ་ནི་གཞལ་ 250a ༄#། །མེད་འདུན་པ་སྐྱེས། །གང་གིས་འགྲོ་བ་ལྷར་བཅས་རབ་གྲོལ་བའི། །ད་ལྟར་བྱུང་བའི་ཤེས་པ་འཆར་བ་འཐོབ། །ཆགས་པ་མེད་པའི་ཤེས་དང་ང་ལྡན་པ། །སྡུག་བསྔལ་གནོད་པའི་ཆོས་ལས་སེམས་ཅན་བཀྲོལ། །དེ་ཡིས་ལེགས་པའི་ལས་དེ་བྱས་པས་ན། །ད་ལྟར་བྱུང་ཤེས་ཚུལ་འདི་རབ་ཏུ་ཤེས། །གང་གིས་འགྲོ་བའི་བསམ་པ་རབ་ཤེས་པ། །དེ་ལྟར་རྒྱལ་བ་དབང་ཐུལ་ལམ་ཡང་མཁྱེན། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབས་པར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་ད་ལྟར་འབྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་བརྙེས་ཏེ། མཽངྒལ་གྱི་བུ། ད་ལྟར་བྱུང་བ་ཤེས་པ་དེའི་ད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཟད་པའི་ཆོས་ཉིང་དང ། འགྱུར་བའི་ཆོས་ཉིད་དུ་ཤིན་ཏུ་ཡོངས་སུ་ཞུས། ཤིན་ཏུ་ཡོངས་སུ་ཤེས། ཤིན་ཏུ་མངོན་སུམ་དུ་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད་པའི་ཡང་གྲངས་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དམ་འཆའ་བར་ 250b མི་མཛད་པ་ཞེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེའི་ཚེ་བྲམ་ཟེ་ཤིན་ཏུ་བརྟགས་སྤྱོད་ཅེས་བྱ་བ་ཤིང་སཱ་ལ་ཆེན་ལྟ་བུ་ཞིག་བྱུང་སྟེ། དེ་བྱ་བ་གང་དང་གང་རྩོམ་པ་དེ་ཉིད་ཤིན་ཏུ་བརྟགས་ནས་བྱེད་དེ། སེམས་ཅན་ལ་ཕན་པའི་ཡིད་དང ། སེམས་ཅན་ལ་ཕན་པའི་སེམས་དང་ལྡན་པ་དེ་མཚན་མོ་ཐོ་རངས་ཀྱི་གཉིད་སངས་མ་ཐག་ཏུ་བར་སྣང་ལས་ཀུན་འབྱུང་གི་ཆོས་གང་ཡིན་པ་དེ་ཐམས་ཅད་ནི། འགོག་པའོ། །ཞེས་སྒྲ་ཐོས་སོ། །དེ་མཚན་མོ་དེ་འདས་ནས་གཉིད་སངས་ཏེ་ལངས་ནས་དེ་ཁྱིམ་ལ་མ་དགའ་ཞིང་ཁྲུས་མི་བྱེད་དེ། ལུས་མི་སྐུད། ཟས་མི་ཟ། རྩེད་མོ་མི་བྱེད། དགའ་བར་མི་བྱེད་ཅིང་ཡོངས་སུ་མི་སྤྱོད་དེ།་གཞན་དུ་ན་ཤིན་ཏུ་ཡིད་མི་དགའ་སྟེ། སེམས་ཁོང་དུ་ཆུད་ཅིང་འདུག་གོ་།དེའི་མ་དང ། ཕ་དང ། མཛའ་བཤེས་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་རྣམས་འདུས་ནས་འདི་སྐད་ཅེས་དྲིས་སོ། །གཞོན་ནུ། ཁྱོད་ཅི་གང་གིས་ཡིད་མི་དགའ་བར་བྱས་ཤིང་ཕྱིར་ཕྱོགས་ལ་སེམས་ཁོང་དུ་ཆུད། དེས་མ་དང ། ཕ་དང ། མཛའ་བཤེས་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་དང་ཡུམ། བདག་དེ་རིང་མཚན་མོའི་ཐོ་རངས་གཉིད་སངས་པ་དང ། བར་ 251a ༄#། །སྣང་ལས་ཀུན་འབྱུང་གི་ཆོས་གང་ཡིན་པ་དེ་ཐམས་ཅད་ནི། འགོག་པའི་ཆོས་ཅན་ནི། །ཞེས་སྒྲ་ཐོས་ཏེ། བདག་སྒྲ་དེ་ཐོས་ནས་མི་དགའ་བ་སྐྱེས་ཏེ།་འདུས་བྱས་ངན་པ་འཇིག་པའི་ཆོས་ཅན་གང་ལ་བདག་དགའ་བ་སྐྱེ་བ་བྲལ་བར་གྱུར་ཏེ། ཡབ། བདག་ནི། གང་མི་འགོག་པའི་ཆོས་དེ་ཚོལ་ལ། །དེ་ལ་མ་དང ། ཕ་དེ་དག་གིས་སྨྲས་པ། ཅི་འཁྲུལ་ཏམ། ཅི་སྐྲག་གམ། ཅི་དངངས་སམ། ཅི་གནོད་སྦྱིན་ནམ། འབྱུང་པོ་ཁ་ཅིག་གིས་མ་གཙེས་སམ། གཞོན་ནུ། མི་འགོག་པའི་ཆོས་ནི།་གང་ཡང་མེད་དེ། གཞོན་ནུ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་སྒྲིབ་པ་འམ། གཉེན་པོ་མེད་དོ། །གཞོན་ནུ། དེ་བཞིན་དུ་མི་འགོག་པའི་ཆོས་དེ་ནི། གང་ཡང་མེད་དོ། །དེས་ཕ་མ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ། མི་སྐྱེ་ན། འགུམ་པ་མ་མཆིས་ཏེ། གང་སྐྱེ་བ་དེ་འགུམ་ལགས་སོ། །གང་མི་སྐྱེ་བ་ནི། དེའི་འགུམ་པ་མ་མཆིས་ཏེ། གང་གི་བུ་མཆིས་ན། དེའི་བུ་འགུམ་ལ། གང་ལ་བུ་མ་མཆིས་ན། དེའི་བུ་མི་འགུམ་པར་གདའ་ལགས་སོ། །དེའི་བུ་དག་ལས་བུ་སྐྱེས་ན། བུ་དང་ལྡན་པའི་བུ་འགུམ་པར་གདའ་ལགས་ཏེ། དེ་ལྟ་ལགས་པས་བུ་སྐྱེ་བ་མཆིས་ན། འགུམ་པའང་མཆིས་ལགས་སོ། །བུ་སྐྱེ་བ་མ་མཆིས་ན། བུ་འགུམ་པར་ཡང་མི་ 251b འགྱུར་ལགས་ཏེ། དེ་ལྟར་ཉེ་བར་ལེན་པ་ཐམས་ཅད་ལ་ཡོངས་སུ་འཛིན་ཏེ། དེ་ལྟ་བས་ན། གང་ཉེ་བར་མི་ལེན་པ་དེ་དག་ལ་ནི། སྡུག་བསྔལ་ལ་མ་མཆིས་སོ། །དེ་འདི་སྙམ་དུ་གྱུར་ཏེ་ཐབས་ཤིག་ཡོད་དེ། ཐབས་གང་གིས་ཡོངས་སུ་འཛིན་པའི་ཉེས་པ་མི་བསྐྱེད་པར་བྱའོ། །སྙམ་མོ། །དེའང་འདི་སྙམ་དུ་གྱུར་ཏེ། མངོན་པར་ཞེན་པ་ནི། ཡོངས་སུ་འཛིན་པའི་ཉེས་པ་སྟེ། མངོན་པར་ཞེན་པ་མེད་པ་ནི། ཡོངས་སུ་འཛིན་པའི་ཉེས་པ་མེད་པས། གང་བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བར་བྱ་ཞིང་དེ་དག་ལ་མངོན་པར་ཞེན་པར་ནི། མི་བྱའོ། །སྙམ་མོ། །དེའང་འདི་སྙམ་དུ་གྱུར་ཏེ། སེམས་ཅན་འདི་དག་ནི། ཡོངས་སུ་འཛིན་པའི་ཉེས་པ་མི་ཤེས་ལ་དེ་ཉེས་པ་དེ་དག་སྤོང་པར་མི་བྱེད་དེ།་ཉེས་པ་དེ་དག་མ་སྤངས་པས་ཡོངས་སུ་འཛིན་པའི་ཉེས་པས་གོས་ཏེ་བདག་གིས་འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བར་བྱ་ཞིང་སེམས་ཅན་དེ་དག་ཐམས་ཅད་བདག་གིས་བསླབ་པར་བྱ། ཡོངས་སུ་འཛིན་པའི་ཉེས་པའང་ཁོང་དུ་ཆུད་པར་བྱའོ། །སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་འཛིན་པ་མེད་པ་ལ་ནི། བྱང་ཆུབ་མེད་དེ། སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་བཟུང་སྟེ། ཡོངས་སུ་འཛིན་པའི་ཉེས་ 252a ༄#། །པའང་མི་བསྐྱེད་དོ། །སྙམ་མོ། །མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་བྲམ་ཟེ་གཞོན་ནུ་ཤིན་ཏུ་བརྟགས་སྤྱོད་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཤིན་ཏུ་བརྟགས་སྤྱོད་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །ང་ཤིན་ཏུ་བརྟགས་པར་སྤྱོད་པ་དག་ལ་གནས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང ། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང ། རྒྱལ་པོ་དང ། བློན་པོ་དང ། བློན་པོའི་བུ་དག་གི་ཚུལ་ནི། དེ་དག་ཡིན་ནོ། །མཽངྒལ་གྱི་བུ། ཚུལ་དེས་སྤྱོད་པ་དེ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མཽངྒལ་གྱི་བུ། དེ་ལ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་ཚོལ་བ་ན་དཀའ་བ་རྣམ་པ་མང་པོ་དུ་མ་དག་བྱས་ཤིང་གཏང་བར་དཀའ་བ་དག་ཀྱང་བཏང་སྟེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་ཤར་ཕྱོགས་ཀྱི་ཕྱོགས་ན་འཇིག་རྟེན་གྱི་ཁམས་མི་འགུལ་བར་བྱས་པ་ཞེས་བྱ་བ་བྱུང་ 252b སྟེ།་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་དྲི་མེད་རྟོག་གི་རྒྱལ་པོ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དག་བྱུང་ངོ ། ། དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེའི་ཉན་ཐོས་ཀྱི་དགེ་འདུན་བརྗོད་དུ་མེད་པ་ཁྲག་ཁྲིག་དག་བྱུང་ངོ ། །དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེའི་རིམ་གྲོ་པ་ནི། བྱང་ཆུབ་སེམས་དཔའ་སེངྒེའི་བློ་གྲོས་ཞེས་བྱ་བ་བྱུང་སྟེ། དེ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེའི་རིམ་གྲོ་པ་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་དྲུག་ཏུ་བྱས་ཤིང་ཐུགས་དང་མཐུན་ཏེ། ཐུགས་དང་མི་མཐུན་པ་མ་ཡིན་ལ་བཤད་པའང་འཛིན་ཅིང་རང་གི་དོན་ཀྱང་མི་གཏོང་ངོ ། །དེ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེ་ལ་ལོ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་དྲུག་ཏུ་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པའི་ཞུ་བ་ཞུས་སོ། །བཅོམ་ལྡན་འདས། ལེགས་སོ། །ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བདག་ལ་བཤད་དུ་གསོལ། གང་བདག་གིས་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཐོས་ནས་ 253a ༄#། །བཤད་པར་བགྱིའོ། །དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོ་དེས་བཟང་བ་དང ། བཏུང་བ་དང ། བཅའ་བ་དང ། གཟིམས་པ་མ་གཏོགས་པར་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་དྲུག་ཏུ་ད་ལྟར་བྱུང་བའི་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བསྟན་ཏེ། ད་ལྟར་བྱུང་བའི་གནས་ཤེས་པ་འདི་ལྟར་ཡོངས་སུ་ཤེས་པར་བྱ། ད་ལྟར་བྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་འདི་ལྟར་ཡོངས་སུ་ཤེས་པར་བྱ། ད་ལྟར་བྱུང་བ་ཤེས་པ་འགོག་པ་ཤེས་པ་འདི་ལྟར་ཡོངས་སུ་ཤེས་པར་བྱ། དེ་བཞིན་དུ་སྦྱར་ཏེ་གནས་མ་ཡིན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡོངས་སུ་ཤེས་པར་བྱ། གནས་མ་ཡིན་པ་ཤེས་པ་འགོག་པ་ཤེས་པ། གནས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཡོངས་སུ་ཤེས་པར་བྱ། དེ་བཞིན་དུ་ད་ལྟར་བྱུང་བ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤེས་པ་ཡོངས་སུ་ཤེས་པར་བྱ། ཐམས་ཅད་མཁྱེན་པ་ཤེས་པ་ཀུན་འབྱུང་བ་ཤེས་པ། ད་ལྟར་བྱུང་བ་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པ་ཤེས་པ། ད་ལྟར་བྱུང་བ་ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་རབ་ཏུ་ཤེས་པར་བྱའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེངྒེའི་བློ་གྲོས་ 253b ཞེས་བྱ་བ་རིམ་གྲོ་པར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་སེངྒེའི་བློ་གྲོས་ཆོས་བྱ་བ་རིམ་གྲོ་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ལ་ལོ་མེད་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིམ་གྲོ་པར་ཡོངས་སུ་སྤྱད་པར་བྱ་ཞིང་ལུས་དང་སྲོག་ལ་མི་ལྟ་བར་སློབ་པ་ལ་ཡོངས་སུ་མི་གཏོང་པ་ཅིའང་མེད་པར་བྱའོ། །མཽངྒལ་གྱི་བུ། ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་རྒྱལ་སྲིད་ཡོངས་སུ་གཏང་བར་བྱ་སྟེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བདག་གི་བ་ཐམས་ཅད་ཡོངས་སུ་གཏོང་ཞིང་ལེགས་པར་གསུངས་པ་ཚོལ་བ་ཞིག་བྱུང་ངོ ། །དེ་སློང་མོ་པ་གང་དང་གང་སློང་བ་དེ་དང་སྦེད་བ་མེད་པར་ཡོངས་སུ་གཏོང་ངོ ། །མཽངྒལ་གྱི་བུ། དེ་ནས་རྒྱལ་པོ་ཚངས་པས་བྱིན་བཙུན་མོ་དམ་པ་དང ། བུ་ཕུ་པོ་གཞོན་ནུ་དང་ལྷན་ཅིག་ཏུ་བཀད་སར་སོང་ནས་ 254a ༄#། །འཁོད་པ་ལས། དེ་ནས་ཤ་ཟ་གཟུགས་མཆོག་ཏུ་མི་སྡུག་པ་ཞིག་འོངས་ནས་རྒྱལ་པོ་དེ་འདུག་པའི་བཀད་མའི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ནས་འདི་སྐད་ཅེས་སྨྲས་སོ། །ས་བདག་ཆེན་པོ་ལེགས་པར་གསུངས་པ་ཚོལ་བ་རྒྱལ་བར་སྤྱོན་ཅིག་།བདག་གིས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་པར་བཤད་པ་དེ་ལས་ཐོས་པ་ཡོད་དེ། གལ་ཏེ་ཁྱོད་དེ་དོན་དུ་གཉེར་ན་ཟུངས་ཤིག་།དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཤ་ཟ་དེ་ལ་འདི་སྐད་ཅེས་སྨྲས་སོ། །འབྱུང་པོ་ཆེན་པོ། ལེགས་པར་གསུངས་པ་འདོད་ཀྱི། གང་ཁྱོད་འདོད་པ་དེ་ངས་རབ་ཏུ་སྦྱིན་ནོ། །དེས་སྨྲས་པ། ས་བདག་ཆེན་པོ། གང་རྒྱལ་པོ་ཁྱོད་ཀྱི་སྡུག་པ་གསུམ་པོ་བདག་ཉིད་དང ། ཆུང་མ་དང ། བུ་དེ་དག་བདག་ལ་བྱིན་ན། ལེགས་པར་གསུངས་པ་ཕྱིས་བཤད་དོ། །དེས་སྨྲས་པ། འདི་དག་གིས་ཅི་ཞིག་བྱ། དེས་སྨྲས་པ། བཟའ་བར་བྱ་སྟེ། ལེགས་པར་གསུངས་པའང་བཤད་དོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གཡོན་ལོགས་ན་ཆུང་མ་དང ། གཡས་ལོགས་ན་བུ་འདུག་པ་བལྟས་པ་དང ། དེ་དག་གིས་སྨྲས་པ། རྒྱལ་པོ་ཆེན་པོ། མྱུར་དུ་བདག་ཅག་ཐོང་ལ་ལེགས་པར་གསུངས་པ་གང་གིས་འཁོར་བ་ལས་སྒྲོལ་བར་འགྱུར་བའི་སླད་དུ་ལེགས་པར་ 254b གསུངས་པའང་གསོན་ཅིག་།མཽངྒལ་གྱི་བུ། དེ་ནས་ཤ་ཟ་དེའི་ལྷག་པའི་བསམ་པ་རིག་ནས་ལེགས་པར་གསུངས་པའི་ཚིགས་སུ་བཅད་དེ་སྨྲས་སོ། །བདག་གི་ཕྱིར་དང་གཞན་གྱི་ཕྱིར་དག་ཏུ། །བདེ་བ་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འབྲས་བུ་སོ་སོར་མྱོང་བར་འགྱུར། །དེ་ནས་རྒྱལ་པོ་ཚངས་པས་བྱིན་འདི་སྙམ་དུ་གྱུར་ཏེ། ཇི་ཙམ་དུ་ལེགས་པར་གསུངས་པའི་ཚིགས་སུ་བཅད་པ་འདི་ནི། ངོ་མཚར་ཆེ་སྟེ། ཚིགས་སུ་བཅད་པ་འདིའི་དོན་དུ་བདག་གི་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་ཡོངས་སུ་གཏང་བར་བྱ་སྟེ། དེ་དག་ཀྱང་ཡོངས་སུ་བཏང་ནས་ཚིགས་སུ་བཅད་པ་འདི་འདོད་པར་བྱའོ། །སྙམ་སྟེ། དེ་སྟན་ལས་ལངས་ནས་ལག་པ་གཡོན་པས་ཆུང་མ་དང ། ལག་པ་གཡས་པས་བུ་བཟུང་སྟེ་ཤ་ཟ་དེ་ལ་སྨྲས་པ། ཚིགས་བཅད་འདི་ཡིས་བདག་གི་དོན་ཆེན་བྱེད། །ཇི་ལྟར་དགའ་བར་ཁྱོད་ཀྱིས་སྤྱད་པར་གྱིས། །མཽངྒལ་གྱི་བུ། དེ་ནས་ཤ་ཟ་དེ་ཚུལ་དེ་མི་སྣང་བར་བྱས་ནས་རང་གི་ཚུལ་ཡང་དག་པར་བསྟན་ནས་རྒྱལ་པོ་ཚངས་པས་བྱིན་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་ལ་དཔའ་བ་ལེགས་སོ་ལེགས། །སེར་སྣའི་སྡིག་པ་བཅོམ་བྱས་ཤིང ། །གཏོང་བ་སོ་སོར་འཛིན་པ་ཁྱོད། །དེ་ནི་ཡིད་བཞིན་གྲུབ་གྱུར་ཅིག་།དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་འབྱུང་པོ་ 255a ༄#། །ཆེན་པོ་དེ་ལ་སྨྲས་པ། གྲོགས་པོ། །ཁྱོད་སུ་ཞིག་།དེས་སྨྲས་པ། གྲོགས་པོ་།བདག་ནི། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡིན་ཏེ། རྒྱལ་པོ་ཆེན་པོ། ཁྱོད་མཆོག་གང་དང་གང་འདོད་པ་དེ་ང་ལས་ལོངས། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་ཀྱི་དབང་པོ་གལ་ཏེ་མཆོག་སྩལ་བར་སྤྱོད་ན།་གང་ལ་སྐྱེ་བ་མེད་པ་དང ། རྒ་བ་མེད་པ་དང ། ནད་མེད་པ་དང ། འཆི་བ་མེད་པ་དང ། མྱ་ངན་དང ། སྨྲེ་སྔགས་འདོད་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ། དང ། འཁྲུགས་པ་མེད་པ་མཆོག་དེ་བདག་ལ་སྩོལ་ཅིག་།དེས་དེ་ལ་སྨྲས་པ། རྒྱལ་པོ་ཆེན་པོ། བདག་འདི་ལ་དབང་མེད་དེ། །སངས་རྒྱས་བཅོམ་ལྡན་འདས་ནི། མཆོག་འདི་ལ་མངའ་བརྙེས་སོ། །མཆོག་གཞན་གང་དང་གང་འདོད་པ་སློངས། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱི། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། ། དབང་ཕྱུག་པ་ཡང་དབང་མེད་པ་དག་བྱིས་པ་མཐོང་ངོ་ཅོག་།བརྒྱ་བྱིན་གྱི་ཆད་འདི་ལྟར་གླང་ཆེན་འདམ་སོང་ཉམས་པ་བཞིན། །མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་དེ་ང་ 255b ཡིན་ནོ། །མཽངྒལ་གྱི་བུ། དགེ་བའི་རྩ་བ་དེས་ང་ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང ། ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཐོབ་པར་འདོད་པས། །བདག་གི་བ་ཐམས་ཅད་ཡོངས་སུ་བཏང་བར་བསླབ་པར་བྱ། ལྟོས་པ་མེད་པར་སྦྱིན་པ་སྦྱིན་པར་བྱའོ། །བམ་པོ་བཅུ་བཞི་པ།་མཽངྒལ་གྱི་བུ། ང་ལས་ཤེས་པར་བྱ་བའི་དོན་དུ་དཀའ་བ་དཔག་ཏུ་མེད་པ་དག་སྤྱོད་ཅིང ། གཏང་བར་དཀའ་བ་དཔག་ཏུ་མེད་པ་དག་བཏང་སྟེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྲམ་ཟེ་བྷ་ར་དྷ་ཛ་དང་རུས་གཅིག་པ་ཞེས་བྱ་བ་ཞིག་ཤིང་གཞན་ཞིག་གི་དྲུང་དུ་སོང་སྟེ་འདུག་པ་ལས། དེའི་ཚེ་དུས་མ་ཡིན་པའི་སྤྲིན་ཆེན་པོ་ཞིག་བྱུང་ནས་དེ་ཉིད་དུ་ཆར་བབ་བོ། །དེ་ནས་བྲམ་ཟེ་བྷ་ར་དྷྭ་ཛ་དང་རུས་གཅིག་པ་དེ་ཤིང་དྲུང་དེར་ཞག་བདུན་གྱི་བར་དུ་ཆར་བབ་སྟེ། དེ་ན་གནས་པ་ན་ཟས་མི་ཟ་བར་དེ་བཞིན་དུ་འདུག་གོ་།དེའི་ཚེ་ཤིང་དེའི་སྡོང་བུའི་གསེབ་ན་རི་བོང་ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ། 256a ༄#། །དེ་ཤིང་གསེབ་དེ་ནས་བྱུང་ནས་བྲམ་ཟེ་བྷ་ར་དྷྭ་ཛ་དང་རུས་གཅིག་པ་དེའི་རྐང་པ་ལ་ལྕེས་བལྡག་གོ་།དེ་ནས་བྲམ་ཟེ་བྷ་ར་དྷྭ་ཛ་དང་རུས་གཅིག་པས་རི་བོང་དེ་ཕང་བར་བླངས་ནས་ཞག་བདུན་གྱི་བར་དུ་འཛིན་ཅིང་ལག་པས་ཀྱང་དེའི་ལུས་ལ་ཡོངས་སུ་བྱུགས་སོ། །བྱམས་པའི་སེམས་ཀྱིས་ཡང་དག་པར་བལྟ་ཞིང ། ལུས་ཀྱི་ལས་ཀྱིས་ཡང་དག་པར་ཉུག་པར་བྱེད་དོ། །བྱམས་པའི་ལུས་ཀྱི་ལས་ཀྱིས་ཡང་དག་པར་བྱུགས། བྱམས་པའི་ངག་གི་ལས་དང ། བྱམས་པའི་ཡིད་ཀྱི་ལས་ཀྱིས་ཀུན་ནས་བརྗོད་ཅིང ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རི་བོང་ཚལ་ཤིང་ནགས་ན་གནས་པ་ལེགས། །ཆོས་དང་ལྡན་ཞིང་ཆོས་དགའ་བླ་མ་བསྟེན། །གང་གིས་སྲིད་པ་ཚལ་ཤིང་འདི་རུ་གནས། །བདག་གིས་དྲིས་པ་དག་ནི་ལེགས་པར་སྨྲོས། །ང་དང་ལྷན་ཅིག་འདུག་པའང་མི་འཇིགས་སམ། ། གཞན་ཡང་བཀྲེས་དང་སྐོམ་པ་དག་མེད་དམ། །རྩཝ་འཇམ་དག་ལ་ཟ་བར་བྱེད་པ་ན། །ཁྱོད་ཀྱི་ལུས་ནི་གང་གིས་ཚལ་ན་གནས། དེས་སྨྲས་པ། མི་ཡི་བྲམ་ཟེ་བདག་ལས་གསན་པར་མཛོད། །ནགས་ཁྲོད་འདི་ན་ཆོས་སྤྱོད་ཁྱོད་གཟིགས་ཤིག་།བཏུང་བ་དག་དང་དེ་བཞིན་རྩཝ་མི་འཚལ། །དྲང་སྲོང་ལྟ་ཞིང་ལྷན་ཅིག་དགའ་བར་བགྱི། །ཆོས་ 256b ལྡན་མཐོང་ནས་ཚུལ་ཁྲིམས་བརྟུལ་ཞུགས་སྤྱད། །འཇིག་རྟེན་བདེ་དེ་དགའ་མགུ་ཐོབ་པར་བགྱི། །ཁྱོད་ཀྱིས་ལས་ཅི་བྱས་པས་མི་ཡུལ་དུ། །འོངས་ཤིང་གང་གིས་དུད་འགྲོའི་སྐྱེ་གནས་སོང ། །གང་ཞིག་ཐོས་ནས་མགུ་བར་འགྱུར་བ་དག་།དེ་ནི་བརྟགས་པའི་ཚིག་གིས་ང་ལ་སྨྲོས། སྨྲས་པ། སྔོན་གྱི་སྲིད་པར་ཆོས་འཆད་ཉན་པར་བདག་།ཞུགས་ནས་བདག་གིས་ཆོས་སྨྲ་དེ་གཅེས་ཏེ། །དེས་ན་དུད་འགྲོའི་འགྲོ་བར་བདག་སོང་ངོ ། དེས་སྨྲས་པ། རིང་ཞིག་བདག་གིས་འདིར་འདུག་ང་ནི་འགྲོ། །ཅུང་རྩན་བཟོད་མཛོད་སྐོམ་འཐུང་རྩཝ་ཟོལ། །དུས་ལས་འདའ་བདག་ཏུ་ཁྱོད་མ་བྱེད། །དེས་སྨྲས་པ། བདག་ནི་ཆུ་དག་དོན་དུ་གཉེར་མ་ཡིན། །རྩཝ་ཡང་མི་འདོད་བཤད་པའང་མི་འདོད་ཀྱི། །བདག་ལ་གཟིགས་ཤིང་མ་བཏང་མ་བཞུད་པར། །བྲམ་ཟེ་ཚལ་འདིའི་ནང་དུ་བཞུགས་པར་མཛོད། །དེས་སྨྲས་པ། ཅུང་རྩན་བཟའ་བའི་རྣམ་པ་ག་ལ་ཡོད། །དེ་བཞིན་བཏུང་བདག་གི་རྣམ་པ་དང ། གནས་པ་དག་ཀྱང་རབ་ཏུ་མེད་པས་ན། །བྲམ་ཟེ་གང་གིས་ཚུལ་འདིའི་ནང་དུ་གཟུང ། །དེས་སྨྲས་པ། དྲང་སྲོང་གིས་ནི་ཡོངས་སུ་དྲིས་པའི་ཟས། །མེད་དེ་དེ་བཞིན་བཏུང་དང་ཏིལ་མེད་ཅིང ། །འབྲས་ཀྱང་ཡོད་པ་མ་ཡིན་མལ་ཆ་དང ། །སྟན་དག་བདག་ལ་ཡོད་པ་མ་ཡིན་པས། །དྲང་སྲོང་ལ་ནི་བདག་ཉིད་གཏང་བྱ་སྟེ། དྲང་སྲོང་རབ་ཏུ་དགའ་བས་ 257a ༄#། །བདག་མནོ་བས་ལ། །མཐོང་བའི་ཆོས་ལ་དགའ་བ་རྙེད་དགའ་བས། །མནབས་ཏེ་བདག་གི་ཚལ་འདིར་ཞུགས་པར་མཛོད། །དེ་ནི་སད་པར་བྱ་ཕྱིར་ཚིག་སྨྲས་པ། །ཁྱོད་ནི་དེ་རིང་བཟའ་ཞིང་ཚལ་གནས་བྱ། །ཁྱོད་ཉིད་ཁྱོད་ཀྱིས་སོད་ལ་བདག་ལ་བྱིན། །ཁྱོད་ཟོས་བདག་ནི་ཡིད་དགའ་གནས་པར་བྱ། །དེས་སྨྲས་པ།་ལུས་ལ་ལྟོས་པ་མེད་ཀྱི་མེའི་ནང་དུ། །བདག་ནི་བཅུག་སྟེ་དེ་རིང་མནབས་པར་མཛོད། །ཤི་མ་ཐག་ཏུ་ཡིད་ནི་དགའ་འགྱུར་ཞིང ། །མཁས་པ་དག་དང་ཡིད་དགའ་ཕྲད་པར་འགྱུར། །དྲང་སྲོང་གིས་ནི་དེ་ལ་སད་བྱའི་ཕྱིར། །དེར་ནི་རྩཝ་དང་ཤིང་དག་བསྡུས་ནས་སུ། །མེ་ནི་བུས་ནས་རི་བོང་ལ་སྨྲས་པ། །སྲེགས་ཤིག་བདག་གིས་ཚལ་དུ་གནས་པར་བྱ། །མེ་འབར་དེ་ནི་རི་བོང་མཐོང་ནས་སུ། །རྫིང་གི་ཆུ་བསིལ་ནང་དུ་འཇུག་པ་ལྟར། །དད་པ་རྒྱ་ཆེར་བསྐྱེད་ནས་འབར་བ་རུ། །གང་ལའང་ལྟོས་པ་མེད་པར་དེར་ཞུགས་སོ། །རི་བོང་ལ་ནི་དྲང་སྲོང་དེ་ཡིས་སུ། །དགའ་བསྐྱེད་བྱམས་ཤིང་སྐྱོབ་པས་དེ་བཟུང་སྟེ། །ཅུང་རྩན་བསྐལ་པའི་བར་དུ་ཚལ་འདུག་ཅིག་།ཁྱོད་ལ་ཕན་པར་བྱ་ཕྱིར་ཚལ་གནས་བྱ། །དྲང་སྲོང་དེ་ནི་ཚལ་དེར་གནས་ནས་སུ། །རི་བོང་དེ་ལ་ཕན་པ་གདམས་པ་ནི། །དགེ་བ་དཔག་ཏུ་མེད་པའི་ལས་བྱས་པས། །མཐོ་རིས་འགྲོ་ཞིང་ 257b དེར་ནི་བདེ་བ་འབྱུང ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་ཤཱ་རིའི་བུ་དྲང་སྲོང་དུ་གྱུར་ཏོ། །ང་ལས་དེ་དང་ང་དགེ་བའི་རྩ་བ་དེས་ལས་ཤེས་པ་བརྙེས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ལས་ཤེས་པ་ལ་བསླབ་པར་བྱ་ཞིང ། ལས་དེ་དག་ཀྱང་བསྲེ་བར་མི་བྱ་སྟེ། གཞན་དུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །མཽངྒལ་གྱི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལས་ཤེས་པ་ཡོངས་སུ་ཤེས་པར་བྱའོ། །མཽངྒལ་གྱི་བུ། ལས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུས་བྱས་ཤིང ། གཏང་བར་དཀའ་བའང་བཏང་ལ། བྱ་དཀའ་བ་དག་ཀྱང་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་ 258a ༄#། །མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་གདུགས་གཅིག་པ། ས་རྣམས་ཀྱི་དབང་ཕྱུག་རྒྱལ་པོ་མྱ་ངན་མེད་པའི་དཔལ་ཞེས་བྱ་བ་ཞིག་བྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་དགྲ་བཅོམ་པ་ཟག་པ་ཟད་པ་དུང་ཕྱུག་ཕྲག་དགུ་བྱུང་ངོ ། །དེ་ནས་དེ་བཞིན་གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ཉན་ཐོས་དུང་ཕྱུར་ཕྲག་དགུ་པོ་དེ་དག་གི་དབུས་སུ་བཞུགས་ནས་འདི་ལྟ་སྟེ། ལས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལས་བརྩམས་ཏེ་ཉན་ཐོས་རྣམས་ལ་ཆོས་སྟོན་ཏོ། །དེའི་ཚེ་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་སེལ་བ་ཞེས་བྱ་བ་ཞིག་འདུས་པར་གྱུར་ནས་འདུག་གོ་།དེ་སྟན་ལས་ལངས་ནས་གོས་ཕྱོགས་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་དབང་ཐུགས་དག་དགེ་བས་བརྒྱན་པ་སྟེ། །འདྲེན་ 258b པ་རང་བྱུང་ལ་ནི་བདག་འདི་ཞུ། །མགོན་པོ་ཇི་ལྟར་སྤྱད་ན་རྣམ་འདྲེན་སྲས། །དགེ་བ་སྤྱོད་བའི་ལས་ཀྱི་རྒྱུ་འཚལ་ལགས། །ཇི་ལྟར་ཆགས་བྲལ་དག་པའི་ལས་སུ་འགྱུར། །ཇི་ལྟར་དག་པའི་ལས་ཀྱིས་དགེ་བ་བསྟེན། །ཇི་ལྟར་སྤྱད་ན་དག་པའི་ལས་ཐོབ་འགྱུར། །འདྲེན་པ་དག་པའི་ལས་རྒྱུ་གསུངས་ཤིག་གསུངས། །ཇི་ལྟར་ལས་ཀྱི་རྣམ་དག་རབ་ཏུ་ཐོབ། །ཇི་ལྟར་འགྲོ་བ་རྣམ་དག་ལས་མངོན་འགྱུར། །ཇི་ལྟར་རྣམ་པར་དག་ལས་རྒྱུ་དྲན་ལགས། །རྣམ་འདྲེན་ཁ་ལོ་སྒྱུར་གཙོ་གསུངས་ཤིག་གསུངས། །མཆོག་ཏུ་དགེ་བ་ཡིད་འོང་སྤྱོད་པའི་སེམས། །སྤྱོད་པ་མཉམ་རྩོམ་ཞི་བ་དག་པའི་ལས། །མི་དབང་ཁྱོད་ཀྱི་དག་པའི་གསུང་ཐོས་ནས། །འདྲེན་པ་ཁྱོད་སྲས་བྱང་ཆུབ་རབ་ཏུ་གནས། །མཽངྒལ་གྱི་བུ། དེ་ནས་དེ་བཞིན་གཤེགས་པ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་དེས་བྱང་ཆུབ་སེམས་དཔའ་མྱ་ངན་སེལ་བ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མྱ་ངན་སེལ་བ། ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་ཏེ། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི། མྱ་ངན་སེལ་བ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། དེའི་ཕྱིར་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བྱང་ཆུབ་སེམས་དཔའ་མྱ་ངན་སེལ་ 259a ༄#། །བས་བཅོམ་ལྡན་འདས་ལ་ལེགས་སོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ང་རྒྱལ་སྤང་བ་ལ་བསླབ་པར་བྱ། སེམས་ཅན་ཐམས་ཅད་ལ་ཡོན་གནས་ཡིན་པར་སེམས་ཉེ་བར་གཞག་པར་བྱ། ཆོས་ཀྱི་ཀུན་དགའ་བ་ལའང་སོ་སོར་རིག་པར་བྱ། བྱང་ཆུབ་ཀྱི་སེམས་ཀྱང་མི་གཏང་བར་བྱ། དགེ་བའི་བཤེས་གཉེན་ཡང་མངོན་པར་མགུ་བར་བྱ། ཆོས་བཙལ་བ་ལའང་ཆོག་མི་ཤེས་པར་བྱ། མང་དུ་ཐོས་པ་ལའང་མངོན་པར་བརྩོན་པར་བྱ། བསྟན་བཅོས་ཤིན་ཏུ་བརྟགས་པ་དག་ཀྱང་བཙལ་བར་བྱ། སོ་སོར་རྟོགས་པ་ལའང་བསླབ་པར་བྱ། གྲུབ་པའི་མཐའ་སོ་སོར་རྟོགས་པ་ལའང་བསླབ་པར་བྱ།་ཆོ་ག་ལ་མཁས་པར་ཡང་བྱ། བླ་མ་ལ་གུས་པར་བྱ། བླ་མ་ལ་ཞེས་མེད་པའི་ཉེ་བར་སྤྱད་པར་མི་བྱ། བླ་མའི་ཚིག་ལས་འདའ་བར་ཡང་མི་བྱ། དོན་དང་ལྡན་པའི་བསྟན་བཅོས་བཙལ་བར་བྱ་ཞིང་དོན་མེད་པ་གཞན་སྤང་བར་བྱ། འཇིག་རྟེན་རྒྱང་འཕེན་བའི་བསྟན་བཅོས་དང ། ཆད་པའི་ཁྲིམས་ཀྱི་བསྟན་བཅོས་དང ། 259b བྱད་སྟེམས་ཀྱི་བསྟན་བཅོས་དང ། སྨྲ་བའི་རིག་པའི་བསྟན་བཅོས་དང ། འབྱུང་པོ་རིག་པའི་བསྟན་བཅོས་དང ། རྨུགས་བྱེད་རིག་པའི་བསྟན་བཅོས་དང ། གཞོན་ནུ་རྩ་བའི་བསྟན་བཅོས་དང ། བཟའ་བའི་བསྟན་བཅོས་དང ། རྒྱན་པོའི་བསྟན་བཅོས་དང ། ཚོང་བའི་བསྟན་བཅོས་དང ། སྒྱུ་མ་བྱེད་པའི་བསྟན་བཅོས་དང ། ཉོ་ཚོང་གི་བསྟན་བཅོས་དང ། ཤན་པའི་བསྟན་བཅོས་དང ། ཆང་ཚོང་གི་བསྟན་བཅོས་དང ། འཁྲིག་པའི་བསྟན་བཅོས་དང ། འགྲོ་བའི་བསྟན་བཅོམ་དང ། ཀུན་ཏུ་འཚོ་བ་ལ་རྨོངས་པའི་བསྟན་བཅོས་དང ། ཉལ་བའི་བསྟན་བཅོས་དང ། རེངས་བྱེད་ཀྱི་བསྟན་བཅོས་དང ། རྣམ་པར་རྨོངས་བྱེད་ཀྱི་བསྟན་བཅོས་དང ། སྤྲུལ་གཟུང་བའི་བསྟན་བཅོས་དང ། གཞན་གང་དག་དེ་ལས་གཞན་པ་གང་རྣམ་པར་ཐར་པ་དང་མི་མཐུན་པའི་བསྟན་བཅོས་གང་ཀུན་ཏུ་རྨོངས་པར་འཇུག་པ་དེ་དག་ཐམས་ཅད་ནི། བྱང་ཆུབ་སེམས་དཔའ་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པས་ཡོངས་སུ་སྤང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི། ཐར་པ་ལ་ཐོགས་པར་གྱུར་པའི་ཕྱིར་རོ། །མྱ་ངན་སེལ་བ། གཞན་ཡང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེས་ 260a ༄#། །སྦྱིན་པ་དང ། དུལ་བ་དང ། ཡང་དག་པར་སྡོམ་པ་ལ་མངོན་པར་བརྩོན་པར་བྱ། སེམས་ཅན་བསྡུ་བའི་ཕྱིར་བདག་ཉིད་སྣོད་དུ་བྱ། ཇི་ལྟར་འདིའི་ཚིག་གཟུང་བར་འགྱུར་བར་བྱ་སྟེ། རིགས་ཀྱི་བུ། ཇི་ཙམ་དུ་བག་ཙམ་ཡང་དུས་མ་ཡིན་པར་སྨྲ་བ་ནི། གཟུང་བར་མི་འགྱུར་ཏེ། དེ་ལྟ་བས་ན། དུས་དང་རིགས་པར་ཚིག་དབྱུང་བར་བྱའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་གྲོགས་པོ་གཉིས་ཤིག་བྱུང་སྟེ། སྔོ་བསངས་དགའ་ཞེས་བྱ་བ་དང ། བླ་མ་ཞེས་བྱ་སྟེ། དེ་གཞན་ཞིག་ན་རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་གོ་།གཅིག་ནི། རྒྱལ་པོ་ལ་བསྟེན། གཉིས་པ་ནི། སྨད་ཚོང་མ་ལ་བསྟེན་ཏོ། །དེ་ལ་གང་སྨད་ཚོང་མ་ལ་བསྟེན་པ་ནི། སྔོ་བསངས་དགའོ། །གང་རྒྱལ་པོ་ལ་བསྟེན་པ་དེ་ནི། བླ་མའོ། །དེ་ལ་གང་རྒྱལ་པོ་ལ་སྟེན་པ་སྟེན་གྲོགས་བླ་མ་དེ་ནི། རིགས་པར་སྨྲ་ཞིང་དུས་སུ་སྨྲའོ། །གང་སྨད་ཚོང་མ་ལ་སྟེན་པ་སྟེན་གྲོགས་སྔོ་བསངས་དགའ་དེ་ནི།་དུས་མ་ཡིན་པར་སྨྲ་ཞིང་རིགས་པ་མ་ཡིན་པ་སྨྲ་སྟེ། དེ་སྨད་ཚོང་མ་དེ་དག་གིས་ཆང་བླུད་ནས་ར་རོ་བར་རིག་པ་དང ། རྩཝ་སྟན་གྱིས་དཀྲིས་ནས་ལམ་གྱི་བཞི་མདོར་བོར་རོ། །མཚུངས་པ་མ་ཡིན་པས་སློབ་མ་དེ་དུས་མ་ཡིན་པས་ཚིག་དེ་དང ། རིགས་པ་མ་ཡིན་པའི་ཚིག་དེ་ལས་ཉོན་མོངས་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ 260b ཚེ་དེའི་དུས་ན་སྟེན་གྲོགས་བླ་མ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་སྟེན་གྲོགས་བླ་མ་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སྟེན་གྲོགས་སྔོ་བསངས་དགའ་ཞེས་བྱ་བར་གྱུར་པ་དུས་མ་ཡིན་པར་སྨྲ་ཞིང་རིགས་པ་མ་ཡིན་པར་སྨྲ་བ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ།་ལྷ་སྦྱིན་དེའི་ཚེ་དེའི་དུས་ན་སྟེན་གྲོགས་སྔོ་བསངས་དགའ་ཞེས་བྱ་བར་གྱུར་ཏོ། །དེ་དུས་མ་ཡིན་པར་སྨྲ་བ་དེ་དང ། རིགས་པ་མ་ཡིན་པར་སྨྲ་བ་དེ་ལས་ཉོན་མོངས་པར་གྱུར་ཏོ། །གང་གིས་ང་བདེ་བ་ཉམས་སུ་མྱོང་བ་ནི། འདི་ལྟ་སྟེ། ངས་ཀུན་འབྱུང་བ་དུས་སུ་སྨྲས་ཤིང་རིགས་པར་སྨྲས་པ་ཡིན་ནོ། །གང་གིས་ལྷ་སྦྱིན་སྡུག་བསྔལ་ཉམས་སུ་མྱོང་བ་དེའི་ལས་ཀྱི་རྣམ་པར་སྨིན་པའི་རྒྱུ་ནི། འདི་ལྟ་སྟེ། དུས་མ་ཡིན་པར་སྨྲ་ཞིང་རིགས་པ་མ་ཡིན་པར་སྨྲ་བ་ཡིན་ནོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་དུས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་སུ་སྨྲ་བ་ལ་ཉེ་བར་གནས་པ་དེས་ནི། དྲན་པ་རྣལ་འབྱོར་དུ་བྱས་ཏེ།་མཽངྒལ་གྱི་བུ། དབང་པོ་ཉེ་བར་གནས་པའི་བྱང་ཆུབ་སེམས་དཔའ་ནི། བག་ཡོད་པ་ཞེས་བྱའོ། །དེ་བྱང་ཆུབ་སེམས་དཔའི་ཆོས་དག་ལས་ཡོངས་སུ་ཉམས་པར་མི་ 261a ༄#། །འགྱུར་རོ། །མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའི་ཆོས་དེ་དག་ཀྱང་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་མི་ཉམས་པར་བྱ་བ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །མཽངྒལ་གྱི་བུ། འདི་དག་ནི། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་དག་གིས་ཡོངས་སུ་ཉམས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་དྲན་པ་ལ་ཉེ་བར་གནས་པ་ནི། གཏོང་བ་རྗེས་སུ་དྲན་པ་སྒོམ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་རྫོགས་ན། སེར་སྣ་ཟློག་སྟེ། གང་སེར་སྣ་བཟློག་པས་གཏོང་བ་འཛིན་ཏོ། །དེ་ཡོངས་སུ་འཛིན་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་དེ། གང་ཡོངས་སུ་འཛིན་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དེ་འཆིང་བ་གཅོད་དོ། །གང་འཆིང་བ་གཅོད་པ་དེ་ཐར་པའོ། །གང་ཐར་པ་ནི། གྲོལ་བའོ། །གྲོལ་བ་ནི། མངོན་པར་ཞེན་ 261b པ་མེད་ཅིང་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའོ། །མཽངྒལ་གྱི་བུ། དེ་དག་ནི། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་དག་མི་འཆིང ། ཡོངས་སུ་མི་ཉམས་པར་བྱེད་པའོ། །མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམས་པ་མེད་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་དང ། བདུད་དང་བཅས་པ་དང ། ཚངས་པ་དང་བཅས་པ་དང ། དགེ་སྤྱོང་དང་བྲམ་ཟེར་བཅས་པའི་སྐྱེ་རྒུའི་ཚོགས་རྣམས་ཀྱིས་སྟོན་པར་རིག་པར་བྱ། འདྲེན་པར་རིག་པར་བྱ། ཡོངས་སུ་འདྲེན་པར་རིག་པར་བྱ།་སྒྲོན་མེ་འཛིན་པར་རིག་པར་བྱ། སྣང་བ་བྱས་པར་རིག་པར་བྱ། དེ་བཞིན་དུ་སྦྱར་ཏེ་གསལ་བར་བྱེད་པ་དང ། སྟོན་པ་དང ། ཁྲིད་པར་བྱེད་པ་དང ། ཞི་བར་བྱེད་པ་དང ། རབ་ཏུ་ཞི་བར་བྱེད་པར་རིག་པར་བྱ། དགའ་བར་བྱེད་པ་དང ། རྒྱས་པར་བྱེད་པ་དང ། སྔོན་དུ་འགྲོ་བ་དང ། མདུན་དུ་འགྲོ་བ་དང ། མཐར་བྱེད་པར་རིག་པར་བྱ། སྒྲོལ་བ་དང ། ཕ་རོལ་ཏུ་འགྲོ་བ་དང ། འོད་བྱེད་པ་དང ། བདེ་བྱེད་དུ་རིག་པར་བྱ། གནས་དང ། མངོན་དང ། སྐྱབས་དང ། ཕ་རོལ་ཏུ་འགྲོ་བ་དང ། མི་འཇིགས་པར་བྱེད་པ་ཞེས་རིག་བར་བྱའོ། །མཽངྒལ་གྱི་བུ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དག་ནི། སེམས་ཅན་དེ་དག་ལས་སྙིང་རྗེ་ཆེན་པོ་འཐོབ་སྟེ། ཀྱེ་མ་སེམས་ཅན་ 262a ༄#། །འདི་དག་ནི། མགོན་མེད་པ་སྟེ། ཁ་ཅིག་སྡུག་བསྔལ་ལས་ངེས་པར་འབྱུང་ཞིང་འདོད་པའི་བདེ་བ་འདོད། ཁ་ཅིག་སྡུག་བསྔལ་ལས་ངེས་པར་འབྱུང་ཞིང་སྙོམས་པར་འཇུག་པའི་བདེ་བ་འདོད་པ་ནི། ལམ་རབ་ཏུ་ཉམས་པ། ལམ་གོལ་བར་ཞུགས་པ། ལམ་ངན་པའི་རྗེས་སུ་འབྲང་བའོ། །སྙམ་མོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་སྟོན་པ་དབེན་པར་སྤྱོད་པ་ཞེས་བྱ་བ་བྱུང་སྟེ། དེ་སེམས་ཅན་རྣམས་འདོད་པའི་རབ་ཏུ་གནོད་པ་ལས་ངེས་པར་གྲོལ་བ་དང ། ངེས་པར་འབྱུང་བ་ལ་འཇོག་པར་བྱེད་དེ། དེས་དག་པར་ཡང་འཛིན་ཏོ། །དེས་སྐྱེ་བོ་མང་པོ་ཡང་དག་པར་འཇོག་སྟེ། གང་གི་ཚེ་སེམས་ཅན་དག་འདོད་པ་རྣམས་ལ་དབེན་པ་འཐོབ་ཅིང་རེ་ཞིག་འདིས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་དེ། དེས་སྐྱེ་བོའི་ཚོགས་མང་པོ་འདོད་པ་ལས་དབེན་པ་ལ་རབ་ཏུ་བཙུད་དོ། །དེ་དག་ཀྱང་འདོད་པ་ལས་དབེན་པ་མཐར་ཕྱིན་ཏོ། །སྙམ་པའི་འདུ་ཤེས་སུ་གྱུར་ཏོ། །གང་གི་ཚེ་སེམས་ཅན་རྣམས་འདོད་པ་ལས་དབེན་པ་སྐྱེ་བར་གྱུར་པ་དེའི་ཚེ་མྱ་ངན་ལས་འདས་པར་གྱུར་ཏོ། །ཞེས་ཟེར་ཏེ། ཡང་ལུས་མི་བསྐྱེད་དོ། །དེས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་བཟོད་པ་དེ་ལ་བཙུད་དེ་དེ་དག་ཐར་པའོ། །སྙམ་པའི་འདུ་ཤེས་ 262b ཀྱིས་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་མཐོང་ངོ ། །དེ་དག་འདི་སྙམ་དུ་གྱུར་ཏེ། འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི། ཆོས་ལོག་པའོ། །འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ལམ་འདི་ནི། ལམ་ལོག་པའོ་སྙམ་མོ། །དགེ་སྦྱོང་དང་བྲམ་ཟེ་གང་དག་མྱ་ངན་ལས་འདས་སོ། །ཞེས་སྨྲ་བ་དེ་དག་ནི། ལོག་པར་སྨྲ་བ་ཡིན་ཏེ།་དེ་དག་སྐྱེས་མ་ཐག་ཏུ་དེས་ཚངས་པའི་གཞལ་མེད་ཁང་མཐོང་བའང་མི་སྣང་བར་གྱུར་ཅིང་སེམས་ཅན་དམྱལ་བ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ལྟ་བས་ན། ལམ་གཞན་གྱིས་ཐར་པ་མ་གཏོགས་པར་འདོད་པ་ལས་ངེས་པར་འབྱུང་བ་ནི། ཐར་པ་མ་ཡིན་ནོ། །གང་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ནི། བསམ་གཏན་གྱི་བདེ་བས་ཐར་པར་འདོད་པའང་ཡོད་དེ།་མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་རིགས་མཆོག་མ་ཡིན་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་འདོད་པ་རྣམས་ལ་འཆིང་བར་འདུ་ཤེས་ནས་འདོད་པ་སྤོང་ཞིང་འབྱུང་སྟེ། དེ་མངོན་པར་བྱུང་ནས་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་བསམ་གཏན་དང་པོ་ཐོབ་ནས་དེ་འདི་སྙམ་དུ་གྱུར་ཏེ། གང་ལ་རྟོག་པ་དང་དཔྱོད་པ་དག་འཇུག་པའི་ས་འདི་ནི། རབ་ཏུ་མ་ཞི་བ་ཡིན་ཏེ། འདི་བས་ཅུང་ཞིག་གོང་ན་ཞི་བ་ཉིད་དང ། གྱ་ནོམ་པ་ 263a ༄#། །ཉིད་ཡོད་དོ། །སྙམ་ནས་དེས་བསམ་སྟེ་རྟོག་པ་མེད་པའི་བསམ་གཏན་ཐོབ་ནས་དེ་འདི་སྙམ་དུ་གྱུར་ཏེ། གང་ལ་རྟོག་པ་དང་དཔྱོད་པ་དག་མི་འབྱུང་བ་འདི་ནི།་མྱ་ངན་ལས་འདས་པ་ཡིན་ཏེ། འདི་ནི། ཞི་བའོ། །འདི་ནི། གྱ་ནོམ་པའོ། །གང་ལ་རྟོག་པ་དང་དཔྱོད་པ་དག་མེད་པ་དེ་ཡང་དང་ཡང་དུ་སྐྱེ་བར་མི་འཇུག་ལ་ཉེ་བར་ལེན་པ་ཅུང་ཟད་ཀྱང་མེད་དེ། འདི་ནི། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའོ། །སྙམ་ནས་དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་སྲོག་ཆགས་འབུམ་ཕྲག་དྲུག་བཟོད་པ་འདི་ལ་བཙུད་དོ། །དེ་དག་ཀྱང་འདི་སྙམ་དུ་གྱུར་ཏེ། རྟོག་པ་དང་དཔྱོད་པ་དེ་དག་སྤངས་ན་དེའི་སྐྱེ་བ་མི་འཇུག་པ་འདི་ནི། མྱ་ངན་ལས་འདའ་བ་ཐོབ་བོ། །སྙམ་མོ། །དེ་ལྟར་བཟོད་པ་དང་སྣང་བ་ལ་དགའ་བ་དེ་དག་ལ་འོད་གསལ་གྱི་གཞལ་མེད་ཁང་དག་བྱུང་བར་གྱུར་ཏོ། །དེ་ལྟར་གཞལ་མེད་ཁང་དེ་དག་མཐོང་ནས་འདི་སྙམ་དུ་གྱུར་ཏེ། འདི་ལྟ་སྟེ།་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི། ལོག་པར་འཛིན་པའོ། །གང་དགེ་སྦྱོང་དང་བྲམ་ཟེ་མྱ་ངན་ལས་འདས་པར་སྨྲ་བ་དེ་དག་ནི། ལོག་པར་ཞུགས་པའོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ལ་ནི། གཞལ་མེད་ཁང་མེད་དོ། །སྙམ་ནས་དེ་དག་མཐོང་བ་ཐོབ་མ་ཐག་ཏུ་གཞལ་མེད་ཁང་དེ་དག་མི་སྣང་བར་གྱུར་ཅིང་སེམས་ 263b ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཏོ། །དེའི་ཚེ་བྲམ་ཟེ་མངོན་པར་ཤེས་པ་ལྔ་དང་ལྡན་ཞིང་རྣམ་པར་ལྟ་བ་ཤེས་པ་སྣ་ཚོགས་ཡོད་པ་ཞེས་བྱ་བ་ཞིག་བྱུང་ངོ ། །དེས་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་པ་དེ་དག་མཐོང་ནས་དེ་འདི་སྙམ་དུ་གྱུར་ཏེ། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། རབ་ཏུ་ཉམས་པ་སྟེ། འདི་ལྟར་སེམས་ཅན་ལོག་པར་འཛིན་པ་འདི་དག་སེམས་ཅན་དམྱལ་བ་ཆེན་པོར་རབ་ཏུ་ལྟུང་ངོ ། །སྙམ་མོ། །དེ་ལྟ་བུའི་ཏིང་ངེ་འཛིན་མཉམ་པར་བཞག་པ་ལ་ཇི་ལྟར་སེམས་མཉམ་པར་བཞག་པའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཐམས་ཅད་བསིལ་བར་བྱས་སོ། །བསིལ་བར་བྱས་ནས་སྒྲ་ཕྱུང་བ། ཀྱེ་སེམས་ཅན་དག་།མྱ་ངན་ལས་འདས་པ་ཡོད་དེ།་ཁྱོད་ཀྱིས་སྔོན་མྱ་ངན་ལས་འདས་པ་མ་ཐོས་ཤིང ། ཁྱོད་ཀྱིས་མྱ་ངན་ལས་འདས་པ་མ་ཡིན་པ་ལ་མྱ་ངན་ལས་འདས་པར་འདུ་ཤེས་ཏེ། དེས་ན་ཁྱེད་ཅག་དམྱལ་བར་སྐྱེས་སོ། །ཁྱེད་ཅག་གིས་ལྟ་བར་གྱུར་པ་འདི་དག་ལེགས་པར་ཐོང་ཞིག་།འོན་ཏང་ཁྱེད་ཅག་མྱ་ངན་ལས་འདས་པ་འཐོབ་བོ། །སེམས་ཅན་དེ་དག་གིས་དེའི་ཚིག་དེ་ཐོས་ནས་ལྟ་བར་གྱུར་བ་དེ་དག་བཏང་སྟེ་མྱ་ངན་ལས་འདས་པའི་འདུ་ཤེས་སྐྱེས་སོ། །དེ་དག་མྱ་ངན་ལས་འདས་པའི་འདུ་ཤེས་སྐྱེས་མ་ཐག་ཏུ་སེམས་ཅན་དམྱལ་བ་ཆེན་ 264a ༄#། །པོ་དེ་ལས་ཤིའོ། །དེ་ཤི་ནས་སྟོན་པ་ཤེས་པ་སྣ་ཚོགས་ཡོད་པ་དེའི་དྲུང་དུ་ལྷགས་སོ། །དེ་དག་ཤེས་པ་སྣ་ཚོགས་ཡོད་པ་དེས་བསྟན་བཅོས་ནས་དགྲ་བཅོམ་པ་འཐོབ་པའི་བར་དུ་སྟོན་ཏོ། །མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་སྟོན་པ་ཤེས་པ་སྣ་ཚོགས་ཡོད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན།་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་སྟོན་པ་ཤེས་པ་སྣ་ཚོགས་ཡོད་པར་གྱུར་ཏོ། །མཽངྒལ་གྱི་བུ། སེམས་ཅན་དག་ཡུན་རིང་པོ་ནས་ལོག་པར་མངོན་པར་ཞེན་པས་བསླུས་ཏེ། མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ལོག་པས་མངོན་པར་ཞེན་པ་ལ་མངོན་པར་ཞེན་པ་མེད་པར་བྱའོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་ཤེས་པ་ལ་རབ་ཏུ་འབད་པར་བྱའོ། །དགེ་བའི་བཤེས་གཉེན་ཡང་ཡོངས་སུ་བཙལ་བར་བྱའོ། མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ནི། དགེ་བའི་བཤེས་གཉེན་དང་འབྲེལ་བའོ། །མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐག་པ་ལ་ཡང་དག་པར་བསྟེན་པར་མི་བྱ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་བསྟེན་པར་མི་བྱའོ། །མཽངྒལ་གྱི་བུ། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་འཆལ་པ་དང ། ལོག་པར་ལྟ་བ་ནི། བྱང་ཆུབ་སེམས་དཔའི་སྡིག་ 264b པའི་གྲོགས་པོ་མ་ཡིན་གྱི། གཞན་དུ་ན་ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་འཆལ་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གཞིག་པར་མི་ནུས། ལོག་པར་ལྟ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གཞིག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་འཆལ་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་འཆལ་བར་བྱ་མི་ནུས། ལྟ་བ་ལོག་པས་བྱང་ཆུབ་སེམས་དཔའི་ལྟ་བ་ལོག་པར་བྱ་མི་ནུས་ཀྱི།་ཉན་ཐོས་ཀྱི་ཐེག་པས་དང ། རང་སངས་རྒྱས་ཀྱི་ཐེག་པ་པས་ནི། བྱང་ཆུབ་སེམས་དཔའ་ཟག་པ་མེད་པའི་ཤེས་པ་ལ་འཇུག་པར་མི་ནུས་སོ། །དེ་ལྟ་བས་ན། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་བ་ནི། བྱང་ཆུབ་སེམས་དཔའི་སྡིག་པའི་གྲོགས་པོ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པར་ཚུལ་ཁྲིམས་འཆལ་པའམ། ལྟ་བ་ལོག་པ་དང་ལྷན་ཅིག་དགའ་བར་བྱས་པ་ནི། རུང་གི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་བ་དག་ནི། དེ་ལྟ་མ་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་དང་ལྟ་བ་ལོག་པ་ནི། བྱང་ཆུབ་སེམས་དཔའི་རིང་དུ་སོང་བ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་ནི། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ 265a ༄#། །གནས་པའི་མཐར་བྱེད་པ་གསོད་པའི་ཚུལ་དུ་བལྟ་སྟེ། བྱང་ཆུབ་སེམས་དཔའ་སོ་སོར་མ་བརྟགས་པའི་ཐེག་པ་ལ་ཡང་དག་པར་གནས་པ་དེ་ནི།་སོ་སོར་འབད་པ་མི་ནུས་ཏེ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་དག་དང་ལྷན་ཅིག་དགའ་བར་མི་བྱའོ། །སེངྒེ་དང་ཝ་ལྷན་ཅིག་དགའ་བར་བྱེད་པ་ནི། རིགས་པ་མེད་དེ། ཇི་ལྟར་ཝ་ལྟ་བུ་དེ་ལྟར་ནི། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་པ་ཡིན་པར་བལྟའོ། །ཇི་ལྟར་སེངྒེ་ལྟ་བུ་དེ་ལྟར་ནི། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ནི། བདག་ལ་ཕན་པར་ཞུགས་པ་ཡིན་གྱི།་བྱང་ཆུབ་སེམས་དཔའ་ནི། བདག་དང་གཞན་ལ་ཕན་པར་ཞུགས་པ་ཡིན་ནོ། །ཉན་ཐོས་ནི། བདག་གི་ལམ་ཤེས་ཀྱི། བྱང་ཆུབ་སེམས་དཔའ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལམ་རབ་ཏུ་ཤེས་སོ། །ཉན་ཐོས་ནི། བདག་གི་སེམས་རྣམ་པར་སྦྱོང་གི་།བྱང་ཆུབ་སེམས་དཔའ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམ་པར་སྦྱོང་ངོ ། །ཉན་ཐོས་དང་རང་སངས་རྒྱས་ནི། བདག་གི་ཉོན་མོངས་པ་རྣམས་ཞི་བར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི། བདག་དང་གཞན་གྱི་ཉོན་ 265b མོངས་པ་རྣམས་ཞི་བར་བྱེད་དེ། །ཉན་ཐོས་ནི། ལམ་གཅིག་ནས་འགྲོས་ཀྱི། བྱང་ཆུབ་སེམས་དཔའ་ནི། ལམ་ཆེན་པོ་ནས་འགྲོའོ། །ཉན་ཐོས་དང་རང་སངས་རྒྱས་དག་ཉོན་མོངས་པ་སྤངས་ལ། བག་ཆགས་མ་སྤངས་ཀྱི། བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཉོན་མོངས་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པའང་སྤངས་སོ། །ཉན་ཐོས་ནི། གཞན་གྱིས་བསྟན་པའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའི། བྱང་ཆུབ་སེམས་དབང་ནི། རང་བྱུང་གི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའོ། །ཉན་ཐོས་དག་གི་དམ་པའི་ཆོས་ནི། མི་གནས་ཀྱི། བྱང་ཆུབ་སེམས་དཔའི་དམ་པའི་ཆོས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གནས་སོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ནི། སྟོབས་ཕུན་སུམ་ཚོགས་པ་མེད་ཀྱི། བྱང་ཆུབ་སེམས་དཔའ་དག་ལ་ནི། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སྟོབས་བཅུ་ཕུན་སུམ་ཚོགས་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་མི་འཇིགས་པ་ཕུན་སུམ་ཚོགས་པ་མེད་ཀྱི། སངས་རྒྱས་དེ་དག་ལ་ནི། མི་འཇིགས་པ་ཕུན་སུམ་ཚོགས་པ་མངའོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ནི། དེ་བཞིན་གཤེགས་ 266a ༄#། །པའི་སོ་སོར་ཡང་དག་པར་རིག་པ་མེད་ཀྱི། དེ་བཞིན་གཤེགས་པ་ལ་ནི། ཐུན་མོང་མ་ཡིན་པའི་སོ་སོར་ཡང་དག་པའི་རིག་པ་མངའོ། །ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ལ་ནི། མཚན་མེད་ཀྱི། དེ་བཞིན་གཤེགས་པ་ལ་ནི། ཐུན་མོང་མ་ཡིན་པའི་མཚན་མངའོ། །དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་ལ་སློབ་པ་ནི། དཔེས་བསྟན་བདེ་བཞིན་ཉིད་ཡོད་དོ། །དཔེས་བསྟན་པ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མི་ཤེས་པ་དེ་གང་གིས་ཚུལ་འདི་ལྟ་བུ་དེ་ལས་གཞན་པ་སྡིག་པ་མི་དགེ་བའི་ཆོས་དཔག་ཏུ་མེད་པ་དག་གིས་ཀུན་ནས་དཀྲིས་པའི་སེམས་སངས་རྒྱས་ཀྱི་ཡོན་ཏན་དང་མཉམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་དེ་དག་ལ་སློབ་པ་ན་ལམ་འདི་ལྟ་བུ་ཁོང་དུ་ཆུད་པའི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་རྨོངས་པར་བྱ་མི་ནུས་ཏེ། དེས་ན་བྱང་ཆུབ་སེམས་དཔའ་འདི་ནས་ཤི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི། དོན་མེད་ཅིང་མིག་ཕྱུང་བ་དགེ་བའི་ཕྱོགས་དང་མི་མཐུན་པ་ལ་མངོན་པར་ཞུགས་པ་ལས་ངན་པའི་དབང་གིས་གང་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ 266b འདོད་པ་དེ་དག་གལ་ཏེ་བརྒྱ་ལ་མཐོང་ན་མི་མཐུན་པ་དང་ཉམ་ང་བ་འཐོབ་སྟེ། དེ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་སོ། །འདི་ལྟ་སྟེ། དཔེར་ན། མི་ཞིག་ལ་སྤྲུལ་ནག་པོས་ཟིན་ན། སྤྲུལ་ལ་གནོད་པར་སེམས་ཀྱི་དུག་སྤང་བའི་ཕྱིར་འབད་པར་མི་བྱེད་དོ། །དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ལྷའི་འདོད་པ་དགའ་བ་ལ་མི་བདེ་བར་སེམས་ཀྱི། ཉོན་མོངས་པ་སྤང་བའི་ཕྱིར་འབད་པར་ནི། མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྡུག་བསྔལ་གྱི་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཏེ།་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱ་བར་འདོད་ཅིང ། དོན་མ་ཡིན་པ་ཟློག་པར་འདོད་པས་ལས་རྣམས་ཀྱི་རྒྱུ་ཉོན་མོངས་པ་དག་སོ་སོར་ཤེས་པར་བྱའོ། །མཽངྒལ་གྱི་བུ། ཉོན་མོངས་པ་གང་གིས་ལས་ཡང་དག་པར་ལེན་པ་ངས་ཤེས་ཤིང་མཐོང་བ་སྨྲས། ཟག་པ་ཟད་པ་མ་ཤེས་མ་མཐོང་བའང་ངས་སྨྲ་སྟེ། ཅི་ཤེས་ཅི་མཐོང་ཞེ་ན། འདི་ལྟ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་དང ། ཚུལ་བཞིན་ཡིད་ལ་མི་བྱེད་པའོ། །ཚུལ་བཞིན་མ་ཡིན་པ་གང་ཞེ་ན། མུན་པའི་ཚོགས་གསུམ་དག་གོ་།ཚུལ་བཞིན་གང་ཞེ་ན། རྣམ་པར་ཐར་པའི་སྒོ་གསུམ་སྟེ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའོ། །གང་གི་ཚེ་སྟོང་པ་ 267a ༄#། །ཉིད་ལ་གནས་པ་དེའི་ཚེ་བདག་དང་བདག་གིའམ། རྟག་པའམ། བརྟན་པའམ། ཞི་བའམ། ཐེར་ཟུག་པ་ཞེས་སོ་མ་ཉི་མེད་ཅིང་ཐེ་ཚོམ་མེད་དོ། དེའི་ངེས་པར་གྱུར་པ་རྟོགས་ནས་དེར་བདག་མེད་ཅིང་བདག་གི་མེད་པ་དེའི་ཚེ་མུན་པ་རྨོངས་པ་འདི་བཅོམ་པར་འགྱུར་ཏེ། དཔེར་ན། སྣང་པ་བྱུང་བས་མུན་པ་མེད་པར་འགྱུར་རོ། །དེ་བཞིན་དུ་སྟོང་པ་ཉིད་ལ་ངེས་པར་གྱུར་པས་མུན་པའི་ཚོགས་ལ་འཇིགས་པར་མི་འགྱུར་རོ། །དེས་ན་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པར་འགྱུར་ཞིང ། དེ་བཞིན་གཤེགས་པའི་སྟོབས་བཅུའི་སྒོ་འབྱེད་པར་འགྱུར་ཏེ། འདི་ལྟ་སྟེ། གནས་ཤེས་པ་དང ། གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་དང ། གནས་ཤེས་པ་འགོག་པ་ཤེས་པ་དང ། གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ནས་དེ་བཞིན་དུ་སྦྱར་ཏེ། ཐམས་ཅད་མཁྱེན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པའི་བར་དུའོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་མུན་པ་རྨོངས་པའི་ཚོགས་གསུམ་དག་ཤེས་པར་བྱས་ལ། རྣམ་པར་ཐར་པའི་སྒོ་གསུམ་ 267b དག་ལ་སོ་སོར་བརྟག་པར་བྱ་ཞིང ། སྟོབས་བཅུ་དག་ལ་སྨོན་ལམ་གདབ་པར་བྱའོ། །འཇིག་ཚོགས་དང་མུན་པའི་ཚོགས་ཀྱིས་བསྒྲིབས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་སེམས་ཅན་རྣམས་ཀྱི་མུན་པའི་ཚོགས་ཡང་དག་པར་བསྟེན་པའི་ཕྱིར་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་གྲངས་མེད་དཔག་ཏུ་མེད་པ་དེའི་ཕ་རོལ་ལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་བ་མངོན་པར་ཤེས་པ་ལྔ་ཡོད་པ་གསེར་ལྡན་ཞེས་བྱ་བ་ཞིག་བྱུང་ངོ ། །དེས་སྔོན་གྱི་གནས་ཤེས་པ་ཐོབ་སྟེ། དེ་ཇི་ལྟ་བུའི་ཚུལ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལ་དེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས། སྔོན་གྱི་བདག་གི་ངོ་བོ་ཉིད་རྗེས་སུ་དྲན་ནོ། ། འདས་པའི་དུས་ན་བདག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་འོད་ཆེན་པོས་ཞེས་བྱ་བར་གྱུར་ཏོ། །བདག་གིས་དྲང་སྲོང་མངོན་པར་ཤེས་པ་ལྔ་ཡོང་བ་གཟི་བརྗིད་དྲག་པ་དེས་ལས་གང་སྲོག་གཅོད་པ་དེ་ངན་སོང་གི་ལམ་འཛིན་ཏོ། །གང་སྲོག་གཅོད་པ་སྤངས་པ་དེ་མཐོ་རིས་ཀྱི་ལམ་འཛིན་ཏོ། །གང་ཉོན་མོངས་པ་ཟད་པའི་ལམ་འཛིན་པ་དེ་ཐམས་ཅད་མཁྱེན་པའི་ལམ་འཛིན་ཏོ་ཞེས་ཐོས་སོ། །དེ་བདག་གིས་ཐོས་ནས་འདི་སྙམ་དུ་གྱུར་ཏེ། ཤེས་པ་གང་ཐོབ་པས་སེམས་ཅན་ཐམས་ 268a ༄#། །ཅད་ཀྱི་འགྲོ་བ་རབ་ཏུ་ཤེས་པ་འདི་ལྟ་སྟེ། ཐམས་ཅད་ད་དུ་འགྲོ་བའི་ལམ་ཤེས་པ་འདི་ལྟར་ཤེས་པ་དེ་འཐོབ་པ་དེ་ནི། ལེགས་སོ། །དེ་ནི། རབ་བོ། །སྙམ་མོ། དེ་འདི་སྙམ་དུ་གྱུར་ཏེ། རྒྱུ་གང་གིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པའི་ལམ་དུ་འགྱུར། དེ་འདི་སྙམ་དུ་རབ་ཏུ་ཤེས་ཏེ། ཐམས་ཅད་དུ་འགྲོ་བའི་ལམ་སྒྲུབ་པའི་རྒྱུ་ནི། ལས་མངོན་པར་འདུ་བྱེད་པའོ། །ལས་མངོན་པར་འདུ་བྱེད་པའི་རྒྱུ་གང་ཡིན། དེ་འདི་སྙམ་དུ་གྱུར་ཏེ། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ནི། ལས་མངོན་པར་འདུ་བྱེད་པའི་རྒྱུའོ། །དེ་འདི་སྙམ་དུ་གྱུར་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གི་རྒྱུ་གང་ཡིན། དེ་འདི་སྙམ་དུ་གྱུར་ཏེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི།་ལས་དང་ཉོན་མོངས་པའི་རྒྱུ་ཡིན་ཏེ། ཚུལ་བཞིན་མ་ཡིན་པར་ཞུགས་པ་ནི། ཉོན་མོངས་པ་སྐྱེ་ཞིང་ཉོན་མོངས་པས་ལུས་དང་ངག་དང་ཡིད་ཀྱི་ལས་མངོན་པར་འདུ་བྱེད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ནས་སློང་པས་དབང་པོ་དྲུག་མངོན་པར་འགྲུབ་སྟེ། དེ་ལ་གནས་ནས་ཡང་ཉོན་མོངས་པ་འགྲུབ་བོ།། ཡང་ཉོན་མོངས་པ་ལས་ལས་འགྲུབ་སྟེ། དེའི་ལས་ཀྱིས་ཡང་རྣམ་པར་སྨིན་པ་དབང་པོ་དྲུག་འགྲུབ་སྟེ། དེ་ལྟར་སྔོན་གྱི་མཐའི་སྡུག་བསྔལ་གྱི་ཕུང་པོ་ཆེན་ 268b པོ་འདི་རབ་ཏུ་མི་ཤེས་སོ། །གང་དུ་སེམས་ཅན་དག་རབ་ཏུ་ཉམས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ན། ཤེས་པ་གང་གིས་སྡུག་བསྔལ་བར་འགྱུར་བའི་དེ་ཇི་ལྟར་འཐོབ་པར་འགྱུར། སྨྲས་པ། གང་གིས་ཉོན་མོངས་པར་མི་འགྱུར་བ་ནི། ཚུལ་བཞིན་དུ་སོ་སོར་རིག་པ་སྟེ། ཉོན་མོངས་པ་མེད་ནི། ལས་མངོན་པར་འདུ་བྱེད་པ་མེད་ལ།་ལས་མངོན་པར་འདུ་བྱེད་པ་མེད་ན། དབང་པོ་དྲུག་འགྲུབ་པ་མེད་དེ། གང་ལས་མངོན་པར་འགྲུབ་པ་མེད་ན། དེ་མྱ་ངན་ལས་འདའོ། །ཚུལ་བཞིན་མ་ཡིན་པ་འདི་ནི།་འཁོར་བ་ཡིན་ལ། ཚུལ་བཞིན་ནི། མྱ་ངན་ལས་འདས་པའོ། །ཚུལ་བཞིན་མ་ཡིན་པས་ནི། འཇུག་པར་འགྱུར་ལ། ཚུལ་བཞིན་གྱིས་ནི། ཕྱིར་ལྡོག་པར་འགྱུར་རོ། ། ཚུལ་བཞིན་མ་ཡིན་པས་ནི། འཁོར་བའི་འཁོར་ལོར་འཁྱམས་ལ་ཚུལ་བ་ཞིན་གྱིས་ནི། ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཚུལ་བཞིན་མ་ཡིན་པས་ནི། འཆིང་ལ། ཚུལ་བཞིན་གྱིས་ནི།་ཐར་རོ། །གང་དེ་ལྟར་ཤེས་པ་ནི། འཁོར་བའི་ལམ་ལས་ཐར་ཞིང་མྱ་ངན་ལས་འདས་པའི་ལམ་འཐོབ་སྟེ། དེའི་སྡུག་བསྔལ་དག་ལྡོག་གོ་།འདི་ལྟ་སྟེ། དེས་ལས་ཐམས་ཅད་ཀྱི་རྣམ་པར་སྨིན་པ་དབང་པོ་དྲུག་གི་ཤེས་པ་ཐོབ་ནས་སྐྱེ་བོའི་ཚོགས་དེར་རབ་ཏུ་བཙུད་དོ། །དེ་དགེ་བའི་རྩ་བ་དེས་ཆོས་ཐམས་ཅད་ཀྱི་རིགས་པ་རབ་ཏུ་ཤེས་ 269a ༄#། །ནས་དང་པོར་བཟོ་བྱུང་བ་ཐམས་ཅད་བྱེད་དོ། །དེས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ཐོག་མར་ལུས་ཀྱི་ནད་རྣམས་ཀྱི་སྨན་དཔྱད་ཚེའི་རིག་བྱེད་བསྟན་ཏོ། །དེའི་འོག་ཏུ་སེམས་ཅན་རྣམས་ནད་མེད་པར་བྱ་བའི་བསམ་པས་ཡོ་བྱད་གསོག་པའི་དོན་དུ་ཐ་སྙད་ཀྱི་ཆོས་ལུགས་བསྟན་ཏོ། །དེའི་འོག་ཏུ་བདག་ཉིད་ཀྱི་ཡོ་བྱད་གསོག་པར་བྱ་བའི་ཕྱིར་དང ། ཡང་དག་པར་བསྲུང་བར་བྱ་བའི་ཕྱིར་འཕོང་གི་དཔྱད་བསྟན་ཏོ། །དེའི་འོག་ཏུ་བརྩམ་པ་འགྲུབ་པར་བྱ་བའི་ཕྱིར་སྐར་མའི་ཤེས་པ་བསྟན་ཏོ། །དེ་ནས་སྡུག་བསྔལ་བཟློག་པར་བྱ་བའི་ཕྱིར་དང ། བདེ་བ་ཐོབ་པར་བྱ་བའི་ཕྱིར་ཐར་པའི་ཤེས་པ་བསྟན་ཏོ། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བར་བྱ་བའི་དོན་དུ་བཟོའི་གནས་དང ། ལས་ཀྱི་གནས་རྣམ་པ་དུ་མ་དག་རབ་ཏུ་བསྟན་ཏོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་དྲང་སྲོང་གསེར་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་གསེར་ལྡན་ཞེས་བྱ་བར་གྱུར་ཏོ། །ང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་ནས་བཟོའི་གནས་དང ། །ལས་ཀྱི་གནས་ཤེས་པ་དེ་དག་ཐམས་ཅད་རབ་ཏུ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་ 269b བཅད་པ་འདི་དག་གསུངས་སོ། །དེ་ཚེ་གསེར་ལྡན་དྲང་སྲོང་དུ། །ང་གྱུར་དཀའ་ཐུབ་དག་པོ་ཡིས། །སེམས་ཅན་ཀུན་ལ་ཕན་པའི་པའི་ཕྱིར། །ལས་དེ་དག་ནི་རབ་ཏུ་བསྟན། །དང་པོར་ཡི་རིག་བྱེད་དོ། །དེ་ཡི་འོག་ཏུ་འཕོང་དཔྱད་དོ། །སྐར་དཔྱད་ཟུག་རྡུ་བྱེད་པ་དང ། །གོང་དག་ཏུ་ནི་མཚན་ཉིད་དོ། །དེ་ནས་སྔོན་བྱུང་ད་ལྟར་བྱུང ། །དེ་བཞིན་དུ་ནི་མ་འོངས་དང ། །སྔོན་བྱུང་བ་དང་མ་འོངས་དང ། །ད་ལྟར་བྱུང་བ་འདི་དག་དང ། །སྒྲ་སྦྱོར་གཏམ་ནི་གྲུབ་པ་དང ། །ས་ཤེས་པ་དང་ཁམས་སྨིན་དང ། །ཁྱད་པར་དུ་ནི་ཚལ་ཤེས་དང ། །ཤེས་མཆོག་འདི་དག་ཐམས་ཅད་ནི། །སེམས་ཅན་དག་ལ་ཕན་བྱ་དང ། །སེམས་ཅན་ཇི་ལྟར་བདེ་འཚོ་དང ། །སེམས་ཅན་དག་ལ་ཕན་བསམ་ནས། །ང་ཡི་དུས་གསུམ་ཤེས་ལ་བཀོད། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་འདིའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་ཛམྦུའི་གླིང་འདིར་དབང་ཕྱུག་རྒྱ་མཚོའི་ལྷ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་དང་ཉེ་བ་ཞིག་ཏུ་དྲང་སྲོང་འབྲས་བུ་ཟ་བ་རྣམ་པར་གནོན་པས་འགྲོ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་ནས་དྲང་སྲོང་རྣམ་པར་གནོན་པས་འབྲོ་བ་འབྲས་བུ་འདོད་པའི་ཕྱིར་ཚལ་དུ་ཞུགས་སོ། །དེ་ཚལ་དེར་སོང་བ་ནས་འབྲས་བུའི་ཤིང་ཕུན་སུམ་ཚོགས་པ་འབྲས་བུ་དང ། འབྲས་བུར་ལྡན་པ་ཞིག་མཐོང་ངོ ། །ཤིང་དེའི་དྲུང་ན་སྤྲུལ་གདུག་པ་ཞིག་འདུག་སྟེ། དབུགས་གདུག་པ་ 270a ༄#། །གཏོང་བ་རླུང་གིས་ཁྱེར་བ་ན། ཇི་ཙམ་དུ་མིག་གིས་མཐོང་བའི་བར་ཐམས་ཅད་སྲེག་གོ་།དྲང་སྲོང་དེས་སྤྲུལ་གདུག་པ་ཉལ་ཞིང་འདུག་པ་དེ་མཐོང་ནས་འདི་སྙམ་དུ་སེམས་ཏེ། གལ་ཏེ་སྤྲུལ་གདུག་པ་འདི་སད་ན། ཇི་ཙམ་དུ་མཐོང་བ་ཐམས་ཅད་སྲེག་གོ་།གང་བདག་གིས་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཛམྦུ་གླིང་གི་སྤྲུལ་གདུག་པའི་རྫིང་དེར་དོར་བར་བྱའོ། །སྙམ་མོ། །དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་གདུག་པ་དེ་དག་སྤྲུལ་གདུག་པའི་རྫིང་དེར་བོར་རོ། །དེ་བོར་མ་ཐག་ཏུ་སྦྲུལ་གདུག་པའི་རྫིང་དེར་ཤི་ནས་སྤྲུལ་གདུག་པ་དེ་དག་གིས་ཟོས་སོ། །དེ་ནས་དྲང་སྲོང་རྣམ་པར་གནོན་པས་འགྲོ་བས་སློབ་མ་རྣམས་ལ་སྨྲས་པ། བྲམ་ཟེའི་བུ་དག། ཇི་ཙམ་དུ་ད་ལྟར་བྱུང་བའི་ཉོན་མོངས་པ་སྐྱེས་ཤིང་མངོན་པར་གྲུབ་སྟེ་སྡུག་བསྔལ་ཆེན་པོར་ཞུགས་པ་འདི་ལྟོས། ངས་སྤྲུལ་གདུག་པ་འདི་སྤྲུལ་གདུག་པའི་རྫིང་དུ་ཤི་བ་མཐོང་སྟེ། སྦྲུལ་གདུག་པ་འདི་སྔོན་མིར་གྱུར་པ་ན། ད་ལྟར་བྱུང་བའི་ཉེས་པ་མི་ཟློག་ལ་འཁོན་དུ་འཛིན་པ་ཤིན་ཏུ་ཆེར་བྱེད་པའི་ཉེས་པ་དེ་འཕེལ་བར་བྱས། ཉེས་པ་དེ་སྤྱོད་ཅིང་འདུག་གོ་།མཽངྒལ་གྱི་བུ། དེ་ལྟ་བས་ན། ད་ལྟར་བྱུང་བའི་ཉེས་པ་བཟློག་པར་བྱའོ། །སེམས་ཅན་གང་དག་ཇི་ཙམ་དུ་ལོག་པར་ལྟུང་བ་དེ་དག་ཐམས་ཅད་ནི། ད་ལྟར་བྱུང་བའི་ཉོན་མོངས་པ་མ་བཟློག་ 270b ཡིན།་སེམས་ཅན་གང་དག་ཇི་ཙམ་དུ་འདས་པའི་དུས་ན་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་ཉེན་མོངས་པ་མ་བཟློག་པ་ཡིན་ནོ། །དེ་ལྟར་འདས་པའི་དུས་སུ་དགེ་སྦྱོང་དང ། བྲམ་ཟེ་དེ་དག་སྡུག་བསྔལ་མྱོང་བར་གྱུར་ཏོ། །སེམས་ཅན་གང་དག་འདས་པའི་དུས་ན་ད་ལྟར་བྱུང་བའི་ཕྱོགས་དཀར་པོ་འཕེལ་བར་བྱེད་པ་དེ་དག་ཐམས་ཅད་ཀྱི་རྐྱེན་གྱིས་འདས་པའི་དུས་སུ་བདེ་བ་མྱོང་ངོ ། །སེམས་ཅན་གང་དག་ཇི་ཙམ་དུ་མ་འོངས་པའི་དུས་ན་བདེ་བ་མྱོང་བར་འགྱུར་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་ཕྱོགས་དཀར་པོ་འཕེལ་བར་བྱས་པས་མ་འོངས་པའི་དུས་སུ་བདེ་བ་མྱོང་བར་འགྱུར་རོ། །སེམས་ཅན་གང་དག་ཇི་ཙམ་དུ་ད་ལྟར་བྱུང་བའི་དུས་སུ་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་ཉོན་མོངས་པ་མ་བཟློག་པ་ཡིན་ནོ། །སེམས་ཅན་གང་དག་ཇི་ཙམ་དུ་ད་ལྟར་བྱུང་བའི་དུས་སུ་བདེ་བ་མྱོང་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་ཉོན་མོངས་པ་བཟློག་པ་ཡིན་ནོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། ད་ལྟར་བྱུང་བའི་ཉོན་མོངས་པ་སྤང་བ་ལ་བསླབ་པར་བྱའོ། །མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་འདི་ལྟར་བསླབ་པར་བྱ་སྟེ། སེམས་ཅན་གང་དག་ཇི་ཙམ་དུ་འདས་པའི་དུས་ན་བདེ་བ་མྱོང་བ་དེ་དག་ཐམས་ཅད་ད་ལྟར་ 271a ༄#། །བྱུང་བའི་དགེ་བའི་ཆོས་ཡང་དག་པར་སྤེལ་བ་ཡིན། །སེམས་ཅན་གང་དག་ཇི་ཙམ་དུ་མ་འོངས་པའི་དུས་ན་བདེ་བ་མྱོང་བར་འགྱུར་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་དགེ་བའི་ཕྱོགས་ཡང་དག་པར་སྤེལ་བ་ཡིན། སེམས་ཅན་གང་དག་དེ་ལྟར་ན། ད་ལྟར་བྱུང་བའི་དུས་སུ་བདེ་བ་མྱོང་བ་དེ་དག་ཐམས་ཅད་ད་ལྟར་བྱུང་བའི་དགེ་བའི་ཆོས་དག་ཡང་དག་པར་སྤེལ་བའི་རྒྱུ་ཡིན་ཏེ། ད་ལྟར་བྱུང་བ་ནའང་ད་ལྟར་བདེ་བ་མྱོང་ངོ ། །དེ་ལྟར་ན། ད་ལྟར་བྱུང་བའི་སྡུག་བསྔལ་གྱི་རྒྱུ་ནི།་འདི་ལྟར་སྟེ། ད་ལྟར་བྱུང་བའི་རྒྱུ་ཡིན་ནོ། །དེ་ལ་ཆོས་གང་གིས་རྒྱུ་བྱས་ཞེས་ཆོས་དེ་བརྟག་པར་བྱ་སྟེ། མི་དགེ་བའི་ཕྱོགས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པས་ནི།་བརྟགས་པའི་རྒྱུ་ཉིད་ཅེས་བྱའོ། །དགེ་བའི་ཕྱོགས་ལ་ཚུལ་བཞིན་ཡིད་ལ་བྱེད་པས་ནི། བྱས་པའི་རྒྱུ་ཞེས་བྱ་སྟེ། འཁོར་བ་དང ། མྱ་ངན་ལས་འདའ་བའི་རྒྱུ་ནི། དེ་དག་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་འཁོར་བའི་རྒྱུ་བཟློག་པར་བྱ་ཞིང ། མྱ་ངན་ལས་འདས་པའི་རྒྱུ་ཡང་དག་པར་སྤེལ་བར་བྱའོ། །མཽངྒལ་གྱི་བུ། ངས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་སྣ་ཚོགས་དག་མངོན་པར་འདུས་བྱས་པ་ནི། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་ 271b དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་སྒྱུ་མ་མཁན་སྒྱུ་མའི་བཟོ་ལ་ཤིན་ཏུ་བསླབ་པ་བཟོ་སྣ་ཚོགས་གསོག་པ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་སྐྱེ་བོའི་ཚོགས་མང་པོའི་མདུན་དུ་སྒྱུ་མའི་བཟོ་རྣམ་པ་སྣ་ཚོགས་དག་སྟོན་ཏེ། བར་བར་ནི། གླང་པོ་ཆེའི་གཟུགས། བར་བར་ནི། རྟའི་གཟུགས། བར་བར་ནི། ཁྱུ་མཆོག་གི་གཟུགས། བར་བར་ནི། མི་དག་གི་གཟུགས་ཏེ། འདིའི་རྣམ་པ་སུས་ཀྱང་མི་ཤེས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། སྒྱུ་མ་མཁན་དུ་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན། སྒྱུ་མ་མཁན་དུ་གྱུར་ཏོ། །ངས་དེའི་ཚེའང་སེམས་ཅན་རྣམས་ལ་སྒྱུ་མ་རྣམ་པ་སྣ་ཚོགས་བསྟན་ཏེ། །ད་ལྟར་ཡང་སེམས་ཅན་རྣམས་ལ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའོ། །ཞེས་སྟོན་ཏོ། །ཇི་ལྟར་སྒྱུ་མ་མཁན་སྒྱུ་མ་རྣམ་པ་སྣ་ཚོགས་སྟོན་པ་དེ་ལྟར་ཡོངས་སུ་ཤེས་པ་རྣམ་པར་ཤེས་པ་འགྲོ་བ་ཐམས་ཅད་ཀྱི་ལམ་རྟོགས་པར་བྱེད་དེ།་ཡོང་སུ་ཤེས་པའི་སེམས་ཀྱིས་ཀྱང་མྱ་ངན་ལས་འདས་པའི་ལམ་རྣམ་པར་སྤྱོད་པར་བྱེད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། ཡོངས་སུ་ཤེས་པ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །མཽངྒལ་གྱི་བུ། ངས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་ 272a ༄#། །འདུས་བྱས་པ་ནི། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་ཕ་རོལ་གྱིའང་ཆེས་ཕ་རོལ་ན་གཙོ་བོའི་བུ་ཙནྡན་ཞེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དད་པ་གཞལ་དུ་མེད་པ་དང་ལྡན་པ། དེ་བཞིན་གཤེགས་པ་ལ་དགའ་བ་གཞལ་དུ་མེད་པ་དང་ལྡན་པ་ཞིག་བྱུང་ངོ ། །ཇི་ལྟར་སངས་རྒྱས་ཀྱི་མཁྱེན་པའི་དོན་དུ་དེ་ཐམས་ཅད་དུ་འགྲོ་བའི་ལམ་འགོག་པའི་ཆོས་ཅན་དུ་མཐོང་སྟེ། དེ་འདི་སྙམ་དུ་གྱུར་ཏོ། །འཕགས་པའི་ཤེས་པས་ནི། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ལ། ཤེས་པ་གཞན་ལའང་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོར་འཛིན་པ་ཉིད་དེ། འདི་ལྟ་སྟེ།་ལམ་ལ་འཛིན་པའམ། མྱ་ངན་ལས་འདས་པ་ལ་འཛིན་པའོ། །དངོས་པོ་ཅུང་ཟད་ཀྱང་མི་འཛིན་པ་ནི། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ཏེ། དེ་ལྟ་བས་ན།་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ལ་མངོན་པར་ཞེན་པ་མེད་པར་བྱའོ། །འདི་ལྟ་སྟེ། དཔེར་ན། གཟིངས་ལ་བརྟེན་ཏེ་ཕ་རོལ་ཏུ་ཕྱིན་ནས་གཟིངས་དོར་བར་བྱའོ། །དེ་བཞིན་དུ་རྫོགས་པའི་བྱང་ཆུབ་ཐོབ་ནས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དོར་བར་བྱའོ། །ཇི་ལྟར་འཛིན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ངོ་བོ་ 272b ཉིད་དང་བྲལ་བར་བལྟ་བ་དེ་ལྟར་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དོར་བར་བྱ་སྟེ། དེ་ལྟར་ན། ཆོས་རྣམས་གཟིངས་ལྟ་བུར་ཡོངས་སུ་མཐོང་བར་འགྱུར་རོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཙོ་བོའི་བུ་ཙནྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ།་ང་དེའི་ཚེ་དེའི་དུས་ན་གཙོ་བོའི་བུ་ཙནྡན་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་དངོས་པོ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་བྱའོ། །མཽངྒལ་གྱི་བུ། ངས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་ཏེ།་མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲི་ཟ་སྐྱེ་བོ་ཀུན་གྱིས་རྟོགས་པ་ཞེས་བྱ་བ་པི་ཝང་གི་རྒྱུད་ཀྱི་ཤེས་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་ངོ ། །པི་ཝང་གི་རྒྱུད་གཅིག་ལས་ཀྱང་རོལ་མོའི་སྒྲ་དང ། པི་ཝང་རྒྱུད་གཅིག་པ་དང ། པི་ཝང་དང ། ན་ཀུ་ལ་དང ། ཤིན་ཏུ་དབྱངས་སྙན་དང ། སིལ་སྙན་དང ། ཅང་ཏེའུ་དང ། དེ་བཞིན་དུ་རོལ་མོའི་སྒྲ་བྱེ་བ་ཕྲག་དག་པི་ཝང་གཅིག་ལས་བྱུང་སྟེ། དེ་བཞིན་དུ་སྡེབ་སྦྱོར་དག་ཤིན་ཏུ་བྱུང ། དེ་བཞིན་དུ་རྒྱན་དག་ 273a ༄#། །ཤིན་ཏུ་བྱུང ། དེ་བཞིན་དུ་པི་ཝང་གི་རྒྱུད་ཤིན་ཏུ་བྱུང་སྟེ། དེ་སྐྱེ་བོའི་ཚོགས་མང་པོའི་མདུན་དུ་པི་ཝང་གང་དང་གང་གི་རྣམ་པ་བརྩམས་པ་དེས་སྐྱེ་བོ་དེ་དག་ཉིད་དགའ་བར་བྱེད་དེ། པི་ཝང་དེའི་ཉེས་པའི་བར་ཆད་གང་ཡང་མེད་ཅིང ། པི་ཝང་གང་དང་གང་གི་སྒྲ་བླངས་པ་དེ་དང ། དེ་ཉིད་ཀྱིས་སྐྱེ་བོ་དགའ་བར་བྱེད་དོ། །ཇི་ལྟར་འདིར་པི་ཝང་གི་བཟོ་ལ་ཤིན་ཏུ་བསླབ་པ་དེ་གཅིག་པུ་དབེན་པར་སོང་ནས་འདི་སྙམ་དུ་གྱུར་ཏེ། ཀྱེ་ཨེ་མ་སེམས་ཅན་འདི་དག་ནི། པི་ཝང་གི་སྒྲ་འདིས་བསླུས་ཏེ། གང་སྒྲ་འདི་འགོག་པའི་ཆོས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་སོ། །དེ་ལ་སྣང་བ་ཤེས་ཤིང་མཐོང་བ་མངོན་པར་རྟོགས་པ་ཐམས་ཅད་ནི། འཕགས་པ་ཞེས་བྱ་སྟེ། འདི་ལྟར་ཀུན་རྫོབ་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡིན་ནོ། །བཟོད་པ་དེ་ཐོབ་པས་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ལ་བཙུད་པར་འགྱུར་རོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་དྲི་ཟ་སྐྱེ་བོ་ཀུན་གྱིས་རྟོགས་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲི་ཟ་སྐྱེ་བོ་ཀུན་གྱིས་རྟོགས་པ་ཞེས་བྱ་བར་གྱུར་ 273b ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱེ་མ་པི་ཝང་གི་སྒྲ་འདི་དག་ཐམས་ཅད་ནི། འགོག་པའི་ཆོས་ཅན་ཏེ། དེ་བྱུང་བ་ན་གང་ནས་ཀྱང་མི་འོང་ཞིང་འགག་པ་ན་གར་ཡང་མི་འགྲོའོ། །དེ་ལ་ཀུན་རྫོབ་ཏུ་སྐྱེ་བ་དང ། འགག་པར་འགྱུར་ལ་ཆོས་དེ་ངོ་བོ་ཉིད་ཀྱིས་གང་ཡང་དམིགས་སུ་མེད་དོ། །གང་ངོ་བོ་ཉིད་སྐྱེ་བའམ་འགག་པ་དེ་ཀུན་རྫོབ་ཙམ་དུ་འགགས་ཞེས་བྱའོ། །སྦྱོར་བའི་རྣལ་འབྱོར་ལ་མཁས་པར་བྱ་སྟེ། སྦྱོར་བའི་རྣལ་འབྱོར་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལས་ནམ་ཡང་ཉམས་པར་མི་འགྱུར་རོ། །མཽངྒལ་གྱི་བུ། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་ཕྱིར་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་དཔག་མེད་རྒྱལ་མཚན་ཞེས་བྱ་བ་ཞིག་བྱུང་ངོ ། །དེའི་ཚེ་ཛམྦུའི་གླིང་འདི་གྲོང་ཁྱེར་བྱེ་བ་ཕྲག་དྲུག་བྱུང་ངོ ། ། དེའི་ཚེ་ཛམྦུའི་གླིང་འདི་དཔག་ཚད་ཁྲི་ཕྲག་བཞིར་གྱུར་ཏེ་ལག་མཐིལ་ལྟར་མཉམ་ཞིང་སྡོང་དུ་མ་དང ། ཚེར་མ་མེད་ལ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ 274a ༄#། །ཐམས་ཅད་དང་ལྡན་ཞིང་ཉེས་པ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་མུན་པ་འཇོམས་པ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་མུན་པ་འཇོམས་པ་དེའི་ཚེའི་ཚད་ནི། ལོ་བྱེ་བ་ཁྲག་ཁྲིག་དྲུག་ཅུར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ནད་ཉུང་ཞིང་གནོད་པ་ཉུང་བར་གྱུར་ཏེ། སེམས་ཅན་གང་ཡང་ན་བར་མ་གྱུར་ཅིང་སེམས་ཅན་དེ་དག་འཆི་བའི་ནད་ཀྱིས་མིའི་དུས་ལས་འདས་པ་ནི། མ་གཏོགས་ཏེ། ཕུང་པོའི་ལྷག་མ་དང་བཅས་པའི་དུས་བྱས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ། །གཞན་དུ་ན་སེམས་ཅན་དེ་དག་ལས་གང་ཕལ་ཆེར་སྨོན་ལམ་གྱི་དབང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། དེ་འཇིག་རྟེན་གྱི་ཁམས་དུ་མར་སོང་ཞིང ། སྐྱེ་བ་གཅིག་གིས་ཐོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རྒྱལ་པོ་དཔག་མེད་རྒྱལ་མཚན་གྱིས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བ་ཐོས་སོ། །ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་ 274b སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་རིམ་གྲོ་དང ། བདེ་བའི་གནས་ཐམས་ཅད་དུ་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་དང་ཐབས་ཅིག་ཏུ་སྤྱན་དྲངས་ཤིང ། སྙིང་རྗེ་ཆེན་པོས་ཡོངས་སུ་ནོན་པའི་སེམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་ཡང་དག་པར་གནས་སོ། །མཽངྒལ་གྱི་བུ། དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔག་མེད་རྒྱལ་མཚན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔག་མེད་རྒྱལ་མཚན་དུ་གྱུར་ཏོ། །མཽངྒལ་གྱི་བུ། ངས་ཁམས་དུ་མ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྲམ་ཟེ་རྒྱལ་བ་འཛིན་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ། མཛངས་ཤིང་གསལ་ལ་ཡིད་གཞུངས་པ། གཞི་ཤེས་ཤིང་མཁས་ལ་དེ་ཤེས་རབ་ཀྱི་རང་བཞིན་ཅན་ཏེ། དེའང་སེམས་པར་གྱུར་ཏོ། དེ་ཡོན་ཏན་དང་ཉེས་པ་སེམས་ཏེ་དབེན་པར་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་སེམས་ཀྱིས་འདི་ལྟར་ཡོངས་སུ་རྟོག་པ་སྐྱེ་སྟེ། ཉེས་པའི་གཞི་ནི། གང་ལས་བྱུང ། ཡོན་ཏན་གྱི་གཞི་ནི། གང་ལས་བྱུང་སྙམ་མོ། །དེ་དེ་ལྟར་བསམ་ 275a ༄#། །ནས་བདག་ཉིད་ཀྱི་ཤེས་པ་གཞན་ལ་རག་མ་ལས་པ་བྱུང་ནས་ད་ལྟར་བྱུང་བའི་ཉོན་མོངས་པ་སྣ་ཚོགས་བྱུང་བ་དག་མ་བཟློག་པ་ལས་ཀུན་ནས་ཉོན་མོངས་པར་འགྱུར། ད་ལྟར་བྱུང་བའི་ཉོན་མོངས་པ་བྱུང་བ་དག་བཟློག་ན་ཀུན་ནས་ཉོན་མོངས་པར་མི་འགྱུར། ད་ལྟར་བྱུང་བའི་དགེ་བའི་ཆོས་བྱུང་བ་དག་བཟློག་ན།་དཀར་པོའི་ཕྱོགས་མི་འཕེལ་ལ། ད་ལྟར་བྱུང་བའི་དགེ་བའི་ཆོས་བྱུང་བ་དག་འཕེལ་ན། ཕྱོགས་དཀར་པོ་འཕེལ་བར་འགྱུར་རོ་སྙམ་མོ། །དེ་ནས་བྲམ་ཟེ་རྒྱལ་པོ་འཛིན་ཤིང་སཱ་ལ་ཆེན་པོ་ལྟ་བུ་དགེ་བའི་ཆོས་དག་བྱུང་བ་དང ། མི་དགེ་བའི་ཆོས་དག་བཟློག་པ་སོ་སོར་ཇི་ལྟ་བ་བཞིན་དུ་བརྟགས་ནས་དགེ་བའི་ཆོས་བྱུང་བ་ཡང་དག་པར་འཕེལ་པར་བྱེད་ཅིང ། མི་དགེ་བའི་ཆོས་བྱུང་བ་དག་འདོར་བར་བྱེད་དོ། །མི་དགེ་བའི་ཆོས་སྤངས་ཤིང་དགེ་བའི་ཆོས་རྣམས་ལ་བསྟེན་པས་ཏིང་ངེ་འཛིན་ཐོབ་སྟེ།་ཏིང་ངེ་འཛིན་གང་ཐོབ་པས་མི་དགེ་བའི་ཕྱོགས་ཐམས་ཅད་གཏན་དུ་ཟློག་པར་བྱེད་ལ། དགེ་བའི་ཆོས་འབྱུང་བ་རྣམས་མཆོག་ཏུ་འཕེལ་བར་བྱེད་དོ། ། དེ་ལས་དེ་བྱས་ཤིང་བསགས་ལ་མཐར་ཕྱིན་ཅིང་རྫོགས་པ་དང ། ཡང་དག་པར་བླངས་པས་བསྐལ་པ་འབུམ་ཕྲག་བརྒྱད་ཅུར་ལོག་པར་ལྟུང་བར་མ་སོང་ངོ ། ། 275b མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་བྲམ་ཟེ་རྒྱལ་བ་འཛིན་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་རྒྱལ་བ་འཛིན་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །ངས་འཁོར་བའི་རྒྱུ་བཟློག་པ་དང ། མྱ་ངན་ལས་འདས་པའི་རྒྱུ་ཡང་དག་པར་འཕལ་བའི་ཕྱིར་བར་དེ་དག་ཏུ་སངས་རྒྱས་བྱ་བ་ཁྲག་ཁྲིག་དུ་མ་དག་ལ་བསྙེན་བཀུར་བྱས་ཤིང་ཡོངས་སུ་ཞུས་སོ། །དགེ་བའི་རྩ་བ་དེས་ང་ད་ལྟར་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པའི་ཉོན་མོངས་པ་སྤངས་ནས་ཆོས་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། ཚེ་དང་ལྡན་པ་མཽངྒལ་གྱི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་སྐྱོ་བ་མི་མངའ་བ་ནས་བཅོམ་ལྡན་འདས་ཡང་དག་པར་བླངས་པའི་གོ་ཆ་ཆེན་པོ་གསོལ་ནས་སེམས་ཅན་གྱི་དོན་དུ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པ་ནི། ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ་གྱི་བུ། དེ་ལྟར་ཡིན་ཏེ། མཽངྒལ་གྱི་བུ། དེ་བཞིན་གཤེགས་པས་རྒྱུན་གྱི་རྗེས་སུ་འགྲོ་བའི་སེམས་ཅན་རྣམས་ 276a ༄#། །རྒྱུན་ལས་བཟློག་པར་བྱ་བའི་དོན་དུ་གོ་ཆ་ཆེན་པོ་འདི་བགོས་སོ། །མཽངྒལ་གྱི་བུ། བདག་ཉིད་མ་བསྲུངས་བར་གཞན་གྱི་དོན་བྱ་བར་མི་ནུས་ཏེ།་ལུས་དང་སྲོག་ལ་མི་ལྟ་བས་ནི། གཞན་གྱི་དོན་བྱ་བར་ནུས་སོ། །བམ་པོ་བཅོ་ལྔ་པ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་གཙོ་བོ་ཆུ་ལྷ་ཞེས་བྱ་བ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་ཞི་བའི་གཙོ་བོ་བྱེད་ཅིང་ཕྱུག་ལ་ནོར་མང་ཞིང་ལོངས་སྤྱོད་ཆེ་བ། ལོངས་སྤྱོད་མང་བ། བདག་གིར་བྱ་བ་མང་བ། རྫས་དང་ཡོ་བྱད་མང་ཞིང་འབྱོར་པ། ནོར་དང ། མུ་ཏིག་དང ། བཻཌཱུརྱ་དང ། དུང་དང ། མན་ཤེལ་དང ། བྱུ་རུ་དང ། དངུལ་དང ། གསེར་དུ་ལྡན་པ། མཛངས་ཤིང་གསལ་ལ་ཡིད་གཞུངས་ཤིང་སྙིང་རྗེ་ཡོད་པ། སེམས་ཅན་ཐམས་ཅད་ལ་ཕན་པར་སེམས་པ་ཞིག་བྱུང་ངོ ། །དེའི་ཚེ་གྲོང་རྡལ་གྲོང་ཁྱེར་ཞི་བར་རྒྱལ་པོ་གཉེན་ལྡན་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་ཀྱང་བྱུང་ངོ ། །དེའི་མི་མཐུན་པ་རྒྱལ་པོ་དྲག་པའི་ལྷ་ཞེས་བྱ་བ་སྟོབས་ཆེ་ཞིང་དཔུང་ཆེ་ལ་སྟོབས་ཆེ་བས་རང་གི་རྒྱལ་སྲིད་ཀྱིས་ཆོག་མ་ཤེས་ནས་གཞན་གྱི་ཡུལ་འཁོར་ལ་གླགས་ལྟ་བར་བྱེད་དེ། དཔུང་ 276b གི་ཚོགས་ཡན་ལག་བཞི་བཤམས་ནས་རྒྱལ་པོ་གཉེན་ལྡན་གྱི་ཡུལ་རྣམ་པར་རྒྱལ་བྱེད་དུ་འོང་ངོ ། །དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་བློན་པོ་རྣམས་ལ་སྨྲས་པ། གྲོང་གི་གཙོ་བོ་དག་།རྒྱལ་པོ་དྲག་པའི་ལྷ་སྟོབས་དང ། དཔུང་དང ། དཔུང་ཆེན་པོས་རང་གི་རྒྱལ་སྲིད་ཀྱིས་ཆོག་མི་ཤེས་ནས་ངའི་རྒྱལ་སྲིད་འཕྲོག་ཏུ་འོང་སྟེ། གྲོང་གི་གཙོ་བོ་དག་།ཇི་ལྟར་བྱ་བ་དེ་སོམས་ཤིག་།དེ་ལ་ཁ་ཅིག་གིས་སྨྲས་པ། སྙིང་སྟོབས་བསྐྱེད་པར་བྱ་སྟེ།་སྙིང་སྟོབས་བསྐྱེད་དང་འོན་ཀྱང་སླར་ལྡོག་པར་འགྱུར་རོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །རྒྱལ་སྲིད་ཡོངས་སུ་བསྲུང་བའི་དོན་དུ་ནོར་དག་སྦྱིན་པར་བྱ་སྟེ། དེ་རྒྱལ་སྲིད་ཡོངས་སུ་བསྐྱངས་པ་དང ། ཡང་རྒྱལ་སྲིད་ཀྱི་དོན་ཡང་དག་པར་འཕེལ་ལོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །ནང་བློན་དང་བློན་པོ་དག་ལ་བསྒྲུབ་པར་བྱ་སྟེ། ནང་བློན་དག་གིས་རབ་ཏུ་སྦྱོར་བར་བྱའོ། །ཁ་ཅིག་གིས་འདི་སྐད་སྨྲས་སོ། །དཔུང་གི་ཚོགས་ཡང་དག་པར་བསྡུ་བར་བྱ་སྟེ། དམག་གིས་སླར་བརྒལ་བར་བྱའོ། །དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་གྲོང་ཁྱེར་གྱི་གཙོ་བོ་ཆུ་ལྷ་ལ་སྨྲས་པ། ཆུ་ལྷ། ཤེས་པར་གྱིས་ཤིག། གང་རྒྱལ་པོ་དྲག་པའི་ལྷ་རང་གི་རྒྱལ་སྲིད་ཀྱིས་ཆོག་མི་ཤེས་པ་འདི་ངའི་ཡུལ་རྣམ་པར་རྒྱལ་བྱེད་དུ་འོང་ན། དེ་ལ་འདིར་ཇི་ལྟར་བྱ། དེ་སྐད་ཅེས་སྨྲས་པ་དང ། གྲོང་ཁྱེར་ 277a ༄#། །གྱི་གཙོ་བོ་ཆུ་ལྷས་རྒྱལ་པོ་གཉེན་ལྡན་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། དེའི་སླད་དུ་གང་བདག་གིས་བགྱི་བ་དེ་བགྱི་སྟེ། ནོར་ཇི་སྙེད་འཚལ་བ་དེ་སྙེད་དུ་བདག་གིས་སྩལ་བར་བགྱིའོ། །དེ་སྔགས་ཀྱི་སྦྱོར་བ་དག་ལ་ཞུགས་ན། དེ་སྔགས་ཀྱི་སྟོབས་ཀྱིས་བཟློག་པར་མ་ནུས་ནས་དམག་འདྲེན་དུ་འོང་ངོ ། །དེ་ནས་དེའི་དོན་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་ཕོ་ཉ་བཏང་ཞིང་གླང་པོ་དག་བྱིན་ཡང་འོན་ཀྱང་བཟློག་པར་མ་ནུས་ཏེ། དམག་དེ་ཉིད་མངོན་པར་འོང་ངོ ། །དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་དེའི་མི་མཐུན་པའི་རྒྱལ་པོ་ལ་ཕོ་ཉ་བཏང་སྟེ། ཁྱོད་ལ་བདག་གིས་གསོལ་བ་ནི། བདག་ཀྱང་བདག་གི་རྒྱལ་སྲིད་འདིས་ཆོག་།ཁྱོད་ཀྱང་རང་གི་རྒྱལ་སྲིད་ཀྱིས་ཆོག་པར་མཛོད་ལ། བདག་དང་ཁྱོད་དུ་ལྷན་ཅིག་དགའ་བར་མཛད་ཅིང ། ཁྱོད་ཀྱིས་སླར་བཟློག་པར་གསོལ་བར་འཚལ་ལོ། །དེས་འདིའང་སྨྲས་སོ། །འཚོ་བ་ཡུན་ཐུང་ལ་ཕ་རོལ་ཏུ་འགྲོ་བར་འགྱུར་བས་ཁ་ཟས་གཅིག་ཙམ་གྱིས་འཚོ་བ་དང ། གོས་ཟུང་གཅིག་ཙམ་གྱིས་འཚོ་བ་དང ། མལ་ཆ་གཅིག་ཙམ་གྱིས་འཚོ་བ་དང ། ཆུང་མ་གཅིག་ཙམ་དང་ལྷན་ཅིག་དགའ་བར་གྲོགས་པོ། དེ་ལྟར་ཤེས་པར་གྱིས་ཤིག་།དེ་ཅིའི་ཕྱིར་ཞེ་ན། མཁས་པ་ནི། ཕ་རོལ་ 277b དང་ལྷན་ཅིག་རྩོད་པར་མི་བྱེད་དེ། འཇིག་རྟེན་གྱི་ཁམས་དུ་མ་གསོ་བར་མི་ནུས་སོ། །སེམས་ཅན་གཅིག་ལ་གང་གསེར་གྱི་རི་གཅིག་ཡོད་ཀྱང་དེས་ཆོག་མི་ཤེས་ཏེ། རྙེད་པ་ལ་ཆགས་པ་རབ་ཏུ་འཕེལ་བར་བྱེད་དོ། །གྲོགས་པོ། རེ་ཞིག་དགོངས་ལ་དེ་བཏང་བར་མཛོད་ཅིག་།དེ་ཅིའི་ཕྱིར་ཞེ་ན། མཁས་པས་ནི། ཆོག་ཤེས་པ་བསྐྱེད་པར་བྱའོ། །འདི་ལྟ་བུར་རྗེས་སུ་མཐུན་པར་བྱེད་པ་ན། ཆགས་པས་ཟིལ་གྱིས་ནོན་པ་མང་བས་མི་ལྡོག་སྟེ་འོང་ཞིང་འདི་སྐད་ཅེས་ཀྱང་སྨྲའོ། །བདག་བསད་ན་ནི། ཁྱོད་ཀྱི་རྒྱལ་སྲིད་དུ་འགྱུར་ལ། ཁྱོད་བསད་ན་ནི། བདག་གི་རྒྱལ་སྲིད་དུ་འགྱུར་ཞེས་དེའི་ཕོ་ཉ་བསྒོ་ཞིང་སྤྲིང་ཡིག་ཀྱང་སྟོན་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་གྱི་ཁམས་དུ་མ་ཞིག་གནས་ཏེ་ཁམས་གང་དང་གང་ཉིད་ལ་མངོན་པར་ཆགས་པ་དེ་ལས་སྡུག་བསྔལ་མྱོང་བར་འགྱུར། ཁམས་ཡོད་ན། སེམས་ཅན་གྱི་ཡོ་བྱད་དགོས་ལ། ཁམས་མེད་ན། སེམས་ཅན་གྱི་ཡོ་བྱད་མི་དགོས་ཏེ། སྔོན་གྱི་ཁམས་བླངས་པ་ལས་ཡོ་བྱད་བཙལ་བའང་སྡུག་བསྔལ་མང་པོར་འགྱུར་རོ། །ཁམས་ཀྱིས་ཅིའི་ཕྱིར་སྡུག་བསྔལ་མྱོང ། གལ་ཏེ་ཡང་བསྐྱེད་ནའང་སྡུག་བསྔལ་མྱོང་བར་འགྱུར། དེ་དེ་ལྟར་བསམ་ནས་རྒྱལ་སྲིད་བཏང་སྟེ་རབ་ཏུ་བྱུང་ནས་ཚངས་པའི་གནས་བཞི་བསྐྱེད་དེ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་ 278a ༄#། །དུས་ན་རྒྱལ་པོ་གཉེན་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་འཛིན་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཉེན་ལྡན་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ཡང་ང་ཁམས་དུ་མའི་ཉེས་པ་སྤངས་ཏེ། ད་ལྟར་ཡང་ཁམས་དུ་མའི་ཉེས་པ་མཐོང་བ་ལས་ཉེ་བར་ལེན་པ་རྣམ་པར་གྲོལ་ལོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཁམས་དུ་མའི་ཉེས་པ་མཐོང་བ་ལས་ཆགས་པ་དང་བྲལ་བར་བྱའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་ཚངས་པའི་ལྷ་ཞེས་བྱ་བ་མཛངས་ཤིང་ཆོས་ལ་སེམས་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། བདག་ཅི་སྟེ་མི་འདི་དག་གི་དབང་ཕྱུག་ལ་དབང་བྱེད། མི་དེ་དག་གི་མིང་ནི། གང་ཞིག། དབང་ཕྱུག་གང་དག་ལ་བདག་དབང་བྱེད་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཁམས་བཅོ་བརྒྱད་པོ་འདི་དག་སྟེ། ཁམས་བཅོ་བརྒྱད་གང་ལ་མི་འདི་དག་འདི་སྙམ་དུ་ཀུན་འབྱུང་ནི་གང ། གཞི་ནི། གང་ཡིན་སྙམ་དུ་འདུ་ཤེས་སྐྱེས་སོ། །དེ་འདི་སྙམ་དུ་སེམས་ཏེ། འདི་དག་ནི། ལས་ཀྱིས་མངོན་བར་བསྒྲུབས་པ་ཡིན་ལ། ལས་ཀྱང་རྣམ་པ་གསུམ་སྟེ། ཆགས་པ་ལས་སྐྱེས་པ་དང ། ཞེ་སྡང་ལས་སྐྱེས་པ་དང ། གཏི་མུག་ལས་སྐྱེས་པའོ། །ཆགས་པ་ལས་སྐྱེས་པའི་ 278b ལས་ཀྱིས་འགྲོ་བ་ལྔའི་ཁམས་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། མི་དང ། ལྷ་རྣམས་སུ་མངོན་པར་འགྲུབ་པོ། །ཞེ་སྡང་ལས་སྐྱེས་པའི་ལས་ཀྱིས་འགྲོ་བ་གསུམ་གྱི་ཁམས་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་ཡང་དག་པར་འགྲུབ་བོ། །གཏི་མུག་ལས་སྐྱེས་པའི་ལས་ཀྱིས་འགྲོ་བ་ལྔའི་ཁམས་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། མི་དང ། ལྷ་རྣམས་སུ་མངོན་པར་འགྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཆགས་པ་ནི། སྒོ་ལྔ་དག་གི་ལས་བྱེད། ཞེ་སྡང་ནི། སྒོ་གསུམ། གཏི་མུག་ནི། སྒོ་ལྔ་དག་གི་ལས་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆགས་པའི་ས་གང་ཡིན་པ་གཏི་མུག་གིའང་དེ་བཞིན་ནོ། །ཞེ་སྡང་ནི། ངན་སོང་འབའ་ཞིག་གིས་སྟེ། དེས་ན། ཁམས་དུ་མ་ཞེས་བྱའོ། །སྣང་བ་བྱིན་པས་ནི། ངའི་མིག་བསྒྲུབས། ཁྲོ་བ་མེད་པས་ནི། ངའི་གཟུགས་ཀྱི་ཁམས་བསྒྲུབས། ཤེས་པ་རྗེས་སུ་བྱིན་པས་ནི། ངའི་མིག་གི་རྣམ་པར་ཤེས་པའི་ཁམས་བསྒྲུབས་སོ། །དགའ་བའི་ཚིག་བྱིན་པས་ནི། ངའི་རྣ་བའི་ཁམས་བསྒྲུབས། རོལ་མོའི་སྒྲ་བྱིན་པས་ནི། ངའི་སྒྲའི་ཁམས་བསྒྲུབས། རོལ་མོའི་སྒྲ་ལ་རྗེས་སུ་ཡི་རང་བར་བྱས་པས་ནི། ངའི་རྣ་བའི་རྣམ་པར་ཤེས་པའི་ 279a ༄#། །ཁམས་བསྒྲུབས་སོ། །སྤོས་བྱིན་པས་ནི། ངའི་སྣའི་ཁམས་བསྒྲུབས། སྤོས་ཞིམ་པོ་བྱིན་པས་ནི། ངའི་དྲིའི་ཁམས་བསྒྲུབས། སྤོས་སྦྱར་བ་བྱིན་པས་ནི། ངའི་སྣའི་རྣམ་པར་ཤེས་པའི་ཁམས་བསྒྲུབས་སོ། །རོ་ཞིམ་པོ་བྱིན་པས་ནི། ངའི་ལྕེའི་ཁམས་བསྒྲུབས། རོའི་མཆོག་བྱིན་པས་ནི། ངའི་རོའི་ཁམས་བསྒྲུབས། རོ་སྦྱར་བ་བྱིན་པས་ནི། ངའི་ལྕེའི་རྣམ་པར་ཤེས་པའི་ཁམས་བསྒྲུབས་སོ། །ཡིད་བསྡམས་པས་ནི། ངའི་ལུས་ཀྱི་ཁམས་བསྒྲུབས། གོས་འཇམ་པོ་བྱིན་པས་ནི། ངའི་རེག་བྱའི་ཁམས་བསྒྲུབས། གོས་བྱིན་པ་ལ་རྗེས་སུ་ཡི་རང་བས་ནི། ངའི་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་བསྒྲུབས་སོ། །ཡིད་དུ་འོང་བ་བྱིན་པས་ནི། ངའི་ཡིད་ཀྱི་ཁམས་བསྒྲུབས། ཆོས་བྱིན་པས་ནི། ངའི་ཆོས་ཀྱི་ཁམས་བསྒྲུབས། ཆོས་བསམ་པ་ལ་བཟོད་པས་ནི། ངའི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་བསྒྲུབས་ཏེ། རྒྱུ་འདི་དག་དང ། རྐྱེན་འདི་དག་དང ། རྒྱུ་གང་དག་དང ། རྐྱེན་གང་དག་གིས་ཁམས་བཅོ་བརྒྱད་མངོན་པར་འགྲུབ་བོ། །དེ་འདི་ལྟར་ཡང་སེམས་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་བསྐྱེད་དེ། དེ་དགེ་བའི་རྩ་བ་དེས་སྐྱེ་བ་ཐམས་ཅད་ཀྱི་སྐྱེ་གནས་ལ་ཉོན་མོངས་པའི་རྐྱེན་གྱིས་ལས། ལས་ཀྱི་རྐྱེན་གྱིས་ཁམས་ཐེ་ཚོམ་མེད་པར་རྗེས་སུ་ 279b འཐོབ་བོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པའི་ལྷ་ཞེས་བྱ་བ་དེ་གཞན་ཡིན་པར་ཐེ་ཚོམ་མམ། ཡིད་གཉིས་སུ་བྱེད་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པའི་ལྷ་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལས་དང་ཉོན་མོངས་པ་ལ་མཁས་པར་བྱ་ཞིང་རྣམ་པར་སྨིན་པ་ལའང་མཁས་པར་བྱའོ། །མཽངྒལ་གྱི་བུ། ངས་ཁམས་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་བར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ཡོངས་སུ་ཚོལ་བ་ན་ང་ཚངས་པར་སྤྱོད་པ་ཡང་དག་པར་བླངས་པས་བུད་མེད་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་འབུམ་དག་རབ་ཏུ་བྱིན་ཏེ། བདག་གི་འདོད་པའི་དོན་དུ་མ་ཡིན་གྱི། འོན་ཀྱང་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འདོད་པས་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དག་ཡོངས་སུ་བཏང་ངོ ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་ཕུར་བུའི་ལྷ་ཞེས་བྱ་བ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་རྫུ་འཕྲུལ་དང་ལྡན་པ། རྒྱལ་སྲིད་ཀྱི་སྤྱི་བྱེད་པ་ཞིག་བྱུང་ 280a ༄#། །སྟེ།་ཆོས་ཀྱིས་ཕྱིར་རྒོལ་བ་ནི། བཅོམ། ཀླ་ཀློ་དེ་དག་དང་ནི། བྲལ། ལོ་ནི། ལེགས། སྐྱེ་བོ་མང་པོས་ནི། གང ། དགེ་བ་ནི། སྤྱོད། སྐྱེ་བོས་ནི། བརྒྱན། དུག་གི་ཤིང་དང་ནི། བྲལ། བདུད་རྩིའི་ཤིང་གིས་ནི། ཁེབས། ལག་མཐིལ་ལྟར་མཉམ་པར་ནི། གྱུར། འདོད་པའི་འབྲས་བུའི་ཤིང་ཐམས་ཅད་ཀྱིས་ཁེབས་ཏེ། འདི་ལྟ་སྟེ།་དཔེར་ན། སུམ་ཅུ་རྩ་གསུམ་གྱི་གནས་བཞིན་ནོ། །དེ་ནས་རྒྱལ་པོ་ཕུར་བུའི་ལྷ་དེ་འདི་སྙམ་དུ་སེམས་ཏེ། བདག་ལ་རྒྱལ་སྲིད་ནི། ཆེར་ཡོད། སྐྱོན་དང་ནི། བྲལ། ཡོན་ཏན་ཐམས་ཅད་དང་ནི། ལྡན་།སློང་མོ་པ་ནི། མེད་དེ། དེ་ལྟ་མོད་ཀྱི། འདི་དག་ནི། བདག་གིས་བྱ་བ་ཡིན་ཏེ། མིའི་འཇིག་རྟེན་དུ་སྐྱེས་པས་མཐོ་རིས་ཀྱི་འཇིག་རྟེན་ཡང་དག་པར་འགྲུབ་པའི་ལམ་ཡོངས་སུ་སྦྱང་བར་བྱ། འཕགས་པའི་སྐྱེ་བོ་དང་ལྷན་ཅིག་འགྲོགས་པ་བཙལ་བར་བྱ། འོ་ན་བདག་ཡོན་ཏན་ཐམས་ཅད་དང་ལྡན་པའི་མཆོད་སྦྱིན་བྱའོ། །སྙམ་ནས་བྲམ་ཟེ་མདུན་ན་འདོན་ལ་སྨྲས་པ། བྲམ་ཟེ། ང་ནི། མཆོད་སྦྱིན་དང་རྗེས་སུ་མཐུན་པར་འདོད་དེ། ཚོས་ཀྱིས་ཕྱིར་རྒོལ་བ་ནི། བཅོམ། ཆོས་ཀྱིས་ཚེར་མ་ནི། དཀྲུགས། ཆོས་ཀྱིས་ཀླ་ཀློ་དེ་དག་ནི། བྱུང ། ཡོ་བྱད་ཐམས་ཅད་དང་ནི། ལྡན་པས་བདག་མཆོད་སྦྱིན་བྱེད་འདོད་ན། བདག་ལ་མཆོད་སྦྱིན་བྱ་བ་ 280b དག་རྗེས་སུ་སྟོན་ཅིག། དེས་སྨྲས་པ། རྒྱལ་པོ་ཆེན་པོ། མཆོད་སྦྱིན་བགྱི་བ་དེ་དག་བསྡུར་གསོལ། རྒྱལ་པོ་ཆེན་པོ། འདིར་མཆོད་སྦྱིན་ལ་སེམས་ཅན་སྣ་ཚོགས་དག་འདུག་སྟེ། ཁ་ཅིག་ནི། རླུང་གི་རང་བཞིན་ཅན། ཁ་ཅིག་ནི། མཁྲིས་པའི་རང་བཞིན་ཅན། ཁ་ཅིག་ནི། བདག་ན་གྱི་རང་བཞིན་ཅན། ཁ་ཅིག་ནི། འདུས་པའི་རང་བཞིན་ཅན་ཏེ། རྒྱལ་པོ་ཆེན་པོ། དེ་དག་ལ་དེ་དང་མཐུན་པའི་ཁ་ཟས་ཀྱི་རྣམ་པ་སོ་སོ་སྩལ་བར་བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོ་ཕུར་བུའི་ལྷས་བྲམ་ཟེ་མདུན་ན་འདོན་གྱི་ལྟར་མཉན་ནས་མཆོད་སྦྱིན་གྱི་ཡོ་བྱད་དག་བསགས་ནས་མཆོད་སྦྱིན་ཆེན་པོ་དེ་ལ་བྲམ་ཟེ་ཁྲི་ཕྲག་བརྒྱད་ཅུ་དག་འདུས་པར་གྱུར་ཏོ། །དེ་དག་ཡིད་བཞིན་དུ་འགྲུབ་པར་འགྱུར་ཏེ། ཡིད་བཞིན་དུ་ཚོད་མ་དང ། ཡིད་བཞིན་དུ་རིམ་གྲོ་པ་རྣམས་ཀྱིས་རིམ་གྲོར་བྱས་།མཆོད་སྦྱིན་ཆེན་པོ་དེ་ལ་ཕལ་ཆེར་གསེར་གྱི་སྣོད་ཀྱི་ནང་ནས་འབྲིམ་སྟེ། བྲམ་ཟེ་གང་ལ་སྣོད་གང་ཕུལ་བ་དེ་དེ་ཉིད་ལ་འབུལ་བར་བྱེད་དོ། །མཆོད་སྦྱིན་ཆེན་པོ་དེ་ལ་གསེར་གྱི་སྟན་ཕལ་ཆེར་བཏིང་ཞིང་མཆོད་སྦྱིན་དེ་ལ་བུད་མེད་དག་གིས་འབྲིམ་པར་བྱེད་དེ།་བྲམ་ཟེ་རེ་རེ་ལ་བུད་མེད་རེ་རེས་འབྲིམ་མོ། །བྲམ་ཟེ་གང་ལ་བུད་མེད་འབྲིམ་པ་དེ་ཉིད་དེ་ལ་འབུལ་ཏེ། གལ་ཏེ་འདོད་ན་ནི། ལེན་པར་བྱེད། གལ་ཏེ་མི་འདོད་ན་ནི། 281a ༄#། །མི་ལེན་ཏོ། །གང་འདོད་ན་ནི། ལོངས་སྤྱོད་དེ་ཐམས་ཅད་ལེན་པར་བྱེད། མི་འདོད་ན་ནི། ལེན་པར་མི་བྱེད་དོ། །མཆོད་སྦྱིན་ཆེན་པོ་དེ་ལ་ཁྲིའི་བར་དུ་བྱས་ཏེ། ལོ་ཁྲིའི་བར་དུ་མཆོད་སྦྱིན་མཐུན་པ་དེ་ལས་སེམས་ཅན་གང་ཐ་ན་བ་བཞོ་བ་ཙམ་གྱི་བར་དུའང་ནད་ཀྱིས་མ་བཏབ་བོ། །དེ་ལྟར་ན། ངའི་སྤྱོད་པ་དེས་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་དང ། ཡོན་གནས་སུ་འདུ་ཤེས་ཉེ་བར་བཞག་ནས་མཆོད་སྦྱིན་བྱས་སོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཕུར་བུའི་ལྷ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཕུར་བུའི་ལྷ་ཞེས་བྱ་བར་གྱུར་ཏོ། དགེ་བའི་རྩ་བ་དེས་ངས་ཁམས་དུ་མ་ཤེས་པ་བརྙེས། ངས་ཁམས་ཀྱི་མཉམ་པ་ཉིད་ཀྱང་བརྙེས། སེམས་ཅན་ཐམས་ཅད་ཀྱི་ཁམས་དུ་མ་ཤེས་པའང་བརྙེས། ངས་གནོད་པ་ཉུང་བའང་བརྙེས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཁམས་དུ་མ་ཤེས་པ་ལ་གནས་ཏེ། དེའི་ཁམས་དང་ཀུན་འབྱུང་བ་རྒྱུ་གང་གིས་ཁམས་དུ་མ་ཤེས་པ་དང ། ཀུན་ 281b འབྱུང་བ་ཤེས་པ་ཐོབ་པ་བརྟག་པར་བྱའོ། །མཽངྒལ་གྱི་བུ། དེ་ལ་ངས་ལས་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྒྱུ་དེས་ན། ལས་འདི་མངོན་པར་འདུས་བྱས་ཤིང ། བྱ་བ་འདི་སྤངས་པས་ཤེས་པ་འདི་ཡང་དག་པར་གྲུབ་བོ། །བསམ་པ་འདིས་ན་སེམས་ཅན་སྡུག་བསྔལ་བ་རྣམས་ཉོན་མོངས་པ་གང་དང་གང་དག་གིས་གནོད་པའི་སེམས་ཅན་ཁ་ཅིག་ནི། འདོད་ཆགས་ཀྱི་ཁམས་སུ་གནས། ཁ་ཅིག་ནི། ཞེ་སྡང་གི་ཁམས་སུ་གནས། ཁ་ཅིག་ནི། གཏི་མུག་གི་ཁམས་སུ་གནས་པ་ལ་ང་སྙིང་རྗེ་ཆེན་པོས་ནོན་ཏོ། །དེ་ལྟར་ཉོན་མོངས་པ་གང་དང་གང་དག་གིས་ཉོན་མོངས་པའི་སེམས་ཀྱིས་ལས་དེ་མངོན་པར་འདུས་བྱས་ཤིང ། ཁམས་དེ་དང་དེ་ཉིད་ཀྱིས་དེ་མི་འགྱུར་བར་བསྟན་ཏེ། ལ་ལ་ནི། སེར་པོ། ལ་ལ་ནི། ནག་པོ། ལ་ལ་ནི། དམར་པོ། ལ་ལ་ནི། བྱ་ཙ་ཀོ་རའི་མིག་ཅན། ལ་ལ་ནི། ཁྲུང་ཁྲུང་གི་མིག་ཅན། ལ་ལ་ནི། རིང ། ལ་ལ་ནི། ཐུང ། ལ་ལ་ནི། བར་མ་སྟེ། ལས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བ་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ། བདེ་བར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ། 282a ༄#། །ཐབས་མཁས་པ་དང་ལྡན་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་གང་གིས་ན་ཁ་དོག་སྣ་ཚོགས་ཉིད་དུ་སྣང ། དབྱིབས་སྣ་ཚོགས་ཉིད་དང ། སྐད་སྣ་ཚོགས་ཉིད་དུ་སྣང ། དགེ་བ་སྣ་ཚོགས་ཉིད་དུ་སྣང ། རིགས་སྣ་ཚོགས་ཉིད་དུ་སྣང ། རུས་སྣ་ཚོགས་ཉིད་དུ་སྣང ། མིང་སྣ་ཚོགས་ཉིད་དུ་སྣང་བའི་རྒྱུ་ནི། གང་ཡིན། རྐྱེན་ནི། གང་ཡིན་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ད་ལྟར་བྱུང་བ་ལ་ཤེས་པ་མེད་པས་ནི། མི་ནུས་ཏེ། འཇིག་རྟེན་ན་དགེ་སྦྱོང་དང ། བྲམ་ཟེ་གང་བདག་གི་དོན་དེ་ལུང་སྟོན་པ་སུ་ཡོད་སྙམ་ནས་དེ་ཤེས་པ་དེ་བཙལ་བའི་དོན་དུ་ཕྱོགས་བཅུར་མི་བཀྱེ་སྟེ། ཁྱོད་སོང་ལ་ཤེས་པར་གྱིས་ཤིག་།འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། སློབ་དཔོན་ནམ། སློབ་དཔོན་གྱི་བུ་གང་དོན་འདི་ཁྲོལ་བ་དང ། གང་བདག་གི་ཐེ་ཚོམ་སེལ་བ་སུ་ཡོད། དེ་ནས་གཞོན་ནུ་དེའི་ཕར་གྱུར་པ་རྒྱལ་པོ་ཤིན་ཏུ་གནས་པ་ཞེས་བྱ་བ་དེས་བུ་དེ་ལ་སྨྲས་པ། གཞོན་ནུ། བསམ་གྱིས་མི་ཁྱབ་པ་ལ་སེམས། བཅོལ་གྱིས་མི་ཁྱབ་པ་ཆོལ་ཏེ། གཞོན་ནུ།་ཁྱོད་བསམ་པ་འདིས་བདག་ཉིད་ཉོན་མོངས་པར་འགྱུར། རྒྱལ་པོའང་འཁྲུགས་པར་འགྱུར། བསམ་གྱིས་མི་ཁྱབ་པ་འདི་མཐར་ཡང་མི་ཕྱིན་ནོ། །གཞོན་ 282b ནུ།་དེ་ཅིའི་ཕྱིར་ཞེ་ན། དྲི་བ་འདི་དག་གི་ལན་ལྡོན་པ་མེད་དོ། །གཞོན་ནུ། རྒྱལ་སྲིད་ལ་དགའ་བར་བྱོས། འཇིག་རྟེན་ཐམས་ཅད་ཀྱིས་མངོན་པར་འདོད་པའི་དབང་ཕྱུག་ལ་དགའ་བར་བྱོས། གཞོན་ནུ། དོན་བཏང་སྟེ་དོན་མེད་པ་སེམས་པ་ནི། ཉོན་མོངས་ཤིང་ངལ་བའི་སྐལ་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང ། གཞོན་ནུ་སྙིང་རྗེ་ཅན་གྱིས་རྒྱལ་པོ་ཤིན་ཏུ་གནས་པ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། མུན་པ་མི་སྣང་བ་ལ་མི་སྣང་བ་མ་མཛད་ཅིག་།ཁྱོད་ཀྱི་ཡུལ་ན་དགའ་བ་ནི། མདོག་ཕུན་སུམ་ཚོགས་པ་དང ། མདོག་ངན་པ་དང ། ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་དང ། གཟུགས་བཟང་བ་དང ། གཟུགས་ངན་པ་དང ། རིགས་ཕུན་སུམ་ཚོགས་པ་དང ། རིགས་ངན་པ་དང ། ནོར་ཕུན་སུམ་ཚོགས་པ་དང ། དབུལ་བ་དང ། གླེན་པ་དང ། མཛངས་པ་དང ། དེ་བཞིན་དུ་བཟོ་རྣམ་པ་དུ་མ་དག་ཁོང་དུ་ཆུད་པ་དང ། བཟོ་དག་མཆིས་ཤིང་བཟོ་དག་སློབ་པ་དང ། དབུལ་བ་དག་མཆིས་ཤིང་འབད་ན་ལོངས་སྤྱོད་རྙེད་པ་དང ། ནད་པ་མཆིས་ཤིང་བགྱི་བ་དག་གིས་ནད་ལས་ལྡང་བ་དག་མཆིས་ཏེ། རྒྱལ་པོ་ཆེན་པོ། རྣམ་གྲངས་འདིས་ན། འདི་ལྟར་རིག་པར་བགྱི་སྟེ། ཆོས་དེ་དག་གི་རྒྱུ་ནི། མཆིས་ན། དེ་བདག་གིས་མི་འཚལ་ཏེ། རྒྱལ་པོ་ཆེན་པོ། གང་བདག་མི་ 283a ༄#། །འཚལ་བ་དེ་མ་མཆིས་པ་ནི། མ་ལགས་ཏེ། བདག་བཟོ་མང་པོ་ནི། མ་འཚལ་ཅིང ། གང་ཤེས་པ་དེ་བཟོ་གཞན་དག་མཆིས་པས་ཀྱང་མི་འཚལ་ལོ། །རྒྱལ་པོ་ཆེན་པོ། ཤེས་པ་དེ་ནི། མཆིས་ཏེ། བདག་གིས་ཀྱང་ཤེས་པ་དེ་མ་འཚལ་ཏོ། །དེ་ལྟ་བས་ན། དགེ་སྦྱོང་དང ། བྲམ་ཟེ་མཛངས་ཤིང་ཀུན་གྱིས་བཀུར་བ།་ཤེས་རབ་དང་བཅས་པ་ཀུན་གྱིས་བཀུར་བ་དེ་ལ་ཡོངས་སུ་ཞུ་བར་བགྱིའོ། །དེ་སྐད་ཅེས་སྨྲས་པ་དང་རྒྱལ་པོ་ཤིན་ཏུ་གནས་པས་གཞོན་ནུ་སྙིང་རྗེ་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ། དེའི་ཕྱིར་མཛངས་པ་ཀུན་གྱིས་བཀུར་བ། ཤེས་རབ་དང་བཅོས་པ་ཀུན་གྱིས་བཀུར་བ། དགེ་སྦྱོང་དང་བྲམ་ཟེ་དེ་ལ་ཡོངས་སུ་ཞུས་ཤིག་།དེའི་ཚེ་དེ་བཞིན་གཤེགས་པ་སྐར་འོད་ཅེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །གཞོན་ནུ་སྙིང་རྗེ་ཅན་གྱིས་བར་སྣང་ལས་དེ་གཞིན་གཤེགས་པ་སྐར་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་བ་བཞུགས་ཏེ། དེ་ཞུ་བ་འདི་དག་གི་དོན་ལུང་སྟོན་པར་འགྱུར་རོ། །ཞེས་སྒྲ་ཐོས་སོ། །དེ་ནས་གཞོན་ནུ་སྙིང་རྗེ་ཅན་དེའི་མཚན་མོ་འདས་ནས་རྒྱལ་པོ་ཤིན་ཏུ་གནས་པ་གལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ཤིན་ཏུ་གནས་པ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། གང་ 283b མཁྱེན་པར་མཛོད་ཅིག་།རྒྱལ་པོ་ཆེན་པོ། །བདག་མཚན་མོ་འདི་ལ་མཆིས་ཉལ་བ་ན་བར་སྣང་ལས་དེ་བཞིན་གཤེགས་པ་སྐར་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་བ་བཞུགས་ཏེ།་དེ་ཞུ་བ་འདི་དག་གི་དོན་དུ་ལུང་སྟོན་པར་འགྱུར་རོ། །ཞེས་སྒྲ་ཐོས་ལགས་སོ། །དེ་སྐད་ཅེས་སྨྲས་པ་དང ། རྒྱལ་པོ་ཤིན་ཏུ་གནས་པས་གཞོན་ནུ་སྙིང་རྗེ་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ། དེ་བཞིན་གཤེགས་པ་སྐར་འོད་དེ་ཕྱོགས་གང་ན་བཞུགས། དེ་ནས་དེ་བཞིན་གཤེགས་པ་སྐར་འོད་ཀྱིས་རྒྱལ་པོ་ཤིན་ཏུ་གནས་པ་དེའི་སེམས་ཀྱི་བསམ་པ་དང ། ཡོངས་སུ་རྟོག་པ་མཁྱེན་ནས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་ཐམས་ཅད་དང་ལྡན་པ་ཤར་ཕྱོགས་སྣང་བར་མཛད་དོ། །གཞོན་ནུ་སྙིང་རྗེ་ཅན་དང ། རྒྱལ་པོ་ཤིན་ཏུ་གནས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དང་པར་རྫོགས་པའི་སངས་རྒྱས་སྐར་འོད་དེ་མཐོང་སྟེ། འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ལྡན་པ་སྣང་བར་མཛད་པའང་མཐོང་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐར་འོད་ལ་སེམས་དད་པར་གྱུར་ཏོ། །དེ་སེམས་དད་ནས་གཞོན་ནུ་སྙིང་རྗེ་ཅན་དང ། སྲོག་ཆགས་ཁྲི་ཕྲག་དྲུག་ཅུ་དང་ལྷན་ཅིག་ 284a ༄#། །ཏུ་དེ་བཞིན་གཤེགས་པ་སྐར་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་སྐར་འོད་དེའི་སྤྱན་སྔར་ཞེས་ཆེ་བ་རབ་ཏུ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་གཞོན་ནུ་སྙིང་རྗེ་ཅན་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྟོན་པ་དཔེ་མེད་སེམས་ཅན་རྣམས་ཀྱི་མགོན། །གསོ་བའི་སྤྱད་ལ་མཁས་ལ་ཞུ་བགྱི་བ། །ཇི་ལྟར་སེམས་ཅན་སྣ་ཚོགས་དག་གི་ཁམས། །མཚན་ཉིད་མི་འདྲར་གྱུར་པ་འདྲེན་པས་གསུངས། །མདོག་དང་དབྱིབས་དང་རིགས་ནི་ཕུན་སུམ་ཚོགས། །སྐྱེ་དང་རུས་དང་སྒྲ་ཡང་ཕུན་སུམ་ཚོགས། །མིང་ཡང་གང་གིས་སྣ་ཚོགས་ཐ་དད་པའི། །ཁྱད་པར་ཐུབ་པ་ཆེན་པོ་འདྲེན་པས་གསུངས། །མདོག་དང་དབྱིབས་དང་རིགས་ནི་ཕུན་སུམ་ཚོགས། །སྐྱེས་དང་རུས་དང་སྒྲ་ཡང་ཕུན་ཚོགས་དག་།ཐམས་ཅད་མཁྱེན་པའི་མཁྱེན་ལས་ཐམས་ཅད་འབྱུང ། །གང་དག་ཡོན་ཏན་གཞན་ནི་ངས་མ་བསྟན། །ཐམས་ཅད་མཁྱེན་པའི་ཐུགས་ལས་ཀུན་འབྱུང་སྟེ། །ཇི་ལྟར་བྱང་ཆུབ་བྱེད་པའི་སེམས་སྐྱེས་ཤིང ། །བྱང་ཆུབ་སེམས་དཔས་སྟོབས་ཀུན་ཐོབ་པར་འགྱུར། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་འོད་ཀྱིས་གཞོན་ནུ་སྙིང་རྗེ་ཅན་གྱི་བསམ་པ་ 284b ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་གཞོན་ནུ་སྙིང་རྗེ་ཅན་གྱིས་འཛུམ་པ་མཛད་པར་རིག་ནས་སངས་རྒྱས་སུ་གྱུར་ཅིག་།ཅེས་སྨོན་ལམ་ལེགས་པར་བཏབ་ནས་དེ་བཞིན་གཤེགས་པ་དེ་ལ་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། འཇིག་རྟེན་ཕན་མཛད་འཛུམ་པ་གང ། །མགོན་པོ་བདག་ལ་དེ་ལུང་སྟོན། །འགྲོ་བ་གང་དག་ཐོས་ནས་དང ། །མཚུངས་མེད་ལས་བྱུང་དག་ཏུ་འགྱུར། །རྐང་གཉིས་དབང་པོ་ཁྱོད་འཁོར་འདི། །མི་ཡི་སེངྒེའི་ལྷ་ལ་བལྟ། །རྒྱལ་བའི་ལུང་སྟོན་ནོད་པ་ལགས། །མི་མཆོག་གསུངས་ཤིག་ཐེ་ཚོམ་སོལ། །དེ་ནས་དེ་བཞིན་གཤེགས་པ་སྐར་འོད་ཀྱིས་རྒྱལ་པོ་ཤིན་ཏུ་གནས་པ་དེ་དང ། སྲོག་ཆགས་ཁྲི་ཕྲག་དྲུག་ཅུ་པོ་དེ་དག་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་གཞོན་ནུ་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་ཐེ་ཚོམ་མམ། ཡིད་གཉིས་ཟ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་བསྟན་བཅོས་ཐམས་ཅད་ལ་མཁས་པར་བྱའོ། །མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་བསྟན་བཅོས་ཐམས་ཅད་ལ་མཁས་པ་ནི། ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་པར་འགྱུར་རོ། །མཽངྒལ་གྱི་བུ། དེ་ 285a ༄#། །ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩོམ་པ་འདི་ནི། འདི་ལྟ་སྟེ། བསྟན་བཅོས་ཐམས་ཅད་ལ་མཁས་པའོ། །མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་བསྟན་བཅོས་ཐམས་ཅད་ལ་མཁས་པ་ནི། བསྟན་བཅོས་བྱེད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་འགྲོ་བར་འགྱུར་ཏེ། ངོ་བོ་ཉིད་འདིས་བསྟན་བཅོས་དེ་སྟོན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཁམས་དུ་མ་མཁྱེན་པ་འགོག་པར་འགྱུར་བའི་ལམ་མཁྱེན་པ་ནི། ཐམས་ཅད་མཁྱེན་པ་ཉིད་དུ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལས་ལས་ཉོན་མོངས་པ་རྗེས་སུ་དཔག་སྟེ། ཉོན་མོངས་པ་འདིས་ལས་འདི་མངོན་པར་འདུས་བྱས། ཉོན་མོངས་པ་ལས་སེམས་རྗེས་སུ་དཔག་སྟེ། ཉོན་མོངས་པ་རབ་ཏུ་སྤྱོད་པས་ཆགས་པའམ། སྡང་བའམ། རྨོངས་པའི་སེམས་རྗེས་སུ་དཔག་གོ་།སེམས་ལས་གང་ཟག་འབྱུང་བར་རྗེས་སུ་དཔག་སྟེ། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་འགྲོ་བ་འདོགས་པར་མཛད་དོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས། དེ་སེམས་ཅན་དམྱལ་བར་འགྲོའོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས། དེ་དུད་འགྲོའི་སྐྱེ་གནས་སུ་འགྲོའོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས། དེ་གཤིན་རྗེའི་འཇིག་རྟེན་དུ་འགྲོའོ། །གང་ 285b ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས་དེ་ལྷ་མ་ཡིན་གྱི་རིས་སུ་འགྲོའོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས་དེ་མིར་འགྲོའོ། །གང་ཟག་འདི་ས་ལས་འདི་མངོན་པར་འདུས་བྱས་པས་དེ་མཐོ་རིས་སུ་འགྲོའོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས་དེ་མྱ་ངན་ལས་འདས་པར་འགྲོའོ། །འདི་ལྟ་སྟེ། དཔེར་ན། རི་མོ་མཁན་ནམ། རི་མོ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ཤིང་ལེབ་སྦྱངས་པའམ། རྩིག་པ་ལེགས་པར་བྱི་དོར་བྱས་པ་ལ་ཚོན་སྦྱར་ལེགས་པས་གཟུགས་གང་དང་གང་བྱ་བར་འདོད་པ་དེ། དེ་ཉིད་མངོན་པར་འགྲུབ་པར་བྱེད་དོ། །དེ་དེ་ལས་རྗེས་སུ་དཔག་ན་རི་མོ་མཁན་དེ་མཁས་པ་ཞེས་བྱའོ། །མཽངྒལ་གྱི་བུ། དེ་བཞིན་དུ་ལས་ལས་ཉོན་མོངས་པ་རྗེས་སུ་དཔག་སྟེ། ཚུལ་དེ་ལྟ་བུས་ཉོན་མོངས་པས་ལས་འདི་མངོན་པར་འདུས་བྱས་ཏེ། གལ་ཏེ་འདོད་ཆགས་ལས་སྐྱེས་པའམ། གལ་ཏེ་ཞེ་སྡང་ལས་སྐྱེས་པའམ། གལ་ཏེ་གཏི་མུག་ལས་སྐྱེས་པའམ། གལ་ཏེ་འདོད་ཆགས་དང་ཞེ་སྡང་ལས་སྐྱེས་པའམ། གལ་ཏེ་འདོད་ཆགས་དང་གཏི་མུག་ལས་སྐྱེས་པའམ། གལ་ཏེ་ཞེ་སྡང་དང་འདོད་ཆགས་ལས་སྐྱེས་པའམ། གལ་ཏེ་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའམ། གལ་ཏེ་གཏི་མུག་དང་འདོད་ཆགས་ལས་སྐྱེས་པའམ། གལ་ཏེ་གཏི་མུག་དང་ཞེ་སྡང་ལས་སྐྱེས་ 286a ༄#། །པ་ཞེས་ལས་ལས་ཉོན་མོངས་པ་རྗེས་སུ་དཔག་ཅིང ། ཉོན་མོངས་པ་ལས་གང་ཟག་རྗེས་སུ་དཔག་གོ་།དེ་ལ་ལས་མངོན་པར་འདུ་བྱེད་པས་གང་ཟག་རིག་པར་བྱ་སྟེ། གང་ཟག་འདི་ནི། སེམས་ཅན་དམྱལ་བ་པ། གང་ཟག་འདི་ནི། སེམས་ཅན་དམྱལ་བར་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི། དུད་འགྲོའི་སྐྱེ་གནས་པ། གང་ཟག་འདི་ནི། དུད་འགྲོའི་སྐྱེ་གནས་སུ་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི། གཤིན་རྗེའི་འཇིག་རྟེན་པ། གང་ཟག་འདི་ནི། གཤིན་རྗེའི་འཇིག་རྟེན་དུ་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི། ལྷ་མ་ཡིན་པ། གང་ཟག་འདི་ནི། ལྷ་མ་ཡིན་གྱི་འཇིག་རྟེན་དུ་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི། མི་གང་ཟག་འདི་ནི། མིའི་འཇིག་རྟེན་དུ་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི། ལྷ། གང་ཟག་འདི་ནི། ལྷའི་འཇིག་རྟེན་དུ་ཡང་དག་པར་གནས་པ་ཡིན། གང་ཟག་འདི་ནི། ཡོངས་སུ་མྱ་ངན་ལས་འདས་པ། གང་ཟག་འདི་ནི། ཡོངས་སུ་མྱ་ངན་ལས་འདའ་བར་ཡང་དག་པར་གནས་པ་ཡིན་ནོ། །ཞེས་ལས་ལས་ཉོན་མོངས་པ་རྗེས་སུ་དཔག་།ཉོན་མོངས་པ་ལས་གང་ཟག་རྗེས་སུ་དཔག་།གང་ཟག་ལས་འགྲོ་བ་རྗེས་སུ་དཔག་།འགྲོ་བ་ལས་རྣམ་པར་སྨིན་པ་རྗེས་སུ་དཔག་།རྣམ་པར་སྨིན་པ་ 286b ལས་འཁོར་བ་རྗེས་སུ་དཔག་།འཁོར་བ་ལས་འཁོར་བའི་སྡུག་བསྔལ་རྗེས་སུ་དཔག་།འཁོར་བའི་སྡུག་བསྔལ་ལས་ལས་དང་ཉོན་མོངས་པ་རྗེས་སུ་དཔག་།སྡུག་བསྔལ་དང་ཀུན་ནས་ཉོན་མོངས་པ་དེ་ཟད་ན། ངེས་པར་འབྱུང་སྟེ། ཉོན་མོངས་པ་ཟད་པས་ལས་ཟད། ལས་ཟད་པས་མངོན་པར་མི་འགྲུབ་སྟེ། གང་མངོན་པར་མ་གྲུབ་ན། དེ་མྱ་ངན་ལས་འདས་པ་ཡིན་ནོ། །དེ་གང་གིས་མྱ་ངན་ལས་འདས་པ་ཡིན་ཞེ་ན། སྡུག་བསྔལ་འདིའི་མྱ་ངན་ལས་འདས་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན། ཤིང་བསྡུས་པ་ལས་མེ་འབར་རོ། །ཤིང་ཟད་ན། མེ་འཆི་སྟེ་།འདིར་གཞན་གང་ཡང་མེ་མ་ཡིན་གྱི། ཤིང་གང་ཟད་ན། འཆིའོ། །དེ་བཞིན་དུ་ལས་དང་ཉོན་མོངས་པ་ཟད་ན། མྱ་ངན་ལས་འདའ་སྟེ། འདིར་གཞན་གང་ཡང་སྡུག་བསྔལ་མ་ཡིན་གྱི། གང་དེའི་མྱ་ངན་ལས་འདའ་བ་ནི། ལས་དང་ཉོན་མོངས་པ་ཟད་པ་ལས་མྱ་ངན་ལས་འདའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེའི་སངས་རྒྱས་ཀྱི་ཞིང་དེར་བྲམ་ཟེ་ཟླ་བའི་སྨིན་མ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་སྟེ། འདོན་ 287a ༄#། །པ། སྔགས་འཛིན་པ། རིག་པ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ། སྒྲ་ངེས་པར་སྦྱོར་བ་དང ། ཤེས་གསལ་དང་ལྔ་པ་སྟེ། སྔོན་བྱུང་བ་དང་བཅས་པ་དང ། ཚིག་གིས་ལུང་སྟོན་པ་དང ། འཇིག་རྟེན་རྒྱང་འཕེན་པ་དང ། མཆོད་སྦྱིན་གྱི་རྒྱུད་དང་སྐྱེས་བུ་ཆེན་པོའི་མཚན་གྱི་རིགས་དང་མཐུན་པར་རྗེས་སུ་སྐྱེས་པ། རང་གི་སློབ་དཔོན་གྱི་གསུང་རབ་རིག་པ་གསུམ་ལ་མ་མགུ་ནས་དགེ་བའི་ཆོས་ཚོལ་ཏེ། དེ་བྲམ་ཟེ་ཀུན་གྱིས་རྗེས་སུ་ཤེས་པའི་ཕ་རོལ་ཏུ་ཕྱིན་ཅིང ། འཇིག་རྟེན་རྒྱང་འཕེན་པའི་རྒྱུད་ཀྱི་ཕ་རོལ་ཏུ་ཕྱིན་པ། གསོ་བའི་དཔྱད་ཀྱི་རྒྱུད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། མཚན་མའི་རྒྱུད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། སྒྱུ་མའི་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདི་ལྟ་སྟེ། མིག་འཕྲུལ་དང ། ཉེ་བའི་མིག་འཕྲུལ་དང ། ཐགས་བཟང་རིས་ཀྱི་འཕྲུལ་དང ། རབ་བཅོམ་གྱི་འཕྲུལ་དང ། རུས་པའི་འཕྲུལ་དང ། བདེ་མཆོག་གི་འཕྲུལ་དང ། གཞོན་ནུ་རྩེ་བ་དང ། རིག་སྔགས་འཆང་རྩེ་བ་དང ། ཕྱི་རོལ་གྱི་ཚོགས་ཀྱི་རྫུ་འཕྲུལ་གྱི་རྩེ་བ་དང ། དེ་ལས་གཞན་པ་རྩེ་བའི་བསྟན་བཅོས་དཔག་ཏུ་མེད་པ་དག་ལ་འཇིགས་པ་མེད་དོ། །བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་ཞེས་བྱ་བ་ 287b ནས་རིག་པ་དང་ཞབས་སུ་ལྡན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དེས་མི་མཁྱེན་པའམ། མ་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། མངོན་སུམ་དུ་མ་མཛད་པ་ཅིའང་མེད་དོ། །ཞེས་ཐོས་སོ། །དེ་ལྟ་ན་བདག་གི་སྔགས་ཀྱི་ལུང་དག་ལས་གང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོ་ནི། རྣམ་པ་གཉིས་སུ་འགྱུར་ཏེ། གཞན་དུ་ནི། མ་ཡིན་ནོ། །གལ་ཏེ་ཁྱིམ་ན་གནས་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཏེ། གླིང་བཞིའི་དབང་ཕྱུག་རྣམ་པར་རྒྱལ་ཞིང་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི། འདི་དག་ཡིན་ནོ། །འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། བློན་པོ་རིན་པོ་ཆེ་སྟེ། འདི་བདུན་ནོ། །ཡང་བུ་སྟོང་ཚང་བར་ཡོད་དེ། དཔའ་ཞིང་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཡིན་ཏེ། དེ་སའི་དཀྱིལ་འདི་ཆད་པ་མེད་པ་དང ། མཚོན་གྱིས་བདའ་བ་མེད་པར་རང་གི་ཆོས་འབའ་ཞིག་གིས་ཤིན་ཏུ་གནས་སོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་གྱོན་ཏེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། དེ་བཞིན་གཤེགས་པ་ 288a ༄#། །དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེ། གལ་ཏེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འདི་དང་ལྡན་ནམ། འོན་ཏེ་མི་ལྡན་པ་བདག་གིས་བརྟག་གོ་།གལ་ཏེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་མཐོང་ན། དེ་བཞིན་གཤེགས་པ་ཞེས་བྱ་བར་ཤེས་སོ་སྙམ་མོ། །དེ་ནས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དྲུག་ཅུ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བའི་གཏམ་གྱི་རྣམ་པ་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དག་བསམ་མོ། །བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མའི་སྐྱེས་བུ་ཆེན་པོའི་ 288b མཚན་སུམ་ཅུ་རྩ་གཉིས་དག་མཐོང་སྟེ། ཟླ་བའི་སྨིན་མས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཞན་གཉིས་དང་གཉིས་དག་གི་དྲན་པ་འདི་ལྟ་སྟེ། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང ། ལྗགས་རིང་བ་ལ་སོ་མ་ཉི་ཟའོ། །དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བསམ་པ་ཐུགས་སུ་ཆུད་ནས་ཞལ་ནས་ལྗགས་ཕྱུང་སྟེ་སྤྱན་དང་སྙན་གྱི་དྲ་བ་གཉིས་ལ་ལྗགས་ཀྱིས་ཀུན་ཏུ་ཉུག་པར་མཛད། ཀུན་རེག་པར་མཛད། ལྗགས་ཀྱིས་སྙན་གྱི་རྒྱུད་གཉིས་ལ་ཡོངས་སུ་ཉུག་པར་མཛད། ཀུན་ཏུ་ཉུག་པར་མཛད་དེ། མཚན་མ་ཇི་ལྟ་བུ་འབྱུང་བར་མཛད་པ་དེ་ལྟ་བུའི་མཚན་མ་འབྱུང་བར་མཛད་པས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ཀྱི་སྐུ་ལ་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པར་མཐོང་ངོ ། །དེ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོམ་ཉི་མེད། ཐེ་ཚོམ་མེད་ནས་དེ་སྟན་ལས་ལངས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་བཙལ་ཞིང ། ཁས་གཏུགས་ཏེ་ 289a ༄#། །ལག་པ་གཉིས་ཀྱིས་ཤིན་ཏུ་བཏེག་ནས་བཅོམ་ལྡན་འདས། བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་བགྱི་བ་ལགས་སོ། །བཅོམ་ལྡན་འདས། བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་བགྱི་བ་ལགས་སོ། །ཞེས་བདག་གི་མིང་དང་རུས་ལན་གསུམ་གྱི་བར་དུ་གསོལ་ཏོ། །སེམས་ཀྱང་འདི་ལྟར་བསྐྱེད་དོ། །བདག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ནས་མ་དུལ་བ་རྣམས་འདུལ་བ་དང ། མ་གྲོལ་བ་རྣམས་དགྲོལ་བ་དང ། མ་ཞི་བ་རྣམས་ཞི་བར་བགྱིད་པ་དང ། མ་རྒལ་བ་རྣམས་བསྒྲལ་བ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང ། ལྷ་དང་བཅས་པའི་འཇིག་རྟེན་གྱི་འདྲེན་པར་གྱུར་ཅིག་།དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེས་བྲམ་ཟེ་ཟླ་བའི་སྨིན་མ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །འདི་ནི། ཆོས་ཉིད་དེ་གང་གི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ་འོད་ཟེར་ཁ་དོག་དུ་མ་དང ། ཁ་དོག་སྣ་ཚོགས་དག་ཞལ་གྱི་སྒོ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་ 289b དེ་ལ་ལན་གསུམ་བསྐོར་བ་བྱས་ནས་སྤྱི་གཙུག་ཏུ་ནུབ་བོ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་རིམ་གྲོ་བ་དགེ་སློང་ཞི་བའི་དབང་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་དེ་བཞིན་གཤེགས་པ་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེ་ལ་ཚིགས་སུ་བཅད་དེ་གསོལ་བ། འདྲེན་པ་དཔའ་ཆེན་རྒྱུ་མ་མཆིས་པར་འཛུམ་མི་མཛད། །གླང་པོ་ཆེན་པོ་འཛུམ་མཛད་རྒྱུ་ཅི་བདག་ལ་གསུངས། །འདྲེན་པ་འཇིག་རྟེན་གསལ་མཛད་འཛུམ་པའི་རྒྱུ་གསུངས་ཤིག་།ཁྱོད་སྲས་གང་དག་ཐོས་ནས་མགུ་ཞིང་དགའ་བར་འགྱུར། །བརྩོན་འགྲུས་རྩོམ་ཞིང་སངས་རྒྱས་ཆོས་དག་འཐོབ་པར་འགྱུར། ། བདུད་ཀྱང་འཇོམས་པར་འགྱུར་ཞིང་ལམ་ཆེན་སྦྱོང་བར་འགྱུར། །འདྲེན་པ་སངས་རྒྱས་ཆོས་ལ་ངེས་པར་འབྱུང་འགྱུར་ཞིང ། །འདྲེན་པ་སངས་རྒྱས་ཆོས་ལ་ཐེ་ཚོམ་མེད་པར་འགྱུར། །ཇི་ལྟར་སངས་རྒྱས་སྲས་ཀྱིས་འབད་པ་དོན་ཡོད་ཅིང ། །སློབ་ཚེ་འཇིགས་པ་མེད་ཅིང་ཞུམ་པ་མེད་པར་འགྱུར། །དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་དེས་རིམ་གྲོས་དེ་ལ་ཚིགས་སུ་བཅད་དེ་གསུངས་པ། ཇི་ལྟར་སྨྲས་པ་དེ་བཞིན་རྒྱུ་མེད་འཛུམ་མི་མཛད། །སྲས་ཀྱི་བསམ་པ་མཁྱེན་ནས་འཇིག་རྟེན་དོན་གྱི་ཕྱིར། 290a ༄#། །སེམས་ཅན་འཇིག་རྟེན་དོན་དུ་འདྲེན་པ་འཛུམ་པ་མཛད། །བྲམ་ཟེ་ཟླ་བའི་སྨིན་མ་དཔའ་པོ་མཁས་པ་འདི། །ང་ལ་མཆོད་པ་བྱས་ཤིང་བསྟན་ལ་དད་པ་རྙེད། །བསྐལ་པ་བྱེ་བ་དྲུག་ཅུར་ལོག་པར་མི་འགྲོ་ཞིང ། །དེ་ནས་མི་རུ་འོངས་ནས་འཇིག་རྟེན་སངས་རྒྱས་འགྱུར། །མཚན་ནི་འཇིག་རྟེན་གསལ་མཛད་སེམས་ཅན་ཐུགས་བརྩེ་ལྡན། །དེ་ཡི་སྐུ་ཚེ་ལོ་ནི་བྱེ་བ་བརྒྱད་ཅུང་འགྱུར། །ཉན་ཐོས་འཁོར་ནི་བྱེ་བ་བདུན་ཅུ་དག་ཏུ་འགྱུར། །ལོ་ནི་བྱེ་བ་དགུ་བཅུར་རྐང་གཉིས་མཆོག་གནས་ཏེ། ། ཉན་ཐོས་འདུས་པ་བརྒྱད་ཅུ་དེ་ཡི་རྣམ་པ་ནི། །དམིགས་མེད་གྲགས་པ་ཆེན་པོ་འདུས་པ་འབྱུང་བར་འགྱུར། །བློ་མཆོག་ལྡན་པ་མྱ་ངན་འདས་པའི་དམ་ཆོས་ལོ། ཁྲི་ཕྲག་བརྒྱད་ཅུར་གནས་ཏེ་ལྷ་མི་དག་གིས་སྤྱོད། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་ཟླ་བའི་སྨིན་མ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཟླ་བའི་སྨིན་མ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་བློ་ལ་དད་པ་མང་དུ་བྱ། བསྟན་བཅོས་ཐམས་ཅད་ལ་མཁས་པར་ཡང་བྱ། མངོན་པར་བརྩོན་པར་ཡང་བྱའོ། །མཽངྒལ་གྱི་བུ། ངས་ཁམས་སྣ་ཚོགས་ 290b ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཇི་ལྟར་ཁམས་སྣ་ཚོགས་ཤེས་པ་ཡང་དག་པར་བསྡུས་པས་སེམས་ཅན་རྣམས་ཀྱི་ཁམས་སྣ་ཚོགས་དག་གི་ཁམས་ཀྱི་གཉེན་པོ་དེས་པར་ཇི་ལྟར་ཆོས་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་དགེ་བའི་མིག་ཅེས་བྱ་བ་ནས་རང་གི་ཆོས་ཀྱིས་ཤིན་ཏུ་རྒྱལ་སྲིད་ཀྱི་ནང་ན་གནས་པའི་བར་ཞིག་བྱུང་ངོ ། །དེའི་ཚེ་ན་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མེད་པའི་སྤྱན་དེའི་སངས་རྒྱས་ཀྱི་ཞིང་ནི། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོ་དག་བྱུང་ངོ ། །སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་ཀུན་ནས་ཉོན་མོངས་པའི་ཚུལ་ཁྲིམས་སམ། ཀུན་ནས་ཉོན་མོངས་པའི་སེམས་ཅན་ཐམས་ཅད་དུ་གང་མ་སྐྱེས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་དང ། དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་དེ་དག་ཐམས་ཅད་ནི། དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་དེ་ཉིད་དང་ལྷན་ཅིག་ 291a ༄#། །ཏུ་དགེ་བའི་རྩ་བ་བསྐྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་གྱིས་སེམས་ཅན་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས་དེ་བཞིན་གཤེགས་པའི་སྟོབས་བཅུ་དག་གི་བསྔགས་པ་བརྗོད་དེ། དེ་བཞིན་གཤེགས་པའི་སྟོབས་བཅུ་དག་ལ་བརྟེན་ནས་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་པར་འགྲུབ་པར་འགྱུར་བས། དེ་དག་ཁོང་དུ་ཆུད་པར་བྱ་བའི་དོན་དུ་ལུས་དང ། པགས་པ་དང ། རྒྱུས་པ་དང ། རུས་པ་བསྐམས་ཤིང་ཁོག་པ་དང ། ཤ་དང ། ཁྲག་ཡོངས་སུ་བསྐམས་ཀྱང་བརྩོན་འགྲུས་བརྩམ་པར་བྱའོ། །གལ་ཏེ་བརྩོན་འགྲུས་བཏང་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་དག་མི་ཐོབ་པར་འགྱུར་རོ། །དེ་དག་ཐམས་ཅད་བརྩོན་འགྲུས་བརྩམས་པ་དེ་དང་ལྡན་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པར་བྱ་བའི་ཕྱིར་འབད་དོ། །དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་དེ་ནི། དེ་དག་ཐམས་ཅད་ཀྱི་སྔོན་དུ་གཤེགས་པར་གྱུར་ཏེ། དེ་བཞིན་གཤེགས་པས་སེམས་ཅན་དཔག་ཏུ་མེད་པ་དག་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་བཙུད་དེ། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་བཀོད་དོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། 291b དེའི་ཚེ་དེའི་དུས་ན་རྒྱལ་པོ་དགེ་བའི་མིག་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དགེ་བའི་མིག་ཅེས་བྱ་བར་གྱུར་ཏོ།། དེ་ལྟ་བས་ན། དེ་ཕྱིན་ཆད་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངོམས་པ་མེད་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ན་ཇི་ཙམ་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ཙམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་སྟེ། མཽངྒལ་གྱི་བུ། སེམས་ཅན་དེ་དག་གི་གྲངས་ཡོངས་སུ་ཤེས་པར་ནུས་པ་གང་ཡང་མེད་དེ། ངས་སེམས་ཅན་དེ་སྙེད་ཡོངས་སུ་མྱ་ངན་ལས་བཟླས་སོ། །སེམས་ཅན་དེ་དག་གི་གྲངས་གདགས་པར་ཡང་མི་ནུས་ཏེ། མཽངྒལ་གྱི་བུ། ངས་སངས་རྒྱས་ཀྱི་རྒྱུད་མི་གཅད་པར་བྱ་བའི་ཕྱིར་ཞུགས་ནས་ངས་སེམས་ཅན་དེ་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་བཙུད་ཅིང་ཡོངས་སུ་སྨིན་པར་བྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱུད་མི་གཅད་པར་བྱ་བ་ལ་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ། ངས་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཐོབ་ནས་བདག་གི་སེམས་ཅན་གྱི་དོན་ཇི་ལྟར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་ 292a ༄#། །པ་དུ་མ་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་མགར་བ་ལེགས་རྟོགས་ཞེས་བྱ་བ་མ་གང་བ་མཛངས་ཤིང་གསལ་ལ་ཡིད་གཞུངས་པ། བཟོ་རྣམས་ལ་བསླབས་པ་ཞིག་བྱུང་སྟེ། དེ་ཡོངས་སུ་སྤྱད་པ་བྱས་བས་གསེར་གྱི་གཟུགས་བརྙན་ལ་འཇུག་པ་ཤེས། ལྡང་བའང་ཤེས། རིན་ཡང་ཤེས་སོ། །དེ་ཡོངས་སུ་སྦྱང་བ་བྱས་པའི་གསེར་གྱི་གཟུགས་བརྙན་གྱི་རིན་ལ་ཤིན་ཏུ་རྨོངས་པ་མེད་པས་ཕྱོགས་དང་ཕྱོགས་མཚམས་སུ་རྒྱ་ཆེར་ཀྱེ་མ་མགར་པ་འདི་མཁས་སོ། །ཞེས་གྲགས་པ་དང ། སྒྲ་དང ། ཚིགས་སུ་བཅད་པས་མངོན་པར་འཕགས་སོ། །འདི་བཟོའི་མཆོག་ཁོང་དུ་ཆུད་པས་རྒྱལ་པོའི་ཕོ་བྲང་འཁོར་གྱི་བར་དུ་གྲགས་ནས་དེའི་རྙེད་པ་དག་ཀྱང་བྱུང་སྟེ། རྒྱལ་པོ་དེའི་གོས་དག་བྱིན། འགྲོ་བ་ཐམས་ཅད་ཀྱིས་ཀྱང་བཟོ་བོ་དེའི་ཚིག་གཟུང་བར་འོས་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མགར་པ་ལེགས་རྟོགས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་མགར་བ་ལེགས་རྟོགས་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་མཁས་པར་བྱའོ། །མཽངྒལ་གྱི་བུ། 292b ངས་གཞན་ཡང་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ།་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱི་འང་ཆེས་ཕ་རོལ་ན་གར་གྱི་སློབ་དཔོན་འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་བྱ་བ་མཛངས་ཤིང་གསལ་ལ་ཡིད་གཞུངས་པ་མཉེན་ལ་མཐུན་པ་དང ། ཚིག་གཟུང་བར་འོས་པ་སྐྱེ་བོའི་ཚོགས་མང་པོས་མནོས་ཤིང་མངོན་པར་དགའ་བ། དུས་ཤེས་པ་དང ། དུས་མ་ཡིན་པ་ཤེས་པ་དང ། མ་ཤེས་པ་དང ། ཕ་ཤེས་པ་དང ། བདག་ཤེས་པ་དང ། འཁོར་ཤེས་པ་དང ། འཇིག་རྟེན་གྱི་བསམ་པའི་རྗེས་སུ་ཞུགས་ཤིང་ཚིག་སྨྲས་པ་ཙམ་གྱིས་སེམས་ཅན་དག་གི་བསམ་པ་འཛིན་པར་བྱེད་པ་ཞིག་བྱུང་ངོ ། །དེའི་བུ་མོ་འགྲོ་བའི་དཔའ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། བསམ་པ་རྒྱ་ཆེ་བ། འདོད་ཆགས་ཆུང་བ་ཞེ་སྡང་ཆུང་བ། གཏི་མུག་ཆུང་བ། མིའི་མདོག་ལས་འདས་ཤིང ། ལྷའི་གཟུགས་ཀྱི་མདོག་ལྟ་བུ་ཡང་དག་པར་ཐོབ་པ། བྲོ་གར་གྱི་བཟོ་ལ་མཆོག་ཏུ་མཁས་པ། ཆོ་ག་ལ་མཁས་པ།་མཐོང་བ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་མིག་འཛིན་པ་ཞིག་བྱུང་ངོ ། །དེའི་ཚེ་དེར་སྐྱེ་བོའི་ཚོགས་མང་པོ་འདུས་ཤིང་ཚོགས་མང་པོ་འཁོད་དོ། །དེ་ནས་གར་མཁན་ 293a ༄#། །གྱི་བུ་མོ་འགྲོ་བའི་དཔའ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཚོགས་ཀྱི་དབུས་སུ་འདུག་སྟེ་གླུ་དབྱངས་འདི་དག་བླངས་སོ། །ལང་ཚོ་འདི་དག་རི་བོའི་ཆུ་ལྟར་འགྲོ། །སྐད་ཅིག་ཐང་གཅིག་ཡུད་ཙམ་ཤིན་ཏུ་ལྟུང ། །བྱིས་པའི་སྐྱེ་བོ་རབ་ཏུ་མྱོས་པ་དག་།བརྒྱལ་ཞིང་གཡོ་བའི་ཤུགས་ཀྱང་མི་ཤེས་སོ། །སྟོན་ཀའི་སྤྲིན་སྟུག་སྙིང་པོ་མེད་པ་དང ། །འཕྱར་པའི་ཤུགས་ལྟར་ལང་ཚོ་འགྲོ་བ་ཡིན། །གང་དག་གཟུགས་ཀྱི་བཅིང་བས་བཅིངས་པ་ནི། མི་རྟག་མི་ལྟུང་བར་ནི་མི་འཛིན་ཏོ། །ཇི་ལྟར་བུས་པ་ཁྱེའུའི་མ་མ་ལྟར། །མི་མཁས་བློ་གྲོས་ངན་པ་དེ་དག་ནི། །ཡིད་སླུ་འཆི་བར་འགྲོ་བ་མི་ཤེས་སོ། །དེ་དག་འབྲས་བུ་མེད་པས་མ་སྤགས་པ། །དེ་ནི་མི་རྟག་འཇིག་པས་སྐེམ་པར་བྱེད། ། བསོད་ནམས་མེད་པ་འཆི་མཐས་སྲོག་འཇོམས་སོ། །མཁས་པ་གང་དག་རྒྱལ་བའི་གསུང་རབ་ལ། །རྟག་ཏུ་བརྩོན་པ་ལང་ཚོ་དགའ་འབྲེལ་ལ། །མཁས་པ་དེ་ཡིས་དགའ་བར་མི་བྱའོ། །མཁས་པས་བདེ་པར་གཤེགས་པའི་གསུང་རབ་ལ། །ལང་ཚོ་མི་རྟག་སྙིང་མེད་བརྟག་པར་གྱིས། དགའ་བ་དེ་ཡིས་ལང་ཚོ་སྔོན་དུ་འཕྲོག། གལ་ཏེ་སྐྱེ་བོ་མཁས་པ་མཛངས་པ་དག་།འདི་དག་བདག་མེད་ལང་ཚོ་རྟོགས་པར་བྱེད། །ཇི་ལྟར་སྐྱེས་བུ་རང་གི་རྫས་ཚོལ་བ། །དེ་བཞིན་དགའ་བས་རང་གི་རྫས་ཚོལ་ལོ། །གང་ 293b གིས་སྣོད་བརྙས་ཇི་སྲིད་བདག་ལ་འདུག། དེ་བཞིན་ལང་ཚོ་བདག་གི་དོན་བྱེད་དེ། །བདག་ནི་གང་གིས་བརྙས་པའི་སྣོད་འདྲའོ། །ཇི་སྲིད་ལང་ཚོ་ལ་ནི་བདག་གནས་པ། །སྟོབས་དང་བརྩོན་འགྲུས་བདག་གིས་ཉམས་མི་བྱ། །བདག་གི་ལང་ཚོ་རྒ་བས་སྔོན་འཕྲོག་པས། །རྒྱལ་བའི་བསྟན་ལ་བདག་གིས་སྦྱར་བར་བྱ། །ལང་ཚོའི་རྣམ་པ་གང་དག་འཕྲོག་པ་ནི། །ཀྱེ་མ་བསམ་པ་བསླུས་ཤིང་སྟོབས་ཉམས་སོ། །ལང་ཚོའི་རྣམ་པ་དེ་ཡི་སྐད་ཅིག་ལ། །མི་རྟག་སྟོབས་ཉམས་མི་སླ་མ་ཡིན་ནོ། །ལང་ཚོ་མི་རྟག་དེ་ཡི་སྐད་ཅིག་ལ། །ཡོངས་སུ་བརྟག་པར་བྱ་བ་མི་སླ་སྟེ། །དེ་བས་མི་ནི་ལང་ཚོ་འཛིན་པའི་ཚེ། །རྒ་བཟད་པར་བྱ་ལ་འབད་པར་གྱིས། །ལང་ཚོ་རྒ་བས་ཡལ་ཅིང་རྒས་པ་དང ། །ཉམས་པས་ཆོས་ནི་གཏད་པར་མི་ནུས་སོ། ། མཁས་པ་གང་དག་རྒྱལ་བའི་བསྟན་པ་ལ། །སྤྱོད་པར་བྱེད་པ་བདུད་རྩི་ཚོལ་པ་ཡིན། །མེ་ལ་ཆུ་ཡིས་བཏབ་ན་མི་འབར་ལྟར། །བདུད་ཀྱི་ཞགས་པ་དེ་ཡིས་གཅོད་པར་བྱེད། །དེ་ལྟ་བས་ན་ལང་ཚོ་འཛིན་པ་ན། །བདེ་བར་གཤེགས་ཀྱི་བསྟན་ལ་སྤྱད་པར་གྱིས། །ལང་ཚོ་སྤྱོད་པ་བདུད་ཀྱི་འཁོར་ལས་རྒྱལ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བུ་མོ་འགྲོ་བའི་དཔའ་མོ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་གར་མཁན་གྱི་བུ་མོ་འགྲོ་བའི་དཔའ་མོ་ 294a ༄#། །ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། རྒ་བའི་ཁམས་དང ། སྐྱེ་མཆེད་ཐལ་བར་མ་བརླག་པ་དེ་སྲིད་དུ་མཁས་པས་བདུད་རྩི་ཁོང་དུ་ཆུད་པར་བྱ་བ་ལ་འབད་བར་བྱའོ། །མཽངྒལ་གྱི་བུ། ངས་གཞན་ཡང་ཁམས་སྣ་ཚོགས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་བདག་གིས་ཆོས་གང་དག་ཡོངས་སུ་ཤེས་པ་ཇི་ལྟར་མི་འགག་པར་བྱ་སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་གྲགས་པ་མ་སྨད་པ་ཞེས་བྱ་བ་ཞིག་བྱུང་ངོ ། །དེའི་གསུང་རབ་ལ་བྱང་ཆུབ་སེམས་དཔའ་སྤྱོད་པ་བླ་མ་ཞེས་བྱ་བ་ཞིག་བྱུང་སྟེ། ཡི་དམ་བླངས་པ་ལས་མི་གཡོ་བ་དང་ལྡན་པ་ཞིག་བྱུང་ངོ ། །དེའི་ཡི་དམ་གྱི་ཚུལ་ནི། འདི་དག་ཡིན་ཏེ། ཇི་སྲིད་དུ་བདག་གི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་མ་གྱུར་ན་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཇི་སྲིད་དུ་བདག་གི་སངས་རྒྱས་ཀྱི་ཞིང་དེར་གང་སེམས་ཅན་སྐྱེས་པ་དེ་དག་ཐམས་ཅད་མངོན་པར་ཤེས་པ་མྱུར་བ་བདེ་བའི་ལམ་གྱིས་ཡོངས་སུ་ 294b མྱ་ངན་ལས་འདའ་བར་མ་གྱུར་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་བཞིན་ཏུ་སྦྱར་ཏེ་ཇི་སྲིད་དུ་བདག་གི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་མི་དགེ་བའི་ཆོས་སྤངས་ཤིང་དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་མ་གྱུར་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཇི་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མ་གྱུར་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །གལ་ཏེ་བདག་གི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དམྱལ་བའི་སྒྲའམ། དུད་འགྲོའི་སྐྱེ་གནས་ཐོབ་པའམ། ལྷ་མ་ཡིན་གྱི་རིས་སུ་སྐྱེ་བར་གྱུར་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་མི་རྒྱའོ། །གལ་ཏེ་བདག་གི་སངས་རྒྱས་ཀྱི་ཞིང་དེར་སྡུག་བསྔལ་གྱི་སྒྲ་ཡོད་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །གལ་ཏེ་བདག་གི་སངས་རྒྱས་ཀྱི་ 295a ༄#། །ཞིང་དེར་སེམས་ཅན་སྐྱེས་པ་ད་དག་ཐམས་ཅད་སྲིད་པ་ཐ་མ་པར་མ་གྱུར་ན། དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱིས་གནས་པ་ནི། མ་གཏོགས་སོ། །སངས་རྒྱས་ཀྱི་ཞིང་དེ་འདི་ལ་སོགས་པའི་ཡོན་ཏན་གཞན་དང་ཡང་ལྡན་ནི། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་བླ་མ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་སྤྱོད་པ་བླ་མ་ཞེས་བྱ་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་དོན་དུ་ཡི་དམ་ལ་བརྟན་པར་བྱའོ། །བམ་པོ་བཅུ་དྲུག་པ། མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་ཟླ་སྦྱིན་གྱི་བུ་མོ། བུ་མོ་གྲངས་ལས་འདས་པ་ཞེས་བྱ་བ་གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་མོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ ། །དེ་ཕ་མས་ཁྱིམ་ཐབ་ལ་བཏང་བར་བྱས་སོ། །དེས་ཕ་མ་དེ་དག་ལ་སྨྲས་པ། ཡབ་ཡུམ། བདག་ནི། ཁྱིམ་ཐབ་མི་ 295b འཚལ་ལོ། །དེའི་ཕ་མས་སྨྲས་པ། བུ་མོ། ཁྱོད་ཀྱི་བསམ་པ་ཅི་ཡོད། དེས་སྨྲས་པ། །ཡབ་ཡུམ། བདག་ནི། ཁྱིམ་ཐབ་མི་འཚལ་ཏོ། །དེ་ཅིའི་སླད་དུ་ཞེ་ན། ཡབ། ཇི་ཙམ་དུ་ཉེ་བར་ལེན་པ་དེ་ཙམ་དུ་སྡུག་བསྔལ་བ་ལགས་སོ། །གང་ལ་ཉེ་བར་ལེན་པ་མ་མཆིས་པ་ནི། སྡུག་བསྔལ་མ་མཆིས་སོ། །ཡབ། གཟིགས་ཤིག་།ཁྱིམ་ཐབ་མཆིས་པ་ལ་ནི། ཁྱིམ་ཐབ་གྱི་མྱ་ངན་མཆིས་ལ། ཁྱིམ་ཐབ་མ་མཆིས་པ་ལ་ནི། ཁྱིམ་ཐབ་ཀྱི་མྱ་ངན་མཆིས་སོ། །བུ་མཆིས་པ་ལ་ནི། བུའི་མྱ་ངན་མཆིས་ལ། བུ་མ་མཆིས་པ་ལ་ནི། བུའི་མྱ་ངན་མ་མཆིས་སོ། །འཛིན་པ་མཆིས་པ་ལ་འཛིན་པའི་མྱ་ངན་མཆིས་ལ། འཛིན་པ་མ་མཆིས་པ་ལ་ནི། འཛིན་པའི་མྱ་ངན་མ་མཆིས་ཏེ། བདག་འཛིན་པ་དེས་འཚལ་ཏོ། །འཛིན་པ་མཆིས་ན། ནོངས་པ་ཐམས་ཅད་འབྱུང་སྟེ། བདག་ཁྱིམ་ཐབ་དེས་འཚལ་ཏོ། །གནོད་པས་འཚལ་ཏོ། །ཡབ། སེམས་ཅན་དག་ཁམས་སྣ་ཚོགས་ལ་མོས་ཏེ། གང་འཁོར་བ་ལ་དགའ་བ་དེ་དག་ལ་ནི། འཛིན་པ་འཚལ་གྱི། ཁང་འཁོར་བ་ལ་མི་དགའ་བ་དེ་དག་ལ་ནི། འཛིན་པ་མི་འཚལ་ཏེ། བདག་ཀྱང་འཁོར་བ་ལ་གློ་བ་མི་དགའ་སྟེ། དེས་ན། བདག་འཛིན་པ་མི་འཚལ་ལོ། །གང་གིས་འཛིན་པ་ཐམས་ཅད་སྤངས་ནས། དེ་བདེ་བ་ཞེས་བགྱིའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བུ་མོ་གྲངས་ལས་འདས་པ་ 296a ༄#། །ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བུ་མོ་གྲངས་ལས་འདས་པ་ཞེས་བྱ་བར་གྱུར་ཏོ། ། མཽངྒལ་གྱི་བུ། དེ་ལྟ་བས་ན། ངའི་སྔོན་གྱི་ལྟར་ད་ལྟར་ཡང་བྱང་ཆུབ་སེམས་དཔས་འཛིན་པ་ཡོད་ན། སྡུག་བསྔལ་དུ་འགྱུར་ཞིང ། འཛིན་པ་མེད་ན། སྡུག་བསྔལ་དུ་མི་འགྱུར་རོ། །ཞེས་རིག་པར་བྱས་ནས་འཛིན་པ་མེད་པ་ལ་བསླབ་པར་བྱའོ། །མཽངྒལ་གྱི་བུ། ངས་ཁམས་སྣ་ཚོགས་ཤེས་པ་འགོག་པར་འགྱུར་པའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་ཁམས་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས་སེམས་ཅན་རྣམས་ལ་ཇི་ལྟར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་མཚོན་མགར་རྒྱལ་སྡེ་ཞེས་བྱ་བ་ལས་ཞིབ་མོ་ཐམས་ཅད་ལ་ཤིན་ཏུ་བསླབ་པ། རྒྱའི་ལས་ཐམས་ཅད་ལ་ཤིན་ཏུ་བསླབ་པ། སྣོད་ཀྱི་རྒྱ་ཐམས་ཅད་འབྲི་བ་ཞིག་བྱུང་ངོ ། །དེ་ནས་མཚོན་མགར་རྒྱལ་སྡེ་འདི་སྙམ་དུ་སེམས་ཏ། བདག་གིས་བཟོ་ཐམས་ཅད་ཀྱི་སོ་སོའི་རྒྱ་བཟུང་སྟེ། གང་བདག་གིས་བཟོ་སོ་སོའི་ 296b རྒྱ་མ་བཟུང་བ་ཅུང་ཟད་ཀྱང་མེད་དོ་སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ ། །དེ་སྔོན་གྱི་གཉེན་སྣག་གི་གཉེན་མཚམས་རྙིང་པ་ལྷ་སྙིང་རྗེ་ཅན་ཞིག་བར་སྣང་ལ་འདུག་སྟེ། རང་གི་གཟུགས་ཀྱི་མདོག་མི་སྣང་བར་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། གྲོགས་པོ་ཡང་དག་སངས་རྒྱས་རྐང་གཉིས་མཆོག་བྱུང་བཞུགས། །འཇིག་རྟེན་རྣམས་ལ་བརྩེ་མཛད་མཆན་ནི་མཐའ་ཡས་གཟིགས། །སེམས་ཅན་ཀུན་ལ་ཕན་མཛད་ཆོས་ཀུན་ཕ་རོལ་གཤེགས། །ཞུས་པ་རྣམས་ཀྱི་མཐར་མཛད་སྟོན་པ་ཐེ་ཚོམ་སེལ། །དེ་ནི་ཇི་ལྟ་བཞིན་དུ་ཀུན་མཁྱེན་དེ་དྲུང་སོང ། །བསྙེན་བྱོས་བསམ་པ་ཞུས་ཏེ་དེ་ནི་ཐོས་ནས་སྒྲུབས། །སྟོན་པ་དེ་ཉིད་གསུངས་པ་ངེས་ཏེ་གཞན་ཚིག་མིན། དེ་ཡིས་དེ་གསུང་ཇི་ལྟར་ཐོས་པ་བཞིན་དུ་སྒྲུབས། །དེ་ནས་མཚོན་མགར་རྒྱལ་སྡེ་ལྷ་དེའི་སྤོབས་པ་ཐོས་ཏེ། དེའི་མཚན་མེ་འདས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེ་དག་ལྟར་གང་ན་བཞུགས་ཞེས་ཀུན་ཏུ་ཚོལ་ལོ། །དེ་བཞིན་གཤེགས་པ་དེ་མཐོང་བར་བྱ་བ་མི་ཤེས་ན་གར་འགྲོ་བར་བྱ། དེ་བཞིན་གཤེགས་པ་དེ་ག་ལ་བཞུགས་ 297a ༄#། །ཞེས་ཤིན་ཏུ་བསྒོམ་མོ། །དེ་ནས་དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་དེས་མཚོན་མགར་རྒྱལ་སྡེའི་དགེ་བའི་རྩ་བའི་དུས་ཚིགས་ལ་བབ་པར་ཐུགས་སུ་ཆུད་ནས་སྟེང་གི་བར་སྣང་ལ་དེ་བཞིན་གཤེགས་པའི་སྐུ་མངོན་པར་སྤྲུལ་ནས་སྐྱིལ་མོ་ཀྲུང་བཅས་ཏེ་མཚོན་མགར་རྒྱལ་སྡེ་དེ་ལ་ཚིགས་སུ་བཅད་དེ་གསུངས་པ།་ཁྱོད་གང་ཚོལ་བ་འཇིག་རྟེན་མགོན་པོ་དེ་བཞིན་གཤེགས། །བཟང་པོ་དེ་ནི་ཁྱོད་ཀྱི་སྤྱིར་བཞུགས་གང་འདོད་ཞུས། །ང་ནི་ཞུས་པའི་ལན་འདེབས་ང་ནི་ཐེ་ཚོམ་གཅོད།། ཁྱོད་ཀྱི་ཡིད་ལ་གང་བསམ་མྱུར་དུ་ཞུ་བ་ཞུས། །ཞི་བའི་ཡིད་ཀྱིས་བཟོ་གང་རྣམ་པ་ཞུ་བ་ནི། །འཇིག་རྟེན་གང་དུ་ཅུང་ཟད་བཟོ་ནི་བདག་མ་འཆལ། །རྒྱལ་སྡེ་སངས་རྒྱས་རབ་སྣང་ཞུ་བ་ཞུས་པ་དང ། སྟོན་པ་ཀུན་གཟིགས་འདྲེན་པས་དེ་ཡི་ལུང་བསྟན་མཛད། །གང་ལ་བཟོ་མེད་གང་ན་ནམ་ཡང་བཟོ་བོ་མེད། །ཆོས་ཀུན་མ་སྐྱེས་འདི་ནི་མི་མཆོག་བཟོ་ཡིན་ནོ། །ང་ཡི་བཟོ་འདི་བསླབ་དང་མྱུར་དུ་བཟོ་བོར་འགྱུར། །བཟོ་རྣམས་ཀུན་ལ་བསླབ་པས་སྲོག་ཆགས་དོན་བྱེད་དོ། །དེ་ནས་མཚོན་མགར་རྒྱལ་སྡེས་སའི་ཕྱོགས་དེ་ཉིད་དུ་མ་གཡོས་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་དེ་ཉིད་ཐོབ་བོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་མཚོན་མགར་རྒྱལ་སྡེ་ཞེས་བྱ་བར་གྱུར་ 297b པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་མཚོན་མགར་རྒྱལ་སྡེ་ཞེས་བྱ་བར་གྱུར་ཏོ། །བླ་ན་མེད་པའི་བཟོ་བསླབ་བོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཁམས་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་སློབ་པར་འདོད་པས་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་ལ་བསླབ་པར་བྱའོ། །མཽངྒལ་གྱི་བུ། ངས་འཇིག་རྟེན་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་འཇིག་རྟེན་ཤེས་པ་བསླབས་ནས་སེམས་ཅན་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་ཇི་ལྟར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མདག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྟོག་པ་ངེས་པར་དཔྱོད་པ་ཞེས་བྱ་བ་རྩ་བ་འབྱིན་པ་འཇིག་རྟེན་པ་ཐམས་ཅད་ཀྱི་རྒྱུད་མངོན་པར་ཤེས་པ་ཞིག་བྱུང་ངོ་།། དེ་གྲོང་དང ། གྲོང་ཁྱེར་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དུ་ཞུགས་ནས་རྩ་བ་ཤེས་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེའི་ཚེ་ཡོངས་སུ་རྒྱུ་བ་པ་འཆར་ཀ་ཞེས་བྱ་བ་དགེ་བའི་རྩ་བ་ཀུན་ལ་བསླབ་པ་ཞིག་བྱུང་ངོ ། །དེས་རྟོག་པ་ལ་ངེས་པར་སེམས་པ་རྩ་བ་འབྱིན་པར་བྱེད་པ་དེ་སྐྱེ་བོ་མང་པོའི་མདུན་དུ་རྩ་བ་ཤེས་པ་རབ་ཏུ་ 298a ༄#། །སྟོན་ཏོ། །ཞེས་ཐོས་སོ། །ཐོས་ནས་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་གྱི་ཤེས་པ་འདི་ལྟ་བུར་ཡང་དག་པར་རབ་ཏུ་བསྟན་པར་མི་བྱ་སྟེ། འདི་ལྟར་བདག་ཉིད་ཀྱིས་འཇིག་རྟེན་གྱི་ཤེས་པ་རིག་པར་བྱའོ་སྙམ་མོ། །དེ་རྩ་བ་ཤེས་པ་ཐོས་ནས་དེ་དགོན་པར་སོང་སྟེ་བས་མཐའི་གནས་མལ་དུ་གནས་བཅས་ནས་བདག་གིས་འཇིག་རྟེན་གྱི་ཤེས་པ་གང་ལས་བཙལ་བར་བྱ་སྙམ་དུ་དེ་ལྟར་སོ་སོར་རྟོག་གོ་།དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་གྱི་ཤེས་པ་ལུས་འདི་ཉིད་ལས་གཞན་དུ་བཙལ་བར་མི་བྱའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་འདི་དག་གང་ཡིན་ཞེས་དེ་དེ་ལྟར་སོ་སོར་རྟོག་པ་ན་འདི་ལྟར་སེམས་སྐྱེས་ཏེ། འཇིག་རྟེན་འདི་ལྟ་སྟེ། ཕུང་པོ་ལྔ་དག་གོ་།དེ་དག་ནི། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བས་འཇིག་།རབ་ཏུ་འཇིག་།རྣམ་པར་རབ་ཏུ་འཇིག་།ཤིག་ཤིག་པོར་འགྱུར། ལྷོད་ལྷོད་པོར་འགྱུར། རྙིང་པར་འགྱུར། ཁ་དོག་ངན་པར་འགྱུར་རོ། །ཡོངས་སུ་ཤེས་པ་གང་གིས་འཇིག་རྟེན་འདི་ཉིད་དེ་ལྟར་ཤེས་ན། རྒ་བའི་སྡུག་བསྔལ་དག་འགག་པར་འགྱུར། ན་བའི་སྡུག་བསྔལ་ངག་འགག་པར་འགྱུར།་འཆི་བའི་སྡུག་བསྔལ་དག་འགག་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ཐམས་ཅད་ནི། འཇིག་རྟེན་ཐམས་ཅད་འཇིག་པའི་ 298b ཆོས་དང ། རབ་ཏུ་འཇིག་པའི་ཆོས་སུ་སེམས་ཅན་དེ་དག་གིས་རབ་ཏུ་མི་ཤེས་སོ། །སྙམ་ནས་དེ་སེམས་ཅན་འདི་དག་ཉིད་ལས་སྙིང་རྗེ་ཆེན་པོ་ཐོབ་སྟེ། བདག་གིས་སེམས་ཅན་འདི་དག་འཇིག་རྟེན་ལས་ཡོངས་སུ་ཐར་པར་བྱའོ་སྙམ་མོ། །དེ་འདི་ཉིད་ལ་བརྩོན་པས་མངོན་པར་ཤེས་པ་ལྔ་ཐོབ་སྟེ། དེ་རང་གི་མངོན་པར་ཤེས་པ་ལྔ་པོ་དེ་དག་གིས་རྩེའོ། །མངོན་པར་ཤེས་པ་ལྔ་པོ་དག་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་ཏེ། མངོན་པར་ཤེས་པ་ལྔ་དང་ལྡན་པས་སེམས་ཅན་དག་འགྲོ་བ་ལྔར་རྣམ་པར་རྒྱུག་པ་མཐོང་ངོ ། ། དེས་ན།་སྙིང་རྗེ་ཆེན་པོ་བསྐྱེད་ནས་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་ཐམས་ཅད་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་དོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་ཡོངས་སུ་རྒྱུ་བ་བ་འཆར་ཀ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་ཡོངས་སུ་རྒྱུ་བ་པ་འཆར་ཀ་ཞེས་བྱ་བར་གྱུར་ཏོ། ། ངས་གང་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ལྡན་པའི་སེམས་ཅན་དེ་དག་མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །སེམས་ཅན་དེ་དག་ཐམས་ཅད་ཀྱི་མངོན་པར་ཤེས་པ་ལྔ་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བསྔོས་སོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 299a ༄#། །མངོན་པར་རྫོགས་པར་འཚང་རྒྱ་བ་སེམས་ཅན་རྣམས་ཀྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འཇིག་རྟེན་བདག་གི་ལུས་འདོམ་གང་ཙམ་པ་འདི་ཉིད་རིག་པར་བྱ། འཇིག་རྟེན་ཀུན་འབྱུང་བ་དང ། འཇིག་རྟེན་འགོག་པ་དང ། འཇིག་རྟེན་འགོག་པར་འགྱུར་བའི་ལམ་ཡང་རིག་པར་བྱའོ། །མཽངྒལ་གྱི་བུ། ངས་གཞན་ཡང་འཇིག་རྟེན་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དག་པའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པར་བྱས། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པར་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད།་བསམ་གྱིས་མི་ཁྱབ། གཞལ་དུ་མེད། གཞལ་གྱིས་མི་ལང ། བརྗོད་དུ་མེད་པའི་འཁོར་བ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བ་མཛངས་ཤིང་གསལ་ལ་ཡིད་གཞུངས་པ། ཕྱོགས་ལ་མཁས་པ་དང ། ཕྱོགས་མཚམས་ལ་མཁས་པ་དང ། དོན་ལ་མཁས་པ་དང ། དོན་མ་ཡིན་པ་ལ་མཁས་པ་ 299b དང ། རྒྱུ་སྐར་ལ་མཁས་པ་དང ། ཉིན་མོ་ལ་མཁས་པ་དང ། ཐང་གཅིག་ལ་མཁས་པ་དང ། སྐད་ཅིག་ལ་མཁས་པ་དང ། ཡུད་ཙམ་ལ་མཁས་པ་དང ། ཐབས་ལ་མཁས་པ་དང ། ངན་སོང་ལ་མཁས་པ་ཞིག་བྱུང་ངོ ། །དེ་ངེས་པར་བྱས་པ་ཡིན་ཏེ། དགེ་མཚན་དང་བཀྲ་ཤིས་བྱས་ནས་ཚོང་བ་ལྔ་བརྒྱ་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོར་ཞུགས་སོ། ། དེར་ཚོང་པའི་དེད་དཔོན་འདྲེན་པ་དེ་ཚོང་པ་དེ་དག་ལ་འཇིག་རྟེན་གྱི་གཏམ་སྨྲའོ། །འཇིག་རྟེན་འདིའི་ཤར་ཕྱོགས་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གཞན་ནི། སྐྱེ། གཞན་ནི། འགག་།གཞན་ནི། འཇིག་།གཞན་ནི། འབྱུང ། གཞན་ནི། ཞིག་ནས་གནས། གཞན་ནི། བྱུང་ནས་གནས། གཞན་ནི། བྱུང་སྟེ། གྲོགས་པོ་དག་།འཇིག་རྟེན་གྱི་ཁམས་དེ་དག་ནི། མཐའ་མེད་དོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་རིགས་ཕུན་སུམ་ཚོགས་པ་ཡོད། སེམས་ཅན་རིགས་དམའ་བ། ཡོད།་སེམས་ཅན་ཁ་ཅིག་ནི། ཕྱུག་།ཁ་ཅིག་ནི། དབུལ། སེམས་ཅན་ཁ་ཅིག་ནི། བྲན་ཡིན། ཁ་ཅིག་ནི། རྗེ་བོ་ཡིན་ཏེ། དེ་ལྟར་སྤྱི་ཤེས་པ་དང ། ཁྱད་པར་ཤེས་པ་རྣམ་པ་དུ་མ་འདི་ནི། འཇིག་རྟེན་ཤེས་པ་ཞེས་བྱའོ། །གྲོགས་པོ་དག་།དེ་ལྟ་བས་ན། འཇིག་རྟེན་དང ། འཇིག་རྟེན་གྱི་ཤེས་པ་ལ་འབད་པར་བྱའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས་ 300a ༄#། །དེའི་ཚེ་དེའི་དུས་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འཇིག་རྟེན་དང ། འཇིག་རྟེན་གྱི་སྤྱོད་པ་ལ་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ།་ངས་གཞན་ཡང་འཇིག་རྟེན་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་སྐྱེ་བོ་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་འཇུག་པ་ཞེས་བྱ་བ་གཟུགས་ཀྱིས་འཚོ་བ་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ ། །དེས་སྐྱེས་བུ་གང་དང་གང་དུ་འགྲོ་བར་འགྱུར་བ་དེ་དང་དེར་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་འཇུག་སྟེ། བདག་གི་ངོ་བོ་ཉིད་ནི། མི་སྟོན་ཅིང ། གར་ཡང་རྗེས་སུ་མི་གཏོང་ངོ ། །མཽངྒལ་གྱི་བུ། དེ་བཞིན་དུ་འདུ་བྱེད་ཐམས་ཅད་ཇི་ལྟ་ཇི་ལྟར་སོ་སོར་བརྟགས་ན་དངོས་པོ་མེད་པར་མཐོང་སྟེ། འདུ་བྱེད་རྣམས་གང་ཡང་ངེས་པ་མེད་དོ། །གལ་ཏེ་གཙང་བར་རྟོག་ན་གཙང་བའི་ཁ་ 300b དོག་ཏུ་སྟོན་ལ། གལ་ཏེ་མི་གཙང་བར་རྟོག་ན་མི་གཙང་བའི་ཁ་དོག་ཏུ་སྟོན་ཏོ། །དེ་བཞིན་དུ་སྦྱར་ཏེ། གལ་ཏེ་བདེ་བའམ། གལ་ཏེ་སྡུག་བསྔལ་བའམ། གལ་ཏེ་རྟག་པའམ། གལ་ཏེ་མི་རྟག་པའམ། གལ་ཏེ་མཚན་མའམ། གལ་ཏེ་མཚན་མ་མེད་པར་རྟོག་ན་དེའི་ཁ་དོག་ཏུ་སྟོན་པར་བྱེད་དོ། །མཽངྒལ་གྱི་བུ། དེ་ལ་གཙང་བར་རྟོག་པ་ནི། འཆིང་ལ། མི་གཙང་བར་རྟོག་པ་ནི། ཐར་པའོ། །བདེ་བར་རྟོག་པ་ནི། འཆིང་ལ། སྡུག་བསྔལ་དུ་རྟོག་པ་ནི། ཐར་པའོ། །དེ་བཞིན་དུ་སྦྱར་ཏེ། རྟག་པ་ནི། འཆིང་ལ། མི་རྟག་པ་ནི། ཐར་པའོ། ། བདག་ནི། འཆིང་ལ། བདག་མེད་པ་ནི། ཐར་པའོ། །མཚན་མར་རྟོག་པ་ནི། འཆིང་ལ་།མཚན་མ་མེད་པར་རྟོག་པ་ནི། ཐར་པའོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་དང ། སེམས་ཅན་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་གཙང་བའི་མཚན་མ་སྤང་བར་བྱ་ཞེང ། མི་གཙང་བའི་མཚན་མ་ལ་བསྟེན་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། མཚན་མ་སྤང་བར་བྱ་ཞིང ། མཚན་མ་མེད་པ་ལ་བསྟེན་པར་བྱ་བའི་བར་དུ་སྟེ། ཐར་པའི་ལམ་ནི། དེ་ཡིན་ནོ། །མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་བསླབ་པར་བྱ་ཞེ་ན། མཽངྒལ་གྱི་བུ། 301a ༄#། །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་བཤེས་གཉེན་ལ་བསྟེན་པ་བརྩོན་པ་མི་གཏང་བར་བྱའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྱང་ཆུབ་སེམས་དཔའ་འོད་ཡང་དག་འཕགས་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་གནས་པ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་བྱུང་ངོ ། །དེ་ཉལ་བའི་རྨི་ལམ་ན་དེ་བཞིན་གཤེགས་པ་དང་ལྷན་ཅིག་གཏམ་ཡང་དག། པར་བརྗོད་པ་འཇུག་པ་ལ་མ་གཏོགས་པར་གཞན་ཅིའང་མི་མཐོང་སྟེ། ཇི་ལྟར་འདིར་དེ་བཞིན་གཤེགས་པ་དང་ལྷན་ཅིག་འདྲིས་པར་བྱས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐོགས་མེད་སྟོན་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་ཐོགས་མེད་སྟོན་དེ་དང་ལྷག་ཅིག་བར་དུ་གཏམ་འདི་ལྟ་བུ་དག་བྱས་སོ། །བཅོམ་ལྡན་འདས། འཇིག་རྟེན་ཤེས་པ་དང ། ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་འགྲུབ་པར་འགྱུར། འཇིག་རྟེན་ཤེས་པ་དང ། ཀུན་འབྱུང་བ་ཤེས་པ་དེའི་རྒྱུ་ཉེ་བར་བགྱིད་པར་འགྱུར་བ་ནི། 301b གང་ལགས། བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་སྐྱེ་བོ་མང་པོ་ལ་ཕན་པར་ཞུགས་ཤིང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བསྟན་བཅོས་ཐམས་ཅད་ཤེས་པར་བྱ་བ་ལ་མངོན་པར་བརྩོན་པར་བྱ་སྟེ། ཤེས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྟོགས་པ་ལའང་བརྩོན་པར་བྱའོ། འདི་ལྟ་སྟེ། བཤད་པ་དང ། སྔོན་གྱི་རབས་ཀྱི་གྲུབ་པའི་མཐའ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་ཟག་གི་ཐ་སྙད་དང ། གྲོང་གི་ཐ་སྙད་ལ་བསླབ་པར་བྱ། ཡུལ་གྱི་ཐ་སྙད་ལ་བསླབ་པར་བྱ། གང་དང་གང་དུ་འགྲོ་བ་དེ་དང་དེའི་ཐ་སྙད་ལ་བསླབ་པར་བྱ། ཇི་ཙམ་དུ་འཇིག་རྟེན་གྱི་ཤེས་པ་གང་དག་ཤེས་པ་ཐམས་ཅད་ལ་མཁས་པར་བྱའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་ཡང་དག་འཕགས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་ 302a ༄#། །དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་ཡང་དག་འཕགས་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ།་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་བསླབ་པར་བྱའོ། །མཽངྒལ་གྱི་བུ། ངས་གཞན་ཡང་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་གཙོ་བོའི་བུ་མྱ་ངན་སེལ་ཅེས་བྱ་བ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཞིག་བྱུང་ངོ་།དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས་ཡང་དག་པར་བཤད་པར་བྱའོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ན་དགེ་སྦྱོང་དང ། བྲམ་ཟེ་གང་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་སུ་ཡོད། །དེ་ལ་བདག་ཡོངས་སུ་དྲིའོ་སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་སྒྲོག་ཅེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་ 302b དུ་བྱུང་ངོ ། །དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་སྒྲོག་དེའི་སངས་རྒྱས་ཀྱི་ཞིང་དེར་གཙོ་བོའི་བུ་མྱ་ངན་སེལ་བ་དེ་བྱུང་ངོ ། །དེ་ནས་གཙོ་བོའི་བུ་མྱ་ངན་སེལ་སྐྱེས་མ་ཐག་པའི་སྔོན་གྱི་གཉེན་རྙིང་པ་ལྷ་སྙིང་རྗེ་ཅན་དེས་བར་སྣང་བ་འདུག་སྟེ། ལུས་སྣང་བར་བྱས་ནས་གཙོ་བོའི་བུ་སྙིང་རྗེ་ཅན་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་མགོན་པོ་བདུད་རྩིའི་དབྱངས་སྒྲོག་པ། །གཟི་བརྗིད་མཐའ་ཡས་སྟོབས་བཅུ་མངའ་བ་འདི། །འགྲོ་ལ་ཕན་པ་དཔག་ཏུ་མེད་པ་སྤྱོད། །འགྲོ་བའི་ཐེ་ཚོམ་སེལ་ཞིང་གཅོད་པར་མཛད། །གང་གིས་ལག་མཐིལ་སྐྱུ་རུ་ར་བཞག་ལྟར། །དེ་བཞིན་ལྷ་དང་མི་ཡི་བསམ་པ་གཟིགས། །གང་དག་འདས་དང་མ་འོངས་ད་ལྟར་བྱུང ། །འགྲོ་བ་འདི་དག་ད་ལྟ་ཤིན་ཏུ་མཁྱེན། །བདེ་བར་གཤེགས་པ་ལྷ་མིའི་མཆོད་པའི་གནས། །དྲང་སྲོང་མགོན་པོ་སྡུག་བསྔལ་རྣམས་ལ་བརྩེ། །རྟག་ཏུ་འགྲོ་བའི་ཡིད་ལ་བྱེད་པ་མཁྱེན། །ཇི་ལྟར་ནོར་མཁན་རིན་ཆེན་ནོར་བུའི་སྐྱོན། །རབ་ཏུ་ཤེས་ཤིང་དུག་སྐྱོན་ཤེས་ལྡན་ལྟར། །དེ་བཞིན་སྟོབས་བཅུ་འགྲོ་བའི་བསམ་པ་མཁྱེན། །ཐུགས་རྗེ་དཔེ་མེད་དག་ནི་བསྐྱེད་ནས་སུ། །འདོད་ཆགས་དུག་གིས་བསྐྱེད་པའི་མི་གང་འདི། །རབ་ཏུ་རྨོངས་པས་ཉལ་ལ་གསོ་སྨན་བྱ། །ཞེ་སྡང་དྲག་པོའི་དུག་གིས་བསྐྱེད་པ་གང ། །དེ་ལ་བདག་གིས་བྱམས་བསྐྱེད་གསོ་སྨན་བྱ། །གཏི་མུག་དྲག་པོའི་ 303a ༄#། །དུག་ནི་འཇིགས་ཆེན་གྱིས། །མི་ཡི་སེམས་ཀྱི་རྗེས་སུ་སོང་བ་ཡང ། །དེ་ལ་བདག་གིས་དུག་མེད་ནད་མེད་བྱ། །དེ་རིང་དུག་དག་བཅོམ་སྟེ་དུག་མེད་བྱ། །ཇི་ལྟར་བདག་ནི་ཐེ་ཚོམ་མི་འགྱུར་བར། །ཐེ་ཚོམ་དེ་ནི་ཁྱོད་ཀྱིས་བསལ་བར་སྤྱོད། །ལྷ་མི་ཐེ་ཚོམ་ཡིད་གཉིས་སྐྱེས་པས་འཇིག་།རང་བྱུང་དེ་ལ་འདི་དག་ཞུ་བར་གྱིས། །དེ་ནས་དེ་ཡི་ཡིད་འོང་ཚིག་ཐོས་ཤིང ། །བདག་ཉིད་ཆེ་ལྷ་ནམ་མཁར་འདུག་མཐོང་ནས། །སོར་བཅུའི་ཐལ་མོ་སྤྱི་བོར་སྦྱར་བྱས་ཏེ། །ནམ་མཁར་འདུག་པའི་ལྷ་ལ་སངས་རྒྱས་འདྲི། །ཐེ་ཚོམ་དཔག་མེད་གཅོད་པའི་སངས་རྒྱས་ནི། །གང་ན་བཞུགས་ཤིང་བདག་ནི་གང་ཕྱོགས་མཆི། །མི་མཆོག་གཙོ་བོ་ཐུབ་པ་སྟོབས་བཅུ་ལྡན། །དེ་དྲུང་བདག་མཆི་དོན་ནི་ཐོབ་པར་བགྱི། །སྟོབས་བཅུ་ལྡན་པ་ཤར་ཕྱོགས་རྒྱལ་པོའི་ཁབ། །ཞི་བ་རྙིང་པ་ཞེས་བྱ་དེ་ན་བཞུགས། །ལྷ་དང་མི་ཡི་ཐེ་ཚོམ་གཅོད་མཛད་ཀྱི། །སོང་ལ་རང་བྱུང་རྒྱལ་ལ་རབ་ཞུས་ཤིག་།དེ་ནས་གཙོ་བོའི་བུ་མྱ་ངན་སེལ་གྱིས་ལྷ་དེའི་ཚིག་ཐོས་ནས་དེའི་མཚན་མོ་འདས་ཏེ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དྲུག་ཅུ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རྩིའི་དབྱངས་སྒྲོག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གཙོ་བོའི་བུ་མྱ་ 303b ངན་སེལ་བས་དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་སྒྲོག་མཛེས་པ་དང ། མཛེས་པ་སྡུག་པ་དང ། དབང་པོ་ཞི། ཐུགས་ཞི། དུལ་བ་དང་ཞི་གནས་མཆོག་ནི། བརྙེས། དུལ་བ་དང་ཞི་གནས་དམ་པ་ནི། བརྙེས། སྦས་པ་གླང་པོ་ལྟར་དབང་པོ་ནི། དུལ། མཚོ་ལྟར་དྭངས་ཤིང་རྙོག་མ་མེད་ལ་རབ་ཏུ་གསལ་བར་མཐོང་ངོ ། །མཐོང་ནས་དེ་བཞིན་གཤེགས་པ་དེའི་དྲུང་དུ་གཞལ་དུ་མེད་པའི་དགའ་བ་སྐྱེས་ཏེ། དེ་རེ་ཞིག་ཆོས་མི་ཉན་ཏོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། ཁྱོད་ཀྱི་ཡེ་ཤེས་ཅི་འདྲ་བར་བདག་ཀྱང་དེ་འདྲ་བར་གྱུར་ཅིག། ཁྱོད་ཀྱི་སྐུ་དང་གསུང་ཅི་འདྲ་བར་བདག་ཀྱང་དེ་འདྲ་བར་གྱུར་ཅིག་སྙམ་མོ། །དེ་བཞིན་གཤེགས་པས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེས་དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་སྒྲོག་དེ་ལ་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གིས་གང་བའི་སྐོན་པ་སྟོང་མངོན་པར་གཏོར་ནས་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། ཇི་ལྟར་ཐོས་པ་དེ་བཞིན་མཐོང་སྟེ་དེ་ལྟ་བས་ན་ལྷག་པར་བཟང ། །འདི་ལྟར་ཁྱོད་ལ་སྐྱབས་མཆི་རྐང་གཉིས་མཆོག་འགྱུར་བགྱི། །དགེ་བའི་རྩ་བ་འདི་ཡིས་མི་ཡི་འདྲེན་གྱུར་ནས། །སེམས་ཅན་མགོན་མེད་སྐྱབས་མེད་སྡུག་བསྔལ་དགྲོལ་བར་བགྱི། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཙོ་བོའི་བུ་མྱ་ངན་སེལ་ཅེས་བྱ་བར་གྱུར་པ་ 304a ༄#། །དེ་བཞིན་གཤེགས་པ་གང་ལ་ཡོངས་སུ་ཞུ་བ་ལ་འོངས་ནས་མཐོང་བ་ཙམ་ཉིད་ཀྱིས་ཐེ་ཚོམ་དང་བྲལ་བ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་གཙོ་བོའི་བུ་མྱ་ངན་སེལ་ཅེས་བྱ་བར་གྱུར་ཏོ། །གང་ལ་ཞུས་པ་ཙམ་ཉིད་ཀྱིས་ཐེ་ཚོམ་དང་བྲལ་ཏེ། དེས་ན་ང་དེ་བཞིན་གཤེགས་པ་དེ་མཐོང་བ་ཙམ་གྱིས་དད་པས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་བསྒྲུབས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ཉིད་མཐོང་བར་བྱའོ། །མཽངྒལ་གྱི་བུ། དེ་ཉིད་མཐོང་བའི་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་དད་པ་བསྐྱེད་པར་བྱ། འཇིག་རྟེན་པའི་ཤེས་པ་ཁོང་དུ་ཆུད་པར་བྱ་བ་ལ་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ། ངས་འཇིག་རྟེན་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་འཇིག་རྟེན་ཤེས་པ་འགོག་པ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆོས་ཕ་རོལ་ན་དྲང་སྲོང་གྲོ་བཞིན་སྐྱེས་ཞེས་བྱ་བ་ཞིག་བྱུང་སྟེ། 304b དེ་དབེན་པར་སོང་ནས་ནང་དུ་ཡང་དག་འཇོག་ལ་འདུག་སྟེ། འདི་སྙམ་དུ་སེམས་སོ། །གང་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་དེ་དག་སྲིད་པ་ལ་ཇི་ལྟར་འགྲོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ་བདག་དགེ་སྦྱོང་དང་བྲམ་ཟེ་གང་དག་གི་དྲུང་དུ་སོང་སྟེ་གང་ཡིན་པ་ཡོངས་སུ་དྲི་བར་བྱ་སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་སྒྲོན་མ་དེ་ཞེས་བྱ་བ་ནས་དེ་མི་མཁྱེན་པའམ། མ་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། མངོན་སུམ་དུ་མ་མཛད་པའམ། མངོན་པར་རྫོགས་པར་ཐུགས་སུ་མ་ཆུད་པ་ཅིའང་མེད་དེ། དེ་བདག་གི་འདི་འཆད་དོ་ཞེས་བྱ་བའི་བར་དེ་ལྟ་བུའི་སྒྲ་མངོན་པར་ཕྱུང་ངོ ། །དེ་ནས་དྲང་སྲོང་གྲོ་བཞིན་སྐྱེས་འདི་སྙམ་དུ་སེམས་ཏེ། བདག་དེ་བཞིན་གཤེགས་པའི་དྲུང་དུ་སོང་ནས་ཡོངས་སུ་ཞུ་བར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ཇི་ལྟ་བ་བཞིན་དུ་ལུང་སྟོན་པར་མཛད་དེ།་དེའི་དོན་དེ་བཞིན་དུ་གཟུང་བར་བྱའོ། །སྙམ་ནས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ཏོ། །བཅོམ་ལྡན་འདས་དེ་ 305a ༄#། །བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་དེ་མཐོང་ནས་གཞལ་དུ་མེད་པའི་དད་པ་ཐོབ་སྟེ་སེམས་རབ་ཏུ་དང་བས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་དྲང་སྲོང་གྲོ་བཞིན་སྐྱེས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། མི་མཆོག་བདེ་གཤེགས་སེམས་ཅན་གང་དག་སྲིད་པར་སྐྱེ། །དེ་དག་ཚོགས་རྣམས་གར་མཆི་འདྲེན་པ་བདག་ལ་གསུངས། ། དངོས་པོ་འདི་ཀུན་རྒྱུ་མེད་པ་ཞེས་ཁ་ཅིག་མཆི། །བདག་གི་རང་བཞིན་སྐྱེ་སྟེ་འགྲོ་བར་དེ་བཞིན་མཆི། །ས་ནི་ས་རུ་མཆི་ཞིང་ཆུ་ཡང་ཆུ་རུ་མཆི། །མེ་ནི་མེ་རུ་མཆི་ཞིང་རླུང་ཡང་རླུང་དུ་མཆི། །འབྱུང་བ་ཚོགས་མ་གཏོགས་པ་དེ་ལས་གཞན་མ་མཆིས། །དེར་ནི་རྣམ་ཤེས་མཐོང་སྟེ་འདི་ལྟར་རྣམ་ཤེས་སྣང ། །ཁ་ཅིག་འདི་སྐད་མཆི་སྟེ་གཟུགས་ལ་སེམས་ཐོགས་མེད། །ལྡོག་པ་ག་ལས་འབྱུང་བ་འདི་ཀུན་མི་འཚལ་ན། །ཇི་ལྟར་བདག་ནི་ཐེ་ཚོམ་མེད་ཅིང་ཆོས་ཀུན་མཁས། །མི་མཆོག་བདག་གི་ཐེ་ཚོམ་དེ་དག་དགུམ་པ་གསུངས། །སྒྲོན་མ་གང་ཟག་མཆོག་གི་མཁྱེན་པས་དེ་ལུང་བསྟན། །གྲོ་བཞིན་དེས་པས་གང་ཞུས་བཤད་ཀྱི་ང་ལ་ཉོན། །གཟུགས་དང་ཚོར་བ་འདུ་ཤེས་སེམས་ 305b པ་སེམས་དང་ལྔ། །འདི་དག་བརྟེན་ནས་འབྱུང་སྟེ་འོང་བ་དེ་དག་མེད། །ཇི་ལྟར་ནམ་མཁའི་སྤྲིན་ནི་བྱུང་ནས་ཞིག་ཅིང་མེད། །དེ་ལྟར་འགྲོ་དང་མི་འགྲོ་མེད་པའི་ཆོས་ཞེས་བྱོས། །དེ་ནས་དྲང་སྲོང་གྲོ་བཞིན་སྐྱེས་འདི་སྙམ་དུ་སེམས་ཏེ། ཇི་ཙམ་དུ་དེ་བཞིན་གཤེགས་པ་ནི། མཁྱེན་པ་མཉམ་སྟེ། གང་གིས་ཆོས་རྣམས་ཀྱི་ཆོས་ཉིད་འདི་གཟིགས་པ་ནི། ངོ་མཚར་ཏོ། །ཆོས་དེ་དག་ཀྱང་གང་ནས་ཀྱང་མི་འོང་ལ་གང་དུའང་མི་འགྲོ་འགྲོ་བར་ཡང་སྣང་ལ། རྒྱུ་མེད་པ་ལས་ཀྱང་མི་སྐྱེ། གར་ཡང་མི་སྐྱེ་ལ་འགོག་པའང་མེད། འགྲོ་བའང་མེད་དོ། །སྙམ་ནས་དེ་དད་པ་མཆོག་དང་ལྡན་པས་སེམས་བསྐྱེད་དེ། བདག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པའི་ཡེ་ཤེས་འདི་དང་ལྡན་ནས་ཆོས་རྣམས་ཀྱི་ཆོས་ཉིད་འདི་དག་ཉིད་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག་།མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་གྲོ་བཞིན་སྐྱེས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་གྲོ་བཞིན་སྐྱེས་ཞེས་བྱ་བ་འཇིག་རྟེན་དུ་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་ཏོ། ། དགེ་བའི་རྩ་བ་དེས་ང་འཇིག་རྟེན་ཤེས་པ་འགོག་པ་ཤེས་པ་བརྙེས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པ་འགོག་པ་ཤེས་པ་ལ་མངོན་ 306a ༄#། །པར་བརྩོན་པར་བྱའོ། །མཽངྒལ་གྱི་བུ། འཇིག་རྟེན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་བདག་འཇིག་རྟེན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆོས་ཕ་རོལ་ན་རྒྱལ་པོ་འོད་ཅེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་བྱུང་ངོ ། །རིན་པོ་ཅེ་སྣ་བདུན་དང་ལྡན་ཏེ། དེའི་རིན་པོ་ཅེ་སྣ་བདུན་ནི། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཅེ་དང ། གླང་པོ་རིན་པོ་ཅེ་དང་།རྟ་རིན་པོ་ཅེ་དང ། ནོར་བུ་རིན་པོ་ཅེ་དང་།བུད་མེད་རིན་པོ་ཅེ་དང ། ཁྱིམ་བདག་རིན་པོ་ཅེ་དང ། བློན་པོ་རིན་པོ་ཅེ་སྟེ། རིན་པོ་ཅེ་འདེ་བདུན་ནོ། །བུའང་སྟོང་ཐམ་པ་བྱུང་སྟེ་དཔའ་ཞིང་རྟུལ་ཕོད་ལ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པའོ། །དེས་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཅད་པ་མེད་ཅིང་ཚོན་གྱིས་བདའ་བ་མེད་ལ། རང་གི་ཆོས་ཀྱིས་ཤིན་ཏུ་གནས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་ཞེས་བྱ་བ་རབ་ཏུ་བྱུང་བའི་ཚོགས་དགེ་འདུན་དཔག་ཏུ་མེད་པའི་འཁོར་དང ། 306b དགེ་བསྙེན་ཁྲི་ཕྲག་དཔག་ཏུ་མེད་པའི་འཁོར་དང ། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པའི་འཁོར་དང ། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པའི་འཁོར་བྱུང་ངོ ། །དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་དེའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་རྣམས་ཀྱི་ཡོངས་སུ་སྤྱོད་པ་འདི་ལྟ་བུ་བྱུང་སྟེ། འདི་ལྟ་སྟེ། དཔེར་ན། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་དུ་སེམས་ཅན་དེ་དག་གི་ཚེའི་ཚད་དེ་བཞིན་ཞེས་ཏེ། ལོ་སྟོང་དུ་ཚེའི་ཚད་ངེས་པ་ནི། མ་ཡིན་ལ། ཚེ་དཔག་ཏུ་མེད་པར་གྱུར་ཏེ། ཚེའི་ཚད་དུ་མ་ཕྱིན་པར་བར་དུ་འཆི་བའི་དུས་མི་བྱེད་དོ། །དེ་རྒྱལ་པོ་འོད་བྱེད་བློན་པོ་བདུན་སྟོང་ཙམ་དང་ལྷན་ཅིག་རྒྱལ་ཕྲན་ལྔ་སྟོང་ཙམ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།བློན་པོ་བདུན་སྟོང་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་ལ་ཚིགས་སུ་བཅད་པས་ཞུ་བ་ཞུས་པ། གཟུགས་ལ་ཇི་ལྟར་བརྟགས་ན་འདུན་པ་འདོད་ཆགས་མེད། །ཇི་ལྟར་གཟུགས་ལས་བྱུང་ན་ཕུང་ཀྲོལ་མྱ་ཉན་མེད། །གཟུགས་ལས་བྱུང་ན་ཇི་ 307a ༄#། །ལྟར་ཕུང་པོ་སོ་སོར་རྟོག་།ཇི་ལྟར་གཟུགས་དང་བྲལ་ཞིང་ཞི་བ་ཇི་ལྟར་ཚོལ། །ཇི་ལྟར་བྱ་རྒྱལ་ཇི་ལྟར་སྒོ་ང་སྦུབས་བྱ་བཞིན་དུ། །ཡུལ་ལ་མཐོང་བ་བཅོམ་ནས་དཔའ་བོ་ཇི་ལྟར་མཆི། །འཇིག་རྟེན་མི་དག་མི་གསུམ་གྱིས་ནི་གདུངས་པ་ན། །མུན་ཀུན་བཅོམ་ནས་ཇི་ལྟར་མྱ་ངན་འདས་པར་མཆི། །ཕུང་པོ་ཁམས་དང་སྐྱེ་མཆེད་ཇི་ལྟར་ཡོངས་སུ་གཏོང ། །མེ་འབར་ཞི་བ་ལྟ་བུ་དབང་པོ་ཇི་ལྟར་དོར། །ལྷར་བཅས་འཇིག་རྟེན་ཇི་ལྟར་བླ་མེད་ཡོན་གནས་དང ། །དཔའ་བོ་ཡོན་སྦྱོང་ཇི་ལྟར་སེམས་ཅན་རབ་ཏུ་འགྲེལ། །མེ་ཞིག་ལྟ་བུ་ཇི་ལྟར་འགྲོ་བར་འཇིགས་མ་མཆིས། །ལས་དང་ཉོན་མོངས་ཐམས་ཅད་ཀུན་ཏུ་ཇི་ལྟར་ཞི། །མྱ་ངན་འདས་པར་འགྲོ་བའི་སྐྱེ་བ་ཇི་ལྟར་འཐོབ། །གདུགས་དང་རྒྱལ་མཚན་བ་དན་མཆོག་གིས་མཆོད་པར་འགྱུར། །དེ་བཞིན་གཤེགས་པ་སྤྱོད་ཞི་བསྟན་པ་བདེ་བར་གཤེགས། །རྐང་གཉིས་མཆོག་གིས་ཆོས་ཀུན་གཟིགས་པས་དེ་ལུང་བསྟན། །ཤེས་རབ་ཀྱིས་བསལ་འདོད་ཆགས་ཞེ་སྡང་གཏི་མུག་སྤང ། །ཤེས་པས་ཕུང་པོ་ཤེས་བྱ་སེམས་ཅན་མེད་ཤེས་ཀྱིས། །ཆགས་པ་མར་མེ་ཟད་འདྲ་ཆགས་མེད་ཉེ་བར་ཞི། །ལྷ་མི་དྲི་ཟ་དེ་དག་འགྲོ་བ་མི་ཤེས་ཏེ། །ལས་དང་ཉོན་མོངས་ཤེས་ཤིང་སྲིད་ཤེས་མྱ་ངན་མེད། །མེ་ཤིང་ཟད་པ་ལྟ་བུར་ཆགས་མེད་མྱ་ 307b ངན་འདའ། །གང་ཚེ་སྲེད་དང་བྲལ་གྱུར་རྣམས་ཤེས་རྒྱུད་བསྲེགས་ཤིང ། །སྡུག་བསྔལ་མྱུ་གུ་མི་སྒྲུབ་ཡེ་ཤེས་མེ་ཡིས་བསྲོས། །དེ་ཡི་འགྲོ་བ་མེད་དེ་མེ་ལྕེ་འབར་བ་བཞིན། །སངས་རྒྱས་ཀུན་གྱིས་འདུ་བྱེད་འགྲོ་བ་མེད་པར་བསྟན། །དེ་ནས་རྒྱལ་པོ་འོད་བྱེད་དེས་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་ལ་རིན་པོ་ཆེའི་མེ་ཏོག་ཐམས་ཅད་ཀྱིས་མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཅིང ། དེའི་འོག་ཏུ་སྤོས་དང་མེ་ཏོག་དག་གིས་ཀྱང་གཏོར་ཏོ། །དེ་དགེ་བའི་རྩ་བ་དེས་བསྐལ་པ་གྲངས་མེད་པ་བདུན་ཅུ་རྩ་དྲུག་ཏུ་ངན་འགྲོ་དང་ནམ་ཡང་དབུལ་བའི་རིགས་དང ། ནམ་ཡང་རིགས་དམའ་བར་མ་སྐྱེས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་འོད་བྱེད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འོད་བྱེད་ཅེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་དེ་དག་ལ་བར་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང ། སྤོས་དང་མེ་ཏོག་དག་གིས་མངོན་པར་གཏོར་ནས་ངས་གཞལ་དུ་མེད་པའི་གུས་པ་བྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་གུས་པ་གཞལ་དུ་མེད་པ་བསྐྱེད་པར་བྱ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱང་ཡོངས་སུ་མི་གཏང་བར་བྱ། ཐམས་ཅད་མཁྱེན་པ་ 308a ༄#། །ཉིད་ཀྱི་སེམས་ཡོངས་སུ་མ་བཏང་བའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་བསམ་གཏན་ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་ཞི་གནས་ཀྱི་དབང་པོས་ངེས་པར་འབྱུང་བར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་རྒྱ་ཆེ་བ་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་ཐམས་ཅད་སྐྱོབ་ཅེས་བྱ་བ་ཞིག་བྱུང་སྟེ།་རྒྱལ་པོ་ཐམས་ཅད་སྐྱོ་བ་དེའི་བཙུན་མོ་བུད་མེད་དྲུག་ཁྲི་བརྒྱད་སྟོང་བྱུང་སྟེ་ལྷའི་བུ་མོའི་གཟུགས་དང་འདྲ་ཞིང ། མ་ལྟར་བྱམས་པ། སྲུ་མོ་ལྟར་ཡིད་གཅུགས་པ། བྲན་མོ་ལྟར་གུས་པ། ལྷ་མོ་ལྟར་ཡོན་ཏན་ཅན་དེ་དག་གི་ནང་ན་རྒྱལ་པོ་ཐམས་ཅད་སྐྱོ་བ་འདུག་སྟེ། འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོགས་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བའི་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་ 308b བསམ་གཏན་བཞི་པའི་བར་རྫོགས་པར་བྱས་ཏེ་གནས་སོ། །བསམ་གཏན་བཞི་པ་ལས་སྙོམས་པར་ཞུགས་ནས་བསམ་གཏན་བཞི་པ་ལས་ལངས་ཏེ། སེམས་ཅན་དག་འདོད་པའི་ཡོན་ཏན་ལྔ་ལ་མོས་ཤིང་འདོད་པ་ལ་ལྷག་པར་ཆགས། སྡིག་པའི་ལས་དག་ཀུན་ཏུ་སྤྱོད་ཅིང ། སྡིག་པའི་ལས་དག་བྱས་པས་ངན་འགྲོར་རབ་ཏུ་ལྟུང་སྟེ། ཁ་ཅིག་ནི། སེམས་ཅན་དམྱལ་བར། ཁ་ཅིག་ནི། དུད་འགྲོའི་སྐྱེ་གནས་སུ། ཁ་ཅིག་ནི། གཤིན་རྗེའི་འཇིག་རྟེན་དུ། ཁ་ཅིག་ནི། ལྷའི་འཇིག་རྟེན་དུ། ཁ་ཅིག་ནི། མིའི་འཇིག་རྟེན་དུ་ཚེ་ཐུང་དུར་འགྱུར་བའི་ལས་མངོན་པར་འདུ་བྱེད། ཁ་ཅིག་ནི། ཚེ་རིང་པོར་འགྱུར། ཁ་ཅིག་ནི། གནོད་པ་ཉུང་བར་འགྱུར། ཁ་ཅིག་ནི། རིགས་དམའ་བར་འགྱུར། ཁ་ཅིག་ནི།་རིགས་བཙུན་པར་འགྱུར། ཁ་ཅིག་ནི། གཟི་བརྗིད་ཆུང་བར་འགྱུར། ཁ་ཅིག་ནི། གཟི་བརྗིད་ཆེ་བར་འགྱུར། ཁ་ཅིག་ནི། ལོངས་སྤྱོད་ཆུང་བར་འགྱུར། ཁ་ཅིག་ནི། ལོངས་སྤྱོད་ཆེ་བར་འགྱུར། ཁ་ཅིག་ནི། ཤེས་རབ་འཆལ་པར་འགྱུར། །ཁ་ཅིག་ནི། ཤེས་རབ་ཆེན་པོར་འགྱུར། ཁ་ཅིག་ནི། རྒྱུན་གྱི་རྗེས་སུ་འབད། ཁ་ཅིག་ནི། རྒྱུན་ལས་བཟློག་པ་ལ་འབད་པ་དག་མཐོང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། ལམ་འདི་ནི། ཡུལ་དང་མི་མཐུན་པ་ཡིན་ཏེ། གང་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་ལམ་འདིར་ 309a ༄#། །བདག་གིས་སྐྱེ་བོ་དག་གཞུག་པར་བྱའོ། །སྙམ་ནས་དེ་བསམ་གཏན་བཞི་པ་དེ་ལས་ལངས་ཏེ་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང་ཡུལ་རྣམས་སུ་རྒྱུ་ཞིང་སྤྱོད་དོ། །དེ་མངོན་པར་ཤེས་པ་ལྔ་པོ་དེ་དག་ཐོབ་པའི་སྟོབས་ཀྱིས་སྙིང་རྗེ་ཆེན་པོས་ནོན་པས་ན། དགེ་བ་བཅུའི་ལས་ཀྱི་ལམ་སྟོན་ཅིང ། མི་དགེ་བ་བཅུའི་ལས་ཀྱི་ལམ་འགོག་པ་དང་གྲོང་ནས་གྲོང་དུ། གྲོང་ཁྱེར་ནས་གྲོང་ཁྱེར་དུ། ཡུལ་ནས་ཡུལ་དུ་སྤྱད་པ་སྤྱོད་དོ། །དེའི་ཚེ་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་དེར་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་དོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་བཟློག་གོ་།སེམས་ཅན་དེ་དག་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ན་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་དེར་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དེ། སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་པ་ལུས་ཞིག་ནས་ཚངས་པའི་འཇིག་རྟེན་དུ་ཚངས་པར་འགྱུར་ཞིང་ཚངས་པ་ཆེན་པོར་སྐྱེས་ནས་ཟིལ་གྱིས་གནོན་ཅིང ། ཟིལ་གྱིས་མི་ནོན་ཏོ། །དེ་ནས་ཤི་ནས་བསྐལ་པ་འཇིག་པའི་ཚེ་འོད་གསལ་གྱི་ལྷ་ 309b རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །འོད་གསལ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་བསྐལ་པ་འཇིག་པའི་ཚེ་འང་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེས་ཚངས་པའི་འཇིག་རྟེན་དེར་འདུག་པ་ན་སེམས་ཅན་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་བཙུད་དོ། །ཡང་འཇིག་རྟེན་འཇིག་པ་ན་འོད་གསལ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེས་གནས་པ་དེར་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །དེ་ནམ་ཡང་དེར་སྐྱེས་པ་མེད་གང་ཆོས་མེད་པ་ལ་གནས་སོ། །ཐབས་བརྒྱ་སྟོང་འདི་བྱས་པས་ཚངས་པའི་འཇིག་རྟེན་ནས་ཤི་ནས་འོད་གསལ་གྱི་ལྷའི་ནང་དུ། འོད་གསལ་ནས་ཚངས་པའི་འཇིག་རྟེན་དུ། གལ་ཏེ་བརྒྱ་ལ་མི་རྣམས་ཀྱི་ནང་དུ་འོངས་ཤིང་གང་གི་ཚེ་སངས་རྒྱས་མ་བྱུང་ནའང་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར། སངས་རྒྱས་བྱུང་བ་བཞུགས་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་རིམ་གྲོ་པར་འགྱུར་ཏེ།་དེ་དགེ་བའི་རྩ་བ་བསགས་པ་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྙོམས་པར་འཇུག་པ་ལ་བཞུགས་པ་འདིས་བཞུགས་ཏེ། གལ་ཏེ་བདེ་བའམ། གལ་ཏེ་དབེན་པས་དེ་བཞིན་གཤེགས་པ་བཞུགས་སོ་ཞེས་ཤེས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཐམས་ཅད་སྐྱོབ་ཅེས་བྱ་བར་གྱུར་པ་དེ་གཞན་ 310a ༄#། །ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཐམས་ཅད་སྐྱོབ་ཅེས་བྱ་བར་གྱུར་ཏོ། །ངས་དེའི་ཚེའང་སྐྱེ་བོ་ཡུལ་ལ་ཆགས་པ་དག་བསམ་གཏན་ལ་བཀོད་ཅིང ། འདོད་པའི་ཁམས་ལས་ཐར་པར་བྱས་སོ། །ངས་ད་ཡང་སྐྱེ་བོ་ཡུལ་ལ་ཆགས་པ་དག་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱ་ཞིང ། མྱ་ངན་ལས་འདས་པའི་ལམ་ལ་དགོད་པར་བྱའོ། །མཽངྒལ་གྱི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་དོན་བྱེད་པར་འདོད་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་བསླབ་པར་བྱའོ། །མཽངྒལ་གྱི་བུ། ངས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡུལ་ལ་སྡུད་པར་གཞོལ་བའི་སེམས་ཅན་རྣམས་བདག་སློབ་པར་རྗེས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཇི་ལྟར་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཞི་བའི་གནས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་ 310b ཞི་བའི་གནས་དེའི་སྐུ་ཚེའི་ཚད་ནི། ལོ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུར་གྱུར་ཏོ། །དེ་བཞིན་གཤེགས་པ་ཞི་བའི་གནས་དེའི་ཉན་ཐོས་འདུས་པ་དང་བོ་ནི། དགྲ་བཅོམ་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའི་བར་ཉན་ཐོས་ཁྲི་བྱུང་ངོ ། །དེའི་བྱང་ཆུབ་སེམས་དཔའ་འདུས་པ་དང་པོ་བརྒྱད་ཅུ་བྱུང་ངོ ། །ཉན་ཐོས་འདུས་པ་གཉིས་པ་ནི། དགྲ་བཅོམ་པ་ཟག་པ་ཟད་པ་ནས་སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་ཉན་ཐོས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་བྱུང་ངོ ། །བྱང་ཆུབ་སེམས་དཔའ་འདུས་པ་ནི།་དེའི་ཉིས་འགྱུར་བྱུང་སྟེ། དེ་དག་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དཔག་ཏུ་མེད་ཅིང་ཚད་མེད་པ་དང་ལྡན་པའི་བར་དུའོ། །ཐབས་འདིས་དེ་བཞིན་གཤེགས་པ་དེའི་ཉན་ཐོས་འདུས་པ་དང ། བྱང་ཆུབ་སེམས་དཔའ་འདུས་པ་དཔག་ཏུ་མེད་པ་བྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་ཞི་གནས་གུས་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་དེ་བཞིན་གཤེགས་པ་བཞུགས་པའི་རྗེས་སུ་འབྲང་བས་ཞི་གནས་ལ་གུས་པར་གྱུར་ཏོ། །གཞན་ཡང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པས་འདྲ་བར་རྣམ་པར་མཐོང་བ་དང་ལྡན་པར་གྱུར་ཏེ། དེའི་ཞི་ 311a ༄#། །གནས་གང་རྣམ་པར་མཐོང་བ་ཐོབ་ནས་སྙིང་རྗེ་ཆེན་པོས་ནོན་པའི་སེམས་ཀྱིས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཐོབ་ནས་ཐབས་མཁས་པས་ཞི་གནས་ཀྱང་མི་མཐོང་ལ་རྣམ་པར་མཐོང་བ་ལའང་བསྟེན་ཏོ། །དེས་རྫུ་འཕྲུལ་མངོན་དུ་བྱས་ནས་སྤྲུལ་པ་སྟོང་མངོན་པར་སྤྲུལ་ཏེ་སྐྱེ་བོ་ཡུལ་གང་ལ་རྣམ་པར་གཡེངས་པ་དག་སྦྱིན་པས་བསྡུས་སོ། །སྦྱིན་པས་བསྡུས་ནས་ཚུལ་ཁྲིམས་ལ་རབ་ཏུ་བཀོད་དོ། །ཚུལ་ཁྲིམས་ལ་བཀོད་ནས་སངས་རྒྱས་ཀྱི་ཆོས་དག་རབ་ཏུ་བསྟན་ཏོ། །དེར་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཆོས་ཟབ་མོ་འདིའི་བཟོད་པ་ལ་རབ་ཏུ་བཙུད་དོ། །དམ་པའི་ཆོས་རྣམ་པར་ཤེས་པའི་ལུས་དང་སེམས་རྒྱས་པར་ཡང་དག་པར་རབ་ཏུ་འཛིན་པར་འགྱུར། སྙིང་རྗེ་ཆེན་པོ་ལའང་རབ་ཏུ་བཙུད། སྔོན་བསམ་གཏན་དེ་དག་ལའང་རབ་ཏུ་བཙུད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལའང་ཡུན་རིང་དུ་གོམས་པས་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་བཙུད་དེ། ཡུན་མི་རིང་བར་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཡོངས་སུ་མྱ་ངན་ལས་ཟློ་ 311b ཞིང ། ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཞི་གནས་གུས་བ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཞི་གནས་གུས་པ་ཞེས་བྱ་བར་གྱུར་ཏོ། །དེས་ན། ང་བསམ་གཏན་གོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་སོ། །གང་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེར་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཀུན་ཡོངས་སུ་རྫོགས་སོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན། ཐབས་མཁས་ཤིང་ཕྱིར་མི་ལྡོག་པར་རིག་པར་བྱའོ། །མཽངྒལ་གྱི་བུ། ངས་གཞན་ཡང་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་སེམས་ཅན་རྣམས་ལ་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། ཡུལ་གྱི་སྐྱོན་གང་ཐོས་ནས་སེམས་ཅན་རྣམས་ལ་སྟོན་པར་གྱུར་ཅིག་།སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུས་བྱས་སོ། ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་ཞེས་བྱ་བ་ཞིག་བྱུང་ངོ ། །རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་ 312a ༄#། །པར་དགའ་བ་དེ་འདི་སྙམ་དུ་སེམས་ཏེ། ཇི་ལྟ་ཇི་ལྟར་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་དེ་ལྟ་དེ་ལྟར་ཡོན་ཏན་ལས་ཡོངས་སུ་ཉམས་པས་གང་བདག་གིས་ཡུལ་སྤངས་ཏེ་ཚལ་དུ་འགྲོའོ་སྙམ་མོ། །དེ་ནས་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་རྒྱལ་སྲིད་པོར་ནས་ཚལ་དུ་གནས་སོ། །དེས་ཚལ་དུ་གནས་ནས་དབང་པོས་ཡུལ་རིག་ཅིང་ཞི་གནས་རིག་པས་རྣམ་པར་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཆོས་རྗེས་སུ་དྲན་པ་དང ། ཡིད་ལ་བྱེད་པས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་བྱུང་བ་གང་ཡིན་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་བསམ་གཏན་ལ་ཞུགས་པ་རྣམས་ལ་སོ་སོར་དགྱེས་པ་བྱས་སོ། ། དགེ་བའི་རྩ་བ་དེས་ང་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཐོབ་བོ། །དགེ་བའི་རྩ་བ་དེ་རྗེས་སུ་དྲན་ནས་རིགས་ཀྱི་བུ། བསམ་གཏན་དང་རབ་ཏུ་ལྡན་པ་རྣམས་ལ་འཇིག་རྟེན་གྱི་སོ་སོར་དགྱེས་པ་བྱས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཞི་གནས་ལ་མངོན་པར་ 312b དགའ་བ་དེ་རྣམས་ལ་འཇིག་རྟེན་གྱི་ཟས་ཀྱིས་སྦྱིན་པ་བྱས་ཏེ། གང་ཞིག་གནས་ལ་མངོན་པར་བརྩོན་པར་གནས་པ་རྣམས་ཀྱི་ཞི་གནས་བསྐྱེད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཞི་གནས་དང་མཐུན་པའི་བསམ་གཏན་ལ་འཚོ་བའི་ཡོ་བྱད་རབ་ཏུ་སྦྱིན་པར་བྱའོ། །མཽངྒལ་གྱི་བུ། ངས་བསམ་གཏན་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཐོགས་མེད་བསམ་གཏན་ལྡན་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་བསམ་གཏན་གང་དང ། གང་བསྐྱེད་པ་དེ་དང ། དེ་འགོག་པའི་ཆོས་ཅན་དུ་ཤེས་ཤིང་སྲིད་པ་དང་འགྲོ་བ་ཐམས་ཅད་ལ་ཞུམ་པ་མེད་པའི་འདུ་ཤེས་བྱུང་ངོ ། །དེས་ན། དེ་མི་གནས་པའི་སེམས་ཀྱི་རྒྱུན་འགོག་པ་ལ་གཞོལ་བས་འཆི་བའི་དུས་བྱེད་པ་ན་བསྐལ་པ་དགུ་བཅུ་རྩ་དྲུག་ཏུ་མངལ་གྱི་གནས་སུ་མི་འཇུག་སྟེ། རྟག་པར་རྒྱུན་དུ་རྫུས་ཏེ་སྐྱེ་བར་འགྱུར་རོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཐོགས་མེད་དཔལ་ཞེས་ 313a ༄#། །བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཐོགས་མེད་དཔལ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ང་ཉིད་བསྐལ་པ་དགུ་བཅུ་རྩ་དྲུག་ཏུ་མངལ་གྱི་གནས་སུ་མ་ཞུགས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་ཐམས་ཅད་འགོག་པའི་འདུ་ཤེས་སུ་བྱ་སྟེ།་བྲལ་བར་མི་བྱའོ། །མཽངྒལ་གྱི་བུ། ངས་བསམ་གཏན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་འདུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་སྟོན་པ་སྤྱན་བཟང་ཞེས་བྱ་བ་བྱུང་སྟེ། དེའི་འདོད་པའི་ཁམས་ནི། འདོད་པའི་སྐྱོན་གྱིས་གནོད་པར་མཐོང ། གཟུགས་ཀྱི་ཁམས་ནི། གཟུགས་ཀྱི་སྐྱོན་གྱིས་གནོད་པར་མཐོང ། གཟུགས་མེད་པའི་ཁམས་ནི། གཟུགས་མེད་པའི་སྐྱོན་གྱིས་གནོད་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི། མགོན་མེད་ཅིང་འདྲེན་པ་མེད་དེ། གང་དང་གང་ལ་གནས་པར་བྱེད་པ་དེ་དང་དེས་གནོད་དེ། གང་བདག་གིས་འདུ་བྱེད་ཐམས་ཅད་ལ་གནས་པར་མི་བྱ་སྟེ། གནས་པ་ 313b མེད་ན། གཡོ་བར་མི་འགྱུར་རོ། །སྙམ་མོ། །དེ་ཆོས་ཐམས་ཅད་ལ་མི་གནས་པའི་བསམ་གཏན་ཅན་ནི། སེམས་ཅན་ལ་སྙིང་རྗེ་ཆེན་པོ་འཐོབ་བོ། །དེ་ཤེས་བ་ཁོང་དུ་ཆུད་ནས་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེའི་ཆོས་དེ་བསྟན་པ་ལས་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཐོགས་པ་མེད་པའི་ཡེ་ཤེས་ལ་བཙུད་ཅིང ། དེ་མི་གནས་པས་ཡོངས་སུ་མྱ་ངན་ལས་འདས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སྟོན་པ་སྤྱན་བཟང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན།་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་སྟོན་པ་སྤྱན་བཟང་ཞེས་བྱ་བར་གྱུར་ཏེ། ངས་འདོད་པ་དེ་ལས་ངེས་པར་འབྱུང་བ་བསྟན་ཏོ། ། མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་སྐྱེ་བ་དང ། འཇིག་པའི་ཆོས་ལ་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ། ངས་རྣམ་པར་ཐར་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དབུགས་འབྱིན་སྩོལ་བ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་ལྷ་དང་ལྷ་མ་ཡིན་གྱི་འཇིག་རྟེན་རྒ་ 314a ༄#། །བ་དང་ན་བས་གཟིར་བའི་དབུགས་སྩོལ་བར་མཛད་ཅིང་རྒ་བ་དང་ན་བ་ལས་འདའ་བའི་ཕྱིར་ཆོས་སྟོན་ཏེ། རྒ་བ་དང་ན་བ་ལས་རབ་ཏུ་གྲོལ་བའི་སེམས་ཅན་རྣམས་འཇིགས་པ་མེད་པར་འགྱུར་རོ། །ཆགས་པར་འགྱུར་བ་རྣམས་ལ་མི་ཆགས། སྡང་བར་འགྱུར་བ་རྣམས་ལ་མི་སྡང ། རྨོངས་པར་འགྱུར་བ་རྣམས་ལ་མི་རྨོངས། བསམ་གཏན་རྣམས་ལ་མི་ཆགས། ཟད་པར་གྱི་སྐྱེ་མཆེད་རྣམས་ལ་མི་ཆགས། མཐར་གྱིས་སྙོམས་པར་འཇུག་པ་རྣམས་ལ་མི་ཆགས་ཏེ།་དེ་སེམས་རྣམ་པར་གྲོལ་ཞིང་ཤིན་ཏུ་རྣམ་པར་གྲོལ་བ་འདི་ནི། རྣམ་པར་ཐར་པ་ཞེས་བྱའོ། །དེ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་རྟོགས་པར་བྱས་ནས་ཆོས་སྟོན་ཏོ། ། དེའི་ཚེ་རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་ཅིག་བྱུང་ངོ ། །དེ་སྐྱེ་བོའི་ཚོགས་མང་པོ་དང་ལྷན་ཅིག་ཁམས་ཀྱི་རྒྱལ་ཕྲན་སྟོང་ཕྲག་དྲུག་ཅུ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབུགས་འབྱིན་སྩོལ་བ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་དབུགས་འབྱིན་སྩོལ་བ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་ 314b དགྲ་ཐམས་ཅད་རབ་ཏུ་འཇོམས་པ་དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབུགས་འབྱིན་སྩོལ་བས་རྣམ་པར་ཐར་པ་བརྒྱད་བསྟན་ཏོ། །དེས་རྣམ་པར་ཐར་པ་བརྒྱད་ཐོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་བདུན་གྱིས་བཀང་སྟེ་ཕུལ་ནས་དེ་ཁམས་ཀྱི་རྒྱལ་ཕྲན་དང་ལྷན་ཅིག་ཏུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེར་ཁམས་ཀྱི་རྒྱལ་ཕྲན་སྟོང་ཕྲག་དྲུག་ཅུ་པོ་དེ་དག་རྣམ་པར་ཐར་པ་བརྒྱད་མངོན་སུམ་དུ་བྱས་ཏེ། རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་དེ་ནི། མ་གཏོགས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱའོ། །དེས་ན་ང་རྣམ་པར་ཐར་པ་བརྒྱད་ཐོས་པས་སྲིད་པ་ཐམས་ཅད་ལ་མི་གནས་སོ། །སྲིད་པ་དང ། འགྲོ་བ་དང ། འཆི་བ་དང ། སྐྱེ་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་དབང་གིས་བསྐལ་པ་གྲངས་མེད་པ་ཕྲག་བཅོ་བརྒྱད་དུ་འཁོར་བ་ལ་གནས་ཤིང ། འཁོར་བའི་སེམས་ཅན་རྣམས་ཀྱི་དོན་བསམ་མོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་མི་གནས་པར་བྱའོ། །མཽངྒལ་གྱི་བུ། སྙོམས་ 315a ༄#། །པར་འཇུག་པ་ཐམས་ཅད་ལ་མི་གནས་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བམ་པོ་བཅུ་བདུན་པ། མཽངྒལ་གྱི་བུ། ངས་རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡུལ་ཉམ་ང་བ་ལ་ཞེན་པ་རྣམས་ཆགས་པ་ཐམས་ཅད་ལས་བདག་གིས་ཇི་ལྟར་སེམས་རབ་ཏུ་གྲོལ་བར་བྱ་སྙམ་ནས་རྣམ་པར་ཐར་པར་འགྱུར་བ་དང ། རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་འགྱུར་བའི་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེ་ས་ཕ་རོལ་ན་རྒྱལ་པོ་བློ་གྲོས་ལེགས་བསམ་ཞེས་བྱ་བ་འགྲོ་བ་ལ་ཕན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོས་ཡང་དག་པར་རབ་ཏུ་གནས་པ་འགྲོ་བ་ཐམས་ཅད་ཀྱི་འཆིང་བ་གཅོད་པ་ལ་ཡང་དག་པར་རབ་ཏུ་གནས་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་ཡེ་ཤེས་གང་གིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཆིང་བ་གཅོད་པའི་ཡེ་ཤེས་དེ་རྟོགས་པར་བྱའོ། །སྙམ་མོ། །དེ་ཡེ་ཤེས་དེ་རྟོགས་པར་བྱ་བའི་ 315b དོན་དུ་ཡོངས་སུ་འཛིན་པ་ཐམས་ཅད་ལ་ལྷག་པར་ཆགས་པར་མི་བྱེད་དོ། །ལྷག་པར་ཆགས་པ་མེད་པ་ན་འདི་ལྟར་སོ་སོར་རྟོག་སྟེ། ཆོས་གང་ལ་བསླབ་པས་སེམས་ཅན་ཐམས་ཅད་ཀྱི་ཀུན་འབྱུང་བ་རབ་ཏུ་ཤེས་པའི་ཆོས་གཅིག་པོ་གང་ཡང་ཡོད་དམ། དེ་འདི་སྙམ་དུ་སེམས་ཏེ། ཐམས་ཅད་མཁྱེན་བའི་ཐུགས་མ་གཏོགས་པར་གང་སེམས་ཅན་ཐམས་ཅད་ཀྱི་ཀུན་འབྱུང་བ་ཤེས་པར་འགྱུར་བའི་ཆོས་གཅིག་པོ་ནི། མེད་དོ། །སྙམ་མོ། །ཐམས་ཅད་མཁྱེན་པའི་ཐུགས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། གང་བདག་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་ནི། དེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་མ་འོངས་པའི་དུས་ན་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པར་གྱུར་ནས་མ་དུལ་བ་རྣམས་འདུལ་བ་དང ། མ་ཞི་བ་རྣམས་ཞི་བར་བགྱིད་བ་དང ། མ་གྲོལ་བ་རྣམས་གྲོལ་བར་བགྱིད་པ་དང ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ། །དེ་འདི་སྙམ་དུ་སེམས་ཏེ། བདག་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་འཇུག་པར་བྱེད་པའི་དགེ་སྦྱོང་དང ། བྲམ་ཟེ་བསྙེན་བཀུར་བྱ་བ་གང་ 316a ༄#། །ཡིན་སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རྩིས་དབང་བསྐུར་ཅེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་པོ་འཇིགས་བྱེད་བླ་མ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཞིག་བྱུང་ངོ ། །རྒྱལ་པོ་བློ་གྲོས་ལེགས་བསམ་དེ་མ་མཐོང་བའི་གྲོགས་པོ། ཡོན་ཏན་གྱི་གྲོགས་པོ། ཆོས་ཀྱི་གྲོགས་པོ་ཡིན་ནོ། །དེས་རྒྱལ་པོ་བློ་གྲོས་ལེགས་བསམ་དེ་ལ་གྲོགས་པོ་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཡོན་ཏན་དང་སྐྱོན་ཐམས་ཅད་མཁྱེན་པ་ཞིག་འཇིག་རྟེན་དུ་བྱུང་ངོ ། །ཞེས་ཐོས་ཏེ། འདོང་བར་བྱ་བ་ནས་བསྙེན་བཀུར་བྱའོ། །ཞེས་བྱ་བའི་བར་དུ་ཕོ་ཉ་བཏང་ངོ་།། ཕོ་ཉ་དེས་བཀའ་བཞིན་འཚལ་ཞེས་རྒྱལ་པོ་འཇིགས་བྱེད་བླ་མའི་ལྟར་མཉན་ནས་རྒྱལ་པོ་བློ་གྲོས་ལེགས་བསམ་ཀ་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་བློ་གྲོས་ལེགས་བསམ་ལ་རྒྱལ་བ་ཞེས་མང་དུ་བརྗོད་ནས་སྤྲིང་ཡིག་ཕུལ་ཏེ་ཚིག་ཀྱང་སྨྲས་པ། རྒྱལ་པོ་ཆེན་པོ། དོན་གྱི་དུས་ལགས། ཆོས་ཀྱི་དུས་ལགས། ཉེ་བར་ 316b གཤེགས་པའི་དུས་ལགས་སོ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་ཞེས་བགྱི་བ་འཇིག་རྟེན་དུ་བྱུང་བ་ནི། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་དང་ལྡན་ནོ། །ཞེས་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེའི་བསྔགས་པ་བརྗོད་དོ། །དེ་ནས་རྒྱལ་པོ་བློ་གྲོས་ལེགས་བསམ་དེ་དེ་བཞིན་གཤེགས་པ་དེ་ཞེས་སྒྲ་ཐོས། བདུད་རྩིས་དབང་བསྐུར་ཞེས་སྒྲ་ཐོས་ནས་སེངྒེའི་ཁྲི་ལས་བབས་ཏེ་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེའི་ཚེ་དེ་རིངས་པ་ཉིད་དུ་ཚུལ་དང་མཐུན་བའི་བཞོན་པ་བཟང་པོ་བཤམས་ནས་བཞོན་པ་བཟང་པོ་དེ་ལ་ཞོན་ཏེ་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་སྐྱེ་བོའི་ཚོགས་མང་པོ་དང་ལྷན་ཅིག་ཏུ་རྒྱལ་པོ་འཇིགས་བྱེད་བླ་མ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གྲོགས་པོའི་ཆོས་ཚུལ་བྱས་ནས་དྲིས་པ། གྲོགས་པོ། དེ་བཞིན་གཤེགས་པ་ག་ལ་བཞུགས་གསུངས། དེས་སྨྲས་པ།་གྲོགས་པོ། རེ་ཞིག་ཁ་ཟས་ཀྱི་བྱ་བ་བྱས་ཏེ། ཕྱིས་དེ་བཞིན་གཤེགས་པ་བསྟན་ཏོ། །དེས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ། འདི་ལྟ་སྟེ། དེ་བཞིན་ 317a ༄#། །གཤེགས་པ་མཐོང་བ་དེ་ཉིད་ཁ་ཟས་ཀྱི་བྱ་བ་བྱས་པར་འགྱུར་རོ། །དེ་ནས་རྒྱལ་པོ་འཇིགས་བྱེད་བླ་མས་རྒྱལ་པོ་བློ་གྲོས་ལེགས་བསམ་བློན་པོའི་འཁོར་དང་བཅས་པ་དེ་དང་ལྷན་ཅིག་སྲོག་ཆགས་ཁྲི་ཕྲག་བརྒྱད་ཅུ་རྩ་དྲུག་དང་ལྷན་ཅིག་ཏུ་རྒྱལ་པོའི་རྫུ་འཕྲུལ་ཆེན་པོ་དང ། རྒྱལ་པོའི་མཐུ་ཆེན་པོས་ཕོ་བྲང་རིན་ཆེན་ཅན་ནས་བྱུང་སྟེ་འབྱུང་པོ་ཐམས་ཅད་སྒྲོག་པ་ཞེས་བྱ་བའི་སྐྱེད་མོས་ཚལ་གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེ་ག་ལ་བ་དེར་སོང་ངོ ། །ཇི་ཙམ་དུ་བཞོན་པར་བྱ་བའི་ས་དེ་ཙམ་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེ་ག་ལ་བ་དེར་སོང་ནས་མཐོང་ངོ ། །དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེས་ཀྱང་རྒྱལ་པོ་གཉིས་པོ་དེ་དག་སྐྱེ་བོའི་ཚོགས་མང་པོ་དེ་དང་རྒྱང་རིང་པོ་ནས་འདིར་འོང་བ་གཟིགས་ནས་ཏ་ལའི་སྲིད་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ་འཆག་གོ་།འཆག་པ་ན་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་དེའི་སྐུའི་སྨད་ལས་ཆུའི་རྒྱུན་རབ་ཏུ་ཕབ་བོ། །སྐུའི་སྟོད་ལས་མེ་རབ་ཏུ་འབར་རོ། །འདོད་པ་ན་སྤྱོད་པའི་ལྷ་དག་གིས་ཀྱང་ལྷའི་གདུགས་འཛིན་ཅིང་ལྷའི་མེ་ཏོག་མནྡཱ་ར་ 317b བ་དག་ཀྱང་རབ་ཏུ་འཐོར་རོ། །དེ་ནས་རྒྱལ་པོ་བློ་གྲོས་ལེགས་བསམ་གྱིས་དེ་བཞིན་གཤེགས་པ་དེ་མཐོང་མ་ཐག་ཏུ་གཞལ་དུ་མེད་པའི་དད་པ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེས་དེ་བཞིན་གཤེགས་པ་བདུད་རྩིས་དབང་བསྐུར་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། གཟུགས་ཀུན་དཔེ་མེད་ཁམས་གསུམ་དག་ལས་ཁྱད་པར་འཕགས། །འདྲེན་པ་ཁྱོད་ལ་དཔེར་བྱ་ནུས་པ་སུ་མ་མཆིས། །སེམས་ཅན་ཁ་ལོ་སྒྱུར་བའི་གཟུགས་གང་དཔེར་བྱ་བ། །དེ་ལྟར་ཁྱོད་ཀྱི་གཟུགས་དང་འདྲ་བ་གང་མ་མཆིས། །ཁྱོད་ཀྱི་གཟུགས་ནི་སེམས་ཀྱིས་གྲུབ་སྟེ་གང་འདྲ་བ། །གང་གིས་ཁྱོད་ཀྱི་དཔེར་འགྱུར་ཁམས་གསུམ་འདི་ན་མེད། །བདག་གཟུགས་འདི་འདྲར་གྱུར་ཅིག་ཡེ་ཤེས་འདི་འདྲར་ཤོག་།གང་གིས་འགྲོ་བ་འཁོར་བའི་བཙོན་རར་བཅིངས་འགྲོལ་བ། །དེའི་སེམས་རྐང་གཉིས་མཆོག་གིས་མཁྱེན་ནས་ལུང་བསྟན་པ། །རྣམ་འདྲེན་མཆོག་ཐོབ་མིང་ནི་སྲེད་མེད་བུ་ཞེས་བྱ། །བདུད་རྩིས་དབང་བསྐུར་རྫོགས་རྒྱས་རྐང་གཉིས་མཆོག་ཏུ་འགྱུར། །འཇིག་རྟེན་སྟོན་པ་བླ་མེད་སེམས་ཅན་བྱེ་བ་འདྲེན། །དེ་ཚེ་དེ་ཡི་ལུང་བསྟན་སྐྱེ་བོ་ཀུན་གྱིས་ཐོས་ནས་སུ། །བྱང་ཆུབ་སེམས་བསྐྱེད་དེ་དག་ཀྱང་ནི་འདྲེན་པས་ལུང་བསྟན་པ། །རྒྱལ་ 318a ༄#། །བས་འགྲོ་བ་མ་ལུས་ཐམས་ཅད་བྱང་ཆུབ་ལུང་བསྟན་ཏོ། །རྒྱལ་ལ་ཡང་དག་བསྙེན་བཀུར་བྱས་ནས་བྱང་ཆུབ་ཕ་རོལ་འགྲོ། །མཁས་པ་འཇིག་རྟེན་དོན་བྱས་སངས་རྒྱས་དེ་ཀུན་མྱ་ངན་འདས། །དེ་ལྟར་རྫོགས་པའི་བྱང་ཆུབ་དེ་དག་བློ་མཆོག་ཤིན་ཏུ་སྐྱེས། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་བློ་གྲོས་ལེགས་བསམ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་འོད་སྲུང་དེ། དེའི་ཚེ་དེའི་དུས་ན་རྒྱལ་པོ་བློ་གྲོས་ལེགས་བསམ་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་འཇིགས་བྱེད་བླ་མ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན།་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འཇིགས་བྱེད་བླ་མ་ཞེས་བྱ་བར་གྱུར་ཏེ། དེས་ན། ང་རྣམ་པར་ཐར་པ་ཤེས་པ་ལ་ངེས་པར་གྱུར་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་རྣམ་པར་ཐར་པ་ཤེས་པ་ཀུན་འབྱུང་བ་རྟོགས་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་ཞིང ། ཡོངས་སུ་འདྲི་བའི་རང་བཞིན་ཅན་དུའང་བྱའོ། །མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་དགེ་བའི་བ་ཤེས་གཉེན་ 318b གྱི་ལག་ཏུ་སོང་བ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽངྒལ་གྱི་བུ། རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་ཞི་བ་རྣམ་པར་ཐར་པ་དག་གི་འགོག་པ་ཤེས་པ་རྟོགས་ནས་སེམས་ཅན་སེམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་བོ་གྲགས་འཕགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། ལྷག་པར་བྱ་བ་བྱས་པ། ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཞིག་བྱུང་ངོ ། །དེ་ཉིད་མཚན་དུ་འཇིག་རྟེན་ན་དགེ་སྦྱོང་དམ། བྲམ་ཟེ་གང་དག་འཁོར་བ་ལས་སེམས་བར་འབྱུང་བ་རབ་ཏུ་ཤེས་པ་སུ་ཡོད་ཀུན་ཏུ་ཚོལ་ལོ། །དེའི་ཚེ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པའི་དབྱངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་ཤིན་ཏུ་དུལ་ལྡན་ཞེས་བྱ་བ་ན་བཞུགས་ཤིང་གནས་སོ། །མི་རྣམས་ཀྱི་སེམས་ཤིན་ཏུ་དུལ་བ་ཐེག་པ་ཆེན་པོ་ལ་ཡང་དག་ 319a ༄#། །པར་རབ་ཏུ་གནས་པ་དེ་དག་ཐམས་ཅད་ཀྱི་གནས་ནི། ཀུན་དགའ་ར་བ་ཕུན་སུམ་ཚོགས་པ་དང ། ཚལ་ཕུན་སུམ་ཚོགས་པ་དང ། འབབ་ཆུ་ཕུན་སུམ་ཚོགས་པ་དང ། སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ་སྟེ། ཚངས་པར་སྤྱོད་པ་ལ་གནས་པ་དང་མཐུན་པ་ཡིན་ནོ། །རྒྱལ་པོ་གྲགས་འཕགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པ་རྒྱལ་པོའི་ཕོ་བྲང་ཤིན་ཏུ་དུལ་ལྡན་ན་བཞུགས་ཤིང་གནས་ཏེ། དེ་འཁོར་བ་ལས་ངེས་པར་འབྱུང་བ་རབ་ཏུ་མཁྱེན་ཏོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་ཤིང་རྟ་སྟོང་ཕྲག་དྲུག་ཅུ་དང ། མི་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་རྒྱལ་པོའི་ཕོ་བྲང་ཤིན་ཏུ་དུལ་ལྡན་ནས་བྱུང་སྟེ། རྒྱལ་པོའི་རྫུ་འཕྲུལ་ཆེན་པོ་དང ། རྒྱལ་པོའི་མཐུ་ཆེན་པོས་སྤྲིན་ཚལ་གྱི་སྐྱེད་མོས་ཚལ་གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པའི་དབྱངས་བཞུགས་པ་དེར་སོང་སྟེ་ཕྱིན་ནས་ཇི་ཙམ་དུ་བཞོན་པར་བྱ་བའི་ས་དེ་ཙམ་དུ་བཞོན་པས་སོང་ནས་རྐང་པས་སྤྲིན་ཚལ་གྱི་སྐྱེད་མོས་ཚལ་དེ་ཉིད་དུ་ཞུགས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་ 319b པའི་དབྱངས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གྲགས་འཕགས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པའི་དབྱངས་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། གྲགས་པ་ཆེན་པོ་གཟི་བརྗིད་ཆེ། །ཚོགས་ཆེན་འོད་ནི་ཆེན་པོ་ལགས། །ཀུན་མཁྱེན་རྫུ་འཕྲུལ་ཆེན་པོ་བརྙེས། །འདྲེན་པ་མཐའ་ཡས་དག་གི་ཡབ། །སྒྲོལ་བ་འདོད་ཆགས་ཟུག་རྡུ་འབྱིན། །སྨན་པ་ཆེན་པོ་གསོས་སྨན་ལགས། །སྒྲོལ་བ་རྨ་རྣམས་གསོ་བར་མཛད། །རྐང་གཉིས་མཆོག་ནི་བདག་ལ་གསུངས། །ཚུལ་ཁྲིམས་ཕུང་ལ་ཤིན་ཏུ་བཞུགས། །ཏིང་ངེ་འཛིན་གྱི་ཕ་རོལ་གཤེགས། །ཤེས་རབ་ཕུང་ལ་ཤིན་ཏུ་བཞུགས། །དེས་བཅོམ་རྣམ་པར་གྲོལ་བ་བསྒྲུབས། །འཇིག་རྟེན་གསུམ་ལས་ཤིན་ཏུ་བྱུང ། སྡུག་བསྔལ་ཀུན་ལ་འཇིགས་མི་མངའ། །རབ་ཏུ་གསལ་མཛད་སྐམ་ལ་བཞུགས། །འཇིགས་དང་འཇིགས་པར་བྱེད་ལས་རྒལ། །ཞུས་པ་རྣམས་ཀྱི་མཐར་མཛད་ཅིང ། །ཐེ་ཚོམ་རྣམས་ནི་སེལ་བ་པོ། །གནས་མཆོག་དག་ནི་བརྙེས་པ་སྟེ། །འཇིག་རྟེན་ཀུན་གྱི་མཆོད་རྟེན་ལགས། །ལྷ་དང་ཀླུ་དང་གནོད་སྦྱིན་དང ། །མི་འམ་ཅི་དང་ལྟོ་འཕྱེར་བཅས། །ཐུབ་ཁྱོད་གང་ལ་བཞུགས་པ་ཡི། ། 320a ༄#། །དགོངས་པའི་རྣམ་པ་མ་འཚལ་ཏོ། །ལྷ་རྣམས་དང་ནི་དྲི་ཟ་དང ། །གནོད་སྦྱིན་དང་ནི་སྲིན་བོས་ཀྱང ། །ཐུབ་པ་ཁྱོད་ཀྱིས་གང་བརྙེས་པའི། །ལམ་དེ་རྣམ་པར་མ་འཚལ་ཏོ། །འཇིག་རྟེན་འདས་པ་རབ་ཏུ་གསལ། །གངྒཱའི་རླུང་གི་བྱེ་སྙེད་ཀྱི། །གང་གིས་འདྲེན་པ་བཞུད་པ་ནི། །དེ་ཡི་ལམ་གྱིས་གཤེགས་པར་གྱུར། །དེ་ནས་རྒྱལ་པོ་གྲགས་འཕགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་མངོན་པར་བསྒྲགས་པའི་དབྱངས་དེ་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པའི་དགེ་བའི་རྩ་བ་དེས་བསྐལ་པ་ཁྲི་ཕྲག་དགུ་བཅུར་ལོག་པར་མ་ལྷུང་ངོ ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གྲགས་འཕགས་ཞེས་བྱ་བ་ཆགས་པ་ཐམས་ཅད་ལས་རབ་ཏུ་གྲོལ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དའི་དུས་ན་རྒྱལ་པོ་གྲགས་འཕགས་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་བསྐལ་པ་ཁྲི་ཕྲག་དགུ་བཅུར་ལོག་པར་མ་ལྷུང་ངོ ། །ད་ལྟར་ཡང་ང་རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས་པ་ཐུགས་སུ་ཆུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་ཤེས་པ་འགོག་པ་ཤེས་པ་མངོན་པར་རྫོགས་པར་ཤེས་པར་འདོད་པས་ཡོངས་སུ་ 320b འཛིན་པ་ཐམས་ཅད་ལ་ཆགས་པ་མེད་ཅིང་གྲོལ་བར་བྱའོ། །མཽངྒལ་གྱི་བུ། ངས་རྣམ་པར་ཐར་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཡོད་གཤེགས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཡོད་གཤེགས་དེའི་ཉན་ཐོས་འདུས་པ་དང་པོ་ཁྲི་བྱུང་ངོ ། །བྱང་ཆུབ་སེམས་དཔའ་འདུས་པ་ནི། དེའི་ཉིས་འགྱུར་བྱུང་ངོ ། །ཉན་ཐོས་འདུས་པ་གཉིས་པ་ནི། ཉན་ཐོས་དགྲ་བཅོམ་པ་ནས་རྒྱ་ཆེར་སྦྱར་ཏེ། ཁྲི་ཕྲག་སྟོང་ཐམ་པ་བྱུང་ངོ ། །བྱང་ཆུབ་སེམས་དཔའ་འདུས་པ་གཉིས་པ་ནི། དེའི་ཉིས་འགྱུར་བྱུང་ངོ ། །ཉན་ཐོས་འདུས་པ་གསུམ་པ་ནི། ཉན་ཐོས་ཁྲི་ཕྲག་བརྒྱ་སྟོང་དཔག་ཏུ་མེད་པ་བྱུང་ངོ ། ། 321a ༄#། །མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དོན་ཡོད་གཤེགས་པ་དེའི་གསུང་རབ་ལ་དགེ་སློང་གྲགས་པའི་འོད་ཅེས་བྱ་བ་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ་ཞིག་བྱུང་ངོ ། །རྩོམ་པ་འདི་ལྟ་བུ་དང་ལྡན་པ་ཞིག་བྱུང་སྟེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང ། པགས་པ་དང ། རྒྱུས་པ་དང ། རུས་པའང་བསྐམས། ཁོག་པ་དང ། ཤ་དང ། ཁྲག་ཡོངས་སུ་བསྐམས་ཀྱང་བརྩོན་འགྲུས་འདི་ཉིད་མི་གཏོང་ངོ ། །དེ་དེ་བཞིན་གཤེགས་པ་དོན་ཡོད་གཤེགས་པ་དེའི་སྤྱན་སྔར་རས་བཅོས་བུ་ཡུག་ཅིག་གིས་ལུས་དཀྲིས་ནས་ཏིལ་མར་གྱིས་བྱུགས་ཏེ་མེ་སྦར་ནས་སྤྱན་སྔར་མར་མེ་བུས་སོ། །མེ་འབར་བས་ལུས་སྲེག་པ་ན་དེ་བཞིན་གཤེགས་པ་དོན་ཡོད་གཤེགས་པ་དེ་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། རྣམ་འདྲེན་རང་བྱུང་ཐུགས་དག་མཐའ་ཡས་མཆོག་།སྐྱོན་དང་རྒྱགས་དང་ཉེས་པ་སྤངས་པ་ལགས། ། འགྲོ་བ་ལམ་ངན་ཞུགས་ལ་ཐུགས་རྗེ་བསྐྱེད། །ཀུན་ཏུ་གཟིགས་པ་གནས་མཆོག་བསྟན་དུ་གསོལ། །སྐྱེ་བོ་བློ་ཉམས་སྡུག་བསྔལ་རབ་ཏུ་སྡུག་།མིག་ཉམས་གནས་མེད་ཡོངས་སུ་འཁྱམས་པ་ལ། །སྙིང་རྗེ་ཆེན་པོ་དཔག་མེད་བསྐྱེད་ནས་སུ། །འགྲོ་བ་ཐར་བར་བགྱི་སླད་སྤྱོད་པ་སྤྱད། །བདག་ནི་བདག་ལ་དགའ་བར་མི་བགྱིད་དེ། །འགྲོ་ 321b བ་ལམ་གོལ་མཆི་བ་འདི་ལ་ལྟ། །འདོད་ཆགས་ཞེ་སྡང་འབར་བས་འགྲོ་བ་གདུངས། །དེ་དག་བདག་གིས་ལམ་ཆུས་ཞི་བར་བགྱི། །དྲང་སྲོང་ཆེན་པོ་སྟོབས་བཅུ་ཁྱོད་ཀྱི་བསླབ། །བདག་གི་དངོས་ལ་ལྟོས་མེད་སྤྱོད་པ་སྤྱད། །འགྲོ་བ་འདི་དག་འབར་བས་སྲེག་པ་ན། བདུད་རྩིའི་ཆབ་ཀྱིས་བསིལ་བར་གྱུར་པར་བགྱི། །སེམས་ཅན་དོན་དུ་བདག་གི་ལུས་བསྲེགས་པས། ། སེམས་ཅན་ཀུན་གྱི་ལུས་ལ་ནད་མེད་ཤོག་།སེམས་ཅན་དོན་དུ་བདག་གིས་འབད་པ་འདི། །སེམས་ཅན་སྡུག་བསྔལ་གནོད་པ་མེད་གྱུར་ཅིག་།འདྲེན་པ་དེ་ལ་མཆོད་པ་བྱས་པ་དང ། བདེ་བར་གཤེགས་ལ་ང་ཡི་དངོས་པོ་ཕུལ། །སངས་རྒྱས་མཆོད་བྱས་བསྐལ་ཆེན་བརྗོད་དུ་མེད། །སུམ་ཅུ་དྲུག་ཏུ་ངན་འགྲོར་མ་སོང་ངོ ། །རྟག་ཏུ་ལྷར་སོང་མི་ཡི་འཇིག་རྟེན་འཐོབ། །ང་ནི་གསལ་བ་དག་དང་དབང་ཕྱུག་གྱུར། །རྟག་ཏུ་འགྲོ་དང་མཐུན་པར་འཁོར་ལོ་བསྐོར། །ལྷ་དང་མི་རྣམས་ཀྱིས་ནི་ང་མཆོད་དོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས།་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གྲགས་པའི་འོད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གྲགས་པའི་འོད་ཅེས་བྱ་བར་གྱུར་ཏེ། ངས་བརྩོན་འགྲུས་དེ་ལྟ་བུ་བརྩམས་པར་གྱུར་ཏོ། །བརྩོན་འགྲུས་བརྩམས་པ་དེས་ང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ 322a ༄#། །པ་ཡོངས་སུ་རྫོགས་པར་བྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་པར་བྱའོ། །བརྩོན་འགྲུས་བརྩམས་པས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ཀྱི། ལེ་ལོས་ནི། མ་ཡིན་ནོ། །མཽངྒལ་གྱི་བུ། ངས་ཏིང་ངེ་འཛིན་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡུལ་ལ་དབང་པོ་གཡེང་བ་རྣམས་བདག་གིས་བསམ་གཏན་མཉམ་པ་ལ་ཇི་ལྟར་སྦྱར་བར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་དྲང་སྲོང་སྐྱེ་བ་ཚོལ་བ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་སྟེ། དེ་རབ་ཏུ་བྱུང་བའི་དབང་པོ་ཡུལ་རྣམས་ལ་རྣམ་པར་གཡེང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་ཀྱི་ཧུད་བདག་གིས་ཡུལ་གང་དག་བཏང་ནས་རབ་ཏུ་བྱུང་བ་ཡིན་ན། དབང་པོ་རྣམ་པར་གཡེང་བ་མ་ལེགས་ཤིང་རུང་བ་མ་ཡིན་ཏེ། དེས་དབང་པོ་རྣམ་པར་འཁྲུལ་བ་ཡུལ་གྱི་གཟེབ་ལ་བཅུག་པ་དེ་དག་ནམ་མཁའ་ལྟ་བུར་མཉམ་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སྟོབས་ཆེན་པོ་ཕ་རོལ་གནོན་པ་ཡང་དག་པར་བསྐྱེད་ 322b བར་བྱ་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ནམ་མཁའ་ལྟར་མཉམ་པའི་ཏིང་ངེ་འཛིན་གང་ཡིན་སྙམ་མོ། །དེ་ནས་རྒྱལ་པོ་དྲང་སྲོང་སྐྱེ་བ་ཚོལ་བ་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་ཐམས་ཅད་ནི། ནམ་མཁའ་དང་མཉམ་མོ། །འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་ནི། ཐོགས་པ་མེད་དོ། །དེ་བཞིན་དུ་ཡུལ་ཐམས་ཅད་ནི། ནམ་མཁའ་དང་འདྲའོ། །ཡོངས་སུ་མི་རྟོག་པ་ནི། ཐོགས་པ་མེད་དོ། །ཡོངས་སུ་མི་རྟོག་པ་ནི། ཐར་པའོ། །ཡོངས་སུ་རྟོག་པ་ནི། འཆིང་བའོ། །ཡོངས་སུ་མི་རྟོག་པ་ནི། འཆིང་བ་གཅོད་པའོ། །འོན་ཏང་བདག་གིས་ཡོངས་སུ་རྟོག་པ་ནི། གཏང་བར་བྱའོ། །སྙམ་མོ། །དེའི་ཚེ་དེ་ཡོངས་སུ་འཛིན་པ་ཐམས་ཅད་ཡང་དག་པར་གཅད་པར་བྱ་བ་ལ་ཞུགས་སོ། །དེ་ནམ་མཁའ་ལྟར་མཉམ་པའི་ཏིང་ངེ་འཛིན་ཐོབ་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་སྟོབས་བསྐྱེད་པ་ཐོབ་པས་ཏ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགས་ཏེ་བར་སྣང་ལ་སོང་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མི་གང་ཐོགས་མེད་ཆོས་ནི་རྗེས་སུ་རྟོགས། །དེ་ནི་སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ཤེས། །སྔོན་གྱི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཞུགས། །ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་ཆོས་རྣམས་ཤེས། །ཆོས་འདི་ཐམས་ཅད་ནམ་མཁའ་ལྟ་བུ་སྟེ། །ཆོས་ཉིད་ 323a ༄#། །ཤེས་པར་བྱ་བ་ཡོད་པ་མེད། །ཆོས་ཉིད་ལ་ནི་ཆོས་ཉིད་གང་མི་རྟོགས། །ཆོས་འདི་ཐམས་ཅད་འགྱུར་མེད་གཉིས་སུ་མེད། །ནམ་ཡང་སྣ་ཚོགས་ཉིད་ཀྱི་ཆོས་མེད་དེ། །ཇི་ལྟར་བར་སྣང་བ་གབ་པ་གང་ཡང་མེད། །རྒྱལ་བས་མྱ་ངན་འདས་པར་ཆོས་མ་བསྟན། །ཆོས་འདུག་པར་ཡང་རྒྱལ་བས་མ་གསུངས་སོ། །རྒྱལ་བ་ཐམས་ཅད་གཉིས་མེད་ཆོས་གསུང་སྟེ། །མི་མཁས་གང་དག་སྣ་ཚོགས་ཆོས་བྱེད་པ། །དེ་ནི་བདུད་ཀྱི་ཞགས་པས་བཅིངས་ནས་ཉལ། །ཆོས་ཉིད་རྗེས་རྟོགས་ཆོས་ནི་གང་ཡང་མེད། །ཆོས་ལ་རྨོངས་པ་མེད་ཅིང་མཁས་པའང་མེད། །གང་དག་བདག་གི་ཆོས་ཉིད་ཆོས་ཤེས་ན། །གཉིས་མེད་དེས་ནི་ཆོས་ཉིད་རྗེས་སུ་ཐོབ། །མི་མཁས་གང་དག་སྣ་ཚོགས་ཆོས་བྱེད་ན། །དེ་དག་བདུད་ཀྱི་སྤྱོད་ཡུལ་སྤྱོད་པ་ཡིན། །གང་དག་གཉིས་མེད་ཆོས་སྨྲ་གཉིས་སུ་མེད། །དེ་དག་འདྲེན་པ་ཡབ་འདྲ་སངས་རྒྱས་སྲས། །གང་ཡང་མ་མཐོང་གང་ཡང་ཐོས་པ་མེད། །མི་དག་ཆོས་རྣམས་སྣ་ཚོགས་བྱེད་པ་ནི། །རྒྱལ་བའི་བྱང་ཆུབ་ལ་ནི་ངེས་མ་རྟོགས། །འདི་ལྟར་རྒྱལ་བ་ལམ་གཉིས་མི་གསུང་སྟེ། གང་དག་ཆོས་གཉིས་ལ་ནི་དེ་མི་སྤྱོད། །གང་དག་ཚུལ་གཅིག་ཏུ་ནི་ཆོས་རྟོགས་པ། །ལམ་གོལ་མི་འགྲོ་སངས་རྒྱས་བྱང་ཆུབ་ཀྱི། །སངས་རྒྱས་བཞུགས་ལ་མི་དེ་སྤྱོད་པར་འགྱུར།། 323b མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་སྐྱེ་བ་ཚོལ་བ་ཞེས་བྱ་བ། གང་ཕ་རོལ་ལས་སྒྲ་མ་ཐོས་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་སྐྱེ་བ་ཚོལ་བ་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ལོ་བྱེ་བ་ཕྲག་བརྒྱད་ཅུར་སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་ན་དེ་བཞིན་གཤེགས་པ་ཡིན་ནོ། །ཞེས་འདུ་ཤེས་སུ་མ་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སངས་རྒྱས་བྱུང་བ་དང་ཕྲད་ཀྱང་རུང ། མ་ཕྲད་ཀྱང་རུང ། ཆོས་ཟབ་མོ་ལ་རྣམ་པར་ཤེས་ཤིང་རྟོགས་པར་བྱ་པའི་ཕྱིར་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ། ངས་ཏིང་ངེ་འཛིན་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་རྣམ་པ་དུ་མ་དག་མངོན་པར་འདུས་བྱས་སོ། ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་གྲགས་པ་བསྒྲགས་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་གྲགས་པ་བསྒྲགས་པ་དེའི་ཉན་ཐོས་འདུས་པ་གཉིས་བྱུང་སྟེ། ཉན་ཐོས་འདུས་ 324a ༄#། །པ་གཅིག་ནི། ཉན་ཐོས་འདུས་པ་བྱེ་བ་ཁྲག་ཁྲིག་བདུན་ཅུ་རྩ་བདུན་གྱི་ཉན་ཐོས་འདུས་པ་བྱུང་ངོ ། །ཉན་ཐོས་འདུས་པ་གཉིས་པ་ནི། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་བྱུང་སྟེ། དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་ཤིང་ལྗོན་པ་འཕན་པ་མེད་པ་ཞིག་བྱུང་ངོ ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་དགེ་སློང་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པ་ཞིག་བྱུང་སྟེ། འདི་ལྟ་སྟེ། དམིགས་པ་ཐམས་ཅད་ལ་རྟོག་པ་ཞེས་བྱ་བ་སངས་རྒྱས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་དེ། རེ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་མི་འཇུག་གོ་།བླ་ན་མེད་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་ཤིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་འདོད་པ་ཞིག་བྱུང་སྟེ། དེའི་ཚེ་དགེ་སློང་གཅིག་པོ་དེ་ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེས་པ་མ་གཏོགས་པར་སེམས་ཅན་གང་དག་གིས་ཀྱང་བྱང་ཆུབ་ཀྱི་ས་བོན་མ་བསྐྱེད་པར་མ་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་གྲགས་པ་བསྒྲགས་པ་དེ་སངས་རྒྱས་ཀྱི་མཛད་པ་མཛད་པ་ 324b ན་ངས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་གཅིག་པོ་དེ་མ་གཏོགས་པར་སེམས་ཅན་གྱི་དོན་མ་བྱས་པ་གང་ཡིན་ཞེས་རྣམ་པར་གཟིགས་སོ། །དེའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་གྱུར་པར་གཟིགས་ཀྱང་དེ་མི་ཁོམ་པ་ཐོབ་བོ། །དེས་ན། བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་སྐལ་བ་མེད་དོ། །དེ་ནས་ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་ངོ ། །དེ་དེར་བསྐལ་པར་འདུག་གོ་།དེར་ཡང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་སྐལ་བ་མེད་དོ། །དེ་ནས་ཤི་ནས་མིར་སྐྱེས་ཏེ། གླེན་ཞིང་ལོང་ལ་ལྐུག་ཅིང་ལག་བརྡ་བྱེད་པ་ཆོས་ཀུན་ཏུ་ཤེས་པའི་སྟོབས་མེད་དོ། །དེར་དེ་བཞིན་གཤེགས་པའི་སྤྲུལ་པ་དག་གིས་དེ་ཡོངས་སུ་སྨིན་པར་མཛད་དེ། དེའི་སྤྲུལ་པས་ཡོངས་སུ་སྨིན་པར་མཛད་པ་ན་དེ་བཞིན་གཤེགས་པ་དེ་སྐུ་ཚེ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུར་ཐུགས་སྐྱོ་བར་བྱས་སོ། །མཽངྒལ་གྱི་བུ། ཇི་ཙམ་དུ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སེམས་ཅན་གཅིག་ལ་མཛད་པ་ཐུགས་སྐྱོ་བར་གྱུར་པ་ལ་ལྟོས། དེ་བཞིན་གཤེགས་པས་གང་ཟག་དེ་ཡོངས་སུ་སྨིན་ཅིང་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་གཞག་པར་མ་སྤྱད་དོ། །མཽངྒལ་གྱི་བུ། གང་ཟག་གང་གིས་བསོད་ 325a ༄#། །ནམས་མ་ཡིན་པ་མངོན་པར་འདུས་བྱས་པ་དེས་ཡུན་དེ་ཙམ་དུ་དེ་བཞིན་གཤེགས་པ་དེ་ལ་ཐུགས་སྐྱོ་བར་བྱས་པ་ལ་ལྟོས། མཽངྒལ་གྱི་བུ། དེ་ལྟ་པས་ན།་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་མངོན་པར་དགྱེས་པར་བྱ་བར་འདོད་པས་བདག་སྣོད་དུ་འགྱུར་བར་བྱའི། དེ་བཞིན་གཤེགས་པ་ཐུགས་སྐྱོ་བར་འགྱུར་བར་མི་བྱ་སྟེ། བདག་ཉིད་སྣོད་དུ་འགྱུར་བར་བྱ། རིགས་ཀྱི་བུའམ་རིགས་བུ་མོ་བདག་ཉིད་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པས་དེ་བཞིན་གཤེགས་པ་རྗེས་སུ་སྲུང་ན། བདག་སྣོད་དུ་འགྱུར་བར་བྱའོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཅིག་པོ་ཆོས་ཀྱི་སྣོད་མ་ཡིན་པར་གྱུར་པ་ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་བདུད་རྩིའི་འོད་དེ། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སྣོད་མ་ཡིན་པར་གྱུར་ཏེ། ཆོས་ལ་བརྙས་པ་བྱས་པས་ལོག་པར་ལྷུང་ངོ ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གང་གིས་སེམས་ཅན་དེ་ཡོངས་སུ་སྨིན་པར་མཛད་པའི་དེ་བཞིན་གཤེགས་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ནི། དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་ཡིན་ནོ། ། 325b དེའི་ཚེ་སེམས་ཅན་དེ་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་བསྐལ་པ་གྲངས་མེད་པར་བཞུགས་ཀྱིས་ཀྱང་སེམས་ཅན་དེ་ཡོངས་སུ་སྨིན་པར་མཛད་པར་མ་སྤྱད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན།་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་མངོན་པར་དགྱེས་པར་བྱ་བའི་དོན་དུ་བདག་སྣོད་དུ་འགྱུར་བར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སྐྱོ་བར་འགྱུར་བར་མི་བྱའོ། །མཽངྒལ་གྱི་བུ། ངས་ཏིང་ངེ་འཛིན་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་རྒྱ་ཆེ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ།་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་བློ་གྲོས་དག་པ་ཞེས་བྱ་བ་ཞིག་བྱུང་སྟེ། དགེ་བའི་རྩ་བ་དཔག་ཏུ་མེད་པ་དང་ལྡན་པ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་རྣམས་ཀྱི་ཚངས་པར་སྤྱོད་པ་ཤིན་ཏུ་སྤྱད་པ། དེ་བཞིན་གཤེགས་པ་དེ་དག་གི་རིམ་གྲོ་པ་ལ་ན་མང་དུ་བྱས་པར་ 326a ༄#། །གྱུར་ཏོ། །དེ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་གི་རིམ་གྲོ་བ་བྱས་ནས་འདི་ལྟར་སེམས་བསྐྱེད་དེ། བདག་མཚན་མའི་རིམ་གྲོས་དེ་བཞིན་གཤེགས་པའི་ཐུགས་མཉེས་པར་མི་བྱ། བདག་ནམ་ཡང་འཇིག་རྟེན་པའི་ཟང་ཟིང་གི་སེམས་ཀྱིས་དེ་བཞིན་གཤེགས་པའི་རིམ་གྲོ་མི་བྱ། གཞན་དུ་ན་བདག་ཐམས་ཅད་མཁྱེན་པ་ཉིད་འདོད་པའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ལ་ཡིད་དུ་འཐད། ཡིད་དུ་མི་འཐད་པ་མི་ཡིན་པས་རིམ་འགྲོ་བྱའོ། །དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱས་པ་འདིས་བདག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག་།དེ་ལྟར་ངས་སེམས་བསྐྱེད་ནས་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྙམ་ནས་དེས་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་དེ་དག་ཐམས་ཅད་མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པར་བྱས་སོ། །ཇི་ལྟར་བདག་བླ་ན་ 326b མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་དེར་སངས་རྒྱས་ཤིན་ཏུ་མང་ཞིང་སངས་རྒྱས་ཀྱི་དཀོན་པར་མ་གྱུར་ཅིག་ཅེས་དེ་ལྟ་བུའི་སེམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་རིམ་གྲོ་བྱས་སོ། །དགེ་བའི་རྩ་བ་དེས་ངའི་བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་བྱུང་ངོ ། །དེ་བཞིན་གཤེགས་པ་གང་དག་ལ་བདག་གིས་བྱང་ཆུབ་སེམས་དཔའ་དེ་དག་དགེ་བའི་རྩ་བ་བསྐྱེད་དུ་བཙུད་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བདག་གིས་མཆོད་དོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བདག་གི་ལུས་ཀྱི་ལས་ཡོངས་སུ་དག་པས་རིམ་གྲོ་བྱས། ངག་གི་ལས་ཡོངས་སུ་དག་པས་བསྟོད། ཡིད་ཀྱི་ལས་ཡོངས་སུ་དག་པས་ངེས་པར་བསམ་མོ། །དགེ་བའི་རྩ་བ་དེས་ངའི་སྐུ་རྒྱ་ཆེན་པོར་གྱུར་ཏོ། །ངས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་རིམ་གྲོ་ཡོངས་སུ་སྤྱད་པས་རྙེད་པ་མཆོག་དང ། གྲགས་པ་མཆོག་ཐོབ་བོ། །ངས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་གསུང་རབ་ལ་བརྩོན་པ་དྲག་པོས་རབ་ཏུ་གནས་སོ། །དགེ་བའི་རྩ་བ་དེས་ངའི་སངས་རྒྱས་ཀྱི་ 327a ༄#། །ཞིང་རྒྱ་ཆེ་སྟེ། མཐའ་གཞལ་བར་མི་ནུས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྙེད་པ་མཆོག་དང་གྲགས་པ་མཆོག་ཐོབ་པ་དང ། གསུང་རབ་འདོད་པས་དེ་བཞིན་གཤེགས་པ་ལ་རིམ་གྲོ་ཡོངས་སུ་སྤྱད་ཅིང་སེམས་ཡོངས་སུ་དུལ་བར་བྱ། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་རྒྱ་ཆེ་བར་འདོད་པས་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་སྔོན་དུ་བྱས་ཏེ་སྤྱོད་པ་སྤྱད་པར་བྱ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་རྣམས་ཀྱིས་ཆོག་མི་ཤེས་པར་བྱའོ། །མཽངྒལ་གྱི་བུ། ངས་ཏིང་ངེ་འཛིན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་ཚོལ་བ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཏིང་ངེ་འཛིན་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། བདག་ཆོས་སྟོན་པའང་ཟད་པ་མེད་པར་གྱུར་ཅིག་།སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་ 327b དེ་བཞིན་གཤེགས་པ་སྒྲ་ཐམས་ཅད་ཀྱི་དབྱངས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་སྒྲ་ཐམས་ཅད་ཀྱི་དབྱངས་དེའི་ཉན་ཐོས་འདུས་པ་དང ། བྱང་ཆུབ་སེམས་དཔའ་འདུས་པ་དཔག་ཏུ་མེད་པ་དག་བྱུང་སྟེ་ཆོས་བཤད་པ་རེ་རེས་ཀྱང་ཉན་ཐོས་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ངེས་པར་བྱུང་ངོ ། ། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་གནས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའ་བདུད་རྩིའི་དབྱངས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ཐམས་ཅད་ལས་ཡོན་ཏན་དང ། ཡེ་ཤེས་ཁྱད་པར་དུ་འཕགས་པ་ཞིག་བྱུང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའི་བདུད་རྩིའི་དབྱངས་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་སྒྲ་ཐམས་ཅད་ཀྱི་དབྱངས་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྡུས་པ་དེ་བཞིན་དུ་བདག་གིས་ཀྱང་ཡང་དག་པར་རབ་ཏུ་བསྡུ་བར་བྱའོ། །སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་སྒྲ་ཐམས་ཅད་ཀྱི་དབྱངས་དེའང་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེའི་མདུན་ན་བཞུགས་པ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་བ། འདྲེན་པ་མི་ཡི་ཁྱུ་མཆོག་སྟོབས་བཅུ་ཡོན་ཏན་མངའ་བ་ལྷ་ཡུལ་ས་སྟེང་མེད། །རྒྱལ་མཆོག་མཆོག་རབ་ 328a ༄#། །ལྷ་མི་ཕན་མཛད་པ་ལ་འགྲོ་བའི་དོན་དུ་བདག་ཞུ་བ། །སྤྱོད་པ་ཇི་ལྟར་སྤྱད་ན་བློ་གྲོས་ལེགས་མཛད་འགྲོ་སྟོན་ཁྱོད་དང་འདྲ་བར་འགྱུར། །འགྲོ་ལ་ཕན་མཛད་བདག་དང་འགྲོ་བའི་ཐེ་ཚོམ་དེ་དག་མྱུར་དུ་གསུངས་ཤིག་གསུངས། །འགྲོ་བ་རྡུལ་དང་དྲི་མ་རྙོག་པ་སྡུག་བསྔལ་བརྒྱ་ཡིས་ཡོངས་ལྡན་རིག་ནས་སུ། །མཁས་པ་སྙིང་རྗེ་བསྐྱེད་དེ་ཇི་ལྟར་སྤྱོད་ན་འགྲོ་ཕན་སྐྱེ་རྒུ་རྣམ་འགྲེལ་བགྱིད། །ཇི་ལྟར་འགྲོ་བ་སྡུག་བསྔལ་བརྒྱས་ཉེན་བདེ་བརྒྱའི་ཕྱི་རོལ་ཡིད་བདེ་མི་འཚལ་རྣམས། །དེ་དག་བདག་སྲིད་མྱུར་ཟད་བདེ་མཆོག་མཚུངས་མེད་འགྲོ་ལ་བསྟན་གྱི་སྟོབས་བཅུ་གསུངས། །ཇི་ལྟར་ཁྱོད་ཀྱི་གསུང་ཆེན་ཐོས་ནས་རབ་ཏུ་དགའ་ཞིང་འགྲོ་བ་ཡོངས་སུ་བསྟན། །ཇི་ལྟར་འགྲོ་བ་ཁྱོད་ཀྱི་གསུང་རྟོགས་གསུང་ལ་མཁས་ན་སྡུག་བསྔལ་ཡོངས་སུ་སྤོང ། །སྡུག་བསྔལ་ཟད་ཐོབ་མུན་བཅོམ་རབ་རིབ་མེད་ཅིང་རྒྱལ་བའི་ཉི་ཟེར་རབ་ཏུ་ལྡན། །སྟོབས་བཅུ་མངའ་བའི་གསུང་གིས་འགྲོ་བ་འཇིགས་མེད་འགྱུར་བདེ་དག་བདག་ལ་གསུངས། །རྒྱལ་བའི་གསུང་ཐོབ་གསུང་གིས་གཡོ་ཚིག་བཅོམ་སྟེ་སུ་ཞིག་གསུང་གནས་དགའ་བདེར་འགྱུར། །བདེ་གཤེགས་ཁྱོད་ཀྱི་གསུང་འཆང་མཁས་པ་དྲི་མ་སྐྱོན་སྤངས་ཤིན་ཏུ་དྲི་མེད་ཡིད། །དེས་ཐོབ་སྲིད་པའི་འགྲོ་སྤངས་འགྲོ་བ་མཆོག་ལ་གནས་ཏེ་རྒྱལ་མཆོག་ 328b འགྱུར་བ་ཡི། །རྒྱལ་བ་ཐུབ་པ་རྣམ་འདྲེན་འགྲོ་ལ་ཕན་མཛད་སྙན་པའི་གསུང་གིས་དེ་དག་གསུངས། །སྟོན་པ་དེ་བཞིན་གཤེགས་པ་འཇིག་རྟེན་ཕན་བཞེད་དེ་ཡི་བསམ་པ་ཐུགས་ཆུད་ལུང་བསྟན་པ། །སྡུག་བསྔལ་འདི་དག་ཟད་པར་རྒྱལ་བས་གཟིགས་པའི་མྱ་ངན་འདས་པའི་ལམ་བསྒོམས་ན། །གང་དག་འདས་པའི་འཇིག་རྟེན་ཕན་འདོད་གང་ཡང་མ་འོངས་འཇིག་རྟེན་ཕན་པར་འདོད། །གང་དག་དེ་ལྟར་འགྲོ་ལ་ཕན་འདོད་དེ་ཡང་ལམ་མཆོག་འདི་ནི་ཡོངས་སུ་མཐོང ། །རྒྱལ་བའི་སྲས་དག་བྱང་ཆུབ་ཡོངས་སུ་ཚོལ་ན་དེ་ནི་རབ་ཏུ་འབད་དེ་སྒོམས། །བདུད་ཀྱི་སྟོབས་མཆོག་བཅས་པ་སྟོབས་བཅོམ་སངས་རྒྱས་སྟོབས་ལ་མངོན་པར་མྱུར་དུ་འདུག་།བུ་དེས་ཐོས་ནས་ཐོགས་པ་མེད་པར་བདེ་བར་གཤེགས་པའི་བཟོད་ལ་རབ་ཏུ་གནས། །སངས་རྒྱས་སྒྲ་ཀུན་མཁྱེན་པ་རྐང་གཉིས་མཆོག་ལ་དེ་ནི་སྐྱབས་སོང་བློ་གནས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བདུད་རྩིའི་དབྱངས་ཞེས་བྱ་བར་གྱུར་བ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བདུད་རྩིའི་དབྱངས་ཞེས་བྱ་བར་གྱུར་ཏོ། །དེའི་ཚེའང་ངས་སེམས་ཅན་གྱི་ཁམས་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱས་སོ། །དེ་ལྟར་ཡང་ང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཟད་ 329a ༄#། །པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། ངས་སྙོམས་པར་འཇུག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་སྙོམས་པར་འཇུག་པ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པར་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་སྤྱོད་པ་ཤིན་ཏུ་བརྟན་པ་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་བྱུང་བ་ནས་ཤིན་ཏུ་གནས་པའི་བར་དུ་རྒྱ་ཆེར་སྦྱར་རོ། །དེའི་ཚེ་ཛམྦུའི་གླིང་འདིར་གྲོང་ཁྱེར་བྱེ་བ་ཕྲག་དྲུག་ཅུ་བྱུང་ངོ ། །ཛམྦུ་གླིང་འདི་དཔག་ཚད་སྟོང་ཕྲག་དྲུག་ཅུར་གྱུར་ཏོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་ཐག་ཉེ་བས་གྲོང་ཁྱེར་དང་གྲོང་རྡལ་གྱི་བྱ་གག་གྲོང་ཕན་ཚུན་དུ་འགྲོ་བར་གྱུར་ཏོ། །དེར་རྒྱལ་པོ་སྤྱོད་པ་ཤིན་ཏུ་བརྟན་པ་གནས་ཏེ་ཆོམ་རྐུན་དང་ཀླ་ཀློ་དང་ནི། བྲལ། ཆོས་དང་ལྡན་པའི་མི་རྣམས་ཀྱིས་ནི། གང ། དགའ་སྟོན་གྱི་དུས་ནི། མང ། སྐྱེ་བོ་རབ་ཏུ་དགའ་བ་དག་གིས་ནི། མངོན་པར་གང ། ཆོས་སྤྱོད་པའི་མི་ནི། ཀུན་ཏུ་བྱུང ། ཐམས་ཅད་ནས་ཐམས་ 329b ཅད་དུ་སྡིག་པའི་ཐ་སྙད་ཀྱང་མེད་ན། དེ་སྤྱོད་པ་ལྟ་ཞིག་ག་ལ་ཡོད། ཕྱི་རོལ་ཏུ་སྐྱེད་མོས་ཚལ་དང ། ཀུན་དགའ་རབ་དང ། མཚེའུ་དང ། རྫིང་བུ་དག་གིས་མཛེས་ཏེ། ལྷ་རྣམས་ཀྱི་དགའ་བའི་ཚལ་བཞིན་ནོ། །རྟག་པར་རྒྱུན་དུ་དུད་དང ། རྫ་རྔ་དང ། འཁར་རྔ་དང ། པི་ཝང་རྒྱུད་གསུམ་པ་དང ། ཕྱོགས་མང་པོར་ཐོས་པའི་པི་ཝང་དང ། པི་ཝང་རྒྱུད་གཅིག་པ་དང ། ན་ཀུ་ལ་དང ། ཤིན་ཏུ་དབྱངས་སྙན་དང ། ཅང་ཏེའུ་དང ། བྲོ་གར་གྱི་རྒྱུད་དང ། བན་དུ་ར་དང ། བུམ་རྔ་དང ། གདུ་བུ་དང ། རོལ་མོ་མན་དུ་ངའི་སྒྲ་སྣ་ཚོགས་ཀྱི་གླུ་དབྱངས་རྣམས་ཀྱིས་མངོན་པར་དགའ་བ། མི་མ་ཡིན་པ་དང་ལྷའི་གནས་ལྟར་ལྷའི་རྒྱན་གྱི་ཤིང་གིས་ཀུན་ཏུ་ཁེབས་པ། སྤོས་དང ། ཕྲེང་བ་དང ། གོས་ཀྱི་ཤིང་གིས་ཤིན་ཏུ་ཁེབས་པ། འདོད་པའི་འབྲས་བུའི་ཤིང་དང་ལྡན་པ། འཕགས་པའི་སྐྱེ་བོ་གནས་ཤིང་འཕགས་པ་མ་ཡིན་པའི་སྐྱེ་བོ་མེད་དོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་དེ་བཞིན་གཤེགས་པ་དྲི་མེད་ཏོག་ཅེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་དྲི་མེད་ཏོག་དེའི་སྐུ་ཚེའི་ཚད་དཔག་ཏུ་མེད་པར་གྱུར་ཏོ། །སེམས་ཅན་དེ་དག་ཀྱང་འཚོ་བ་བདེ་བར་གྱུར་ཏེ། འདོད་ཆགས་ཆུང ། ཞེ་སྡང་ཆུང ། གཏི་མུག་ཆུང ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན། འཕགས་པས་བསྒྲུབས་པའི་ངོ་ཚ་དང་ལྡན་ 330a ༄#། །ཏེ།་གང་ཕལ་ཆེར་དེ་བཞིན་གཤེགས་པ་དྲི་མེད་ཏོག་དེ་དང་ལས་ལྷན་ཅིག་བསགས་པ་ཡིན་ནོ། །དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མེད་ཏོག་དེ་བཞུགས་ནས་བསྙེན་བཀུར་བྱས། རྗེད་ཅིང་མཆོད། སྒྲ་གྲགས། སྙན་པ་ཡང་དག་པར་བྱུང ། གྲགས་པ་རྣམ་པར་གྲགས་ཏེ། ཇི་ལྟར་འདིར་འཕགས་པའི་སྐྱེ་བོ་ཡང་དག་པར་འདུ་བ་བྱུང་བ་བཞིན་ནོ། །དེ་བཞིན་གཤེགས་པ་དྲི་མེད་ཏོག་དེའི་སངས་རྒྱས་ཀྱི་ཞིང་དེ་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་ཞིག་བྱུང་ངོ ། །དེར་དེ་བཞིན་གཤེགས་པ་དྲི་མེད་ཏོག་དེ་གྲོང་ནས་གྲོང་དུ་།གྲོང་ཁྱེར་ནས་གྲོང་ཁྱེར་དུ། གྲོང་རྡལ་ནས་གྲོང་རྡལ་དུ་སྤྱད་པ་སྤྱོད་དོ། །གང་དང་གང་དུ་གཤེགས་ནས་སླར་བཞུད་པའི་ཚེ་དེ་དག་དུ་ཞིང་མཆི་མ་འབྱིན་ཏོ། །གང་དང་གང་དུ་གཤེགས་པ་དེར་དགའ་བར་འགྱུར་ཏེ་ཡིད་དུ་འོང་ཞིང་བླ་མར་སེམས་སོ། །དེ་གང་དང་གང་དུ་ཆོས་སྟོན་པ་དེ་དང་དེར་སེམས་ཅན་བྱེ་བ་ཁྲག་ཁྲིག་མཐའ་ཡས་པ་དག་འདུལ་བར་འགྱུར་ཏེ། ལ་ལ་ནི། ཉན་ཐོས་ཀྱི་ཐེག་པས། ལ་ལ་ནི། རང་སངས་རྒྱས་ཀྱི་ཐེག་པས། ལ་ལ་ནི། བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པས་འདུལ་བར་མཛད་དོ། །དེ་བཞིན་གཤེགས་པ་དྲི་མེད་ཏོག་དེ་ཆོས་སྟོན་པ་ན་ཡན་ལག་བརྒྱད་དང་ལྡན་པའི་གསུང་ཞལ་ནས་འབྱུང་ཞིང་སྒྲ་དབྱངས་ཀྱི་ཡན་ལག་ལྔ་བརྒྱས་ཡང་དག་ 330b པར་བསྡུས་པ་དེ་མངོན་པར་བྱུང་པས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་འདིར་མངོན་པར་གོ་བར་མཛད་དོ། །གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མེད་ཏོག་ཆོས་སྟོན་པ་དེའི་ཚེ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དེར་སྤོས་ཆུས་ཆག་ཆག་བཏབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་འཕྲིན་ལས་མངོན་པར་འདུ་མཛད་པས། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མེད་ཏོག་དེ་ཆོས་སྟོན་པ་དེའི་ཚེ་བར་སྣང་ལས་ལྷའི་སིལ་སྙན་གྱི་སྒྲ་དག་རབ་ཏུ་འབྱུང་ངོ ། །དེ་ལ་སེམས་ཅན་གང་འདོད་པ་ལ་དགའ་བ་དེ་དག་ནི། ཡིད་དུ་འོང་བའི་སྒྲ་དབྱངས་སྙན་ཅིང་བདེ་ལ་མངོན་པར་དགའ་བ་དག་ཐོས་སོ། །སྒྲ་དབྱངས་གང་ལྟ་བུ་ལ་དགའ་ཞིང་འདོད་པ་དེ་འདྲ་བའི་སྒྲ་ཐོས་སོ། །གལ་ཏེ་མྱ་ངན་ལས་འདས་པའི་དགའ་བ་འདོད་ན། དགའ་བ་དེ་ཁ་ན་མ་ཐོ་བ་མེད་ཅིང་བདེ་བར་སོ་སོ་ཡང་དག་པར་མྱོང་བར་འགྱུར་རོ། །སེམས་ཅན་གང་དག་ཆོས་འདོད་པར་གྱུར་ན། དེ་དག་མི་རྟག་པའི་སྒྲ་ཐོས་ཤིང་སྡུག་བསྔལ་གྱི་སྒྲ་དང ། བདག་མེད་པའི་སྒྲ་དང ། ཞི་བའི་སྒྲ་ཐོས་སོ། །མྱ་ངན་ལས་འདས་པའི་སྒྲ་ཐོས་།སངས་རྒྱས་ཀྱི་སྒྲ་དང ། ཆོས་ཀྱི་སྒྲ་དང ། དགེ་འདུན་གྱི་སྒྲ་ཐོས་སོ། །སངས་རྒྱས་རྗེས་སུ་དྲན་པའི་སྒྲ་ཐོས། དེ་བཞིན་དུ་སྦྱར་ཏེ་ཆོས་རྗེས་སུ་དྲན་པ་དང ། དགེ་འདུན་རྗེས་སུ་དྲན་པ་ 331a ༄#། །དང ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང ། གཏོང་བ་རྗེས་སུ་དྲན་པ་དང ། ལྷ་རྗེས་སུ་དྲན་པའི་སྒྲ་ཐོས་སོ། །དེ་བཞིན་གཤེགས་པ་དེའི་འཕྲིན་ལས་རྣམ་པར་སྨིན་པ་མངོན་པར་བསྒྲུབས་པ་ཉིད་ཀྱིས་ཆོས་ཉན་པ་དེ་དག་ལ་རླུང་བསིལ་བ་ལྡང་ངོ ། །རླུང་བསིལ་བ་གང་དག་ལངས་པས་ཆོས་ཉན་པ་དག་དགའ་བ་སྐྱེའོ། །གང་གི་ཚེ་དེ་བཞིན་གཤེགས་པ་དེ་ཆོས་སྟོན་པ་ན་དེ་བཞིན་གཤེགས་པ་དེའི་རྣམ་པར་སྨིན་པ་མངོན་པར་གྲུབ་པའི་རླུང་ལངས་པ་དེ་ཉིད་ཀྱིས་དེའི་ཚེ་ཆོས་འདོད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་སྒྲིབ་པ་ལྔ་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་མི་འབྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་རིམ་གྲོ་པ་དགེ་སློང་དཔལ་འབྱུང་ཞེས་བྱ་བ་འཁོར་དེ་ཉིད་ན་དེ་བཞིན་གཤེགས་པ་དེའི་སྣམ་ལོགས་ན་འདུག་པར་གྱུར་ཏེ། དེ་ཆོས་ལ་ཆུད་པའི་ཡིད་ཀྱིས་དེ་བཞིན་གཤེགས་པའི་འཁོར་དེ་མཐོང་ངོ ། །གང་དཀྲུགས་པའི་སྒྲའམ། འཁྲུགས་པའི་སྒྲའམ། མ་དྲང་བའི་སྒྲ་མེད་ཅིང་དེ་རྣམ་པར་དང་བའི་ཡིད་ཀྱིས་སེམས་ཡང་དག་པར་བསྐྱེད་དེ་ཇི་ལྟར་དེ་བཞིན་གཤེགས་པ་དྲི་མེད་ཏོག་ད་ལྟར་འཁོར་བཞི་དག་ལ་ཆོས་སྟོན་པ་ལྟར་བདག་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁོར་གྱི་དཀྱིལ་འཁོར་འདི་ལྟ་བུས་ 331b ཡོངས་སུ་བསྐོར་ཅིང་ཆོས་སྟོན་པར་གྱུར་ཅིག་།སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་ཏོག་དེས་རིམ་གྲོ་པ་དགེ་སློང་དེའི་བསམ་པ་ལ་གཟིགས་ནས་འོད་བཏང་ངོ ། །འོད་གང་གིས་རེག་མ་ཐག་ཏུ་དགེ་སློང་དཔལ་འབྱུང་དེ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་བོ། །ཏིང་ངེ་འཛིན་གང་གི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒ་ལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དཔལ་འབྱུང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན།་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དཔལ་འབྱུང་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་སྙོམས་པར་འཇུག་པའི་མཁས་པ་ལ་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ། ངས་སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒ་ལ་གྱི་བུ། སྔོན་བྱུང་ 332a ༄#། །བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྲམ་ཟེ་དྲི་མེད་མིག་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་བ། ལོངས་སྤྱོད་མང་བ། བདག་གིར་བྱ་བ་མང་བ། ནོར་དང་ཡོ་བྱད་མང་བ། ཕ་མ་གཙང་བ། ཆུང་མ་གཙང་བ། མངལ་གྱི་སྐྱོན་གྱིས་མ་གོས་པ། རིགས་དམའ་བའི་ཁ་ན་མ་ཐོ་བ་མེད་པ། འདོན་པ་པོ། །གཞུང་འཛིན་པ། རིག་པ་གསུམ་དང ། སྒྲ་ངེས་པར་སྤྱོར་བ་དང་བཅས་པ། ཤེས་གསལ་དང་བཅས་པ། ཡི་གེ་དང་བཅས་པ། རབ་ཏུ་དབྱེ་བ་དང་བཅས་པ་ལྔ་པ་སྟེ་སྔོན་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་གནས་དང ། བརྡ་སྤྲོད་པ་དང ། འཇིག་རྟེན་རྒྱང་ཕན་པ་དང ། མཆོད་སྦྱིན་གྱི་རྒྱུད་དང ། སྐྱེས་བུ་ཆེན་པོའི་མཚན་ཉིད་ཀྱི་རྒྱུད་རིག་པ་གསུམ་གྱི་གསུང་རབ་ལ་སོ་སོའི་སློབ་དཔོན་རྣམས་ཀྱིས་རྗེས་སུ་གནང་བ་ཞིག་བྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་བཅིངས་པ་ཐམས་ཅད་རབ་ཏུ་རྣམ་པར་འགྲོལ་བ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་བཅིངས་པ་ཐམས་ཅད་རབ་ཏུ་རྣམ་པར་འགྲོལ་བ་དེའི་གསུང་རབ་དེ་ལ་སེམས་ཅན་རྣམས་ཀྱི་ཚེའི་ཚད་དཔག་ཏུ་མེད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་བཅིངས་པ་ཐམས་ཅད་རབ་ཏུ་རྣམ་པར་ 332b འགྲོལ་བ་དེའི་ཉན་ཐོས་ཀྱི་འཁོར་སྟོང་ཕྲག་དཔག་ཏུ་མེད་པ་དག་བྱུང་ངོ ། །བྱང་ཆུབ་སེམས་དཔའ་འཁོར་དཔག་ཏུ་མེད་པ་དག་བྱུང་ངོ ། །དེ་བཞིན་གཤེགས་པ་བཅིངས་པ་ཐམས་ཅད་རབ་ཏུ་རྣམ་པར་འགྲོལ་བ་དེའི་ཉན་ཐོས་འདུས་པ་དང ། བྱང་ཆུབ་སེམས་དཔའ་འདུས་པ་དཔག་ཏུ་མེད་པ་དག་བྱུང་ངོ ། །དེར་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་རྣམ་པར་འགྲོལ་བ་དེ་སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ལས་བརྩམས་ནས་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་ལ་མཁས་པར་བྱ། སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ལའང་མཁས་པར་བྱའོ། །དགེ་སློང་དག་།ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་མཁས་པར་བྱ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་བསམ་གཏན་དང་པོའི་རྗེས་སུ་མཐུན་པའི་ཆོས་རྣམས་ལ་མངོན་པར་བརྩོན་པར་བྱའོ། །བསམ་གཏན་དང་པོ་དེ་ནི། གང་ཡིན། བསམ་གཏན་དང་པོ་དེ་ལ་ཇི་ལྟར་སྙོམས་པར་འཇུག་པའི་མིང་འཐོབ་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔས་འདི་ལྟར་རབ་ཏུ་ཤེས་པར་བྱ་སྟེ། འདོད་པའི་རྣམ་པར་རྟོག་པ་ལས་ངེས་པར་འབྱུང་བ་ནི། རྣམ་པར་ཏོག་པའི་གཉེན་པོའོ། །ངེས་པར་འབྱུང་བའི་རྣམ་པར་རྟོག་པ་དེས་འདོད་པའི་རྣམ་པར་རྟོག་པ་བཟློག་སྟེ། དེ་འདིའི་གཉེན་པོའོ། །སྙོམས་པར་ 333a ༄#། །འཇུག་པས་དེ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །གནོད་སེམས་ཀྱི་རྣམ་པར་རྟོག་པའི་གཉེན་པོ་ནི། གནོད་སེམས་མེད་པའི་རྣམ་པར་རྟོག་པ་སྟེ། དེ་འདི་ལ་སྙོམས་པར་འཇུག་པ་ཡིན་པས་དེ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །རྣམ་པར་འཚེ་བའི་རྣམ་པར་རྟོག་པའི་གཉེན་པོ་ནི། རྣམ་པར་འཚེ་བ་མེད་པའི་རྣམ་པར་རྟོག་པ་སྟེ།་རྣམ་པར་འཚེ་བ་མེད་པའི་རྣམ་པར་རྟོག་པས་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ཟློག་པར་བྱེད་དོ། །དེ་འདི་ལ་སྙོམས་པར་འཇུག་པ་ཡིན་པས་དེ་ལ་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་།བསམ་གཏན་གཉིས་པའི་གཉེན་པོ་ནི། རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པ་ཡིན་ལ་དེ་དག་གི་གཉེན་པོ་ནི། ཏིང་ངེ་འཛིན་གྱིས་བསྐྱེད་པའི་དགའ་བ་ཡིན་ནོ། །དེ་འདི་ལ་སྙོམས་པར་འཇུག་པ་ཡིན་པས་དེ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །བསམ་གཏན་གསུམ་པའི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་དགའ་བའི་གཉེན་པོ་ནི། དེའི་དགའ་བ་མེད་པའི་བདེ་བའི་གཉེན་པོ་སྟེ། དེ་འདི་ལ་སྙོམས་པར་འཇུག་པ་ཡིན་པས་དེ་ལྟ་བས་ན་སྙོམས་པར་འཇུག་པ་ཞེས་བྱའོ། །བསམ་གཏན་བཞི་པ་ལ་བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པའི་ཚོར་བ་འཇུག་སྟེ། དེ་ནི། བདེ་བ་དང་སྡུག་བསྔལ་གྱི་གཉེན་པོའོ། །དེ་ 333b འདི་ལ་སྙོམས་པར་འཇུག་པ་ཡིན་པས་དེ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །བམ་པོ་བཅོ་བརྒྱད་པ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་གཉེན་པོ་ནི། གཟུགས་ཀྱི་འདུ་ཤེས་དང ། ཐོགས་པའི་འདུ་ཤེས་སོ། །དེའི་གཉེན་པོ་ནི། ནམ་མཁའི་འདུ་ཤེས་སྙོམས་པར་འཇུག་པ་ཞེས་བྱའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་གཉེན་པོ་ནི། ནམ་མཁའི་འདུ་ཤེས་སོ། །དེ་འདི་ལ་སྙོམས་པར་འཇུག་པ་ཡིན་པས་དེ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །ཅིའང་མེད་པའི་སྐྱེ་མཆེད་ཀྱི་གཉེན་པོ་ནི། རྣམ་ཤེས་ཀྱི་འདུ་ཤེས་སོ། །དེ་འདི་ལ་སྙོམས་པར་འཇུག་པ་ཡིན་པས་དེ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་གཉེན་པོ་ནི། ཅིའང་མེད་པའི་སྐྱེ་མཆེད་དོ། །དེ་འདི་ལ་སྙོམས་པར་འཇུག་པ་ཡིན་པས་དེ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །འགོག་པ་ལ་སྙོམས་པར་འཇུག་པའི་གཉེན་པོ་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །དེ་འདི་ལ་སྙོམས་པར་འཇུག་པ་ཡིན་པས་དེ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །དེའི་ཀུན་འབྱུང་གང་ཞེ་ན། འདི་ལྟ་སྟེ། འདུན་པའོ། །སྙོམས་པར་འཇུག་པ་ཤེས་པ་ཀུན་འབྱུང་བ་ཤེས་པའི་རྒྱུ་ནི། འདུན་པའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བློ་གྲོས་ཟབ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དེའི་སྣམ་ལོགས་ན་འདུག་ཅིང་དེ་བཞིན་གཤེགས་པ་དེ་ལ་ 334a ༄#། །བསིལ་ཡབ་ཀྱིས་གཡོབ་བོ། །དེ་འདི་སྙམ་དུ་སེམས་ཏེ། བདག་མ་འོངས་པའི་དུས་ན་མ་དུལ་བ་རྣམས་འདུལ་བ་དང ། མ་ཞི་བ་རྣམས་ཞི་བར་བྱེད་པ་དང ། བཅིངས་པ་རྣམས་གྲོལ་བར་བྱེད་པ་དང ། མ་རྒལ་བ་རྣམས་སྒྲོལ་བར་བྱེད་བའི་དེ་བཞིན་གཤེགས་པར་གྱུར་ཅིག་།སྙམ་མོ། །བྲམ་ཟེ་དྲི་མ་མེད་པའི་མིག་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེའང་འདི་སྙམ་དུ་སེམས་ཏེ། བདག་མ་འོངས་པའི་དུས་ན་མ་དུལ་བ་རྣམས་འདུལ་བ་དང ། མ་ཞི་བ་རྣམས་ཞི་བར་བྱེད་པ་དང ། བཅིངས་པ་རྣམས་གྲོལ་བར་བྱེད་པ་དང ། མ་རྒལ་བ་རྣམས་སྒྲོལ་བར་བྱེད་པའི་དེ་བཞིན་གཤེགས་པར་གྱུར་ཅིག་།སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་བཅིངས་པ་ཐམས་ཅད་རབ་ཏུ་རྣམ་པར་འགྲོལ་བ་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་པ་གཉིས་ལ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སེམས་ཅན་གང་དག་སྡུག་བསྔལ་མཐོང་ནས་སྙིང་རྗེ་ཆེ་སྐྱེས་པ། །དེ་དག་རིན་ཆེན་ཀུན་གྱིས་མཆོད་པ་བྱས་པས་དེ་མི་ནུས། །གང་ཚེ་སེམས་ཅན་ཀུན་གྱིས་ཕྱོགས་བཅུའི་འཇིག་རྟེན་དག་ཏུ་མེ། །བུས་ནས་བདེ་གཤེགས་མཆོད་ཀྱང་དེ་ཡིས་མཆོད་པར་མི་འགྱུར་རོ། །དེ་ཡི་སེམས་གཅིག་བསྐྱེད་པའི་ཡོན་ཏན་མཐའ་དག་ཚིག་གིས་སུ། །བརྗོད་པར་མི་ནུས་ཡོན་ཏན་ཟད་པར་བྱ་ལྟ་ག་ལ་ 334b ནུས། །དེ་ལྟ་བས་ན་མཁས་པའི་མི་ཡིས་སངས་རྒྱས་ཆོས་ཚོལ་ན། །ཡོན་ཏན་རྣམས་ལ་འབད་བྱ་དེ་བཞིན་གཤེགས་པ་ཡོན་ཏན་མཆོད། །སངས་རྒྱས་ཆོས་ཚོལ་བ་ན་དེས་ནི་ལུས་ལ་བསྲུངས་པ་མེད། །འདྲེན་པའི་གཏོང་ལ་བསླབ་པས་ཡང་དང་ཡང་དུ་ཡོངས་བཏང་ངོ ། །རྐང་གཉིས་མཆོག་ནི་དངོས་པོ་ཀུན་ལ་ཡོངས་སུ་བསླབ་པས་སུ། །འདི་ལྟར་སངས་རྒྱས་ཆོས་ཉིད་བྱང་ཆུབ་མཆོག་ནི་ང་ཡིས་བརྙེས། །གང་དག་ཆོས་རྣམས་སྐྱེ་བ་ཇི་ལྟ་བཞིན་དུ་རྣམ་ཤེས་ན། །བུ་དེ་མི་ཡི་དབང་པོ་ཡབ་ཀྱི་རིགས་ནི་འཕེལ་བར་བྱེད། །མཉམ་པའི་ཆོས་རྟོགས་པ་ནི་བདུད་ཀྱིས་བཅིངས་པ་གཅོད་བྱེད་ཅིང ། །བདུད་ཀྱི་ཞགས་པ་ལས་གྲོལ་སེམས་ཅན་གཞན་ཡང་རབ་གྲོལ་བྱེད། །དེ་ལྟ་བས་ན་བྱང་ཆུབ་ཚོལ་བས་དངོས་ཀུན་ཡོངས་སུ་སྤོང ། །བྱང་ཆུབ་ཞི་བ་ཚོལ་ན་ཆོས་ཀྱི་ཚུལ་ལ་བསླབ་པར་གྱིས། །དེ་ནས་བྱང་ཆུབ་སེམས་དཔའ་དེ་གཉིས་བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྟན་པ་ཐོས་ནས་དེའི་ཚེ་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ལ་བློ་ངེས་ཤིང་དེ་གཉིས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་དྲི་མེད་མིག་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འོད་སྲུང་དེ། དེའི་ཚེ་དེའི་དུས་ན་བྲམ་ཟེ་དྲི་མེད་ 335a ༄#། །མིག་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བློ་གྲོས་ཟབ་མོ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་བློ་གྲོས་ཟབ་མོ་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ།་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སྙོམས་པར་འཇུག་པ་ལ་མཁས་པར་བྱ་ཞིང་དེ་བཞིན་དུ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །མཽངྒལ་གྱི་བུ། ངས་སྙོམས་པར་འཇུག་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་སྙོམས་པར་འཇུག་པ་ཤེས་པ་འགོག་པ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་རྡུལ་དང་དྲི་མ་དང་མུན་པ་འཇོམས་པ་ཞེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་ 335b འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་རྡུལ་དང་དྲི་མ་དང་མུན་པ་འཇོམས་པ་དེའི་སྐུ་ཚེའི་ཚད་ལོ་སྟོང་ཕྲག་བརྒྱད་ཅུར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་དང་དྲི་མ་དང་མུན་པ་འཇོམས་པ་དེའི་ཉན་ཐོས་འདུས་པ་གསུམ་བྱུང་སྟེ། ཉན་ཐོས་འདུས་པ་གཅིག་ནི། དགྲ་བཅོམ་པ་ཟག་པ་ཟད་པ་ནས་རྒྱ་ཆེར་སྦྱར་ཏེ་མཉམ་པ་ཉིད་ཤེས་ཤིང་རྣམ་པར་གྲོལ་བའི་བར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གོ་།གཉིས་པ་ནི། དགུ་བཅུ་རྩ་བཞིའོ། །གསུམ་པ་ནི། དགུ་བཅུ་རྩ་གཉིས་སོ། །དེའི་བྱང་ཆུབ་སེམས་དཔའ་འདུས་པ་གསུམ་བྱུང་སྟེ། དེ་དག་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པ། ཐེག་པ་དཔག་ཏུ་མེད་པ་ལ་ཡང་དག་པར་རབ་ཏུ་གནས་པ། ཐེག་པ་གྲངས་མེད་པ་ལ་ཡང་དག་པར་རབ་ཏུ་གནས་པ། ཐེག་པ་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པ་ལ་ཡང་དག་པར་རབ་ཏུ་གནས་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དཔག་ཏུ་མེད་པར་སྨོན་ལམ་གྱིས་ཡང་དག་པར་རབ་ཏུ་གནས་པ་དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བརྗོད་དུ་མེད་པའི་བར་ལ་སྨོན་ལམ་གྱིས་ཡང་དག་པར་རབ་ཏུ་གནས་པ་རྣམས་སོ། །དེ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནི། ལོ་བྱེ་བ་ཕྲག་བརྒྱད་ཅུར་གནས་སོ། །དེའི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གསེར་གྱི་ 336a ༄#། །རྒྱལ་མཚན་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་ངོ ། །དེའི་རིན་པོ་ཆེ་སྣ་བདུན་བྱུང་བ་ནི། འདི་དག་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང ། དེ་བཞིན་དུ་སྦྱར་ཏེ། བློན་པོ་རིན་པོ་ཆེའི་བར་བདུན་པོ་དེ་དག་ཡིན་ནོ། །དེའི་བུ་སྟོང་ཐམ་པ་ཡོད་དེ་དཔའ་ཞིང་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། དེ་ཐམས་ཅད་སའི་དཀྱིལ་འཁོར་འདི་འབའ་ཞིག་ཁོ་ནས་ཆད་པ་མེད་ཅིང ། མཚོན་གྱིས་བདའ་བ་མེད་ལ་རང་གི་ཆོས་ཀྱིས་ཤིན་ཏུ་གནས་སོ། །རྒྱལ་པོ་གསེར་གྱི་རྒྱལ་མཚན་གྱི་ཡུལ་རྣམ་པར་རྒྱལ་བྱེད་དེར་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དམྱལ་བ་དག་མ་བྱུང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་མ་བྱུང ། ལྷ་མ་ཡིན་གྱི་རིས་དག་མ་བྱུང་ངོ ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་ལྡན་པར་གྱུར་ཅིང ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཚེ་ངེས་པར་གྱུར་ཏོ། །སེམས་ཅན་རྣམས་ཀྱི་ཚེའི་ཚད་ལོ་སྟོང་ཕྲག་བརྒྱད་ཅུར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དྲི་མེད་གཏོང་ཞེས་བྱ་བ་ཞིག་བྱུང་ 336b སྟེ།་དེ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་ཅུ་དག་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་རིང་བསྲེལ་ལ་མཆོད་པ་བྱ་བར་སྤྲོ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དེའི་རིང་བསྲེལ་ལ་མཆོད་པ་བྱེད་པ་ནི།་ལོ་ལྔར་བྱས་ཤིང་ཡོངས་སུ་བཟུང་ངོ ། །དེར་ལོ་ལྔར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་འདུས་ཏེ། དེ་དག་ལ་བྱང་ཆུབ་སེམས་དཔའ་དྲི་མེད་གཏོང་བདག་གི་དངོས་པོ་ཐམས་ཅད་གཏོང་བར་བྱེད་དེ། ཚེ་དང་ལྡན་པ་དག་གང་ལ་ཡོ་བྱད་གང་དགོས་པ་དེ་བདག་ཉིད་ཀྱིས་གཏང་བར་བགྱིའོ། །ཇི་ཙམ་དུ་ཤ་དང་ཁྲག་དགོས་ནའང་གཏོང་ན། ཡོ་བྱད་གཞན་ལྟ་སྨོས་ཀྱང་ཅི་དགོས། དེའི་ཚེ་རྒྱལ་པོ་དྲི་མེད་ཟླ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་དེ་ལ་མངོན་པར་དད་ནས་དེས་འཁོར་གྱི་བཙུན་མོ་སྟོང་ཕྲག་བརྒྱད་ཅུ་དང ། བདག་ཉིད་ཀྱང་དགེ་འདུན་ལ་ཕུལ་བར་གྱུར་ཏོ། །དེས་དགེ་སློང་རེ་རེ་དག་ལ་བདག་གི་བཙུན་མོ་དེ་དག་སླར་བླུ་བའི་ཕྱིར་ཆོས་གོས་དང ། ལྷམ་ཟུང་དང ། གདུགས་དང ། རིལ་པ་སྤྱི་བླུགས་ཚོལ་བ་དང ། ལུས་ལ་བགོ་བ་དང ། སྟེང་ནས་དགབ་པ་དང ། གདིང་བ་དང ། ལོངས་སྤྱོད་ཐམས་ཅད་ཕུལ་ལོ། །དགེ་སློང་གི་དགེ་འདུན་ལ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང ། བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་གྱི་རྐྱེན་གྱིས་ཡོ་བྱད་རྣམས་མངོན་པར་སྦྱར་ཏོ། །མཽངྒལ་ 337a ༄#། །གྱི་བུ།་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲི་མེད་གཏོང་ཞེས་བྱ་བ་གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བསྟན་པ་ཡོངས་སུ་བཟུང་ཞིང་ལོ་ལྔར་བྱས་པར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲི་མེད་གཏོང་ཞེས་བྱ་བར་གྱུར་ཏོ། །ངས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བསྟན་པ་ཡོངས་སུ་བཟུང་ཞིང་དེའང་ལོ་ལྔར་བྱས་སོ། །དགེ་སློང་གི་དགེ་འདུན་དེ་དག་གི་བདེ་བའི་རིམ་གྲོ་བྱས་ཤིང ། ང་རྟག་ཏུ་སེམས་ཤིན་ཏུ་མཉམ་པར་བཞག་པར་གྱུར་ཏོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་སྙོམས་པར་འཇུག་པ་འགོག་པ་མངོན་དུ་བྱ་བར་ཡོངས་སུ་བསྔོས་སོ། །དགེ་བའི་རྩ་བ་དེས་ངས་སྙོམས་པར་འཇུག་པ་ཤེས་པ་འགོག་པ་ཤེས་པ་མངོན་དུ་བྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སྙོམས་པར་འཇུག་པ་ཤེས་པ་འགོག་པ་ཤེས་པ་མངོན་དུ་བྱ་བར་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་སྤྲོ་བར་བྱ། དགེ་སློང་གི་དགེ་འདུན་ལའང་རིམ་གྲོ་ཡོངས་སུ་སྤྱད་པའི་ཕྱིར་སེམས་སྤྱད་བར་བྱའོ། །མཽངྒལ་གྱི་བུ། ངས་སྙོམས་པར་ 337b འཇུག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ན་བདག་སྙོམས་པར་འཇུག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཐོབ་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་ཀུན་ནས་མཛེས་པ་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ནས་རྒྱ་ཆེར་སྦྱར་ཏེ། ཤིན་ཏུ་གནས་པའི་བར་ཞིག་བྱུང་ངོ ། །དེ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པ་དེ་འབའ་ཞིག་ཁོ་ནས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་བར་ལ་དབང་ཕྱུག་གིས་དབང་བྱེད་པ་དང་ལྡན་པ། སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་དང་ལྡན་ནོ། །དེ་ནས་རྒྱལ་པོ་ཀུན་ནས་མཛེས་པ་དེ་འདི་སྙམ་དུ་སེམས་ཏེ། སྔོན་གྱི་འཁོར་ལོས་བསྒྱུར་པ་རྣམས་ཀྱི་སྒྲུབ་པ་ཅི་འདྲ་བ་ཞིག་ཏུ་གྱུར། བདག་སྒྲུབ་བ་གང་གིས་རྒྱལ་སྲིད་བྱ། བདག་འཁོར་ལོས་བསྒྱུར་བའི་སྒྲུབ་པའི་ཆོས་སྤྱོད་པས་མི་འདའ་བར་བྱ། བདག་ 338a ༄#། །ཆོས་སྤྱད་པས་སྡིག་པའི་འགྲོ་བར་འགྱུར་བ་ནས་བདག་དབང་ཕྱུག་དང་ལྡན་པ་ལས་ངན་སོང་གི་སར་འཇུག་པའི་བར་མི་འགྲོ། བདག་རྒྱལ་པོའི་མིང་དོན་མེད་པར་མི་འགྱུར་བར་བྱ་སྙམ་ནས་སྐྱོན་དེ་དག་ཡང་དག་པར་མཐོང་སྟེ་བློན་པོ་རྣམས་ལ་སྨྲས་པ། འདི་ལྟར་གྲོང་གི་གཙོ་བོ་ཁྱེད་ཅག་ངའི་བྲན་ཡིན་ཏེ།་རྒྱལ་སྲིད་སོ་སོར་སྲུང་བ་ཆོས་ཀྱི་རྒྱུད་སྟོན་པ་ཁྱོད་ལ་སྔོན་གྱི་རྒྱལ་པོས་སྒྲུབ་པ་གང་གིས་རྒྱལ་སྲིད་རྗེས་སུ་བསྟན་པ་དང ། ཡོངས་སུ་བསྐྱངས་པ་དང ། སོ་སོར་བསྲུངས་པ་ང་འདྲི་ཡི། ཇི་ལྟར་བདག་རྒྱལ་པོའི་སྒྲུབ་པ་རྒྱལ་སྲིད་མི་ཟད་པ་དང ། མི་ཉམས་པ་དང ། མི་འདའ་བ་དང ། རྗེས་སུ་སྟོན་པ་དེ་ཁྱོད་ཀྱིས་བདག་ལ་སྟོན་ཅིག་།དེ་དག་གིས་འདི་སྐད་སྨྲས་སོ། །ལྷ། བདག་ཅག་གིས་དེའི་དོན་མ་འཚལ་ཏོ། །ལྷའི་ཉེན་ཀོར་ན་དྲང་སྲོང་མངོན་པར་ཤེས་པ། ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ཆོས་ལ་མཁས་པ། བསྟན་བཅོས་ལ་མཁས་པ། རབ་ཏུ་དགའ་བའི་མིག་ཅན་ཞིག་མཆིས་ཏེ། དེ་སྒྲུབ་པ་གང་གིས་སྔོན་གྱི་རྒྱལ་པོའི་རྒྱལ་སྲིད་རྗེས་སུ་བསྟན་པ་དང ། ཡོངས་སུ་བསྐྱངས་པ་དང ། སོ་སོར་བསྲུངས་པ་འཚལ་ཏེ། ལྷ། དེ་དག་བསྡུར་གསོལ། བསྡུས་ནས་འཁོར་ལོས་བསྒྱུར་བའི་ 338b སྒྲུབ་པ་སྔོན་གྱི་རབས་ཡོངས་སུ་སྨྲར་གསོལ། འོན་ཀྱང་འཁོར་ལོས་བསྒྱུར་བའི་རྒྱུད་སྔོན་གྱི་རབས་འབྱུང་བར་འགྱུར་ལགས་སོ། །དེ་ནས་རྒྱལ་པོ་ཀུན་ནས་མཛེས་པ་བློན་པོ་དེ་དག་གི་ལྟར་མཉན་ནས་གང་འདི་དང་ཉེ་བ་ན། སྔོན་གྱི་མི་ཡུལ་གྱི་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་དེ་དག་བཀུར་སྟི་ཆེན་པོས་རྒྱལ་པོའི་ཕོ་བྲང་རྒྱ་མཚོ་ཅན་དུ་སྡུད་པར་བྱེད་དོ། །རྒྱལ་པོའི་ཕོ་བྲང་རྒྱ་མཚོ་ཅན་དེའང་འབྱོར་པ་དང ། རྒྱས་པ་དང ། དགེ་བ་དང ། ལོ་ལེགས་པ་དང ། སྐྱེ་བོ་དང་མི་མང་པོས་གང་ཞིང ། དེར་དེའི་སྐྱེ་བོ་དག་ཀུན་ཏུ་འདུས་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཀུན་ནས་མཛེས་པ་དེའི་དྲུང་དུ་དྲང་སྲོང་ཁྲི་ཕྲག་བརྒྱད་ཅུ་ཕལ་ཆེར་ལྔ་མངོན་པར་ཤེས་ཤིང་དགེ་བའི་རྩ་བ་ཡུན་རིང་དུ་སྤྱད་པ།་སྐྱེ་རྒུ་ལ་ཕན་པར་འདོད་པ་དག་ཅིག་བྱུང་ངོ ། །རྒྱལ་པོ་ཀུན་ནས་མཛེས་པ་དེ་སྲོག་ཆགས་ཁྲི་རྣམས་དང་ལྷན་ཅིག་དཔུང་གི་ཚོགས་དང ། གྲོང་རྡལ་གྱི་ཡུལ་མི་དང་ལྷན་ཅིག་ཏུ་གུས་པ་ཆེན་པོས་དེ་དག་དཔག་ཚད་དུ་བསུའོ། །གང་རྒྱལ་པོ་དེའི་ཡོངས་སུ་སྤྱོད་པའི་བཙུན་མོ་དང ། འཁོར་གྱི་སླས་བུད་མེད་ཁྲི་ཕྲག་བརྒྱད་ཅུ་དེ་དག་དང་ལྷན་ཅིག་ཏུ་དྲང་སྲོང་དེ་དག་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་དྲང་སྲོང་དེ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དྲང་སྲོང་དེ་དག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། དྲང་ 339a ༄#། །སྲོང་དེ་དག་དང་ཡང་དག་པར་སྨྲ་བ་ལ་ཞུགས་སོ། །དེའི་ཚེ་འཁོར་ལོས་བསྒྱུར་བའི་སྒྲུབ་པའི་དོན་དུ་སྔོན་གྱི་རབས་འདོན་པའི་མི་སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་ཙམ་འདུས་སོ། །དེ་དག་ཐམས་ཅད་ལ་རྒྱལ་པོ་ཀུན་ནས་མཛེས་པ་དེས་ཞེས་ཆེན་པོ་བྱེད་དོ། །དྲང་སྲོང་དེ་དག་དང ། སྔོན་རབས་འདོན་པའི་མི་དེ་དག་འཁོར་ལོས་བསྒྱུར་བ་དེའི་སྒྲུབ་པ་སྔོན་གྱི་རབས་ཀྱི་ངོ་བོ་དེ་དག་སྨྲ་བར་བྱེད་དེ། འཁོར་ལོས་བསྒྱུར་བའི་སྒྲུབ་པའི་སྔོན་གྱི་རབས་གང་གིས་རྒྱལ་སྲིད་བྱས་པ་དང ། རྗེས་སུ་བསྐྱངས་པ་དང ། རྗེས་སུ་བསྟན་པ་སྨྲས་སོ། །དེ་དྲང་སྲོང་དེ་དག་དང་སྔོན་གྱི་རབས་འདོན་པ་དེ་དག་གི་ལྟར་མཉན་ནས་འཁོར་ལོས་བསྒྱུར་བའི་སྒྲུབ་པ་འཕགས་པས་རྒྱལ་སྲིད་བྱེད་དོ། །སེམས་ཅན་ཐམས་ཅད་ལའང་བྱམས་པའི་སེམས་ཉེ་བར་བཞག་སྟེ། དེས་དེ་དག་རྒྱལ་སྲིད་ཀྱི་ཆོས་ཀྱི་རྗེས་སུ་བསྟན་ཅིང་ཚངས་པའི་གནས་བཞི་བསྐྱེད་དོ། །སྐྱེ་བོ་ཐམས་ཅད་ལའང་ཚངས་པའི་གནས་བཞི་བསྐྱེད་དུ་བཙུད་དེ་དེ་དག་ཐམས་ཅད་ཀྱང་ཚངས་པའི་འཇིག་རྟེན་དུ་སྐྱེས་ཏེ། དེ་ན་སྙོམས་པར་འཇུག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤིན་ཏུ་བསྒོམས་ཏེ། ཚངས་པའི་འཇིག་རྟེན་དེ་ནས་ཤི་ནས་ཀུན་ནས་མཛེས་པ་དེ་དག་དང ། ཐམས་ཅད་དང་ལྡན་པའི་སྐྱེ་བོ་དག་དགེ་ 339b བའི་རྩ་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ནས་མཛེས་པ་དེ་ནི། མ་གཏོགས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། རྒྱལ་པོ་ཀུན་ནས་མཛེས་པ་ཞེས་བྱ་བར་གྱུར་བ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཀུན་ནས་མཛེས་པ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ཡང་ངས་ཆོས་ཀྱི་རྒྱལ་སྲིད་བྱས་ཤིང་ཚངས་པའི་འཇིག་རྟེན་བསྐྱེད། ད་ལྟར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སྙོམས་པར་འཇུག་པ་འགོག་པར་འགྱུར་བའི་ལམ་རབ་ཏུ་བསྟན་ཏེ། སྐྱེ་བོའི་ཚོགས་མང་པོ་དག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། ། མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང ། སེམས་ཅན་རྣམས་ལ་སྟོན་པར་འདོད་པས་ཡོངས་སུ་འདྲི་བའི་རང་བཞིན་ཅན་དུ་བྱའོ། །མཽངྒལ་གྱི་བུ། ངས་ཀུན་ནས་ཉོན་མོངས་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་ 340a ༄#། །སྤྱད་པ་སྤྱོད་པ་ན་བདག་ཀུན་ནས་ཉོན་མོངས་པ་ཤེས་པ་མངོན་པར་རྫོགས་པར་ཤེས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེ་བཞིན་དུ་སྦྱར་ཏེ། དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་དབང་པོ་བསྡམས་པ་ཞེས་བྱ་བ་འདོད་ཆགས་དང་མ་བྲལ་བ། སོ་སོར་བརྟགས་པ་དེས་དབང་པོ་འཛིན་པ་ཞིག་བྱུང་སྟེ། བསྒོམས་པའི་སྟོབས་ཀྱིས་ནི། མ་ཡིན་ནོ། །དེ་བདག་གི་དབང་པོ་ཡུལ་རྣམས་ལ་ཀུན་ནས་ཉོན་མི་མོངས་པར་བྱ་བའི་ཕྱིར་དགོན་པ་ནས་དགོན་པ་ཉིད་དུ། ཚལ་ནས་ཚལ་དུ། ནགས་ནས་ནགས་སུ་འགྲོའོ། །དེ་ཡུན་རིང་ཞིག་འདས་ནས་རེ་ཞིག་ཅིག་ན་བུད་མེད་ཅིག་མཐོང་བར་གྱུར་ཏོ། །དེའི་དབང་པོ་དེ་དག་སྡོམ་པས་གནས་ཤིང་མ་བསྒོམས་པས་བུད་མེད་དེ་མཐོང་མ་ཐག་ཏུ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པར་གྱུར་ཏོ། ། དེའི་འདོད་པའི་འདོད་ཆགས་སྐྱེས་པ་དེའི་ཚེ་དྲན་པ་རྙེད་དེ་དེ་འདི་སྙམ་དུ་སེམས་སོ། །སོ་སོར་རྟོག་པ་འདིས་བདག་གི་དབང་པོ་གཟུང་གི་།ཤེས་པས་སོ་སོར་བརྟགས་ 340b པས་ནི།་མ་ཡིན་ནོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཤེས་པ་གང་གིས་དབང་པོ་སོ་སོར་བསྲུངས་ཏེ་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་འཕགས་པའི་ཡེ་ཤེས་བཙལ་བར་བྱའོ། །སྙམ་མོ། །དེ་དེའི་ཚེ་དེ་ལྟར་སོ་སོར་རྟོག་པ་ན་བར་དེར་བདག་ཉིད་ཀྱི་ཤེས་པ་སྐྱེས་ཏེ། འདི་ལྟར་སྐྱེས་པའི་ཆོས་ཀུན་ནས་ཉོན་མོངས་པ་ཤེས་པར་བྱ་བ་དེ་དག་གང་ཡིན། གང་ལ་བུད་མེད་ཀྱི་ཆོས་ཀུན་ནས་ཉོན་མོངས་པ་ཤེས་པར་བྱ་བ་དེ་དག་གང་ཡིན། དེ་དེ་ལྟར་སོ་སོར་རྟོག་པ་ན་ཀུན་ནས་ཉོན་མོངས་པའི་ཆོས་དེ་མི་དམིགས་ཤིང ། གང་ལ་ཀུན་ནས་ཉོན་མོངས་པའི་ཆོས་དེའང་མི་དམིགས་སོ། །དེ་དེའི་ཚེ་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །དེས་ཀུན་ནས་ཉོན་མོངས་པ་ཤེས་པ་འདི་ལ་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡང་མེད་ཅིང ། འདིར་གང་ལའང་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡང་མེད་པར་འཕགས་པའི་ཡེ་ཤེས་འདིས་ཐེ་ཚོམ་མེད་པ་རྗེས་སུ་ཐོབ་བོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་དབང་པོ་བསྡམས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་དབང་པོ་བསྡམས་པ་ཞེས་བྱ་བར་གྱུར་ཏོ། །ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པ་དེས་ 341a ༄#། །ང་ད་ལྟར་བྱུང་བའི་ཉོན་མོངས་པ་དམིགས་པ་རྣམས་ལ་ཀུན་ནས་ཉོན་མོངས་པ་མེད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འཕགས་པའི་ཡེ་ཤེས་ཀྱིས་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པར་བྱའོ། །མཽངྒལ་གྱི་བུ། ངས་ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། སེམས་ཅན་རྣམས་གང་གིས་ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཐོབ་པར་འགྱུར་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེ་བཞིན་དུ་སྦྱར་ཏེ། དེ་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་མི་ཤེས་པ་སྟོན་པ་ཞེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་འཁོར་བརྒྱ་ཕྲག་སྟོང་ 341b དུ་མ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་བ་དེར་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ལས་བརྩམས་ནས་ཆོས་སྟོན་ཏོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཟླ་བ་ལས་ལྷག་པའི་འོད་ཅེས་བྱ་བ་སྙིང་རྗེ་ཅན། སེམས་ཅན་འདྲེན་པ་མེད་པ་རྣམས་ཀྱི་འདྲེན་པར་འགྱུར་བར་འདོད་པ། སྟོན་པ་དང་བྲལ་བ་རྣམས་ཀྱི་སྟོན་པར་འགྱུར་བར་འདོད་པ། མུན་པ་རྣམས་ལ་སྣང་བར་བྱེད་པར་འདོད་པ། མིག་ཕྱུང་བ་རྣམས་ལ་མིག་བསྐྱེད་པར་འདོད་པ། ལམ་རབ་ཏུ་ཉམས་པ་རྣམས་ལ་ལམ་ཡང་དག་པར་སྟོན་པར་འདོད་པ། འཁོར་བར་རབ་ཏུ་ཞུགས་པ་རྣམས་འཁོར་བ་ལས་འདའ་བར་འདོད་པ། སྙིང་རྗེ་ཆེན་པོ་ཐོབ་པས་ལུས་ཡོངས་སུ་གཏོང་བ་ལ་ལུས་དང་སྲོག་ལ་མི་ལྟ་བ་ཞིག་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པར་གྱུར་ཏོ། །སེམས་ཅན་དག་གི་དོན་གྱི་ཕྱིར་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་ཤེས་པ་སྟོན་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སེམས་ཅན་སྙིང་པོ་དཔལ་ཆེ་གཟི་ཆེ་འོད་ཆེ་ལྡན། ། 342a ༄#། །སེམས་ཅན་རྣམས་ལ་ཐུགས་བརྩེ་མགོན་པོ་ཐུགས་རྗེ་ཅན། །མཁས་པ་འཇིགས་མེད་སངས་རྒྱས་ཡེ་ཤེས་ཁྱོད་ལ་ཞུ། །སངས་རྒྱས་བྱང་ཆུབ་ཚོལ་བར་སྤྱད་མཆོག་སྤྱོད་པའི་ཚེ། །རྣམ་འདྲེན་བྱང་ཆུབ་སེམས་དཔས་ལས་དགེ་ཅི་བགྱིས་ན། །མཁས་པ་ཉོན་མོངས་ཀུན་འབྱུང་ཤེས་མཆོག་ཇི་ལྟར་འཐོབ། །མགོན་པོ་ཀུན་འབྱུང་མཁྱེན་པ་ཇི་ལྟར་བདག་ཐོས་འཚལ། །ལེགས་ཞུས་དེ་ནི་ཐུགས་རྗེ་བསྐྱེད་དེ་བདག་ལ་གསུངས། །སྟོན་པ་འཇིག་རྟེན་ཀུན་མཁྱེན་ཐོབ་པ་ཐུགས་རྗེ་ཅན། །དེ་ཡིས་རྟོག་ལམ་བཅད་དེ་དེ་ཉིད་མཁྱེན་པས་བསྟན། །ཀུན་ནས་ཉོན་མོངས་ཤེས་ལ་སོ་སོར་བགེད་པར་ལྡན། ། ནད་པ་ལ་ནི་ཟས་སྐོམ་གོས་ཀྱིས་བགེད་བྱས་པ། །དགེ་བའི་ལས་དེས་བྱས་པ་བྱང་ཆུབ་ཡོངས་སུ་བསྔོ། །བློ་ལྡན་ཤེས་པ་དེས་ནི་ཉོན་མོངས་རྒྱུ་ཤེས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཟླ་བ་ལས་ལྷག་པའི་འོད་དུ་གྱུར་པ་དེ་གཞན་ཡིན་པར་སེམས་ན།་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཟླ་བ་ལས་ལྷག་པའི་འོད་ཅེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། 342b བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་མངོན་པར་འདུས་བྱས་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལ་སོ་སོར་བགེད་པ་བྱས་ནས་དབྱེ་བ་མེད་པར་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །མཽངྒལ་གྱི་བུ། ངས་ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་བློ་གྲོས་དག་པ་ཞེས་བྱ་བ་ཞིག་བྱུང་ངོ ། །དེའི་བློན་པོ་རྟོག་པ་ཞི་བ་ཞེས་བྱ་བ་མངལ་དུ་མ་དང་འཐབ་མོ་ལ་དབང་བ་ཞིག་བྱུང་ངོ ། ། དེ་བྱ་བ་ཐམས་ཅད་ཀྱི་འཇིག་པ་རྟོག་སྟེ། དེའང་ཚིག་བརྗོད་པ་ཙམ་གྱིས་ཕ་རོལ་གྱི་བྱ་བ་འཇིག་པར་བྱེད། གང་སེམས་བསྐྱེད་པ་དེ་ཚིག་བརྗོད་ཅིང་ཚིག་སྨྲས་པས། དེའི་བྱ་བ་ངེས་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན། མི་དག་གང་བསམ་པ་དེ་སྨྲའོ། །སྐྱེས་བུ་མཁས་པ་དག་འདི་ནས་དེ་ཉིད་ལུང་སྟོན་ཅིང་འཆད་དོ། །དེ་བཞིན་དུ་རྒྱལ་ 343a ༄#། །པོའི་བློན་པོ་རྟོག་པ་ཞི་བ་དེ་ཚིག་ཐམས་ཅད་འགོག་པར་རྟོག་གོ་།དེ་ནས་རྒྱལ་པོ་བློ་གྲོས་དག་པ་དེའི་བྱ་བ་གང་བྱུང་བ་དེ་དག་ཐམས་ཅད་བློན་པོ་རྟོག་པ་ཞི་བ་ལ་འཚོལ་ལོ། །དེ་དེ་དག་བྱེད་དེ། བྱ་བ་གཞན་དུ་འགྱུར་བ་ནི། མེད་དོ། །དེ་ལྟར་རྒྱལ་པོ་དེའི་བློན་པོ་རྒྱལ་པོ་བློ་གྲོས་རྣམ་དག་དེའི་ཤིན་ཏུ་ངེས་པའི་ཕྱིར་གནོད་པ་མེད་པ་ཞིག་བྱུང་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བློན་པོ་རྟོག་པ་ཞི་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་བློན་པོ་རྟོག་པ་ཞི་བ་ཞེས་བྱ་བར་གྱུར་ཏོ། ། ངས་རྒྱལ་སྲིད་འཇིག་པ་དེ་བྱ་བ་ཡོངས་སུ་བརྟགས་པས་ཤིན་ཏུ་འཕེལ་བར་བྱས་ཤིང་ཡོངས་སུ་བསྐྱངས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་སྲིད་པ་འཇིག་པའི་མཐའ་ལས་ཀུན་འབྱུང་བ་ཐམས་ཅད་ཀྱི་ཆོས་གང་ཡིན་པ་དེ་ཐམས་ཅད་ནི། འགོག་པའི་ཆོས་ཅན་ནོ། །ཞེས་ཡོངས་སུ་བརྟག་པར་བྱའོ། །མཽངྒལ་གྱི་བུ། ངས་ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ 343b བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀུན་ནས་ཉོན་མོངས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་པ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེའི་སྐུ་ཚེའི་ཚད་ལོ་བྱེ་བ་ཕྲག་དགུ་བཅུར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་དཀར་བ་དེའི་ཉན་ཐོས་འདུས་པ་དང་པོ་ནི། ཁྲི་ཕྲག་བརྒྱད་ཅུ་བྱུང་ངོ ། །ཉན་ཐོས་འདུས་པ་གཉིས་པ་ནི། དགྲ་བཅོམ་པ་ཁྲི་བྱུང་ངོ ། །ཉན་ཐོས་འདུས་པ་གསུམ་པ་ནི། ཉན་ཐོས་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་བྱུང་ངོ ། །དེའི་ཚེ་རྒྱལ་པོ་མཁས་པའི་ཚུལ་གྱི་བུ་གཞོན་ནུ་བྱང་ཆུབ་སེམས་དཔའ་རི་བོང་ཚིག་ཅེས་བྱ་བ་བལྟ་ན་སྡུག་པ། བསྐལ་པ་གྲངས་མེད་པ་བདུན་ཅུ་རྩ་བདུན་དུ་དགེ་བའི་རྩ་བ་བསྐྱེད་པ་ཞིག་བྱུང་ངོ ། །དེ་བཞིན་གཤེགས་པ་བློ་གྲོས་ 344a ༄#། །དཀར་བ་དེས་ས་ལ་ཞབས་བཞག་པ་ན་ས་ཆེན་པོ་འདི་རྣམ་པར་སྒྲ་འབྱིན་ལ། ཞབས་ཀྱི་འོག་ཏུ་གསེར་གྱི་པདྨ་འདབ་མ་སྟོང་ཡོད་པ་འབྱུང་ཞིང་བྱུང་མ་ཐག་ཏུ་ནུབ་པར་འགྱུར་རོ། །དེའི་ཚེ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སངས་རྒྱས་ཀྱི་འོད་ཀྱིས་རྒྱས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་དུ་ཉིན་གཅིག་ལ་སྤོས་ཆུའི་ཆར་ལན་གསུམ་མངོན་པར་འབབ་བོ། །རླུང་གང་དག་ལྡང་བ་དེ་དག་ཐམས་ཅད་ཀྱང་ལྷའི་སྤོས་ངད་ལྡན་པ་ལྡང་ངོ ། ། སངས་རྒྱས་ཀྱི་ཞིང་དེར་སྒྲ་གང་དག་འབྱུང་བ་དེ་དག་ཐམས་ཅད་མི་རྟག་པའི་སྒྲར་གོ་བར་བྱེད། སྡུག་བསྔལ་གྱི་སྒྲ་དང ། བདག་མེད་པའི་སྒྲར་གོ་བར་བྱེད། ཞི་བའི་སྒྲ་དང ། བདུད་རྩིའི་སྒྲར་གོ་བར་བྱེད་དོ། །སེམས་ཅན་དེ་དག་ཐམས་ཅད་སྒྲ་དེ་ལྟ་བུ་ཐོས་སོ། །སེམས་ཅན་དེ་དག་ཐམས་ཅད་ཉལ་བ་ན་སངས་རྒྱས་ཀྱི་སྐུའི་ཞལ་ཉེ་བར་སྟོན་པར་མཛད་དེ། བྱང་ཆུབ་སེམས་དཔའ་རི་བོང་ཚིག་གི་རྨི་ལམ་དུ་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་འཇིག་རྟེན་དུ་བྱུང་བར་མཐོང་ངོ ། ། དེ་མཐོང་མ་ཐག་ཏུ་དེ་བཞིན་གཤེགས་པ་དེ་ལ་གཞལ་དུ་མེད་པའི་དགའ་བ་སྐྱེས་ཏེ། དེ་དགའ་བ་སྐྱེས་ནས་གྲོང་མི་བསྡུས་སོ། །བསྡུས་ནས་སྨྲས་པ། གྲོགས་ 344b པོ་དག་།ཤེས་པར་གྱིས་ཤིག་།དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ་བློ་གྲོས་དཀར་བ་ཞེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་རྒྱ་ཆེར་ཀུན་ནས་ཉོན་མོངས་པ་རབ་ཏུ་སྟོན་པར་མཛད་དེ། ཀུན་ནས་ཉོན་མོངས་པ་འདོད་ཆགས་དང ། ཀུན་ནས་ཉོན་མོངས་པ་ཞེ་སྡང་དང ། ཀུན་ནས་ཉོན་མོངས་པ་གཏི་མུག་དང ། ཀུན་ནས་ཉོན་མོངས་པ་ཉེས་པར་སྤྱད་པ་དང ། ཉོན་མོངས་པ་དེ་དག་གི་རྒྱུ་དང་བཅས་པ་སྟོན་པར་མཛད། ཀུན་ནས་ཉོན་མོངས་པ་དེ་དག་གི་འཇིག་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད། ཀུན་ནས་ཉོན་མོངས་པ་དེ་དག་གི་ངེས་པར་འབྱུང་བའང་ཡང་དག་པར་སྟོན་པར་མཛད་དོ། །དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་ག་ལ་བ་དེར་ཁྱོད་དང་འདོང་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་རི་བོང་ཚིག་སྲོག་ཆགས་ཁྲག་ཁྲིག་ཁྲི་ཕྲག་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་ག་ལ་བ་དེར་དོང་ངོ ། །གཞོན་ནུ་རི་བོང་ཚིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་རྒྱང་རིང་པོ་ཉིད་ནས་མཛེས་ཤིང་སྡུག་པ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་དམ་པ་བརྙེས་པ། དུལ་བ་དང་ཞི་ 345a ༄#། །གནས་མཆོག་བརྙེས་པ། སྦས་པ། གླང་པོ་ལྟར་དབང་པོ་ཐུལ་བ། མཚོ་ལྟར་དང་བ། དང་ཞིང་རྙོག་པ་མེད་པ། གསེར་གྱི་མཆོད་སྡོང་ལྟ་བུ། རྒྱ་མཚོ་ལྟར་རིན་པོ་ཆེས་ཡོངས་སུ་གང་བ། དབང་པོ་ལྟར་ལྷས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཐུགས་ཞི་བར་མཐོང་ངོ ། །མཐོང་ནས་བཅོམ་ལྡན་འདས་དེ་ལ་དད་པ་ཤིན་ཏུ་བསྐྱེད་དེ་སེམས་བསྐྱེད་པ། བདག་གིས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་སང་སྤྱན་དྲང་ངོ་སྙམ་ནས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་གཞོན་ནུ་རི་བོང་ཚིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་གདུགས་ཚོད་ལ་གཤེགས་པར་ཅི་གནང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེས་གཞོན་ནུ་རི་བོང་ཚིག་དེ་ལ་ཐུགས་བརྩེ་བར་དགོངས་ནས་གནང་ངོ ། །དེ་ནས་གཞོན་ 345b ནུ་རི་བོང་ཚིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་འཛུམ་པ་མཛད་བས་གནང་བར་རིག་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བདག་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེའི་མཚན་མོ་བཟའ་བ་དང ། བཅའ་བ་དང ། མྱང་བ་ཞིམ་པོ་གྱ་ནོམ་པ་རབ་ཏུ་མང་པོ་དག་མངོན་པར་འདུས་བྱས་སོ། །དགེ་སློང་རེ་རེ་ལའང་རས་བཅོས་བུ་སྟོང་ཕྲག་བརྒྱད་བརྒྱད་བསྡོགས་སོ། །དེ་མཚན་མོ་དེ་འདས་ནས་བཅོམ་ལྡན་འདས་ལ་དུས་ལ་བབ་བོ་ཞེས་གསོལ་ཏེ། བཅོམ་ལྡན་འདས། གཞོན་ནུ་རི་བོང་ཚིག་གི་དུས་ལ་བབ་ལགས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གཞོན་ནུ་རི་བོང་ཚིག་གི་ཁྱིམ་དུ་གཤེགས་ནས་གདན་བཤམས་པ་དེ་ལ་བཞུགས་སོ། །དེ་ནས་གཞོན་ནུ་རི་བོང་ཚིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་དགེ་སློང་གི་དགེ་འདུན་དང་གདན་ལ་བཞུགས་པར་རིག་ནས་བཟའ་བ་དང ། བཅའ་བ་དང ། མྱང་བ་ཞིམ་པོ་མང་པོས་ཡང་དག་པར་བྲིམས་ཤིང་ཡང་དག་པར་ཚིམ་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་ 346a ༄#། །པ་མངོན་པར་འདུ་མཛད་པས་ཟས་ཀྱི་སྣོད་གཅིག་ལས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཐམས་ཅད་ཡང་དག་པར་ཚིམ་པར་གྱུར་ཏོ། །དེ་ནས་གཞོན་ནུ་རི་བོང་ཚིག་གིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་ལྟ་བུ་དག་མཐོང་ནས་ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རྫུ་འཕྲུལ་གྱི་ཆོ་འཕྲུལ་འདི་ལྟ་བུས་སེམས་ཅན་གདུལ་བར་གྱུར་ཅིག། ཅེས་སྨོན་ལམ་བཏབ་བོ། །དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེས་གཞོན་ནུ་རི་བོང་ཚིག་གིས་འདི་ལྟ་བུའི་སེམས་བསྐྱེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་དགེ་བའི་རྩ་བའི་ཤུགས་ཀྱིས་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ནས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་ལ་ཚིགས་སུ་བཅད་དེ་གསོལ་བ། བདེ་གཤེགས་མཁས་མཆོག་ཡེ་ཤེས་དམ་པ་དཔག་ཏུ་མེད། །གང་གིས་མགོན་པོ་མཐོང་སྟེ་བདག་གིས་དགེ་བ་བགྱིས། །མི་མཆོག་དཔག་ཏུ་མེད་ལ་འདི་ལྟར་བསྟོད་པ་ནི། །ཡོན་ཏན་མཆོག་རབ་མངའ་བ་ཁྱོད་འདྲ་འཇིག་རྟེན་མེད། །འདི་ 346b ལྟར་བདག་ཀྱང་ཡོན་ཏན་དཔག་ཏུ་མེད་གྱུར་ཅིག་།འགྲོ་བ་ཀུན་གྱི་སྡུག་བསྔལ་ཐར་བགྱིད་འདྲེན་པ་དང ། །ལམ་ཆེན་ཡན་ལག་བརྒྱད་དང་ལྡན་པ་ཞི་བ་ཡིས། །སེམས་ཅན་སྡུག་བསྔལ་ལས་འདྲེན་མྱ་ངན་འདས་བགྱིད་ཤོག་།མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཞོན་ནུ་རི་བོང་ཚིག་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་གཞོན་ནུ་རི་བོང་ཚིག་ཅེས་བྱ་བར་གྱུར་ཏོ། །ངས་ཀུན་ནས་ཉོན་མོངས་པ་བསལ་ནས་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་དེ་དགེ་སློང་གི་དགེ་འདུན་དང་བཅས་པར་མཆོད་སྟོན་གསོལ། ཚིགས་སུ་བཅད་པས་ཀྱང་བསྟོད་དོ། །མཽངྒལ་གྱི་བུ། དེ་ལྟར་བས་ན། བྱང་ཆུབ་སེམས་དཔས་ཀུན་ནས་ཉོན་མོངས་པ་ཐམས་ཅད་བསལ་ནས་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱ། མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་གང་ཀུན་ནས་ཉོན་མོངས་པ་ཐམས་ཅད་སེལ་བ་དེ་ནི། གནོད་སེམས་ཅན་དུ་མི་འགྱུར་རོ། །མཽངྒལ་གྱི་བུ། ངས་རྣམ་པར་བྱང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་རྣམ་པར་ 347a ༄#། །བྱང་བ་ཤེས་པ་ཇི་ལྟར་ཡང་དག་པར་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དྲི་མེད་ཏོག་ཅེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་དྲི་མེད་ཏོག་དེའི་སྐུ་ཚེའི་ཚད་ལོ་བྱེ་བ་ཕྲག་དྲུག་ཅུར་གྱུར་ཏོ། །དེ་བཞིན་གཤེགས་པ་དྲི་མེད་ཏོག་དེའི་ཉན་ཐོས་འདུས་པ་དང་པོ་ནི། ཉན་ཐོས་དྲུག་འབུམ་བྱུང་ངོ ། །ཉན་ཐོས་འདུས་པ་གཉིས་པ་ནི། ཉན་ཐོས་བརྒྱད་འབུམ་བྱུང་ངོ ། །ཉན་ཐོས་འདུས་པ་གསུམ་པ་ནི། ས་ཡ་ཐམ་པ་བྱུང་ངོ ། །བྱང་ཆུབ་སེམས་དཔའ་འདུས་པ་དེའི་ཉིས་འགྱུར་རོ། །དེའི་ཚེ་རྒྱལ་པོའི་བུ་ལྗོན་པ་ཞེས་བྱ་བ་སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྨོན་ལམ་གྱིས་ཡང་དག་པར་རབ་ཏུ་གནས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པར་སྨོན་ལམ་གྱིས་ཡང་དག་པར་རབ་ཏུ་གནས་པ་ཞིག་བྱུང་ངོ ། །དེས་འདི་ལྟར་སྨོན་ལམ་བཏབ་སྟེ། གང་གི་ཚེ་སེམས་ཅན་དག་མགོན་མེད་པར་ 347b གྱུར་ཅིང་སྐྱབས་མེད་པ་དང ། དཔུང་གཉེན་མེད་པ་དང ། ངན་སོང་ལ་གཞོལ་བ་དང ། ངན་སོང་ལ་འབབ་པ་དང ། ངན་སོང་ལ་བབ་པར་གྱུར་པ་དེའི་ཚེ་བདག་གིས་བསྐྱེད་པ་འདི་སེམས་ཅན་གནས་མེད་པ་རྣམས་ཀྱི་གནས་སུ་གྱུར་ཅིག་།སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་ཅིག་།སེམས་ཅན་ངན་སོང་དུ་རབ་ཏུ་ལྷུང་བ་རྣམས་ཀྱི་འདྲེན་པར་གྱུར་ཅིག་།མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུ་ལྗོན་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་བུ་ལྗོན་པ་ཞེས་བྱ་བར་གྱུར་ཏོ། །ངས་དམ་པའི་ཆོས་རྣམ་པར་འཇིག་པའི་དུས་སུ་སེམས་ཅན་རྣམས་རྗེས་སུ་བསྲུང་བར་བྱ་བའི་ཕྱིར་དང ། སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་འདི་ལྟར་དགེ་བའི་རྩ་བ་རྒྱ་ཆེ་ཞིང་འདི་ལྟར་བདག་ཉིད་ཆེ་བ་དེ་དག་ཡོངས་སུ་བསྔོས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན།་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ཡོངས་སུ་ལྡན་པའི་སེམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་དང ། སེམས་ཅན་སྡུག་བསྔལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱ་ཞིང ། དགེ་བའི་རྩ་བ་རྣམས་ལ་ཆགས་པར་ཡང་མི་བྱའོ། །མཽངྒལ་གྱི་བུ། ངས་རྣམ་པར་བྱང་བ་ཤེས་པ་ཀུན་ 348a ༄#། །འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་བཞིན་དུ་སྦྱར་ཏེ། ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་བར་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་དེའི་སྐུ་ཚེའི་ཚད་ལོ་ཕྱེ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་དེའི་ཉན་ཐོས་འདུས་པ་ཉན་ཐོས་ཁྲི་ཕྲག་དཔག་ཏུ་མེད་པ་དག་བྱུང་ངོ ། ། རྣམ་གྲངས་འདིས་ན་ཉན་ཐོས་འདུས་པ་དཔག་ཏུ་མེད་པ་དག་བྱུང་ངོ ། །བྱང་ཆུབ་སེམས་དཔའ་འདུས་པའང་དེ་བཞིན་ནོ། །ཉན་ཐོས་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་གང་ཡང་མེད་དེ། ཐམས་ཅད་ཀྱང་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཤ་སྟག་གོ། །བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ 348b ཡོངས་སུ་དག་པ་བརྗོད་དུ་མེད་པར་ཡང་དག་པར་རབ་ཏུ་གནས་པར་མ་གྱུར་པ་གང་ཡང་མེད་དོ། །དེའི་ཚེ་བྲམ་ཟེ་ཤིན་སཱ་ལ་ཆེན་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་གནས་མེད་པའི་སྒྲ་དབྱངས་ལ་ལྷག་པར་མོས་པ་ཡང་དག་པར་གནས་པ་ཞིག་བྱུང་ངོ ། །དེ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་དེ་ལ་ཡིད་དུ་འཐད་དེ། ཡིད་དུ་མི་འཐད་པ་མ་ཡིན་པས་ལོ་བྱེ་བ་ཐམ་པར་རིམ་གྲོ་བ་བྱས་ཏེ་བཤད་པའང་འཛིན་ལ། རང་གི་དོན་ཀྱང་མི་གཏོང་ངོ ། །དེ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་དེས་བྱང་ཆུབ་ཀྱི་སེམས་ཀྱིས་རིམ་གྲོ་པ་བྱེད་པ་འདི་དེ་བཞིན་གཤེགས་པར་འགྱུར་བར་ཡོངས་སུ་གཟིགས་ཀྱང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པའི་ཕྱིར་རོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གནས་མེད་པའི་སྒྲ་དབྱངས་ལ་ལྷག་པར་མོས་པ་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གནས་མེད་པའི་སྒྲ་དབྱངས་ལ་ལྷག་པར་མོས་པ་ཡང་དག་པར་གནས་པ་ཞེས་བྱ་བར་གྱུར་ཏོ། ཡང་དག་པའི་བྱང་ཆུབ་ཀྱི་སེམས་ 349a ༄#། །ཀྱིས་དེ་དེ་བཞིན་གཤེགས་པ་དེའི་རིམ་གྲོ་པ་བྱས་ཀྱང་ང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པའི་ཕྱིར་དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་དེ་ལའང་མངོན་པར་ཞེན་པ་མེད་པར་བྱའོ། །མཽངྒལ་གྱི་བུ། ངས་རྣམ་པར་བྱང་བ་ཤེས་པ་འགོག་པར་འགྱུར་བ་ཤེས་པར་བྱ་བའི་དོན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་རྒྱ་ཆེར་སྦྱར་ཏེ། དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྲམ་ཟེ་སྤྲིན་སྒྲོག་ཅེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་སྟེ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ནས་ནོར་རྫས་དང་ཡོ་བྱད་མང་བ་ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུད་དང ། མན་ཤེལ་དང ། བྱུ་རུ་དང ། གསེར་དང ། དངུལ་གྱི་བར་དུ་མང་བ། འདོན་པ། གཞུང་འཛིན་པ། སྒྲ་ངེས་པར་སྦྱོར་བ་དང་བཅས་པ། ཤེས་གསལ་དང་བཅས་པ། ཡི་གེ་ 349b དང་བཅས་པ། རབ་ཏུ་དབྱེ་བ་དང ། ལྔ་པ་སྔོན་བྱུང་བ་རྣམས་དང ། གནས་དང ། ལུང་སྟོན་པ་དང ། འཇིག་རྟེན་རྒྱང་པན་དང ། མཆོད་སྦྱིན་གྱི་རྒྱུད་དང ། སྐྱེས་བུ་ཆེན་པོའི་མཚན་ཉིད་དང ། རིག་པ་གསུམ་གྱི་ཚིག་ལ་དགེ་མཚན་དང་ལྡན་ཞིང ། དགེ་བ་གང་ཡིན་པ་ཚོལ་བ་རང་གི་སློབ་དཔོན་གྱིས་མཐུན་པའི་རྒྱུད་གནང་ཞིང་དམ་བཅས་པ་ཞིག་བྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་བདུད་རྩིའི་རྒྱལ་པོ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རྩིའི་རྒྱལ་པོ་དེའི་སྐུ་ཚེའི་ཚད་ལོ་བདུན་སྟོང་དུ་གྱུར་ཏོ། །ཉན་ཐོས་འདུས་པ་ལྔ་བྱུང་སྟེ།་ཉན་ཐོས་འདུས་པ་གཅིག་ནི། དགྲ་བཅོམ་པ་ཟག་པ་ཟད་པ་ནས་དེ་བཞིན་དུ་སྦྱར་ཏེ། མཉམ་པ་ཉིད་ཤེས་པས་རྣམ་པར་གྲོལ་བའི་བར་དུ་དུང་ཕྱུར་ཕྲག་དགུ་བྱུང་ངོ ། །འདུས་པ་གཉིས་པ་ནི། དུང་ཕྱུར་ཐམ་པའོ། །འདུས་པ་གསུམ་པ་ནི། དགྲ་བཅོམ་པ་དུང་ཕྱུར་ཕྲག་སྟོང་བྱུང་ངོ ། །འདུས་པ་བཞི་པ་དང ། ལྔ་པ་ལ་ཉན་ཐོས་དགྲ་བཅོམ་པ་ཁྲག་ཁྲིག་དཔག་ཏུ་མེད་པ་དག་བྱུང་ངོ ། །བྱང་ཆུབ་སེམས་དཔའི་འདུས་པ་གསུམ་བྱུང་སྟེ། དེའི་ཉིས་འགྱུར་རོ། །སངས་རྒྱས་ 350a ༄#། །ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་ཞེས་བྱ་བ་སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་དག་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། ཨེ་མ་འཇིག་རྟེན་གནས་པ་འདི་ནི། མུན་པར་གྱུར་པ་ཡིན་ཏེ། གང་སྐྱེ་བའི་ཆོས་རྣམས་འགོག་པར་མི་མཐོང་ལ་འགགས་པ་རྣམས་ཀྱང་མི་སྐྱེ་བར་རྣམ་པར་མི་ཤེས་སོ། །ཆོས་གང་དག་སྐྱེ་ལ་དེ་དག་འགོག་ཅིང་མི་སྐྱེ་བ་མི་མཐོང་ལ་རྣམ་པར་མི་ཤེས་སོ། །འཇིག་རྟེན་ན་དགེ་སྦྱོར་དམ་བྲམ་ཟེ་སུ་ཡོད་གང་དེའི་དྲུང་དུ་བདག་སོང་སྟེ་ཡོངས་སུ་དྲི་བར་བྱའོ། །སྙམ་པ་ལས་བར་སྣང་ལས་དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་དེ་མི་མཁྱེན་པའམ། ཐུགས་སུ་མ་ཆུད་པའམ། མ་གཟིགས་བ་ཅིའང་མེད་ལ། དེ་འགགས་པའི་ཆོས་རྣམས་ཀྱི་མི་འགྲོ་བ་མེད་པར་རབ་ཏུ་མཁྱེན་པ་ཞིག་འཇིག་རྟེན་དུ་བྱུང་ངོ ། །ཞེས་དེས་ཐོས་སོ། །དེ་འདི་སྙམ་དུ་སེམས་ཏེ། མི་དམན་པ་བདག་དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོའི་དྲུང་དུ་སོང་སྟེ་དོན་འདི་ཡོངས་སུ་ཞུ་བར་བྱའོ། །དེ་བཞིན་གཤེགས་པ་དེ་ཇི་ལྟ་བ་བཞིན་དུ་ལུང་སྟོན་ཏེ། བདག་གིས་ 350b དོན་དེ་ལྟར་གཟུང་བར་བྱའོ། །སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་དེ་སྐྱེ་བོའི་ཚོགས་མང་པོ་དང་ལྷན་ཅིག་།བྲམ་ཟེ་འབུམ་ཕྲག་དྲུག་དང ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཁྲི་ཕྲག་བརྒྱད་ཅུ་རྩ་བཞི་དང་ལྷན་ཅིག་།དེ་དག་ལ་སོགས་པ་བྲམ་ཟེ་ཁྲི་ཕྲག་དཔག་ཏུ་མེད་པ་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོ་དེ་ག་ལ་བ་དེར་དོང་ངོ ། །དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་དེ་སྐྱེ་བོའི་ཚོགས་མང་པོ་དག་དང་ལྷན་ཅིག་ཏུ་རྒྱང་རིང་པོ་ཉིད་ནས་འོད་པ་གཟིགས་སོ། །གཟིགས་ནས་ཀྱང་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་གསེར་གྱི་འོད་ཀྱི་མདོག་གིས་རྒྱས་པར་མཛད་དོ། །ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས། འདི་དག་ནི། ལྷ། འདི་དག་ནི། མི་ཞེས་ལྷ་དང་མི་རྣམས་ཀྱི་བྱེ་བྲག་གམ། ཐ་དད་དུ་བྱ་བ་མེད་དོ། །སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཐ་ན་སེམས་ཅན་ 351a ༄#། །གང་གི་ལུད་པའི་སྒྲའང་མེད་པར་མཛད་དེ། འཁོར་དེ་རབ་ཏུ་ཞི་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་གྱིས་འཁོར་དེ་དག་རབ་ཏུ་ཞི་བར་རིག་ཅིང་སྒྲ་འབྱུང་བ་མ་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། སྒྲ་གང་དག་འབྱུང་བ་མེད་ན། དེ་དག་འགོག་པ་མེད། ཆོས་གང་དག་འགགས་ན། དེ་གང་ཡང་སྐྱེ་བ་མེད་དོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་སྒྲ་འབྱུང་བ་མེད་ན། འགག་པ་མེད་དེ། མེད་པའི་ཕྱིར་ངེས་པར་འགོག་པའི་ཆོས་ཀྱང་མེད་ལ། དེ་ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་མེད་དོ། །སྙམ་མོ། །དེའང་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་གང་སྐྱེས་པ་དེ་དག་གི་རང་བཞིན་ཅི་ཡིན། དེ་འདི་ལྟར་བློ་སྐྱེས་ཏེ། སྲིད་པའི་ཆོས་སྐྱེས་པ་འདི་དག་གི་རང་བཞིན་གང་ཡང་མེད་དེ། འདི་དག་སྐྱེས་པ་མེད་ལ་འགག་པའང་མེད་དོ་སྙམ་མོ། །དེ་དེའི་ཚེ་ཆོས་དེ་དག་གི་རང་བཞིན་མ་དམིགས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་ནས་དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ཐུགས་སུ་ཆུད་ནས་ལེགས་སོ། །ཞེས་བྱ་བ་རྗེས་སུ་གནང་ 351b སྟེ།་རིགས་ཀྱི་བུ། ཁྱོད་ཀྱིས་འདི་ལྟར་ཆོས་འདིའི་དོན་ཇི་ལྟ་བ་བཞིན་རྣམ་པར་ཤེས་པ་རིགས་ཀྱི་བུ་ལེགས་སོ། །ལེགས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན། དེ་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་མི་དམན་པ་ཅན་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་བསྐལ་པ་གྲངས་མེད་པ་བདུན་ཅུ་རྩ་དྲུག་ཏུ་ནམ་ཡང་ལོག་པར་མ་ལྷུང ། ནམ་ཡང་ཆོས་ལ་མ་རྨོངས། ནམ་ཡང་མི་དགེ་བའི་སེམས་ཆགས་པ་ལས་སྐྱེས་པའམ། ཞེ་སྡང་ལས་སྐྱེས་པའམ། གཏི་མུག་ལས་སྐྱེས་པ་མ་བྱུང་ངོ ། །རྟག་པར་རྒྱུན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སུ་རབ་ཏུ་ཞུགས་ཏེ། སེམས་དང་བ་དེས་ངའི་བག་ཆགས་སྤངས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་འགོག་པ་སོ་སོར་བརྟག་པར་བྱ་སྟེ། བག་ཆགས་ཡང་དག་པར་འཇོམས་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་རྣམ་པར་བྱང་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ 352a ༄#། །ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་དྲི་མེད་དབང་བསྐུར་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་བྱུང་སྟེ། རིན་པོ་ཆེ་སྣ་བདུན་དང་ལྡན་པ་ནས་རྒྱ་ཆེར་སྦྱར་ཏེ། ཤིན་ཏུ་གནས་པའི་བར་དུའོ། །དེ་འཇིག་རྟེན་གང་དག་ན་དགེ་སྦྱོང་དང ། བྲམ་ཟེའི་དབེན་པའི་གནས་མལ་ན་འདུག་ཅིང་དེ་བློན་པོ་གཉིས་དང ། དེ་ལས་གཞན་པའི་མཁས་པ་ཀུན་དང་རྣམ་པར་དཔྱོད་པར་བྱེད། ཡོངས་སུ་འདྲི་བར་བྱེད་དོ། །དེའི་ཚེ་རྒྱལ་པོ་དྲི་མེད་དབང་བསྐུར་དེ་དང་ཉེ་བ་ཞིག་ན་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་ཞིག་བཞུགས་སོ། །དེ་ཆོས་སྟོན་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་ཡང་དགེ་པ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཚངས་པར་སྤྱོད་པ་རབ་ཏུ་སྟོན་ཏོ། །རྒྱལ་པོ་དྲི་མེད་དབང་བསྐུར་དེ་འདི་དང་ཉེ་བ་ཞིག་ན་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཞེས་བྱ་བ་ཆོས་སྟོན་ཏོ། ། 352b ཞེས་ཐོས་སོ། །དེ་བཞིན་གཤེགས་པ་དེའི་འཁོར་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་ཅེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དེ་ནི།་ངེས་པར་ཐུན་མོང་མ་ཡིན་པའི་ཡེ་ཤེས་དང་ལྡན་པས་མཁས་པའོ། །གང་གི་འཁོར་དེ་སྙེད་ཅིག་ཡོད་པ་དེ་ལ་ཆོས་དང་མཐུན་པས་ཕྱིར་བརྒལ་བར་འདི་ལ་སུའང་ནུས་པ་མེད་དོ། །གང་བདག་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེའི་དྲུང་དུ་སོང་སྟེ་རྣམ་པར་བྱང་བ་ཤེས་པ་ཡང་དག་པར་འདུ་ཤེས་པ་ཡོངས་སུ་ཞུ་བར་བྱའོ། །སྙམ་ནས་དེ་སྲོག་ཆགས་འབུམ་ཕྲག་བརྒྱད་དང་ལྷན་ཅིག་།བློན་པོ་སྟོང་ཐམ་པ་དང་ལྷན་ཅིག་།བུད་མེད་འབུམ་ཕྲག་བརྒྱད་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ག་ལ་བ་དེར་དོང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་དེ་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཡོངས་སུ་བསྐོར་བ་ལ་ཆོས་སྟོན་ཏེ། འཁོར་དེ་སྒྲ་ཆུང་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་ཞིང་རྣ་བ་བླགས་ཏེ་ཆོས་ཉན་ཏོ། །དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་སྒྲ་ཐ་ན་ལུད་པའི་སྒྲ་ཙམ་ཡང་མེད་དེ། །རྒྱལ་པོ་དེ་སྔོན་གྱི་དགེ་བའི་རྩ་བ་བསགས་པས་དེ་བུད་མེད་འབུམ་ཕྲག་བརྒྱད་ཀྱི་ནང་ན་འདུག་བཞིན་དུ་བསམ་གཏན་བཞི་པའི་བར་ལ་སྙོམས་པར་ཞུགས་སོ། །དེས་དེ་བཞིན་གཤེགས་པ་དེ་མཐོང་ 353a ༄#། །བ་ཙམ་ཉིད་ཀྱིས་དབང་པོ་དེ་དག་ཞི། སྤྱོད་ལམ་ཞི་བར་ཤེས་ནས་དེ་བཞིན་གཤེགས་པ་དེ་ལ་གཞལ་དུ་མེད་པའི་དགའ་བ་བསྐྱེད་ཅིང ། དེ་བཞིན་གཤེགས་པ་དེའི་འཁོར་འདི་སྙེད་ཅིག་ཡོད་པ་ལ་ཕྱིར་བརྒལ་བར་སུས་ཀྱང་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་འདི་སྙེད་ཅིག་ཡོད་པའི་ཕྱིར་རོ། །འདི་ལྟར་དེ་བཞིན་གཤེགས་པ་དེའི་སྤྱོད་ལམ་ཞི་སྟེ། སྤྱོད་ལམ་དེ་དང་འདྲ་བ་གང་ཡང་མེད་དོ། །ཐུན་མོང་མ་ཡིན་ནོ། །རྣམ་གྲངས་དེས་ནི། དེ་བཞིན་གཤེགས་པ་དེ་ནི། ཐེ་ཚོམ་མེད་པར་ཐུན་མོང་མ་ཡིན་པའི་ཡེ་ཤེས་དང་ལྡན་པའོ་སྙམ་མོ། །དེ་འཁོར་དེ་དག་དང་བཙུན་མོའི་འཁོར་དེ་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ག་ལ་བ་དེར་དོང་ངོ ། །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་རྒྱང་རིང་པོ་ཉིད་ནས་འདི་སྐད་བཀའ་སྩལ་ཏེ། རྒྱལ་པོ་ཆེན་པོ། ཚུར་སྤྱོན། རྒྱལ་པོ་ཆེན་པོ། ལེགས་པར་བྱོན་ཏོ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་མཐོང་བར་བྱ་བའི་ཕྱིར་ཡུན་རིང་པོ་ནས་འབད་པར་བྱས་སོ། །རྒྱལ་པོ་ཆེན་པོ། ཁྱོད་དེ་བཞིན་གཤེགས་པ་མཐོང་ནས་དོན་ཡོད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། ཁྱོད་འབྲས་བུ་དང་བཅས་པར་འགྲོ་ཞིང ། དེ་བཞིན་གཤེགས་པ་ལ་ཞུས་པ་ལུང་བསྟན་པས་བརྣག་པ་ཡོངས་ 353b སུ་རྫོགས་པར་འགྱུར་རོ། །དེ་ནས་རྒྱལ་པོ་དྲི་མེད་དབང་བསྐུར་དེས་འཁོར་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དེའི་ཚེ་ཚངས་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུ་དེ་བཞིན་གཤེགས་པ་དེའི་སྟེང་གི་བར་སྣང་ལ་ཐལ་མོ་སྦྱར་ཏེ་འཁོད་དོ། །འདོད་པ་ན་སྤྱོད་པའི་ལྷ་གང་དག་གི་མིག་གིས་མཐོང་བར་མི་འགྱུར་ན། མིར་གྱུར་པས་ལྟ་སྨོས་ཀྱང་ཅི་དགོས། །དེས་ན་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་རྒྱལ་པོ་དྲི་མེད་དབང་བསྐུར་གྱིས་མིའི་འཁོར་དེ་དང ། འདོད་པ་ན་སྤྱོད་པའི་ལྷའི་འཁོར་དེ་དང ། ཚངས་རིས་ཀྱི་ལྷའི་འཁོར་དེ་དག་མཐོང་ངོ ། །མཐོང་ནས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ལ་ཕྱིར་རྒོལ་བར་སུས་ཀྱང་མི་ནུས་ཏེ། འདི་ནི། གནས་མ་ཡིན་ནོ། །གང་འདོད་པ་ན་སྤྱོད་པའི་ལྷ་འདི་དག་ཐམས་ཅད་ཐལ་མོ་སྦྱར་བ་དང ། ཚངས་རིས་ཀྱི་ལྷ་འདི་དག་བར་སྣང་ལ་ཐལ་མོ་སྦྱར་ཏེ་འདུག་པས་ཕྱིར་བརྒལ་བར་གང་ལྷ་དག་གིས་ཀྱང་མི་ནུས་ན། མིར་གྱུར་པས་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས་དེ་སྟན་ལས་ལངས་ཏེ་པུས་མོ་གཡས་པའི་ལྷ་ 354a ༄#། །ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ག་ལ་བ་དེ་ལོགས་སུ་ཐལ་མེ་སྦྱར་བ་བཏུད་དོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ། །བམ་པོ་བཅུ་དགུ་པ། མཁྱེན་རབ་ཆེན་པོ་ཆོས་ཀུན་ཕ་རོལ་གཤེགས་ལ་ཕྱག་འཚལ་ལོ། །ལྷར་བཅས་འཇིག་རྟེན་གང་དག་ཁྱོད་ལ་ཐལ་མོ་སྦྱར་ནས་མཆིས། །ལྷ་དང་མི་དང་དྲི་ཟ་མི་འམ་ཅི་དང་ལྟོ་འཕྱེ་ཅེ། །སངས་རྒྱས་ལ་ནི་ཐམས་ཅད་ཐལ་མོ་སྦྱར་ནས་ལྟ་ཞིང་མཆིས། །འདི་ཀུན་བཅོམ་ལྡན་འདས་ཀྱི་མཁྱེན་རབ་ཀུན་ཏུ་གཟིགས་ནས་མཆིས། །དེས་ན་ལྷར་བཅས་འཇིག་རྟེན་ཐལ་མོ་སྦྱར་ནས་ཕྱག་འཚལ་བགྱིད། །མཁྱེན་རབ་ཆེན་པོ་ཁྱོད་ཀྱི་མཁྱེན་རབ་ཐོབ་ཕྱིར་ཕྱག་འཚལ་ཏེ། །འདི་ཀུན་བཅོམ་ལྡན་འདས་ཀྱི་མཁྱེན་རབ་ཀུན་ཏུ་བཟུང་ནས་མཆིས། །ཁྱོད་ཀྱི་གཟུགས་དང་འདྲ་བ་མ་མཆིས་མཁྱེན་རབ་འདྲ་མ་མཆིས། །འདི་ཀུན་རྐང་གཉིས་མཆོག་ལ་ཡིད་ཀྱིས་ཤེས་པར་བགྱིས་ནས་མཆིས། །ཇི་ལྟར་ཐོས་བཞིན་དེ་ལྟར་མཐོང་སྟེ་དེ་བས་ལྷག་པར་བཟང ། །བདག་གིས་བདེ་གཤེགས་མཐོང་བས་བདག་ནི་མི་ཉིད་ལེགས་པར་རྙེད། །ལྷ་ཀླུ་གནོད་སྦྱིན་ལྷ་མ་ཡིན་དང་དེ་བཞིན་སྲིན་པོ་དག། འཇིག་ 354b བརྟན་གསུམ་ན་ཁྱོད་དང་འདྲ་བ་མ་མཆིས་སོ། །འདྲེན་པ་གང་ལ་བདག་གིས་སྔོན་གྱི་བརྒལ་བའི་སེམས་བྱུང་བ། །འཇིག་རྟེན་འདྲེན་བ་མཐོང་ཙམ་དེ་ཉིད་མ་མཆིས་སོ། །བརྩོན་ཆེན་མཁྱེན་རབ་ཐུགས་བརྩེར་ལྡན་པ་ཁྱོད་ལ་ཞུ་བགྱི་བ། །དགེ་བའི་ལས་གང་བགྱིས་པས་སྐྱོན་རྣམས་ཀུན་གྱིས་གོས་མི་འགྱུར། །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་གྱིས་རྒྱལ་པོ་བདུད་རྩིས་དབང་བསྐུར་དེའི་ཤེས་རབ་འདི་ལྟ་བུ་འབྱུང་པོ་ཐམས་ཅད་ལ་ཕན་པ་དང་བདེ་བ་དེ་གསན་ནས་གསུང་མ་འཁྲུལ་པ་དང ། སྤོབས་པ་གྲོལ་བས་རྒྱལ་པོ་བདུད་རྩིས་དབང་བསྐུར་དེ་ལ་སླར་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཇིག་རྟེན་ཀུན་ལ་ཕན་བྱེད་ཞུ་བ་ཞུས་པ་ལེགས་སོ་ལེགས། །ཁྱོད་ཀྱི་དོན་དེ་བཤད་ཀྱི་ཇི་ལྟ་བ་བཞིན་ང་ལ་ཉོན། །འབར་བ་ལྟ་བུར་ཡེ་ཤེས་གང་གིས་ཉོན་མོངས་སྲེག་པར་བྱེད། །དེ་ནི་ཤེས་ནས་ཡང་དག་བསྡུས་ཏེ་དེ་འདྲར་སྒྲུབ་བྱེད་ན། །ཉོན་མོངས་དག་ལས་རྣམ་གྲོལ་ཤེས་པ་དེ་ལ་མི་ཆགས་ཏེ། །ཇི་ལྟར་ཕ་རོལ་ཕྱིན་པ་གཟིངས་ལ་ལྟོས་མེད་བོར་ནས་འགྲོ། །དེ་བཞིན་རྒྱལ་བའི་མཁྱེན་པས་སྡུག་བསྔལ་རྒྱུ་ནི་སྲེག་བྱེད་ལ། །ཤེས་པ་དེ་ལ་གནས་པར་མི་བྱེད་འདི་ནི་དགེ་བའི་ལམ། །བྱང་ཆུབ་སེམས་དཔའ་འཇིགས་མེད་མཁས་པ་དེ་ནི་འདིར་སློབ་ན། །རྟག་ཏུ་མཉམ་པར་བཞག་ཅིང་རྣམ་གཡེང་ 355a ༄#། །འདི་དག་མེད་པར་འགྱུར། །བྱང་ཆུབ་གཞོལ་བའི་སེམས་ཀྱིས་འཆག་པ་དང་ནི་གནས་པ་དང ། །མཁས་པ་ཤེས་རབ་བཅས་པ་འདུག་དང་མལ་དུ་ཉལ་བར་བྱེད། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ངོ་བོ་མེད་པར་རབ་ཏུ་ཤེས། །མཁས་པ་ཆོས་རྣམས་ཐམས་ཅད་ལ་ནི་གནས་པར་མི་བྱེད་དོ། །འཇིག་རྟེན་མགོན་པོ་སློབ་པ་དེ་ཡི་གསུང་དེ་ཐོས་ནས་སུ། །ཡིད་ལ་བརྣག་པ་དགའ་ཞིང་སྟོན་པ་ལ་ནི་མངོན་པར་བསྟོད། །འཇིག་རྟེན་སྤྱོད་བཅོམ་འཇིག་རྟེན་གསལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །འདྲེན་པ་རང་གི་གྲོལ་བས་སེམས་ཅན་དག་གི་སྡུག་བསྔལ་བཀྲོལ། །དེད་དཔོན་བླ་ན་མེད་པ་བརྩོན་འགྲུས་ཆེན་པོ་མྱུར་མཇེད་པ། །འདྲེན་པ་རང་གི་རྒལ་བས་སེམས་ཅན་མང་པོ་དེ་དག་བསྒྲལ། །ཁྱོད་ཀྱིས་མ་རིག་པ་ཡི་སྦུབས་བཅོམ་ཁྱོད་ཀྱིས་སྣང་བས་བསྟན། །ཁྱོད་ཀྱིས་འོད་དཔག་མེད་པས་སངས་རྒྱས་ཞིང་ནི་རབ་ཏུ་སྣང ། །ཁྱོད་ཀྱི་འོད་ཀྱིས་ཀུན་མཁྱེན་སངས་རྒྱས་ཞིང་ནི་དཔག་ཏུ་མེད། །གྲངས་མེད་བྱེ་བ་དག་ཏུ་སྣང་བས་རྟག་ཏུ་ཁྱབ་པར་མཛད། །སྒྲ་གཅན་ཟླ་བ་བཏང་ལྟར་ནམ་མཁའི་དཀྱིལ་ན་དྲི་མ་མེད། །ཟླ་བ་རྣམ་པར་སྣང་ལྟར་དེ་བཞིན་སངས་རྒྱས་རྣམ་པར་སྣང ། །ལྷ་མ་ཡིན་གྱི་ཞགས་བཅད་ནམ་མཁའི་དཀྱིལ་ན་དྲི་མ་ 355b མེད། །ཉི་མའི་འོད་ཟེར་བརྒྱ་དག་རྣམ་ཤར་བར་སྣང་གསལ་བྱེད་ལྟར། །བདུད་ཀྱི་ཞགས་པ་བཅད་ནས་སངས་རྒྱས་ཉི་མ་ཡང་དག་འཕགས། །བདུད་ཕྱོགས་ངེས་པར་བཅོམ་ནས་སངས་རྒྱས་ལམ་ལ་རྣམ་སྣང་མཛད། །སྲིན་བུ་མེ་ཁྱེར་འོད་པས་ཉི་འོང་ཡང་དག་འཕགས་པ་ལྟར། །རྒྱལ་བའི་ཉི་མ་ཡང་དག་འཕགས་པས་མུ་སྟེགས་སྣང་བར་མཛད། །འདི་ལྟར་འཇིག་རྟེན་མགོན་པོ་འོད་མཛད་པ་ལ་སྐྱབས་སུ་མཆི། །མུན་པར་བྱེད་པ་བཅོམ་ནས་ཀུན་ཏུ་སྣང་བ་རྣམ་པར་བསྟན། །ཉི་མ་ཀུན་མིག་སྣང་ལྟར་སངས་རྒྱས་སྤྱན་ནི་རྣམ་པར་སྣང་།། སྟོན་ཀའི་སྤྲིན་ལས་ཉི་མ་ཤར་ལྟར་རྣམ་པར་སྣང་བར་མཛད། །དེ་ནས་རྒྱལ་པོ་བདུད་རྩིས་དབང་བསྐུར་གྱི་ཞུ་བ་ལུང་བསྟན་པ་འདིས་མངོན་པར་དགའ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་དེ་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པའི་དགེ་བའི་རྩ་བ་དེས་བསྐལ་བ་གྲངས་མེད་པ་དགུ་བཅུ་རྩ་དྲུག་ཏུ་ལོག་པར་མ་སོང་ཞིང་ནམ་ཡང་རིགས་ངན་དག་ཏུ་མ་སྐྱེས། ནམ་ཡང་སོ་སྔོར་མ་གྱུར། མིག་སེར་པོར་མ་ཡིན། འཇིགས་པའི་མིག་ཏུ་མ་ཡིན། རྣམ་པར་འཁྲུལ་བའི་མིག་ཏུ་མ་ཡིན་ཏེ། རྟག་པར་རྒྱུན་དུ་བདག་ཉིད་འོད་ཅན་དུ་གྱུར། འདྲེན་པ་དང་ཤེས་པ་དང་ཆོ་འཕྲུལ་ཅན་དུ་གྱུར། སངས་རྒྱས་ཀྱིས་གནང ། སངས་རྒྱས་ཀྱི་ཞིང་གང་དུ་སྐྱེས་པ་དེས་སངས་རྒྱས་འབྱུང་བ་ཤིན་ཏུ་ 356a ༄#། །ཤེས།་དེས་སྲོག་ཆགས་ཤིན་ཏུ་འཁོར་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དག་ཐེག་པ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པས་འདུལ་བར་བྱེད་དོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་བདུད་རྩིས་དབང་བསྐུར་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་ཐེ་ཚོམ་མམ་ཡིད་གཉིས་ཟ་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་བདུད་རྩིས་དབང་བསྐུར་ཞེས་བྱ་བར་གྱུར་ཏོ། །ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ན་སྨོན་ལམ་འདི་ལྟ་བུ་དག་བཏབ་སྟེ། བདག་སངས་རྒྱས་ཀྱི་ཞིང་གང་དུ་སྐྱེས་པ་དེར་སངས་རྒྱས་བྱུང་བར་སེམས་ཅན་དག་ཤིན་ཏུ་ཤེས་པར་གྱུར་ཅིག་།སྨོན་ལམ་དེ་ལྟ་བུས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་ལྟར། དེ་གནོད་སེམས་མེད་པའི་སེམས་སུ་གྱུར་པའི་ཤེས་པ་དེ་ལ་མངོན་པར་ཞེན་པས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་བཏུལ་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་ཞིང་ཡོངས་སུ་བྱང་བར་བྱའོ། །མཽངྒལ་གྱི་བུ། ངས་རྣམ་པར་གནས་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ 356b ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་རྣམ་པར་གནས་པ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་དགུ་བཅུ་རྩ་དྲུག་ཏུ་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་གྲོང་ཁྱེར་རྒྱ་ཆེ་བ་དེར་ཐམས་ཅད་ནས་ཐམས་ཅད་དུ་སེམས་ཅན་དམྱལ་བ་མ་བྱུང ། དུད་འགྲོའི་སྐྱེ་གནས་མེད། གཤིན་རྗེའི་འཇིག་རྟེན་མེད། སེམས་ཅན་གྱི་མདོག་ཐ་དད་པ་ཉིད་གང་ཡང་མེད་དེ། སེམས་ཅན་དེ་དག་ཐམས་ཅད་ཀྱི་མདོག་གཅིག་ཏུ་གྱུར་ཏེ། འདི་ལྟ་སྟེ། གསེར་གྱི་མདོག་གོ་།སེམས་ཅན་གྱི་དབྱིབས་ཐ་དད་པ་ཉིད་གང་ཡང་མེད་དེ། སེམས་ཅན་དེ་དག་ཐམས་ཅད་ནྱ་གྲོ་དྷའི་ཚད་དུ་གྱུར་ཏོ། །སེམས་ཅན་གྱི་ལོངས་སྤྱོད་ཐ་དད་པ་ཉིད་གང་ཡང་མེད་དེ། སེམས་ཅན་དེ་དག་ཐམས་ཅད་ལོངས་སྤྱོད་གཅིག་ཏུ་གྱུར་ཏོ། །སེམས་ཅན་གྱི་ཚེའི་ཚད་ཐ་ 357a ༄#། །དད་པ་ཉིད་གང་ཡང་མེད་དེ། སེམས་ཅད་དེ་དག་ཐམས་ཅད་ཚེའི་ཚད་ངེས་པར་གྱུར་ཏེ། འདི་ལྟ་སྟེ། སེམས་ཅན་རྣམས་ཚེའི་ཚད་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུར་གྱུར་ཏོ། །སེམས་ཅན་གང་ཡང་དུས་བྱེད་པ་ལས་ལྷག་པར་འདའ་བ་མེད་པར་གྱུར། སེམས་ཅན་གང་ཡང་ཡ་ང་བ་མ་སྤངས་པར་དུས་བྱེད་པར་མ་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཁྱད་པར་དུ་འགྲོ་བའི་དུས་བྱེད་པར་གྱུར་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། ཚེ་དང་ལྡན་པ་མཽངྒལ་གྱི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་གི་ཚེ་སེམས་ཅན་དེ་དག་ཐམས་ཅད་བྱེ་བྲག་མ་མཆིས་པར་གྱུར་པ་ལགས་ན། སེམས་ཅན་དེ་དག་དེ་ནས་གུམ་ནས་ཇི་ལྟར་ཁྱད་པར་དུ་མཆི་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ་གྱི་བུ། ལེགས་སོ། །ལེགས་སོ། །ཆོས་འདི་དག་ལ་འགྲོ་བ་ཞེས་བྱ་བ་མི་སྣང་སྟེ། ཆོས་འདི་དག་ལ་ཉན་ཐོས་རྣམས་ཀྱི་འགྲོ་བ་སྣང་བ་མ་ཡིན། རང་སངས་རྒྱས་རྣམས་ཀྱི་འགྲོ་བ་སྣང་བ་མ་ཡིན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ 357b རྣམས་ཀྱི་གང་རེ་ཞིག་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེ་དག་ཐམས་ཅད་ཀྱི་འགྲོ་བའང་འདི་མ་ཡིན་ན། ཉན་ཐོས་རྣམས་ལྟ་སྨོས་ཀྱང་ཅི་དགོས། མཽངྒལ་གྱི་བུ།་བྱང་ཆུབ་སེམས་དཔའ་གང་རྒྱལ་ཚབ་ཀྱི་ས་ལ་གནས་པ་དེའི་སའང་མ་ཡིན་ཏེ། མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་འདི་དག་གི་དགེ་བའི་རྩ་བ་བསྐྱེད་པའི་སྟོབས་ཀྱིས་སྣང་ངོ ། །མཽངྒལ་གྱི་བུ། འཇིག་རྟེན་གྱི་ཁམས་དེར་དགེ་བའི་རྩ་བའི་ཆོས་གང་ཡང་རུང་བས་འགྲོ་བ་མ་ཡིན་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་གི་བློ་ཉིན་མཚན་དུ་འཕེལ་ཞིང་ཡོངས་སུ་མི་ཉམས་ཏེ། དེས་ན་ཁྱད་པར་དུ་འགྲོ་བ་ཞེས་བྱའོ། །དེའི་ཚེ་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་ཡིད་གཉིས་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་རྒྱལ་སྲིད་བྱེད་དོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པའི་འཁོར་གྱི་བུད་མེད་འབུམ་ཕྲག་བརྒྱད་ཡོད་དོ། །བློན་པོའང་སྟོང་ཐམ་པ་ཡོད་དོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་བུད་མེད་ཁྲི་ཕྲག་བརྒྱད་ཅུ་པོ་དེ་དག་དང་ལྷན་ཅིག་ཏུ་ཧ་ཅང་སྲེད་པ་མེད་པའི་གྲོང་ཁྱེར་གྱི་སྐྱེད་མོས་ཚལ་གྱི་སོས་ཀའི་དུས་ཀྱི་ཤིང་གི་མེ་ཏོག་རྒྱས་པ་ 358a ༄#། །དབེན་ཞིང་དགའ་བ་བསིལ་བའི་ཚལ་དུ་སོང་ནས་རྒྱས་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེའི་སྨོན་ལམ་འདི་ལྟ་བུ་དག་བཏབ་བོ། །བདག་དང་ཉེ་བའི་སེམས་ཅན་གང་དག་ནོར་མེད་པ་དེ་དག་བདག་གིས་རྒྱལ་པོའི་མཛོད་ནས་ནོར་དང་ལྡན་པར་བྱའོ། །ཞེས་དེ་ལྟ་བུའི་བསམ་པས་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་ཚུལ་ཁྲིམས་འཆལ་པའི་འདུ་ཤེས་མི་འཇུག་།ཚུལ་ཁྲིམས་དང་ལྡན་པའི་འདུ་ཤེས་ཡང་དག་པར་མི་སྤྱོད། དྲན་པ་དང་ལྡན་པའི་འདུ་ཤེས་ཡང་དག་པར་མི་སྤྱོད་དེ། འདོད་པའི་འདོད་ཆགས་ཀུན་ནས་དཀྲིས་པའི་སེམས་ལ་ཀུན་ཏུ་མི་གནས། ཞེ་སྡང་ཀུན་ནས་དཀྲིས་པའི་སེམས་དང ། གཏི་མུག་ཀུན་ནས་དཀྲིས་པའི་སེམས་ལ་ཀུན་ཏུ་མི་གནས་ཏེ། ཡོངས་སུ་དག་པའི་ཡིད་ཀྱིས་རྟག་ཏུ་བྱང་ཆུབ་ཀྱི་སེམས་དང་བྲལ་བས་ནམ་ཡང་མི་གནས་སོ། །འོང་བ་དང ། འགྲོ་བ་དང ། གནས་པ་དང ། འདུག་པ་དང ། ཉལ་བ་དང ། གཉིད་ལོག་པ་ན་དེ་རྒྱགས་པའང་མེད་ན། བག་མེད་པ་ལྟ་ག་ལ་ཞིག་ཡོད། གཞན་དུ་ན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་རབ་ཏུ་འཇུག་སྟེ། སེམས་ཅན་སྡུག་བསྔལ་ 358b བ་རྣམས་ལ་བྱམས་པ་དང་ལྡན། སེམས་ཅན་ཉོན་མོངས་པ་རྣམས་ལ་སྙིང་རྗེ་དང་ལྡན། སེམས་ཅན་བདེ་བ་རྣམས་ལ་དགའ་བ་དང་ལྡན། སེམས་ཅན་བྱ་བ་ཡོངས་སུ་རྫོགས་པ་རྣམས་ལ་བཏང་སྙོམས་དང་ལྡན་པར་སེམས་བསྐྱེད་དོ། །མཚན་མོ་ཉལ་བ་ན་སེམས་སྐྱེད་པར་བྱེད་པ་ནི། འཇིག་རྟེན་ན་བདག་གི་དགེ་བའི་རྩ་བ་བསྐྱེད་པར་བྱ་བའི་ཡོན་གནས་ཡོངས་སུ་འཛིན་པ་སུ་ཡོད། གང་ལ་བདག་ཤེས་པར་བྱ། བསམ་གཏན་དང་པོ་ལ་ཇི་ལྟར་སྙོམས་པར་འཇུག་པར་བྱ། བསམ་གཏན་དང་པོ་ལས་ཇི་ལྟར་ལྡང་བར་བྱ། དེ་བཞིན་དུ་བསམ་གཏན་བཞི་པའི་བར་ལ་ཇི་ལྟར་སྙོམས་པར་འཇུག་པར་བྱ། བསམ་གཏན་བཞི་པ་ལས་ཇི་ལྟར་ལྡང་བར་བྱ།་དེ་བཞིན་དུ་བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་བདག་གི་གནས་ཤེས་པ་ལ་ཇི་ལྟར་སྙོམས་པར་འཇུག་པར་བྱ། གནས་ཤེས་པ་ལ་ཇི་ལྟར་ལྡང་བར་བྱ། དེ་བཞིན་དུ་ཇི་ལྟར་གནས་ཤེས་བ་ཀུན་འབྱུང་བ་ཤེས་པ་དང ། ཇི་ལྟར་གནས་ཤེས་པ་འགོག་པ་ཤེས་པ་དང ། ཇི་ལྟར་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལ་སྙོམས་པར་འཇུག་པར་བྱ། ཇི་ལྟར་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ལས་ལྡང་བར་བྱ། དེ་བཞིན་ 359a ༄#། །དུ་གནས་ཤེས་པ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་དང ། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཤེས་པ། ལ་ཇི་ལྟར་སྙོམས་པར་འཇུག་པར་བྱ། ཇི་ལྟར་ལྡང་བར་བྱ། དེ་བཞིན་དུ་ཀུན་འབྱུང་པ་དང་འགོག་པ་དང་ལམ་ཤེས་པ་ལའང་བྱའོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པའི་གཉེན་རྙིང་པ་སྣག་གི་གཉེན་མཚམས་སྔོན་གྱི་ལྷ་ཞིག་གིས་རྒྱལ་པོའི་ཕོ་བྲང་དེ་སྣང་བར་བྱས་ནས་ལུས་མ་སྦས་པར་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས། །མི་ཡི་བདག་པོ་ཁྱོད་ལེགས་སོ། ། འཇིག་རྟེན་ཀུན་ལ་ཕན་འདོད་པ། །ཁྱོད་ཀྱི་སེམས་ཀྱི་བསམ་པ་ལེགས། །དེ་བཞིན་གཤེགས་པ་འཇིག་རྟེན་བཞུགས། །མཚན་ནི་ནྱ་གྲོ་དྷ་ཞེས་འབོད།། སངས་རྒྱས་དེ་དྲུང་དེང་སོང་ལ། །སྐྱེ་བོའི་བདག་པོས་ཡོངས་སུ་ཞུས། །ལྷ་དེ་ཡི་ནི་ཚིག་དེ་དག་།མི་ཡི་བདག་པོས་ཐོས་ནས་སུ། །སེམས་དགའ་ཡིད་ནི་མགུ་གྱུར་ནས། །ལྷ་ལ་མངོན་པར་སྨྲས་པ་ནི། །འཇིག་རྟེན་གསལ་བར་མཛད་པ་ཡི། །རྐང་གཉིས་མཆོག་ནི་ཡུལ་གང་ན། །བཞུགས་པ་དེར་ནི་བདག་མཆི་ 359b ཞིང ། །བསྙེན་བཀུར་དག་ནི་རབ་ཏུ་བྱ། །དེ་ནས་ལྷ་དེས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཤར་ཕྱོགས་འདི་ཡི་ཕྱོགས་ཆ་ན། །གྲོང་ཁྱེར་ལྷུན་པོ་འབྱུང་བ་ཡོད། །དེ་ན་མགོན་པོ་དེ་བཞུགས་ཏེ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །དེ་ནི་འཇིག་རྟེན་ཡོན་གནས་ཏེ། །ཕ་རོལ་དག་གི་ཕུལ་བས་འཚོ། །སེམས་ཅན་རྣམས་ལ་ཐུགས་བརྩེའི་ཕྱིར། །ཡོན་གནས་སོ་སོར་བཞེས་པར་མཛད། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །དེ་བཞིན་གཤེགས་པ་དེ་བཞུགས་ཏེ། །རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས། །འཁྲུག་པ་མི་མངའ་འདོད་ཆགས་བྲལ། །སེམས་ཅན་ཀུན་ལ་ཐུགས་བརྩེའི་ཕྱིར། །ཡོན་ནི་སོ་སོར་བཞེས་པར་མཛད། །ཡོངས་སུ་གསོལ་ནས་སྟོན་པར་མཛད། །ཡོན་གྱི་འབྲས་བུ་འདི་ཡིན་ནོ། །ཐུབ་པ་འཇིག་རྟེན་ཀུན་ལ་མཁས། །འཇིག་རྟེན་གསུམ་གྱི་བསོད་ནམས་ཤིང ། །དེ་དྲུང་སོང་ལ་བསྙེན་བཀུར་གྱིས། །དེ་ནི་ཁྱོད་ཀྱི་ལུང་སྟོན་མཛད། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་ལྷ་དེས་བསྐུལ་བ་དྲན་ནས་དེའི་མཚན་མོ་འདས་ཏེ་དེའི་བློན་པོ་རྣམས་བསྡུས་སོ། །བསྡུས་ནས་སྨྲས་པ། གྲོང་གི་གཙོ་བོ་དག་།གང་ཤེས་པར་གྱིས་ཤིག་།ཤར་ཕྱོགས་ 360a ༄#། །ཀྱི་ཕྱོགས་ཆ་ན་གྲོང་ཆེན་པོ་ལྷུན་པོ་འབྱུང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ནྱ་གྲོ་དྷ་ཞེས་བྱ་བ་བཞུགས། སོ། །དེ་ལ་བསྙེན་བཀུར་བྱ་བར་འདོང་གི་།བཞོན་པ་བཟང་པོ་དག་མྱུར་དུ་སྦྱོར་ཅིག་།དེ་བཞིན་གཤེགས་པ་དེ་བལྟ་བའི་ཕྱིར་དེ་རིང་ཉིད་འདོད་དོ། ། བློན་པོ་དེ་དག་གིས་ལྷ། བཀའ་བཞིན་འཚལ་ཞེས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེའི་ལྟར་མཉན་ནས་བཞོན་པ་བཟང་པོ་སྦྱར་ཏོ། ། དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པས་བཙུན་མོ་ལ་བཀའ་སྩལ་པ། ཆུང་མ་གང་ཤེས་པར་གྱིས་ཤིག་།ང་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་བལྟ་བའི་ཕྱིར་འགྲོ་ཡི། བག་ཡོད་པར་སྒྲུབས་ཤིག་།དེས་སྨྲས་པ། དེ་བཞིན་གཤེགས་པ་དེ་བདག་ཅག་གིས་བལྟ་བར་རྔོ་ཐོགས་སམ། སྨྲས་པ། ཆུང་མ། ནུས་སོ། །སྨྲས་པ། ལྷ། དེ་ལྟ་ན་དེ་བཞིན་གཤེགས་པ་དེ་བལྟ་བའི་ཕྱིར་བདག་ཅག་ཀྱང་མཆིའོ། །སྨྲས་པ། ཆུང་མ་གང་གི་དུས་ལ་བབ་པར་ཤེས་ན། འདོང་ངོ ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་ 360b པ་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་བལྟ་བར་འདོད་པ་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་དེ་བལྟ་བའི་ཕྱིར་རྒྱལ་སྲིད་ལ་ལྟོས་པ་མེད་པ་དང ། ཡོངས་སུ་འཛིན་པ་ལྟོས་པ་མེད་པས་རང་རང་གི་གྲོང་ཁྱེར་ནས་བྱུང་ངོ ། །དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་རང་གི་གྲོང་ཁྱེར་ནས་བྱུང་བ་གཟིགས་སོ། །གཟིགས་ནས་རྒྱལ་པོའི་ལམ་ཐམས་ཅད་དཔག་བསམ་གྱི་རས་བཅོས་བུ་མངོན་པར་སྤྲུལ་པ་རྣམས་ཀྱིས་ཡང་དག་པར་གཡོགས་སོ། །ཡུལ་དང་ཕྱོགས་རྣམས་སུའང་མཚོ་དང ། མཚེའུ་དང ། རྫིང་དག་མངོན་པར་སྤྲུལ་ཏོ། །རྒྱལ་པོ་དེའི་ལམ་ལག་མཐིལ་ལྟར་མཉམ་པར་གྱུར་ཅིང་དཔག་བསམ་གྱི་རས་བཅོས་བུ་མངོན་པར་སྤྲུལ་པས་ཤིན་ཏུ་གཡོགས་ཤིང་རླུང་བསིལ་བ་དག་རབ་ཏུ་ལྡང་ངོ ། །གནས་གཙང་མའི་ལྷ་རྣམས་ལ་བཀའ་སྩལ་པ། སོང་ལ་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པའི་ལམ་སྤོས་ཆུས་ཆག་ཆག་ཐོབ་ཅིག་།སྟེང་དུའང་རས་བཅོས་བུ་སྣ་ཚོགས་ཀྱ་བླ་བྲེ་བྲེས་ཤིག་།དེ་འོང་བའི་རིམ་གྲོ་ཡོངས་སུ་སྤྱད་པར་གྱིས་ཤིག་།དེ་ནས་གནས་གཙང་མའི་ལྷ་དག་དེ་བཞིན་གཤེགས་པ་ནྱ་ 361a ༄#། །གྲོ་དྷའི་རྒྱལ་པོ་ལྟར་མཉན་ནས་རྫུ་འཕྲུལ་གྱི་སྟོབས་ཀྱི་འབད་པས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་ལ་མཆོད་པ་བྱེད་དོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པས་རྒྱལ་པོའི་ལམ་གྱི་འབྱོར་བ་དེ་དག་མཐོང་ནས་བློན་པོ་དག་ལ་སྨྲས་པ། གྲོང་གི་གཙོ་བོ་དག་།མིའི་གཟུགས་ལས་འདས་པའི་སྐྱེས་བུ་ལྷའི་གཟུགས་དང་ལྡན་པ་ང་ལ་མཆོད་པ་བྱེད་པ་འདི་དག་ག་ལས་འོངས། གང་བདག་ལ་མཆོད་པ་བྱེད་པའི་རྒྱུ་འདི་དག་ནི། དེ་དག་བདག་གི་དྲུང་ན་མེད་དོ། །དེ་ནས་གཉེན་རྙིང་པ་སྣག་གི་གཉེན་མཚམས་ལྷ་དེས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ལྷ་འདི་དག་ནི་འཇིག་རྟེན་གྱི། །མགོན་པོ་དེ་ཡི་རིམ་གྲོ་པ། །དེ་བཞིན་གཤེགས་པའི་བཀའ་ཡིས་སུ། །མཆོད་པ་དམ་པ་བྱེད་པ་ཡིན། །རྒྱལ་པོ་ཕོ་བྲང་ནས་བྱུང་བ། ། སངས་རྒྱས་ཀྱིས་ནི་ལྷ་གཟིགས་སོ། །ཁྱོད་ནི་འོང་བར་ཤེས་ནས་སུ། །ལྷ་རྣམས་ཀྱིས་ནི་རབ་ཏུ་བརྒྱུགས། །བཞུད་ལ་བྱང་ཆུབ་སེམས་དཔའ་ཡི། །མཆོད་པ་དག་ནི་དམ་པ་མཛོད། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །ཁྱོད་ལ་དེ་ནི་ཐུགས་བརྩེའི་ཕྱིར། །དེ་ཡིས་ལྷ་ནི་དེ་དག་བཏང ། །མཆོད་པ་དག་ནི་དམ་པ་བྱེད། །སངས་རྒྱས་ 361b མཐོང་བར་འདོད་པ་ཡི། །རྒྱལ་པོའི་ལམ་ནི་རྒྱན་གྱིས་བརྒྱན། །རྒྱལ་པོ་ཆེན་པོ་མངོན་བྱུང་ཞིག་།གང་ཟག་མཆོག་ལ་བྱང་ཆུབ་སེམས། །ཉན་ཐོས་རྣམས་ཀྱིས་མདུན་བདར་ཅིང ། །མཆོད་པ་བྱེད་པ་མ་མཐོང་ངམ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པས་ལྷ་དེའི་ཚིག་ཐོས་ནས་ཤིང་རྟ་ལས་བབས་ཏེ་གོས་ཕྲག་པ་གཅིག་ཏུ་གཟར།་རྒྱན་བཀྲོལ། ནོར་བུའི་མཆིལ་ལྷམ་ཕུད་ནས་བཅོམ་ལྡན་འདས་ཕྱོགས་ག་ལ་བཞུགས་པའི་ཕྱོགས་དེར་ཐལ་མོ་སྦྱར་བ་བཏུད་ནས་དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ཞེས་ཆེད་དུ་བརྗོད་པ་འདི་ལན་གསུམ་དུ་བརྗོད་དོ། །དེ་བཞིན་གཤེགས་པ་ནྱ་གྲོ་དྷའི་རྒྱལ་པོ་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བདར་བས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་ཕྱག་འཚལ་བར་བྱེད་པ་གཟིགས་སོ། ། གཟིགས་ནས་ཀྱང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་དག་གིས་ནི་འཇིག་རྟེན་མགོན་པོ་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། ། ཛམྦུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་རྙེད། །དེ་ནི་དེ་དང་མཚུངས་བ་ཡོད་མ་ཡིན། །གང་དག་གིས་ནི་འཇིག་རྟེན་མགོན་པོ་ལ། །དགའ་བའི་སེམས་ཀྱིས་གོམ་པ་ 362a ༄#། །གཅིག་བོར་བ། །ཛམྦུའི་ཆུ་ཀླུང་གསེར་སྲང་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །གང་དག་གིས་ནི་འཇིག་རྟེན་མགོན་པོ་ལ་བསྙེན་བཀུར་བྱ་ཕྱིར་གོམ་པ་གཅིག་བོར་བ། །ཛམྦུའི་ཆུ་ཀླུང་གསེར་སྲང་བྱེ་བ་དག་།དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །དེ་ནས་གནས་གཙང་མའི་ལྷ་དག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཀུན་ལ་ཀུན་ཏུ་དགབ་པར་བྱ་བའི་དོན་དུ་གོས་འབུམ་ཕྲག་བརྒྱད་ཅུ་དག་མངོན་པར་སྤྲུལ་ཏོ། །དེ་ནས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པས་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་མཆོད་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། གདུགས་འདི་དག་ག་ལས་འོངས་པ་ཞིག་སྙམ་མོ།། དེའི་སེམས་བསྐྱེད་མ་ཐག་ཏུ་གདུགས་དེ་དག་མི་སྣང་བར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། གདུགས་འདི་དག་གར་སོང་སྙམ་མོ། །དེ་ནས་ལྷ་དེ་དག་གིས་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། གདུགས་ནི་གང་ནས་མ་སྐྱེས་ཤིང ། །གང་དུ་ཡང་ནི་འགག་མ་གྱུར། །ཆོས་ཀུན་དངོས་པོ་འདི་འདྲ་སྟེ། །དེ་ནི་སངས་རྒྱས་རྣམ་པར་མཁྱེན། །འཇིག་རྟེན་གསལ་མཛད་འདི་འདྲ་སྟེ། །ཆོས་ཉིད་དེ་དག་འདི་འདྲའོ། །གང་དག་དེ་ནི་རྣམ་ཤེས་པ། །དེ་ 362b དག་སངས་རྒྱས་ཐུགས་ལས་བྱུང ། །དེ་ནི་བདུད་ཀྱི་ཞགས་བཅད་ནས། །སངས་རྒྱས་ལམ་དུ་ཉེ་བར་ཞུགས། །འཇིག་རྟེན་གསལ་བར་མཛད་པ་མཐོང ། །བདུད་འདུལ་བར་ནི་འགྲོ་བར་འགྱུར། །ལྷ་རྣམས་དང་ནི་མི་ཆེན་གྱིས། །ལུང་བསྟན་འདི་ནི་ཐོས་ནས་སུ། །བྱང་ཆུབ་སེམས་དཔའི་ཆོས་ཉིད་དག་།དཔའ་བོ་ཆེན་པོས་ལུང་བསྟན་པ། །དེ་ནི་བཅིངས་མེད་གྲོལ་བ་མེད། །ལམ་ཆེན་ལ་ནི་བྱ་བ་བྱས། །སངས་རྒྱས་ཆོས་ནི་བླ་ན་མེད། །དཔའ་བོ་ཆེན་པོས་ལུང་བསྟན་པ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡི། །དེ་ཡི་གསུང་ནི་ཐོས་ནས་སུ། །འོངས་པ་མེད་ཅིང་བྱུང་བ་མེད། །གནས་པ་མེད་པར་རྣམ་པར་ཤེས། །དེ་ཡི་ལུང་བསྟན་ཐོས་ནས་སུ། །ཆོས་ནི་གང་ཡང་མ་བྱུང་ཞིང ། །འགག་པ་མེད་ཅིང་མི་གནས་པར། །ལྷ་དག་གིས་ནི་རྣམ་པར་མཐོང ། །དེ་ཡི་གསུང་དེ་ཐོས་ནས་སུ། །སྐྱེ་བོ་མང་པོ་དེ་ཀུན་དག་།སྟོང་པའི་ཆོས་ནི་རྣམ་ཤེས་ཏེ། །འགག་པ་མེད་ཅིང་མ་འོངས་མེད། །ཆོས་གང་འདས་པའང་མ་ཡིན་ཏེ། །རྣམ་པར་ཤེས་མེད་མ་འོངས་མེད། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །རྒྱལ་བའི་སྲས་དག་རྣམ་པར་ཤེས། །དེ་ཡི་ཚིག་དེ་ཐོས་ནས་སུ། །ཆོས་ནི་ཐམས་ཅད་མཚན་ཉིད་གཅིག། སངས་རྒྱས་བྱང་ཆུབ་ཐུབ་ཆེན་གང ། །ཐམས་ཅད་དེ་ལ་རབ་ཏུ་ཞུགས། །དེ་ཡི་ཚིག་དེ་ཐོས་ནས་སུ། །དེ་ཚེ་དེ་བཞིན་གཤེགས་ 363a ༄#། །བྱུང་གང ། །རྒྱལ་བ་བྱེ་བ་སྤྲུལ་མཛད་ནས། །སྟོང་པའི་ཆོས་ནི་རབ་ཏུ་སྟོན། །ལྷ་ནི་ཁྲི་ཕྲག་བརྒྱད་ཅུ་དག་།དེ་དག་ལ་ནི་དེ་བཞིན་གཤེགས་འཇིག་རྟེན་གསལ་མཛད་བྱང་ཆུབ་ལམ། །སྦྱོང་བར་མཛད་པའི་ལུང་བསྟན་ཏོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཡིད་གཉིས་ལས་ཡང་དག་པར་འདས་པ་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདས་པའི་དགེ་བའི་རྩ་བ་དག་ཡང་དག་པར་བསྡུ་བའི་དོན་དུ་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པའི་ཆོས་འཐོབ་པར་བྱ་བའི་ཕྱིར་འབད་པར་བྱའོ། །མཽངྒལ་གྱི་བུ། ངས་རྣམ་པར་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་རྣམ་པར་གནས་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་ 363b དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་ཅེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེའི་ཉན་ཐོས་འདུས་པ་དང་པོ་ནི། ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་བྱུང་ངོ ། །ཉན་ཐོས་འདུས་པ་གཉིས་པ་ནི། ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་བྱུང་ངོ ། །ཉན་ཐོས་འདུས་པ་གསུམ་པ་ནི། ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་བྱུང་ངོ ། །དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེའི་གསུང་རབ་ལ་ཁྱིམ་བདག་དབེན་པ་འདོད་པ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཆོས་ཀྱི་དགེ་མཚན་དང་ལྡན་པ། ལེགས་པར་གསུངས་པ་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པ། ལེགས་པར་གསུངས་པའི་དོན་དུ་དེས་ཡོངས་སུ་མ་བཏང་བ་ཅིའང་མེད་པ་ཞིག་བྱུང་ངོ ། །དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་ཅེས་བྱ་བ་འགྲོ་བ་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ་དེ་སེམས་ཅན་ 364a ༄#། །དམྱལ་བའི་ལམ་དང ། དུད་འགྲོའི་སྐྱེ་གནས་ཀྱི་ལམ་དང ། གཤིན་རྗེའི་འཇིག་རྟེན་གྱི་ལམ་དང ། མིའི་ལམ་དང ། མཐོ་རིས་ཀྱི་ལམ་དང ། མྱ་ངན་ལས་འདས་པའི་ལམ་སྟེ། ལམ་དེ་དག་རབ་ཏུ་སྟོན་པ་ཞིག་འཇིག་རྟེན་དུ་བྱུང་ངོ ། །ཞེས་དེས་བར་སྣང་ལས་སྒྲ་འབྱུང་བ་ཐོས་སོ། །དེས་སྒྲ་དེ་ཐོས་ནས་གོས་ཕྱོགས་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བར་སྣང་ལ་ཕྱོགས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་རིང་བར་སྣང་འདི་དག་ལ། །ཚིག་སྙན་གཏོང་བ་སུ་ཞིག་ལགས། །འདྲེན་པ་དེ་ནི་ག་ལ་བཞུགས། །དོན་དེ་ཁྱོད་ཀྱིས་བདག་ལ་གསུངས། ། དེས་ཀྱང་བར་སྣང་ལས་སྒྲ་ཐོས། །ཤར་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །གྲོང་ཁྱེར་ལྷུན་པོ་རྒྱལ་མཚན་དགའ། །ཞེས་བྱ་ཡོད་དེ་རྐང་གཉིས་བཞུགས། །ཐེ་ཚོམ་ཐམས་ཅད་གཅོད་པར་མཛད། །དེས་ཡང་ཐལ་མོ་སྦྱར་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དཔག་ཚད་བྱེ་བ་ཇི་སྙེད་ཡོད། །དཔག་ཚད་ཇི་སྙེད་དག་ཏུ་འགྲོ། །དཔག་ཚད་ཇི་སྙེད་སོང་བས་སུ། །དེ་བཞིན་གཤེགས་པ་མཐོང་བར་འགྱུར། །དེས་ཡང་བར་སྣང་ལ་འདུག་པ་ལས་སྒྲ་ཐོས་པ། དཔག་ 364b ཚད་བྱེ་བ་ཕྲག་བཅུ་དང ། །དཔག་ཚད་བརྒྱ་ཕྲག་བཅུ་དག་ན། །གང་ན་རྫོགས་སངས་རྒྱས་བཞུགས་པ། །དེར་ནི་སོང་སྟེ་ཡོངས་སུ་ཞུས། །དེས་སྒྲ་དེ་ཐོས་ནས་བློན་པོ་རྣམས་ལ་སྨྲས་པ། གྲོང་གི་གཙོ་བོ་དག་།བཞོན་པ་བཟང་པོ་མྱུར་དུ་སྦྱོར་ཅིག་།ཤར་གྱི་ཕྱོགས་ཆེན་དཔག་ཚད་བྱེ་བ་ཕྲག་བཅུ་དང ། དཔག་ཚད་སྟོང་ན་གྲོང་ཁྱེར་ལྷུན་པོའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་ཅེས་བྱ་བ་བཞུགས་ཤིང་ཉེ་བར་གནས་ཏེ། དེར་དེ་བཞིན་གཤེགས་པ་དེ་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འདོང་ངོ ། །བློན་པོ་དག་གིས་བཀའ་བཞིན་འཚལ་ཞེས་ཁྱིམ་བདག་དབེན་པ་འདོད་པའི་ལྟར་མཉན་ནས་བཞོན་པ་བཟང་པོ་དག་བཤམས་སོ། །བཤམས་ནས་གསོལ་པ། ཇོ་བོ། གང་གི་དུས་ལ་ད་བབ་པར་མཁྱེན་ན། བཞོན་པ་བཟང་པོ་དག་བཤམས་ལགས་སོ། །དེ་ནས་ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བཞོན་པ་བཟང་པོ་ལ་ཞོན་ཏེ་རང་གི་གྲོང་ཁྱེར་ནས་བྱུང་ངོ ། །དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་སྐྱེ་བོ་ཐམས་ཅད་ཕྱི་བཞིན་འབྲང་ངོ ། །དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་གྲ་ལ་བ་དེར་སོང་ངོ ། །སངས་རྒྱས་ཀྱི་མཐུས་གནས་གཙང་ 365a ༄#། །མའི་ལྷ་དེ་དག་གིས་རིམ་གྲོ་ཡོངས་སུ་སྤྱད་པར་བྱེད་དོ། །དེའི་ཚེ་གྲོང་ཁྱེར་ལྷུན་པོའི་རྒྱལ་མཚན་གྱི་ཕྱོགས་ན་སྐྱེད་མོས་ཚལ་ཀུན་ནས་མཛེས་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་བཞུགས་ཏེ་འདི་ལྟར་དེ་བཞིན་གཤེགས་པ་བཞུགས་པས་སྐྱེད་མོས་ཚལ་དེ་དཔལ་འབར་ཞིང་ལྷན་ནེ་ལྷང་ངེ་བར་རྒྱང་རིང་པོ་ཉིད་ནས་མཐོང་ངོ ། །དེ་བཞོན་པའི་ས་ཇི་ཙམ་པ་དེ་ཙམ་དུ་བཞོན་པས་སོང་སྟེ་བཞོན་པ་ལས་བབས་ནས་རྐང་ཐང་བས་ཡོངས་སུ་བསྐོར་ཅིང་རྐང་ཐང་བས་མདུན་དུ་བདར་ནས་རྐང་ཐང་བས་སྐྱེད་མོས་ཚལ་ཀུན་ནས་མཛེས་པར་ཞུགས་སོ། །དེའི་སྐྱེད་མོས་ཚལ་དེར་ཞུགས་པ་ན་སངས་རྒྱས་ཀྱི་མཐུས་རླུང་བསིལ་བ་བདེ་བ་དག་ལངས་ཤིང་སྤོས་ཆུའི་ཆར་དག་མངོན་པར་རབ་ཏུ་བབ་བོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེས་ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བསམ་པ་ཐུགས་སུ་ཆུད་ནས་བདུད་རྩིའི་འོད་བསིལ་བ་བཏང་ངོ ། །དེའི་བདུད་རྩིའི་འོད་བསིལ་བ་དེས་དེ་ལམ་གྱིས་དུབ་པ་མེད་པར་མཛད་དོ། །དེ་བཞིན་གཤེགས་པས་དེའི་ལུས་དུབ་པ་མེད་པར་ཐུགས་སུ་ཆུད་ནས་ཤིང་ཏ་ལ་གཅིག་ཙམ་དུ་ནམ་མཁའ་ལ་མངོན་ 365b པར་འཕགས་ཏེ་འཆག་གོ་།ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེ་མཛེས་ཤིང་སྡུག་།དབང་པོ་ཞི། ཐུགས་ཞི་བ་བར་སྣང་ལ་འཆག་ཅིང་བཞུགས་པ་མཐོང་ངོ ། །མཐོང་ནས་ཀྱང་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་ཐོས་པ་དེ་བཞིན་མཐོང ། །དེ་བས་ཀྱང་ནི་ལྷག་པར་བཟང ། །འཇིག་རྟེན་དག་ན་ཁྱོད་དང་ནི། །ཡེ་ཤེས་ཡོན་ཏན་འདྲ་མ་མཆིས། །དེ་ལ་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེས་སླར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་ཚིག་སྨྲས་པ། །བདེན་པར་འགྱུར་བ་ཡིན་ཏེ་ལེགས། །ཇི་ལྟར་འདིར་ནི་ཡུན་རིང་དུ། །དགེ་བའི་རྩ་བ་ཤིན་ཏུ་བསྟེན། །འཇིག་རྟེན་དག་ན་ང་འདྲ་མེད། །ང་ལས་ལྷག་འགྱུར་ག་ལ་ཡོད། །ཁྱིམ་བདག་ཅུང་ཟད་ཡིད་ལ་ནི། །ཞུ་བ་གང་དག་འདོད་པ་ཞུས། །དེས་པ་ཁྱོད་ཀྱི་འདོད་པ་གང ། །ང་ཡིས་ཁྱོད་ཀྱི་སེམས་རངས་བྱ། །ང་ལ་ཅུང་ཟད་གང་འདྲི་བ། །དེ་རིང་ཐེ་ཚོམ་མེད་པར་བྱ། །དེ་ནས་ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་བསམ་གཏན་ལངས་ནས་མཆིས། །བསམ་གཏན་ 366a ༄#། །བསམ་གཏན་ཡོན་ཏན་དགའ། །འདི་ལ་ཡིད་གཞོལ་ཇི་ལྟར་འགྱུར། །ཞུས་པ་དེ་དག་བདག་ལ་གསུངས། །དགེ་བའི་རྩ་བ་གང་གིས་ནི། །ཤེས་པ་དེ་ནི་རྟོགས་པར་འགྱུར། །ལྡན་པ་དང་ནི་ཤེས་པའི་རྒྱུ། །ཞུས་པ་དེ་དག་བདག་ལ་གསུངས། །དེ་ལ་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེས་ལུང་བསྟན་པ་ཚིགས་སུ་བཅད་པ་གཅིག་གིས་ཡོངས་སུ་མགུ་བར་མཛད་དེ། མཚན་མེད་བྱས་པའི་བསམ་གཏན་ནི། །ལྡང་བ་ལ་ཡང་ཤིན་ཏུ་ངེས། །ཤེས་པ་གང་གིས་བསམ་གཏན་དེ། །སོ་སོར་ཐོབ་ནས་རབ་ཏུ་ཤེས། །ཞུ་བ་ལུང་བསྟན་ཐོས་ནས་སུ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། ། ཁྱིམ་བདག་དཔའ་བོ་མཁས་པ་ནི། །སྐྱེ་བ་མེད་ལ་རབ་ཏུ་བཞག་།དེ་ནི་སངས་རྒྱས་ཆོས་དག་ལ། །སོམ་ཉི་ཐེ་ཚོམ་མེད་པར་གནས། །འཁོར་དེ་སྣང་བར་བྱས་ནས་སུ། །འདྲེན་པ་ལ་ནི་འདི་སྐད་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་གསུངས་དག་།ཇི་ལྟར་རྣམ་པར་འཚལ་བར་འགྱུར། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེས་ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གངྒཱའི་བྱེ་སྙེད་སེམས་ 366b ཅན་དག་།ང་ཡིས་ལེགས་བཤད་ཐོས་ནས་སུ། །ཡང་དག་པ་ནི་ཇི་བཞིན་ཤེས། །སྐྱེ་བ་མེད་ལ་རབ་ཏུ་བཀོད། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། ཁྱིམ་བདག་དབེན་པ་འདོད་པ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་དབེན་པ་འདོད་པ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུ་བ་ཡོངས་སུ་ཞུས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་བསམ་གཏན་ལ་མཁས་པར་བྱ། བསམ་གཏན་གྱི་ལྡང་བ་ལ་མཁས་པར་བྱ། ལྡང་བ་ཤེས་པ་ཀུན་འབྱུང་བ་ཤེས་པའི་དགེ་བའི་རྩ་བ་གང་ཡང་དག་པར་འདུ་བར་འགྱུར་བའི་དགེ་བའི་རྩ་བ་དེ་དག་ཤིན་ཏུ་གཞག་པར་བྱ། ཤིན་ཏུ་གཟུང་བར་བྱ། །མཽངྒལ་གྱི་བུ།་ངས་རྣམ་པར་གནས་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་བ་ནས་དེ་བཞིན་དུ་སྦྱར་ཏེ་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ 367a ༄#། །ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་དགྲ་ངེས་པར་བཅོམ་པ་ཞེས་བྱ་བ་འབའ་ཞིག་ཁོ་ནས་སངས་རྒྱས་ཀྱི་ཞིང་ལ་རྒྱལ་སྲིད་བྱེད་པ་ཞིག་བྱུང་ངོ ། ། རྒྱལ་པོ་དགྲ་ངེས་པར་བཅོམ་པ་དེ་དང་ཉེ་བ་ཞིག་ན་དེ་བཞིན་གཤེགས་པ་བདེ་མཛད་ཅེས་བྱ་བ་ཞིག་བྱུང་ངོ ། །དེ་བཞིན་གཤེགས་པ་བདེ་མཛད་དེ་འཁོར་ཉན་ཐོས་ཁྲི་ཕྲག་དཔག་ཏུ་མེད་པ་དང ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དཔག་ཏུ་མེད་པ་དག་བྱུང་ངོ ། །བྱང་ཆུབ་སེམས་དཔའ་དེ་དག་གི་བྱང་ཆུབ་སེམས་དཔའ་མོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་བྱུང་ངོ ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དག་ཐེག་པ་གསུམ་ལ་ཡང་དག་པར་རབ་ཏུ་གནས་པར་གྱུར་ཏེ། ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་དང ། སངས་རྒྱས་ཀྱི་ཐེག་པའོ། །སེམས་ཅན་གང་དག་སངས་རྒྱས་ཀྱི་ཐེག་པ་འདི་ལ་ཡང་དག་པར་རབ་ཏུ་གནས་པ་དེས་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་ཅན་དེ་དག་ཡང་དང་ཡང་དུ་སངས་རྒྱས་ཀྱི་ཐེག་པ་ 367b ལ་སྤྲོ་བ་རབ་ཏུ་སྐྱེད་པར་བྱེད་དེ། གྲོགས་པོ་དག་།ཐེག་པ་ཆེན་པོ་ནི། དགའ་བར་བྱ་བ་ཡིན་ཏེ། གང་ལ་མི་ཤེས་པའམ། མ་མཐོང་བའམ། མ་རིག་པའམ། མངོན་སུམ་དུ་མ་བྱས་པའམ། ཉེ་བར་སྐྱེ་བའམ། ཉེ་བར་འདུག་པའམ། འགག་པ་གང་ཡང་མེད་དོ། །དེ་ལ་གང་ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཅན་དེ་དག་ཡོངས་སུ་མི་དགའ་བའི་བློ་སྐྱེས་ཏེ། འཁོར་བར་ཤིན་ཏུ་རྒྱུག་པའི་སེམས་ཅན་སྔོན་གྱི་མཐའ་མི་ཤེས་པའི་འགྲོ་བ་འདི་དག་ལ་རེ་ཞིག་སུ་ཞིག་སྤྲོ་བར་འགྱུར་སྙམ་ནས་དེ་ནས་བྱང་ཆུབ་སེམས་དཔའ་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་ཅན་དེ་དག་དང་ཆོས་མཐུན་པས་རྩོད་པར་བྱེད་དེ། ཀྱེ་མ་ཚེ་དང་ལྡན་པ་ཁྱེད་ཅག་ཅི་སྔོན་ཡུན་རིང་པོ་ནས་སྡུག་བསྔལ་དང ། སྡུག་བསྔལ་ཤིན་ཏུ་བསྐྱེད་པ་འདི་ཤེས་སམ། སྨྲས་པ། ཚེ་དང་ལྡན་པ་དག་།མ་ཡིན་ནོ། །སྨྲས་པ། ཁྱེད་ཅག་ལ་གང་གི་ཚེ་ཡོངས་སུ་བཟུང་བ་དང་བཅས་རྙེད་པ་དེའི་ཚེ་ཁྱེད་ཅག་འཇིགས་སམ། ཁྱེད་ཅག་སྤྲོ་བ་ཆེན་པོ་མ་བྱས་པ་ལ་རྟོག་ལ། བྱས་པ་ལ་ནི། མི་རྟོག་།ཚེ་དང་ལྡན་པ་དག་།བྱས་པ་བཏང་ནས་མ་བྱས་པ་ལ་རྟོག་པ་དེ་ནི། འཇིགས་པར་འགྱུར། གང་ཞིག་བྱས་པ་ལ་རྟོག་ཅིང་མ་བྱས་པ་ལ་མ་ཡིན། དེ་ 368a ༄#། །འདི་སྙམ་དུ་སེམས་ཏེ། བདག་གིས་མང་དུ་བྱས་སོ། །དེ་བྱས་པ་རྟོགས་པ་ན་འཇིགས་པ་མེད་དོ། །ཚེ་དང་ལྡན་པ་དག་།བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་ཅག་གིས་འདི་ལྟར་ཤེས་ཏེ། བྱས་པ་བྱས་པ་ལ་གང་ཡོངས་སུ་བརྟག་པར་བྱ་སྟེ། བྱས་པ་བྱས་པ་ལ་གང་ཡོངས་སུ་རྟོག་པ་དེ་ནི། བདག་གིས་མང་དུ་བྱས་སོ་ཞེས་མི་ཤེས་སོ། །ཚེ་དང་ལྡན་པ་དག་།སྔོན་བྱུང་བ་འདས་པའི་དུས་ན་དྲང་སྲོང་རྟ་དམར་ཞེས་བྱ་བ་ཞིག་བྱུང་སྟེ། དེ་འདི་སྙམ་དུ་སེམས་སོ། །འཇིག་རྟེན་གྱི་མཐར་སོང་ནས་ཕྱིས་འཆི་བའི་དུས་བྱའོ། །སྙམ་ནས་དེ་འཇིག་རྟེན་གྱི་མཐར་འགྲོ་བར་ཆས་སོ། །དེའི་གོམ་པ་འདི་ལྟ་བུར་འདོར་ཏེ། རི་རབ་ཀྱི་རྩེ་མོ་གཅིག་ནས་རི་རབ་ཀྱི་རྩེ་མོ་གཞན་ལ་གོམ་པ་འདོར་རོ། །མགྱོགས་པ་དེ་ལྟ་བུ་དང་ལྡན་པར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན། རྫུ་འཕྲུལ་གྱི་སེམས་ཀྱིས་འགྲོ་བ་བཞིན་ནོ། །དེ་འཇིག་རྟེན་གྱི་མཐར་མ་སོན་པར་འཆི་བའི་དུས་བྱས་སོ། །ཚེ་དང་ལྡན་པ་དག་།རྐང་པས་འཇིག་རྟེན་གྱི་མཐར་འགྲོའོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་མི་གསུང་སྟེ། ཡེ་ཤེས་ཀྱིས་འཇིག་རྟེན་གྱི་མཐར་འགྲོའོ། །ཚེ་དང་ལྡན་པ་ཁྱེད་གང་སྡུག་བསྔལ་དང ། སྡུག་བསྔལ་ལ་ཡང་ 368b དག་པར་ཤེས་པ་དེ་ཁྱེད་ཀྱིས་མ་འོངས་པ་ཡོངས་སུ་རྟོག་ན། སྡུག་བསྔལ་དང་སྡུག་བསྔལ་གྱི་འདུ་ཤེས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྲེད་པ་ཟད་པའི་མཐར་འགྲོ་བར་བྱེད་ཀྱི། འཇིག་རྟེན་གྱི་མཐའ་འདོགས་པར་ནི། མི་བྱེད་དེ། དེ་དག་ལ་སྡུག་བསྔལ་དང་སྡུག་བསྔལ་གྱི་འདུ་ཤེས་མེད་དོ་།དེ་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པའི་དགེ་སློང་མང་པོ་དེ་དག་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པའི་དགེ་སློང་དེ་དག་གིས་བཟློག་པར་མ་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ལ་མོས་པའི་སྟོབས་མེད་དེ། གང་མོས་པའི་སྟོབས་མེད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་ཏུ་སྐལ་བ་མེད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པས་མོས་པའི་སྟོབས་ལ་མངོན་པར་བརྩོན་པར་བྱའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་མོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པའི་དགེ་སློང་ཞིག་བྱུང་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་ 369a ༄#། །དེའི་དུས་ན་མོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་དགེ་སློང་དུ་གྱུར་ཏོ། །མཽངྒལ་གྱི་བུ། ངས་རྣམ་པར་གནས་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་གྲངས་མེད་ཅིང་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་གཞལ་གྱིས་མི་ལང་བརྗོད་དུ་མེད་པའི་འཁོར་བ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཚངས་པའི་བླ་མ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་སྟེ། དགེ་སློང་གི་དགེ་འདུན་གྱི་འཁོར་དཔག་ཏུ་མེད་པ་དང ། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་དོ། ། དེར་བྱང་ཆུབ་སེམས་དཔའ་རིག་པ་དང་ལྡན་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་ཚོར་བ་ཐམས་ཅད་གདུལ་བའི་དོན་དུ་ཚོར་བ་བདག་གི་དོན་རྟོགས་ཏེ། དེ་དེ་ 369b ལྟར་རྣམ་པར་ཤེས་ནས་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས་སོ། །གྲོགས་པོ་དག་།ཚོར་བ་རྣམ་གདུལ་བའི་དོན་དུ་ཡུན་རིང་པོ་བརྗོད་དུ་མེད་པར་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེ་དག་གདུལ་བའི་དོན་དུ་རིག་པ་བརྗོད་དེ། སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི་འདོད་ཆགས་འདུལ། སེམས་ཅན་ཞེ་སྡང་སྤྱོད་པ་རྣམས་ཀྱི་ཞེ་སྡང་འདུལ། སེམས་ཅན་གཏི་མུག་སྤྱོད་པ་རྣམས་ཀྱི་གཏི་མུག་འདུལ། སེམས་ཅན་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་འདུལ་ལོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རིག་པ་དང་ལྡན་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རིག་པ་དང་ལྡན་པ་ཞེས་བྱ་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་གི་སེམས་ཅན་དེ་དག་ཐམས་ཅད་ངས་ཚིག་གིས་བྱང་ཆུབ་ཏུ་འདུལ་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སེམས་ཅན་རྣམས་ཀྱི་དོན་མཛད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ 370a ༄#། །ཀྱི་བསྟན་པ་དངོས་པོ་གསུམ་པོ་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པ་དང ། བཞུགས་པ་དང ། ཡོངས་སུ་མྱ་ངན་འདས་འདས་པ་རྣམས་ངས་ཡོངས་སུ་བཟུང་ངོ ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་གཟུང་བར་བྱ། གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པའང་གཟུང་བར་བྱའོ། །མཽངྒལ་གྱི་བུ། དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔས་དམ་པའི་ཆོས་ཡོངས་སུ་གཟུང་བར་འགྱུར་ཏེ། གང་ལམ་ཡོངས་སུ་འཛིན་པ་དེ་ནི། བསྟན་པ་ཡོངས་སུ་གཟུང་བར་འགྱུར་རོ། །བྱིས་པ་སོ་སོའི་སྐྱེ་བོ་དག་ཡང་དག་པ་མ་ཡིན་པའི་ལམ་ལ་སྡུག་བསྔལ་ཞེས་ཚིག་ཏུ་བརྗོད་ཀྱང་སྡུག་བསྔལ་སོ་སོར་མི་ཤེས། སྡུག་བསྔལ་གྱི་རྒྱུ་ཚིག་ཏུ་བརྗོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་མི་ཤེས། མི་རྟག་པ་ཞེས་ཚིག་ཏུ་བརྗོད་ཀྱང་སྡུག་བསྔལ་འགོག་པ་སོ་སོར་མི་ཤེས། སྡུག་བསྔལ་ལས་འབྲོས་ཀྱང་སྡུག་བསྔལ་ལས་ཡོངས་སུ་མ་ཐར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུ་དང་འབྲས་བུ་ལ་མཁས་པར་བྱའོ། །མཽངྒལ་གྱི་བུ། རྒྱུ་དང་འབྲས་ 370b བུ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི། རྒྱུ་འགོག་པའི་ལམ་སྟོན་པར་བྱེད་དོ། །སྔོན་གྱི་སྦྱོར་བ་གསུམ་པོ་འདི་དག་ནི། འཇིག་རྟེན་ཤེས་པ་ལ་སྦྱར་བར་བྱའོ། ། མཽངྒལ་གྱི་བུ། ངས་འཇིག་རྟེན་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་དུ་མ་མངོན་པར་འདུས་བྱས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་ལྡན་པར་བྱས། །ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་དང་ཡང་དག་པར་ལྡན་པར་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། གཞལ་གྱིས་མི་ལང་བའི་འཁོར་བ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བ་མཛངས་ཤིང་གསལ་ལ་ཡིད་གཞུངས། ཕྱོགས་དང་ཕྱོགས་མཚམས་ལ་མཁས། དོན་དང་དོན་མ་ཡིན་པ་ལ་མཁས། རྒྱུ་སྐར་དང་ཉིན་མོ་ལ་མཁས། སྐད་ཅིག་དང་ཐང་གཅིག་ཡུད་ཙམ་ལ་མཁས། ཐབས་དང་ཐབས་མ་ཡིན་པ་ལ་མཁས་པ་ཞིག་བྱུང་ངོ ། །དེ་སྡོམ་པ་མནོས་ཤིང་དགེ་མཚན་དང ། བཀྲ་ཤིས་དང་ལྡན་པ་བྱས་ནས་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ 371a ༄#། །རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་ཚོང་པ་དེད་དཔོན་གྱི་ཡོངས་སུ་འདྲེན་པ་ཡིན་ཏེ། དེ་ཚོང་པ་དེ་དག་དང་འཇིག་རྟེན་གྱི་གཏམ་སྨྲའོ། །འཇིག་རྟེན་གྱི་ཁམས་འདི་ནས་ཤར་ཕྱོགས་ལོགས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ལ་ལ་ནི། སྐྱེ། ལ་ལ་ནི། འགག་།ལ་ལ་ནི། འཇིག། ལ་ལ་ནི། འབྱུང ། ལ་ལ་ནི། ཞིག་ནས་འདུག་།ལ་ལ་ནི། བྱུང་ནས་འདུག་སྟེ། གྲོགས་པོ་དག་།འཇིག་རྟེན་གྱི་ཁམས་དེ་དག་གི་མཐའ་མེད་དོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་རིགས་ཕུན་སུམ་ཚོགས་པ་དག་ཡོད། སེམས་ཅན་རིགས་དམའ་བ་དག་ཡོད། སེམས་ཅན་ཁ་ཅིག་ནི། ཕྱུག་།ཁ་ཅིག་ནི། དབུལ། སེམས་ཅན་ཁ་ཅིག་ནི། བྲན་བྱེད། ཁ་ཅིག་ནི། ཇོ་བོ་བྱེད་དེ། དེ་ལྟར་སྤྱི་ཤེས་པ་དང ། ཁྱད་པར་ཤེས་པ་རྣམ་པ་དུ་མ་འདི་ནི། འཇིག་རྟེན་ཤེས་པ་ཞེས་བྱའོ། །གྲོགས་པོ་དག་།དེ་ལྟ་བས་ན། འཇིག་རྟེན་དང ། འཇིག་རྟེན་ཤེས་པ་ལ་འབད་པར་བྱའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་ 371b དེའི་དུས་ན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཤེས་པ་ལ་རྣལ་འབྱོར་དུ་བྱའོ། །མཽངྒལ་གྱི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་བསླབ་པར་བྱ་ཞེ་ན། མཽངྒལ་གྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ་ཞིང ། བརྩོན་འགྲུས་མི་གཏང་བར་བྱའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྱང་ཆུབ་སེམས་དཔའ་འོད་འཕགས་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་རབ་ཏུ་གནས་པ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ། དགེ་བ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་བྱུང་ངོ ། །དེ་ཉལ་བའི་རྨི་ལམ་ན་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་གཏམ་ཡང་དག་པར་སྨྲ་བར་འགྱུར་བ་ལ་མ་གཏོགས་པར་གཞན་ཅིའང་མི་མཐོང་སྟེ། ཇི་ལྟར་འདིར་དེ་བཞིན་གཤེགས་བ་དང་ཡང་དག་པར་འགྲོགས་པ་བྱས་ཤིང ། ཡོངས་སུ་འདྲི་ས་ 372a ༄#། །པར་བྱས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐོགས་མེད་སྟོན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་དེ་བཞིན་གཤེགས་པ་ཐོགས་མེད་སྟོན་དེ་དང་ལྷན་ཅིག་པར་སྐབས་སུ་གཏམ་འདི་ལྟ་བུ་ཞིག་བྱས་སོ། །བཅོམ་ལྡན་འདས། འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ཇི་ལྟར་ཡང་དག་པར་རྟོགས་པར་འགྱུར། །འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་དེའི་རྒྱུ་མཚན་ཕན་པར་འགྱུར་བ་ནི། གང་ལགས། བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་སྐྱེ་བོ་མང་པོ་ལ་ཕན་པར་ཞུགས། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ། དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་འོད་འཕགས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་པ་རྟོགས་པར་བྱ་བའི་ཕྱིར་བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ལ་ 372b མངོན་པར་བརྩོན་པར་བྱ།་གཞན་ཡང་འཇིག་རྟེན་གྱི་ཀུན་ཏུ་སྤྱོད་པ་ལ་བརྩོན་པར་བྱ། གཞན་ཡང་དགེ་མཚན་དང་ལྡན་པར་བྱ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་ན་ཕྱིས་འབྱུང་བའི་སྔོན་གྱི་རབས་གྲུབ་པའི་མཐའ་འདི་ལ་བསླབ་པར་བྱ། གཞན་ཡང་གང་ཟག་གི་ཐ་སྙད་དང ། གྲོང་དང ། ཡུལ་གྱི་ཐ་སྙད་ལ་བསླབ་པར་བྱ། གང་དང་གང་དུ་འགྲོ་བ་དེ་དང་དེའི་ཐ་སྙད་ལ་བསླབ་པར་བྱ་སྟེ། ཇི་ཙམ་དུ་གང་འཇིག་རྟེན་གྱི་ཤེས་པ་དང ། ཐམས་ཅད་དུ་ཤེས་པ་ལ་མཁས་པར་བྱའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་འཕགས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་འཕགས་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འཇིག་རྟེན་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་བསླབ་པར་བྱའོ། །བམ་པོ་ཉི་ཤུ་པ། མཽངྒལ་གྱི་བུ། གཞན་ཡང་ངས་འཇིག་རྟེན་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་ 373a ༄#། །སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་གཟུགས་ཀྱིས་འཚོ་བ་སྐྱེ་བོ་ཐམས་ཅད་ཀྱི་ངོ་བོའི་རྗེས་སུ་འཇུག་པ་ཞེས་བྱ་བ་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་ངོ ། །དེ་སྐྱེས་བུ་གང་དང་གང་དུ་རྗེས་སུ་འགྲོ་བར་འགྱུར་བ་དེ་དང་དེ་ཉིད་དུ་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེད་དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་ཞེས་བྱ་བ་ཡོ་བྱད་ཐམས་ཅད་དང་ལྡན་པ་ཞིག་བྱུང་སྟེ། ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་རྒྱ་མཚོའི་དབུས་སུ་ཕྱིན་པ་དང་ཆུ་སྲིན་གྱིས་གྲུ་མེད་པར་བྱེད་དེ། དེའི་ཁར་གྲུ་དེ་འཇུག་གོ་།དེ་ནས་ཚོང་པ་དེ་དག་ལྷ་གང་དང་གང་ལ་དད་ཅིང་མོས་པ་དེ་དང་དེ་དག་ལ་ཕྱག་འཚལ་ཞིང་དུ་སྟེ། ཁ་ཅིག་ནི། ཞི་བ་ལ། ཁ་ཅིག་ནི། སྐེམ་བྱེད་ལ།་ཁ་ཅིག་ནི། དབང་ཕྱུག་ཆེན་པོ་ལ། ཁ་ཅིག་ནི། དབང་པོ་ལ། ཁ་ཅིག་ནི། ཆུ་ལྷ་ལ། ཁ་ཅིག་ནི། སྐྱེ་རྒུའི་བདག་པོ་ལ། ཁ་ཅིག་ནི། ཚངས་པ་ལ། ཁ་ཅིག་ 373b ནི།་བདེ་བྱེད་ལ། ཁ་ཅིག་ནི། ཉི་མ་ལ། ཁ་ཅིག་ནི། ཟླ་བ་ལ། ཁ་ཅིག་ནི། རྒྱ་མཚོ་ཆེན་པོ་དེ་ཉིད་ལ་ཕྱག་འཚལ་བར་བྱེད། ཁ་ཅིག་ནི། བདག་ཅག་ལ་མགོན་སྐྱབས་འདི་དག་མེད་པས་ཤིའང་རུང་ཞེས་ཅང་མི་ཟེར་བར་འཁོད་ཀྱང་དེ་དག་གང་ཡང་སྐྱོབ་པར་མ་གྱུར་ཏོ། །དེ་ནས་དེད་དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ཚོང་པ་འདི་དག་ཐམས་ཅད་ནི། སྐྱབས་ངན་པ་ལ་བརྟེན་ཏོ། མགོན་སྐྱབས་མ་ཡིན་པ་ལ་འདུ་ཤེས་སུ་གྱུར་ཏོ། ལོག་པར་མོས་པ་འདི་ལས་ཐམས་ཅད་ཀྱི་ངོ་བོ་རྗེས་སུ་འཇུག་སྟེ། བདག་ཡང་དག་པར་སྟོན་པ་ལྟ་བུར་བྱེད་ཀྱང་ངོ་བོ་ཉིད་ནི། སུ་ལའང་མི་སྟོན་ཏོ། །མཽངྒལ་གྱི་བུ། དེ་བཞིན་དུ་འདུ་བྱེད་ཐམས་ཅད་ལ་ཇི་ལྟ་ཇི་ལྟ་བ་བཞིན་དུ་རྟོག་ན་དེ་ལྟ་དེ་ལྟར་དངོས་པོ་མེད་པར་མཐོང་ངོ ། །འདུ་བྱེད་རྣམས་ལ་ངེས་པ་གང་ཡང་མེད་དེ། གལ་ཏེ་གཙང་བར་འདོད་པའི་གཙང་བས་མཚན་མ་སྤངས་ཏེ། མི་གཙང་བའི་མཚན་མ་ལ་བརྟེན་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། མཚན་མ་སྤང་ཞིང་མཚན་མ་མེད་པ་ལ་བརྟེན་པར་བྱ་སྟེ། འདི་ནི། ཐར་པའི་ལམ་མོ། །མཽངྒལ་གྱི་བུ། ངས་ཁམས་དུ་མ་ལ་མོས་པ་ཤེས་པ་བྱ་བའི་དོན་དུ་རྟག་པ་ནི། འཆིང་བ་ཡིན་ལ། མི་རྟག་པ་ནི། ཐར་བའོ། །བདག་ནི། འཆིང་བ་ཡིན་ 374a ༄#། །ལ།་བདག་མེད་པ་ནི། ཐར་པའོ། །མཚན་མ་ནི། འཆིང་བ་ཡིན་ལ། མཚན་མ་མེད་བ་ནི། ཐར་བའོ། །མཽངྒལ་གྱི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་དང ། སེམས་ཅན་ཡང་ཡོངས་སུ་མྱ་ངན་ལས་བཟླ་བར་ཡོངས་སུ་རྟོག་ན། གཙང་བའི་ཁ་དོག་ཏུ་སྟོན་པར་བྱེད་ལ། གལ་ཏེ་མི་གཙང་བར་ཡོངས་སུ་རྟོག་ན། མི་གཙང་བའི་ཁ་དོག་ཏུ་སྟོན་པར་བྱེད། གལ་ཏེ་བདེ་བར་རམ། གལ་ཏེ་སྡུག་བསྔལ་དུའམ།་གལ་ཏེ་རྟག་པར་རམ། གལ་ཏེ་མི་རྟག་པར་རམ། གལ་ཏེ་བདག་ཏུའམ། གལ་ཏེ་བདག་མེད་པར་རམ། གལ་ཏེ་མཚན་མར་རམ། གལ་ཏེ་མཚན་མ་མེད་པར་རྟོག་ན། མཚན་མ་མེད་པའི་ཁ་དོག་ཏུ་སྟོན་པར་བྱེད་དོ། །མཽངྒལ་གྱི་བུ། དེ་ལ་གཙང་བར་རྟོག་པ་ནི། འཆིང་བ་ཡིན་ལ། མི་གཙང་བར་རྟོག་པ་ནི་ཐར་བའོ། །བདེ་བར་རྟོག་པ་ནི། འཆིང་བ་ཡིན་ལ། སྡུག་བསྔལ་བར་རྟོག་པ་ནི། ཐར་བའོ། །དེ་བཞིན་དུ་སྦྱར་ཏེ། ཉོན་མོངས་པར་གྱུར་ཏོ། །གང་དེ་དག་བདག་གིས་ཉོན་མོངས་པ་འདི་ལས་ཐར་པར་བྱའོ། །སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེད་ 374b དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་དེས་དེ་ཐོས་མ་ཐག་ཏུ་དད་པར་གྱུར་ནས་དེས་ཚོང་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་འདི་ལྟར་དད་པའི་སྐྱབས་ཀུན་ལ་སུས་ཀྱང་སྐྱབས་སུ་འགྱུར་བ་མེད་ཀྱི། ཁྱེད་ཅག་ཚུར་ཤོག་།ང་གང་ལ་སྐྱབས་སུ་ཉེ་བར་འགྲོ་བ་དེ་ལ་སྐྱབས་སུ་དེངས་ཤིག་།དེ་དག་གིས་སྨྲས་པ། ཁྱོད་གང་ལ་སྐྱབས་སུ་བཞུད། དེས་སྨྲས་པ། གྲོགས་པོ་དག་།དེ་བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་ཞེས་བྱ་བ་བཞུགས་ཏེ། ང་དེ་ལ་སྐྱབས་སུ་འགྲོ་ཡི། ཁྱེད་ཅག་ཚུར་ཤོག་།དེ་བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་དེ་ལ་ཕྱག་འཚལ་ཅིག་།སྐྱབས་སུ་དེངས་ཤིག་།ཁྱེད་ཅག་ཐམས་ཅད་ཀྱིས་བློ་ངེས་པར་བྱོས་ལ་དེ་བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་དེ་ལ་ཕྱག་འཚལ་ལོ། །ཞེས་ཚིག་དེ་སྐད་བརྗོད་ཅིང ། དེ་དག་ཐམས་ཅད་འཆི་བས་འཇིགས་སྐྲག་པས་མོས་པ་མཆོག་བསྐྱེད་ནས་དེ་བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་དེ་ལ་ཕྱག་འཚལ་ལོ། །ཞེས་ཚིག་དེ་སྐད་བརྗོད་དོ། །ཆུ་སྲིན་དེས་སངས་རྒྱས་ཀྱི་སྒྲ་ཐོས་ནས་རྣ་བར་སྙན་པར་གྱུར་ཏེ། དེའི་ཁ་བཙུམས་པ་དང ། དེ་ནས་ཚོང་པ་དེ་དག་ཐམས་ཅད་ཉོན་མོངས་པ་དེ་ལས་ཐར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམས་དུ་སེམས། དེའི་ཚེ་དེའི་དུས་ 375a ༄#། །ན་དེད་དཔོན་འབྱུང་བོ་ཀུན་ལ་བརྩེ་བ་དང་ལྡན་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དེད་དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་མོས་པ་དུ་མ་ཤེས་པ་མངོན་པར་རྫོགས་པ་ཤེས་པར་འདོད་པས་དངོས་པོར་འཛིན་པ་བསལ་བར་བརྩོན་པར་བྱའོ། །མཽངྒལ་གྱི་བུ། ངས་མོས་པ་དུ་མ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ།་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་སེམས་ཅན་གྱི་གཉེན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་སེམས་ཅན་གྱི་གཉེན་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩན་ཞེས་བྱ་བ་བརྩོན་འགྲུས་བརྩམས་པ། སེམས་ཞུམ་པ་མེད་པ། གོ་ཆ་ཆེན་པོ་བ་གོས་པ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་སྨོན་ལམ་ཡོངས་སུ་དག་པ་དང་ལྡན་པ། སངས་རྒྱས་ཀྱི་ 375b ཞིང་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ། གཞལ་དུ་མེད། བརྗོད་དུ་མེད་པར་སྨོན་ལམ་ཡོངས་སུ་དག་པ་དང་ལྡན་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་དག་མོས་པ་སྣ་ཚོགས་དང ། མོས་པ་དུ་མ་ཤེས་པའི་རྒྱུ་ནི་གང ། རྐྱེན་ནི་གང ། སེམས་ཅན་དག་མོས་པ་སྣ་ཚོགས་གང་དང་ལྡན་སྙམ་མོ། །དེ་འདི་སྙམ་དུ་སེམས་སྟེ་སེམས་ཅན་དག་ཡུལ་གང་དང་གང་ལ་མང་དུ་བསྟེན་པ་དེ་ཉིད་ལ་མོས་ཤིང་དེ་ཉིད་ལ་དགའ་སྟེ། དེ་དང་དེ་ཉིད་ཀྱིས་མངོན་པར་དགའ། དེ་ལ་གཞོལ་བར་འགྱུར། དེ་ལ་འབབ། དེ་ལ་བབ་སྟེ། ཡུལ་གཞན་ལའང་མི་མཐུན་པར་འགྱུར་རོ། །དེ་ནས་དེ་ཡུལ་དེ་མ་དམིགས་པ་ནའང་གཞན་གང་ལ་གོམས་པ་ཡོད་ནས་དེ་ལའང་དེ་ཉིད་ཡིན་པར་འཛིན་ཏེ། དེ་ལ་མོས་པར་ཡང་འགྱུར་རོ། །ཡུལ་གཞན་དང ། གཞན་དུ་འགྱུར་ནའང་དེའི་མོས་པ་ལྡོག་པར་འགྱུར་ཏེ། དེ་ཡོན་ཏན་དུ་མཐོང་ངོ ། །ཡོན་ཏན་དུ་འཛིན་པ་ལས་སེམས་ཅན་དག་དེར་གཞོལ་བར་འགྱུར་ལ། སྐྱོན་དུ་འཛིན་པ་ལས་ཞེ་འགྲས་པར་འགྱུར་རོ། །དེ་ལྟ་བས་ན། ལུས་ཀྱི་ཡོན་ཏན་དེ་ལ་སེམས་གཞོལ་བར་མི་བྱ། སྐྱོན་དུ་འཛིན་པ་ལ་ཞེ་སྡང་བར་མི་བྱ། ཡུལ་རྣམས་ལ་སོ་སོར་བརྟགས་པས་བཏང་སྙོམས་སུ་བྱའོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ་ནི། 376a ༄#། །ཡུལ་གྱི་ཡོན་ཏན་ལའང་རྗེས་སུ་ཆགས་པ་མེད། སྐྱོན་ལའང་ཞེ་འགྲས་པ་མེད་དེ། སོ་སོར་བརྟགས་པས་བཏང་སྙོམས་སུ་བྱེད་པ་ནི།་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མར་མེ་མཛད་དེ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཡུལ་ཐམས་ཅད་ལ་མོས་པ་རྣམ་པར་སྤང་ཞིང་མྱ་ངན་ལས་འདས་པ་ལ་མོས་པར་བྱ་སྟེ། མོས་པ་འདི་ནི། མཆོག་ཡིན་ནོ། །མཽངྒལ་གྱི་བུ། ངས་མོས་པ་དུ་མ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་འཁོར་པ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་རིན་པོ་ཆེའི་དཔལ་ཀུན་ལས་འཕགས་པ་ཞེས་བྱ་བ་སེམས་ཅན་ལམ་གོལ་བ་ལ་རབ་ཏུ་ཞུགས་ 376b པ་རྣམས་ལ་ལམ་ཡང་དག་པར་སྟོན་པ་ཞིག་འཇིག་རྟེན་དུ་བྱུང་ངོ ། །དེ་སེམས་ཅན་མོས་པ་དུ་མ་དང ། མོས་པ་དུ་མ་ལ་མངོན་པར་ཞེན་པ་རྣམས་ཀྱི་སྐྱོན་བསྟན་པའི་ཕྱིར་མོས་པར་དུ་མ་ཤེས་པ་འགོག་པ་ཤེས་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །མོས་པ་དང ། འགོག་པའི་ཆོས་དེ་དག་ཐམས་ཅད་དང ། རང་གི་མོས་པ་ལ་ལྷག་པར་ཆགས་པ་བསྐྱེད་པར་མི་བྱ་སྟེ། མོས་པ་དེ་དག་ཐམས་ཅད་ནི། སླུ་བ་ཡིན་ནོ། །ཁྱེད་ཅག་གི་མོས་པ་དེ་གཞན་ཡིན་ལ་ཆོས་ཀྱི་ངོ་བོའང་གཞན་ཡིན་ཏེ། ཡང་མོས་པ་དེ་དག་ལས་ལྡོག་གོ་།དེ་རྣམ་གྲངས་དེས་སྲོག་ཆགས་སྟོང་ཕྲག་མང་པོ་དག་སྡུག་བསྔལ་ལས་ཡོངས་སུ་ཐར་པར་བྱའོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་དྲང་སྲོང་རིན་པོ་ཆེའི་དཔལ་ཀུན་ལས་འཕགས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་རིན་པོ་ཆེའི་དཔལ་ཀུན་ལས་འཕགས་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ང་གཟུགས་ལ་མོས་ནས་བུད་མེད་གཟུགས་བལྟ་ན་སྡུག་པ་མཆོག་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་ངོ ། །ཡང་ང་སྒྲ་ལ་མོས་བར་གྱུར་ནས་ང་སྒྲ་ལ་མོས་པས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ 377a ༄#། །རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་དག་གིས་མཆོད་པ་བྱས་ཀྱང་དེས་ང་ཡོངས་སུ་མ་མགུའོ། །ཡང་ང་དྲིལ་མོས་པར་གྱུར་ནས་ང་དྲི་ལ་མོས་པས་དྲི་མང་པོ་དག་ཡོངས་སུ་བཏང་བར་བྱས་ཀྱང་དེས་ང་ཡོངས་སུ་མ་མགུའོ། །ཡང་ང་རོལ་མོས་པར་གྱུར་ནས་ང་རོལ་མོས་པས་འབྲུ་མང་པོ་སྣ་ཚོགས་དང ། རོའི་བྱེ་བྲག་རྣམ་པ་སྣ་ཚོགས་དག་ཡོངས་སུ་བཏང་ཡང་དེས་ང་ཡོངས་སུ་མ་མགུའོ། །ཡང་ང་རེག་བྱ་ལ་མོས་པར་གྱུར་ནས་ང་རེག་བྱ་ལ་མོས་པས་གོས་འཇམ་བོ་སྣ་ཚོགས་དག་ཡོངས་སུ་བཏང་ཡང་དེས་ང་ཡོངས་སུ་མ་མགུའོ། །མཽངྒལ་གྱི་བུ། ང་ཆོས་ལ་མོས་ནས་ཤེས་པ་རྣམ་པ་སྣ་ཚོགས་དག་བསླབས་ཀྱང་དེ་དག་གིས་ང་ཡོངས་སུ་མ་མགུའོ། །མཽངྒལ་གྱི་བུ། གང་མྱ་ངན་ལས་འདས་པ་དེ་ལ་མོས་པ་དེ་ནི། མོས་པ་ལས་ཡོངས་སུ་ཉམས་པ་མེད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མོས་པ་དུ་མ་ཤེས་པ་ལ་བསླབ་པར་བྱ་སྟེ། མོས་པ་ཐམས་ཅད་ཀྱང་འགོག་པའི་ཆོས་ཅན་དུ་བལྟའོ། །མཽངྒལ་གྱི་བུ། ངས་མོས་པ་དུ་མ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་ 377b བུ།་སྔོན་བྱུང་པ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།་ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་པ་དང ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་ཚོགས་དཔག་ཏུ་མེད་པ་དག་གིས་ཡོངས་སུ་བསྐོར་ཏོ། ། དེའི་ཚེ་ཚོགས་དེའི་ནང་ན་བྱང་ཆུབ་སེམས་དཔའ་ས་འཛིན་ཞེས་བྱ་བ་ཞིག་བྱུང་སྟེ། བྱང་ཆུབ་སེམས་དཔའ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། དབང་པོ་རྣོ་བ། སེམས་རེ་རེ་བསྐྱེད་པས་བསྐལ་པ་གྲངས་མེད་པའི་དགེ་བའི་རྩ་བ་མངོན་པར་འདུ་བྱེད། སེམས་རེ་རེ་བསྐྱེད་པས་སེམས་ཅན་གྲངས་མེད་པ་དག་ཉན་ཐོས་ཀྱི་ཐེག་པ་ལ་རབ་ཏུ་བཙུད། དེ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་དང ། དེ་བཞིན་དུ་སེམས་རེ་རེ་བསྐྱེད་པས་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་གྲངས་མེད་པ་དག་ཕྱིར་མི་ལྡོག་པར་རབ་ཏུ་བཙུད་དོ། །དེའི་ཚེ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ནི། ཉན་ཐོས་ཀྱི་ཐེག་པ་ལ་རབ་ཏུ་གནས་སོ། །སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ནི། རང་སངས་རྒྱས་ཀྱི་ཐེག་པ་ལ་རབ་ཏུ་གནས་སོ། །སེམས་ཅན། ཁྲི་ཕྲག་དཔག་ཏུ་མེད་པ་དག་ནི། བྱང་ཆུབ་སེམས་དཔའི་ཐེག་པ་ལ་རབ་ཏུ་གནས་སོ། ། 378a ༄#། །དེ་ནས་བྱང་ཆུབ་སེམས་དཔའ་ས་འཛིན་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པས་གང་གིས་སེམས་ཅན་དེ་དག་ངེས་པར་འབྱུང་བར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་མཛད་པས། རང་རང་གི་འཁོར་འདི་དག་ཉིད་ལུང་བསྟན་པ་ཐོས་ནས་ཡིད་རངས་པར་གྱུར་ཅིག་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པས་སེམས་ཅན་དེ་དག་ཇི་ལྟར་སྨོན་པ་བཞིན་དུ་ལུང་བསྟན་ཏོ། །མོངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འཛིན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ས་འཛིན་ཞེས་བྱ་བར་གྱུར་ཏོ། མཽངྒལ་གྱི་བུ། དེ་ལྟ་བས་ན་ཀྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་ཅན་དག་ཡོངས་སུ་གཟུང་བར་བྱའོ། །མཽངྒལ་གྱི་བུ། ངས་མོས་པ་སྣ་ཚོགས་ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ 378b ན་དེ་བཞིན་གཤེགས་པ་ཉེ་བར་ཞི་འཕགས་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་ཉེ་བར་ཞི་འཕགས་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་ནོར་བུ་འཛིན་ཞེས་བྱ་བ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་རྣམས་ལ་ཡུན་རིང་དུ་ཚངས་པར་སྤྱད་པ། དགེ་བའི་རྩ་བ་དཔག་ཏུ་མེད་པས་གང་བ། སྙིང་རྗེ་ཆེན་པོ་ཐོབ་པ་ཞིག་བྱུང་སྟེ། དེ་དེ་བཞིན་གཤེགས་པ་དེའི་རིམ་གྲོ་བར་གྱུར་ཏོ། །དེ་དེ་བཞིན་གཤེགས་པ་དེ་ལ་ཡིད་དུ་འཐད་དེ། ཡིད་དུ་མི་འཐད་པ་མ་ཡིན་པས་རིམ་གྲོ་བ་བྱས་ཤིང ། བཤད་པའང་འཛིན་ལ། རང་གི་དོན་ཀྱང་མི་གཏོང་ངོ ། །དེས་བཅོམ་ལྡན་འདས་ཀྱི་རིམ་གྲོ་པ་བྱས་ཏེ་མངོན་པར་ཤེས་པ་ལྔ་བསྒྲུབས་པས་དེ་ཕ་རོལ་གྱི་སེམས་ལ་མཁས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉེ་བར་ཞི་འཕགས་དེའི་ཐུགས་ཀྱིས་སེམས་མཁྱེན་པ་མཛད་ནས་གང་གི་ཚེ་དེ་བཞིན་གཤེགས་པ་དེ་དབེན་པ་ལ་བཞུགས་པས་བཞུགས་པ་དེའི་ཚེ་དེ་རང་གི་དོན་མི་གཏོང་ངོ ། །དེ་བཞིན་གཤེགས་པ་དེ་བཞུགས་པ་ 379a ༄#། །གང་གིས་བཞུགས་པ་དེ་ཉིད་ཀྱིས་དེའང་འདུག་པས་འདུག་གོ་།དེ་བཞིན་གཤེགས་པ་ཉེ་བར་ཞི་འཕགས་དེའང་དེའི་བསམ་པ་ཐུགས་སུ་ཆུད་ནས་དེ་ལྟ་བུའི་ཚུལ་གྱིས་བཞུགས་པས་བཞུགས་སོ། །ནོར་བུ་འཛིན་དེའི་འགྲོ་བའི་ཡུལ་ཅི་ཙམ་པ་དེ་ཙམ་དུ་བཞུགས་པས་བཞུགས་ཏེ། བྱང་ཆུབ་སེམས་དཔའ་ནོར་བུ་འཛིན་དེའང་དེའི་རྗེས་སུ་འབྲང་ངོ ། །དེ་ལྟར་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བཞུགས་པ་ལ་བསླབ་བོ། །དེ་དེ་བཞིན་གཤེགས་པ་དེའི་ཁམས་སྣ་ཚོགས་ཤེས་པ་དེའི་ནང་དུ་ཆུད་དོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ནོར་བུ་འཛིན་ཞེས་བྱ་བ་གང་གིས་དེ་བཞིན་གཤེགས་པ་དེའི་ཁམས་སྣ་ཚོགས་ཡང་དག་པར་དྲན་པར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ནོར་བུ་འཛིན་ཞེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དེའི་མོས་པ་སྣ་ཚོགས་ཤེས་པ་རྗེས་སུ་རྟོགས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་བཞུགས་པ་རྗེས་སུ་རྟོགས་པར་བྱའོ། །མཽངྒལ་གྱི་བུ། ངས་མོས་པ་སྣ་ཚོགས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་ 379b དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམས་སྣ་ཚོགས་དུ་མ་དག་མངོན་བར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་སྤྱན་མཛེས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་སྤྱན་མཛེས་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་བྱུང་སྟེ། སངས་རྒྱས་ཀྱི་ཞིང་དེར་རྣམ་པ་ཐམས་ཅད་དུ་སེམས་ཅན་དམྱལ་བ་མ་བྱུང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། ལྷ་མ་ཡིན་གྱི་རིས་དག་མ་བྱུང་སྟེ། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་ཁོམ་པ་མ་བྱུང་ངོ ། །སངས་རྒྱས་ཀྱི་ཞིང་དེར་གཅིག་ཏུ་ཡོངས་སུ་དག་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེར་ཀུན་ནས་ཉོན་མོངས་པའི་ལས་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་དེ་བཞིན་གཤེགས་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་དཔག་ཏུ་མེད་པ་དག་ཡོངས་སུ་སྨིན་པར་མཛད་དོ། ། དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་ཆུ་ལྷ་ཞེས་བྱ་བ་ཁྱིམ་ན་གནས་པ་ཞིག་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་མཛེས་དེའི་ 380a ༄#། །དགེ་བསྙེན་རིགས་ལ་ཐུགས་བརྟན་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན། བཅོམ་ལྡན་འདས་འོད་སྲུང་གི་བུ་རིགས་རྫ་མཁན་དང ། ངའི་སྦྲང་ཚལ་བཀྲ་བ་ལྟ་བུའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆུ་ལྷ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་མཛེས་དེའི་དྲུང་དུ་སོང་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་ཆུ་ལྷ་དེས་སྐྱེ་བོའི་ཚོགས་མང་པོ་དེ་དག་གི་མདུན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་མཛེས་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། སྟོབས་བཅུ་སྒྲ་གྲགས་མི་ལྷ་མི་ཡི་འཇིག་རྟེན་དག་ན་འདྲ་མ་མཆིས། །རྒྱལ་བ་འགྲོ་བའི་བསམ་པ་མཁྱེན་ཅིང་ལྷག་པར་མོས་པ་རབ་ཏུ་མཁྱེན། །རྒྱལ་བ་འདྲེན་པ་མོས་པ་སྣ་ཚོགས་དང་ནི་དེ་འགོག་རབ་ཏུ་མཁྱེན། །ཇི་ལྟར་ལྷག་པར་མོས་པ་སྣ་ཚོགས་འགོག་པར་འགྱུར་བ་དེ་དག་གསུངས། །ཇི་ལྟར་རྣམ་འདྲེན་ཁྱོད་སྲས་སེམས་ཅན་ཀུན་གྱི་མོས་པ་སྣ་ཚོགས་དག་།ཡང་དག་འགོག་འགྱུར་མངོན་པར་འཚལ་བ་དེ་དག་བདེ་གཤེགས་བདག་ལ་གསུངས། །རྒྱལ་བ་ཐམས་ཅད་གཟིགས་པ་ལྷ་དང་མི་ཡི་བསམ་པ་ཀུན་ལ་མཁས། །འཇིག་རྟེན། 380b ཐམས་ཅད་ལ་ནི་ཕན་ཕྱིར་སྤྱན་མཛེས་དེས་ནི་ལུང་བསྟན་པ། གང་ཚེ་འགོག་པར་འགྱུར་བ་ཡོངས་སུ་མཁྱེན་ནས་འགྲོ་བའི་དོན་ཆེན་མཛད། །དེ་བཞིན་གཤེགས་པས་འགྲོ་བའི་མོས་པ་སྣ་ཚོགས་ལུས་པ་མེད་པར་མཁྱེན། །ཇི་ལྟར་གཞོལ་བའི་སར་ནི་འབབ་པའི་ཆུ་དག་འབབས་པར་འགྱུར་བ་ལྟར། །ཡུལ་ནི་གང་དང་གང་ལ་མི་ཡིས་ཕྱིར་བསྟེན་དེ་ལ་དེ་མོས་སོ། །དེ་ནི་བདེ་གཤེགས་བསྟན་པ་ཐོབ་ཅིང་དགེ་བའི་བཤེས་གཉེན་སངས་རྒྱས་ལ། །རིམ་པར་སྟེན་བྱེད་ཡུལ་ལ་མངོན་པར་ཆགས་པ་དོན་མེད་ཡོངས་སུ་ཤེས། །དེ་ནི་འཆིང་བ་ཤེས་ཤིང་ཡུལ་གྱི་སྐྱོན་ཡང་ཤེས་ནས་ཡོངས་སུ་སྤོང ། །ཡུལ་གྱི་སྐྱོན་དག་ཡོངས་སུ་མཐོང་བ་འགག་པར་བྱེད་ཅིང་ཕྱིར་མི་སྐྱེ། །གང་དག་ཡུལ་འདི་མཐོང་ནས་ཡང་དང་ཡང་དུ་གོམས་པ་འགོག་མི་བྱེད། །དེ་དག་ཡུལ་གྱི་རོ་མཆོག་དག་གིས་ཟིལ་ནོན་སྡུག་བསྔལ་སྐྱེད་པར་བྱེད། །དེ་ལྟ་བས་ན་མཁས་པའི་མི་དག་འགྲོ་ལ་ཕན་བསམ་བྱང་ཆུབ་མཆོག་།མངོན་པར་འདོད་པ་དེས་ནི་བསྒྲིམས་ཏེ་ཡུལ་དག་ཡོངས་སུ་ཤེས་པར་བྱ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཆུ་ལྷ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཆུ་ལྷ་ཞེས་བྱ་བར་གྱུར་ 381a ༄#། །ཏོ། །ངས་དེར་ཡུལ་དེ་དག་ཡོངས་སུ་ཤེས་པས་དེ་ཕྱིན་ཆད་དུ་ནམ་ཡང་སྐྱོན་མ་བྱུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ངས་དེ་དག་དོན་མེད་པར་ཡོངས་སུ་ཤེས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཡུལ་དོན་མེད་པར་གྱུར་པ་ཡོངས་སུ་ཤེས་པར་བྱའོ། །མཽངྒལ་གྱི་བུ། ངས་མོས་པ་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་བསྐྱེད་དོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སྒྲོལ་བ་ལ་མཁས་པ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གང་ཡང་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་སྨིན་པར་མ་བྱས་ཀྱི། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཙུད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དེ་དག་བླ་ན་མེད་པ་ཡང་དག་པར་ 381b རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་རབ་ཏུ་གནས་པར་གྱུར་ཏོ། །སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པ་དེས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་ཏེ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སྒྲོལ་བ་ལ་མཁས་པ་དེས་སེམས་ཅན་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་བཙུད་ཅིང་བསྐལ་པ་གྲངས་མེད་པར་གནས་ནས་ཕྱིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །སེམས་ཅན་གང་བྱུང་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་ལྷའི་ཟླ་བ་ཞེས་བྱ་བ་ཞིག་བྱུང་ངོ ། །བྱང་ཆུབ་སེམས་དཔའ་ལྷའི་ཟླ་བ་དེས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་མོ་སྙེད་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཙུད་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་ཞེས་བྱ་བ་ཞིག་བྱུང་སྟེ། བྱང་ཆུབ་སེམས་ 382a ༄#། །དཔའ་ལྷའི་ཟླ་བ་དེས་ཡོངས་སུ་སྨིན་པར་བྱས། ཡོངས་སུ་རྫོགས་པར་བྱས་སོ། །དེ་འདི་སྙམ་དུ་སེམས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ལྷའི་ཟླ་བ་དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་བྱང་ཆུབ་ལ་བཙུད། སངས་རྒྱས་ཀྱི་རྒྱུད་ཡང་དག་པར་སྤེལ་ཏོ། བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་དེའི་རྗེས་སུ་བསླབ་པར་བྱ། བདག་གིས་ཀྱང་སངས་རྒྱས་ཀྱི་རྒྱུད་ཡང་དག་པར་སྤེལ་བར་བྱའོ། །སྙམ་མོ། །དེས་ཕྱོགས་བཅུའི་འཇིག་རྟེན་དེ་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་ནས་སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྤྲུལ་པ་མངོན་པར་སྤྲུལ་ཏེ། ལྷ་དག་ལ་མོས་པ་ནི། ལྷའི་སྤྲུལ་པ་མངོན་པར་སྤྲུལ། ཀླུ་དག་ལ་མོས་པ་དང ། གནོད་སྦྱིན་དག་ལ་མོས་པ་དང ། དྲི་ཟ་དག་ལ་མོས་པ་དང ། ལྷ་མ་ཡིན་དག་ལ་མོས་པ་དང ། མི་འམ་ཅི་དག་ལ་མོས་པ་དང ། ལྟོ་འཕྱེ་ཆེན་པོ་དག་ལ་མོས་པ་ནི། ལྟོ་འཕྱེ་ཆེན་པོའི་སྤྲུལ་པ་མངོན་པར་སྤྲུལ་ཏོ། །དེ་ལྟར་གང་དང་གང་ལ་མོས་པ་དེ་དང་དེ་དག་གི་རྗེས་སུ་མཐུན་པའི་སྤྲུལ་པ་མངོན་པར་སྤྲུལ་ཏེ། སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་ཇི་སྙེད་པ་དེ་དག་ཡུན་མི་རིང་བར་ལ་ལ་ནི། ཉན་ཐོས་ཀྱི་ཐེག་པ། ལ་ 382b ལ་ནི།་རང་སངས་རྒྱས་ཀྱི་ཐེག་པས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེ་ལྟར་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་དགེ་བའི་རྩ་བ་རྣམས་ལ་རབ་ཏུ་བཙུད་དོ། །དེར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དད་པ་བསྐྱེད་དེ། དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་ཤེས་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་ཞེས་བྱ་བར་གྱུར་ཏེ། ངས་སེམས་ཅན་དེ་སྙེད་ཅིག་ཐེག་པ་གསུམ་གྱིས་བཏུལ་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པར་བྱའོ། །མཽངྒལ་གྱི་བུ། ངས་མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་ལྷའི་ཟླ་བ་ཞེས་བྱ་བ་འབའ་ཞིག་ཁོ་ནས་ཛམྦུའི་གླིང་གི་དབང་ཕྱུག་གིས་དབང་བྱེད་པ། ཆོས་ཀྱི་བདག་ 383a ༄#། །པོ་ཆོས་དང་ལྡན་པ། ཆོས་ཀྱིས་མི་མཐུན་པ་མེད་པར་རྒྱལ་སྲིད་བྱེད་པ་ཞིག་བྱུང་ངོ ། །བུའང་སྟོང་ཐམ་པ་ཡོད་དེ། དཔའ་ཞིང་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་དག་བྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་དེ་བྱང་ཆུབ་སེམས་དཔའི་ཐེག་པ་ཡང་དག་པར་རབ་ཏུ་སྟོན་ཏེ། ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་མི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་བཞིན་གཤེགས་པ་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ཡང་དག་པར་འཛིན་དུ་བཙུད་དེ། སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་རབ་ཏུ་གནས་སོ། །དེ་བཞིན་གཤེགས་པ་དེས་དེ་དག་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཉིད་བསྟན་ཏེ། སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ངེས་པར་བྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོངས་ཞེས་བྱ་བ་ཚོགས་ 383b དེ་ཐམས་ཅད་ཀྱི་གཙོ་བོ་བྱེད་པ་ཞིག་བྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་བདུད་ཤུགས་འཆང་ཞེས་བྱ་བ་གང་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་གི་བར་ཆད་བྱེད་པར་ཉེ་བར་གནས་པ་ཞིག་བྱུང་ངོ ། །དེ་བྱང་ཆུབ་སེམས་དཔའ་དེ་དག་གི་ཐམས་ཅད་མཁྱེན་པ་ཉིད་དང་ཡང་དག་པར་ལྡན་པའི་གཏམ་ཟེར་རོ། །དེ་ནས་བདུད་ཤུགས་འཆང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་འདིས་ཡུན་མི་རིང་བར་བདག་གི་ཡུལ་སྟོང་པར་འགྱུར་ཏེ། གང་བདག་གིས་དེའི་བར་ཆད་བྱའོ། །སྙམ་ནས་དེ་སངས་རྒྱས་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་འཁོར་གྱི་ནང་དུ་ཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་དེ་དག་གི་ནང་དུ་འདུག་ནས་ཐམས་ཅད་མཁྱེན་པ་ཉིད་དང་ཡང་དག་པར་ལྡན་པའི་གཏམ་ངན་པ་བསྔགས་ལ། འདོད་པའི་ཡོན་ཏན་དང་ཡང་དག་པར་ལྡན་པའི་གཏམ་ཟེར་རོ། །བྱང་ཆུབ་སེམས་དཔའ་དེ་དག་ལའང་འདོད་པའི་ཡོན་ཏན་ལྔ་པོ་དག་ཉེ་བར་འབུལ་ཏེ། མིག་གིས་རྣམ་པར་ཤེས་པར་བྱ་བ་གཟུགས་མང་པོ་དང ། བཟའ་བ་དང ། བཅའ་བའི་ཡོ་བྱད་དང ། མེ་ཏོག་གི་ཡོ་བྱད་དང ། བལྡག་པའི་ཡོ་བྱད་དང ། རོལ་མོའི་ཡོ་བྱད་དང ། གླུ་དབྱངས་ཀྱི་ཡོ་བྱད་དང ། གར་གྱི་ཡོ་བྱད་རྣམས་འབུལ་བར་བྱེད་ 384a ༄#། །དོ། །དེ་ནས་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་བདུད་ཤུགས་འཆང་འདི་བདག་གི་ཤུགས་ཀྱིས་གདུལ་བར་བྱའོ། །སྙམ་ནས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱེད་བ་མངོན་པར་འདུ་བྱེད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་བདུད་ཤུགས་འཆང་གི་མགུལ་དུ་ཁྱི་རོ་ཞིག་བཏགས་སོ། །ཤུགས་འཚང་གི་གཟུགས་ཀྱིས་བདུད་ཀྱི་གནས་དེར་སོང་ངོ ། །སོང་ནས་བདུད་ཀྱི་གནས་དེར་ཞུགས་ཏེ་ལྷའི་བུ་མོ་ཁྲི་ཕྲག་དགུ་བཅུ་རྩ་དགུ་དག་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ་།བྱང་ཆུབ་སེམས་དཔའ་ཡང་དག་པར་ལྡན་པའི་གཏམ་དེ་ལྟ་བུ་དག་བྱས་ཏེ། འདི་ལྟར་ལྷའི་བུ་མོ་ཁྲི་ཕྲག་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷའི་བུ་མོ་ཁྲི་ཕྲག་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་ལ་བཙུད་ནས་བདུད་ཀྱི་གནས་དེ་ཉིད་དུ་འདོད་པའི་ཡོན་ཏན་ལྔ་དག་གིས་བདག་ཉིད་རྩེ་བ་མངོན་པར་སྤྲུལ་ཏོ། །དེ་ནས་བདུད་ཤུགས་འཆང་ཁྱི་རོ་བཏགས་པ་དེ་རང་གི་གནས་གལ་བ་དེར་སོང་བ་དང ། གནས་དེ་ན་ལྷའི་བུ་དང ། ལྷའི་བུ་མོ་དེ་དག་དང་ལྷན་ཅིག་ 384b ཏུ་རྩེ་ཞིང་ཡོངས་སུ་སྤྱོད་བ་མཐོང་ངོ ། །མཐོང་ནས་ཀྱང་སྡུག་བསྔལ་ཞིང་ཡིད་མི་བདེ་ལ། བློང་བློང་པོར་གྱུར་ཅིང་དེར་མི་དགའོ། །དེ་ནས་ལྷའི་བུ་མོ་ཁྲི་ཕྲག་དགུ་བཅུ་པོ་དེ་དག་བདུད་ཤུགས་འཆང་བློང་བློང་བོར་གྱུར་པར་རིག་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བདུད་ཤུགས་འཆང་འདི་སྲོག་ཆགས་རྣམས་ཀྱི་ཕྱིར་སྡིག་པའི་རོས་བློང་བློང་པོར་གྱུར་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་ལ་ལྟོས། ཀྱེ་ཨེ་མ་སློབ་དཔོན་དཔའ་བའི་སྟོབས་བདུད་ཤུགས་འཆང་འདི་བདག་ཅག་གི་བདུད་ཀྱི་གནས་ལ་དབང་ཕྱུག་གི་དབང་གིས་བགེགས་བགྱིད་པར་འགྱུར་ན། བདག་ཅག་ལ་འཚེ་བར་མི་འགྱུར་བར་མཛད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་བདུད་ཤུགས་འཆང་གི་གནས་ཀྱི་གོང་དུ་བདུད་ཀྱི་གནས་གཞན་ཆེས་རྫུ་འཕྲུལ་ཆེ་བ། ཆེས་གཟི་བརྗིད་ཆེ་བ། ཆེས་མཐུ་ཆེ་བ། ཆེས་གཟི་ཆེ་བ་ཞིག་མངོན་པར་སྤྲུལ་ཏོ། ། འཇིག་རྟེན་གྱི་ཁམས་གཞན་ཞིག་ཀྱང་མངོན་པར་སྤྲུལ་ཏེ་དེར་བདུད་དེ་དབང་ཕྱུག་ལ་དབང་བྱེད་དེ། དེས་གནས་དེ་དང་བདུད་དེའང་ཐལ་བར་བརླགས་སོ། །དེ་ནས་ 385a ༄#། །བདུད་ཤུགས་འཆང་གིས་བདུད་དེ་དང་བདུད་ཀྱི་གནས་དེ་མཐོང་ནས་ཡིད་གཉིས་སུ་གྱུར་ཏེ། བདག་ཀྱང་ཡུན་མི་རིང་བར་འཆི་བའི་ཆོས་སུ་འགྱུར་རོ། །བདུད་ཀྱི་གནས་འདིས་བདག་གི་ངོ་བོ་དང ། ཡོངས་སུ་འཛིན་པ་ཐམས་ཅད་དང་ཐ་དད་པའི་ངོ་བོར་འགྱུར་རོ། །སྙམ་མོ། །དེ་ནས་དེ་དག་གིས་དེ་ཀུན་ཏུ་སྐྱོ་བར་གྱུར་ཅིང་ཡིད་མི་དགའ་བར་གྱུར་ནས་འཇིགས་སྐྲག་བློང་བློང་པོར་གྱུར་ནས་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་དེ་ལ་འདི་སྐད་ཅེས་སྨྲས་སོ། ། མཁས་པ་མགོན་མེད་མགོན་མཛོད་རྣམ་པར་ལྟུང་ལས་དགྲོལ་བར་མཛོད། །བྱིས་པའི་ངོ་བོ་བདག་གིས་མི་དགེ་གང་བགྱིས་མི་རྟག་པས། །སྲིད་པར་འགྲོ་བ་ཀུན་གནོད་རྟག་པ་མ་ལུས་མཐོལ་ཞིང་མཆིས། །རྣམ་འཇིག་ཆོས་ཀྱི་དངོས་པོ་ཅུང་ཟད་མགོན་སྐྱབས་བགྱིས་མ་མཆིས། །རྣམ་འཇིག་ཆོས་ཀུན་བདག་གིས་རྣམ་སྤངས་བདག་ཀྱང་མ་གྲོལ་བ། །འདི་ལྟར་བཟོད་པར་མཛོད་ཅིག་དཔའ་སྟོབས་བདེ་བར་གཤེགས་པའི་སྲས། །རྟབས་ལ་སྐྲག་ཅིང་ཉམས་པས་དེ་ཡི་ཡིད་ཀྱི་སྐྱོ་བ་ཆད། །ང་རྒྱལ་རྣམ་སྤངས་རྒྱལ་བའི་སྲས་ལ་ཐམས་ཅད་སྐྱབས་སུ་ཞུགས། །གང་གིས་རྒུང་འཇིགས་ཡོངས་མཐོང་འདི་ལྟར་ཁྱོད་ལ་སྐྱབས་སུ་མཆི། །རྒྱལ་ 385b སྲས་མཁས་པ་སྡུག་བསྔལ་ཉམས་པ་དག་ལས་བདག་ལ་སྐྱོབས། །ཤུགས་འཆང་སྐྱོ་བ་རྒྱལ་བའི་སྲས་ཀྱིས་གཟིགས་ནས་དེས་སྨྲས་པ། །གྲོགས་པོ་རྒྱལ་བའི་སྲས་ལ་བགེགས་མི་བྱེད་ཅིང་ང་རྒྱལ་སྤོངས། །སྲིད་ཀུན་མི་རྟག་ཡོངས་སུ་འཛིན་ལ་མངོན་པར་ཞེན་པ་ཐོང ། །སེམས་ནི་མངོན་པར་དད་པས་ངེས་པར་འབྱུང་བ་རབ་ཏུ་ཤེས།། སེམས་ཅན་གང་ཡང་འཁྲུགས་པའི་ཡིད་ཀྱི་ཆོས་ཞེས་ནམ་ཡང་མེད། །ཡིད་ཀྱི་རྙོག་པ་བསལ་བཏང་རྒྱལ་བ་མཆོག་གི་བསྟན་པ་མཐོང ། །དེས་སྨྲས་པ། རྒྱལ་སྲས་བདག་སེམས་རྙོག་པ་བྲལ་ཞིང་ཡིད་ཀྱིས་རྣམ་པར་འབད། །རྒྱལ་བའི་རིམ་གྲོ་བགྱིད་ཀྱི་རྒྱལ་བའི་གསུང་དག་གསུངས་ཤིག་གསུངས། །དེས་སྨྲས་པ། དེ་བཞིན་གཤེགས་པའི་ཡོན་ཏན་བྱང་ཆུབ་སེམས་ལ་བདུད་ཉོན་ཅིག་།བདེ་གཤེགས་སྲས་ལས་གང་དག་ཐོས་པ་བདུད་ཀྱི་ཞགས་པ་གཅོད། །རྒྱལ་བས་རབ་གསུངས་ཆོས་ཉིད་མི་གཡོ་འགྱུར་མེད་ཆོས་ཀྱི་དབྱིངས། །རྒྱལ་བའི་སྲས་འདི་ཤེས་ན་རྒྱལ་བས་མཆོད་པ་བྱས་པར་འགྱུར། །བདག་དང་བློ་ངེས་མེད་པ་སོ་སོའི་སྐྱེ་བོ་བྱིས་པ་ཞེས། །བྱ་སྟེ་དེ་ལྟར་སེམས་ངེས་མེད་པ་ཀུན་རྟོག་རླུང་དང་འདྲ། །གང་དག་རྒྱལ་བའི་གསུང་ནི་རྣམ་ཤེས་དེ་དག་བདུད་ཀྱི་ཞགས། །རླུང་གི་སྟོབས་ཀྱིས་ཕུབ་མ་འཕྱར་ལྟར་མ་ལུས་ཤིན་ཏུ་ 386a ༄#། །བཅོམ། །འགྱུར་མེད་ཆོས་དབྱིངས་སྟོང་པ་མི་གཡོ་གཉིས་མེད་སྨྲས་པ་ནི། །བདུད་སྟོབས་འཇོམས་པར་བྱེད་ཅིང་བདུད་དབང་སོང་བས་ཤེས་པར་དཀའ། །སེམས་ཅན་གང་དག་སྐྱེས་དང་འཆི་དང་འབྱུང་བ་གང་ཡང་མེད། །ཀུན་ཏུ་འཕོ་བ་མེད་ཅིང་ལས་དང་ལྟུང་བའང་ཡོད་པ་མ་ཡིན་ཏེ། ། སྟོང་ཉིད་རྟོག་པར་བྱེད་ན་རྒྱལ་བའི་སྲས་དག་ཡིད་མི་རྨོངས། །ཚུལ་བཞིན་མ་ཡིན་པ་ཡིས་ཆོས་འདི་ཀུན་ལ་བྱེད་པ་པོ། །ལས་དང་རྣམ་སྨིན་ཀུན་རྟོག་མི་མཁས་བདུད་ཀྱི་ཞགས་པས་འཆིང ། །ཀྱེ་མ་ཇི་ལྟར་སྐུད་མདུད་གཟིངས་པའི་སྐུད་པ་རྣམ་གྲོལ་ལྟར། །དེ་བཞིན་འདོད་ཆགས་མ་བྲལ་ཆོས་ལ་འདོད་ཆགས་བཅས་མཐོང་འཆིང ། །དེ་ཡིས་སྡུག་བསྔལ་མྱོང་སྟེ་འདིར་ནི་སྡུག་བསྔལ་གང་ཡང་མེད། །གང་དག་རྒྱལ་བའི་གསུང་ལ་ཐེ་ཚོམ་མེད་ཡིད་དེ་འཆིང་མེད། །མར་མེ་གང་དག་ཟད་ལྟར་དེ་ནི་མ་ལུས་མྱ་ངན་འདའ། །འགྲོ་ལ་ཕན་བརྩོན་རྣམ་འདྲེན་བརྟན་པ་འགྲོ་བ་དེ་མི་གསུང ། །མེ་འབར་ཞི་ལྟར་འགྲོ་བ་མེད་ཅེས་རྒྱལ་སྲས་དཔའ་བའི་ཚིག་།འདི་ལྟར་དེ་ཚེ་འདི་དག་ཐོས་ནས་བདུད་དེ་དགའ་བར་འགྱུར། །དེ་བཞིན་སྟོབས་བཅུའི་སྐྱབས་སུ་སོང་ཞིང་སྟོབས་བཅུའི་སྤྱོད་པའང་སྒྲུབ། ། 386b མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཞེས་བྱ་བར་གྱུར་ཏེ། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པ་མངོན་པར་ཤེས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་མོས་པ་སྣ་ཚོགས་ཤེས་པ་འགོག་པ་ཤེས་པ་ལ་བསླབ་པར་བྱའོ། །མཽངྒལ་གྱི་བུ། གཞན་ཡང་ངས་མོས་པ་སྣ་ཚོགས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆོས་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ 387a ༄#། །ངོ ། །དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་ཤུགས་མཚུངས་པ་མེད་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། ཡུན་རིང་དུ་ཚངས་པར་སྤྱད་པ་ཞིག་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་རིམ་གྲོ་པ་ཡིན་ལ། དོན་ཤེས། ཆོས་ཤེས། དུས་ཤེས། ཚོད་ཤེས། བདག་ཤེས། འཁོར་ཤེས། གང་ཟག་མཆོག་དང་མཆོག་མ་ཡིན་པ་དང ། ཡ་མཚན་ཅན་ཐམས་ཅད་ཀྱི་གྲུབ་པའི་མཐའ་དང ། བསྟན་བཅོས་ཐམས་ཅད་ཀྱི་གྲུབ་པའི་མཐའ་དང ། བཟོའི་གནས་ཐམས་ཅད་ཀྱི་གྲུབ་པའི་མཐའ་ཤེས་ཏེ།་དེ་ལྟར་འདིར་ཡུན་རིང་དུ་ཤེས་པ་སྤྱད་དོ། །དེ་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་དྲུང་དུ་སོང་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་ཤུགས་མཚུངས་པ་མེད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། རྣམ་པར་འདྲེན་པ་མཆོག་བརྙེས་པ། །གླང་ཆེན་ཁྱོད་ལ་ཞུ་བ་ནི། །སེམས་ཅན་རྣམས་ 387b ཀྱི་དབང་པོ་ཤེས། །རྒྱུ་གང་གིས་ནི་ཞི་པར་འགྱུར། །ཆོས་རྣམས་ཀུན་གྱི་ཕ་རོལ་གཤེགས། །བདག་གིས་ཞུས་པ་དེ་དག་གསུངས། །གང་དག་ཤེས་པ་དེ་ཡི་རྒྱུ། །ཐོས་ནས་འབད་པར་བགྱིད་པར་འགྱུར། །འཇིག་རྟེན་སྟོན་པ་མཁས་པ་སྟེ། །ཐམས་ཅད་མཁྱེན་པ་འཇིགས་མི་མངའ། །ཇི་ལྟར་རྒྱལ་བའི་སྲས་ཀྱིས་ཞུས། །རྐང་གཉིས་མཆོག་གིས་དེ་ལུང་བསྟན། །གང་དག་ཐམས་ཅད་མཁྱེན་པ་ཡི། །མི་མཆོག་སེམས་ནི་སྐྱེད་བྱེད་ན། །དེ་ལྟར་དེར་ནི་ནང་དུ་ཞུགས། །དབང་པོ་དག་ཀྱང་ཉེ་བར་ཞི། ། གང་དག་ཤེས་པ་དེ་ལ་འཇུག་།འགྲོ་བ་འབྱང་ཞིང་ཟད་པར་འགྱུར། །ཟད་པ་དེ་ལ་གང་ཤེས་པ། །འདི་ཡིས་དེ་ནི་འགག་པར་འགྱུར། །དེ་ཡིས་དེ་ནི་ལུང་བསྟན་པ། །རྒ་ནད་སྐྱེ་བ་མེད་པ་ཡིས། །ཆོས་ལ་བཟོད་པ་ཐོབ་པར་གྱུར། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཤུགས་མཚུངས་པ་མེད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཤུགས་མཚུངས་པ་མེད་པ་ཞེས་བྱ་བར་གྱུར་ཏོ། །དགེ་བའི་རྩ་བ་དེས་ང་མོས་པ་སྣ་ཚོགས་ཤེས་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་མོས་པ་སྣ་ཚོགས་ཤེས་ 388a ༄#། །པ་འགོག་པ་ཤེས་པ་མངོན་དུ་བྱེད་པར་འདོད་པས་ཐམས་ཅད་མཁྱེན་པའི་རྟོགས་པར་བྱ་བ་ལ་བརྩོན་པར་བྱའོ། །མཽངྒལ་གྱི་བུ། ངས་དབང་པོ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་སྟེ། རིག་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། སྦྱིན་པ་པོ་སྦྱིན་བདག་ཆོས་ཀྱི་སྡུད་པ་དང ། ཟང་ཟིང་གི་སྡུད་པས་ཤིན་ཏུ་སྡུད་པ་ཞིག་བྱུང་ངོ ། །དེ་ཐམས་ཅད་མཁྱེན་པའི་ཤེས་པ་རྟོགས་པར་བྱ་བ་ལ་བརྩོན་ནོ། །དེའི་ཚེ་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་ཞེས་བྱ་བ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་དཔག་ཏུ་མེད་པར་གྱུར། ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པར་གྱུར། ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ་དག་བྱུང ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་བྱུང ། ཉན་ཐོས་འདུས་པ་དཔག་ཏུ་མེད་པ་དག་བྱུང་ངོ ། །བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཤིང་སཱ་ལ་ཆེན་པོ་ལྟ་ 388b བུས་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་ཐོས་སོ། །ཐོས་ནས་བྲམ་ཟེ་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་དེའི་དྲུང་དུ་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་དེ་ལ་མཆོད་པ་འདི་ལྟ་བུ་དག་བྱེད་དེ། ཐམས་ཅད་དང་ལྡན་པའི་བར་སྣང་ལ་ནོར་བུའི་བླ་བྲེ་ཀུན་ཏུ་བྲེས། ཐམས་ཅད་དང་ལྡན་པའི་ས་གསེར་གྱི་གླེགས་མས་ཀུན་ཏུ་གཡོགས། །གསེར་གྱི་ཁང་པ་བརྩེགས་པ་འཕང་དུ་དཔག་ཚད་གཅིག་ཙམ་པ་སྟོང་ཕྲག་བརྒྱད་ཅུ་གནས་བཅུར་ཀུན་ཏུ་བརྒྱན་ཏེ། ཁང་པ་བརྩེགས་པ་རེ་རེའང་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟོང་དག་མངོན་པར་འཛེག་གོ་།ཁང་པ་བརྩེགས་པ་རེ་རེའི་སའང་སིལ་སྙན་སྟོང་གི་སྒྲ་དབྱངས་འབྱུང་ངོ ། །ཁང་པ་བརྩེགས་པའི་ས་ཐམས་ཅད་དུ་མེ་ཏོག་ཁ་དོག་རྣམ་པ་ལྔ་དག་བཀྲམ། ཁང་པ་བརྩེགས་པའི་ས་ཐམས་ཅད་དུ་ལྷའི་སྤོས་དང་ལྡན་པ་དག་གིས་བྱུགས། ལྷའི་བདུག་སྤོས་དག་གིས་བདུགས་ཤིང་བདུག་པར་བྱེད་དེ། ཁང་པ་བརྩེགས་བ་དེ་དག་ཐམས་ཅད་བདུག་པས་འཁྲིགས་པར་གྱུར། སྤོས་དང་སྤོས་དག་དང་བདུག་པ་དག་གིས་དྲེགས་པར་གྱུར། སྤོས་དང ། བདུག་པ་དག་གིས་དགའ་བར་གྱུར་ཏོ། ། 389a ༄#། །སངས་རྒྱས་ཀྱི་མཐུས་ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ཀྱང་མ་བཟུང་བར་བར་སྣང་ལ་འགྲོའོ། །ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ལས་སངས་རྒྱས་ལ་བསྟོད་པའི་སྒྲ་གྲག་།ཆོས་ལ་བསྟོད་པའི་སྒྲ་གྲག་།དགེ་འདུན་ལ་བསྟོད་པའི་སྒྲ་གྲག་གོ་།དེ་བཞིན་དུ་སྦྱར་ཏེ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་སྒྲ་གྲག་གོ་།རྒྱུན་དུ་ཞུགས་པའི་འབྲས་བུ་དང ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང ། ཕྱིར་མི་འོང་བའི་འབྲས་བུའི་སྒྲ་གྲག་གོ་།མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པའི་སྒྲ་གྲགས་གོ་།བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ལ་རྣམ་པར་གནས་པའི་སྒྲ་གྲག་གོ་།རྫུ་འཕྲུལ་གྱི་རྣམ་པའི་སྒྲ་གྲག་གོ་།ལྷའི་མིག་དང ། ལྷའི་རྣ་བའི་སྒྲ་དང ། སེམས་ཀྱི་རྣམ་གྲངས་ཀྱི་སྒྲ་དང ། སྔོན་གྱི་གནས་ཀྱི་སྒྲ་གྲག་གོ་།འགོག་པའི་སྒྲ་གྲག་གོ་།ཁ་ཅིག་ནི། ཐར་པ་དང་མཐུན་པའི་སྒྲ་སྟེ། གང་དེ་དག་ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ལས་གྲག་གོ་།ཁང་པ་བརྩེགས་པ་དེ་དག་པར་སྣང་ལས་འགྲོ་བའི་མདུན་དུའང་སྤོས་ཆུའི་ཆར་རབ་ཏུ་བབ་ཅིང ། ཡང་དག་པར་འདས་པའི་ལྷའི་ 389b མེ་ཏོག་གི་ཆར་རབ་ཏུ་བབ་བོ། །དེ་དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་དེའི་སྤྱན་སྔར་འདུག་ནས་སྐོན་པ་ཁྲི་མེ་ཏོག་སྣ་ལྔ་དག་གིས་བཀང་ནས་མངོན་པར་གཏོར་ཏོ། །གཏོར་བ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་ས་ལ་མ་ལྷུང་ཞིང་སྟེང་དུ་མེ་ཏོག་གི་བླེ་བྲེ་བྲེས་སོ། །དེ་ནས་བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེས་རྫུ་འཕྲུལ་གྱི་ཚོ་འཕྲུལ་འདི་ལྟ་བུ་འདི་དག་མཐོང་ནས་ཇི་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཐོབ་པ་དེ་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཐོབ་པས་ཤིང་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་མངོན་པར་འཕགས་སོ། །དེ་བར་སྣང་ལ་སོང་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་དོ། །དཔའ་བོ་ཐུགས་དག་མི་ཡི་སེངྒེས་བདུད་སྟོབས་རབ་ཏུ་བཅོམ། །ཉོན་མོངས་ཚོགས་བཅོམ་འགྲོ་བ་མཁྱེན་པས་བདེ་འགྲོ་རྗེས་སུ་བརྙེས། །སྲོག་ཆགས་ཀུན་སྨན་ཐབས་ཆེན་ཀུན་གྲུབ་དགེ་བ་སྡིག་མི་མངའ། །སྟོབས་བཅུས་སྲེད་པའི་ཆུ་བོ་རྣམས་བསྐམས་སྲིད་པའི་རྒྱ་མཚོ་རྒལ། །མི་དབང་མི་ཡི་སེངྒེས་སྲིད་མཚོ་བསྐམས་ཏེ་བསྐལ་པར་བཞུགས། །སྲིད་མཚོར་ཞུགས་པའི་སེམས་ཅན་ཤིན་ཏུ་ཉམ་ཐག་གཞན་ཡང་སྒྲོལ། །མི་ཡི་སེངྒེས་མེ་གསུམ་གདུངས་པའི་སྐྱེ་བོ་དེ་ལས་ཐར་མཛད་ཅིང ། །རང་བྱུང་རང་བྱུང་ཉིད་ 390a ༄#། །ཀྱིས་ཐུགས་ཆུད་འཇིག་རྟེན་ལམ་སྟོན་མཛད། །སྟོན་པར་གྱུར་པས་སེམས་ཅན་ལམ་ཉམས་པ་དག་ལམ་ལ་བསླབས། །དྲང་སྲོང་ཆེན་པོ་ཁྱོད་ལ་བསླབ་ན་བླ་མེད་བྱང་ཆུབ་འཐོབ། །ཁྱོད་ཀྱི་སྲས་དག་འཆིང་ལས་རྒལ་ཅིང་སྲིད་པའི་རྒྱ་མཚོ་རྒལ། །སྐམ་ལ་ཕྱིན་ཅིང་མྱ་ངན་འདས་པར་ཞུགས་ཏེ་ཕྱག་འཚལ་བགྱིད། །འདིར་ནི་འཇིག་རྟེན་མུན་ལམ་རང་བྱུང་ཆེན་པོ་ཁྱོད་ཀྱིས་བསྟན། །བདག་ཀྱང་བྱང་ཆུབ་ཐོབ་ནས་ལམ་རབ་ཉམས་པ་ལམ་ལ་བཞག་།མགོན་པོ་ཁྱོད་ལ་བསླབ་ན་བླ་མེད་བྱང་ཆུབ་ཞི་བར་མཆི། །བྱང་ཆུབ་ཞི་བ་རྟོགས་ནས་འགྲོ་ཡིད་མ་ཞི་རབ་ཏུ་ཞི་བར་བགྱི། །འགྲོ་བ་ལམ་རབ་ཉམས་པ་འདི་དག་འཚལ་ནས་སྙིང་རྗེ་བསྐྱེད། །སྒྲོན་མ་གསལ་བར་བགྱི་ཞིང་མིག་ལོང་གྱུར་པ་རྣམ་པར་སྦྱང ། །བདག་གིས་རྒྱལ་བ་བསྟོད་པའི་བསོད་ནམས་མི་ཉུང་འདི་བསྐྱེད་པས། །དགེ་རྩ་དེ་ཡིས་དགྲ་འདུལ་རྒྱལ་བར་བགྱི་ཞིང་འགྲོ་ལམ་བསྟན། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཤིང་སཱ་ལ་ཆེན་ 390b པོ་ལྟ་བུར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འདི་ལྟར་བསླབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ལ་ཡོན་ཏན་ཡོད་པ་དག་གིས་བསྟོད་པར་བྱ་སྟེ།་དེ་ལྟར་བསླབ་པར་བྱའོ། །མཽངྒལ་གྱི་བུ། གཞན་ཡང་ངས་དབང་པོ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྲམ་ཟེ་རྒྱལ་གྱི་ལྷ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལས་བདག་གིར་བྱ་བ་ལ་མངོན་པར་བརྩོན་པ་ཞིག་བྱུང་སྟེ། དེང་བདག་གིས་དགེ་བའི་ཅི་ཞིག་མངོན་པར་འདུས་བྱས། མི་དགེ་བ་ཅི་ཞིག་བཏང ། ལུང་དུ་མ་བསྟན་པ་ཅི་ཞིག་མངོན་པར་འདུས་བྱས་སྙམ། དེ་ལས་བདག་གིར་བྱ་བ་ལ་མངོན་པར་བརྩོན་ཏེ། ལས་གང་དང་གང་མངོན་པར་འདུ་བྱ་བ་དེ་ཉིད་ཤིན་ཏུ་ཡོངས་སུ་ཤེས། ཡོངས་སུ་རིག་།ཤིན་ཏུ་བརྟགས་པས་བྱེད་དེ། གལ་ཏེ་དགེ་བའི་ལས་མངོན་པར་འདུ་བྱེད་ན། ཤིན་ཏུ་བརྟགས་པས་མངོན་པར་འདུ་བྱེད་དོ། ། དེ་དབང་པོ་གང་གིས་ལས་མངོན་པར་འདུས་བྱས་པའི་དབང་པོ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། གལ་ཏེ་འདོད་ཆགས་ཀྱི་ཕྱོགས་ལས་གང་གིས་ 391a ༄#། །འདོད་ཆགས་སྐྱེས་པ་བཟློག་པའི་དབང་པོ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གལ་ཏེ་ཆུང་དུའམ། གལ་ཏེ་འབྲིང་ངམ། གལ་ཏེ་ཆེན་པོ་དག་སྟེ། གལ་ཏེ་དབང་པོ་ཆུང་དུས་ཉོན་མོངས་པ་ཆུང་དུ་ཟློག་པར་བྱེད། གལ་ཏེ་དབང་པོ་ཆུང་དུས་ཉོན་མོངས་པ་འབྲིང་ཟློག་པར་བྱེད། གལ་ཏེ་དབང་པོ་ཆུང་དུས་ཉོན་མོངས་པ་ཆེན་པོ་ཟློག་པར་བྱེད་དོ། །གལ་ཏེ་དབང་པོ་འབྲིང་གིས་ཉོན་མོངས་པ་ཆུང་དུ་ཟློག་པར་བྱེད། གལ་ཏེ་དབང་པོ་འབྲིང་གིས་ཉོན་མོངས་པ་འབྲིང་ཟློག་པར་བྱེད། གལ་ཏེ་དབང་པོ་འབྲིང་གིས་ཉོན་མོངས་པ་ཆེན་པོ་ཟློག་པར་བྱེད་དོ། །གལ་ཏེ་དབང་པོ་ཆེན་པོས་ཉོན་མོངས་པ་ཆུང་དུ་ཟློག་པར་བྱེད། གལ་ཏེ་དབང་པོ་ཆེན་པོས་ཉོན་མོངས་པ་འབྲིང་ཟློག་པར་བྱེད། གལ་ཏེ་དབང་པོ་ཆེན་པོས་ཉོན་མོངས་པ་ཆེན་པོ་ཟློག་པར་བྱེད་པའི་དབང་པོ་དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ཤེས་པ་དེ་དང་ལྡན་ཏེ། ལས་དེ་མངོན་པར་འདུས་བྱས་པས་བསྐལ་པ་བརྒྱད་ཅུར་ལོག་པར་ལྟུང་བར་མ་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་རྒྱལ་གྱི་ལྷ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ 391b ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་རྒྱལ་གྱི་ལྷ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ཡང་ངས་སེམས་ཅན་རྣམས་ཀྱི་དབང་པོ་ཤེས་པ་ལ་བསླབ་པར་གྱུར་ཏེ། ད་ལྟར་ཡང་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དབང་པོ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དབང་པོ་ཤེས་པ་ལ་བསླབ་པར་བྱའོ། །དབང་པོ་ཤེས་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི། ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་བོ། །བམ་པོ་ཉི་ཤུ་གཅིག་པ། མཽངྒལ་གྱི་བུ།་ངས་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་ཟླ་བའི་ལྷ་ཞེས་བྱ་བ་ཞིག་བྱུང་ངོ ། །དེའི་བུ་མོ་ཟླ་བའི་ལྷ་མོ་ཞེས་བྱ་བ་མཁས་ཤིང་ཡིད་གཞུངས་ལ་རྒྱལ་པོའི་བྱ་བ་བྱེད་པ་ཞིག་བྱུང་སྟེ། དེ་ཕ་དེའི་རྒྱལ་སྲིད་རྗེས་སུ་སྐྱོང་ངོ ། །དེ་ནས་རྒྱལ་པོ་ཟླ་བའི་ལྷ་དེས་བུ་མོ་དེ་ལ་སྨྲས་པ། བུ་མོ། རྒྱུ་གང་གིས་དབང་པོ་ཤེས་པ་ 392a ༄#། །ཀུན་འབྱུང་བ་ཤེས་པ་ཡང་དག་པར་སྒྲུབ། ཇི་ལྟར་ན་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འཐོབ་པར་འགྱུར་བ་ཁྱོད་ལ་འདྲིའོ། །དེས་དེ་ལ་སྨྲས་པ། དགེ་སྦྱོང་དང ། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་ཞིང་ཤིན་ཏུ་མང་དུ་ཐོས་པ་རྣམས་ལ་བསྙེན་བཀུར་བགྱིས་ན། དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དགེ་སྦྱོང་དང ། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་གང་དེ་དག་ལ་བསྙེན་བཀུར་བགྱིས་ན། ཤེས་པ་དེ་མངོན་པར་འདུ་བགྱིས་པར་འགྱུར་ཞིང ། ཤེས་པ་དེ་ལ་སློབ་པར་འགྱུར་ལགས་ཏེ། རྒྱུ་དེས་ན། དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་སྒྲུབ་པར་འགྱུར་ལགས་སོ། །དེ་ནས་རྒྱལ་པོ་ཟླ་བའི་ལྷས་ལུང་བསྟན་པ་དེ་ཐོས་ནས་སློང་བ་པོ་རྣམས་ལ་མགུ་ཞིང་དགའ་ལ་ཡིད་རངས། ཏེ་རབ་ཏུ་དགའ་ནས་དད་པ་མི་ཕྱེད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཟླ་བའི་ལྷ་ཞེས་བྱ་བའི་བུ་མོར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་བའི་ལྷ་ཞེས་བྱ་བའི་བུ་མོར་གྱུར་ཏོ། །དེའི་ཚེ་ཡང་ 392b ང་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་མཁྱེན་པར་གྱུར་ལ། ད་ལྟར་ཡང་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། སེམས་ཅན་རྣམས་ལའང་ཡང་དག་པར་རབ་ཏུ་བསྟན་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་བརྩོན་པར་བྱའོ། །མཽངྒལ་གྱི་བུ། ངས་དབང་པོ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་དུ་མ་དག་གི་བར་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཀུན་འབྱུང་ཞེས་བྱ་བ་ལྔ་མངོན་པར་ཤེས་པ་ཞིག་བྱུང་ངོ ། །དེ་ཚལ་གྱི་ནང་ན་དཀའ་ཐུབ་བྱེད་པའི་ཚེ་འདི་སྙམ་དུ་སེམས་ཏེ། ཤེས་པ་གང་གིས་དབང་པོ་འགགས་ཤིང་ཡང་མི་སྐྱེ་བར་འགྱུར་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འཕགས་པའི་ཤེས་པ་གང་གིས་དབང་པོ་འགག་པ་ཡོངས་སུ་ཤེས་ཏེ། དབང་པོ་ཤེས་པའི་འགོག་པ་གང་གིས་མི་སྐྱེ་བ་དེ། འདི་ལྟ་སྟེ། དཔེར་ན། མིའི་མགོ་བཅད་པ་ལས་མགོ་ཕྱིར་མི་སྐྱེའོ། །དེ་བཞིན་དུ་དབང་པོ་འགགས་པ་ལས་ཡང་དབང་པོ་མི་སྐྱེ་སྟེ། དེ་དབང་ 393a ༄#། །པོ་ཤེས་པ་འགོག་པ་ཡིན་ནོ། །སྙམ་ནས་དེ་ཤེས་པ་དེས་དབང་པོ་ཡོངས་སུ་ཤེས་པར་འདོད་ན། ཤེས་པ་དེ་མ་རྙེད་དོ། །དེ་འདི་སྙམ་དུ་སེམས་ཏེ། ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་མི་སྐྱེ་བའི་ཤེས་པ་དེ་བདག་གིས་ངེས་པར་འཚལ་བར་བྱའོ། །སྙམ་ནས། དེ་ཤེས་པ་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དགེ་སྦྱོང་དང ། བྲམ་ཟེ་དོན་ཉུང་བ། བྱ་བ་ཉུང་བ་དགོན་པ་ན་གནས་པ་གང་དག་མཐོང་བ་དེ་དག་གི་དྲུང་དུ་སོང་ནས་དྲིས་པ། གྲོགས་པོ་དག་།ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་སྐྱེ་བར་མི་འགྱུར། དེ་དག་གིས་འདི་སྐད་སྨྲས་སོ། །གྲོགས་པོ། བདག་ཅག་གིས་ཀྱང་ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་སྐྱེ་བར་མི་འགྱུར་བ་མི་འཚལ་ལོ། །དེ་འདི་སྙམ་དུ་སེམས་ཏེ། ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་མི་སྐྱེ་བར་འགྱུར་བ་བདག་ཉིད་ཀྱིས་ཤེས་པ་བསྐྱེད་པར་བྱའོ། །སྙམ་ནས། ཤེས་པ་དེ་བཙལ་བའི་ཕྱིར་གཏང་བར་དཀའ་བ་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་བ་ནས་མགོ་ཡོངས་སུ་བཏང་བ་དང ། མིག་གི་བར་ཡོངས་སུ་བཏང་ཡང་དེས་ཤེས་པ་དེ་མ་རྙེད་དོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་ 393b དེའི་དུས་ན་དྲང་སྲོང་ཀུན་འབྱུང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཀུན་འབྱུང་ཞེས་བྱ་བར་གྱུར་ཏོ། །ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེས་ཤེས་པ་གང་གིས་དབང་པོ་ཡོངས་སུ་ཤེས་ཤིང་ཡང་མི་སྐྱེ་བ་འདི་ལྟ་སྟེ། འཕགས་པའི་ལམ་གྱི་ཤེས་པ་དེ་རྙེད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་གང་གིས་དབང་པོ་འདི་ཡོངས་སུ་ཤེས་ཤིང་ཡང་མི་སྐྱེ་བ་འཕགས་པའི་ཤེས་པ་ཡོངས་སུ་བཙལ་བ་ལ་བརྩོན་པར་བྱའོ། །མཽངྒལ་གྱི་བུ། ངས་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཤེས་པ་གང་གིས་དབང་པོ་འགོག་པ་ཡོངས་སུ་ཤེས་ཤིང་ཡང་མི་སྐྱེ་བ་ཤེས་པ་དེ་ཇི་ལྟར་འཐོབ་པར་བྱ་སྙམ་ནས་བཞོན་པའི་གླང་པོ་དཔག་ཏུ་མེད་པ་དག་ཡོངས་སུ་བཏང ། བཞོན་པའི་རྟ་དང ། དེ་བཞིན་དུ་གཞོན་པའི་ཤིང་རྟ་དཔག་ཏུ་མེད་པ་དག་ཡོངས་སུ་བཏང ། རྐང་ཐང་པ་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་སྟེ། དེས་ན། ངས་ལམ་བར་མའི་ཚོགས་དེ་བྱི་བའི་ཕྱིར་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་བསྐྱེད་དེ། གལ་ 394a ༄#། །ཏེ་དགེ་བའི་རྩ་བ་དེ་གཟུགས་ཅན་དུ་གྱུར་ན། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུའང་མི་ཤོང་ངོ ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་དགའ་མཐོང་ཞེས་བྱ་བ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་ལ་དབང་བྱེད་པ་ཞིག་བྱུང་ངོ ། །དེའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རྒྱས་པར་འགྱུར་ཏེ། གླིང་རེ་རེ་ལའང་གྲོང་ཁྱེར་ས་ཡ་ཕྲག་བརྒྱད་བྱུང་ངོ ། །གྲོང་ཁྱེར་རེ་རེའང་ཆུར་དཔག་ཚད་བཅུ། ཞེང་དུ་དཔག་ཚད་བཅུ་སྟེ་གྲུ་བཞི་ཡིན་ལ། ཤིན་ཏུ་སྤྲུལ་པ། མིག་མང་རིས་སུ་བྲིས་པ། གསེར་གྱི་སྐུད་པས་གཡོགས་པ། ར་བ་རིན་པོ་ཆེ་ཐམས་ཅད་ལས་བྱས་པ། ལྕོག་ཛམྦུའི་ཆུ་བོའི་གསེར་ལས་བྱས་པ། ནོར་བུ་རིན་ཐང་མེད་པའི་དྲ་བས་སྟེང་ཤིན་ཏུ་གཡོགས་པ། ནོར་བུ་རིན་ཐང་མེད་པ་དག་གིས་ས་གཞི་བཀྲམ་པ། རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་གཡེར་ཀའི་དྲ་བས་ཤིན་ཏུ་གཡོགས་པ། སེམས་ཅན་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསགས་པ་རྣམས་ཀྱི་གནས་ཏེ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པས་ཤིན་ཏུ་གཡོགས་པ། དེའི་ཕྱི་ནང་དུ་ལོངས་སྤྱོད་ 394b དང་ལྡན་ཏེ། གང་གི་ཚེ་མི་དག་རྩེ་འདོད་པར་གྱུར་པ་དེ་དག་གང་འདོད་པ་སིལ་སྙན་ཡན་ལག་ལྔ་པས་ཡོངས་སུ་སྤྱོད་དེ། དེའི་ཚེ་སིལ་སྙན་ཡན་ལག་ལྔ་པའི་སྒྲ་རབ་ཏུ་འབྱུང་ངོ ། །གང་གི་ཚེ་པི་ཝང་དང ། སིལ་སྙན་དག་གིས་ཡོངས་སུ་སྤྱོད་པར་འདོད་པ་དེའི་ཚེ་པི་ཝང་དང ། སིལ་སྙན་དག་གི་སྒྲ་རབ་ཏུ་འབྱུང་ངོ ། །གང་གི་ཚེ་དྲི་ཟའི་རོལ་མོས་ཡོངས་སུ་སྤྱོད་པར་འདོད་པ་དེའི་ཚེ་དྲི་ཟ་རིམ་གྲོ་བྱེད་དོ། །རྒྱ་ཆེར་གང་དང་གང་ཉིད་རྩེ་བར་འདོད་པའི་རྩེད་མོ་དེ་དང་དེ་ཉིད་འབྱུང་ངོ ། །ལོར་རམ། ལོ་སྟོང་དུའམ། ལོ་ཁྲིར་རྩེ་བར་འདོད་ན། དེ་ཉིད་ཀྱིས་རྩེ་བར་བྱེད་དོ། །དེ་རྟག་པར་རྒྱུན་དུ་རྩེ་བའི་རྗེས་སུ་འཇུག་གོ་།གྲོང་ཁྱེར་དེའི་འབྱོར་པ་དང་ལྡན་པ་ནི། དེ་འདྲ་སྟེ།་དེ་ལྟར་གྲོང་ཁྱེར་ཐམས་ཅད་དུ་རྩེད་མོ་དེ་དག་དང་ལྡན་པར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་བདུད་རྩིའི་འོད་ཟེར་ཞེས་བྱ་བ་བྱུང་སྟེ། དེའི་འཁོར་ཉན་ཐོས་འབུམ་ཕྲག་བརྒྱད་བྱུང་ངོ ། །དེ་ནས་རྒྱལ་པོ་དགའ་མཐོང་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དར་གྱི་ལྔ་ལྡི་བཏགས་ཤིང་ཡུལ་ཐམས་ཅད་ཤིན་ཏུ་བརྒྱན་ཏེ། སྔོན་གྱི་མི་དང་བཅས་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རྩིའི་འོད་ཟེར་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ཡོངས་སུ་སྤྱད་པའི་ 395a ༄#། །དོན་དུ་ཕུལ་ལོ། །བདག་གི་བུ་དང ། ཆུང་མ་དང ། འཁོར་ཀྱང་ཕུལ་ལོ། །དེར་བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཉན་ཐོས་འབུམ་ཕྲག་བརྒྱད་དང་ཐབས་ཅིག་ཏུ་སངས་རྒྱས་ཀྱི་བཞུགས་པ་དཔག་ཏུ་མེད་པས་བཞུགས་སོ། །དེ་ལའང་རྒྱལ་པོ་དགའ་མཐོང་གིས་ལོས་ཡ་ཕྲག་བརྒྱད་དུ་ཞལ་ཟས་རོ་བརྒྱ་པས་ཡོངས་སུ་མཉེས་པར་བྱས་སོ། །བཙུན་མོ་དང་འཁོར་དུ་བཅས་པས་ཀྱང་ཡོངས་སུ་སྤྱད་པ་བྱས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དགའ་མཐོང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དགའ་མཐོང་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། རྒྱ་ཆེར་བྱ་སྟེ། དགེ་བའི་རྩ་བ་དེས་ང་དབང་པོ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་བརྙེས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་དད་པར་བྱའོ། །དད་པ་ཐོབ་པ་ནི་བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པར་བདེ་བའི་ཡོ་བྱད་འགྲུབ་པར་འགྱུར། བྱང་ཆུབ་ཀྱང་འགྲུབ་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་སྟོབས་ཤེས་པར་ 395b བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་ཐམས་ཅད་དབང་པོ་རྣམས་ཀྱི་སྟོབས་དང ། སྟོབས་མ་ཡིན་པ་ཇི་ལྟར་ཤེས་པར་བྱ་སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ཏུ་རྒྱལ་པོ་སེངྒེའི་བློ་གྲོས་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། གླིང་བཞི་པར་འདུས་པ་ཡོངས་སུ་སྐྱོང་བ་དང་ཞིང་དད་པ་དང་ལྡན་པ། བསྟན་བཅོས་ཐམས་ཅད་ལ་མཁས་པ། ཡོན་གནས་ལ་དགའ་བ། སྦྱིན་བདག་སྒྲ་ཐམས་ཅད་ལ་མཁས་པ་ཞིག་བྱུང་ངོ ། །དེ་འཇིག་རྟེན་ན་དགེ་སྦྱོང་དང ། བྲམ་ཟེ་གང་དག་ཡོད་པ་དེ་དག་ཐམས་ཅད་བསྡུས་ནས་ཁ་ཟས་རོ་བརྒྱ་པས་སྟོན་མོ་བྱས་སོ། །ཡུལ་ཀ་ཤི་ཀའི་གོས་ཀྱིས་ཀྱང་མངོན་པར་བཀབ་བོ། །བསྟན་བཅོས་ཐམས་ཅད་ལ་མཁས་པས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ལའང་རྣམ་པར་ལྟའོ། །ཤེས་རབ་ཀྱི་དབང་པོའི་སྟོབས་དང ། སྟོབས་མ་ཡིན་པ་ལའང་རྣམ་པར་འཇུག་གོ་།དེའི་དབང་པོ་ཤེས་པའི་སྟོབས་དང ། སྟོབས་མ་ཡིན་པ་རྣམ་པར་ཤེས་པར་བྱ་བའི་ཕྱིར་སེམས་ཅན་ཤེས་པ་ཁྱད་པར་ཅན་རྣམས་ལའང་མཆོད་པ་བྱེད་དོ། །དེ་ནས་རྒྱལ་པོ་སེངྒེའི་བློ་ 396a ༄#། །གྲོས་ཀྱིས་སྟོབས་དང་སྟོབས་མ་ཡིན་པ་འདི་ཤེས་པར་བྱ་བའི་ཕྱིར་ལོ་ཁྲི་ཕྲག་བརྒྱད་དུ་ཉིན་མཚན་རྟག་པར་རྒྱུན་དུ་སྦྱིན་པ་བྱིན་ཞིང ། དགེ་སྦྱོང་དང ། བྲམ་ཟེ་དག་ལའང་ཡོངས་སུ་དྲིས་སོ། །ཤེས་པ་སྨྲ་བ་དག་ལའང་སྟོབས་དང ། སྟོབས་མ་ཡིན་པ་ཤེས་པ་ཉེ་བར་བརྟགས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་སེངྒེའི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་སེངྒེའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དབང་པོས་སྟོབས་དང ། སྟོབས་མ་ཡིན་པ་ཤེས་པ་མངོན་པར་འདོད་ན། ཤེས་པ་དང་ལྡན་པ་ལ་མཆོད་པ་བྱ་ཞིང་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་ལའང་རྣམ་པར་འཇུག་པར་བྱའོ། །མཽངྒལ་གྱི་བུ། ངས་སྟོབས་དང་སྟོབས་མ་ཡིན་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་སྟོབས་ཤེས་པ་ཇི་ལྟར་ཤེས་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་ཡིད་བཞིན་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་ 396b བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ།་མང་དུ་ཐོས་པ་རྣམས་ཡོངས་སུ་སྡུད་པ་ཤེས་པ་ལ་གུས་པ་ཞིག་བྱུང་སྟེ། དེ་དགེ་སྦྱོང་དང་བྲམ་ཟེ་འདོད་པ་ལྷག་པར་མོས་པ་རྣམས་ཡོངས་སུ་སྡུད་པ། བྱེ་བྲག་ཤེས་ཤིང་བློའི་སྟོབས་ཀྱི་བྱེ་བྲག་ཤེས་པ། བརྩོན་འགྲུས་ཀྱི་རིམ་པའི་བྱེ་བྲག་ཤེས་པ། ཤེས་པ་ལ་ལྷག་པར་མོས་པ་དེ་དག་ཐམས་ཅད་ཀྱི་བར་དུ་སྤྲོ་བར་བྱེད་པ། ཇི་ལྟར་ཤེས་པ་དག་ཆུད་ཟ་བར་མི་འགྱུར་སྙམ་ནས་མངོན་པར་བརྩོན་པ་རྣམས་ལ་རབ་ཏུ་སྤྲོ་བར་བྱེད་དོ། །དེས་སྲོག་ཆགས་སྟོང་ཕྲག་མང་པོ་དག་ཤེས་པ་སྣ་ཚོགས་དག་ལ་རབ་ཏུ་བཙུད་དོ། ། མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ།་ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །ངས་སྲོག་ཆགས་སྟོང་ཕྲག་དཔག་ཏུ་མེད་པ་དེ་དག་ཤེས་པ་སྣ་ཚོགས་ལ་རབ་ཏུ་བཙུད་དོ། །དེའི་ཚེ་ང་ཤེས་པ་དང་ལྡན་ཞིང་སྟོབས་དང ། སྟོང་ས་མ་ཡིན་པ་ཤེས་པ་རྣམ་པར་ཤེས་ལ། ད་ལྟར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ 397a ༄#། །ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པ་མངོན་པར་རྫོགས་པར་ཐུགས་སུ་ཆུད་དོ། །དེར་ཡང་དེ་ལྟ་བུ་མེད་པས་གང་གིས་ང་འཁོར་གྱི་ནང་དུ་སེངྒེའི་སྒྲ་བསྒྲགས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཕ་རོལ་ཀྱི་སྟོབས་དང ། སྟོབས་མ་ཡིན་པ་ཤེས་པ་ལ་མངོན་པར་བརྩོན་པར་བྱའོ། །བདག་ཉིད་ཀྱང་བསྟན་བཅོས་འདོན་པ་ཐམས་ཅད་ལ་ལྷག་པར་མོས་པར་བྱའོ། །མཽངྒལ་གྱི་བུ། ངས་སྟོབས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱད་པ་ན་བདག་སེམས་ཅན་གྱི་སྟོབས་བསྐྱེད་པའི་རིམ་པ་ཤེས་པ་ཇི་ལྟར་ཤེས་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་མེས་བྱིན་ཞེས་བྱ་བ་འབྱུང་པོ་ཐམས་ཅད་ཀྱི་སྒྲ་ཤེས་པ་མཁས་ཤིང་དོན་སེམས་པ་ཞིག་བྱུང་ངོ ། །དེ་སྒྲ་གང་དང་གང་ཐོས་པ་དེ་ཉིད་ཀྱི་དོན་རྣམ་པར་ཤེས་ཏེ། ཐོས་པ་འདི་བྱུང་ན། དེ་ཅིའི་ཕྱིར་དོན་བརྗོད། ཅིའི་ཕྱིར་དུས་ཀྱི་དོན་བརྗོད། ཡང་ན་ཁ་ཅིག་ནི། བརྗོད། ཡང་ན་ཁ་ཅིག་ནི། མི་ 397b བརྗོད་དོ། །དེ་ལྟར་ཤེས་པ་ཐམས་ཅད་ལ་སྟོབས་དང ། སྟོབས་མ་ཡིན་པ་རྗེས་སུ་འགྲོ་སྟེ་བྱ་བ་ཐམས་ཅད་ལ་ཤེས་པ་འདིའི་བྱ་བ་བྱས་ནས་ཅི་འགགས་སམ། འོན་ཏེ་མ་བྱས། འོན་ཏེ་བྱ་བ་ཅུང་ཟད་ཅིག་བྱས་ནས་འགགས་སམ། ཅུང་ཟད་ཅིག་མ་བྱས། གང་ཟག་འདི་ཇི་ཙམ་ན་ཤེས་པའི་སྣོད་དུ་འགྱུར། ཇི་ཙམ་ན་ཉོན་མོངས་བཞི་པར་ནུས། དེ་ལྟར་ཤེས་པ་དེ་ལ་ངེས་པར་བྱུང་སྟེ། ཛམྦུའི་གླིང་ཀུན་གྱི་ཤེས་པ་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་ཏེ། མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་མེས་བྱ་ནི་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་མེས་བྱིན་ཞེས་བྱ་བ་འབྱུང་པོ་ཐམས་ཅད་ཀྱི་སྒྲ་ཤེས་པ། བསྟན་བཅོས་ཐམས་ཅད་ཀྱི་དོན་ཤེས་པར་གྱུར་ཏོ། །དགེ་བའི་རྩ་བ་དེ་ཉིད་ཀྱིས་ང་སྒྲ་ཐམས་ཅད་ཤེས་པ་རྣམ་པར་ཤེས་ཤིང་བསྟན་བཅོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཤེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་བསྟན་བཅོས་ཐམས་ཅད་ལ་མཁས་པར་བྱ། བསྟན་བཅོས་ཐམས་ཅད་ཀྱི་དོན་ལའང་མཁས་པར་བྱའོ། །མཽངྒལ་གྱི་བུ། ངས་སྟོབས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་ 398a ༄#། །སྤྱོད་པ་ནི་བདག་སེམས་ཅན་རྣམས་ཀྱི་སྟོབས་དང ། སྟོབས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་ཇི་ལྟར་རྣམ་པར་ཤེས་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་དྲང་སྲོང་འོད་བཟང་ཞེས་བྱ་བ། བརྟུལ་ཞུགས་དང།་དཀའ་ཐུབ་དང ། ཡོན་ཏན་དང ། ཤེས་པ་དང་ལྡན་པ་ཞིག་བྱུང་ངོ ། །དེའི་བརྟུལ་ཞུགས་ནི། རལ་པའི་ཐོར་ཚུགས་ལྔ་ཐོགས་ཏེ། དེ་དག་ལ་སོགས་པ་བརྟུལ་ཞུགས་ཀྱི་བྱེ་བྲག་དཔག་ཏུ་མེད་པར་གྱུར་ཏོ། །དེའི་དཀའ་ཐུབ་ཀྱི་ནགས་ཚལ་གྱི་ནང་དུ་གནས་པར་བརྩོན་ལ། དེ་གྲང་བ་དང ། དྲོ་བ་ཡིད་ལ་བྱེད་པའི་ཉོན་མོངས་པ་ཟད་ཅིང ། བསྲེག་བླུགས་ཟ་བ།་ལུས་ལ་མི་ལྟོས་པ་ཡིན་ཏེ། དེ་དག་ལ་སོགས་པ་གཞན་ཡང་དཀའ་ཐུབ་ཀྱི་བྱེ་བྲག་དཔག་ཏུ་མེད་པར་གྱུར་ཏོ། །དེའི་ཡོན་ཏན་གྱི་ཁྱད་པར་ནི། འདི་དག་ཡིན་ཏེ། སྲོག་ཆགས་འབྱུང་པོ་རྣམས་ལ་མི་འཚེ། མ་བྱིན་པ་དག་ཤིན་ཏུ་སྡོམ། གཞན་གྱི་བུད་མེད་ཀྱི་དྲུང་དུ་འགྲོ་བའི་ཡིད་ལ་བྱེད་པ་མེད། ཆང་འཐུང་བ་སྤངས། སེམས་འཁྲུལ་པ་མེད། དཀའ་ཐུབ་དང་མ་བྲལ། ཕ་རོལ་གྱི་སེམས་རྗེས་སུ་སྲུང ། ཚིག་རྩུབ་པོ་ཡོངས་སུ་སྲུང ། ཀུན་ཤེས་པ་ལ་བསྟེན། སྔོན་གྱི་དྲང་སྲོང་གི་རྗེས་སུ་དྲན་ཏེ། དེ་དག་ལ་སོགས་པ་གཞན་ 398b ཡང་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་དག་དང་ལྡན་པར་གྱུར་ཏོ། །དེའི་ཤེས་པའི་ཁྱད་པར་ནི། འདི་ལྟ་བུ་འདི་དག་ཡིན་ཏེ། འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྣམ་པར་ཤེས་པ་དང ། ལྷའི་རྣ་བ་ཤེས་པ་དང ། ཕ་རོལ་གྱི་སེམས་ཤེས་པ་དང ། སྔོན་གྱི་གནས་ཤེས་པ་དང ། སེམས་ཅན་རྣམས་ཀྱི་འཆི་འཕོ་དང ། སྐྱེ་བ་ཤེས་པ་དང ། བཟོའི་གནས་དང ། ལས་ཀྱི་གནས་ཀྱི་དོན་ཐམས་ཅད་ཤེས་པ་དང ། ཆོས་ཤེས། དུས་ཤེས། དུས་ཚོད་ཤེས། བདག་ཤེས། ཐབས་ལ་མཁས་པ་ཤེས་ཏེ། དེ་དག་ལ་སོགས་པ་གཞན་ཡང་ཤེས་པའི་ཁྱད་པར་དག་དཔག་ཏུ་མེད་པར་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཤེས་པའི་ཁྱད་པར་འདི་དག་ནི། རྟོགས་ན། ཤེས་པ་གང་གིས་ཤེས་པ་འདི་དག་ཐམས་ཅད་གང་དུ་འགག་པར་འགྱུར་བའི་ཡོངས་སུ་ཤེས་པའི་ཤེས་པ་དེ་དག་མི་ཤེས་ཏེ། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ཤེས་པ་འདི་ལ་བསླབ་པ་སུ་ཡོད་སྙམ་ནས་དེ་ཤེས་པ་དེ་བཙལ་བའི་ཕྱིར་སློང་མོས་འཚོ་བར་གྱུར་ནས་དེ་མུ་སྟེགས་པ་ཐམས་ཅད་ཀྱི་དྲུང་དུ་སོང་བ་དང ། དེ་སློང་མོས་འཚོ་བར་རིག་ནས་གདོལ་པ་ཡན་ཆད་དག་གིས་མཆོད་སྦྱིན་བྱེད་ཀྱང་གང་གིས་ཀྱང་མ་བླངས་སོ། །དེ་མ་བླངས་པས་སློང་མོས་འཚོ་བའི་སྒྲ་ཕྱོགས་བཅུའི་འཇིག་རྟེན་དུ་གྲགས་སོ། །དེའི་ཚེ་ལྷོ་ཕྱོགས་ན་གངས་རིའི་རྒྱལ་པོ་ལ་དྲང་ 399a ༄#། །སྲོང་ཀུན་རིག་ཅེས་བྱ་བ་ལྔ་མངོན་པར་ཤེས་པ་ཞིག་གནས་སོ། །དེ་ཉིན་མཚན་དུ་གནས་ན་འདུག་སྟེ། འཇིག་རྟེན་ཐམས་ཅད་ལ་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཇི་ལྟར་སེམས་མཉམ་པར་བཞག་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དག་རབ་ཏུ་ཤེས། ངག་གི་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། ལུས་ཀྱི་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། དཀའ་ཐུབ་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། བརྟུལ་ཞུགས་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། ཡོན་ཏན་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། ཤེས་པ་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། རྣམ་པར་ཤེས་པ་སྤྱོད་པ་དག་ཀྱང་རབ་ཏུ་ཤེས། དེ་ལྷའི་མིག་གིས་སློང་མོས་འཚོ་བ་འོད་བཟང་དེ་མཐོང་སྟེ། དེའི་སེམས་ཀྱང་རབ་ཏུ་ཤེས། དེའི་བསམ་པའང་རབ་ཏུ་ཤེས་སོ། །སློང་མོས་འཚོ་བ་འོད་བཟང་འདི་སྟོབས་དང ། སྟོབས་མ་ཡིན་པ་ཤེས་པའི་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་ཏེ། རབ་ཏུ་མི་ཤེས་པས་ཉམ་ཐག་གོ་།སྙམ་ནས་དེ་དེ་ལ་སྙིང་རྗེ་སྐྱེས་སོ། །དེ་སྙིང་རྗེས་ནོན་པའི་སེམས་ཀྱིས་འདི་ལྟ་སྟེ། དཔེར་ན། སྐྱེས་བུའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། ལག་པ་བརྐྱང་བ་ལས་བསྐུམ་པ་དེ་བཞིན་དུ་དྲང་སྲོང་ཀུན་རིག་གངས་རིའི་རྒྱལ་པོ་ལས་བབས་ནས་སློང་མོས་འཚོ་བ་འོད་བཟང་གི་མདུན་དུ་ཤེས་པ་དང་ལྡན་པར་བྱས་ནས་འདུག་གོ་།སློང་མོས་འཚོ་བ་འོད་བཟང་ 399b གིས་ཤེས་རིག་དེ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ ། །མཐོང་ནས་ཀྱང་དེའི་ནུས་པ་སྤངས་ནས་ཀུན་རིག་ཤེས་ལྡན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཤེས་རིག་གི་སྟན་བཤམས་ནས་ལག་པ་གཉིས་ཀྱིས་ལེགས་པར་བཟུང་ནས་ཤེས་པ་སྨྲ་བ་སྟན་དེ་ལ་བཞག་གོ་།བཞག་ནས་ཤེས་པར་འདོད་པ་དང་ལྡན་པས་ཞེ་ས་ཆེར་རབ་ཏུ་བྱས་ཏེ། དྲང་སྲོང་ཀུན་རིག་དེ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲི་བ་དྲིས་པ། མཁྱེན་པ་ཀུན་ལ་འཇིགས་མི་མངའ། །མཁྱེན་པ་གསུང་བ་ས་གང་ལ། །གང་དུ་བདག་སྐྱེས་ཐེ་ཚོམ་མཆིས། །དགེ་བའི་སུག་ལས་ཅི་བགྱིས་པས། །སེམས་ཅན་ཀུན་ལ་ཕན་པ་བགྱིད། །སེམས་ཅན་ཀུན་གྱི་སྤྱོད་པ་དང ། །སྟོབས་དང་སྟོབས་མ་ཡིན་ཤེས་དང ། །གང་གིས་ཁྱོད་ཀྱིས་ཤེས་མཆོག་ནི། །ཐོས་ནས་དེ་ནས་ཕྱིར་མི་འགག་།ཤེས་པ་གང་གིས་རྣམ་ཤེས་པ། །ཡེ་ཤེས་ཆེན་པོ་ཁྱོད་ལ་ཞུ། །མཁས་པ་དེ་དག་བདག་ལ་གསུངས། །ཤེས་པ་ཡིན་སྟོབས་དང་ལྡན། །ཤེས་པ་ཀུན་ལ་འཇིགས་མེད་པ། །སྙིང་བརྩེ་བ་ན་དེ་དག་ཀུན། །ཇི་ལྟ་བཞིན་དུ་དེའི་ལུང་བསྟན། །ཆོས་སྦྱིན་པ་ལ་སེར་སྣ་མེད། །ཤེས་པ་དག་ཀྱང་ཡོངས་སུ་སྡུད། །ཤེས་ལྡན་རྣམས་ལ་དེ་དགའ་ཞིང ། །སྦྱིན་པ་ཡང་དག་སྡུད་པར་བྱེད། །ཤེས་པ་མང་པོ་རྣམས་ཀྱང་འདོད། །སྦྱིན་པ་ཡང་དག་སྡུད་པར་བྱེད། །ཤེས་པའི་ཡེ་ཤེས་ཚོལ་བྱེད་པ། །ཡེ་ཤེས་དམ་པ་དེ་འཐོབ་བོ། 400a ༄#། །མཁས་པ་ཡི་ནི་ཤེས་པ་ཡིས། །མཛངས་པ་དེ་ནི་ཤེས་པ་རྟོགས། །འགོག་པར་འགྱུར་བའི་ལམ་ཤེས་ཤིང ། །མྱུར་བ་ཉིད་དུ་ཏིང་འཛིན་སྐྱེས། ། མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སློང་མོས་འཚོ་བ་འོད་བཟང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་སློང་མོས་འཚོ་བ་འོད་བཟང་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཀུན་རིག་ཅེས་བྱ་བ་ཤེས་པ་སྨྲ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པ་མར་མེ་མཛད་དེ་དེའི་ཚེ་ཀུན་རིག་ཅེས་བྱ་བ་ཤེས་པ་སྨྲ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་དང ། སྟོབས་མ་ཡིན་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པ་རྟོགས་པར་འདོད་བས་ཡང་དག་པར་སྡོམ་པ་ཅན་དུ་བྱ། ཡེ་ཤེས་ཀྱི་སྣང་བ་འདོད་པར་ཡང་བྱ། འཇིག་རྟེན་གྱི་ཟང་ཟིང་ཡོངས་སུ་གཏོང་བར་བྱའོ། །མཽངྒལ་གྱི་བུ། ངས་བརྩོན་འགྲུས་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་ཤེས་པ་ཇི་ལྟར་རྟོགས་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ 400b ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེད་དཔོན་སློང་ལྡན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། སྔོན་ནས་རབ་ཏུ་ཉོན་མོངས་པ་མེད་པ། དེད་དཔོན་གྱི་བུ་དེད་དཔོན་གྱི་བཟའི་རིགས་ཁོང་དུ་ཆུད་པར་ལྡན་པ་ཞིག་བྱུང་ངོ ། །དེའི་ཕའི་བསམ་པ། བདག་ཇི་ལྟར་འདི་དང་མི་འབྲལ་བར་བྱ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་བདུན་བརྒྱུད་ཚུན་ཆད་ཀྱི་ནོར་རྫས་མང་པོ་མ་ཉམས་པར་ཡོད་དེ། །དེས་ན་གཞོན་ནུ་འདི་འཚོ་བ་བདེ་བར་འགྱུར་རོ། །སྙམ་མོ། །དེ་སྐྱེས་མ་ཐག་ཏུ་ཚོང་པ་གང་དག་གི་ཁྱེའུ་ཤེད་མཉམ་དུ་སྐྱེས་པ་དེ་དག་ཕ་མས་དེའི་སྟེན་གྲོགས་སུ་བྱིན་ཏེ། བུ། སྟེན་གྲོགས་འདི་དག་དང་དེ་ལྟར་ལྷན་ཅིག་ཏུ་དགའ་བར་རྩེས་ཤིག་།ཡོངས་སུ་སྤྱོད་ཅིག་།དེ་ཁྱིམ་བདག་དེ་ཉིད་ཀྱི་ནང་ན་བཟོ་ཐམས་ཅད་སློབ་ཏུ་བཅུག་སྟེ། དེར་ཡི་གེ་དང ། དེར་བགྲང་བ་དང ། དེར་གྲངས་དང ། དེར་ཚོང་པའི་ཐ་སྙད་དང ། དེར་ཞིང་རྨེད་པའི་ཐ་སྙད་དང ། དེར་བཟོའི་ཐ་སྙད་དང ། དེར་བཟོ་ཐམས་ཅད་དང ། ཐ་ན་ལས་བྱེད་པའི་བཟོའང་སློབ་ཏུ་བཅུག་སྟེ། དེ་བཟོ་ཐམས་ཅད་ལ་བསླབ་ཅིང ། སྒྱུ་རྩལ་གྱི་རྣམ་པ་ཐམས་ཅད་ཤེས་ཏེ། སྒྱུ་རྩལ་དྲུག་ཅུ་རྩ་བཞི་བསླབས་སོ། །སྟེན་གྲོགས་དེ་དག་དང་ལྷན་ཅིག་ཏུ་བཀུག་ཤུད་ཀྱིས་རྩེ་སྟེ། དེ་སྒྱུ་རྩལ་ 401a ༄#། །ཐམས་ཅད་ལ་བསླབ་པས་སྟེན་གྲོགས་དེ་དག་ལ་བསླབ་པ་ཐམས་ཅད་སྟོན་ཏོ། །དེ་ནས་སྟེན་གྲོགས་གཅིག་གིས་ཡང་དག་པའི་ཚིག་གིས་སྐུ་ལ་བར་བྱེད་དེ། གཞོན་ནུ། ཁྱོད་གཞན་དུ་འགྲོ་བའི་སྐྱོན་མི་ཤེས་སམ། སྐྱེ་བོ་གཞན་གྱིས་ཕྱིར་རྒོལ་བར་མི་ཤེས་སམ། ཡུལ་གཞན་དུ་འགྲོ་བའི་གཉེན་མ་ཡིན་པའི་སྐྱོན་མི་ཤེས་སམ། འབྲོག་གི་སྐྱོན་མི་ཤེས་སམ། ཆུའི་དགོན་པའི་སྐྱོན་མི་ཤེས་སམ། བཟའ་བ་དགོན་པ་དང ། བཏུང་བ་དགོན་པ་དང ། སྐོ་མ་དགོན་པའི་སྐྱོན་མི་ཤེས་སམ། མི་མཛའ་བའི་དགོན་པ་དང ། རྐུན་པོས་དཀྲུགས་པའི་སྐྱོན་མི་ཤེས་སམ། གཅན་གཟན་ཁྲོ་བས་དཀྲུགས་པའི་སྐྱོན་མི་ཤེས་སམ། ཆུས་དཀྲུགས་པ་དང ། རྒྱ་མཚོར་སོང་བའི་གྲུ་བོ་ཆེ་འཇིག་པའི་སྐྱོན་མི་ཤེས་སམ། སྲིན་མོས་འཇིགས་པ་དང ། གནོད་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བ་མི་ཤེས་སམ། གཞོན་ནུ། ཁྱོད་གཞན་གྱི་རྫས་ཀྱིས་ཡོངས་སུ་སྤྱོད་དམ། བདག་གི་སྡུག་བསྔལ་གྱི་རྣམ་པ་དེ་ཉིད་མི་ཤེས་ཏེ། ཆོས་མ་ཡིན་པས་བསླུས་སོ། །སྡུག་བསྔལ་གྱིས་བསྡུས་པའི་རྫས་ཡ་ང་བའི་རྫས་འདི་དག་མི་དགོངས་སམ་ཞེས་ཏེ། སྟེན་གྲོགས་དེས་ཡོངས་སུ་བསྐུལ་བར་གྱུར་ 401b ཏོ། །ཚིག་ཤིན་ཏུ་ཐོས་ནས་སེམས་པའི་རྗེས་སུ་ཞུགས་ཏེ་ཉེས་པ་དེ་དག་ཐམས་ཅད་སྙིང་ལ་བཞག་ནས་དེས་དེ་ལ་སྨྲས་པ། སྟེན་གྲོགས། བདག་ལ་བསྒོ་བ་ལེགས་སོ། །ལེགས་སོ། །ད་ལྟར་གྱི་ནོར་བསགས་པ་ནི། སྡུག་བསྔལ་བ་ཡིན་ཏེ། སྟེན་གྲོགས། དེ་ལྟ་བས་ན། བདག་ཉིད་ཀྱི་ནོར་རྫས་ཡང་དག་པར་བསྡུ་བར་བྱའོ། །དེས་ཕ་མ་དག་ལ་སྨྲས་པ། ཡབ་ཡུམ། ཚོང་ལ་མཆི་ཞིང་དེད་དཔོན་གྱི་བཟོ་ནུས་པར་བགྱིའོ། །དེ་ནས་ཕ་མ་དག་གིས་སྨྲས་པ། གཞོན་ནུ། ཁྱོད་གཞན་དུ་འགྲོ་བར་མ་བྱེད་ཅིག་།བུ་གཞན་དུ་འགྲོ་བ་ལ་སྐྱོན་དཔག་ཏུ་མེད་པ་ཡོད་དོ། །བདུན་བརྒྱུད་ཚུན་ཆད་ཀྱི་ཕུགས་ཀྱི་ནོར་རྫས་རབ་ཏུ་མང་པོ་དེ་དག་ཡོད་དེ། འཁྲུལ་པ་མེད་པར་འདུག་གི། གང་དེ་དག་ལ་ཡོངས་སུ་སྤྱོད་ལ། ཁྱོད་གང་གཞན་དུ་འགྲོ་བར་བྱས་པ་མེད་པར་གྱིས་ཤིག་།བུ་གཞན་དུ་འགྲོ་བ་དང ། ནོར་རྫས་ཡང་དག་པར་བསྡུ་བ་དེ་ལའང་སྡུག་བསྔལ་མང་སྟེ། གཞོན་ནུ་འདི་ནས་མ་འབྱུང་བར་ནོར་རྫས་ཀྱིས་ནོར་རྫས་ཀྱི་བྱ་བ་གྱིས་ཤིག་།དེས་སྨྲས་པ། ཡབ། དེ་ལྟར་མ་ལགས་ཏེ། ཡང་དག་པར་མ་གསུངས་སོ། །དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་བདག་གི་བདུན་བརྒྱུད་ཀྱི་ཟུང་གིས་ནོར་རྫས་བཙལ་བ་དེ་ཅི་བུས་ཡོངས་སུ་མ་སྤྱད་དམ། གང་དྲུག་པའི་ཟུང་གིས་བཙལ་བ་དེ་ཅི་ 402a ༄#། །བུས་ཡོངས་སུ་མ་སྤྱད་དམ། གང་ལྔ་པའི་ཟུང་གིས་བསྒྲུབས་པ་དེ་ཅི་བུས་ཡོངས་སུ་མ་སྤྱད་དམ། གང་མེས་ཀྱི་ཡབ་ཀྱི་བར་གྱིས་བསྒྲུབས་པ་དེ་ཅི་མེས་ཀྱིས་ཡོངས་སུ་མ་སྤྱད་དམ། གང་ཡབ་ཀྱི་ཡབ་ཀྱིས་བསྒྲུབས་པའི་ནོར་རྫས་དེ་ཅི་ཡབ་ཀྱིས་ཡོངས་སུ་མ་སྤྱད་དམ། དེ་བཞིན་དུ་བདག་ཀྱང་གཉེན་གྱིས་བསྒྲུབས་པའི་ནོར་རྫས་ཡོངས་སུ་སྤྱོད་པར་མི་སྤྲོའོ། །དེ་ཕ་མའི་འདོད་པ་དག་མེད་ནས་གྲུ་བོ་ཆེའི་ཚོང་པ་དང་སོང་སྟེ། དེ་རྒྱ་མཚོ་ཆེན་པོར་ཞུགས་པ་དང ། རླུང་གིས་གྲུ་བོ་ཆེ་རིན་པོ་ཆེའི་གླིང་དུ་ཕུལ་ཏོ། །དེས་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་སྣ་ཚོགས་དག་གིས་གྲ་བོ་ཆེ་བཀང་ངོ ། །དེ་འགྲོ་བ་ཤིན་ཏུ་གྲུབ་ནས་ཕྱིར་ལོག་སྟེ་རྒྱ་མཚོ་ལས་དེ་རྒལ་ནས་རྒྱ་མཚོ་ལ་ཉེ་རེག་བྱས་པ་དང ། ནོར་བུ་རིན་པོ་ཆེ་ལག་པ་ལ་བཏགས་པ་རྒྱ་མཚོ་ཆེན་པོར་ལྷུང་ངོ ། །དེས་ནོར་བུ་རིན་པོ་ཆེ་དེ་ལྷུང་བ་ཙམ་ཉིད་ཀྱིས་ཆུ་ཕྱགས་ཐོགས་ཏེ། ནོར་བུ་རིན་པོ་ཆེའི་ཕྱིར་དེ་རིང་རྒྱ་མཚོ་འདི་སྐམ་པར་བྱའོ། །སྙམ་ནས་དེས་ཆུ་ཕྱགས་ཐོགས་ཏེ་རྒྱ་མཚོ་ཆེན་པོ་སྐམ་པར་བརྩམས་པ་དང ། དེས་ཆུ་ཕྱགས་བཟུང་མ་ཐག་ཏུ་ལྷ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་དག་གྲོགས་བྱེད་པར་གྲུབ་པར་གྱུར་ཏེ། རླུང་ཡང་གྲོགས་ 402b བྱེད་པར་གྱུར། མིའང་གྲོགས་བྱེད་བར་གྱུར་ཏོ། །དེ་ནས་ཆུ་ཕྱགས་ཀྱིས་ཆུ་ཕྱགས་མ་ཐག་ཏུ་རླུང་གིས་ནི། སྐེ་མ། མེས་ནི། སྲེག་གོ་།དེ་ནས་རྒྱ་མཚོའི་ལྷ་དེ་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། རྒྱ་མཚོ་འདི་ནི་མཐའ་ཡས་མི་ཟད་དེ། །ཆུ་ཟད་འགྱུར་གྱི་རྒྱ་མཚོ་དེ་ལྟ་མིན། །གྲོགས་པོ་མཁའ་ལ་ལམ་གྱི་ཚད་འདོད་ལྟར། རྒྱ་མཚོ་བསྐམས་པ་དག་ཏུ་ཇི་ལྟར་ནུས། །དེས་ལྷ་དེ་དག་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། ལྷ་དག་རྒྱ་མཚོ་མཐའ་ཡས་མ་ཡིན་ཏེ། །རྒྱ་མཚོ་དཔག་ཚད་མཐའ་ཡས་དཔག་ཏུ་རྙེད། །བདག་གིས་བརྩོན་འགྲུས་མཐའ་ཡས་དཔག་མེད་དེ། །རྒྱ་མཚོ་ཆེན་པོ་བདག་གིས་སྐམ་པར་ནུས། །རྒྱ་མཚོའི་ལྷ་དག་བདག་གི་སྟོབས་ལ་ལྟོས། །མཁའ་ལ་ལྷ་ཡིས་རབ་ཏུ་གང་བ་ལྟོས། །དཔག་མེད་ལྷ་དག་བདག་གི་གྲོགས་ཡིན་ཏེ། །འབར་དང་སྲེག་དང་དེ་བཞིན་རླུང་དུ་བྱེད། །བདག་གིས་མཁའ་ལ་ཆུ་གཏོར་བ་དག་ལྟོས། །ནམ་མཁའ་དེར་ནི་འགོ་བ་མེད་པ་ལྟོས། །སྣ་ཚོགས་དག་ནི་བདག་གི་གྲོགས་འགྱུར་ཏེ། །བར་སྣང་ཆུ་ནི་སྲེག་ཅིང་སྐེམ་པར་བྱེད། ། བར་སྣང་རླུང་ནི་བདག་གི་གྲོགས་ཡིན་ཏེ། །རྒྱ་མཚོ་སྐམ་པ་དག་ལ་ཞུམ་པ་མེད། །རྒྱ་མཚོས་བདག་གི་ནོར་བུ་མ་བཏང་ན། །བདག་ལ་ཡོན་གནས་སྟོབས་དང་ 403a ༄#། །ལྡན་པ་སྟེ། །བདག་གི་ཡོན་གནས་སངས་རྒྱས་དཀོན་མཆོག་དང ། །དེ་བཞིན་སྤྲོས་མེད་ངེས་པར་འབྱུང་བའི་ཆོས། །འདྲེན་པའི་སྲས་དེ་དགེ་འདུན་རིན་ཆེན་ཡོད། །དེ་དག་བདག་གིར་འགྱུར་ཏེ་མཚོ་ལྷའི་མིན། །སྐྱེས་བུ་ཁྱོད་ཀྱི་ཚིག་ནི་ངེས་པ་སྟེ། །དེ་བཞིན་བརྩོན་སྟོབས་ཁྱོད་དང་ལྡན་པ་ལེགས། །ནོར་བུ་དང་ནི་ལྡན་པར་འགྱུར་ཏེ་སྦྱིན། །དེ་རིང་དཀོན་མཆོག་གསུམ་ལ་འབུལ་བར་གྱིས། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེད་དཔོན་སློང་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དེ་དཔོན་གྱི་བུ་སློང་ལྡན་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམ་པར་བྱའོ། ། མཽངྒལ་གྱི་བུ། ལེ་ལོ་མེད་ཅིང་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔས་ནི། བདུད་ལྔ་ལས་རྒྱལ་བར་ནུས་སོ། །ལྔ་གང་ཞེ་ན། འདི་ལྟ་སྟེ།་ཉོན་མོངས་པའི་བདུད་དང ། ལས་ཀྱི་བདུད་དང ། ཕུང་པོའི་བདུད་དང ། འཆི་བདག་གི་བདུད་དང ། ལྷའི་བུའི་བདུད་དོ། །མཽངྒལ་གྱི་བུ། ངས་ 403b བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་གྲགས་བཟང་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། ཚེ་རིང་བ། རིང་དུ་འཚོ་བ། རིན་པོ་ཆེ་སྣ་བདུན་དང་ལྡན་པ། མིའི་འབྱོར་པ་བཞི་དང་ལྡན་པ། བུད་མེད་འབུམ་ཕྲག་དྲུག་གི་བདག་པོ། སྐྱེ་བོའི་བསམ་པ་ཐམས་ཅད་ལ་དབང་སྒྱུར་བ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་དག་ལ་རིམ་གྲོ་བྱས་པ། དགེ་བའི་རྩ་བ་བསགས་པ་དཔག་ཏུ་མེད་པ་དང་ལྡན་པ། སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་དག་ལ་དགེ་བའི་རྩ་བ་བསྐྱེད་པ་དང་ལྡན་པ་ཞིག་བྱུང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་དེའི་འཁོར་ཉན་ཐོས་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ་ནས་དེ་བཞིན་དུ་སྦྱར་ཏེ། ཡང་དག་པའི་ཤེས་ 404a ༄#། །པས་རྣམ་པར་གྲོལ་བར་བྱེད་པ་བྱེ་བ་ཁྲག་ཁྲིག་ཕྲག་སྟོང་བརྒྱད་ཅུ་བྱུང་ངོ ། །དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་དེའི་སྐུ་ཚེའི་ཚད་དཔག་ཏུ་མེད་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་གྲགས་བཟང་དེའི་ཡུལ་རྣམ་པར་རྒྱལ་བྱེད་དེ་ནས་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུ་དག་དེ་བཞིན་གཤེགས་པ་དེའི་དྲུང་དུ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་དུར་སྨྲིག་བགོས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་དག་ཐམས་ཅད་བདེ་བ་སྐྱེད་པར་ནི།་གྱུར་ན། དེ་དག་ལེ་ལོ་མེད་པའང་རྙེད་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་དེ་སྔོན་གྱི་དགེ་སློང་གི་དགེ་འདུན་དེ་དག་དང་ཐབས་ཅིག་ཏུ་དགེ་སློང་དེ་དག་ག་ལ་བ་དེར་གཤེགས་ཏེ་ཕྱིན་ནས་དགེ་སློང་གི་དགེ་འདུན་དེ་དག་གི་དབུས་སུ་བཞུགས་ཏེ། དེའི་ཚེ་བརྩོན་འགྲུས་ཤེས་ཀུན་འབྱུང་བ་ཤེས་པ་ཡང་དག་པར་རབ་ཏུ་ལྡན་པའི་གཏམ་འདི་ལྟ་བུ་འདི་དག་མཛད་དོ། །གང་ཟག་ཐེག་པ་བདེ་བས་བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་སྒྲུབ་པར་འདོད་པས་ལམ་བར་མས་རྟོགས་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་དུས་དང་དུས་མ་ཡིན་པར་སྒོམ་པ་ལ་ཞུམ་པ་མེད་པའི་བརྩོན་འགྲུས་ཀྱིས་བརྩོན་འགྲུས་ 404b ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པར་བྱའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པར་བྱའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བཏང་སྙོམས་སུ་བྱ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པར་བྱ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བཏང་སྙོམས་སུ་བྱ་སྟེ། དེའང་དྲན་པས་བརྟག་པར་བྱའོ། །སེམས་ཅན་རྣམས་ལ་བདེ་བར་སེམས་པ་དེའང་ཟས་ཞིམ་པོ་བཟའ་བ་དང་ལྡན་པ་དང ། གནས་མལ་བདེ་བར་འདུག་པ་དང ། ལུས་གྱ་ནོམ་པ་སླ་བར་འགྱུར་རོ། །བརྩོན་འགྲུས་ཀྱི་སྤྱད་པ་རྩོམ་པས་སྡུག་བསྔལ་དང་ཕྲལ་ཞིང ། ཤེས་པ་བར་མ་དེས་བདེ་བར་ངེས་པར་འབྱུང་ངོ ། །དེའི་ཚེ་རྒྱལ་པོ་གྲགས་བཟང་དེ་ཆོས་བཤད་པ་དེ་དག་ལ་གུས་པར་བྱས་ཤིང་ཐོས་ལ་བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གྲགས་བཟང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་གྲགས་བཟང་ཞེས་བྱ་བར་གྱུར་ཏོ། །དེ་སྐད་ཅེས་བཀའ་སྩལ་བ་དང ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ 405a ༄#། །གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་འདི་ལྟར་འཚལ་ཏེ། གང་གི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཞེས་བཤད་པ་འདིའི་དོན་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽངྒལ་གྱི་བུ། གང་ཟག་གི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་དག་ཆོས་སྟོན་པ་གོ་བར་མཛད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་སྒྲུབ་པར་འདོད་པས་བརྩོན་འགྲུས་མཉམ་པ་ཉིད་ལ་མངོན་པར་བརྩོན་པར་བྱ་ཞིང་རྟོགས་པར་བྱ། བརྩོན་འགྲུས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་ཆོས་སོ་སོར་བགེད་པ་དང ། ཟང་ཟིང་སོ་སོར་བགེད་པར་ཡང་བྱའོ། །མཽངྒལ་གྱི་བུ། ངས་བརྩོན་འགྲུས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་སེམས་ཅན་རྣམས་ལ་ཕན་པ་བྱ་བའི་ཕྱིར་བརྩོན་འགྲུས་ཤེས་པ་འགོག་པ་ཤེས་པ་ཇི་ལྟར་ཐོབ་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེ་བཞིན་དུ་སྦྱར་ཏེ། དེའི་ཕ་རོལ་ 405b གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་བདུད་དད་པ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་དུ་བྱུང་ངོ ། །དེ་བཞིན་གཤེགས་པ་བདུད་དད་པ་དེའི་སངས་རྒྱས་ཀྱི་ཞིང་དུ་བདུད་ཤུགས་འཆང་ཞེས་བྱ་བ་བྱུང་སྟེ། དེས་སངས་རྒྱས་ལྔ་བརྒྱ་དག་གི་གསུང་རབ་ལ་བདུད་ཀྱི་ལས་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་ལ་སྲིད་པའི་འགྲོ་བར་འཆི་བ་དང ། སྐྱེ་བ་དེ་དང་དེ་དག་ཏུ་མདུད་པར་འཛིན་པ་རྗེས་སུ་དྲན་ཏེ། དེ་བཞིན་གཤེགས་པ་དེ་དག་བཞུགས་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ལ་བདུད་ཀྱི་ལས་རྣམས་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་དང ། དེ་བཞིན་གཤེགས་པའི་ཉན་ཐོས་དེ་དག་དང ། དེ་བཞིན་གཤེགས་བ་སོ་སོའི་གསུང་རབ་ལ་བར་ཆད་བྱས་པས་བསྐལ་པ་གྲངས་མེད་པར་ལོག་པར་ལྟུང་ངོ ། །དེ་དེ་བཞིན་གཤེགས་པ་བདུད་དད་པ་དེ་བྱང་ཆུབ་མངོན་པར་འཚང་རྒྱ་བར་བཞེད་པའི་དེ་བཞིན་གཤེགས་པ་དེའི་གསུང་རབ་ལའང་བར་ཆད་བྱ་བར་འདོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་དད་པ་དེ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་དང ། བདུད་ཤུགས་འཆང་དེ་སྔོན་གྱི་གནས་རྗེས་སུ་དྲན་ནོ། །དེ་བདུད་ཤུགས་འཆང་དེའི་དགེ་བའི་རྩ་བ་དེ་དག་གཟིགས་ནས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་ 406a ༄#། །མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་བདུད་ཤུགས་འཆང་སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་ལ་མདུད་པར་བཟུང་བ་རྗེས་སུ་དྲན་ཏེ། གང་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པ་དེ་དག་རྗེས་སུ་དྲན། གང་སེམས་ཅན་དམྱལ་བ་ཆེན་པོའི་རྒྱུར་གྱུར་པ་དེ་དག་རྗེས་སུ་དྲན་ནས་དེ་འཇིགས་སྐྲག་སྟེ་སྤུ་ཟིང་ཞེས་བྱེད་ནས་སྐྱོ་བ་ཐོབ་བོ། །སྐྱོ་བ་ཐོབ་པས་བྱང་ཆུབ་སེམས་དཔའ་དེ་ལ་སེམས་རབ་ཏུ་དང་བའི་དད་པ་ཐོབ་ནས་བྱང་ཆུབ་སེམས་དཔའ་བདུད་དད་པ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཤེས་རབ་ཆེན་པོ་ཡེ་ཤེས་དཔག་མེད་མངའ་བ་ཕན་མཛད་ཐུགས་རྗེ་ཅན། །འཇིག་རྟེན་ཀུན་ལ་ཕན་པ་མཛད་པ་བདེ་གཤེགས་ཁྱོད་ལ་སྐྱབས་སུ་མཆི། །ཇི་ལྟར་རལ་གྲི་གཟེབ་ལ་མི་མཆིས་སྐད་ཅིག་གྱེན་དུ་འཕར་ལྟར་བདག་།དེ་ལྟར་རྒྱལ་བ་ཁྱོད་ལ་དད་མ་བགྱིས་པས་སེམས་དམྱལ་སྡུག་བསྔལ་མྱོང ། །ཇི་ལྟར་མི་དག་མདའ་མདུང་མདའ་བོ་ཆེས་བརྒྱབ་སྡུག་བསྔལ་ཚོར་འགྱུར་ལྟར། ། ཁྱོད་ལ་ཡིད་ཀྱིས་སྡང་བ་སེམས་ཅན་དམྱལ་བར་མཆི་ཞིང་སྡུག་བསྔལ་མྱོང ། །ཇི་ལྟར་མི་དག་ཆས་ནས་རི་བོའི་རྩེར་སོང་ལྷུང་བ་ལུས་སྡུག་བསྔལ། །ལྷུང་བས་ 406b བརྒྱབ་ཅིང་ཕྱེད་བརླགས་ལུས་ནི་སྐད་ཅིག་ཙམ་ཡང་བདེ་མི་འཐོབ། །དེ་བཞིན་སྟོབས་བཅུ་ཁྱོད་ལ་ཡིད་ཀྱིས་སྡང་པའི་ལུས་ཀྱང་ཕྱེ་མར་འགྱུར། །ཇི་ལྟར་མི་དག་རལ་གྲི་དགྲ་སྟས་བརྒྱབ་ལྟར་སྲིད་འགྲོར་བདེ་མི་འཐོབ། །རྒྱལ་ལ་ཡིད་སྡང་སྲིད་འགྲོར་བདེ་བ་ཅུང་ཟད་ཙམ་ཡང་ཐོབ་པ་མེད། །དེ་ལྟ་བས་ན་བདེ་གཤེགས་ཁྱོད་ལ་ཡིད་ནི་ཤིན་ཏུ་མངོན་དད་བགྱི། །མཆོག་སྤྱན་ཁྱོད་ལ་སྐྱབས་སུ་མཆི་ཞིང་བདག་ནི་མི་དགེའི་ལས་མཐོལ་ལོ། །རྒྱལ་བ་སྟོབས་བཅུ་མངའ་བར་བདག་འགྱུར་དེ་རིང་སྨོན་ལམ་བརྟན་པར་འདེབས། །འགྲོ་བ་དཔག་མེད་སྲིད་པའི་འགྲོ་བར་མི་བདེ་སྡུག་བསྔལ་མང་པོ་མྱོང ། །སྟོབས་བཅུའི་སྟོབས་དག་རབ་ཏུ་ཐོབ་ནས་བདུད་ཀྱི་སྟོབས་ནི་སྟོབས་མེད་བགྱི། །རྒྱལ་ལ་བདག་ནི་ཡིད་གཉིས་རྡུལ་ཙམ་མ་མཆིས་བདེ་བར་གཤེགས་པའི་བློ་ལ་འཇུག་།རྒྱལ་བ་འགྲོ་གཙོ་སྟོབས་མཆོག་སྟོབས་མངའ་དཔག་ཏུ་མེད་པར་བདག་འགྱུར་བགྱི། ། བདེ་གཤེགས་སྟོབས་བཅུ་སྟོབས་མཆོག་ཁྱོད་ལ་མི་ཡི་ཚོགས་དག་སྐྱབས་སུ་མཆི། །སྲིད་པ་སྤངས་ཤིང་རྣམ་སྲིད་ཟད་ནས་བདག་ཀྱང་འགྲོ་བའི་རྒྱལ་བར་བགྱི། ། མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བདུད་ཤུགས་འཆང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེར་གྱུར་ཏོ། ། 407a ༄#། །མཽངྒལ་གྱི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ངན་སོང་སྤོང་བར་འདོད་ཅིང ། སེམས་ཅན་གྱི་དོན་བྱ་བར་འདོད་པས་མདུད་པར་གཟུང་བར་མི་བྱའོ། །མཽངྒལ་གྱི་བུ། ངས་བརྩོན་འགྲུས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་ནས་དེ་བཞིན་དུ་སྦྱར་ཏེ། །མངོན་པར་འདུས་བྱས་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་འཁོར་བརྗོད་དུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་དངོས་པོར་ངེས་པར་འཛིན་པ་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་བྱུང་ངོ ། །དངོས་པོ་ཐམས་ཅད་ལ་ངེས་པ་འདི་སྐད་སྨྲ། འདི་ལྟར་བལྟ་སྟེ། ཇི་ལྟར་དངོས་པོ་གང་གིས་བྱ་བ་དེ་དེ་ལྟར་གྱུར་ཏེ།་གཞན་དུ་མ་ཡིན་ནོ། །དེའི་བློན་པོ་ཆོས་ལ་སྤྱོད་པ་ཞེས་བྱ་བ་མཛངས་ཤིང་དཔྱོད་པ། བྱ་བ་དང་བྱ་བ་མ་ཡིན་པ་ལ་མཁས་པ། རྒྱལ་སྲིད་ཡོངས་སུ་སྐྱོང་བ། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་དཔག་ཏུ་མེད་པ་བྱས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པ་ཞིག་བྱུང་ངོ ། །དེ་རྒྱལ་པོ་དངོས་པོར་དེས་པར་འཛིན་པ་དེ་ལྟ་བར་གྱུར་པ་དེ་ལས་འབྲལ་བར་འདོད་ནས་དེས་གསེར་གྱི་སྣོད་དག་བྱེད་དུ་བཅུག་སྟེ། ཏིལ་མར་གྱི་སྣོད་དང ། 407b མར་གྱི་སྣོད་དང ། ཁ་རའི་སྣོད་དང ། བཏུང་བའི་སྣོད་དང ། བཟའ་བའི་སྣོད་དེ་རིན་པོ་ཆེའི་སྣོད་ཀྱི་རྣམ་པ་དེ་དག་བྱེད་དུ་བཅུག་སྟེ། དེ་སྣོད་དེ་དག་བྱས་ནས་རྒྱལ་པོ་དངོས་པོར་ངེས་པར་འཛིན་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། །སྣོད་འདི་དག་གང་གི་སྣོད་དུ་ངེས་ལགས། དེས་སྨྲས་པ། གྲོང་གི་གཙོ་བོ། །སྣོད་འདི་དག་གང་གིར་རུང་བ་ཁྱོད་བདག་ཉིད་ཀྱིས་ཤེས་པར་གྱིས་ཤིག་།འདི་ནི། རེ་ཞིག་ཆུའི་སྣོད་དུ་ངེས་སོ། །འདི་ནི། ཏིལ་མར་གྱི་སྣོད་དུ་ངེས་སོ། །འདི་ནི། མར་གསར་གྱི་སྣོད་དུ་ངེས་སོ། །འདི་ནི། སྦྲང་རྩིའི་སྣོད་དོ། །འདི་ནི། བཏུང་བའི་སྣོད་དོ། །འདི་ནི། བཟའ་བའི་སྣོད་དོ། །འདི་ནི། གསེར་གྱི་སྣོད་དོ། །འདི་ནི། དངུལ་གྱི་སྣོད་དོ། །སྣོད་དེ་དག་ཐམས་ཅད་ནི། ངེས་པར་བསྟན་པ་ཡིན་ནོ། །དེ་ནས་བློན་པོ་ངེས་སྣོད་དེ་དག་ཐམས་ཅད་བརྗེས་ཏེ་ཏིལ་མར་གྱི་སྣོད་དུ་མར་བླུགས། མར་གྱི་སྣོད་དུ་ཏིལ་མར་བླུགས། སྦྲང་རྩིའི་སྣོད་དུ་བཏུང་བ་བླུགས། བཏུང་བའི་སྣོད་དུ་སྦྲང་རྩི་བླུགས། ཐབས་དེས་སྣོད་དེ་དག་ཐམས་ཅད་བརྗེས་སོ། །དེ་ནས་བློན་པོ་དེས་སྣོད་དེ་དག་ཐམས་ཅད་བརྗེས་ནས་རྒྱལ་པོ་དེ་གདུགས་ཚོད་ལ་སྤྱན་དྲངས་ཏེ་བཞུགས་ནས་རིམ་གྲོ་པ་ལ་སྨྲས་པ། གྲོགས་པོ་།བཀྲུ་བཤལ་གྱི་ཆུ་སྣོད་ནས་ཆུ་ཁྱེར་ཏེ་ཤོག་།བཀྲུ་བཤལ་བྱ་ཡི་ཆུ་ 408a ༄#། །ཉུང་དུ་ཞིག་ཁྱེར་ཏེ་ཤོག་ཅེས་ཇི་སྐད་བསྒོ་བ་བཞིན་སྣོད་བཀང་སྟེ་ཕུལ་ལོ། །དེ་ནས་རྒྱལ་པོ་དངོས་པོར་ངེས་པར་འཛིན་པ་དེ་སྣོད་དེ་དག་བཀང་བ་མཐོང་ནས་བློན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །གྲོང་གི་གཙོ་བོ། །སྣོད་བྱས་པ་འདི་དག་ཆུང་མ་ཟོས་སམ། གང་ཆུ་སྣོད་དུ་མར་བླུགས། དེ་བཞིན་དུ་སྒྱུ་མར་བྱས་པའི་ཆོས་ཐམས་ཅད་ཆུད་མ་ཟོས་སམ། དེས་སྨྲས་པ། ཇི་ལྟར་སྣོད་ཀྱི་རྣམ་པར་འདི་དག་ཆུད་འཚལ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་རྣམ་པར་འཇིག་པའི་མཐའ་ལགས་ཏེ།་དངོས་པོ་གང་ཡང་ངེས་པ་མ་མཆིས་སོ། །དངོས་པོ་ཐམས་ཅད་ནི། རྣམ་པར་འཇིག་པའི་མཐའ་ལགས་ཤིང ། ཡོངས་སུ་འགྱུར་བའི་མཐའ་ལགས་སོ། །དངོས་པོ་ཐམས་ཅད་ནི། མི་རྟག་པ་ཉིད་ཀྱི་མཚན་ཉིད་ཀྱིས་རྣམ་པར་འཇིག་པའི་ཆོས་ལགས་སོ། །དངོས་པོ་ཐམས་ཅད་ནི། ཡོངས་སུ་འགྱུར་བའི་མཚན་ཉིད་ཀྱིས་གཞན་དུ་གྱུར་ཏེ། དངོས་པོ་གང་ཡང་རྟག་པ་མ་ལགས། དངོས་པོ་གང་ཡང་ངེས་པ་མ་ལགས་ལ། གཞན་དུ་མཐོང་ཞིང་གཞན་དུ་འགྱུར་ལགས་སོ། །རྒྱལ་པོ་ཆེན་པོ། དེ་ལྟ་ལགས་པས་མི་རྟག་པའི་དངོས་པོ་ལ་མི་རྟག་པའི་འདུ་ཤེས་བསྒོམ་པར་བགྱི། ངེས་པ་མ་མཆིས་པའི་དངོས་པོ་ལ་གཡོ་བའི་འདུ་ཤེས་བསྒོམ་པར་བགྱིའོ། །རྒྱལ་པོ་ 408b ཆེན་པོ།་གཞན་ཡང་དར་ལ་བབ་པ་ནི། རྒས་པར་འགྱུར། གཞོན་ནུ་ནི། བར་མར་འགྱུར། བར་མ་ནི། རྒས་པར་འགྱུར། རྒས་བའང་འགུམ་པར་གདའ་ལགས་ཏེ། དེ་ལྟ་ལགས་བས་དངོས་པོ་ཐམས་ཅད་ལ་ངེས་པ་མ་མཆིས་ལགས་སོ། །དེ་ནས་རྒྱལ་པོ་དངོས་པོར་འཛིན་པ་དེ་བློན་པོ་དེས་གཞི་དེ་འདོར་དུ་བཅུག་གོ་།དེས་བློན་པོ་དེ་ལ་སྨྲས་པ། གྲོང་གི་གཙོ་བོ། ལེགས་སོ། །ལེགས་སོ། །ཤེས་པ་འདི་རྟོགས་པར་བྱ་བའི་ཕྱིར་འབད་པར་བྱའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བློན་པོ་ཆོས་སྤྱོད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བློན་པོ་ཆོས་སྤྱོད་ཅེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་དངོས་པོ་ཐམས་ཅད་ལ་ངེས་པ་མེད་པར་བྱ། བརྩོན་འགྲུས་ཀྱི་སྟོབས་ཀྱི་རིམ་པ་རྟོགས་པས་བྱ་བ་ལ་ལྕི་བ་དང་ཡང་བར་འགྱུར་རོ། །མཽངྒལ་གྱི་བུ། ངས་རིམ་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རིམ་པ་ཤེས་པས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། བདག་གིས་སེམས་ཅན་དག་རིམ་པ་ཤེས་པ་ལ་ཇི་ལྟར་རབ་ཏུ་དགོད། དགེ་བ་ 409a ༄#། །དང་མི་དགེ་བའི་ཆོས་ཀྱི་ཁྱད་པར་དག་ལ་མཁས་པ་དང ། ཡེ་ཤེས་ཀྱི་ཁྱད་པར་དག་ལ་མཁས་པར་གྱུར་སྙམ་ནས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་ཀུན་ཏུ་གོ་བྱེད་ཅེས་བྱ་བ་ཞིག་བྱུང་སྟེ། དེ་རྒྱལ་སྲིད་ཐོབ་ནས་བག་ཡོད་པས་རྒྱལ་སྲིད་བྱེད་དོ། །དེའི་བཙུན་མོ་བུད་མེད་ཁྲི་ཕྲག་བརྒྱད་བྱུང ། གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ། མཆོག་དང་ལྡན་པ། སྔར་ལྡང་ཞིང་ཕྱིས་ཉལ་བ། དེ་དག་གི་གཟུགས་ནི། ལྷ་མོ་དང་འདྲ། ཡོན་ཏན་ནི། འདོད་ཆགས་དང་བྲལ་བ་དང་འདྲའོ། །དེ་ནས་རྒྱལ་པོ་ཀུན་ཏུ་གོ་བྱེད་བུད་མེད་ཁྲི་ཕྲག་བརྒྱད་པོ་དེ་དག་གི་དབུས་སུ་འདུག་ནས་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཇི་ལྟར་སེམས་མཉམ་པར་བཞག་པས་བསམ་གཏན་གྱི་བྱེ་བྲག་དང ། ཉོན་མོངས་པའི་བྱེ་བྲག་དང ། ཡོན་ཏན་གྱི་བྱེ་བྲག་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །བུད་མེད་ཀྱི་ཚོགས་འདི་རེ་ཞིག་འདི་དག་ནི། ཤེས་པའི་བྱེ་བྲག་།འདི་དག་ནི། ཉོན་མོངས་པའི་བྱེ་བྲག་།འདི་དག་ནི། ཡོན་ཏན་གྱི་ 409b བྱེ་བྲག་།དེ་བུད་མེད་ཀྱི་ནང་དུ་འདུག་ནས་ཡུན་མི་རིང་བར་བུད་མེད་ཁྲི་ཕྲག་བརྒྱད་པོ་དག་ཡོངས་སུ་ཤེས་སོ། །དེ་བུད་མེད་གང་དག་གི་ལུས་ཤེས་པ་ཉམ་ཆུང་ཞིང་ཉོན་མོངས་པའི་སྟོབས་དང་ལྡན་པ་དེའི་ཉོན་མོངས་པ་རྣམ་པར་གདུལ་བའི་ཕྱིར་ཤེས་པ་བསྐྱེད་པའི་ཆོས་སྟོན་ཏོ། །བུད་མེད་གང་དག་ཉོན་མོངས་པའི་སྟོབས་ཆུང་ལ་ཤེས་པའི་སྟོབས་དང་ལྡན་པ་དེའི་ཉོན་མོངས་པ་ཆུང་དུ་ཇི་ཙམ་ཡོད་པ་སྤང་བའི་ཕྱིར་ཆོས་བསྟན་ཏེ། བུད་མེད་འདོད་ཆགས་སྤྱོད་པ་དག་ལ་མི་གཙང་བ་དང ། མི་རྟག་པ་བསྟན། ཞེ་སྡང་སྤྱོད་པ་དག་ལ་བྱམས་པ་དང ། མི་རྟག་པ་བསྟན། གཏི་མུག་སྤྱོད་པ་དག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང ། མི་རྟག་པ་བསྟན། རྣམ་པར་རྟོག་པ་སྤྱོད་པ་དག་ལ་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་དང་མི་རྟག་པ་བསྟན། མཚན་མ་སྤྱོད་པ་དག་ལ་མཚན་མ་མེད་པ་དང ། མི་རྟག་པ་བསྟན། བུད་མེད་བདག་ཏུ་མངོན་པར་ཞེན་པར་དག་ལ་སྟོང་པ་ཉིད་དང ། མི་རྟག་པ་བསྟན། བུད་མེད་སྲིད་པ་ལ་སྲེད་པ་དག་ལ་སྨོན་པ་མེད་པ་དང ། མི་རྟག་པ་བསྟན་ཏེ། དེ་ལྟར་ཉོན་མོངས་པ་གང་དང ། གང་སྤྱོད་པར་འགྱུར་བ་དེ་དང ། དེ་དག་གི་གཉེན་བོས་གཅོད་དོ། །དེའི་བུད་མེད་གང་དག་འདོད་ཆགས་སྤྱོད་པ་དེ་དག་བསམ་གཏན་བསྒྲུབས་ཏེ་ཚངས་པའི་ལམ་བསྒོམས་ 410a ༄#། །ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །བུད་མེད་ཞེ་སྡང་སྤྱོད་པ་དག་ལ་ཚད་མེད་པ་བསྒྲུབས་ཏེ་ཚངས་པའི་ལམ་བསྟན་ཏོ། །དེའི་བུད་མེད་དེ་དག་ཚད་མེད་པ་ལ་གནས་ཏེ་ཚངས་པའི་ལམ་བསྒོམས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །བུད་མེད་གང་དག་མཚན་མ་ལ་སྤྱོད་པ་དེ་དག་མཚན་མ་མེད་པ་བསྒྲུབས་ཏེ་ཚངས་པའི་ལམ་བསྟན་ཏོ། །དེའི་བུད་མེད་དག་མཚན་མ་མེད་པ་བསྒྲུབས་ཏེ་ཚངས་པའི་ལམ་བསྒོམས་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་སོ། ། བུད་མེད་གང་དག་སྲིད་པའི་འདོད་ཆགས་ལ་ལྷག་པར་ཆགས་པ་དེ་དག་ལ་སྨོན་པ་མེད་པ་བསྒྲུབས་ཏེ་ཚངས་པའི་ལམ་བསྟན་ཏོ། །དེའི་བུད་མེད་དེ་དག་སྨོན་པ་མེད་པ་བསྒྲུབས་ཏེ་ཚངས་པའི་ལམ་བསྒོམས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལྟར་རྒྱལ་པོ་ཀུན་ཏུ་གོ་བྱེད་དེས་ཤེས་པ་དང ། ཉོན་མོངས་པ་དང ། ཡོན་ཏན་གྱི་ལས་ཡང་དག་པར་རབ་ཏུ་བསྟན་པ་ན་བུད་མེད་ཁྲི་ཕྲག་བརྒྱད་པོ་དེ་དག་འདོད་ཆགས་དང་བྲལ་བ་དག་ལ་རབ་ཏུ་བཙུད་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཀུན་ཏུ་གོ་བྱེད་ཅེས་བྱ་བར་གྱུར་པ་དེ་གཞན་གྱིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་ 410b དུས་ན་རྒྱལ་པོ་ཀུན་ཏུ་གོ་བྱེད་ཅེས་བྱ་བར་གྱུར་ཏོ། །ཤེས་པ་ཐ་མ་དང་འབྲིང་གི་བྱེ་བྲག་ལ་མཁས་པ། ཉོན་མོངས་པ་ཐ་མ་དང་འབྲིང་དག་གི་བྱེ་བྲག་ལ་མཁས། ཡོན་ཏན་ཐ་མ་དང་འབྲིང་དག་གི་བྱེ་བྲག་དག་ལ་མཁས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་ཐ་མ་དང་འབྲིང་ལ་མཁས་པར་བྱའོ། །མཽངྒལ་གྱི་བུ།་ངས་རིམ་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རིམ་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་ཉོན་མོངས་པ་སྨོད་པ་ཞེས་བྱ་བ་ཞིག་བྱུང་ངོ ། །རྒྱལ་པོ་ཉོན་མོངས་པ་སྨོད་པ་དེའི་བཙུན་མོ་བུད་མེད་ཁྲི་ཕྲག་དགུ་བཅུ་བྱུང་སྟེ། གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཡིན་ནོ། །དེ་ལ་བུད་མེད་གང་དང་གང་གི་མིག་གིས་མཐོང་བའི་བུད་མེད་དེ་དང་དེ་དག་ཉིད་ཉོན་ 411a ༄#། །མོངས་པའི་འབྲས་བུ་དང ། ལས་ཀྱི་འབྲས་བུ་ཡང་དག་པར་ཤེས་སོ། །དེ་དག་ཉོན་མོངས་པའི་འབྲས་བུ་དང ། ལས་ཀྱི་འབྲས་བུ་རིག་ནས་ཉོན་མོངས་པ་ཐམས་ཅད་ནས་ཐམས་ཅད་དུ་མི་སྐྱེ་ཞིང ། སྨད་པ་དེ་དག་ཀྱང་ཉེ་བར་ཤེས་པར་གྱུར་རོ། །དེས་བུད་མེད་ཁྲི་ཕྲག་དགུ་བཅུ་པོ་དག་བདག་གི་ལས་དང ། །བདག་གི་ཉོན་མོངས་པ་ཁོང་དུ་ཆུད་པར་བྱས་སོ། །དེ་བདག་གི་ལས་དང ། བདག་གི་ཉོན་མོངས་པ་དེ་དག་ཡོངས་སུ་ཤེས་པ་ན། འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །དེ་དག་ལུས་ཞིག་ནས་ཤི་བའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཉོན་མོངས་པ་སྨོད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཉོན་མོངས་པ་སྨོད་པ་ཞེས་བྱ་བར་གྱུར་ཏོ། །ངས་དེའི་ཚེ་བུད་མེད་ཁྲི་ཕྲག་དགུ་བཅུ་པོ་དེ་དག་ལས་དང་ཉོན་མོངས་པ་ཁོང་དུ་ཆུད་པར་བྱས་སོ། །ཁོང་དུ་ཆུད་པ་ན་ལས་དང་ཉོན་མོངས་པ་ཡོངས་སུ་ཤེས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཉོན་མོངས་པ་སྤང་བར་བྱའོ། །བམ་པོ་ཉི་ཤུ་གཉིས་པ། 411b མཽངྒལ་གྱི་བུ། ངས་རིམ་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུས་བྱས་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་འགོག་པ་མཐོང་བ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་ཆོས་སྐྱེ་བ་གང་དང་གང་མཐོང་བ་དེ་དང་དེ་ཉིད་ལ་འགོག་པར་རྣམ་པར་རྟོག་གོ་།དེ་འདི་སྙམ་དུ་སམས་ཏེ། དངོས་པོ་གང་དག་ཀུན་འབྱུང་བའི་ཆོས་ཅན་དེ་དག་ཐམས་ཅད་ནི། འགོག་པའི་ཆོས་ཅན་ནོ། །འབྱོར་པའང་འགོག་པའི་ཆོས་ཅན་ཡིན་ལ། རྒུད་པའང་འགོག་པའི་ཆོས་ཅན་ནོ། །རྙེད་པའང་འགོག་པའི་ཆོས་ཅན་ཡིན་ལ། མ་རྙེད་པའང་འགོག་པའི་ཆོས་ཅན་ནོ། །དེ་བཞིན་དུ་སྦྱར་ཏེ་གྲགས་པ་དང ། མ་གྲགས་པ་དང ། སྨད་པ་དང ། བསྟོད་པ་དང ། བདེ་བ་དང ། སྡུག་བསྔལ་བའང་འགོག་པའི་ཆོས་ཅན་ནོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་མངོན་པར་འདུས་མ་བྱས་ན། མི་སྐྱེ་སྟེ། གང་འགོག་པའི་ཆོས་འདི་དག་ཐམས་ཅད་དེ་ཅི་སྟེ། མངོན་པར་བསྐྱེད་པར་བྱ། གང་སྐྱེ་བ་མེད་པ་དེ་ལ་འགོག་པ་མེད། གང་འགོག་པ་མེད་པ་དེ་ལ་མྱ་ངན་མེད་ཅིང་སྨྲེ་སྔགས་འདོན་པ་མེད་དོ། །དེ་ལྟ་བས་ན། མ་བྱས་པ་ཉིད་མཆོག་ 412a ༄#། །ཡིན་ནོ། །སྙམ་མོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་བ་འགོག་པ་མཐོང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་འགོག་པ་མཐོང་བ་ཞེས་བྱ་བར་གྱུར་ཏེ། དེ་དེ་ལྟར་བྱུང་བའི་ཆོས་ཀྱང་འགོག་པའི་ཆོས་སུ་རབ་ཏུ་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། འགོག་པའི་ཆོས་དང ། ཆོས་རྣམས་ལ་སྤྱོད་པ་ཉོན་མོངས་སོ། །སྙམ་མོ། །དེ་སྐྱེ་བོའི་ཚོགས་མང་པོའི་ནང་དུ་འདུག་ནས་ཆོས་ཐམས་ཅད་ནི། འགོག་པའི་ཆོས་སོ་ཞེས་ཆོས་བསྟན་ཏོ། །དེས་ན་ངས་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་མངོན་པར་འདུ་བྱེད་པ་མེད་པ་ལ་རབ་ཏུ་བཙུད་དོ། །ལྷ་དང་མི་རྣམས་ལ་ཡང་དག་པར་རབ་ཏུ་བསྟན་ཏེ། ངའི་ཚངས་པར་སྤྱོད་པ་རྒྱ་ཆེ་བར་གྱུར་ཏོ། །མཽངྒལ་གྱི་བུ།་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འགོག་པ་ལ་མཁས་པར་བྱའོ། །འགོག་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི། ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །མཽངྒལ་གྱི་བུ། ངས་རིམ་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་ 412b དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྒྱ་ཆེ་བ་མངོན་པར་འདུས་བྱས་ཏེ། དེ་བཞིན་དུ་སྦྱར་རོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་རོ་མྱང་བ་དང་ཉེས་དམིགས་ལ་མཁས་པ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་ཆོས་ཐམས་ཅད་རོ་མྱང་བ་དང་ཉེས་དམིགས་ནི། རབ་ཏུ་ཤེས་ན། ངེས་པར་འབྱུང་བ་དེ་དག་རབ་ཏུ་མི་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་ལ་ངེས་པར་འབྱུང་བ་རབ་ཏུ་ཤེས་པ་སུ་ཞིག་ཡོད་སྙམ་ནས་དེའི་མཚན་མོ་ཉལ་དུ་སོང་བ་དང ། སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དག་དང་ལྡན་པ་བྱུང་ནས་དེས་དེ་ལ་བཀའ་སྩལ་པ། རྒྱལ་པོ། ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཚུལ་བཞིན་དུ་སེམས་བསྐྱེད་པ་དེ་ལེགས་སོ། །ལེགས་སོ། །རྒྱལ་པོ་ཆེན་པོ། དེའི་ཕྱིར་ཁྱོད་ཉིད་ཀྱིས་ཤེས་པར་གྱིས་ཤིག་།མངོན་པར་འདུ་བྱེད་པ་མེད་པ་ནི། ངེས་པར་འབྱུང་བ་ཡིན་ཏོ། །གང་མངོན་པར་འདུ་མི་བྱེད་པ་དེ་མི་འབྱུང་ངོ ། །གང་མ་བྱུང་ན་དེ་ངེས་པར་འབྱུང་བ་ཞེས་བྱའོ། །དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སངས་རྒྱས་ཀྱི་སྐུ་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། མི་མཆོག་འཇིག་ 413a ༄#། །རྟེན་མགོན་པོ་སྟེ། །བལྟ་ན་སྡུག་ཅིང་ཤིན་ཏུ་གསལ། །གང་དུ་སྐྱེ་བོ་རྨོངས་པ་དག་།འདི་ནི་བྱང་ཆུབ་ལམ་ལགས་སོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་རོ་མྱང་བ་དང་ཉེས་དམིགས་ལ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་རོ་མྱང་བ་དང་ཉེས་དམིགས་ལ་མཁས་པ་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ངས་མངོན་པར་འདུས་མ་བྱས་ཤིང་ངེས་པར་འབྱུང་བ་བསྟན་ཏོ། །མཽངྒལ་གྱི་བུ།་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་མངོན་པར་འདུ་མི་བྱེད་པ་ལ་མཁས་པར་བྱའོ། །མངོན་པར་འདུ་མི་བྱེད་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་རྣམས་ལ་མྱུར་དུ་མི་ལྡོག་པར་རབ་ཏུ་གནས་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་སྔོན་གྱི་མཐའ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་ཏེ། ཇི་ལྟར་སྔར་བསྟན་པ་བཞིན་རྒྱ་ཆེར་བྱའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད། བསམ་གྱིས་མི་ཁྱབ་གཞལ་གྱིས་མི་ལང ། དཔག་ཏུ་མེད་བརྗོད་དུ་མེད་པ་དེའི་ཕ་རོལ་གྱིའང་ཆོས་ཕ་རོལ་ན་ 413b རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཡོངས་སུ་རྟོགས་པ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་བྱེད་པ་གང་དང་གང་རྩོམ་པ་དེ་སྔོན་གྱི་མཐའ་སོ་སོར་བརྟགས་ནས་རྩོམ་མོ། །གང་བདག་གི་ངོ་བོ་ཉིད་དབང་པོའི་བྱེ་བྲག་དེ་དག་ཐམས་ཅད་ནི། སྔོན་གྱི་ལས་ཀྱིས་བསྒྲུབས་པ་ཡིན་ཏེ། ལ་ལ་ནི། གཟུགས་ངན། ལ་ལ་ནི། གཟུགས་བཟང ། ལ་ལ་ནི། བསོད་ནམས་དང་ལྡན། ལ་ལ་ནི། བསོད་ནམས་ཆུང ། ལ་ལ་ནི། བླུན། ལ་ལ་ནི། མཁས། ལ་ལ་ནི་བྲན། ལ་ལ་ནི། ཇོ་བོ་།ལ་ལ་ནི། རབ་ཏུ་དགའ་བ་སྐྱེད། ལ་ལ་ནི། གཏི་མུག་སྐྱེད་དེ། གང་བདག་བྲན་དུ་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་འདི་བདག་དང་མཐུན་པར་མི་འགྱུར་རོ། །གཟུགས་ངན་པར་འགྱུར་པའམ། བསོད་ནམས་ཆུང་བར་འགྱུར་བ་ནས་གཏི་མུག་སྐྱེད་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་འདི་ནི། བདག་དང་མཐུན་པར་མི་འགྱུར་རོ། །གང་བདག་གཟུགས་བཟང་པོར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་དང ། དབང་པོ་ཐམས་ཅད་མ་ཚང་བ་མེད་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་དེ་དག་བདག་དང་མཐུན་པར་འགྱུར་རོ།། གང་བདག་ཡིད་ལ་བཅགས་པ་མེད་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་དེ་ཡིད་ལ་བཅགས་པ་མེད་པར་འགྱུར་བའི་ལས་མངོན་པར་འདུས་བྱས་ཏེ། དེ་ 414a ༄#། །བསྐལ་པ་གྲངས་མེད་པར་ནམ་ཡང་ཀུན་ནས་དཀྲིས་པའི་སེམས་མི་སྐྱེད་དོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཡོངས་སུ་རྟོག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཡོངས་སུ་རྟོག་པ་ཞེས་བྱ་བར་གྱུར་ཏོ། །ང་སྔོན་གྱི་མཐའ་དེ་ཡོངས་སུ་རྟོག་པ་ན་ཉོན་མོངས་པའི་ཀུན་ནས་དཀྲིས་པའམ། ཉེས་པར་སྤྱད་པའི་ཀུན་ནས་དཀྲིས་པའི་སེམས་སྔོན་མ་བྱུང་ངོ ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་སྔོན་ཀྱི་མཐའ་ཡོངས་སུ་བ་རྟག་པའི་ལས་མངོན་པར་འདུ་བྱ་ཞིང་དགེ་བ་ལ་བསྟེན་པར་བྱ། །སྡིག་པ་སྤོང་བར་བྱའོ། །མཽངྒལ་གྱི་བུ། སྔོན་གྱི་མཐའ་སོ་སོར་རྟོག་པའི་བྱང་ཆུབ་སེམས་དཔའ་ནི། ཀུན་ནས་དཀྲིས་པའི་སེམས་དང་བྲལ་ཞིང ། མྱུར་དུ་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་གནས་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་དོན་ནས་མངོན་པར་འདུས་བྱས་པའི་བར་སྔ་མ་བཞིན་ནོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་ 414b བ་ཤེས་པ་ཡོངས་སུ་རྟོག་པ་ཞེས་བྱ་བ་སྡིག་པ་ཐམས་ཅད་དང་བྲལ་ཞིང ། དགེ་བའི་ཆོས་ཐམས་ཅད་ལ་མངོན་པར་དགའ་བ་ཞིག་བྱུང་ངོ ། །དེ་ཚེ་ཐུང་བ་དག་ལ་སྨོད་ཅིང ། ཚེ་རིང་པོ་དག་ལ་མངོན་པར་དགའ། གནོད་པ་མང་པོ་དག་ལ་སྨོད་ཅིང ། གནོད་པ་ཉུང་བ་དག་ལ་མངོན་པར་དགའ། རིགས་དམའ་བ་དག་ལ་སྨོད་ཅིང ། རིགས་མཐོན་པོ་དག་ལ་མངོན་པར་དགའ། གཟི་བརྗིད་ཆུང་བ་དག་ལ་སྨོད་ཅིང ། གཟི་བརྗིད་ཆེན་པོ་དག་ལ་མངོན་པར་དགའ། དབུལ་བ་དག་ལ་སྨོད་ཅིང ། ལོངས་སྤྱོད་ཆེན་པོ་དག་ལ་མངོན་པར་དགའ། ཤེས་རབ་ཆུང་པ་དག་ལ་སྨོད་ཅིང ། ཤེས་རབ་ཆེན་པོ་དག་ལ་མངོན་པར་དགའ། དབང་པོ་ཞན་པ་དག་ལ་སྨོད་ཅིང ། དབང་པོ་ཆེན་པོ་དག་ལ་མངོན་པར་དགའ། ཚིག་མི་སྙན་པ་དག་ལ་སྨོད་ཅིང ། ཚིག་སྙན་པ་དག་ལ་མངོན་པར་དགའ། ཡང་དག་པ་མ་ཡིན་པའི་ཚིག་དག་ལ་སྨོད་ཅིང ། ཡང་དག་པའི་ཚིག་དག་ལ་མངོན་པར་དགའ། ཕྲ་མ་དག་ལ་སྨོད་ཅིང ། ཕྲ་མ་མེད་པ་དག་ལ་མངོན་པར་དགའ། དེ་བཞིན་དུ་སྦྱར་ཏེ་ཚིག་རྩུབ་པོ་དང ། ཚིག་རྩུབ་པོ་མ་ཡིན་པ་དང ། སྡུམས་བྱེད་པ་དང ། སྡུམས་མི་བྱེད་པ་དང ། བརྣབ་སེམས་དང ། བརྣབ་སེམས་མེད་པ་དང ། གནོད་སེམས་དང ། གནོད་སེམས་ 415a ༄#། །མེད་པ་དང ། ལོག་པར་ལྟ་བ་ལ་ནི། སྨོད། ཡང་དག་པའི་ལྟ་བ་ལ་ནི། མངོན་པར་བརྩོན་ཏེ། དེ་སྡིག་པ་ནི། སྤོང ། དགེ་བ་ལ་ནི། མངོན་པར་དགའ་ཞིང ། སྐྱེ་བོ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་དོ། །བྱམས་པའི་སེམས་སྔོན་དུ་བཏང་བས་དེ་དག་ལ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་རབ་ཏུ་བསྟན་ཏེ། དེ་འཇིག་རྟེན་འཇིག་པ་ན་འོད་གསལ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས། འཇིག་རྟེན་ཆགས་པ་ན་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེས་སོ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡོངས་སུ་རྟོག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཀུན་འབྱུང་བ་ཞེས་པ་ཡོངས་སུ་རྟོག་པ་ཞེས་བྱ་བར་གྱུར་ཏོ། །ང་བྱམས་པའི་སེམས་སྔོན་དུ་བཏང་ནས་སེམས་ཅན་དེ་དག་ལ་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽངྒལ་གྱི་བུ།་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་བྱ། མི་གནས་པའི་ཚུལ་གྱིས་དགེ་བ་བཅུའི་ལས་ཀྱི་ 415b ལམ་བསྒོམ་པར་བྱའོ། །མཽངྒལ་གྱི་བུ། ངས་སྔོན་གྱི་མཐའ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་མངོན་པར་འདུས་བྱས་པའི་བར་དང ། ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་བློ་གྲོས་གཙང་མ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་ཉོན་མོངས་པ་གང་དང་གང་ཉིད་སྐྱེས་པ་དེ་དང་དེ་ཉིད་ལ་མི་གཙང་བའི་འདུ་ཤེས་སུ་གྱུར་ཏོ། །དེ་མི་གཙང་བར་སེམས་པ་ན་མྱུར་བ་ཉིད་དུ་སྤོང་བར་བྱེད། །སེལ་བར་བྱེད། འདོར་བར་བྱེད་དེ། དེས་མངོན་པར་མི་དགའོ། །དེ་ཡུན་མི་རིང་བར་ཉོན་མོངས་པ་ཐམས་ཅད་ལ་ཤིན་ཏུ་མི་སྤྱོད་པར་གྱུར་ཏེ། དག་པ་རྣམ་པར་བྱང་བའི་ཕྱོགས་ཉིད་ལ་གནས་པར་གྱུར་ཏོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དེ་དག་ཐམས་ཅད་དེ་ལ་གཞོལ་བར་གྱུར་ཏེ།་དེ་ལ་འབབ། དེ་ལ་བབ་སྟེ། ཐ་ན་རྩཝའི་ལྷའང་དེ་ལ་གཞོལ་བར་གྱུར། དེ་ལ་འབབ། དེ་ལ་བབ་བོ། །དེར་སྐྱེ་བོ་ཐམས་ཅད་ལས་བདག་གིར་བྱ་བའི་ཤེས་པ་ལ་བཙུད་དེ། ཇི་ལྟར་ལས་བྱས་པ་དག་གི་རྣམ་པར་སྨིན་པ་འགྲུབ་པ་འདིར་སྐྱེ་བོ་ཐམས་ཅད་ལ་མངོན་སུམ་ཡིན་ན་མི་རིགས་པས་ཡོངས་སུ་བསྒྱུར་ནས་བདག་གི་ལས་ཀྱི་འབྲས་བུ་ཆུད་ 416a ༄#། །གཟོན་ཏོ། །དེས་སྐྱེ་བོ་དེ་དག་ལས་བདག་གིར་བྱ་བ་ཤེས་པ་ལ་བཙུད་ཅིང ། ལས་བདག་གིར་བྱ་བ་ཤེས་པ་ལ་རབ་ཏུ་བཀོད་དེ། ཤེས་པའི་གཉེན་པོ་སྐྱེས་ནས་ཕལ་ཆེར་ལུས་ཞིག་ནས་ཤིའོ། །ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་བློ་གྲོས་གཙང་མ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་ང་དྲང་སྲོང་བློ་གྲོས་གཙང་མ་ཞེས་བྱ་བར་གྱུར་ཏོ། །ངས་སྐྱེ་བོ་དེ་དག་ལས་བདག་གིར་བྱ་བ་ཤེས་པ་ལ་བཙུད་ཅིང་རབ་ཏུ་བཀོད་དེ། ཤེས་པའི་གཉེན་པོ་སྐྱེས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། ། མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ལས་བདག་གིར་བྱ་བར་ཤེས་པ་ལ་རབ་ཏུ་གནས་པར་བྱའོ། །མཽངྒལ་གྱི་བུ། ངས་སྔོན་གྱི་མཐའ་ཤས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་པ་ནས་ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད་པ་དེའི་ཕ་རོལ་གྱིའང་ཆེས་ 416b ཕ་རོལ་ན་དྲང་སྲོང་ལམ་ཕྱིན་ཞེས་བྱ་བ་ཞིག་བྱུང་སྟེ། སའི་མཐའ་རྒྱ་མཚོར་བཅས་པ་བཏང་ནས་རབ་ཏུ་བྱུང་ངོ ། །དེ་ཚལ་གྱི་ནང་དུ་སོང་སྟེ་ཤིང་ལྗོན་པ་ལ་རྟོག་པ་ན་དེ་འདི་སྙམ་དུ་སེམས་ཏེ། ཤིང་ལྗོན་པ་འདི་ཡུན་མ་རིང་བར་ས་ལ་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བསགས་པ་ཐམས་ཅད་ཀྱི་མཐའ་ཟད་པ་ཡིན་ལ། མཐོ་བ་དག་ནི།་ལྟུང་བ་ཡིན་ཏེ། གང་མཐོ་བ་ལས་མི་ལྟུང་བའི་ཐབས་གང་ཞིག་ཡོད་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཐབས་མེད་དོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ།་གང་བདག་མི་མཐོ་བ་དེ་མི་ལྟུང་ངོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ང་རྒྱལ་གྱིས་མཐོ་བར་འགྱུར་ཏེ། ང་རྒྱལ་མེད་ན་མཐོ་བ་མེད་དོ། །སྙམ་མོ། །དེ་ང་རྒྱལ་སྤང་བའི་ཕྱིར་ཆོས་སྟོན་ཏེ། ང་རྒྱལ་སྤང་བའི་ཕྱིར་ཆོས་བསྟན་ནས་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་རབ་ཏུ་བསྟན་ཏོ། ། དེ་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་དེ་དག་ལ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་རབ་ཏུ་བསྟན་ནས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ལམ་བྱིན་ཞེས་བྱ་བར་གྱུར་བ་གང་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་དེ་དག་ 417a ༄#། །ལ་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་རབ་ཏུ་བསྟན་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། ང་དེར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྟེ། དེ་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་གནས་ཤེས་པར་བྱ་བའི་དོན་དུ་འདས་པའི་དུས་ནས་དེ་བཞིན་དུ་སྦྱར་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཤིན་ཏུ་ཁྲིད་བྱེད་ཅེས་བྱ་བ་ཕྱི་རོལ་གྱི་ལམ་གྱིས་འདོད་པ་དག་གི་འདོད་ཆགས་དང་བྲལ་བ་ལྔ་མངོན་པར་ཤེས་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། གང་གིས་སེམས་ཅན་འདི་དག་གི་སྐྱེ་བའང་ཐ་དད་པ་ཉིད་དུ་སྣང ། རིགས་ཀྱང་ཐ་དད་པ་ཉིད་དུ་སྣང ། རུས་ཀྱང་ཐ་དད་པ་ཉིད་དུ་སྣང་བའི་རྒྱུ་ནི། གང ། རྐྱེན་ནི། གང་ཡིན་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་རབ་ཏུ་སྤྱོད་པ་ལས་གཞན་མ་ཡིན་ཏེ། ཇི་ལྟ་བུའི་ཉོན་མོངས་པ་རབ་ཏུ་སྤྱོད་ན། དེ་ལྟ་བུའི་ལས་མངོན་པར་འདུ་བྱེད་དོ། །ཇི་ལྟ་བུའི་ལས་མངོན་པར་འདུ་བྱེད་ན། དེ་ལྟ་བུའི་རྣམ་པར་སྨིན་ 417b པ་འགྲུབ་པར་འགྱུར་ཏེ། རྒྱུ་ལས་དང ། ཉོན་མོངས་པ་ཡིན་ནོ། །ཉོན་མོངས་པ་དེ་གང་གི་ཡིན། ལས་མངོན་པར་འདུ་བྱེད་པ་དེའང་གང་གི་ཡིན། རྣམ་པར་སྨིན་པ་དེའང་སུ་ཞིག་གིས་མྱོང་བར་འགྱུར་རོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཚོགས་འདུས་པའི་དབང་གིས་ལས་མངོན་པར་འདུ་བྱེད་པ་ལས་གཞན་མ་ཡིན་ཏེ། དེ་ལ་ཉོན་མོངས་པ་ནི།་བདག་གིས་ལས་བསྐྱེད་པར་བྱའོ་སྙམ་དུ་མི་སེམས། ལས་ཀྱང་བདག་གིས་རྣམ་པར་སྨིན་པར་འགྲུབ་པར་བྱའོ། །སྙམ་དུ་མི་སེམས། རྣམ་པར་སྨིན་པའང་བདག་གིས་གང་ཞིག་རྣམ་པར་སྨིན་པར་བྱའོ། །སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་མེད་པའི་ཆོས་ལ་བདག་གོ་།སྙམ་དུ་ཡོངས་སུ་བཟུང་ནས། སྡུག་བསྔལ་གྱི་ཚོགས་དང་སྤྲེལ་ལོ། །སྡུག་བསྔལ་དེ་གང་ནས་ཀྱང་མ་བྱུང ། གང་གིའང་མ་ཡིན། སུས་ཀྱང་མ་བསྐྱེད། ཅུང་ཟད་ཀྱང་ཡོངས་སུ་བཟུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ཞིག་བདག་གོ་སྙམ་པ་དེ་ནི། མེད་དེ། མེད་པ་ལ་མངོན་པར་ཞེན་ཏོ། །གང་བདག་མེད་པ་ལ་མངོན་པར་ཞེན་པ་དེ་བདག་ཉིད་ཆུད་གཟོན་ཏེ། བདག་མེད་པའི་ཆོས་དག་ལ་བདག་ཏུ་མངོན་པར་ཞིན་ཏེ། །དེ་བདག་ཏུ་མངོན་པར་ཞེན་ནས་སྡུག་བསྔལ་ཞེས་རྟོག་པར་བྱེད། གཙང་བ་དང་རྟག་གོ་།ཞེས་རྟོག་པར་བྱེད་དོ། །གང་མེད་པའི་ཆོས་ 418a ༄#། །ལ་དེ་བདག་མེད་པ་དང ། མི་རྟག་པ་དང ། མི་བདེ་བ་དང ། མི་གཙང་བར་དེ་བཟོད་པ་འདི་དག་ཐོབ་ནས་བསྐལ་པ་གྲངས་མེད་པར་ནམ་ཡང་དག་ཏུ་མངོན་པར་མ་ཞེན་ཏོ། །དེས་སེམས་ཅན་གྲངས་མེད་པ་དག་བདག་ཏུ་མངོན་པར་ཞེན་པ་ལས་བསྐྱོད་ནས་སྟོང་པ་ཉིད་ལ་རབ་ཏུ་བཙུད་དོ། ། མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཤིན་ཏུ་ཁྲིད་བྱེད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཤིན་ཏུ་ཁྲིད་བྱེད་ཅེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་དེ་དག་བདག་ཏུ་འདུ་ཤེས་པ་ལས་བསྐྱོད་ནས་སྟོང་པ་ཉིད་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། ཇི་ཙམ་དུ་དེ་བཞིན་གཤེགས་པས་འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་དེ་དག་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན།་སོ་སོའི་སྐྱེ་བོ་ཐོབ་པ་དང་མི་ལྡན་པ་དག་བདག་ཏུ་རྟོག་པར་བྱེད། རྟག་པ་དང་གཙང་བར་རྟོག་པར་བྱེད་དེ། བདག་ཉིད་སྡུག་བསྔལ་གྱི་ཚོགས་དང་སྦྲེལ་བ་ལ་ལྟོས། །འདི་ལྟ་སྟེ། དཔེར་ན། དར་གྱི་སྲིན་བུ་ནི། བདག་ཉིད་ཀྱིས་བདག་དཀྲིས་ཏེ་མེས་སྲེག་ཅིང་འབར་བ་ན་རང་གི་སྲིན་བལ་ཡང་དག་པར་བྱུང་བ་དེ་ཉིད་ཀྱིས་སྲེག་ 418b གོ་།དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རང་ལས་ཡང་དག་པར་བྱུང་བའི་སྡུག་བསྔལ་གྱི་ཚོགས་དེས་སྲེག་གོ་།མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ལས་མངོན་པར་འདུ་བྱེད་པ་ནི། འཆིང་བར་བལྟའོ། །མི་དེ་ལ་མངོན་པར་ཞེན་ཅིང་ཀུན་ཏུ་འདོད་ཆགས་པ་དེས་སེམས་ཅན་དག་སྲེག་སྟེ། དེ་དག་སྲེག་པ་ན་སེམས་ཅན་དག་མ་རིག་པའི་སྒྲིབ་པས་སྲེག་པ་ལ་ཡང་དག་པར་སྦྱར་བའི་སྔོན་གྱི་མཐའ་མི་ཤེས་སོ། །མངོན་པར་ཞེན་པ་དང ། ཀུན་ཏུ་ཆགས་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི། ཕྱིར་མི་ལྡོག་ཅིང་མྱུར་དུ་ཆོས་ཉིད་ཐོབ་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་གནས་འགོག་པ་ལ་མཁས་པ་ཞེས་བྱ་བ་སྲིད་པ་དང་འགྲོ་བའི་འཆིང་བ་དང ། སྐྱེ་བ་ཐམས་ཅད་ལ་ 419a ༄#། །མི་གནས་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ཐམས་ཅད་ནི། ཆོས་རྣམས་ཀྱི་རང་བཞིན་མ་ཤེས་པས་ཉོན་མོངས་སོ། །དེ་དག་རང་བཞིན་མེད་པའི་ཆོས་རྣམས་ལ་མངོན་པར་ཞེན་ནས་བདག་ཉིད་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་འཛིན་ཏོ། །བདག་ཉིད་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་བཟུང་བས་བདག་ཉིད་སྡུག་བསྔལ་མྱོང་ངོ ། །སྙམ་ནས་དེ་རང་བཞིན་མེད་པའི་ཆོས་ཐམས་ཅད་རིག་ཅིང་མངོན་པར་འདུ་བྱེད་པའི་རྒྱུ་ཡོངས་སུ་ཤེས་སོ། མངོན་པར་འདུ་བྱེད་པའི་རྒྱུ་ཡོངས་སུ་ཤེས་ནས་ཤེས་པའི་རྒྱུ་སྤེལ་ཅིང་མི་ཤེས་པའི་རྒྱུ་ཡང་དག་པར་བཅད་དོ། །མི་དགེ་བའི་ཆོས་ཐམས་ཅད་ནས་ཐམས་ཅད་དུ་ཡང་དག་པར་གཅད་པའི་ཕྱིར་ཞུགས་ཤིང ། དགེ་བའི་ཆོས་རྣམ་པར་འཕེལ་བར་བྱ་བ་ལའང་ཞུགས་སོ། །དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་ཡོངས་སུ་སྨིན་པར་བྱས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་གནས་ཤེས་པ་འགོག་པ་ལ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེར་གྱུར་ཏོ། །ངས་སེམས་ཅན་དཔག་ཏུ་མེད་པ་དེ་དག་གནས་ཤེས་པ་ཀུན་འབྱུང་ 419b བ་ཤེས་པ་ལ་ཡོངས་སུ་སྨིན་པར་བྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པར་བྱའོ། །གནས་ཤེས་པ་ཀུན་འབྱུང་བ་ཤེས་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་ཕྱིར་མི་ལྡོག་པའི་ཆོས་རྣམས་ལ་རབ་ཏུ་གནས་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་གནས་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་དུ་སྦྱར་ཏེ། དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོས་འཛིན་ཅེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། དེ་ཅིའི་ཕྱིར་སེམས་ཅན་འདི་དག་སྡུག་བསྔལ་མི་ཟད་པ་མྱོང ། དེ་ཅིའི་ཕྱིར་འདི་དག་གྲོལ་བ་རྣམས་ཀྱི་ཐར་པར་འགྱུར་སྙམ་ནས་དེ་སེམས་ཅན་དེ་དག་གི་སྔོན་གྱི་ལས་མངོན་པར་འདུ་བྱེད་པ་ཡོངས་སུ་རྟོག་གོ་།དེ་སེམས་ཅན་ཁ་ཅིག་ཀུན་ཏུ་འབར་བ་དག་གིས་བདག་གི་ངོ་བོ་རབ་ཏུ་ 420a ༄#། །འབར་ཞིང་ཤིན་ཏུ་འབར་བར་གྱུར་ནས་རྒྱུག་།རབ་ཏུ་རྒྱུག་ཅིང་ཉམ་ཐག་པའི་སྐད་འབྱིན་པ་མཐོང་ངོ ། །སེམས་ཅན་ཁ་ཅིག་བྱའི་ཚོགས་ཀྱིས་གཙེས་ཏེ་ཉམ་ཐག་པའི་སྐད་འབྱིན་ཅིང་རྒྱུག་།རབ་ཏུ་རྒྱུག་པ་མཐོང་ངོ ། །སེམས་ཅན་ཁ་ཅིག་སྲིན་བུ་དག་གིས་ཟོས་ནས་ཉམ་ཐག་པའི་སྐད་འབྱིན་ཅིང་རྒྱུག་།རབ་ཏུ་རྒྱུག་པ་མཐོང་ངོ ། །སེམས་ཅན་ཁ་ཅིག་དྲི་ང་བས་ཁྱབ་ནས་ཉམ་ཐག་པའི་སྐད་འབྱིན་ཅིང་རྒྱུག་།རབ་ཏུ་རྒྱུག་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། གནས་ལ་མངོན་པར་ཞེན་པའི་རྒྱུ་དང ། ལས་མངོན་པར་འདུ་བྱེད་པའི་རྒྱུས་སེམས་ཅན་འདི་དག་སྡུག་བསྔལ་སྣ་ཚོགས་མྱོང་ངོ ། །སྙམ་མོ། །དེ་སེམས་ཅན་གང་མི་རིགས་པ་ལ་ཡང་དག་པར་རབ་ཏུ་གནས་པར་མིག་གིས་མཐོང་བའི་སེམས་ཅན་དེ་དག་ལ་གནས་ཀྱི་སྐྱོན་དེ་དག་ཡང་དག་པར་སྟོན་ཏེ། ཁྱེད་ཅག་བདག་གི་གནས་དག་ལ་དགའ་བར་ཡང་དག་པར་རབ་ཏུ་བལྟས་པས་བདག་ལ་དགའ་བའི་རྒྱུས་སྡིག་པའི་ལས་འདི་དག་མངོན་པར་འདུས་བྱས་སོ། །གང་མངོན་པར་འདུས་བྱས་པའི་རྒྱུས་ལུས་ཀུན་ཏུ་འབར་ལ་རྒྱུག་།རབ་ཏུ་རྒྱུག་གོ་།བྱའི་ཚོགས་དག་གིས་གཙེས་ཤིང་རྒྱུག་།རབ་ཏུ་རྒྱུག་།སྲིན་བུའི་ཚོགས་དག་གིས་ཟོས་ཤིང་རྒྱུག་།རབ་ཏུ་རྒྱུག་ 420b གོ་།དྲི་ང་བས་ཁྱབ་ཅིང་རྒྱུག་།རབ་ཏུ་རྒྱུག་སྟེ། དེ་དག་བདག་གི་ངོ་བོ་སོ་སོར་འདོད་པས་སྡུག་བསྔལ་ཉིད་ཡང་དག་པར་བསྐྱེད་པ་ལ་མ་གཏོགས་པར་བདེ་བ་ཅུང་ཟད་ཀྱང་རྗེས་སུ་མ་ཐོབ་བོ། །སོ་སོར་འཛིན་པའི་རྒྱུས་སྡིག་པའི་ལས་འདི་དག་མངོན་པར་འདུས་བྱས་སོ། །གང་རྣམ་པར་སྨིན་པ་འདི་མྱོང་ངོ ། །ཁྱེད་ཅག་ལུས་ལ་མི་ཟད་པར་འདུ་ཤེས་ཉེ་བར་ཞོག་ཅིག་།མངོན་པར་ཞེན་པ་མེད་པའི་འདུ་ཤེས་ཀྱང་ཉེ་བར་ཞོག་ཅིག་།མི་གཙང་བའི་འདུ་ཤེས་ཀྱང་ཉེ་བར་ཞོག་ཅིག་དང་ལེགས་སོ། ། དེ་ཆོས་བསྟན་པ་དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་རྗེས་སུ་ཐོབ་བོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ས་འཛིན་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ས་འཛིན་ཅེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་ཡོངས་སུ་འཛིན་པ་དེ་ལས་བཟློག་ནས་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཡོངས་སུ་འཛིན་པ་མེད་པ་ལ་བསླབ་པར་བྱའོ། །ཡོངས་སུ་འཛིན་པ་མེད་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་རོ།། 421a ༄#། །མཽངྒལ་གྱི་བུ། ངས་གནས་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་མངོན་པར་འདུས་བྱས་པའི་བར་དང ། ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆོས་ཕ་རོལ་ན་རྒྱལ་པོ་དྲང་སྲོང་སྲིད་པ་ཤེས་པ་རྟོགས་པ་ཞེས་བྱ་བ་ཞིག་བྱུང་སྟེ། བྱས་པ་དང་ལྡན་པ། ཀུན་ཤེས་པ་དང ། ཚོར་བ་ཤེས་པ་དང ། ཚོར་བ་པོ་ཤེས་པ་དང ། འདུ་བྱེད་ཤེས་པ་དང ། བྱེ་བྲག་ཤེས་པ་དང ། དགེ་བ་ཤེས་པ་དང ། ཁ་ན་མ་ཐོ་བ་དང་བཅས་པ་ཤེས་པ་དང ། ཁ་ན་མ་ཐོ་བ་མེད་པ་ཤེས་པ་དང ། བྱས་པ་ཤེས་པ་དང ། དེ་ལས་གཞན་པ་འཇིག་རྟེན་པའི་བཟོའི་གནས་དང ། ལས་ཀྱི་གནས་རྣམས་ལ་བསླབ་པར་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། བཟོ་གང་ལ་བསླབ་པས་སྐྱེ་བ་མེད། འཇིག་པ་མེད། འཆི་བ་མེད། མི་དགའ་པ་མེད་པ་ཡང་དག་པར་རབ་ཏུ་སྦྱངས་ཤིང ། མི་དགའ་བ་དང་བྲལ་བའི་བཟོ་ཅུང་ཟད་ཡོད་དོ། ། སྙམ་མོ། །དེ་དེ་ལྟར་སོ་སོར་རྟོག་པ་ན་བཟོ་ཅུང་ཟད་ཀྱང་མི་དམིགས་ཏེ། གང་ལ་སློབ་པ་ན་སྐྱེ་བ་མེད། འཇིག་པ་མེད། འཆི་པ་མེད། སྐྱེས་པ་མེད་དོ། །དེ་འདི་སྙམ་ 421b དུ་སེམས་ཏེ། བྱ་བ་འདི་དག་ཐམས་ཅད་ནི། རྫ་མཁན་གྱི་སྣོད་དང་འདྲ་སྟེ། སེམས་ཅན་ཡང་མེད། འཆི་བའང་ཤེས་སོ། །གལ་ཏེ་སེམས་ཅན་དག་མངོན་པར་འདུ་མི་བྱེད་ན། འཆི་བ་མེད་ཅིང་རྒས་པ་མེད་དོ། །སྙམ་ནས་དེ་དེའི་ཚེ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་པས་སེམས་ཅན་རྣམས་ཀྱི་ལུས་ཐ་དད་པ་རྗེས་སུ་དྲན་ནོ། །དེ་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་མོ་སྙེད་ཀྱི་སེམས་ཅན་རེ་རེའི་བདག་གི་ངོ་བོ་ཐ་དད་པ་རྗེས་སུ་དྲན་ནོ། །རྒྱུ་གང་དང ། རྐྱེན་གང་དག་གིས་བདག་གི་ངོ་བོ་གྲུབ་པ་དེ་དག་ཐམས་ཅད་རྗེས་སུ་དྲན་ཞིང ། དམིགས་པ་གང་གིས་བདག་གི་ངོ་བོ་ཐ་དད་པ་དེ་དག་ཐམས་ཅད་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ།་གང་གིས་བདག་གི་ངོ་བོ་མངོན་པར་འགྲུབ་པར་མི་འགྱུར་བའི་ཤེས་པ་དེ་ག་ལས་འཐོབ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། མངོན་པར་འདུ་མི་བྱེད་པ་ལས་གཞན་མ་ཡིན་ཏེ། གང་ཞིག་མངོན་པར་འདུ་མི་བྱེད་ན། དེ་ཐ་དད་པར་འགྱུར་བ་མེད་ནའང་རྒྱུ་མངོན་པར་འདུ་བྱེད་པ་ལྟ་ག་ལ་ཡོད་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ།་མ་རིག་པ་དང ། སྲེད་པ་ལས་གཞན་མ་ཡིན་ཏེ། སྲེད་པའི་རྒྱུས་ལས་མངོན་པར་འདུ་བྱེད་དེ། སྐྱོན་དེ་དག་རབ་ཏུ་མི་ཤེས་སོ། །སྲེད་པ་འགགས་ན། ལས་མངོན་ 422a ༄#། །པར་འདུ་མི་བྱེད་དོ། །ཤེས་པ་དེའང་རབ་ཏུ་མི་ཤེས་སོ། །དེ་ལྟ་བས་ན། མཁས་པས་ཡེ་ཤེས་ཀྱི་སྣང་བ་བྱའོ། །ཡེ་ཤེས་ཀྱི་སྣང་བའི་བྱང་ཆུབ་སེམས་དཔའ་ནི། ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་གནས་པར་འགྱུར་རོ། །སྙམ་མོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་ཤེས་པ་རྟོགས་པ་ཞེས་བྱ་བར་གྱུར་བ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་ཤེས་པ་རྟོགས་པ་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཤེས་པ་རྟོགས་པར་བྱའོ། །དངོས་པོ་ཤེས་པ་རྟོགས་པའི་བྱང་ཆུབ་སེམས་དཔའ་ནི། ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་གནས་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་ཕྱི་མའི་མཐའ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཕྱི་མའི་མཐའ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་ 422b དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཅེས་ཕ་རོལ་ན་གཙོ་བོ་བློ་གྲོས་དྲང་པོ་ཞེས་བྱ་བ་སེམས་ཅན་རྣམས་ཀྱི་རྩོད་པ་གཅོད་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་རྟོག་པ་སྨྲས་པ་ཙམ་ཉིད་ཀྱིས་སྨྲས་པ་འདི་དག་ནི། རྒྱལ་ལོ། །སྨྲས་པ་འདི་དག་ནི། མི་རྒྱལ་ལོ། །ཞེས་ཡང་དག་པར་རབ་ཏུ་ཤེས་པ་ཞིག་བྱུང་ངོ ། །དེའང་ལུས་དང་སེམས་ཀྱི་སྤྱོད་ལམ་མཆོག་ཏུ་མཛེས་ཏེ། དེ་བལྟ་བའི་ཕྱིར་མཐོང་བ་ཙམ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་མིག་འཆིང་ངོ ། །གཙོ་བོ་བློ་གྲོས་དྲང་པོ་དོན་བྱ་བའི་ཕྱིར་ལངས་ནས་གཅིག་པུ་དཔེན་པར་སོང་སྟེ་ནང་དུ་ཡང་དག་འཇོག་ལ་ཞུགས་པ་དང ། དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་འདི་ཐོབ་ནས་དེ་ལྟར་སེམས་མཉམ་པར་བཞག་པས་ལྷའི་མིག་ཐོབ་བོ། །དེ་ལྷའི་མིག་གིས་སེམས་ཅན་དག་འཆི་བ་དང ། སྐྱེ་བ་དང ། བདེ་འགྲོ་དང ། ངན་འགྲོར་སྐྱེས་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་ཆོས་དེ་གང་ཡིན་སྙམ་པ་དང ། གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་དེ་འདི་ཡིན་ཞེས་མ་དམིགས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་འདི་དག་གི་རང་གི་ངོ་བོ་ནི། ཆུ་ཟླ་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན། ཆུའི་ནང་དུ་ཟླ་བ་སོང་བ་དང ། ཆུ་ཟླའི་དཀྱིལ་འཁོར་དུ་རྣམ་པར་ 423a ༄#། །རིག་པའང་སྣང་ངོ ། །དེ་བཞིན་དུ་ཆོས་འདི་དག་ཐམས་ཅད་ཀྱང་ཆུ་ཟླ་དང་འདྲ་སྟེ། ཆོས་རྣམས་ཀྱི་འཕོ་བའང་མེད་ལ། འཇིག་རྟེན་ཕ་རོལ་ཏུ་རྣམ་པར་རིག་པར་སྣང་སྟེ། གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་ལས་འདི་ན་ཅུང་ཟད་ཀྱང་མེད་དོ། །སྙམ་མོ། །དེའི་ཚེ་སྐྱེ་བོ་དག་ཆུ་ཟླ་ལྟ་བུའི་ཆོས་ཐམས་ཅད་ལ་བཙུད་ཅིང་རབ་ཏུ་བཀོད་དོ། །དེའི་སྐྱེ་བོ་དེ་དག་ཆུ་ཟླ་ལྟ་བུའི་ཆོས་ཐམས་ཅད་རྟོགས་ནས་ཕྱིར་མི་ལྡོག་པའི་ཆོས་ལ་རབ་ཏུ་གནས་སོ།།་མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གཙོ་བོ་བློ་གྲོས་དྲང་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་གཙོ་བོ་བློ་གྲོས་དང་པོ་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་དཔག་ཏུ་མེད་པ་དག་གི་དོན་བྱས་ནས་སེམས་ཅན་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ 423b ལས་འདས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཆུ་ཟླའི་ངོ་བོ་ལྟ་བུར་མོས་པར་བྱའོ། །ཆོས་ཐམས་ཅད་ཆུ་ཟླའི་ངོ་བོ་ལྟ་བུར་མོས་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་ཕྱི་མའི་མཐའ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་པ་ནས་དེ་བཞིན་དུ་སྦྱར་རོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆོས་ཕ་རོལ་ན་རྒྱལ་པོ་དྲང་སྲོང་ལྷ་བཟང་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་དག་གི་འདོད་ཆགས་དག་བྲལ་བ། ལྔ་མངོན་པར་ཤེས་པ་ཞིག་བྱུང་ངོ ། །དེ་ནས་རྒྱལ་པོ་དྲང་སྲོང་ལྷ་བཟང་གཅིག་ཏུ་དབེན་པར་སོང་སྟེ་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་འདི་སྙམ་དུ་སེམས་སོ། །བདག་གིས་འདིར་སེམས་ཅན་དག་འཆི་བ་དང ། སྐྱེ་བ་དང ། ངན་པ་དང ། བཟང་པོ་དང ། བདེ་འགྲོ་དང ། ངན་འགྲོ་དང ། བདེ་འགྲོ་དང ། ངན་འགྲོར་འགྲོ་བ་མཐོང་བ་དེའི་རྒྱུ་ནི། གང ། རྐྱེན་ནི། གང་ཡིན། གང་གིས་སེམས་ཅན་ 424a ༄#། །དེ་དག་ལུས་གཅིག་པོ་ཤི་ནས་སྐྱེ་བ་ཞེས་བྱ་བ་སྣང་སྟེ། ལ་ལ་ནི། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། ལ་ལ་ནི། དུད་འགྲོའི་སྐྱེ་གནས་སུ། ལ་ལ་ནི། གཤིན་རྗེའི་འཇིག་རྟེན་དུ། ལ་ལ་ནི། ལྷ་མ་ཡིན་གྱི་རིས་སུ། ལ་ལ་ནི། ཚངས་བར། ལ་ལ་ནི། རྒྱལ་རིགས་སུ། ལ་ལ་ནི། རྗེའུ་རིགས་སུ། ལ་ལ་ནི། དམངས་རིགས་སུ། ལ་ལ་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་རྒྱལ་པོ་ལྷ་རྣམས་སུ། ལ་ལ་ནི། ལྷ་མཐུ་བོ་ཆེ། ལ་ལ་ནི། ལྷའི་རྒྱལ་པོའི་ཡོངས་སུ་སྤྱོད་པ་པར། ལ་ལ་ནི། སུམ་ཅུ་རྩ་གསུམ་དུ། ལ་ལ་ནི། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་རྣམས་སུ། ལ་ལ་ནི། མི་ལས་ཤི་ནས་ཚངས་པར་སྐྱེ། ལ་ལ་ནི། ཚངས་རིས་དང ། ཚངས་པའི་མདུན་ན་འདོན་དང ། ཚངས་འཁོར་དང ། ཚངས་པ་ཆེན་པོ་རྣམས་སུ།་དེ་བཞིན་དུ་འོད་དང ། འོད་ཆུང་དང ། ཚད་མེད་འོད་དང ། འོད་གསལ་ནས་དགེ་རྒྱས་ཀྱི་བར་དུའོ། །ཆེ་བ་དང ། ཆུང་ཆེ་དང ། ཚད་མེད་ཆེ་བ་དང ། འབྲས་བུ་ཆེ་བ་དང ། འདུ་ཤེས་མེད་པར་སེམས་ཅན་དང ། མི་ཆེ་བ་དང ། མི་གདུང་བ་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ། ལ་ལ་ནི། ནམ་མཁའ་མཐའ་ཡས་སྐྱེ་ 424b མཆེད་དུ། ལ་ལ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ། ལ་ལ་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ།་ཉོན་མོངས་པའི་བྱེ་བྲག་དང ། ལས་ཀྱི་བྱེ་བྲག་དང ། སྐྱེ་བའི་བྱེ་བྲག་ལས་གཞན་མ་ཡིན་ཏེ། ཉོན་མོངས་པའི་རྒྱུ་མངོན་པར་གྲུབ་ན། ལས་ཀྱི་རྒྱུ་མངོན་པར་གྲུབ་ཅིང ། ལས་ཀྱི་སྐྱེའོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཉོན་མོངས་པར་མ་གྱུར་ན། ལས་མངོན་པར་འདུ་བྱེད་པར་མི་འགྱུར། ལས་མངོན་པར་འདུ་བྱེད་པ་མེད་ན་།སྐྱེ་བར་མི་འགྱུར་རོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལས་གོང་ན་ཆེས་ཞི་བའམ། གྱ་ནོམ་པ་ཅི་ཡོད་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱས་པས་འདུ་ཤེས་ཀྱི་ཚོར་བ་འགགས་ཤིང་སྙོམས་པར་འཇུག་པ་དག་ལ་སེམས་རབ་ཏུ་འཇོག་གོ་།དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐམས་ཅད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་ཀྱི་ཚོར་བ་འགགས་ཤིང་སྙོམས་པར་འཇུག་པ་ལ་ཉེ་བར་ཞུགས་སོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་དབུགས་ཕྱུང་སྟེ། སྡུག་བསྔལ་འདི་ལྟ་བུ་ངེས་བར་འབྱུང་བ་ཡོད་དོ། །སྙམ་ནས་དེའི་ཚེ་སྐྱེ་བོའི་ཚོགས་མང་པོའི་ནང་དུ་འདུག་ནས་འདུ་ཤེས་ཀྱི་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་སྟོན། །གྲོགས་པོ་ 425a ༄#། །དག་།གང་ཏིང་ངེ་འཛིན་འདི་ལྟ་བུ་ཤེས་ན། དེ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང ། མ་རྟོགས་པའང་རྟོགས་པར་འགྱུར་རོ། །དེའི་ཚེ་དེའི་འཁོར་བཞི་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས།་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་ལྷ་བཟང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ངེར་གྱུར་ཏོ། ། ངས་འཁོར་བཞི་པོ་དེ་དག་འདུ་ཤེས་ཀྱི་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་ཐོས་ནས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདུ་བྱེད་དག་ལས་ངེས་པར་འབྱུང་བར་བལྟ་བར་བྱའོ། །འདུ་བྱེད་དག་ལས་ངེས་པར་འབྱུང་བར་ལྟ་བའི་བྱང་ཆུབ་སེམས་དཔའ་ནི། ལས་ཀྱི་སྒྲིབ་པ་རི་རབ་ཙམ་ཡོད་ཀྱང་སེམས་བསྐྱེད་པ་གཅིག་གིས་སེལ་བར་བྱེད། འཇིག་པར་བྱེད། འཐོར་བར་བྱེད། འཇོམས་པར་བྱེད་དོ། །མཽངྒལ་གྱི་བུ། ངས་ཕྱི་མའི་མཐའ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་མངོན་པར་འདུས་ 425b བྱས་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཆེན་པོ་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ ། །དེས་བསམ་གཏན་དང་པོ་ལ་གནས་ནས་མངོན་པར་ཤེས་པ་ལྔ་བསྒྲུབས་སོ། །དེ་འདི་སྙམ་དུ་སེམས་ཏེ། བསམ་གཏན་དང་པོ་ལ་གནས་ན་འདུ་བྱེད་ཐམས་ཅད་ལས་ངེས་པར་འབྱུང་བ་རྗེས་སུ་འཐོབ་པར་ནུས་སོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བསམ་གཏན་དང་པོ་འདི་ལ་རོ་མྱང་བར་བྱ་བ་ཡོད། ཉེས་དམིགས་ཡོད། ངེས་པར་འབྱུང་བ་ཡོད་ཅིང ། དེ་འདིར་རོ་མྱང་བ་དང ། ཉེས་དམིགས་དང ། ངེས་པར་འབྱུང་བ་དམིགས་ཏེ། དེ་ལ་འདུ་བྱེད་ཐམས་ཅད་ལས་ངེས་པར་འབྱུང་བ་ཡོད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་གཞི་གཅིག་ལ་ངེས་པར་འབྱུང་བ་ཕུན་སུམ་ཚོགས་པ་རོ་མྱང་བ་དང ། ཉེས་དམིགས་དང ། ངེས་པར་འབྱུང་བ། མིག་གི་སྐྱེ་མཆེད་ལ་རོ་མྱང་བ་དང ། ཉེས་དམིགས་དང ། ངེས་པར་འབྱུང་བ་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུའོ། །དེ་བཞིན་དུ་སྦྱར་ཏེ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ཀྱི་སྐྱེ་མཆེད་ལ་རོ་མྱང་བ་དང ། 426a ༄#། །ཉེས་དམིགས་དང ། ངེས་པར་འབྱུང་བ་ཡོད་དོ། །དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་རོ་མྱང་བ་དང ། ཉེས་དམིགས་དང ། ངེས་པར་འབྱུང་བ་རྣམ་པར་རིག་པར་བྱའོ། །སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། རྒྱལ་པོའི་ཕོ་བྲང་འཁོར་དུ་འདུག་སྟེ། སེམས་ཅན་རྣམས་ལ་མི་སྐྱེ་བའི་བཟོད་པ་ཐོབ་པའི་ཆོས་སྟོན་པ་ན་དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་བཟོད་པ་ལ་བཙུད་དོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ད་དེའི་ཚེ་དེའི་དུས་ན་དྲང་སྲོང་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བར་གྱུར་ཏོ། །ངས་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པ་ལ་མངོན་པར་བརྩོན་པར་བྱ། གཞན་དག་ལའང་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་བྱ་བའི་ཕྱིར་ཆོས་བསྟན་པར་བྱའོ། 426b མཽངྒལ་གྱི་བུ། ངས་ཕྱི་མའི་མཐའ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་གདོལ་བ་ཡིད་འོང་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ལྔ་མངོན་པར་ཤེས་པ་ཞིག་བྱུང་ངོ ། །དེ་གཅིག་པུ་དབེན་པར་སོང་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། དེ་འདི་སྙམ་དུ་སེམས་སོ། །ཆོས་འདི་དག་ལ་རིགས་དང་རུས་སུ་བརྟག་པ་མེད་དེ། ཆོས་ཉིད་ལ་ཆོས་སུ་བརྟག་པ་མེད་ཅིང་ཆོས་མ་ཡིན་པའང་མེད། ཆོས་འདི་དག་ལ་ཡོན་ཏན་ཉིད་ཀྱིས་བརྟག་པ་མེད་ཅིང་ཡོན་ཏན་མ་ཡིན་པའང་མེད། གང་དང་གང་དུ་ཆོས་དམིགས་པ་ཉིད་དེ་ཆོས་གནས་པ་ཞེས་བྱ་སྟེ། ཡོན་ཏན་ནི། གང་ཡིན། ཡོན་ཏན་མ་ཡིན་པ་ནི། གང་ཡིན། གང་འཆི་བའི་ཚེ་སེམས་འགྱོད་པ་དེ་ནི། ཡོན་ཏན་མ་ཡིན་ནོ། །གང་འཆི་བའི་ཚེ་སེམས་བདེ་བ་དེ་ནི། ཡོན་ཏན་ནོ། །དེ་ལྟ་བས་ན། མཁས་པས་ལས་མངོན་པར་འདུ་བྱེད་ན་ 427a ༄#། །ལས་དེ་མངོན་པར་འདུ་བྱའོ། །གང་སེམས་བདེ་བ་མངོན་པར་འདུ་བྱེད་པ་ནི། སྐྲག་པ་མེད་ཅིང་དངངས་པར་མི་འགྱུར་རོ། །སྙམ་ནས་དེའི་ཚེ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཕྱོགས་བཅུའི་འཇིག་རྟེན་དུ་སོང་སྟེ། སེམས་ཅན་དེ་དག་ལ་སྒྲ་དབྱངས་འདི་སྐད་བསྒྲགས་སོ། །མཁས་པ་དག་ནི། མི་སྐྱེ་བའི་ཆོས་ལ་མི་སྐྲག་།མི་དངང ། དངང་པར་མི་འགྱུར་ཏེ། །གང་འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དེ་དག་ནི། སྐྲག་པར་རིག་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ངོ་བོ་གང་ཡང་མི་དམིགས་ཏེ། གང་ངོ་བོ་ཉིད་ཅན་དང ། གང་ངོ་བོ་ཉིད་མེད་པ་དེ་ལ་སྐྱེ་བ་མེད་ཅིང་འགག་པ་མེད་དོ། །དེ་ལ་གང་བཟོད་པར་འདོད་པ་ཕྱོགས་གཅིག་ངེས་པར་ཁས་ལེན་པ་འདི་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །དེ་ལ་ཁྱེད་ཅག་མ་སྐྲག་།མ་དངང ། དངང་པར་མ་བྱེད་ཅིག་།བདུད་ཀྱི་སྤྱོད་ཡུལ་ལ་མ་སྤྱོད་མ་འཇུག་ཅིག་།གང་ཡང་དག་པ་མ་ཡིན་པའི་ཆོས་ལ་ཡང་དག་པར་ཁས་ལེན་པ་དེ་ནི། བདུད་ཀྱི་སྤྱོད་ཡུལ་ཡིན་ནོ། །ངས་ཆོས་དེ་བཤད་པ་ན་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་ 427b པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་གདོལ་པ་ཡིད་འོང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་གདོལ་པ་ཡིད་འོང་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ། དེའང་སྐྱེ་བོའི་ཚོགས་མང་པོ་དག་ཡང་དག་པར་འཛིན་དུ་གཞུག་པར་བྱའོ། །མཽངྒལ་གྱི་བུ། ངས་འཆི་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་འཆི་བ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་བྲང་སྲོང་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་བ་ 428a ༄#། །རྣམས་ཀྱི་འདོད་ཆགས་དང་བྲལ་བ། འཇིག་རྟེན་ལ་སྙིང་བརྩེ་བར་ཡང་དག་པར་རབ་ཏུ་གནས་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ།་བདག་ཅིའི་ཕྱིར་ནགས་ཚལ་ན་དོན་མེད་པར་གནས། གང་བདག་གིས་ནགས་ཚལ་འདི་དག་ཐམས་ཅད་རྒྱུ་གསུམ་དུ་གཞག་པར་བྱ་སྟེ། གང་རླུང་ནད་ཅན་དེ་དག་ལ་ནགས་ཚལ་གྱི་ཆ་གཅིག་གཞག་པར་བྱ། གང་བད་ཀན་ཅན་དེ་དག་ལ་ཆ་གཉིས་པ་གཞག་པར་བྱ། གང་མཁྲིས་ནད་ཅན་དེ་དག་ལ་ཆ་གསུམ་པ་གཞག་པར་བྱའོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་ནགས་ཚལ་དེ་དག་ཐམས་ཅད་དུ་རོ་བཙལ་བར་བྱ་བ་མཐོང་ནས་རོ་འདི་དག་ནི། སྐྱུར་བ་དང ། ལན་ཚཝ་དང ། མངར་བ་དང ། ཁ་བ་དང ། ཚ་བ་དང ། བསྐ་བའོ། །ནགས་ཚལ་ནི། གང་ཡིན། རོར་བརྩི་བ་ནི། གང་ཡིན་སྙམ་མོ། །དེའི་ཚེ་དེ་ལ་ནགས་ཚལ་གྱི་ལྷ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་མངོན་པར་སོང་སྟེ། དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་རང་རང་གི་རོ་བརྗོད་དེ། གང་ཤིང་གི་ནག་ཚལ་གྱི་རོ་སྒྱུར་བ་འཆང་བ་དེ་དག་སྐྱུར་བ་སྨྲའོ། །གང་དག་ལན་ཚཝའི་རོ་འཆང་བ་དེ་དག་ལན་ཚཝའི་རོ་སྨྲའོ། །གང་དག་རོ་ཁ་བ་འཆང་བ་དེ་དག་རོ་ཁ་བ་སྨྲའོ། ། 428b གང་དག་རོ་ཚ་བ་འཆང་བ་དེ་དག་རོ་ཚཝ་བ་སྨྲའོ། །གང་དག་རོ་བསྐ་བ་འཆང་བ་དེ་དག་རོ་བསྐ་བ་སྨྲའོ། །གང་དག་རོ་མངར་བ་འཆང་བ་དེ་དག་རོ་མངར་བ་སྨྲའོ། །དེ་འདི་སྙམ་དུ་སེམས་ཏེ། ནགས་ཚལ་བ་རྣམས་ཀྱིས་ནི། རང་རང་གི་རོ་ཇི་ལྟ་བ་བཞིན་སྨྲས་ན། སེམས་ཅན་རྣམས་ཀྱི་ནད་ཀུན་ནས་ལྡང་བ་དུ་ཞིག་ཡོད་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་རྣམས་ཀྱི་ནད་ཀུན་ནས་ལྡང་བ་ནི། བཞི་སྟེ། རླུང་ནད་དང ། མཁྲིས་ནད་དང ། བད་ཀན་དང ། འདུས་པའོ། །དེ་བསྡུ་ན། དོན་གསུམ་སྟེ། རླུང་ནད་དང ། མཁྲིས་ནད་དང ། བད་ཀན་ནོ། །གང་འདུས་པ་ནི། རླུང་ནད་དང ། མཁྲིས་ནད་དང ། བད་ཀན་དང་བཅས་པའོ། །དེ་ནགས་ཚལ་གྱི་སྐྱུར་བ་དང ། བསྐ་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་ཚལ་གྱི་སྐྱུར་བ་དང ། ཁ་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད་།ནགས་ཚལ་གྱི་སྐྱུར་བ་དང་ཚ་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་ཚལ་གྱི་སྐྱུར་བ་དང་ལན་ཚཝའི་རོ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་ཚལ་གྱི་སྐྱུར་བ་དང་མངར་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་ཚལ་གྱི་ལན་ཚཝའི་རོ་དང ། ཁ་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་ 429a ༄#། །པར་བྱེད། ནགས་ཚལ་གྱི་དེ་བཞིན་དུ་སྦྱར་ཏེ། བསྐ་བ་དང་སྐྱུར་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད། ནགས་ཚལ་གྱི་བསྐ་བ་དང ། ལན་ཚཝ་དང ། ཁ་བ་དང ། ཚ་བ་དང ། མངར་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་པར་བྱེད་དེ། ནགས་ཚལ་གྱི་རོར་བ་རྩི་བ་གང་ཡིན་པ་དེ་དག་རྣམ་པར་འབྱེད་དོ། །དེ་སེམས་ཅན་གྱི་རང་བཞིན་ཡང་རིག་།ནགས་ཚལ་གྱི་རང་བཞིན་ཡང་རིག་ནས་གསོ་བའི་དཔྱད་ཤེས་པ་སྦྱར་རོ། །དེ་ལ་ནད་པའི་ཕྱོགས་གསུམ་སྟེ། ངེས་པར་འཆི་བའི་ཆོས་དང ། འཚོ་བའི་ཆོས་དང ། གསུམ་པ་སྟེ། མ་གསོས་ན་འཆི་བའོ། །དེ་ལ་སྨན་པ་མཁས་པས་གསོ་སྨན་སྦྱར་བར་བྱ་སྟེ། འཚོ་བའི་ཆོས་ལ་མ་འོངས་པའི་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པར་འགྱུར་བའི་ཕྱིར་གསོ་སྨན་སྦྱར་བར་བྱ། འཆི་བའི་ཆོས་ལ་ད་ལྟར་གྱི་ཚོར་བས་ཉམ་ཐག་པའི་ཕྱིར་གསོ་སྨན་སྦྱར་བར་བྱའོ། །ཇི་ལྟར་ན་ཚོར་བ་བསལ་བས་བདེ་བའི་དུས་བྱེད་པ་གང་གསོས་ན་འཚོ་ལ། མ་གསོས་ན་འཆི་བ་དེ་ལ་སྨན་པས་སྲོག་ལ་ཕན་གདགས་པའི་ཕྱིར་གསོ་སྨན་སྦྱར་བར་བྱའོ། །སྙམ་ནས་དེའི་ཚེ་དེ་ནད་པ་གསུམ་དག་ལ་གསོ་སྨན་སྦྱར་བར་བྱེད་དོ། །འཆི་བའི་ཆོས་ཀྱི་ཚོར་བ་བསལ་བའི་ཕྱིར་གསོ་སྨན་སྦྱོར་ 429b བར་བྱེད། འཚོ་བའི་ཆོས་ཀྱི་སྲོག་ལ་ཕན་གདགས་པའི་ཕྱིར་གསོ་སྨན་སྦྱོར་བར་བྱེད། མ་ངེས་པ་ལ་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་མེད་པར་བྱ་བའི་ཕྱིར་རྩི་སྨན་སྦྱོར་བར་བྱེད་དེ། ཇི་ལྟར་ན། སྡུག་བསྔལ་གྱི་ཚོར་བ་བསལ་བས་དུས་བྱེད་སྙམ་མོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་བློ་གྲོས་རྒྱ་མཚོ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་བློ་གྲོས་རྒྱ་མཚོ་ཞེས་བྱ་བར་གྱུར་ཏོ། ། ངས་སེམས་ཅན་དེ་དག་གི་ཚོར་བ་བསལ་བ་ཉེ་བར་བཟུང་ནས་ཇི་ལྟར་ན་ཚོར་བ་བསལ་ཏེ། བདེ་བས་དུས་བྱེད་པར་འགྱུར་སྙམ་ནས་གསོ་སྨན་སྦྱར་ཏོ། །སེམས་ཅན་འཚོ་བའི་ཆོས་ཅན་རྣམས་ཇི་ལྟར་ན་ཉོན་མོངས་པ་མེད་པས་འཚོ་བར་འགྱུར་སྙམ་ནས་གསོ་སྨན་སྦྱར། གང་དག་གསོ་སྨན་མ་རྙེད་པར་དུས་བྱེད་པ་དེ་དག་གི་སྲོག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསོ་སྨན་སྦྱར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སེམས་ཅན་ཐམས་ཅད་ཀྱི་ཆོས་བཤད་པ་ལེ་ལོ་མེད་པར་བྱ། སྲོག་ཀྱང་བཏང་སྟེ་སེམས་ཅན་རྣམས་ལ་ 430a ༄#། །ཡང་དག་པ་ཇི་ལྟ་བ་བཞིན་ཤིན་ཏུ་བསྟན་པར་བྱ། ཡང་དག་པ་ཇི་ལྟ་བ་བཞིན་ཤིན་ཏུ་བསྟན་པ་ནི། ཐོས་པ་ལ་རྨོངས་པ་མེད་པར་འགྱུར་རོ། །བམ་པོ་ཉི་ཤུ་གསུམ་པ། མཽངྒལ་གྱི་བུ། ངས་འཆི་བ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྟོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཆི་བ་ཤེས་པ་ཀུན་འབྱུང་བ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། གཞལ་གྱིས་མི་ལང ། བརྗོད་དུ་མེད་པའི་འཁོར་བ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཕྱི་མའི་མཐའ་སྒྲུབ་པ་ལ་མཁས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་དག་གི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ ། །དེ་གཅིག་པུ་དབེན་པར་སོང་སྟེ་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་སེམས་ཀྱི་རྣམ་པར་རྟོག་ 430b བ་འདི་ལྟ་བུ་དག་སྐྱེས་ཏེ། ལས་ཀྱི་རྣམ་པར་སྨིན་པ་གང་གིས་འགྲོ་བའི་བྱེ་བྲག་སྣང་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་སྣ་ཚོགས་པ་ཡིན་ལ་སེམས་ཅན་རྣམས་ཀྱི་རྒྱུད་ཀྱང་སྣ་ཚོགས་པ་ཡིན་ཏེ། དེ་ལྟར་ཉོན་མོངས་པ་སྣ་ཚོགས་དག་བྱུང་བས་ལས་སྣ་ཚོགས་དག་མངོན་པར་འདུ་བྱེད་པར་འགྱུར། ལས་སྣ་ཚོགས་དག་མངོན་པར་འདུ་བྱེད་པས་འགྲོ་བ་སྣ་ཚོགས་དག་དང ། སེམས་ཅན་དམྱལ་བ་རྣམས་ན་དམྱལ་བའི་བྱེ་བྲག་།དུད་འགྲོའི་སྐྱེ་གནས་དག་ན་དུད་འགྲོའི་བྱེ་བྲག། གཤིན་རྗེའི་འཇིག་རྟེན་དག་ན་གཤིན་རྗེའི་བྱེ་བྲག་།ལྷ་མ་ཡིན་དག་ན་ལྷ་མ་ཡིན་གྱི་བྱེ་བྲག་།མི་དག་ལ་མིའི་བྱེ་བྲག་།ལྷ་དག་ལ་ལྷའི་བྱེ་བྲག་དག་སྣང་ངོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གང་གིས་འགྲོ་བ་དེ་དག་ཐམས་ཅད་བྱེ་བྲག་ཏུ་མི་འགྱུར་བའི་རྩི་སྨན་འགའ་ཡོད་དམ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་བདག་ལ་རབ་ཏུ་གནས་ནས་ཉོན་མོངས་པ་ཤིན་ཏུ་བསྐྱེད། ཉོན་མོངས་པའི་སེམས་ཀྱིས་ལས་མངོན་པར་འདུ་བྱེད་དེ། དེ་དག་གི་རྣམ་པར་སྨིན་པ་སྣ་ཚོགས་གྲུབ་བོ། །འོ་ན་བདག་གིས་ཆོས་དེ་དག་གི་བདག་གང་ཡིན་ཡོངས་སུ་བཙལ་བར་བྱའོ། །སྙམ་ནས་ཅི་བདག་གཟུགས་ཡིན་ནམ། གལ་ཏེ་རེ་ཞིག་བདག་གཟུགས་ 431a ༄#། །སུ་སྣང་ན། གཟུགས་འཕེལ་བ་དང་ཡོངས་སུ་འགྲིབ་པ་ན་གང་གི་ཚེ་བདག་འཕེལ་བ་དང་ཡོངས་སུ་འགྲིབ་པར་མཐོང་བ་ད་ལྟར་ནི། མ་ཡིན་ཏེ།་དེ་ལྟ་བས་ན། བདག་གཟུགས་མ་ཡིན་ནོ། །གལ་ཏེ་ཚོར་བ་བདག་ཡིན་ན། དེ་གཟུགས་བདེ་བའི་གནས་དག་ལ་བདེ་བར་འགྱུར། ཡིད་མི་བདེ་བའི་གནས་དག་ལ་སྡུག་བསྔལ་བར་འགྱུར། བཏང་སྙོམས་ཀྱི་གནས་དག་ལ་སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་པར་འགྱུར་ཏེ། བདག་གི་མཚན་ཉིད་ནི།་དེ་ལྟ་བུ་མ་ཡིན་པས་དེ་ལྟ་བས་ན། ཚོར་བ་བདག་མ་ཡིན། གལ་ཏེ་འདུ་ཤེས་བདག་ཡིན་ན། བདེ་བའི་ཚོར་བ་དག་ལ་བདེ་བ་རྗེས་སུ་འཇུག་པར་འགྱུར།་སྡུག་བསྔལ་གྱི་ཚོར་བ་དག་ལ་སྡུག་བསྔལ་རྗེས་སུ་འཇུག་པར་འགྱུར། སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པའི་ཚོར་བ་དག་ལ་སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པའི་ཚོར་བ་རྗེས་སུ་འཇུག་པར་འགྱུར་ཏེ། གང་གཞན་གྱི་རྗེས་སུ་འཇུག་པར་འགྱུར་བ་དེ་ནི། བདག་གི་མཚན་ཉིད་མ་ཡིན་པས་དེ་ལྟ་བས་ན། འདུ་ཤེས་བདག་མ་ཡིན། གལ་ཏེ་འདུ་བྱེད་བདག་ཡིན་ན། དེ་དགེ་བ་དང ། མི་དགེ་བ་དང ། མི་གཡོ་བ་རྣམ་པ་གསུམ་སྟེ། རྣམ་པ་གསུམ་ 431b པོ་དེ་དག་གི་རྣམ་པར་སྨིན་པ་བདེ་བ་དང ། སྡུག་བསྔལ་དང ། སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པའོ། །དེ་ལ་ཅི་བདག་དགེ་བའམ། འོན་ཏེ་མི་དགེ་བའམ།་འོན་ཏེ་མི་གཡོ་བ། བདག་དེ་ནི། འགྱུར་བར་མི་འདོད་པས་དེ་ལྟ་བས་ན། འདུ་བྱེད་བདག་མ་ཡིན། གལ་ཏེ་རྣམ་པར་ཤེས་པ་བདག་ཡིན་ན། ཅིའི་ཕྱིར་བདེ་བའི་ཚོར་བ་དག་ལ་བདེ་བར་རྗེས་སུ་འཇུག་པར་འགྱུར། སྡུག་བསྔལ་གྱི་ཚོར་བ་དག་ལ་སྡུག་བསྔལ་གྱི་རྗེས་སུ་འཇུག་པར་འགྱུར། སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པའི་ཚོར་བ་དག་ལ་བཏང་སྙོམས་རྗེས་སུ་འཇུག་པར་འགྱུར། བདག་དེ་ནི། འགྱུར་བར་མི་འདོད་པས་དེ་ལྟ་བས་ན། རྣམ་པར་ཤེས་པ་བདག་མ་ཡིན་ནོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཕུང་པོ་ལྔ་པོ་འདི་དག་ཐམས་ཅད་ནི། བདག་མེད་ཅིང་བདག་གི་བ་མེད་དེ། ཉོན་མོངས་པ་དག་ལས་ལས།་ལས་དག་ལས་རྣམ་པར་སྨིན་པ། རྣམ་པར་སྨིན་པ་ལས་ཉོན་མོངས་པ་སྟེ། དེ་ལྟར་གསུམ་པོ་འདིའི་རྒྱུན་མི་འཆད་པར་འགྱུར་རོ་སྙམ་མོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་འཁོར་བཞི་རྣམས་ལ་ཆོས་སྟོན་ཏེ། གྲོགས་པོ་དག་།འདི་ལ་བདག་དང་བདག་གི་བ་མེད་དེ། རྐྱེན་དག་ཡོད་ན། འདུ་བྱེད་རྣམས་འབྱུང་བར་འགྱུར་ 432a ༄#། །ལ།་རྐྱེན་དག་མེད་ན། འདུ་བྱེད་རྣམས་འབྱུང་བར་མི་འགྱུར་རོ། །དེ་དེ་ལྟར་ཆོས་སྟོན་པ་ན་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །འདིར་འདུ་བྱེད་འདི་དག་ལ་མ་གཏོགས་པར་ཆོས་གང་ཡང་སྐྱེ་བའམ། འཇིག་པའམ། འཆི་བ་མེད་དེ། འདི་ལྟ་སྟེ། ཉོན་མོངས་པ་དག་ལས་ལས། ལས་དག་ལས་རྣམ་པར་སྨིན་པ་ཡིན་ནོ། །ཆོས་འདི་དག་ཐམས་ཅད་ནི། ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། ཉོན་མོངས་པའི་ངོ་བོ་ཉིད་དང་བྲལ་བ། ལས་ཀྱི་ངོ་བོ་ཉིད་དང་བྲལ་བ། རྣམ་པར་སྨིན་པའི་ངོ་བོ་ཉིད་དང་བྲལ་བའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཕྱི་མའི་མཐའ་སྒྲུབ་པ་ལ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཕྱི་མའི་མཐའ་སྒྲུབ་པ་ལ་མཁས་པ་ཞེས་བྱ་བར་གྱུར་ཏོ། །ངས་ཉོན་མོངས་པ་དང ། ལས་ཀྱི་གཏམ་དེ་ལྟ་བུ་དག་སྨྲས་པ་ན་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ 432b འདོད་པས་ལས་རྣམ་པར་གཞག་པ་གསུམ་ལ་བསླབ་པར་བྱའོ། །མཽངྒལ་གྱི་བུ། ངས་འཆི་བ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཆི་བ་ཤེས་པ་འགོག་པ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་འཆི་བ་ཤེས་པ་འགོག་པ་ཤེས་པ་ལ་མཁས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ།་ཕྱི་རོལ་གྱི་ལམ་གྱིས་འདོད་པ་དག་གི་འདོད་ཆགས་དང་བྲལ་བ། ལྔ་མངོན་པར་ཤེས་པ་ཞིག་བྱུང་སྟེ། ཡིད་ཀྱིས་འདུས་བྱས་ཐམས་ཅད་ལ་ཡོད་པ་དང ། འདུས་བྱས་ཀྱི་ཆོས་ཐམས་ཅད་འཇིག་པར་རྗེས་སུ་ལྟ་བ་ན་དེ་འདི་སྙམ་དུ་སེམས་སོ། །གང་གིས་མི་སྐྱེ་བ་དང ། མི་འགག་པའི་ཆོས་གང་ཡང་ཡོད་དམ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་གང་མངོན་པར་འདུས་བྱས་པ་དེ་འགོག་པར་མི་འགྱུར་ལ། མངོན་པར་འདུ་མི་བྱེད་པ་ལ་ནི། འགོག་པ་མེད་དོ་སྙམ་མོ། །དེ་དེ་ལྟར་ཡང་དག་ 433a ༄#། །པ་ཇི་ལྟ་བ་བཞིན་སོ་སོར་རྟོག་པ་ན་མངོན་པར་འདུ་མི་བྱེད་པའི་ཆོས་ཐམས་ཅད་ལ་མངོན་པར་དགའ་བ་ཞེས་བྱ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་ནས་སེམས་ཀྱི་རྒྱུད་ལ་གང་དང་གང་སྐྱེ་བ་དེ་དང་དེ་སེམས་ཀྱི་རྒྱུད་ཉིད་ལ་སོ་སོར་རྟོག་ཅིང་རབ་ཏུ་རྟོག་སྟེ། སེམས་ཀྱི་དབང་གིས་ཆོས་ཐམས་ཅད་སྐྱེ། སེམས་ཀྱི་དབང་གིས་ཆོས་ཐམས་ཅད་འགག་སྟེ། ཇི་ལྟ་ཇི་ལྟར་སེམས་ཀྱི་རྟོག་པ་དེ་ལྟ་དེ་ལྟར་ཆོས་ཐམས་ཅད་ཀྱི་གཟུགས་སྟོན་པར་བྱེད། སེམས་ནི། ཆོས་ཐམས་ཅད་སྐྱེད་པར་བྱེད། སེམས་ནི། ཆོས་ཐམས་ཅད་འགོག་པར་བྱེད་དོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་འདིའི་སེམས་ཀྱི་སྟོབས་བསྐྱེད་པ་གང་ཡིན། དེ་འདི་སྙམ་དུ་སེམས་ཏེ། སེམས་གཟུགས་མེད་ཅིང་བསྟན་དུ་མེད་པ། སྐྱེ་བ་ན་སེམས་བདག་ཉིད་མི་ཤེས་ཤིང་འགག་པ་ནའང་སེམས་བདག་ཉིད་མི་ཤེས་ཏེ། སེམས་ཀྱིས་སེམས་དེ་མི་བསྐྱེད། སེམས་ཀྱིས་སེམས་མི་འགོག་པའི་སེམས་འདི་ནི། སེམས་ཀྱི་ངོ་བོ་ཡིན་ནོ། །གཟུགས་ཅན་མ་ཡིན་པའི་ཆོས་འདི་ནི། ཆོས་ཉིད་དེ། སེམས་འགོག་པ་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དེ་འབྱུང་ཞིང་སེམས་ 433b ཀྱི་རྒྱུད་རབ་ཏུ་འཇུག་།སེམས་གང་འགོག་པ་ན་སེམས་ཀྱི་རྒྱུད་འདྲ་བར་རབ་ཏུ་འཇུག་སྟེ། སྡང་བའི་སེམས་འགོག་པ་དེ་སེམས་ཀྱི་རྒྱུད་འདྲ་བར་རབ་ཏུ་འཇུག་།གཏི་མུག་གི་སེམས་འགོག་པ་དེ་སེམས་ཀྱི་རྒྱུད་འདྲ་བར་རབ་ཏུ་འཇུག་ཅིང་སེམས་ཀྱི་རྒྱུད་ལ་ཆགས་པའམ། སྡང་བ་ཞེས་གདགས་སོ། གང་གི་ཚེ་དེ་ཤེས་པ་དང་རབ་ཏུ་ལྡན་པའི་སེམས་བསྐྱེད་པ་དེའི་ཚེ་སེམས་ཀྱི་རྒྱུད་གསུམ་པོ་ཐམས་ཅད་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་མུན་པར་སྣོད་ཡོངས་སུ་ཚོལ་བ་ན་ཏིལ་མར་གྱི་མར་མེ་བུས་ན་དེ་སྣང་བ་དེས་སྣོད་དེ་མཐོང་ཞིང ། དེ་ལས་གཞན་པའི་སྣོད་དག་ཀྱང་མཐོང་ངོ ། །དེ་བཞིན་དུ་གལ་ཏེ་འདོད་པའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པའི་སེམས་འགགས་ཤིང་གང་ཤེས་པ་དང་རབ་ཏུ་ལྡན་པའི་སེམས་སྐྱེ་ན། སེམས་ཀྱི་རྒྱུད་དེ་དག་ཐམས་ཅད་རབ་ཏུ་ཤེས་སོ། །གལ་ཏེ་གནོད་སེམས་ཀྱི་ཀུན་ནས་དཀྲིས་པའི་སེམས་འགགས་ཤིང་ཤེས་པ་དང་རབ་ཏུ་ལྡན་པའི་སེམས་སྐྱེ་ན། སེམས་ཀྱི་རྒྱུད་དེ་དག་ཐམས་ཅད་རབ་ཏུ་ཤེས་སོ། །གལ་ཏེ་གཏི་མུག་གིས་ཀུན་ནས་དཀྲིས་པའི་སེམས་འགགས་ཤིང་ཤེས་པ་དང་རབ་ཏུ་ལྡན་པའི་སེམས་སྐྱེ་ན། སེམས་ཀྱི་རྒྱུད་དེ་དག་ཐམས་ཅད་རབ་ཏུ་ཤེས་སོ། །དེ་དེ་ལྟར་རབ་ཏུ་ཤེས་ 434a ༄#། །ན།་ཉོན་མོངས་པའི་སེམས་ཀྱི་རྣམ་པ་མཐོང་སྟེ། རྣམ་པར་ཤེས་པ་གང་གིས་སེམས་དེ་རབ་ཏུ་ལྡན་པར་མཐོང་བའི་སེམས་དེའང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་དང ། ང་རྒྱལ་ཉིད་ཀྱིས་སེམས་དེའི་སེམས་ཀྱི་ངོ་བོ་དང་བྲལ་ཏེ། ཆོས་ངོ་བོ་གང་ཡང་མེད་ན། མི་སྐྱེའོ། །གང་མི་སྐྱེ་བ་དེ་མི་འགག་།གང་མི་སྐྱེ་ཞིང་མི་འགག་པ་དེ་མངོན་པར་ཤེས་པར་བྱར་མེད། ཡོངས་སུ་ཤེས་པར་བྱར་མེད། སྤང་དུ་མེད། བསྒོམ་དུ་མེད། མངོན་སུམ་དུ་བྱར་མེད་དེ། དེ་ད་ལྟར་གྱི་དུས་ཅི་འདྲ་བ་འདས་པའང་དེ་འདྲའོ། །འདས་པ་ཅི་འདྲ་བ་མ་འོངས་པའང་དེ་འདྲ་སྟེ། དེ་མངོན་པར་ཤེས་པར་བྱར་མེད། ཡོངས་སུ་ཤེས་པར་བྱར་མེད། སྤང་དུ་མེད། བསྒོམ་དུ་མེད། མངོན་སུམ་དུ་བྱར་མེད་དོ། །གང་དུས་གསུམ་མཉམ་པ་འདི་ལ་བྱིས་པ་སོ་སོའི་སྐྱེ་བོ་ཀུན་ཏུ་རྨོངས་པ་དག་ཕུང་པོ་དབེན་པ་ལས་བྱང་ཆུབ་ཚོལ་ཏེ། བྱང་ཆུབ་ནི། ཕུང་པོ་དག་ལས་གཞན་མ་ཡིན་ནོ། །སྙམ་ནས་དེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། རང་བཞིན་དེ་དག་སེམས་ཅན་ལ་སྟོན་ཏོ། །གང་སློབ་པ་དེ་ལ་སློབ་པ་དེ་དག་གིས་རྗེས་སུ་ཐོབ་པར་འགྱུར་ཏེ། གང་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྗེས་སུ་བརྙེས་པ། བསྣན་པ་མེད། ཕྲི་བ་མེད། 434b ཐོབ་པ་མེད། བཤིག་པ་མེད་མོད་ཀྱི། འོན་ཀྱང་ཆོས་ཀྱི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ན། དེའི་སྐྱེ་བའང་མྱ་ངན་ལས་འདས་པ་ཡིན། མི་སྐྱེ་བའང་མྱ་ངན་ལས་འདས་པ་ཡིན། འགགས་པའང་མྱ་ངན་ལས་འདས་པ་ཡིན། མ་འགགས་པའང་མྱ་ངན་ལས་འདས་པ་ཡིན། དངོས་པོའང་མྱ་ངན་ལས་འདས་པ་ཡིན། དངོས་པོ་མེད་པའང་མྱ་ངན་ལས་འདས་པ་ཡིན་ནོ། །དེ་དེ་ལྟར་ཆོས་སྟོན་པ་ན་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་འཆི་བ་ཤེས་པ་འགོག་པ་ཤེས་པ་ལ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་འཆི་བ་ཤེས་པ་འགོག་པ་ཤེས་པ་ལ་མཁས་པ་ཞེས་བྱ་བར་གྱུར་ཏོ། །ངས་དུས་གསུམ་མཉམ་པ་དེ་རབ་ཏུ་བསྟན་པ་ན་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་བསྟན་པར་བྱ་ 435a ༄#། །སྟེ།་དུས་གསུམ་མཉམ་པ་ཉིད་ལ་སེམས་ཅན་དག་རབ་ཏུ་གཟུད་པར་བྱ། དུས་གསུམ་མཉམ་པ་ཉིད་ལ་སེམས་ཅན་དག་རབ་ཏུ་བཙུད་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་འཆི་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུས་བྱས་པའི་བར་དང ། དེ་བཞིན་དུ་སྦྱར་ཏེ་བདག་གིས་ཇི་ལྟར་ཡང་དག་པར་བཤད་པར་བྱ་སྙམ་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་བྲམ་ཟེ་ཟླ་དགའ་ཞེས་བྱ་བ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་བྱུང་སྟེ། ཕ་མ་ཤིན་ཏུ་དག་པ་དང་ལྡན་ཞིང་ཆུང་མའི་སྐྱེ་གནས་མ་བཏང་བ། འདོན་པ། གཞུང་འཛིན་པ། རིག་བྱེད་གསུམ་དང ། སྒྲ་ངེས་པར་སྦྱོར་བ་དང་བཅས་པ་དང ། ཤེས་གསལ་དང་བཅས་པ་དང ། ཡི་གེ་རབ་ཏུ་དབྱེ་བ་དང་བཅས་པ་ལྔ་པ་སྟེ། སྔོན་བྱུང་བའི་ཕ་རོལ་ཏུ་ཕྱིན་པ། འཇིག་རྟེན་རྒྱང་པ་ན་པའི་གཞི་ལུང་སྟོན་པ། མཆོད་སྦྱིན་གྱི་རྒྱུད་དང ། སྐྱེས་བུ་ཆེན་ 435b པོའི་མཚན་ཉིད་དག་ལ་རྗེས་སུ་ཤེས་ཤིང་ཡོངས་སུ་ཤེས་པ། རིག་པ་གསུམ་གྱི་ཚིག་ལ་བྲི་བ་མེད་པ། ལས་ཀྱི་རྣམ་པར་སྨིན་པའི་རྫུ་འཕྲུལ་ཐོབ་པ་འཛིན་པ། སློང་མོས་འཚོ་བ། མུ་སྟེགས་གདོལ་བ་ཐམས་ཅད་ལ་ཀུན་ཏུ་སློང་བ། དེ་སློང་མོའི་འཚོ་བས་འཚོ་བར་བྱའོ། །སྙམ་ནས་སེམས་ཅན་ཐམས་ཅད་ཀྱི་ལྟོ་འགེངས་པར་བྱེད་དེ། ཉི་མ་སྟོང་དུ་སྟོན་མོ་བྱེད། ཉི་མ་ཉིས་སྟོང་དང ། སུམ་སྟོང་དང ། བཞི་སྟོང་དང ། ལྔ་སྟོང་དུའང་སྟོན་མོ་བྱེད་དོ། །ཐབས་དེས་ལོ་འབུམ་ཕྲག་བརྒྱད་དུ་ཟླ་བའི་མཆོད་སྦྱིན་རབ་ཏུ་བསྒྲུབས་ཤིང་ལོ་འབུམ་ཕྲག་བརྒྱད་དུ་གང་ལ་སེམས་རབ་ཏུ་ཉམས་པ་ཡོན་གནས་སུ་ལའང་ཡོངས་སུ་མ་ཞུས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་བྱུང་ངོ ། །དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེའི་འདུས་པ་ནི། སྐར་མ་དང་མཉམ་པར་གྱུར། བྱང་ཆུབ་སེམས་དཔའ་འདུས་པའང་སྐར་མ་དང་མཉམ་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་འདི་སྙམ་དུ་སེམས་ཏེ། བདག་གི་མཆོད་སྦྱིན་གྱི་བཀད་སར་ཡ་མཚན་ཅན་ཀུན་ཕལ་ཆེར་འཇུག་ན། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བའི་ཉན་ཐོས་འབའ་ཞིག་མི་འཇུག་ཅིང་ 436a ༄#། །དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བའང་མི་འཇུག་ན། གང་གིས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་བདག་གི་མཆོད་སྦྱིན་གྱི་བཀད་སར་འཇུག་པར་འགྱུར་བའི་ཐབས་ཅི་ཡོད། དེ་བདག་གི་མཆོད་སྦྱིན་དེ་ལ་རྟོག་སྟེ།་མཆོད་སྦྱིན་གྱི་སྐྱོན་གྱི་ཉེས་པ་གང་ཞིག་གིས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཆོད་སྦྱིན་གྱི་བཀད་ས་འདིར་མི་འཇུག་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ནི།་དུས་སུ་ཟ་བ་ཡིན་ལ། བདག་གི་སྦྱིན་པ་ཆེན་པོ་འདི་ནི། གྲུབ་པས་འབྲིམ་པ་ཡིན་ཏེ། སྐྱོན་དེས་དེ་བཞིན་གཤེགས་པ་དེ་བདག་གི་མཆོད་སྦྱིན་གྱི་བཀད་སར་མི་འཇུག་པ་ལྟ་ཞིག་སྙམ་མོ། །དེ་ནས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནང་པར་སྔར་ལངས་ནས་བྲམ་ཟེ་དང ། བྲམ་ཟེ་མོ་རབ་ཏུ་མང་པོ་དག་གིས་ཡོངས་སུ་བསྐོར་མདུན་དུ་བདར་ནས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ག་ལ་བ་དེར་སོང་སྟེ། བྲམ་ཟེའི་ཚོགས་མང་པོས་ཡོངས་ 436b སུ་བསྐོར་ནས་ཐམས་ཅད་རྟ་རྒོད་མ་དཀར་མོའི་ཤིང་རྟ་ལ་ཞོན་ཏེ། དེ་བཞོན་པའི་ས་ཇི་ཙམ་པ་དེ་ཙམ་དུ་བཞོན་པས་སོང་བ་ནས་བབས་ཏེ། དེ་རྐང་པའི་བར་གྱིས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ག་ལ་བ་དེར་སོང་བ་དང ། དེས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེ་ཤིང་ལྗོན་པ་གཞན་ཞིག་གི་དྲུང་ན་གནས་ཤིང་བཞུགས་ཏེ་བཟང་ཞིང་མཛེས་ལ་དབང་པོ་དུལ་བ། ཐུགས་དུལ་བ། ཞི་གནས་དུལ་བ་དམ་པ་བརྙེས་པ། ཞི་གནས་དུལ་བ་མཆོག་བརྙེས་པ་སྦས་པ།་གླང་པོ་ལྟར་དབང་པོ་ཐུལ་བ། མཚོ་ལྟར་དང་ཞིང་རྙོག་པ་མེད་ལ་རབ་ཏུ་གསལ་བ་གསེར་གྱི་མཆོད་སྡོང་ལྟར་འབར་བ་མཐོང་ངོ ། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། གང་བདག་གིས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་འདི་དགེ་སློང་གི་ཚོགས་སུ་ཤེས་པ་ནི། བདག་གིས་རྙེད་པ་ངན་པ་རྙེད་དེ། བཟང་པོ་མ་རྙེད་དོ། །བཅོམ་ལྡན་འདས། འདི་ནི། ཕུལ་དུ་བྱུང་བ་ཡིན་ཏེ། ཕུལ་དུ་བྱུང་བའི་གནས་སུ་བཞུགས་པར་བྱ་ཞིང་ཕུལ་དུ་བྱུང་བའི་ཞལ་ཟས་དང ། གཟིམས་ཆ་དང ། སྙུན་རྐྱེན་གྱི་གསོས་སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྟོད་པར་བྱའོ། །སྙམ་ནས་དེ་བཞིན་གཤེགས་པ་དེའི་དྲུང་དུ་སོང་སྟེ། བླ་གོས་ཕྲག་པ་ 437a ༄#། །གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེའི་ཕྱག་གཉིས་ལ་བཟུང་ནས་ཁས་ཡོངས་སུ་གཏུགས་ཏེ། བཅོམ་ལྡན་འདས། བདག་ནི། བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལགས་སོ། །བཅོམ་ལྡན་འདས། བདག་ནི། བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལགས་སོ། །ཞེས་བདག་གི་མིང་དང ། རུས་ལན་གསུམ་གྱི་བར་དུ་གསོལ་ཅིང ། བཅོམ་ལྡན་འདས་དགེ་སློང་མ་ལགས་ཏེ། ཕུལ་དུ་བྱུང་བར་གནས་པ་ལགས་ན། གང་བདག་གིས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་སུ་བགྲངས་པ། བཅོམ་ལྡན་འདས། ནོངས་པ་འཆགས་སོ། །བདག་ནོངས་པར་གཟུང་དུ་གསོལ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་ཇི་སྲིད་བཞུགས་ཀྱི་བར་དུ་གཟིམས་ཆ་དང ། སྙུན་རྐྱེན་གསོས་སྨན་གྱི་ཡོ་བྱད་རྣམས་ཀྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བདག་མཆོད་པ་བགྱིད་པར་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང ། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་ 437b དང་བྲལ་བས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཟླ་དགའ་ཤིན་ཏུ་བདེ་བར་གྱུར་ཅིག་།ལྷ་དང ། མི་དང ། ལྷ་མ་ཡིན་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། གང་གཞན་ཡང་ལུས་ཆེན་པོར་འདུག་པ་དག་བདེ་བ་འདོད་དེ། ཟླ་དགའ། སངས་རྒྱས་བཅོམ་ལྡན་འདས་ནི། གང་ཟག་གཅིག་གི་ཕྱིར་ཇི་སྲིད་འཚོའི་བར་དུ་མི་བཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། འཇིག་རྟེན་ལ་ཕན་པའི་ཕྱིར་འཇིག་རྟེན་དུ་བྱུང་ངོ ། སེམས་ཅན་གང་དག་ཟས་དང ། མལ་དང ། གོས་དང ། གནས་རབ་ཏུ་ཉམས་པ་དེ་རྣམས་ལ་དེ་བཞིན་གཤེགས་པ་ཐུགས་བརྩེ་བའི་ཕྱིར་འཇིག་རྟེན་དུ་བྱུང་ངོ ། །གསོལ་པ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་དགུང་བདུན་དུ་བདེ་བའི་རིམ་གྲོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དང ། དགེ་སློང་གི་དགེ་འདུན་ལ་བདག་ཡོ་བྱད་ཀུན་གྱིས་མཆོད་པ་བགྱིད་པར་དེ་གནང་པར་མཛད་དུ་གསོལ། དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་ཐུགས་བརྩེ་བའི་སླད་དུ་ཅང་མི་གསུང་བར་གྱུར་པས་གནང་ངོ ། །དེ་ནས་བྲམ་ཟེ་ 438a ༄#། །ཤིང་སཱ་ལ་ཆེན་པོ་ལྟ་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེ་ཅང་མི་གསུང་བར་གྱུར་པས་གནང་བར་རིག་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་བདག་གི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རང་གི་གཉེན་བསྡུས་སོ།། དེ་བསྡུས་ནས་འདི་སྐད་ཅེས་སྨྲས་སོ། །གང་བདག་གིས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ཞག་བདུན་དུ་ཡོ་བྱད་ཐམས་ཅད་ཀྱིས་གདུགས་ཚོད་ལ་སྤྱན་དྲངས་པ་ཁྱེད་ཤེས་པར་གྱིས་ཤིག་།དེ་ལ་ཁྱེད་ནུས་པ་ཅི་ཡོད་པ་དང ། མཐུ་ཅི་ཡོད་པའི་ལུས་ཀྱིས་འབད་པར་གྱིས་ཤིག་།དེ་དག་གིས་ལེགས་སོ། །ཞེས་སྨྲས་སོ། །དེ་ནས་བྲན་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་རྣམས་ལ་སྨྲས་པ། གྲོགས་པོ་དག་།གང་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཞག་བདུན་དུ་ཡོ་བྱད་ཐམས་ཅད་ལ་སྤྱན་དྲངས་པར་ཤེས་པར་གྱིས་ཤིག་།དེ་ལ་ཁྱེད་ནུས་པ་ཅི་ཡོད་པ་དང ། མཐུ་ཅི་ཡོད་པའི་སྟོབས་གྱིས་འབད་པར་གྱིས་ཤིག་།དེ་དག་གིས་ཀྱང་ལེགས་སོ། །ཞེས་སྨྲས་སོ། །དེ་མཛའ་བཤེས་དང ། བློན་ 438b པོ་དང ། གཉེན་དང ། སྣག་གི་གཉེན་མཚམས་དང ། བྲན་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་ཐམས་ཅད་དང་ལྷན་ཅིག་ཏུ་འཁོར་གྱི་ཁྱམས་བརྩིགས་ཏེ།་གདན་བཤམས་ཤིང་ཡོ་བྱད་དབུལ་བ་ཐམས་ཅད་ཀྱང་བཤམས་སོ། །དེ་མཚན་མོ་དེ་འདས་ནས་ཕོ་ཉས་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་དུས་ལ་བབ་ལགས་ཏེ། གང་གི་དུས་ལ་ད་བབ་པར་མཁྱེན་ན་གདུགས་ཚོད་ལགས་སོ། །བཀའ་སྩལ་པ།་ཁྱིམ་བདག་།སོང་ལ་སྟན་ཤོམས་ཤིག་།བཀའ་བཞིན་འཚལ་ཞེས་མི་དེ་དེ་བཞིན་གཤེགས་པ་དེའི་ལྟར་ཉན་ནས་ཟླ་དགའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ། གསོལ་ལགས་ཀྱི། དེ་བཞིན་གཤེགས་པ་དེའི་གདན་ཤོམས་ཤིག་།དེར་འཁོར་གྱི་ཁྱམས་བྱས་ཏེ་ཚུར་དཔག་ཚད་བཅུ་གཉིས་ལ་ཞེང་དུའང་དཔག་ཚད་བཅུ་གཉིས་པའི་འཁོར་གྱི་ཁྱམས་བྱས་ནས་ཀླུའི་རྒྱལ་པོ་ལ་སྨྲས་པ། གྲོགས་པོ་དག་།གང་བཅོམ་ལྡན་འདས་འཁོར་དང་བཅས་པ་སང་གདུགས་ཚོད་གསོལ་བར་བྱ་བ་ཤེས་པར་མཛོད་ཅིག་།ཁྱིམ་བདག་།ལེགས་སོ། །ཞེས་སྨྲས་ཏེ་གནང་ངོ ། །དེས་གནོད་སྦྱིན་རྣམས་ལ་སྨྲས་པ། བཅོམ་ལྡན་འདས་འཁོར་ཟླ་དགའ་ 439a ༄#། །དང་བཅས་པ་དེའི་གདན་ཤོམས་ཤིག་།བཀའ་བཞིན་འཚལ་ལོ། །ཞེས་གནོད་སྦྱིན་རྣམས་ཀྱིས་ཟླ་དགའི་ལྟར་ཉན་ནས་ཀུན་ནས་དཔག་ཚད་བཅུ་གཉིས་སུ་གདན་བཤམས་སོ། །ཀླུའི་རྒྱལ་པོ་དེའང་སྤོས་ཆུའི་ཆག་ཆག་འདེབས་སོ། །དེས་དྲི་ཟ་རྣམས་ལ་སྨྲས་པ། གྲོགས་པ་དག། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་གདུགས་ཚོད་གསོལ་པ་ན་ཁྱེད་རྣམས་ཀྱིས་རོལ་མོའི་སྒྲ་ལོངས་ཤིག་།དེས་གྲུལ་བུམ་རྣམས་ལ་སྨྲས་པ། གྲོགས་པོ་དག་།ཁྱེད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བླ་བྲེ་བྲེས་པར་གྱིས་ཤིག་།དེས་ཀླུའི་རྒྱལ་པོ་རྣམས་ལ་སྨྲས་པ། གྲོགས་པོ་དག་།ཁྱོད་ཀྱིས་རླུང་བསིལ་བ་གཏོང་བར་བྱས་ཏེ། དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་བ་ན་ཚ་བར་འགྱུར་བ་མེད་པར་གྱིས་ཤིག་།བདག་ཉིད་ཀྱི་འཁོར་གྱི་ཁམས་ཀླུའི་དབང་པོ་དེའི་རྒྱན་ཀུན་ཏུ་བྲེ་སྟེ། ཀླུའི་ནོར་བུ་དང ། མུ་ཏིག་གི་བླ་བྲེས་ཀྱང་ཡང་དག་པར་གཡོགས་སོ། །དེ་ནས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ནང་པར་སྔར་ཆོས་གོས་གསོལ། ལྷུང་བཟེད་བསྣམས་ནས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ 439b ཆེན་པོ་ལྟ་བུ་གདུགས་ཚོད་སྦྱོར་བ་ག་ལ་བ་དེར་གཤེགས་ནས་གདན་བཤམས་པ་དེ་ལ་བཞུགས་ཏེ། །གཡོན་རོལ་དུ་དགེ་སློང་གི་དགེ་འདུན་ནོ། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་མ་ཐག་ཏུ་ཀླུ་དང ། དྲི་ཟ་རྣམས་འདུས་ནས་རོལ་མོའི་སྒྲ་མངོན་པར་རབ་ཏུ་ལེན་ཏོ། །བར་སྣང་ལས་ལྷའི་སྤོས་ཀྱི་ཕྱེ་མ་མངོན་པར་རབ་ཏུ་འཐོར་རོ། །དེ་ནས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་འཁོར་གྱི་ཁྱམས་དེ་ཀུན་ནས་དཔག་ཚད་བརྒྱ་པར་འདུག་ལ་བཻཌཱུརྱའི་ར་བས་བསྐོར་ཅིང་ཤེལ་གྱི་ཁ་རན་ཡོངས་སུ་བཏགས་སོ། །དེ་ནས་དྲང་སྲོང་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པར་རིག་ནས་བཟའ་བ་དང ། བཅའ་བ་དང ། མྱང་བ་ཞིམ་པོ་རབ་ཏུ་མང་བས་ཡང་དག་པར་བྲིམས། ཡང་དག་པར་ཚིམ་པར་བྱས་ཤིང ། ལྷའི་རོལ་མོའི་སྒྲ་དག་ཡང་དག་པར་རབ་ཏུ་བླངས།་ལྷའི་བདུག་སྤོས་དག་གིས་བདུགས་ལ། སྤོས་དག་གིས་གཏོར་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་བ་དང ། 440a ༄#། །གདུགས་ཚོད་གསོལ་བར་རིག་ནས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་དཔག་བསམ་གྱི་རས་བཅོས་བུ་ཟུང་གིས་མངོན་པར་གཡོགས་སོ། །དེའི་ཚེ་ཉི་མ་དང ། ཟླ་བ་ནས་དཀྱིལ་འཁོར་གྱི་མཐའི་ལྷའི་བུ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་བར་དག་གིས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་དྲང་སྲོང་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དགེ་སློང་གི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་བར་རིག་ནས་ལྷུང་བཟེད་དང ། ཆབ་ཕུལ་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གི་སྦྱིན་པ་སེམས་ཅན་ཐམས་ཅད་ལ་སྩལ་བར་བགྱི་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་།དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེས་འཛུམ་པ་མཛད་དེ། ཇི་ལྟ་བུའི་འཛུམ་པ་མཛད་པས་ཟླ་བ་དང ། ཉི་མ་ནས་དཀྱིལ་འཁོར་གྱི་མཐའི་ལྷ་དང་མི་རྣམས་ཀྱི་བར་ལ་གསེར་གྱི་འོད་ཀྱི་མདོག་གིས་ཁྱབ་བོ། །དེ་ནས་དྲང་སྲོང་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ 440b ཀྱི་འོད་བཏང་བ་འདིས་ཇི་ཙམ་དུ་སེམས་ཅན་རྣམས་ལ་རེག་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་མི་ཕྱེད་པའི་དད་པ་སྐྱེས་ལགས་སོ། །བཅོམ་ལྡན་འདས་དགེ་བའི་རྩ་བ་འདིའི་རྣམ་པར་སྨིན་པ་གང་ལགས་པ་དེ་སེམས་ཅན་ཐམས་ཅད་ལ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་གང་འཛུམ་པ་མཛད་པ་དེའི་རྒྱུ་གང་ལགས།་རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་དེས་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ། ཇི་ཙམ་དུ་འོད་འདིས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་ས་བོན་དེ་བསྐྱེད་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་དེ་སེམས་ཅན་དེ་དག་ཐམས་ཅད་ 441a ༄#། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཟླ་དགའ་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་ཏོ། །ངས་སེམས་ཅན་དེ་དག་ལུང་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་ལ་སེམས་རབ་ཏུ་དང་བས་ཞག་བདུན་དུ་བཀུར་སྟི་བྱས། བླ་མར་བྱས་ཏེ་རྗེད་ཅིང་མཆོད་དོ། །དེ་བཞིན་གཤེགས་པ་དེས་ང་ལུང་མ་བསྟན་ཀྱང་ངའི་སེམས་ཞུམ་པའང་མེད་ལ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་མི་རྒྱའོ། །སྙམ་དུའང་མི་སེམས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱ་བའི་ཕྱིར་སྙོམ་ལས་མེད་པར་བྱའོ། །རིམ་གྲོ་བྱ་བ་ལ་སྙོམ་ལས་མེད་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་ཕྱིར་མི་ལྡོག་པའི་ཆོས་ལ་གནས་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་སྐྱེ་བ་ཤེས་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ 441b ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སྐྱེ་བ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། སེམས་ཅན་དག་སྐྱེ་བ་ཤེས་པ་ཐོས་ནས་ཆོས་བདག་མེད་པ་ཉིད་བརྗོད་པ་དང ། སྐྱེ་བའང་ཇི་ལྟར་སྟོན་པར་འགྱུར་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་གྲགས་ཆེན་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རྫུ་འཕྲུལ་ཆེ་བ། གཟི་བརྗིད་ཆེ་བ། མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ ། །དེ་མི་ཐམས་ཅད་ཀྱི་ཚེས་བཅོ་ལྔ་སྟེ། ཟླ་བ་ཉ་ལ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་འདུན་ཁང་དུ་བགྲོ་སྟེ། དེ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་ལྷན་ཅིག་ཏུ་ཆོས་ཀྱི་བགྲོ་བ་བྱེད་དོ། ། གྲོགས་པོ་དག་།གལ་ཏེ་བརྒྱ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ཆོས་གང་དག་སྟོན་པ་ནི། མཛད་པ་དང་ལྡན་ནོ། །དེའི་ཚེ་རྒྱལ་པོ་ཏོག་གི་བློ་གྲོས་ཞེས་བྱ་བ་དང ། རྒྱལ་པོ་ཁྱབ་འཇུག་བློ་གྲོས་ཞེས་བྱ་བ་དང ། རྒྱལ་པོ་ཟླ་བའི་བློ་གྲོས་ཞེས་བྱ་བ་དང ། རྒྱལ་པོ་ཐིགས་ 442a ༄#། །པའི་བློ་གྲོས་ཞེས་བྱ་བ་དང ། རྒྱལ་པོ་མེ་ཏོག་བློ་གྲོས་ཞེས་བྱ་བ་དང ། རྒྱལ་པོ་ཤུགས་ཀྱི་བློ་གྲོས་ཞེས་བྱ་བ་དང ། རྒྱལ་པོ་སྐར་འོད་ཅེས་བྱ་བ་དང ། རྒྱལ་པོ་སྤྲིན་གྱི་བློ་གྲོས་ཞེས་བྱ་བ་དང ། རྒྱལ་པོ་ཟླ་བ་དྲི་མེད་བློ་གྲོས་ཞེས་བྱ་བ་དང ། དེ་དག་ལ་སོགས་པ་རྒྱལ་པོ་ཁྲི་ཕྲག་དགུ་དག་གསུམ་ཅུ་རྩ་གསུམ་གྱི་འདུན་ཁང་དུ་དོང་སྟེ། གང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་ལྷན་ཅིག་ཏུ་ཆོས་བགྲོ་བ་བྱེད་དོ། །གྲོགས་པོ་དག་།ཆོས་སྨྲ་བདག་གི་ཕྱོགས་སུ་བྱ་ཞིང་ཆོས་མ་ཡིན་པ་སྨྲ་བདག་གི་མི་བྱ། ཡང་དག་པར་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་ཡང་དག་པ་མ་ཡིན་པ་སྨྲ་བ་དག་གི་མི་བྱ། ཞི་བ་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་ཞི་བ་མ་ཡིན་པ་སྨྲ་བ་དག་གི་མི་བྱ། བདེ་ན་པ་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་བདེན་པ་མ་ཡིན་པ་སྨྲ་བ་དག་གི་མི་བྱ། གྲོགས་པོ་དག་།སྟོང་པ་ཉིད་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་སྟོང་པ་ཉིད་མ་ཡིན་པར་སྨྲ་བ་དག་གི་མི་བྱ། གྲོགས་པོ་དག་།བདག་མེད་པ་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་བདག་ཏུ་སྨྲ་བ་དག་གི་མི་བྱ། སངས་རྒྱས་བཅོམ་ལྡན་འདས་ནི། སྟོང་པ་ཉིད་གསུང་སྟེ། གང་ཟག་མི་གསུང་ངོ ། །གྲོགས་པོ་དག་།སངས་རྒྱས་བཅོམ་ལྡན་ 442b འདས་ཀྱིས་ནང་དང ། ཕྱིའི་སྐྱེ་མཆེད་བཅུ་གཉིས་དག་ངོ་བོ་ཉིད་དང་བྲལ་བར་གསུངས་སོ། །དེ་ལ་ལྷའི་འཁོར་མང་པོ་དག་གིས་སྒྲ་ཆེན་པོ་དང ། སྒྲ་གསལ་བར་སྨྲས་པ།་གྲོགས་པོ་དག་།སྟོང་པ་ཉིད་ལ་ལས་མངོན་པར་འདུ་བྱེད་པ་ཇི་ལྟར་ཡོད། གལ་ཏེ་བདག་དང་བདག་གི་མེད་ན། ལྷའི་འཁོར་འདི་ལས་མངོན་པར་འདུས་བྱས་པ་གང་གིས་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེས། ལྷའི་འཁོར་གཞན་གྱིས་སྒྲ་ཆེ་ཞིང་སྒྲ་གསལ་བར་སྨྲས་པ། གྲོགས་པོ་དག་།སངས་རྒྱས་བཅོམ་ལྡན་འདས་དག་གི་བསྟན་པ་ལ་སྐུར་པ་མ་འདེབས་ཤིག་།ལྟས་ལྔ་དག་བྱུང་ནས་ལྷའི་བུ་དག་འཆི་ཞིང་སྐྱེ་བ་ནི། ཁྱེད་ཀྱི་མངོན་སུམ་ཡིན་ཏེ། ཅི་ལྷའི་བུ་འཆི་བའི་བདག་པོ་མཐོང་ངམ། བདག་ལ་གནོད་པ་དེ་དག་གང་ཞེ་ན། གང་དུ་བདག་ཅག་ཐམས་ཅད་འདུས་ཀྱང་ལྷའི་བུ་དེ་ལ་གནོད་པ་ལས་ཡོངས་སུ་བསྒྲལ་བར་བྱ་མི་ནུས་ཏེ། ལྟས་དང་པོ་ལ་བདག་མི་སྣང་ངོ ། །ལྟས་གཉིས་པ་དང ། གསུམ་པ་དང ། བཞི་པ་དང ། ལྔ་པ་ལ་བདག་མི་སྣང་ཞིང་འཆི་བར་འདོད་པའི་བདག་མི་སྣང ། འཆི་བ་དང ། ཤི་བའི་བདག་མི་སྣང་སྟེ། འདི་ལ་བདག་དང ། བདག་གི་མེད་ཅིང་ཆོས་ཐམས་ཅད་ནི། བདག་གམ། བདག་གིས་སྟོང་སྟེ། སངས་རྒྱས་བཅོམ་ 443a ༄#། །ལྡན་འདས་ནི། ཡང་དག་པ་གསུང་པའོ། །དེ་ནས་རྒྱལ་པོ་མེ་ཏོག་གི་བློ་གྲོས་ཀྱིས་རྒྱལ་པོ་ཁྲི་ཕྲག་དགུ་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་གཅིག་ཏུ་འདུས་ཤིག་།ཀྱེ་མ་ལྷའི་འཁོར་འདི་དག་ནི། མི་མཐུན་ཏེ། དེ་བཞིན་གཤེགས་པའི་བསྟན་པ་མ་རྟོགས་སོ། །བདག་ཅག་རེ་ཞིག་ཛམྦུའི་གླིང་ཉིད་དུ་ཆོས་བགྲོ་བ་བྱ་སྟེ། གལ་ཏེ་ཆོས་ཐམས་ཅད་མི་སྟོང་ཞིང་གལ་ཏེ་བདག་དང ། བདག་གི་ཡོད་པ་དེ་ཙམ་གྱི་ཕྱིར་བདག་ཅག་ལྷའི་འདུན་ཁང་དུ་ཆོས་བགྲོ་བར་འདོད་པར་བྱས་ན། ལྷའི་འཁོར་འདི་དག་ཕྱིན་ཅི་ལོག་ལ་ཞུགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ཐེ་ཚོམ་དུ་མ་ཡོད་དོ། །ཚུར་ཤོག་བདག་ཅག་ཛམྦུའི་གླིང་དུ་ཆོས་བགྲོ་བར་བྱའོ། །དེ་ནས་འཁོར་དེ་དག་ཕྱོགས་ཤིག་ཏུ་དོང་ནས་རྒྱལ་པོ་ཏོག་གི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་ཡུལ་དབུས་སུ་སྐྱེས་པ་ལགས་ཏེ། ཤར་ཕྱོགས་ཀྱི་མཐའ་འཁོབ་དང ། ནུབ་ཕྱོགས་ཀྱི་མཐའ་འཁོབ་དང ། བྱང་ཕྱོགས་ཀྱི་མཐའ་འཁོབ་དང ། ལྷོ་ཕྱོགས་ཀྱི་མཐའ་འཁོབ་ཏུ་མ་ལགས་སོ། །ཁྱོད་ནི། མངོན་པར་མཁྱེན་པ་ཆོས་འདིའི་ཚུལ་ལགས་སོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་མཐའ་འཁོབ་ཀྱི་ 443b རྒྱལ་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་རེ་ཞིག་ཤར་ཕྱོགས་ནས་རྒྱལ་པོ་ཉི་ཤུ་རྩ་ལྔ། ནུབ་ཕྱོགས་ནས་རྒྱལ་པོ་ཉི་ཤུ་རྩ་ལྔ། བྱང་ཕྱོགས་ནས་རྒྱལ་པོ་ཉི་ཤུ་རྩ་ལྔ། ལྷོ་ཕྱོགས་ནས་རྒྱལ་པོ་ཉི་ཤུ་རྩ་ལྔ་སྟེ། གང་མཛངས་པ་དང ། མཁས་པ་དང ། དཔྱོད་པ་དང ། རྟབ་རྟབ་པོ་མ་ཡིན་པ་དང ། བརྟགས་པ་མ་ཡིན་པ་དང ། འཕྲུལ་པ་མེད་པ་དང ། རིངས་པ་མེད་པ་དང ། གང་བདག་གི་རྒྱུད་འབྱེད་པར་ནུས་པ་བརྒྱ་ཞིག་ཡང་དག་པར་ཁྲོབས་ཤིག་།རྒྱལ་པོ་དེ་དག་གིས་བཀའ་བཞིན་འཚལ་ཞེས་རྒྱལ་པོ་ཏོག་གི་བློ་གྲོས་དེའི་ལྟར་མཉན་ནས་རྒྱལ་པོ་བརྒྱ་བཀྲབས་སོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་རྒྱལ་པོ་བརྒྱ་དང་ལྷན་ཅིག་ཏུ་འདི་ལྟ་སྟེ། དཔེར་ན། ངང་པའི་རྒྱལ་པོ་བཞིན་དུ་རྫུ་འཕྲུལ་ཆེ་བས་གངས་རིའི་རྒྱལ་པོ་ལ་ཡང་དག་པར་གནས་སོ། །དེར་དེ་དག་གི་འཁོར་གྱི་ཁྱམས་ལྷས་སྦྲུལ་པ་བྱུང་སྟེ། ལྷའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་དེ་དག་དང་མངོན་སུམ་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱི་སྟན་རྒྱལ་པོ་བརྒྱ་པོ་དེ་དག་གི་དབུས་སུ་བཤམས་སོ། །དེ་སུམ་ཅུ་རྩ་གསུམ་གྱི་ལྷ་དག་གིས་རིན་པོ་ཆེ་སྣ་བདུན་ལས་བྱས་པར་མངོན་པར་སྤྲུལ་ཏོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་ཕྱོགས་ 444a ༄#། །བཅུར་ཕྱག་བྱས་ནས་སྟན་དེ་ལ་འདུག་གོ་།རྒྱལ་པོ་དུག་བཅུ་རྩ་དགུ་པོ་དེ་དག་གིས་དེའི་རྐང་པ་ལ་ཕྱག་བྱས་ནས་འཁོར་དུ་འདུག་གོ་།སུམ་ཅུ་རྩ་གསུམ་གྱི་ལྷ་དེ་དག་དགའ་ཞིང་མགུལ་ཡིད་རངས་པར་གྱུར་ཏེ། ཛམྦུའི་གླིང་གི་མི་རྣམས་ནི། དམ་པའི་ཆོས་དང་མངོན་དུ་གྱུར་ཏེ། རེ་ཞིག་དམ་པའི་ཆོས་ནུབ་པར་མི་འགྱུར་རོ། །སྙམ་ནས་དེའི་ཚེ་ལྷ་དེ་དག་ལྷའི་མེ་ཏོག་མནྡཱ་ར་བའི་ཆར་ཕབ་ཅིང་མགུ་བར་གྱུར་ནས་ཇི་ལྟར་འདིར་དམ་པའི་ཆོས་ཉན་པར་འདོད་ནས་འཁོད་དོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་རྒྱལ་པོའི་ཕོ་ཉ་གཞན་ཞིག་ལ་སྨྲས་པ། གྲོགས་པོ། གངས་རིའི་རྒྱལ་པོ་འདིའི་རྩེ་མོའི་དབུས་ན་དྲང་སྲོང་དགེ་བའི་བློ་གྲོས་ཞེས་བྱ་བ་གནས་ཏེ། རྒྱལ་པོའི་འཁོར་འདུས་པ་དེ་དག་ཁྱོད་མཐོང་བར་འཚལ་ལོ། །ཞེས་དེ་སྤྱན་དྲོངས་ཤིག་།རྒྱལ་པོའི་ཕོ་ཉ་དེས་བཀའ་བཞིན་འཚལ་ཞེས་རྒྱལ་པོ་དེའི་ལྟར་ཉན་ནས་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་དར་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་དེ་བཞིན་དུ་རྒྱལ་པོའི་ཕོ་ཉ་དེ་རྒྱལ་པོའི་འཁོར་དེའི་མདུན་ནས་མི་སྣང་བར་སོང་སྟེ། དྲང་སྲོང་དེའི་རྐང་པའི་དྲུང་དུ་ཕྱིན་ནས་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ 444b རང་བཞིན་དེ་དག་སྨྲས་སོ། །དེ་དེ་བཞིན་གཤེགས་པས་འཛིན་ཡོངས་སུ་མྱ་ངན་ལས་འདས་པ་དེའི་སྒྲ་ཐོས་ཤིང་རང་བཞིན་དེ་དག་ཤེས་ནས་སྙིང་རྗེ་བའི་ཕྱིར་མཆི་མ་བྱུང་ངོ ། །དེའི་མཆི་མ་དེ་དག་གི་རྒྱུན་དང ། མཆི་མ་དེ་དག་གི་དྲོད་ཀྱིས་གངས་རིའི་རྒྱལ་པོའི་རྩེ་མོ་ཞུའོ། །དེ་མཆི་མ་དེ་དག་ཕྱིས་ནས་རྒྱལ་པོའི་ཕོ་ཉ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ། གལ་ཏེ་གང་དེ་བཞིན་གཤེགས་པ་དེ་མཐོང་བའམ། ཐོས་པའི་སེམས་ཅན་གང་དག་ཡོད་དམ། ཡོད་དོ། །དམ་པའི་ཆོས་གནས་ཏེ། དམ་པའི་ཆོས་མ་ནུབ་བོ། །ཁྱོད་སོང་ཞིག་།ང་ནི། མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ང་དེ་བཞིན་གཤེགས་པའི་གནས་པ་ཞི་བ་བཏང་ནས་འདུ་འཛིར་འཇུག་མི་ཕོད་དོ། །སྨྲས་པ། གྲོགས་པོ། འདི་ལ་བདག་ཡོད་དོ། །བདག་མེད་དོ། །ཞེས་ལྷ་རྣམས་དང་རྩོད་པ་བྱུང་བ་དེའི་བྱས་པ་འདི་ཁྱོད་ལ་ཚོལ་ལོ། །དེས་སྨྲས་པ། གལ་ཏེ་བདག་ཡོད་ན། མི་རྒ། མི་འཆི། མི་ན་བའི་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་སྐྱེ་བའམ། རྒ་བའམ། འཆི་བ་མེད་ཅིང་དེ་སྦྱིན་པ་ལ་དགའ་བར་མི་འགྱུར་ཏེ། དེ་བས་ན། བདག་མེད་དོ། །དེ་ལ་དེ་སྐད་བསྟན་པས་དེའི་ཆོས་ཀྱི་མིག་ཆོས་རྣམས་ལ་རྡུལ་མེད་ཅིང་དྲི་མ་དང་བྲལ་ཏེ་རྣམ་པར་དག་ 445a ༄#། །གོ་།དེ་ནས་ཕོ་ཉ་དེ་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་ངང་པའི་རྒྱལ་པོ་ལྟར་རྒྱལ་པོ་དེ་དག་གི་འཁོར་དུ་སོང་ངོ ། །དེ་བར་སྣང་ལས་འོད་བཞིན་དུ་སྒྲ་བྱུང་བ། གྲོགས་པོ་དག་།དམ་པའི་ཆོས་གནས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་འབར་རོ། །གང་དག་མངོན་པར་བརྩོན་པས་ནི།་དེ་བཞིན་གཤེགས་པའི་བསྟན་པ་ལས་སྙིང་པོ་ལེན་ཏོ། །མངོན་པར་བརྩོན་པ་མེད་པ་དག་ལ་ནི། སངས་རྒྱས་འབྱུང་བ་མེད། ཆོས་ཐོས་པ་མེད།་དམ་པའི་ཆོས་འཛིན་པ་མེད་དེ། དེ་མི་བརྩོན་པས་གང་དེ་དག་ཕྱིར་ལྡོག་པར་བྱེད་དོ། །གང་མངོན་པར་བརྩོན་པ་ལ་དམ་པའི་ཆོས་གནས་ཏེ།་འདུ་བྱེད་ཐམས་ཅད་མི་རྟག་པའོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི། ཞི་བའོ། ཞེས་ཤེས་སོ། །དེའི་སྒྲ་དེ་ཕྱོགས་བཅུར་རླུང་གིས་ཁྱེར་རོ། །དེའི་སྒྲ་དེ་ཐོས་ནས་གང་བདག་ཏུ་སྨྲ་བ་དེ་དག་ནི། བདག་མེད་པ་ལ་གནས། གང་བདག་མེད་པར་སྨྲ་བ་དེ་དག་ནི། བྱ་བ་བྱས་པར་གྱུར་ཏེ། དེ་དག་ཐམས་ཅད་ཏོག་གི་བློ་གྲོས་ཀྱི་མཐུའོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་ 445b དེའི་དུས་ན་རྒྱལ་པོ་ཏོག་གི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཏོག་གི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །ངས་སྐྱེ་བོ་དེ་དག་ཐམས་ཅད་ཆོས་ལ་རབ་ཏུ་བཙུད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྒྲས་གོ་བར་བྱས་ཏེ།་ཇི་ལྟར་འདིར་སྔོན་གྱི་སྤྱོད་པས་སངས་རྒྱས་ཁྲི་དག་ལ་བསྙེན་བཀུར་བྱས་ཏེ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་སྒྲ་དེ་བཏང་ངོ ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བག་ཚ་བ་མེད་པའི་ཤེས་པས་སེངྒེའི་སྒྲ་བསྒྲག་པར་བྱའོ། །མཽངྒལ་གྱི་བུ། ངས་སྐྱེ་བ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་ནས་མངོན་པར་འདུས་བྱས་པའི་བར་དུའང་དེ་བཞིན་དུ་སྦྱར་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་འོད་ཟེར་བརྒྱ་བ་ཞེས་བྱ་བ་བྱུང་ངོ ། །འཇིག་རྟེན་གྱི་ཁམས་ཡང་དག་བར་འདུ་བ་འདིར་རྟག་ཏུ་གནོད་པ་དང་བྲལ་བ་ཡིན་ཏེ། འཇིག་པ་དང ། འཆགས་པ་དང་བྲལ་ལོ། །འོད་ཟེར་དེ་རེ་རེ་ལས་སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་ 446a ༄#། །མེད་པ་དག་བྱུང་སྟེ། དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སྤྲུལ་པ་དེ་དག་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་ཇི་ལྟར་མོས་པ་ཇི་ལྟར་མོས་པར་སྤྲུལ་པས་ཡོངས་སུ་སྨིན་པར་བྱེད་དོ། །ཇི་ལྟར་སེམས་ཅན་དེ་དག་གི་བསམ་པ་དེ་ལྟར་སྤྲུལ་པ་དེ་དག་གིས་སེམས་ཅན་དེ་དག་ལ་ཆོས་སྟོན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་གྱུར་ཏེ།་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་དེར་སྤྲུལ་པ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །བདག་ཉིད་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་སྨིན་པར་མཛད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་རིམ་གྲོ་བ་དགེ་སློང་མིག་ཉམས་པ་མེད་པ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་དེ་བཞིན་གཤེགས་པའི་སྤྲུལ་པ་གང་གིས་སེམས་ཅན་དག་ཡོངས་སུ་སྨིན་པར་མཛད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསམ་པ་ལ་མཁས་སོ། །གང་གི་ཚེ་དེ་བཞིན་གཤེགས་པ་དེ་ཆོས་སྟོན་པར་མཛད་པ་དེའི་ཚེ་སེམས་ཅན་དེ་དག་ལ་ཆོས་སྟོན་ཏོ། །དེ་ཆོས་བསྟན་ 446b པ་ཐོས་ནས་རིམ་གྲོ་བྱེད་དོ། །སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་དེའི་རིམ་གྲོ་བྱས་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རིམ་གྲོ་བ་དགེ་སློང་མིག་ཉམས་པ་མེད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན།་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དགེ་སློང་མིག་ཉམས་པ་མེད་པ་ཞེས་བྱ་བར་གྱུར་ཏོ། །ངས་དེ་བཞིན་གཤེགས་པ་དེའི་ཆོས་བསྟན་པ་ཐོས་ནས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ལ་བཙུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་དག་དང་ཕྲད་པར་བྱས་ནས་སེར་སྣ་མེད་པས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་མཉན་པར་བྱ། བྱང་ཆུབ་སེམས་དཔའ་ཡང་ཡོངས་སུ་སྨིན་བར་བྱའོ། །མཽངྒལ་གྱི་བུ། ངས་སྐྱེ་བ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་མངོན་པར་འདུས་བྱས་པ་ནས་དེ་བཞིན་དུ་སྦྱར་ཏེ་ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་འོད་མཐའ་ཡས་ཞེས་བྱ་བ་ནས་ 447a ༄#། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་བྱུང་ངོ ། །འཇིག་རྟེན་གྱི་ཁམས་དེ་སྤྱོད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པའི་སེམས་ཅན་གཡོ་མེད་པ། སྒྱུ་མེད་པ། དྲང་པོའི་རང་བཞིན་ཅན། འཇིག་རྟེན་ཕ་རོལ་གྱི་ཁ་ན་མཐོ་བ་ལ་འཇིགས་པར་ལྟ་བ་རྣམས་ཀྱིས་གང་ངོ ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་ཞེས་བྱ་བ་ཞིག་བྱུང་སྟེ། བྱང་ཆུབ་སེམས་དཔའ་འབུམ་ཕྲག་བརྒྱད་རྣམས་ཀྱི་གཙོ་བོ་ཡིན་ལ། ཐབས་མཁས་པ་དང་ལྡན་པ། སེམས་ཅན་རྣམས་ཀྱི་བྱ་བ་ལ་མཁས་པ། སེམས་ཅན་རྣམས་ཀྱི་ཆོས་སྟོན་པ་ལ་མཁས་པ། སེམས་ཅན་རྣམས་ཀྱི་ཉེ་བར་འགྲོ་བའི་དུས་ལ་མཁས་པ། སེམས་ཅན་རྣམས་ལ་དེ་དང་འཚམ་པའི་ཆོས་སྟོན་པ་ལ་མཁས་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པས་དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ་བལྟས་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་སོང་ངོ ། །དེ་སངས་རྒྱས་ཀྱི་ཞིང་གང་དུ་རྐང་པ་བཞག་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དག་སངས་རྒྱས་བྱུང་བར་ཡང་དག་པར་རབ་ཏུ་ 447b ཤེས་སོ། །བདུད་ཀྱི་གནས་དག་ནི། སྤ་བཀོང་བར་གྱུར་ཅིང ། ལྷའི་གནས་དག་ནི། རབ་ཏུ་དགའ་བར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་འོད་གསེར་གྱི་མདོག་གིས་ཁྱབ་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་དག་སངས་རྒྱས་ཀྱི་ཞིང་དེར་སྣང་བ་འདི་དག་ཕྱོགས་གང་ནས་འོངས་ཞེས་ཡ་མཚན་དུ་གྱུར་ཏོ། །དེ་ནས་བར་སྣང་ལས་སངས་རྒྱས་ཀྱི་ཞིང་འདི་དག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་སྣང་བས་ཁྱབ་སྟེ། གང་དེ་བཞིན་གཤེགས་པ་མཐོང་བར་འདོད་པ་དེ་དག་ཐལ་མོ་སྦྱོར་ལ་དེ་བཞིན་གཤེགས་པ་མཐོང་བར་སྨྲོས་ཤིག་དང ། དེ་དག་གིས་དེ་བཞིན་གཤེགས་པ་མཐོང་ངོ ། །ཞེས་སྒྲ་བྱུང་ངོ ། །དེ་ནས་སེམས་ཅན་དེ་དག་གིས་སྒྲ་དེ་ཐོས་ནས་བར་སྣང་ལ་ཐལ་མོ་སྦྱར་ཏེ། ཁྱོད་ཀྱིས་བདག་ཅག་དེ་བཞིན་གཤེགས་པ་དང་ལྷན་ཅིག་སྤྲོད་ཅིག་ཅེས་སྒྲ་ཕྱུང་ངོ ། །དེ་དག་ལ་དེ་བཞིན་གཤེགས་པའི་སྤྲུལ་པ་བྱེ་བ་བརྒྱ་ཕྲག་སྟོང་དག་མངོན་པར་སྤྲུལ་ཏེ། སེམས་ཅན་རེ་རེས་སྤྲུལ་པ་རེ་རེ་ཡང་དག་པར་ཤེས་ཀྱི། སྤྲུལ་པ་གཞན་ནི། མ་མཐོང་ངོ ། །དེའི་ཉི་མ་གཅིག་གི་འོད་ཀྱི་དཀྱིལ་འཁོར་གྱི་སྣང་བས་སངས་རྒྱས་ཀྱི་ཞིང་ཁྲི་ཕྲག་དཔག་ཏུ་མེད་པ་རྣམས་སུ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དཔག་ 448a ༄#། །ཏུ་མེད་པ་དག་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་འོད་མཐའ་ཡས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པའི་མཐུ་དང ། སྟོབས་དང ། བརྩོན་འགྲུས་བསྐྱེད་པར་མཛད་པ་ན་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ།་སོང་ལ་ངའི་འོད་ཀྱི་རྗེས་སྙོགས་ཤིག་།གང་དུ་ངའི་འོད་གནས་པར་མཐོང་བ་དེ་ཙམ་དུ་ངའི་སངས་རྒྱས་ཀྱི་ཞིང་དུ་ཤེས་པར་གྱིས་ཤིག་།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་འོད་གསེར་གྱི་ཁ་དོག་བཏང་ངོ ། །དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འོད་དེ་དག་གི་རྗེས་སུ་སོང་ངོ ། །དེ་བསྐལ་པ་གྲངས་མེད་པར་འོད་དེ་དག་གི་རྗེས་སུ་སོང་ཡང་འོད་དེའི་གནས་མ་མཐོང་ངོ ། །དེ་བསྐལ་པ་གྲངས་མེད་པར་སོང་བས་ལུས་སྙོམ་ཞིང་སྒྱིད་ལུག་གོ་།དེ་ནས་བར་སྣང་ལས་སངས་རྒྱས་ཀྱི་སྐུ་བྱུང་ནས་དེ་ལ་བཀའ་སྩལ་པ། རིགས་ཀྱི་བུ། ངལ་བའི་རྒྱུ་ཡིད་ལ་མ་བྱེད་ཅིག་།སྒྱིད་ལུག་པར་མ་བྱེད་པར་རེ་ཞིག་ཅུང་ཞིག་གི་རིང་དུ་སོང་ཞིག། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཐའ་ཡས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་ 448b བར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་དེའི་ལུས་ཀྱི་ངལ་བ་བསལ་ནས་ལུས་དང་སེམས་ཀྱི་བརྩོན་འགྲུས་སངས་རྒྱས་ཀྱི་མཐུས་ཡང་དག་པར་འདུས་སོ། །དེའང་བསྐལ་པ་གྲངས་མེད་པར་སོང་བ་དང ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་ཞིག་མཐོང་སྟེ། དེའི་ཕ་རོལ་ན་འོད་མཐོང་ངོ ། །དེ་དེའི་ཚེ་བླ་གོས་ཕྱོགས་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ་ཚིགས་སུ་བཅད་དེ་གསོལ་པ། ཐུགས་ལ་དྲི་མ་བྲལ་ཞིང་སྦྱོར་བ་སྤངས། །ཁྱོད་ཀྱིས་འཇིག་རྟེན་ཁམས་ཀུན་ཐུགས་སུ་ཆུད། །འདྲེན་པ་ཁྱོད་ཀྱི་འོད་ནི་ཅི་འདྲ་བ། །འདི་ལ་ཡུལ་གྱི་མཐའ་འདི་རྗེས་སུ་འཇུག་།དེའི་ཚེ་བར་སྣང་ལས་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་ཞིག་བྱུང་སྟེ། ཁང་པ་བརྩེགས་པ་དེར་སངས་རྒྱས་ཀྱི་གཟུགས་བྱུང་སྟེ། དེ་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་དེ་ལ་ཚིགས་སུ་བཀའ་སྩལ་པ། གང་དག་ང་ཡི་རྐང་པའི་དྲུང་འདུག་དང ། །གང་དག་ཡུལ་འདི་ཡིན་ནི་མཐར་འདུག་པ། །ཐམས་ཅད་ང་ཡི་སྒྲ་དག་ཐོས་འགྱུར་ཏེ། །འདི་ཡི་སྒྲུབ་པ་ཐམས་ཅད་ཤེས་པར་འགྱུར། །སྟོབས་བཅུ་སངས་རྒྱས་ཆོས་ནི་མ་འདྲེས་ 449a ༄#། །པ། །བརྟན་པ་འདི་དག་སྲོག་ཆགས་ཀུན་ལ་བདེན། །ཡུལ་གྱི་རང་བཞིན་ཡུལ་གྱི་དངོས་དང་བཟོ། །དེ་བཞིན་ཡུལ་གྱི་ཚིག་དག་ཀུན་ཤེས་སོ། །རྒྱལ་བ་ང་ཡི་ཞིང་འདིར་སེམས་ཅན་དག་།ཚིག་འདི་ཐོས་ནས་དད་པར་མི་འགྱུར་མེད། །ཐམས་ཅད་བླ་ན་མེད་པའི་ས་ལ་གནས། །དེ་དག་རྒྱལ་བའི་ཆོས་ལས་ལྡོག་མི་འགྱུར། །གང་དག་ཉན་ཐོས་ལྷན་ཅིག་ཐུན་མོང་བའི། །དེ་དག་མ་ཡིན་འདི་ནི་རྣམ་འདྲེན་ཆོས། །རྒྱལ་སྲས་གང་ལ་རབ་ཏུ་སེམས་དང་བ། །བདུད་ཀྱི་སྐྱོན་བཅོམ་བྱང་ཆུབ་རེག་པར་འགྱུར། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་ཞེས་བྱ་བར་གྱུར་ཏོ། །ངས་དེ་བཞིན་གཤེགས་པ་དེའི་འོད་དང་བསྐལ་པ་གྲངས་མེད་པ་གཉིས་ཀྱི་བར་དུ་རྗེས་སུ་འབྲེལ་ཏོ། །ངས་དེ་བཞིན་གཤེགས་པ་དེ་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་དོ། །དེ་བཞིན་གཤེགས་པ་དེའི་མཐུས་ངས་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཚིགས་སུ་ 449b བཅད་པ་དེ་དག་གིས་མངོན་པར་གོ་བར་བྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཕའི་སྟོབས་ཀྱི་གོ་ཆ་བགོ་བར་བྱ། དེ་བཞིན་གཤེགས་པའི་བཀའ་ལའང་ཐེ་ཚོམ་མེད་ཅིང་སོམ་ཉི་མེད་པར་བྱའོ། །བམ་པོ་ཉི་ཤུ་བཞི་པ། མཽངྒལ་གྱི་བུ། ངས་སྐྱེ་བ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་པའི་བར་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ།་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་རོལ་ན་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་འཇིག་རྟེན་གྱི་ཁམས་དགེ་བའི་མིག་ཅེས་བྱ་བ་བྱུང་ངོ ། །དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བདུན་གྱི་གཙོ་བོ་བྱེད་པ། སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། 450a ༄#། །བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་དང ། ཐབས་ལ་མཁས་པ་ཞིག་བྱུང་ངོ ། །དེ་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་དེའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ཆམ་དུ་འབེབས་སོ། །སེམས་ཅན་གང་དག་རང་སངས་རྒྱས་ཀྱི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་དེ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །དེ་བཞིན་གཤེགས་པ་དེ་ལའང་རིམ་གྲོ་བྱེད་དེ། མཐོང་བའི་ཆོས་དེ་ལ་བདེ་བར་ངས་པ་དག་གིས་གནས་སོ། །དེའི་འཇིག་རྟེན་གྱི་ཁམས་ཁྲི་ཕྲག་བརྒྱད་ཅུ་ནས་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་གི་བར་གྱི་སེམས་ཅན་རྣམས་ལ་སྤྲུལ་པ་གཏོང་སྟེ། སྤྲུལ་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་སྨིན་པར་བྱེད་དེ། ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པས་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་ཁྲི་ཕྲག་དཔག་ཏུ་མེད་པ་འདི་ནི། ཇི་ལྟར་སེམས་ཅན་དམྱལ་བ་མེད་པར་འགྱུར་བ་དང ། དུད་འགྲོའི་སྐྱེ་གནས་མེད་པར་འགྱུར་བ་དང ། གཤིན་རྗེའི་འཇིག་ 450b རྟེན་མེད་པར་འགྱུར་བ་དང ། ལྷ་མ་ཡིན་གྱི་རིས་མེད་པར་འགྱུར་བ་དང ། ཇི་ལྟར་མི་ཁོམ་པ་ཐམས་ཅད་མེད་པར་འགྱུར་བ་དང ། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐད་ཅིག་གཅིག་དང་ལྡན་པར་འགྱུར་བ་དེ་ལྟར་ཡོངས་སུ་སྨིན་པར་ནུས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་གིས་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྐད་ཅིག་གཅིག་གིས་བགྱི་བ་ཡོངས་སུ་རྫོགས་པར་རྡོ་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ནུས་སམ། རིགས་ཀྱི་བུ། ད་ལྟར་གྱི་སྐྱེ་རྒུ་ཚེ་རིང་བ་ཚེའི་ཚད་བསྐལ་པ་ཁྲི་ཕྲག་དཔག་ཏུ་མེད་དེ། གང་བྱང་ཆུབ་སེམས་དཔའ་ལེ་ལོ་ཀུན་ཡོད་པ་ཚེའི་ངོ་བོ་གཅིག་ཐོབ་པས་ཡོངས་སུ་སྨིན་པར་བྱེད་དོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་ཞིང་འདིས་སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་རྣམས་ཀྱིས་ཡང་དང་ཡང་དུ་ངའི་མིག་གིས་མཐོང་བའི་སངས་རྒྱས་ཀྱི་ཞིང་དུ་སྤྱད་པ་ཡོངས་སུ་སྤྱད་དེ།་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་སངས་རྒྱས་མང་པོས་ཡོངས་སུ་མ་བཏུལ་བ་གང་ཡང་མེད་དོ། །འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་དེ་ལྟར་སངས་རྒྱས་ 451a ༄#། །མང་པོས་ཡོངས་སུ་སྨིན་པར་མཛད་དོ། །ཇི་ལྟར་སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉེ་བར་བྱུང་བ་དེ་ལྟར་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་གང་ཡང་མེད་དོ། །རིགས་ཀྱི་བུ། དེ་ལྟ་བས་ན། ཁྱོད་དེ་བཞིན་གཤེགས་པའི་བཀས་སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་སྨིན་པ་དང ། ཡོངས་སུ་སྦྱོང་བར་བྱ་བར་ངེས་པ་སྐྱེད་ཅིག་།རིགས་ཀྱི་བུ། ཁྱེད་ཀྱང་སངས་རྒྱས་ཁྲི་ཕྲག་དཔག་ཏུ་མེད་པ་དག་ལ་དགེ་བའི་རྩ་བ་བསྐྱེད།་ཤེས་རབ་རྣོ་བ་སྙིང་རྗེ་མཚུངས་པ་མེད་པ་དང་ལྡན་ན། ཁྱོད་ཀྱི་ཚེ་གཅིག་པོ་འདིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་ནུས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་གིས་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་ལ་དེ་བཞིན་གཤེགས་པས་བཀའ་སྩལ་ན། གང་བདག་དེ་བཞིན་གཤེགས་པའི་བཀའ་སེམས་ཅན་རྣམས་ལ་གློ་བ་བརྩེ་བར་བཟུང་སྟེ་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བསྐལ་པ་གྲངས་མ་མཆིས་པར་མེ་མ་མུར་གྱི་འོབས་དུ་བ་མ་མཆིས་པར་མཆིས་པ་དེའང་སྤྲོའོ། །དེ་སྐད་ 451b ཅེས་གསོལ་བ་དང ། དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་དེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་དེས་དེ་བཞིན་གཤེགས་པ་དེའི་སྐུ་གདུང་རྒྱ་ཆེར་བྱས་ནས་མཆོད་པ་བྱས་སོ། །དེ་བཞིན་གཤེགས་པའི་བཀའ་དེ་རྗེས་སུ་དྲན་པ་ན་སེམས་ཅན་རྣམས་ལ་སྙིང་བརྩེ་བར་བཟུང་ནས་སྤྲུལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དཔག་ཏུ་མེད་པ་དག་མངོན་པར་སྤྲུལ་ཏོ། །དེས་སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་མེ་ཏོག་བཞིན་ཀུན་ཏུ་བཀང་ནས་དེ་ཚེའི་འདུ་བྱེད་བཏང་ངོ ། །མཽངྒལ་གྱི་བུ། ཁྱོད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ཞེས་བྱ་བར་གྱུར་ཏོ། །ངས་སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེ་ཏོག་བཞིན་ཀུན་ཏུ་བཀང ། སངས་རྒྱས་ཀྱི་གདུང་ཡང་དག་པར་སྤེལ། དེ་བཞིན་གཤེགས་པའི་སྐུ་གདུང་རྒྱ་ཆེར་བྱས་ཏེ་མཆོད་པ་བྱས་ནས་དུས་བྱས་སོ། །མཽངྒལ་ 452a ༄#། །གྱི་བུ།་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་གདུང་མི་གཅད་པར་བྱ་བའི་ཕྱིར་འབད་པར་བྱས་ནས་ཕྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །མཽངྒལ་གྱི་བུ། ངས་འདོད་པའི་ཟག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འདོད་པའི་ཟག་པ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་གྱི་རྗེས་སུ་འཇུག་པ་ཞེས་བྱ་བ་མཛངས་ཤིང་གསལ་ལ་ཡིད་གཞུངས་པ། སེམས་ཅན་རྣམས་ཀྱི་དབང་པོའི་ཚོགས་རྟོག་པ་ལ་མཁས་པ་ཞིག་བྱུང་སྟེ། སེམས་ཅན་གང་དག་གཟུགས་ལ་མོས་པ་དེ་དག་གི་གཟུགས་ལ་འདོད་ཆགས་པ་ཡང་དག་པ་ཇི་ལྟ་བུ་བཞིན་རབ་ཏུ་ཤེས། དེ་སེམས་ཅན་འདི་དག་གཟུགས་ལ་འདོད་ཆགས་པས་ཡོངས་སུ་གདུངས་ཤིང་གཟུགས་ 452b ལ་འདོད་ཆགས་པས་བསྲེགས་པ་མཐོང་ངོ ། །དེ་སེམས་ཅན་དེ་དག་གི་གཟུགས་ལ་འདོད་ཆགས་སྤོང་བའི་ཐབས་སེམས་ཏེ། ཐབས་གང་གིས་སེམས་ཅན་དེ་དག་གཟུགས་ལ་འདོད་ཆགས་མ་སྐྱེས་པ་མི་བསྐྱེད་པ་དང ། སྐྱེས་པའང་སྤོང་བར་འགྱུར། སེམས་ཅན་འདི་དག་གཟུགས་ལ་འདོད་ཆགས་པས་ཤིན་ཏུ་གདུངས་འདོད་ཆགས་ཀྱིས་ཡོངས་སུ་བསྲེགས་པའི་སེམས་དེས་འཆི་བའི་དུས་བྱས་ཤིང་དེ་དག་སེམས་ཅན་དམྱལ་བར་སྐྱེ་བར་མ་གྱུར་ཅིག་།འདོད་ཆགས་ཀྱི་མེ་དེས་ཤིན་ཏུ་གདུངས། དེའི་རྐྱེན་གྱིས་སེམས་ཅན་དམྱལ་བ་པའི་མེས་གདུངས་ཏེ། དེ་དག་ཤིན་ཏུ་གདུང་བ་གཉིས་ཀྱིས་འཆིང་བའི་ཞགས་པ་ལས་མི་འགྲོལ་ལོ། ། སྡུག་བསྔལ་གྱི་གནོད་པས་སྐྱེ་བ་ནའང་འབྲེལ། འཆི་བ་ནའང་འབྲེལ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ནའང་འབྲེལ་ཏོ། །སྙམ་ནས་དེ་ཐབས་ཚོལ་བ་ན་འདི་ལྟར་ཡོངས་སུ་འཇལ་ཏེ། བྱིས་པ་དག་རྟོག་པའི་དབང་གིས་གཙང་བའི་འདུ་ཤེས་ཀྱིས་འཆིང་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་དང་བྲལ་བ་ཁ་དོག་ཙམ་གཉིས་པ་ཙམ་མོ། །དེའང་གཅིག་ཏུ་བསྡུས་ན། མི་གཙང་བ་ཉིད་དེ། འདི་ལ་གཙང་བ་ཉིད་གང་ཡང་མེད་དོ། །མགལ་མེ་བསྐོར་བ་སྣང་བ་བཞིན་དུ་ལོག་པར་ 453a ༄#། །འཛིན་པས་འདོད་ཆགས་འཇུག་པ་གཙང་བར་འབྲེལ་པ་དེ་ཤིན་ཏུ་འཛིན་ཏོ། །དེ་ལྟར་སྐྱེ་བ་ནའང་འབྲེལ། རྒ་བ་ནའང་འབྲེལ། འཆི་བ་ནའང་འབྲེལ་བར་བྱེད་དོ། །འཁོར་བར་ཤིན་ཏུ་རྒྱུག་པ་དག་སྔོན་གྱི་མཐའ་མི་ཤེས་སོ། །སྙམ་ནས་དེ་སེམས་ཅན་དེ་དག་གི་གང་མི་གཙང་བ་ཡང་དང་ཡང་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་སྟོན་ཏོ། །དེ་དེ་དག་གི་མི་གཙང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་སྟོན་པ་ན་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་རྣམས་ཀྱིས་མི་གཙང་བར་འདུ་ཤེས་པ་ཡོངས་སུ་ཤེས་ཤིང་མི་གཙང་བའི་བློར་ཞུགས། ཆོས་རྣམས་ཀྱི་ངོ་བོ་ཉིད་དང་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་སོ། །ཡོངས་སུ་ཤེས་ནས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་གཙང་བའི་འདུ་ཤེས་ཀྱིས་བཟློག་ནས་འདོད་པ་དག་གིས་འདོད་ཆགས་དང་བྲལ་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་སེམས་ཅན་ཀུན་གྱི་རང་བཞིན་གྱི་རྗེས་སུ་འཇུག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་སེམས་ 453b ཅན་ཀུན་གྱི་རང་བཞིན་གྱི་རྗེས་སུ་འཇུག་པ་ཞེས་བྱ་བར་གྱུར་ཏོ། །ངས་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་གཙང་བའི་འདུས་ཤེས་ཀྱིས་བཟློག་ནས་ཚངས་པའི་འཇིག་རྟེན་དུ་བསྐྱེད་དོ། །དེ་དག་ཐམས་ཅད་ཀྱང་གཟུགས་ཀྱི་རང་བཞིན་རབ་ཏུ་ཤེས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་གཟུགས་ཀྱི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པར་བྱ། དེ་བཞིན་དུ་སེམས་ཅན་རྣམས་ལའང་བསྟན་པར་བྱའོ། །བྱང་ཆུབ་སེམས་དཔས་གཟུགས་ཀྱི་རང་བཞིན་རབ་ཏུ་ཤེས་ཤིང ། དེ་བཞིན་དུ་སེམས་ཅན་རྣམས་ལའང་རབ་ཏུ་སྟོན་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ་མངོན་པར་འདུས་བྱས་པའི་བར་དང ། དེ་བཞིན་དུ་སྦྱར་ཏེ་ཡང་དག་པར་རབ་ཏུ་བསྟན་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཆོས་ལ་ངེས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ། གཟི་ 454a ༄#། །བརྗིད་ཆེ་བ། མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ ། །དེ་འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་མེ་ལོང་གི་དཀྱིལ་འཁོར་དུ་སྣང་བ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། ཇི་ལྟར་མེ་ལོང་གི་དཀྱིལ་འཁོར་གྱི་གཟུགས་ཀྱི་རྣམ་པ་མཐོང་བ་མེད་པ་དེ་ལྟར་འདོད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པ་མཐོང་བའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཡང་དག་པ་མ་ཡིན་པའི་ཕྱིར་ཏེ། ཆོས་གང་དངོས་པོ་མེད་པ་དེ་སྤང་བར་མི་བྱ། ཡོངས་སུ་ཤེས་པར་མི་བྱ། བསྒོམ་པར་མི་བྱ། མངོན་སུམ་དུ་མི་བྱ་བ་ཡིན་ན།་འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། འདོད་པའི་ཡོན་ཏན་དོན་དུ་གཉེར་བ་དེ་དག་དེའི་རྣམ་པ་ལ་སྤྱོད་པར་སྣང་ངོ ། །འདི་ལྟ་སྟེ། དཔེར་ན། མེ་ལོང་གི་གཟུགས་ཀྱི་རྣམ་པ་ལ་དེ་ལྟར་ཚུལ་བཞིན་དུ་སོ་སོར་བརྟགས་ན། མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །ཆོས་ཐམས་ཅད་ལའང་མེ་ལོང་གི་དཀྱིལ་འཁོར་དུ་སྣང་བ་བཞིན་དུ་འདུ་ཤེས་ཐོབ་བོ། །དེ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་བཟོད་པ་དེ་ལ་རབ་ཏུ་བཙུད་དོ། །མཽངྒལ་ 454b གྱི་བུ།་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཆོས་ལ་ངེས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཆོས་ལ་ངེས་པ་ཞེས་བྱ་བར་གྱུར་ཏོ། །ངས་དེའི་ཚེ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་མེ་ལོང་གི་དཀྱིལ་འཁོར་དུ་སྣང་བ་ལྟ་བུའི་ཏིང་ངེ་འཛིན་ལ་རབ་ཏུ་བཙུད་དོ། །དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན།་བྱང་ཆུབ་སེམས་དཔས་མེ་ལོང་གི་དཀྱིལ་འཁོར་དུ་སྣང་བ་ལྟ་བུའི་ཆོས་རྣམས་ལ་སེམས་གཞུག་པར་བྱའོ། །མེ་ལོང་གི་དཀྱིལ་འཁོར་དུ་སྣང་བ་ལྟ་བུའི་ཆོས་རྣམས་ལ་སེམས་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་འདོད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས་དགེ་བའི་རྩ་བ་སྣ་ཚོགས་དག་མངོན་པར་འདུས་བྱས་པའི་བར་དང ། དེ་བཞིན་དུ་རྒྱ་ཆེར་སྦྱར་རོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཨུད་ཛྱ་དཏྟ་ཞེས་བྱ་ 455a ༄#། །བ་རྫུ་འཕྲུལ་ཆེ་བ། གཟི་བརྗིད་ཆེ་བ། མཐུ་ཆེ་བ་ཞིག་བྱུང་ངོ ། །དེ་ཇི་སྙམ་དུ་སེམས་ཏེ། གང་བདག་གིས་ཆོས་རྟོགས་བའི་ཆོས་དེ་དག་ལས་ཆོས་མངོན་པར་བྱུང་བའམ། ཆོས་གྱ་ནོམ་པའི་ཆོས་གཞན་གང་ཡང་ཡོད་དམ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་ཆོས་ཁོང་དུ་ཆུད་པ་དེ་དག་ནི། འགོག་པའི་ཆོས་སོ། །ཆོས་གང་འགོག་པ་མེད་པའི་ཆོས་དེ་གོང་དུ་ཆེས་མངོན་པར་བྱུང་བ་དང ། ཆེས་གྱ་ནོམ་སྣང་བར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་གང་དག་སྐྱེས་པ་དེ་དག་ནི། འགོག་པའི་ཆོས་ཡིན་ལ། གང་སྐྱེས་པ་མེད་པ་དེ་དག་ནི། འགོག་པ་མེད་པའི་ཆོས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་གང་སྐྱེས་པ་མེད་པ་དེ་གང་ཡིན། དེ་འདི་སྙམ་དུ་སེམས་ཏེ། ཡང་དག་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི། ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཡིན་ཏེ། ཆོས་ཐམས་ཅད་ནི། ངོ་བོ་ཉིད་མེད་པ་ཡིན། ཆོས་ཐམས་ཅད་ནི། ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། ། དེ་ལྟ་བས་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། མ་སྐྱེས་པའོ། །དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དེས་ 455b མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དེ་ལ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་རབ་ཏུ་བཙུད་དོ། །དོན་ཀྱང་འཛིན་དུ་བཅུག་གོ་།མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་དྲང་སྲོང་ཨུད་ཛྱ་དཏྟ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བསྟ་ལྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཨུད་ཛྱ་ད་ཏྟ་ཞེས་བྱ་བར་གྱུར་ཏོ། །ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་ཅིང ། དོན་དམ་པའང་འཛིན་དུ་བཅུག་གོ་།མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་གནས་པར་བྱའོ། །མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །མཽངྒལ་གྱི་བུ།་ངས་འདོད་པའི་ཟག་པ་ཤེས་པ་འགོག་པར་འགྱུར་པའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་མངོན་པར་འདུས་བྱས་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ལྷག་མཐོང་སྤྱད་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་ 456a ༄#། །བརྗིད་ཆེ་ལ་མཐུ་ཆེ་བ། །ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ།་འདོད་པའི་ཟག་པ་འབྱུང་བ་གང་ཡོད། གང་མེད་ན་མི་འབྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། འབྱུང་བ་ནི། ཡུལ་ཡིད་ལ་བྱེད་པ་ལས་གཞན་མ་ཡིན་ཏེ།་ཡིད་ལ་བྱེད་པ་མེད་པས་མི་འབྱུང་ངོ ། །འདོད་པའི་ཟག་པ་འགོག་པ་ལས་གཞན་མ་ཡིན་པ་འདི་ནི། ལམ་ཡིན་ནོ་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་འདོད་པའི་ཟག་པ་བདག་མེད་པའི་ཕྱིར་ཡང་དག་པའི་དོན་གྱི་ལམ་བསྐྱེད་དོ། །ཇི་ལྟར་ལམ་འདིས་འདོད་པའི་ཟག་པ་འགགས་ནས་མི་སྐྱེ་བ་དེ་བཞིན་དུ་ལམ་འདིས་ཟག་པ་ཐམས་ཅད་འགགས་ཏེ་མི་སྐྱེའོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་མངོན་པར་ཤེས་པ་ལྔ་ཐོབ་བོ། །མངོན་པར་ཤེས་པ་ལྔ་ཐོབ་ནས་སྐྱེ་བོའི་ཚོགས་མང་པོ་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ལྷག་མཐོང་སྤྱད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ལྷག་མཐོང་སྤྱད་པ་ཞེས་བྱ་བར་གྱུར་ཏོ།། 456b ངས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་གང་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ལམ་དེ་དག་ལ་ཀུན་ཏུ་བསྟན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ། །མངོན་པར་ཤེས་པ་ལྔ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ཐམས་ཅད་ཀྱི་ཕན་པ་བྱེད་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་སྲིད་པའི་ཟག་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་མངོན་པར་འདུས་བྱས་པའི་བར་དང ། དེ་བཞིན་དུ་སྦྱར་རོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་སྲིད་པ་ལ་དགའ་བ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་བྱུང་སྟེ། སྲིད་པ་ལ་སྙིང་པོ་མེད་པར་འདུ་ཤེས། མི་རྟག་པར་འདུ་ཤེས།་སྡུག་བསྔལ་བར་འདུ་ཤེས། ཉེས་དམིགས་སུ་འདུ་ཤེས། སྲིད་པ་ཐམས་ཅད་ལ་ངན་པ་དང ། ཟག་པ་དང ། དབུགས་དབྱུང་བ་མེད་པ་དང ། ཡོངས་ 457a ༄#། །སུ་འགྱུར་བའི་ཆོས་ཅན་ཏེ། སྲིད་པ་ལ་མངོན་པར་དགའ་བའི་སེམས་ཅན་དེ་དག་ནི། སྡུག་བསྔལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།་འདི་ལྟར་གང་སྲིད་པ་ཞེས་བྱ་བ་དེ་ནི། སྡུག་བསྔལ་འབྱུང་བ་ཡིན་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་མི་མཐུན་པ་བདེ་བ་འདོད་ན། སེམས་ཅན་གང་སྲིད་པ་ལ་མངོན་པར་དགའ་བ་དེ་དག་སྡུག་བསྔལ་ལ་མངོན་པར་དགའ་སྟེ། དེ་དག་བདེ་བ་ཡང་དག་པར་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན།་སྡུག་བསྔལ་འདིའི་ཀུན་འབྱུང་ནི། འདི་ལྟ་སྟེ། སྲིད་པ་ཡིན་ཏེ། གང་མི་འབྱུང་ན། སྡུག་བསྔལ་དེ་མེད་དོ་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་སྲིད་པ་ལ་ཡིད་བྱུང་བར་གྱུར་ཏོ། །དེ་སྲིད་པ་ལ་ཡིད་བྱུང་ནས་སྲིད་པ་ལ་གནས་པར་མི་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟ་སྟེ། སྲིད་པ་ལ་མི་གནས་པའི་ཤེས་པ་འདི་ནི། མཆོག་དང ། གཙོ་བོ་དང ། ཕུལ་ཡིན་ནོ་སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་སྒྲ་འབྱིན་པར་བྱེད་དོ། ། སྲིད་པ་ནི། སྡུག་བསྔལ་བའོ། །སྲིད་པ་ལ་མི་གནས་པ་ནི། བདེ་བའོ། །ཞེས་སྒྲ་དབྱངས་བསྒྲགས་སོ། །དེ་ལྟ་བས་ན། སྲིད་པ་ནི། མི་རྟག་པ་འདུས་བྱས་ 457b པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་གནས་མེད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཇི་ཙམ་དུ་སེམས་ཅན་གནས་མེད་པའི་སྒྲ་ཐོས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས།་དེའི་ཚེ་དེའི་དུས་ན་དྲང་སྲོང་སྲིད་པ་ལ་དགའ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེར་གྱུར་ཏོ། །ངས་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་གནས་མེད་པའི་སྒྲ་ཐོས་པར་བྱས་ཤིང་བླ་ན་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་སྲིད་པ་གནས་མེད་པ་ཉིད་ལ་བསླབ་པར་བྱ། གཞན་དག་ལའང་སྲིད་པ་གནས་མེད་པའི་བསྔགས་པ་བརྗོད་པར་བྱའོ། །མཽངྒལ་གྱི་བུ། ངས་སྲིད་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས་མངོན་པར་འདུས་བྱས་པའི་བར་དང ། དེ་བཞིན་དུ་བདག་གིས་ཇི་ལྟར་ཞེས་བྱ་བའི་བར་དུ་སྦྱར་རོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་སྲིད་པ་ 458a ༄#། །ཞི་བྱེད་ཅེས་བྱ་བ་ནས་མཐུ་ཆེ་བའི་བར་དང ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ། སྲིད་པ་དོན་དུ་མི་བྱེད་པ་ཞེས་བྱ་བ་ཞིག་བྱུང་ངོ ། །དེ་ནས་དྲང་སྲོང་སྲིད་པ་ཞི་བྱེད་འདི་སྙམ་དུ་སེམས་ཏེ། སྲིད་པ་ཞི་བ་ཡོད་པ་འདི་ནི། བདག་ལ་ལེགས་ན། སྲིད་པ་ཞི་བ་དེའང་མི་ཤེས་ཏེ། ཇི་ལྟར་ན། སྲིད་པ་འཇིག་པར་འགྱུར་བ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་སྲིད་པ་ཞི་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་སུ་ཡོད་སྙམ་མོ། །དེའི་ཚེ་དྲང་སྲོང་སྲིད་པ་རིག་པ་ཞེས་བྱ་བས་སྲིད་པ་ཞི་བྱེད་དེ་ལམ་དང་རབ་ཏུ་ལྡན་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ན། གཞན་དག་ལ་མི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་འདིར་སྲིད་པའི་འདུ་འཛིའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དྲང་སྲོང་སྲིད་པ་ཞི་བྱེད་དེས་དྲང་སྲོང་སྲིད་པ་རྟོགས་པ་སྲིད་པའི་འདུ་འཛིའི་འདོད་ཆགས་དང་བྲལ་ལོ། །ཞེས་ཐོས་ནས་དེ་འདི་སྙམ་དུ་སེམས་སོ། །གང་སྲིད་པའི་འདུ་འཛིའི་འདོད་ཆགས་དང་བྲལ་བ་དེ་བདེ་བ་ཡིན་ན། སྲིད་པའི་འདུ་འཛི་ཞེས་བྱ་བ་དེ་དག་གང་ཡིན། སྲིད་པའི་རང་བཞིན་ཉོན་མོངས་པའི་འདུ་འཛི་གང་ཡིན་པ་དེ་སྲིད་པའི་ 458b འདུ་འཛི་སྟེ། དེའང་མཁས་པ་དག་གིས་སྨད་པ་ཡིན་ནོ་སྙམ་ནས། དེ་མཁས་པ་དེ་དག་གི་ཚུལ་ཡང་དག་པར་མཐོང་བ་ན་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། ། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་སྒྲ་འབྱིན་པར་བྱེད་དོ། །ཀྱེ་མ་འདུ་འཛིའི་འདོད་ཆགས་དང་བྲལ་བ་ནི། བདེ་བ་ཡིན་ནོ། །ཞེས་སྒྲ་དབྱངས་རྗེས་སུ་བསྒྲགས་སོ། ། དེའི་སྒྲ་དེའང་ཕྱོགས་བཞིར་རླུང་གིས་ཐོགས་པ་མེད་པར་ཁྱེར་རོ། །སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དེ་དག་གིས་སྒྲ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། དྲང་སྲོང་སྲིད་པ་ཞི་བྱེད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་སྲིད་པ་ཞི་བྱེད་ཅེས་བྱ་བར་གྱུར་ཏོ། །ངའི་སྒྲ་དེས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་འདུ་འཛི་རྣམ་པར་སྨད་པར་བྱའོ། །འདུ་འཛི་རྣམ་པར་སྨད་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽངྒལ་ 459a ༄#། །གྱི་བུ།་ངས་སྲིད་པའི་ཟག་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུས་བྱས་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཤེས་པ་དཔའ་བ་ཞེས་བྱ་བ་ཤེས་པ་ཐམས་ཅད་ལ་འཇིགས་པ་མེད་པར་བསྟན་བཅོས་ཁོང་དུ་ཆུད་པར་བྱ་བ་ཐམས་ཅད་ལ་བློ་ཤིན་ཏུ་གནས་པ། བསྟན་བཅོས་བྱེད་པའི་ངོ་བོ་འཛིན་པ་ཐམས་ཅད་ལ་བསླབ་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། ཟག་པ་ཐམས་ཅད་མ་སྐྱེས་ན། འགོག་པར་ངེས་སོ། །འདི་ནི། གནད་ཡིན་ཏེ། ཕུང་པོ་འགོག་པ་དང ། ཁམས་འགོག་པ་དང ། སྐྱེ་མཆེད་འགོག་པ་དང ། དབང་པོ་འགོག་པ་དང ། བདེན་པ་འགོག་པར་བྱ་བའི་དོན་དུ་གང་ལ་སློབ་པ་དེ་དག་ཕུང་པོ་འགོག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཁམས་དང ། དབང་པོ་དང ། བདེན་པ་འགོག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །གང་གནད་རབ་ཏུ་ཤེས་པ་འདི་ནི།་མཁས་པའི་བྱ་བ་བྱས་པ་ཡིན་ཏེ། ཕུང་པོའི་གནད་བཞིན་དུ་སྦྱར་ཏེ་ཁམས་དང ། སྐྱེ་མཆེད་དང ། དབང་པོ་དང ། བདེན་པའི་གནད་དོ། །སྒོ་ 459b འདི་ནས་ཉོན་མོངས་པ་འཇུག་པ་ན་ཉོན་མོངས་པ་ལས་ལས་རབ་ཏུ་འཇུག་།ལས་དག་ལས་རྣམ་པར་སྨིན་པའོ། །གནད་བཅོམ་ན། ཉོན་མོངས་པ་འཇུག་པར་མི་བྱེད་དེ།་དེ་ལྟར་སྲིད་པའི་ལུགས་འདི་ཤིན་ཏུ་བཅད་པར་འགྱུར་རོ། །སྙམ་ནས་དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱི་མ་གནད་འདི་བཅོམ་ན་བདེའོ། །ཞེས་ཆེད་དུ་བརྗོད་པ་འདི་ལན་གསུམ་བརྗོད་དོ། །དེའི་སྒྲ་དེ་ཕྱོགས་བཞིར་རླུང་གིས་ཐོགས་པ་མེད་པར་སོང་ངོ ། །སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་སྒྲ་དེ་ཐོས་ནས་གནད་གཞོམ་པའི་ཕྱིར་ཞུགས་སོ། །གནད་གཞོམ་པ་ལ་ཞུགས་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། ། མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲངས་རོང་ཤེས་པ་དཔའ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ།་ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་པ་དཔའ་བ་ཞེས་བྱ་བར་གྱུར་ཏོ། །ངས་སྲོག་ཆགས་ཁྲི་ཕྲག་ཏུ་མེད་པ་དེ་དག་གནད་གཞོམ་པའི་སྒྲ་ཐོས་པར་བྱས་ནས་ཕྱིར་མི་ལྡོག་པར་བྱས་སོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཉོན་མོངས་པའི་གནད་གཞོམ་པ་ལ་མཁས་པར་བྱའོ། །མཽངྒལ་ 460a ༄#། །གྱི་བུ་ངས་སྲིད་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་ཞེས་བྱ་བ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་པའི་བར་དེ་བཞིན་དུ་སྦྱར་རོ། །མཽངྒལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཚེས་ཕ་རོལ་ན་རྒྱལ་པོ་དྲང་སྲོང་ཀུན་ཏུ་མིག་ཅེས་བྱ་བ་ཞིག་བྱུང་ངོ ། །དེ་སྒོ་གང་དང་གང་ཉིད་ཀྱིས་རྣམ་པར་ལྟ་བར་བྱེད་པ་དེ་དང་དེ་ཉིད་ཀྱི་དོན་རྣམ་པར་ལྟ་བར་བྱེད་དོ། །དེ་ཙམ་གྱི་ནང་དུ་གནས་ནས་སེམས་ཅན་རྣམས་ཀྱི་བཟོའི་ལས་ཀྱི་གནས་རྩོམ་པ་རྣམ་པར་སེམས་ཏེ། སེམས་ཅན་རྣམས་ཀྱི་གང་ཅུང་ཟད་ཕན་པ་བྱེད་པ་དང ། དབུལ་བ་སྡུག་བསྔལ་གྱིས་ཉེན་པ་དང ། འདུ་བྱེད་ཐམས་ཅད་སྡུག་བསྔལ་གྱིས་ཉེན་པའི་ཕྱིར་འདི་ལྟ་སྟེ། མི་དགེ་བ་བྱེད་པ་དང ། ཟག་པ་དང་བཅས་པའི་དགེ་བ་བྱེད་པ་དང ། མི་དགེ་བ་བྱེད་པ་ནི་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། ཡི་དྭགས་སུ་འགྲོའོ། །ཟག་པ་ 460b དང་བཅས་པའི་དགེ་བ་བྱེད་པ་ནི་མིའི་འགྲོ་བ་དང ། མཐོ་རིས་སུ་འགྲོའོ། །ཇི་ཙམ་དུ་མྱ་ངན་ལས་འདས་པར་འགྲོ་བར་བྱ་བའི་ཕྱིར་ཟག་པ་མེད་པའི་དགེ་བ་བྱེད་པ་ནི་འདི་ལྟ་སྟེ། དགེ་བ་དང ། མི་དགེ་བ་མི་བྱེད་དོ། །བྱང་ཆུབ་ཀྱི་ཕྱིར་ཐམས་ཅད་ནས་ཐམས་ཅད་དུ་དགེ་བ་དང་མི་དགེ་བ་མི་བྱེད་པ་དེ་ནི་དེ་ལྟར་གྱི་ཟག་པ་མེད་པའི་ཆོས་ལ་བཟོད་པ་སྐྱེའོ། །བྱས་པ་མེད་པ་ལ་ནི་རྣམ་པར་སྨིན་པའི་འགྲོ་བ་མེད་དེ། འདི་ནི་མྱ་ངན་ལས་འདས་པའོ་སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་སྒྲ་འབྱིན་པར་བྱེད་དེ། ཆོས་ཐམས་ཅད་ལ་བྱེད་པ་མེད་པ་ནི་བདེ་བ་ཡིན་ཏེ། དེའི་རྣམ་པར་སྨིན་པ་མེད་དོ་ཞེས་སྒྲ་དབྱངས་རྗེས་སུ་བསྒྲགས་སོ། །དེའི་སྒྲ་དེ་ཕྱོགས་བཞིར་རླུང་གིས་ཐོགས་པ་མེད་པར་ཁྱེར་རོ། །སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་བདག་སྒྲ་དེ་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་རོ། །མཽངྒལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་ཀུན་ཏུ་མིག་ཅེས་བྱ་བར་གྱུར་བ་དེ་གཞན་ཡིན་པར་སེམས་ན། དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་ཀུན་ཏུ་མིག་ཅེས་བྱ་བར་གྱུར་ཏོ། །སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་ངའི་ 461a ༄#། །སྒྲ་དེ་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་བྱེད་པ་མེད་པ་ལ་བསླབ་པར་བྱའོ། །མཽངྒལ་གྱི་བུ། ངས་ལྟ་བའི་ཟག་པ་ཤེས་པའི་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྟ་བའི་ཟག་པ་ཤེས་པ་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་རྒྱ་ཆེ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། གཞལ་གྱིས་མི་ལང་ཞིང་བརྗོད་དུ་མེད་པ་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཆོས་རྣམ་པར་སྟོན་པ་ཞེས་བྱ་བ་མཛངས་ཤིང་གསལ་ལ་ཡིད་གཞུངས་པ། ཞིང་ཤེས་པ་དེ་མཁས་ཤིང་ཤེས་རབ་ཀྱི་རང་བཞིན་ཅན་བརྟག་ཅིང་བརྒལ་བའི་རྣམ་པར་དབྱེ་བ་ལ་མཁས་པ། སེམས་ཅན་རྣམས་ཀྱི་དོན་རྟོགས་པ་ཞིག་བྱུང་ 461b ངོ ། །དེ་དཔེན་པར་སོང་སྟོན་པ་དུ་ཡང་དག་འཇོག་ལ་བཞག་ནས་འདི་སྙམ་དུ་སེམས་སོ། །ཅི་བདག་དང་འཇིག་རྟེན་འདི་རྟག་གམ། འོན་ཏེ་བདག་དང་འཇིག་རྟེན་མི་རྟག་།འོན་ཏེ་བདག་དང་འཇིག་རྟེན་རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག་།འོན་ཏེ་བདག་དང་འཇིག་རྟེན་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན། འོན་ཏེ་བདག་དང་འཇིག་རྟེན་མཐའ་ཡོད་དམ། འོན་ཏེ་བདག་དང་འཇིག་རྟེན་མཐའ་མེད་དམ། འོན་ཏེ་བདག་དང་འཇིག་རྟེན་མཐའ་མེད་པའང་མ་ཡིན། འོན་ཏེ་བདག་དང་འཇིག་རྟེན་མཐའ་ཡོད་པའང་མ་ཡིན། འོན་ཏེ་སྲོག་དེ་ལུས་དེ་ཡིན་ནམ། འོན་ཏེ་སྲོག་གཞན་ལ་ལུས་ཀྱང་གཞན། འོན་ཏེ་དེ་བཞིན་གཤེགས་པ་ཤི་ནས་ཡོད་དམ། འོན་ཏེ་དེ་བཞིན་གཤེགས་པ་ཤི་ནས་མེད། འོན་ཏེ་དེ་བཞིན་གཤེགས་པ་ཤི་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད། འོན་ཏེ་དེ་བཞིན་གཤེགས་པ་ཤི་ནས་ཡོད་པའང་མ་ཡིན། མེད་པའང་མ་ཡིན། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ནི། ཆད་པར་སྨྲ། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ནི། རྟག་པར་སྨྲ་སྟེ།་དེ་ལ་རྟག་པར་སྨྲ་བ་ནི། བཞིའོ། །ཁ་ཅིག་ནི། བཞི་མི་རྟག་པར་སྨྲའོ། །མཐའ་སྨྲ་བ་ནི། བཞིའོ། །ཀུན་འབྱུང་བ་མེད་པར་སྨྲ་བ་ནི། གཉིས་སོ། །ཚིག་ 462a ༄#། །འཁྲུལ་བ་ནི། བཞིའོ། །འདུ་ཤེས་སུ་སྨྲ་བ་ནི། བཅུ་དྲུག་གོ་།འདུ་ཤེས་ཡོད་པ་མ་ཡིན་པར་སྨྲ་བ་ནི། བརྒྱད་དོ། །འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པར་སྨྲ་བ་ནི། བརྒྱད་དོ། །མཐོང་བའི་ཆོས་ལ་ཡིད་བྱུང་བར་སྨྲ་བ་ནི། ལྔའོ། །ཆད་པར་སྨྲ་བ་ནི། བདུན་ནོ།། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་བདག་རྟག་པ་ཤི་ནས་ནད་མེད་པ་འདི་ཉིད་ནི། བདེན་གྱི། གཞན་ནི། རྫུན་ནོ། །ཞེས་དེ་ལྟར་ལྟ། དེ་ལྟར་སྨྲ་བ་ཡོད། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་བདག་མི་རྟག་པ་ཤི་ནས་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །ཞེས་དེ་ལྟར་ལྟ། དེ་ལྟར་སྨྲ་བ་ཡོད། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་ཤི་ནས་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །ཞེས་དེ་ལྟར་ལྟ། དེ་ལྟར་སྨྲ་བ་ཡོད། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་བདག་རྟག་པའང་མ་ཡིན། མི་རྟག་བའང་མ་ཡིན་པ་ཤི་ནས་ནད་མེད་པ་འདི་ཉིད་ཅེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ་དེ་ལྟར་ལྟ། དེ་ལྟར་སྨྲ་བ་ཡོད་དོ། །གནས་འདི་ནི། ཡོད་དེ། གལ་ཏེ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འབད་པའི་རྗེས་སུ་འགྲོ་བ་དང ། སྤང་བའི་རྗེས་སུ་འགྲོ་བ་དང ། སྦྱོར་ 462b པའི་རྗེས་སུ་འགྲོ་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་ན་བསྐལ་བ་བཞི་བཅུ་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ཙམ་ན་བདག་འདི་ནི། དེའི་ཕ་རོལ་ནའང་ཡོད་དོ། །བདག་དང་འཇིག་རྟེན་དེ་ནི། རྟག་གོ་།སྙམ་མོ། །འདི་ནི། རྟག་པར་སྨྲ་བ་དང་པོ་ཡིན་ནོ། །གནས་འདི་ནི། ཡོད་དེ། གལ་ཏེ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འབད་པའི་རྗེས་སུ་འགྲོ་བ་དང ། སྤོང་བའི་རྗེས་སུ་འགྲོ་བ་དང ། སྦྱོར་བའི་རྗེས་སུ་འགྲོ་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་ན་བསྐལ་པ་བརྒྱ་ལྔ་བཅུ་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ཙམ་ན་བདག་འདི་ནི། དེའི་ཕ་རོལ་ནའང་ཡོད་དོ་སྙམ་མོ། ། འདི་ནི།་རྟག་པར་སྨྲ་བ་གཉིས་པའོ། །གནས་འདི་ནི། ཡོད་དེ། གལ་ཏེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་ཏེ་འབད་པའི་རྗེས་སུ་འགྲོ་བ་དང ། སྤོང་བའི་རྗེས་སུ་འགྲོ་བ་དང ། སྦྱོར་བའི་རྗེས་སུ་འགྲོ་བ་ནས་དེ་བཞིན་དུ་སྦྱར་ཏེ་བསྐལ་པ་དྲུག་ཅུ་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ཙམ་ན་བདག་འདི་ནི། དེའི་ཕ་རོལ་ནའང་ཡོད་དོ་སྙམ་མོ། །འདི་ནི། རྟག་པར་སྨྲ་བ་གསུམ་པའོ། །གནས་འདི་ནི། ཡོད་དེ། གལ་ཏེ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་བར་བྱ་སྟེ་བསྐལ་པ་བརྒྱད་ 463a ༄#། །ཅུ་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ཙམ་ན་བདག་འདི་ནི། དེའི་ཕ་རོལ་ནའང་ཡོད་དོ་སྙམ་མོ། །འདི་ནི། རྟག་པར་སྨྲས་བ་བཞི་པའོ། །འཇིག་རྟེན་འཇིག་པ་འདི་ནི། དེའི་དུས་ཡིན། དེའི་དུས་མ་ཡིན་ཏེ། འཇིག་རྟེན་འཇིག་པ་ན་སེམས་ཅན་གང་ཕལ་ཆེར་འོད་གསལ་དུ་འགྲོ་བར་འགྱུར་ཏེ། དེ་དག་དེར་དུས་ཡུན་རིང་དུ་གནས་སོ། །འཇིག་རྟེན་ཆགས་པ་འདི་ནི། དེ་དུས་ཡིན། དེ་དུས་མ་ཡིན་ཏེ། འཇིག་རྟེན་ཆགས་པའི་ཚེ་ནམ་མཁའ་འདི་ལ་སྤྲིན་གྱི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཤིན་ཏུ་འདུས་སོ། །ཀུན་ནས་སྤྲིན་གྱི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཤིན་ཏུ་འདུས་ཏེ། ཐམས་ཅད་དང་ལྡན་པའི་སའི་དཀྱིལ་འཁོར་ཡང་དག་པར་ཁེབས་ནས་བར་གྱི་བསྐལ་པ་ལྔར་ཆར་གྱི་རྒྱུན་གཤོལ་མདའ་ཙམ་བབ་སྟེ། བར་གྱི་བསྐལ་པ་ལྔར་འགྲོ་བའི་སྤྲིན་མཆོག་གི་ཆར་བབ་བོ། །བར་གྱི་བསྐལ་པ་ལྔར་ཆར་གྱི་རྒྱུན་མ་ཆད་པར་བབ་སྟེ། བར་གྱི་བསྐལ་པ་ལྔར་ཆར་ཐིགས་སྦོམ་པོ་བབ་བོ། །འཇིག་རྟེན་ཆགས་པ་ན་འཇིག་རྟེན་འདི་ཆུས་ཚངས་པའི་འཇིག་རྟེན་གྱི་བར་དུ་གང་བར་གྱུར་ཏོ། །འཇིག་རྟེན་ཆགས་པ་ན་ཆུའི་སྟེང་དུ་རླུང་སྐྱེས་ཏེ་རླུང་གནས་སོ། །འདི་ 463b ལྟ་སྟེ།་དཔེར་ན། དུས་ཚིགས་ཀྱི་འོ་ཐུག་ཚོས་པ་གྲང་པའི་སྟེང་ན་སྤྲིས་མ་ཡོད་པ་རྒྱུད་ཆགས་པར་འབྱུང་བ་དེ་བཞིན་དུ་འཇིག་རྟེན་ཆགས་པའི་ཆུའི་སྟེང་ན་རླུང་འབྱུང་ཞིང་སྐྱེ་སྟེ་གནས་སོ། །འཇིག་རྟེན་ཆགས་པ་ན་ཀུན་ཏུ་འཁྲུག་པ་ཞེས་བྱ་བའི་རླུང་བྱུང་སྟེ། རླུང་དེ་དག་གཡེང ། ཀུན་ཏུ་གཡེང ། གཡོ། ཀུན་ཏུ་གཡོ། །འབྱིན། ཀུན་ཏུ་འབྱིན་ཏོ། །འཇིག་རྟེན་ཆགས་པ་ན་ཆོས་ཉིད་ཀྱིས་སྟེང་གི་ཕྱོགས་སུ་ཚངས་པའི་གཞལ་མེད་ཁང་དག་འབྱུང་སྟེ། སེམས་ཅན་ཚེ་ཟད་པ།་ལས་ཟད་པ། བསོད་ནམས་ཟད་པ་གཞན་དག་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེའོ། །དེ་དེར་ཚངས་པར་འགྱུར་ཏེ། ཚངས་པ་ཆེན་པོ་དེ་ལྟ་བར་གྱུར་པ་འདི་དག་འཐོབ་སྟེ། ང་ནི། ཚངས་པ། ཚངས་པ་ཆེན་པོ། །དབང་ཕྱུག་།འཕྲུལ་པ་པོ། བྱུང་བ་དང ། འབྱུང་བ་དག་གི་ཕའོ་སྙམ་མོ། །དེ་ཇི་ཙམ་དུ་ཡུན་རིང་དུ་འདུག་པའི་ཕྱིར་དགའ་བ་སྐྱེ་ཞིང་སྲིད་པ་སྐྱེ་སྟེ། ཀྱེ་ཨེ་མ་སེམས་ཅན་འདི་དག་བདག་དང་བརྟུལ་ཞུགས་མཐུན་པར་སྐྱེས་ཀྱང་ཅི་མ་རུང་སྙམ་མོ། ། གནས་འདི་ནི། ཡོད་ད། ཚངས་པ་དེའི་སེམས་བསྐྱེད་མ་ཐག་ཏུ་སེམས་ཅན་ཚེ་ཟད་པ། ལས་ཟད་པ། བསོད་ནམས་ཟད་པ་གཞན་དག་འོད་གསལ་གྱི་ལྷའི་རིས་ 464a ༄#། །ནས་ཤི་སྟེ་ཚངས་པ་དེའི་བརྟུལ་ཞུགས་དང་མཐུན་པར་སྐྱེའོ། །ཚངས་པ་དེ་ལྟ་བ་འདི་ལྟ་བུ་འཐོབ་སྟེ། ང་ནི། ཚངས་པ་སྟེ། ཚངས་པ་ཆེན་པོ། དབང་ཕྱུག་།བྱེད་པ་པོ། སྤྲུལ་པ་པོ། གཙོ་བོ། ཐོས་པར་བྱེད་པ། བྱུང་བ་དང་འབྱུང་བ་དག་གི་ཕ་སྟེ། བདག་ནི། འདིར་སྔར་སྐྱེས་ལ། སེམས་ཅན་འདི་དག་ནི། འཕྱི་སྟེ། སེམས་ཅན་འདི་དག་གི་རིམ་གྲོ་པར་སྤྲུལ་ཏེ། འཇིག་རྟེན་འདི་དག་ཁ་ཅིག་ནི། རྟག་པ། ཁ་ཅིག་ནི། མི་རྟག་སྟེ། ཁ་ཅིག་ཏུ་རྟག་པར་ལྟ་བ། དང་པོའི་སེམས་ཅན་དེ་དག་ཀྱང་ལྟ་བར་གྱུར་པ་འདི་ལྟ་བུ་འཐོབ་སྟེ། འདི་ནི། ཚངས་པ་སྟེ། ཚངས་པ་ཆེན་པོ། དབང་ཕྱུག་།བྱེད་པ་པོ། འཕྲུལ་བ་པོ། །གཙོ་བོ། །ཐོས་པར་བྱེད་པ། བྱུང་བ་དང་འབྱུང་བདག་གི་ཕ་སྟེ། དེ་ནི། སྔར་འདིར་སྐྱེས་ལ་བདག་ཅག་ནི། འཕྱིའོ། །འདིས་བདག་ཅག་ཚངས་པའི་རིམ་གྲོ་པར་སྤྲུལ་ཏེ། འཇིག་རྟེན་འདི་དག་ཁ་ཅིག་ནི། རྟག་།ཁ་ཅིག་ནི། མི་རྟག་སྟེ། འདི་ནི། གཅིག་ཏུ་རྟག་པར་ལྟ་བ་གཉིས་པའོ། །གང་དག་འདི་ནི། ཚངས་པ་སྟེ། ཚངས་པ་ཆེན་པོ། དབང་ཕྱུག་།བྱེད་པ་པོ། འཕྲུལ་བ་པོ། གཙོ་བོ། བྱུང་བ་དང་འབྱུང་བ་དག་གི་ཕ་སྟེ། དེ་ཆེས་གཟུགས་བཟང་ 464b ཞིང་ཆེས་མཛེས་ལ། གང་བདག་ཅག་ནི། ཚངས་པ་དེས་རིམ་གྲོ་པར་སྤྲུལ་ཏེ། །དེ་དག་ནི། གཟུགས་བཟང་བ་མ་ཡིན་ཞིང་དེ་དག་མཛེས་པ་མ་ཡིན་ལ། དེ་དག་བལྟ་ན་སྡུག་པ་མ་ཡིན་ནོ། །འཇིག་རྟེན་འདི་དག་ཁ་ཅིག་ནི། རྟག་ལ། ཁ་ཅིག་ནི། མི་རྟག་པ་འདི་ནི། གཅིག་ཏུ་རྟག་པར་ལྟ་བ་གསུམ་པའོ། །དེ་དུས་ཡིན།་དེ་དུས་མ་ཡིན་ཏེ། གང་སེམས་ཅན་གཞན་དག་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་དེ། ཚངས་པའི་འཇིག་རྟེན་ནས་ཤི་ནས་ཁམས་འདིར་འོངས་ཏེ། མི་རྣམས་དང་བརྟུལ་ཞུགས་མཚུངས་པར་འབྱོར་པའི་རྗེས་སུ་འགྲོ་བ་དང ། ཡོངས་སུ་སྨིན་པའི་རྗེས་སུ་འགྲོ་བ་དེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་པས་དེ་སྔོན་བདག་གི་རང་བཞིན་ཤིན་ཏུ་དྲན་ནས་བདེ་བར་གྱུར་པ་འདི་ལྟ་བུ་འཐོབ་སྟེ། གང་ཚངས་པ་འདི་ནི། ཚངས་པ་ཆེན་པོ། དབང་ཕྱུག་།བྱེད་པ་པོ། །འཕྲུལ་བ་པོ། །གཙོ་བོ། །ཐོས་པར་བྱེད་པ། བྱུང་བ་དང་འབྱུང་བ་དག་གི་ཕ་སྟེ། དེ་ནི། རྟག་པ། བརྟན་པ། ཐེར་ཟུག་པ། མི་འགྱུར་བའི་ཆོས་ཅན་ཏེ། ཇི་ཙམ་དུ་ཚངས་པ་དེས་བདག་ཅག་རིམ་གྲོ་པར་གྱུར་ཏོ། །བདག་ཅག་དེ་དག་ནི། མི་རྟག་པ། མི་བརྟན་པ། ཐེར་ཟུག་མ་ཡིན་ཞིང་ཚེ་ཐུང་ 465a ༄#། །བ་།འཆི་བའི་ཆོས་ཅན་ཏེ། འཇིག་རྟེན་འདི་དག་ཁ་ཅིག་ནི། རྟག་ལ། ཁ་ཅིག་ནི། མི་རྟག་པ། འདི་ནི། གཅིག་ཏུ་རྟག། པར་ལྟ་བ་བཞི་པའོ། །གནས་འདི་ནི། ཡོད་དེ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་འབད་པའི་རྗེས་སུ་འགྲོ་བ་དང ། སྦྱོར་བའི་རྗེས་སུ་འགྲོ་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་པས་བདག་དང་འཇིག་རྟེན་གྱི་མཐའ་ཡོད་དོ། །ཞེས་ཡང་དག་པར་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་མཐའ་ཡོད་པ་འདི་ཉིད་བདེན་གྱི། གཞན་ནི། གཏི་མུག་གོ་།སྙམ་པ་འདི་ནི། མཐར་ལྟ་བ་དང་པོའོ།། གནས་འདི་ནི། ཡོད་དེ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་བར་བྱ་སྟེ། ཇི་ལྟར་སེམས་མཉམ་པར་བཞག་པས་བདག་དང་འཇིག་རྟེན་མཐའ་མེད་པར་ཡང་དག་པར་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་མཐའ་མེད་པ་འདི་ཉིད་བདེན་གྱི། གཞན་ནི། གཏི་མུག་གོ་།སྙམ་པ་འདི་ནི། མཐར་འཛིན་བའི་ལྟ་བ་གཉིས་པའོ། །གནས་འདི་ནི། ཡོད་དེ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་ 465b ཏེ།་ཇི་ལྟར་སེམས་མཉམ་པར་བཞག་པས་གང་གི་ཚེ་དེའི་འདུ་ཤེས་འཇིག་རྟེན་ན་གནས་ཏེ། དེའི་འདུ་ཤེས་གོང་མར་མ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་ནི། མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པ་འདི་ཉིད་བདེན་གྱི། གཞན་ནི། གཏི་མུག་གོ་།སྙམ་པ་འདི་ནི། མཐའ་ཡོད་པ་དང་མཐའ་མེད་པར་ལྟ་བའོ། །གནས་འདི་ནི། ཡོད་དེ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་ནས་དེ་བཞིན་དུ་སྦྱར་ཏེ། ཇི་ལྟར་སེམས་མཉམ་པར་བཞག་པས་འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་འཇིག་རྟེན་ན་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་མཐའ་ཡོད་པའང་མ་ཡིན་མཐའ་མེད་པའང་མ་ཡིན་པ་དེ་ནི། འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། སྙམ་པ་འདི་ནི། མཐའ་ཡོད་པའང་མ་ཡིན། མཐའ་མེད་པའང་མ་ཡིན་པར་ལྟའོ། །གཞན་ཡང་འདིར་ཁ་ཅིག་ཚིག་འཁྲུལ་པ་དང ། གཞན་འཁྲུལ་པ་དག་ཡོད་དོ། །ཚིག་འཁྲུལ་པ་དང ། གཞན་འཁྲུལ་པ་འཇུག་པ་ནི། དེ་ལ་བདག་ཡོད་དམ་ཞེས་དྲིས་པ་ན།་སྨྲས་པ། འདིའང་མ་ཡིན། གཞན་ཡང་མ་ཡིན། འདི་མ་ཡིན། འདི་མ་ཡིན་པའང་མ་ཡིན་ཞེས་ཚིག་འཁྲུལ་པ་དང ། གཞན་འཁྲུལ་བ་འཇུག་ 466a ༄#། །གོ་།བདག་མེད་དམ་ཞེས་དྲིས་པ་ན། འདིའང་དེ་བཞིན་མ་ཡིན། གཞན་ཡང་མ་ཡིན། འདི་ནི། ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་ཅེས་ཚིག་འཁྲུལ་པ་དང ། གཞན་འཁྲུལ་པ་འཇུག་གོ་།བདག་དང་འཇིག་རྟེན་གྱི་ལྟ་བ་དྲིས་པ་ན། དེ་ནི། འདི་ལྟར་ཡང་ཡིན། འདི་ནི། འདི་ལྟར་ཡང་མ་ཡིན། འདི་ནི། གཞན་ཡང་མ་ཡིན། འདི་ནི། མ་ཡིན་ཞེས་ཚིག་འཁྲུལ་པ་དང ། གཞན་འཁྲུལ་པ་དག་འཇུག་སྟེ། འདི་ནི། ཚིག་འཁྲུལ་པ་བཞི་པའོ། །གནས་འདི་ནི། ཡོད་དེ། གལ་ཏེ་དེ་དེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འབད་པའི་རྗེས་སུ་འགྲོ་བ་ནས་དེ་སེམས་མཉམ་པར་བཞག་པས་སྔོན་གྱི་བདག་གི་ངོ་བོ་ཉིད་རྗེས་སུ་དྲན་ནོ། །དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། བདག་སྔོན་ནི། འདིར་མ་བྱུང་ལ་དེ་འདིར་དབྱུང་བས་བདག་དང་འཇིག་རྟེན་དེ་རྒྱུ་མེད་པ་ལས་བྱུང་བ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །སྙམ་པ་འདི་ནི། རྒྱུ་མེད་པ་ལས་བྱུང་བར་ལྟ་བ་དང་པོའོ། །གཞན་ཡང་འདི་ལ་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་རྟོག་གེ་པ་དཔྱོད་པ་པ་ཡིན་ཏེ། དེ་དག་རྟོག་གེའི་ཀུན་ནས་ཉོན་མོངས་པ། རང་ 466b གི་ལྟ་བ་པ། རང་གི་སྤོབས་པ་པ། དཔྱོད་པའི་རྗེས་སུ་སྤྱོད་པ་དེ་འདི་སྐད་སྨྲ་སྟེ། བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་བ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །སྙམ་པ་འདི་ནི། རྒྱུ་མེད་པ་ལས་བྱུང་བར་སྨྲ་བ་གཉིས་པའོ། །བཅོ་བརྒྱད་པོ་འདི་དག་ནི། སྔོན་གྱི་མཐར་བརྟགས་པས་ལྟ་བར་གྱུར་པའོ། །འདུ་ཤེས་བཅུ་དྲུག་ཏུ་ལྟ་བ་ནི། བདག་གཟུགས་ཅན་ཡིན་ཏེ། འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། སྙམ་མོ། །བདག་གཟུགས་མེད་པ་ལ་ཤི་ནས་འདུ་ཤེས་དང་ལྡན་པ་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་དང་གཟུགས་དང་གཟུགས་མེད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་དེ་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་དང་གཟུགས་ཡོད་པའང་མ་ཡིན། གཟུགས་མེད་པའང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་པ་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་མཐའ་ཡོད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །ཤི་ནས་ནད་མེད་པ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ་འདི་ཉིད་བདེན་གྱི། གཞན་ནི། །རྫུན་ནོ། །བདག་མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་པ་ཡིན་ཏེ། 467a ༄#། །ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་མཐའ་ཡོད་པའང་ཡིན། མཐའ་མེད་པའང་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་མཐའ་ཡོད་པའང་མ་ཡིན། མཐའ་མེད་པའང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། བདག་གཅིག་ཏུ་བདེ་བ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་གཅིག་ཏུ་སྡུག་བསྔལ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་བདེ་བ་དང་ལྡན་པ་སྡུག་བསྔལ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་པ་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་འདུ་ཤེས་གཅིག་ཏུ་གྱུར་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ 467b ནོ། །བདག་འདུ་ཤེས་ཐ་དད་དུ་གྱུར་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་འདུ་ཤེས་ཆུང་བ་ཡིན་ཏེ།་ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་འདུ་ཤེས་ཚད་མེད་པ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། སྙམ་སྟེ། འདི་དག་ནི། འདུ་ཤེས་སུ་སྨྲ་བ་བཅུ་དྲུག་གོ་།དེ་ལ་འདུ་ཤེས་སུ་སྨྲ་བ་བརྒྱད་གང་ཞེ་ན།་བདག་གཟུགས་ཅན་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་གཟུགས་མེད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་མཐའ་ཡོད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་མཐའ་མེད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། བདག་ནི། །གཅིག་ཏུ་བདེ་བ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་གཅིག་ཏུ་བདེ་བ་དང་སྡུག་ 468a ༄#། །བསྔལ་བ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །བདག་སྡུག་བསྔལ་བའང་མ་ཡིན། བདེ་བའང་མ་ཡིན་པ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། ། ཞེས་དེ་ལྟར་ཁ་ཅིག་སྨྲ་བ་མངོན་དུ་སྨྲའོ། །དེ་ལ་འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པར་སྨྲ་བར་བརྒྱད་གང་ཞེ་ན། བདག་གཟུགས་ཅན་ཡིན་ཏེ།་ཤི་ནས་འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །ཞེས་ཁ་ཅིག་སྨྲ་བ་མངོན་དུ་སྨྲའོ། །བདག་གཟུགས་ཅན་མ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པའང་མ་ཡིན། འདུ་ཤེས་མེད་པའང་མ་ཡིན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི།་རྫུན་ནོ། །ཞེས་ཁ་ཅིག་སྨྲ་བ་མངོན་དུ་སྨྲའོ། །བདག་འདུ་ཤེས་གཅིག་ཏུ་གྱུར་པ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པའང་མ་ཡིན། འདུ་ཤེས་མེད་པའང་མ་ཡིན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །ཞེས་ཁ་ཅིག་སྨྲ་བ་མངོན་དུ་སྨྲའོ། །བདག་འདུ་ཤེས་ཐ་དད་དུ་གྱུར་པ་ཡིན་ཏེ།་ཤི་ནས་འདུ་ 468b ཤེས་ཡོད་པའང་མ་ཡིན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །བདག་གཅིག་ཏུ་བདེ་བ་དང་ལྡན་པ་ཡིན་ཏེ།་ཤི་ནས་འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཞིང་ནད་མེད་པའོ། །བདག་གཅིག་ཏུ་སྡུག་བསྔལ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པའོ། །བདག་ནི། བདེ་བ་དང་སྡུག་བསྔལ་བ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཞིང་ནད་མེད་པའོ། །བདག་སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་པ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་ཡོད་པའང་མ་ཡིན། འདུ་ཤེས་མེད་པའང་མ་ཡིན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི། རྫུན་ནོ། །ཞེས་ཁ་ཅིག་སྨྲ་བ་མངོན་དུ་སྨྲ་སྟེ། འདི་དག་ནི། འདུ་ཤེས་ཡོད་པའང་མ་ཡིན། འདུ་ཤེས་མེད་པའང་མ་ཡིན་པའི་སྐྱེ་མཆེད་དུ་སྨྲ་བ་བརྒྱད་དོ། །དེ་ལ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་ལྔ་གང་ཞེ་ན། འདིར་འདི་ལ་ཁ་ཅིག་འདི་སྐད་སྨྲ། འདི་ལྟར་ལྟ་བ་ཡིན་ཏེ། བདག་འདི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་ཡོངས་སུ་སྤྱོད་དོ། །དེའི་ཚེ་བདག་འདི་མཐོང་བའི་ཆོས་ 469a ༄#། །ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་འགྱུར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། དེའི་ཚེ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་མི་འགྱུར་ཏེ། གང་གི་ཚེ་བདག་འདི་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ནས་བསམ་གཏན་དང་པོའི་བར་ཉེ་བར་རྫོགས་པར་བྱས་ཏེ་གནས་པ་དེའི་ཚེ་བདག་འདི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་འགྱུར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་མི་འགྱུར་རོ། །གང་གི་ཚེ་བདག་དེ་རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་བསམ་གཏན་གཉིས་པ་ཉེ་བར་རྫོགས་པར་བྱས་ཏེ་གནས་པ་དེ་ཙམ་གྱིས་བདག་དེ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པར་འགྱུར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་མཆོག་ཐོབ་པར་མི་འགྱུར་རོ། །གང་གི་ཚེ་བདག་དེ་དགའ་བའི་འདོད་ཆགས་དང་བྲལ་བ་ནས་དེ་བཞིན་དུ་སྦྱར་ཏེ། བསམ་གཏན་གསུམ་ 469b པའི་བར་ཉེ་བར་རྫོགས་པར་བྱས་ཏེ་གནས་པ་དེ་ཙམ་གྱིས་བདག་བདེ་བའི་ཆོས་ལ་མྱ་ངན་ལས་འདས་པའི་མཆོག་ཐོབ་པར་འགྱུར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ།་བདག་དེ་དེ་ཙམ་གྱིས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་མཆོག་ཐོབ་པར་མི་འགྱུར་རོ། །རང་གི་ཚེ་བདག་དེ་བདེ་བའང་སྤངས། སྡུག་བསྔལ་ཡང་སྤངས་པ་ནས་བསམ་གཏན་བཞི་པའི་བར་ཉེ་བར་རྫོགས་པར་བྱས་ཏེ་གནས་པ་དེ་ཙམ་གྱིས་བདག་དེ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་མཆོག་ཐོབ་པར་འགྱུར་ཏེ།་ལྔ་པོ་འདི་དག་ནི། མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་སྨྲ་བ་ཡིན་ནོ། །བམ་པོ་ཉི་ཤུ་རྩ་ལྔ་པ་སྟེ། ཐ་མ། དེ་ལ་ཆད་པར་སྨྲ་བ་བདུན་གང་ཞེ་ན། འདི་ལ་ཁ་ཅིག་དག་འདི་སྐད་སྨྲ་ཞིང་འདི་ལྟར་ལྟ་བ་ཡོད་དེ། གང་གི་ཚེ་བདག་གཟུགས་ཅན་དེ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཆད་པར་འགྱུར། རྣམ་པར་འཇུག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། དེ་ཙམ་གྱི་ས་བདག་དེ་ཡང་དག་པར་ཆད་པར་འགྱུར་རོ། །གང་གི་ཚེ་བདག་དེ་ལྷའི་འདོད་པའི་ཡོན་ཏན་དག་ལ་ཡོངས་སུ་སྤྱད་ནས་ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། དེ་ཙམ་གྱིས་བདག་དེ་ཡང་དག་པར་ཆད་པར་འགྱུར་རོ། །དེ་ལ་གཞན་དག་འདི་ 470a ༄#། །སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། །གང་གི་ཚེ་བདག་གཟུགས་ཅན་དེ་འཇིག་རྟེན་ཕ་རོལ་ནས་ཤི་ནས་མིའི་བཟང་པོ་ཡོངས་སུ་སྤྱད་དེ་ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། བདག་དེ་ཡང་དག་པར་ཆད་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། །གང་གི་ཚེ་བདག་གཟུགས་ཅན་མ་ཡིན་པ་དེ་འཇིག་རྟེན་ཕ་རོལ་ནས་ཤི་ནས་ནམ་མཁའ་ལ་འདུ་ཤེས་སྐྱེ་མཆེད་དུ་ཉེ་བར་སོང་སྟེ་ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། དེ་ཙམ་གྱིས་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། ། གང་གི་ཚེ་བདག་གཟུགས་ཅན་མ་ཡིན་པ་དེ་འཇིག་རྟེན་ཕ་རོལ་ནས་ཤི་ནས་རྣམ་ཤེས་འདུ་ཤེས་སྐྱེ་མཆེད་དུ་ཉེ་བར་སོང་སྟེ་ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། བདག་དེ་ཡང་དག་པར་ཆད་པར་འགྱུར་བའི་བར་དེ་བཞིན་དུ་སྦྱར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ 470b ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། །གང་གི་ཚེ་བདག་གཟུགས་ཅན་མ་ཡིན་པ་དེ་འཇིག་རྟེན་ཕ་རོལ་ནས་ཤི་ནས་ཅིའང་མེད་པའི་སྐྱེ་མཆེད་དུ་ཉེ་བར་སོང་སྟེ་ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། བདག་དེ་ཡང་དག་པར་ཆད་པར་འགྱུར་བའི་བར་དེ་བཞིན་དུ་སྦྱར་རོ། །དེ་ལ་གཞན་དག་འདི་སྐད་སྨྲ་སྟེ། བདག་དེ་དེ་ཙམ་གྱིས་ཡང་དག་པར་ཆད་པར་མི་འགྱུར་རོ། །གང་གི་ཚེ་བདག་དེ་འཇིག་རྟེན་ཕ་རོལ་ནས་ཤི་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་སོང་སྟེ་ཆད་པར་འགྱུར། རྣམ་པར་འཇིག་པར་འགྱུར། མི་འགྲུབ་པར་འགྱུར་ཏེ། དེ་ཙམ་གྱིས་བདག་དེ་ཡང་དག་པར་འཆད་པར་འགྱུར་རོ། ། བདུན་པོ་འདི་དག་ནི། ཆད་པར་སྨྲ་བ་ཡིན་ནོ། །དེ་དག་ལས་སྔོན་གྱི་མཐའ་རྟོག་པ་ནི། བཅོ་བརྒྱད་དོ། །ཕྱི་མའི་མཐའ་རྟོག་པ་ནི། བཞི་བཅུ་རྩ་བཞི་སྟེ། འདི་ནི། ལྟ་བའི་ཟག་པ་ཞེས་བྱའོ། །དེ་འདི་སྙམ་དུ་སེམས་ཏེ། ལྟ་བར་འགྱུར་པ་དྲུག་ཅུ་རྩ་གཉིས་པོ་འདི་དག་ཐམས་ཅད་ནི། འཆིང་བ་ཡིན་ནོ། །དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོ་འདི་དག་གིས་འཇུག་པར་བྱེད། ལྡོག་པར་བྱེད་དོ། །དེ་ད་ལྟར་དེ་དག་གཞན་གྱིས་ཀྱང་ངེས་པར་འབྱུང་བར་ 471a ༄#། །བལྟ་སྟེ། དེ་དག་ཕལ་ཆེར་ནི། ངེས་པར་འབྱུང་བར་མི་བལྟའོ། །འདི་ལྟ་སྟེ། དཔེར་ན། ཉ་པའམ། ཉ་པའི་སློབ་མ་མཁས་པ་ལུས་ཤིན་ཏུ་གཤེར་བ་ཞིག་ཆུར་ཞུགས་ན། ཆུའི་ཀློང་ཡང་དག་པར་བཅད་དེ་འགྲེང་བའམ། འདུག་པ་དེ་འདི་སྙམ་དུ་སེམས་སོ། །སྲོག་ཆགས་གང་ལ་ལ་དག་ཆུ་ཆུང་དུ་འདིར་དེ་དག་གི་ལུས་གཤེར་བ་ཐམས་ཅད་ཆུའི་ནང་དུ་འཇུག་པ་ན་འཇུག་ཅིང་དེ་ལས་ཕྱི་རོལ་ཏུ་མ་ཡིན་ནོ། །དེ་བཞིན་དུ་དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་དག་འཇུག་པ་ན་འཇུག་སྟེ། དེ་དག་ཐམས་ཅད་འཇིག་ཚོགས་ལ་ལྟ་བའི་གཞི་ལྟ་བར་འགྱུར་པ་དྲུག་ཅུ་རྩ་གཉིས་དག་གིས་འཇུག་པར་འཇུག་གོ་།དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐལ་བ་མེད་དོ། །དེ་དག་འཇིག་ཚོགས་ལ་ལྟ་བའི་གཞི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་དག་སྤངས་པའི་བྱང་ཆུབ་སེམས་དཔའ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སྙམ་ནས་དེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཇི་ལྟར་རྟོགས་པའི་ཆོས་དག་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེའི་ལྟ་བར་གྱུར་པ་རྣམ་པར་བཤིག་ 471b པ་དེ་དག་ཐོས་ནས་སེམས་ཅན་དཔག་ཏུ་མེད་པ་རྣམས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་ཤིང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཆོས་རྣམ་པར་སྟོན་པ་ལ་དཔའ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན།་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཆོས་རྣམ་པར་སྟོན་པ་ལ་དཔའ་བ་ཞེས་བྱ་བར་གྱུར་ཏོ། །ངས་ལྟ་བར་གྱུར་པ་རྣམ་པར་བཤིག་པ་དེ་སེམས་ཅན་རྣམ་པ་དུ་མས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྟ་བར་གྱུར་པ་རྟོག་པར་བྱ་བ་ལ་མཁས་པར་བྱའོ། །མཽངྒལ་གྱི་བུ། ངས་ལྟ་བའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་བཞིན་དུ་སྦྱར་ཏེ། བདག་གིས་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཤེས་རབ་རྙོག་པ་མེད་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ་།། 472a ༄#། །དེ་འདི་སྙམ་དུ་སེམས་ཏེ། གང་ཞིག་ཡོད་ན། ལྟ་བར་གྱུར་པ་ཡང་དག་པར་འབྱུང་བར་འགྱུར། གང་ཞིག་མེད་ན། ལྟ་བར་གྱུར་པ་རྣམས་སྤོང་བར་འགྱུར། དེ་འདི་སྙམ་དུ་སེམས་ཏེ། མུན་པའི་ཚོགས་གསུམ་ཡོད་ན། ལྟ་བར་གྱུར་པ་རྣམས་ཀུན་འབྱུང་བར་འགྱུར་ལ། དེ་དག་ཉིད་མེད་ན།་ལྟ་བར་གྱུར་པ་དག་མི་འབྱུང་ངོ ། །མུན་པའི་ཚོགས་གསུམ་གང་ཞེ་ན། འདས་པའི་དུས་སུ་བདག་བྱུང་ངམ་མ་བྱུང ། ཅི་འདས་པའི་དུས་སུ་བྱུང་ནས་བྱུང་བར་གྱུར་ཏམ། བདག་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་རམ་མི་འགྱུར། ཅི་མ་འོངས་པའི་དུས་སུ་བྱུང་ནས་འབྱུང་བར་འགྱུར་རམ། ད་ལྟར་གྱི་དུས་འདི་ལའང་སོམ་ཉི་དང ། ཐེ་ཚོམ་དུ་འགྱུར་ཏེ། བདག་ཅི་ཡིན། བདག་ཇི་ལྟ་བུ་ཞིག་།ཅི་བདག་བྱུང་བར་གྱུར་ཏམ། ཇི་ལྟར་བྱུང་བར་གྱུར། སེམས་ཅན་དེ་དག་གར་སོང ། དེ་འདི་ནས་ཤི་ནས་གར་འགྲོ་བར་འགྱུར་སྙམ་མོ། །དེ་བདག་ཡོད་དོ། །ཞེས་དེའི་ངེས་པར་འགྱུར་ཏེ། དེ་རྟག་པར་མངོན་པར་ཞེན་པར་འགྱུར་རོ། །དེ་སྔོན་གྱི་མཐར་རྟོག་པ་རྟག་པར་ལྟ་བ་བཞི་འཐོབ་སྟེ། གཅིག་ཏུ་རྟག་པར་ལྟ་བ་བཞི་འཐོབ་བོ། །མཐར་ལྟ་ཞིང་སྨྲ་བ་བཞི་འཐོབ། འདུ་ཤེས་སུ་ 472b ལྟ་ཞིང་སྨྲ་བ་བཅུ་དྲུག་འཐོབ། འདུ་ཤེས་སུ་ལྟ་བ་བརྒྱད་འཐོབ། འདུ་ཤེས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་བརྒྱད་འཐོབ། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་ལྟ་བ་ལྔ་འཐོབ། ཆད་པར་ལྟ་བ་བདུན་འཐོབ་སྟེ། ངེས་པ་ཡོད་པར་མི་འགྱུར་རོ། །དེ་རྒྱུ་མེད་པའི་ལྟ་བ་གཉིས་འཐོབ་སྟེ། ངེས་པ་ཡོད་པར་མི་འགྱུར་རོ། །ངག་འཁྲུལ་པའི་ལྟ་བ་བཞི་འཐོབ་སྟེ། བདག་ཡོད་དོ། །ཞེས་ངེས་པར་མི་འགྱུར་རོ། །དེ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ལྔ་འདོགས་པར་བྱེད་པ་ཆད་པར་ལྟ་བ་བཞི་འཐོབ་སྟེ། དེ་དག་ཐམས་ཅད་ཆད་པ་དང ། རྟག་པའི་ཕྱོགས་གཉིས་ལ་གནས་ཏེ། གང་ཟག་གཉིས་པོ་དེ་དག་སྙོམས་པར་ཞུགས་སོ། །རྟོག་གེ་པ་ཁ་ཅིག་དག་བདག་རྒྱུ་མེད་པ་ལས་བྱུང་བར་མཐོང་སྟེ། སྙོམས་པར་ཞུགས་པའི་དབང་གིས་སེམས་རྩེ་གཅིག་པ་ཐོབ་ཀྱང་འཆི་བ་མི་དྲན་ནོ། །གང་རྟོག་གེ་པ་དེ་དག་བརྟགས་ནས་རྣམ་པར་བརྗོད་དེ་འདི་སྐད་སྨྲའོ། །རྒྱུ་མེད་པ་ལས་བྱུང་སྟེ། དེ་རྒྱུ་མེད་པས་མི་འགོག་གོ་།ཞེས་རྟག་པ་དང ། ཆད་པ་དང ། མཐའ་མེད་པར་འགྲོ་བ་མཐོང་ངོ ། །གང་གིས་སེམས་ཅན་ཀུན་འབྱུང་བའི་རིགས་པ་གཞན་གང་དག་ཡོད་དམ་ཞེས་མཐའ་གཉིས་པོ་འདི་ལ་བརྟེན་ནས་བློ་རྣམ་པར་ 473a ༄#། །དཔྱོད་དོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱས་པས་ཤེས་རབ་ཀྱི་མིག་སྐྱེས་ནས་འདི་ལ་སེམས་ཅན་མེད་ཅིང་ཉོན་མོངས་པ་དག་ལས་ལས། ལས་དག་ལས་རྣམ་པར་སྨིན་པ་ཡང་དག་པར་འགྲུབ་པར་འགྱུར་ཏེ། དེ་ལས་ཀྱང་རྣམ་པར་ཤེས་པའོ། །མ་རིག་པ་དང ། སྲེད་པ་ནི། ཉོན་མོངས་པ།་འདུ་བྱེད་དང་སྲིད་པ་ནི། ཞིང ། ཉེ་བར་ལེན་པ་ནི། སེར། མྱུ་གུ་ནི། སྐྱེ་བ་སྟེ། དེ་ལ་སྡུག་བསྔལ་དང།་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། འཁྲུག་པ་རྣམས་འབྱུང་ཞིང་དེ་བཞིན་དུ་སྡུག་བསྔལ་གྱི་ཤིང་འདི་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྔོན་མ་ཐོས་པའི་ཆོས་འདི་རྣམས་ལ་རྐྱེན་ལས་མ་གཏོགས་པ་འདིར་ཆོས་གང་ཡང་སྐྱེ་བའམ། འགག་པ་མེད་དོ། །འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་ནས་རྒ་ཤིའི་བར་དུ་སྟེ། དེ་བཞིན་དུ་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་པོ་འབྱུང་བར་འགྱུར་ཞིང ། བདག་སེམས་པར་མི་བྱེད། གཞན་སེམས་པར་མི་བྱེད་དོ། །དེ་འདིའི་རྐྱེན་གཞན་ལས་ཇི་ལྟར་འགྱུར། དེ་བཞིན་དུ་རྒ་ཤིའི་ 473b བར་ཡོངས་སུ་ཤེས་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་སོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། འཁྲུལ་པའོ། །སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ་འཁོར་བརྒྱ་སྟོང་ཕྲག་དུ་མའི་དབུས་སུ་འདུག་ནས་ཆོས་འདི་སྟོན་པར་བྱེད་དོ། །གྲོགས་པོ་དག་།འདི་ལ་སེམས་ཅན་གང་སྐྱེ་བའམ། འགག་པ་གང་ཡང་མེད་དེ། ཁྱེད་ཅག་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོགས་ཤིང ། ངོ་བོ་ཉིད་མེད་པ་དེ་ནི། ཆོས་རྣམས་ཀྱི་ངོ་བོ་ཉིད་དོ། །དེ་ཆོས་རྣམས་ཀྱི་ངོ་བོ་ཉིད་རབ་ཏུ་སྟོན་པ་ན་སྲོག་ཆགས་ཁྲག་ཁྲིག་གྲངས་མེད་པ་དག་གིས་འདི་ལ་ཆོས་གང་ཡང་སྐྱེ་བའམ། འགག་པ་མེད་པར་ཆོས་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་ཤེས་ཤིང་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། །དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་རབ་རྙོག་པ་མེད་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་རབ་བརྙོག་པ་མེད་པ་ཞེས་བྱ་བར་གྱུར་ཏོ། །ངས་སྲོག་ཆགས་ཁྲག་ཁྲིག་གྲངས་མེད་པ་དེ་དག་ངོ་བོ་ཉིད་མེད་པ་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ལྟ་བ་རྙོགས་པ་མེད་པར་བྱ། ངོ་བོ་ཉིད་མེད་པའི་ཆོས་ 474a ༄#། །རྣམས་ཀྱི་ངོ་བོ་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ། སོ་སོར་རིག་པར་བྱའོ། །ངོ་བོ་ཉིད་མེད་པའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའི་བྱང་ཆུབ་སེམས་དཔའ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །མཽངྒལ་གྱི་བུ། ངས་ལྟ་བའི་ཟག་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ། མངོན་པར་འདུས་བྱས་པའི་བར་དང ། བདག་གིས་ཇི་ལྟར་ཡང་དག་པར་རབ་ཏུ་བཤད་པར་བྱ་སྙམ་པའི་བར་དུའོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ཤེས་རབ་མཁས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་ནས་དེ་བཞིན་དུ་སྦྱར་ཏེ། འདོད་ཆགས་དང་བྲལ་བའི་བར་ཞིག་བྱུང་ངོ ། །དེ་དབེན་པར་སོང་སྟེ། ནང་དུ་ཡང་དག་བཞག་པ་དང ། སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་བསྐྱེད་དེ། ཀྱེ་མ་འཇིག་རྟེན་འདི་ནི། ཉོན་མོངས་པ་ཡིན་ཏེ། འདི་ལྟ་སྟེ། སྡུག་བསྔལ་ལས་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། སྡུག་བསྔལ་ལས་ངེས་པར་འབྱུང་བ་ 474b གང་ཡིན། དེ་འདི་སྙམ་དུ་སེམས་ཏེ། རྟོག་པ་ལས་སྡུག་བསྔལ་འབྱུང་ཞིང་ཡོངས་སུ་རྟོག་པ་མེད་ན། མི་འབྱུང་ངོ ། །སྙམ་མོ། །དེ་དེ་ལྟར་རིག་ནས་གང་གི་ཚེ་འདུ་བྱེད་ཐམས་ཅད་ཞི་ཞིང་སྲེད་པ་དང ། འདོད་ཆགས་མ་ལུས་པ་དང་བྲལ་ཞིང་འགོག་པ་མྱ་ངན་ལས་འདས་པ་འདི་ནི། ཞི་བའོ། །འདི་ནི། གྱ་ནོམ་པའོ། །སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། མྱ་ངན་ལས་མ་འདས་པའི་སེམས་ཅན་གང་ཁ་ཅིག་མྱ་ངན་ལས་འདས་པ་ཡོད་དམ་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན་འདུ་ཤེས་འདི་ལྟ་བུ་སྐྱེས་སོ། །གལ་ཏེ་སེམས་ཅན་ཞིག་ཡོད་ན། མྱ་ངན་ལས་འདས་པར་འགྱུར་བ་ཞིག་ན། སེམས་ཅན་མེད་པས་མྱ་ངན་ལས་འདས་པ་ནི། མེད་དོ། །སེམས་ཅན་གྱི་འདུ་ཤེས་རབ་ལས་བྱུང་བའི་སྡུག་བསྔལ་གྱིས་གནོད་དེ། འགྲོ་བ་དག་མྱ་ངན་ལས་འདས་པ་ཚོལ་བ་ནི། མྱ་ངན་ལས་འདས་པ་གཞན་མ་ཡིན་ཞིང་ཕུང་པོ་གཞན་མ་ཡིན་ཏེ། ཕུང་པོ་ཉིད་མྱ་ངན་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མི་དམིགས་པ་ནི། མྱ་ངན་ལས་འདས་པ་ཡིན་ནོ་སྙམ་མོ། །དེ་དྲན་པ་ཉེ་བར་གཞག་པར་ཤེས་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་སྒྲ་ཕྱུང་ཞིང་སྒྲ་དབྱངས་རྗེས་སུ་སྒྲོག་པ། རང་གི་ཀུན་ཏུ་རྟོག་པ་ནི། །སྡུག་བསྔལ་ཕུང་པོ་རབ་ཏུ་འཇུག་།ཀུན་ 475a ༄#། །ཏུ་རྟོག་པ་མེད་པ་ནི། །སྡུག་བསྔལ་ཕུང་པོ་འགག་པར་འགྱུར། །སེམས་ཅན་གང་ཡང་སྐྱེ་བ་མེད། །ཆོས་ནི་གང་ཡང་འགག་པ་མེད། །ཆོས་ལས་རྣམ་པར་རྟོག་གཞན་མེད། །དེ་ནི་མྱ་ངན་འདས་ཞེས་བྱ། །དེའི་སྒྲ་དབྱངས་དེ་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་རབ་མཁས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་རབ་མཁས་པ་ཞེས་བྱ་བར་གྱུར་ཏོ། །དེའི་སྒྲ་དབྱངས་དེ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །མཽངྒལ་གྱི་བུ།་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ལ་མཁས་པར་བྱའོ། །མཽངྒལ་གྱི་བུ། ངས་ལྟ་བའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་ 475b སྤྱོད་པ་ནས་སྔ་མ་བཞིན་སྦྱར་རོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་གྲགས་འཕགས་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་བ་ཞེས་བྱ་བ་ནས་དེ་བཞིན་དུ་སྦྱར་ཏེ། འདོད་ཆགས་དང་བྲལ་བའི་བར་ཞིག་བྱུང་ངོ ། །དེ་བྲམ་ཟེའི་ཁྱེའུ་བདུན་སྟོང་དང་འབྱུང་བ་ཆེན་པོ་བཞི། འབྱུང་བ་ཐ་མི་དད་པ། དུས་གསུམ་མཉམ་པ་ཉིད་ལ་གནས་པའི་གསང་ཚིག་འདོན་ཏོ། །དེའི་ཚེ་བྲམ་ཟེའི་ཁྱེའུ་དེ་དག་གི་འཁོར་ན་བྲམ་ཟེའི་ཁྱེའུ་མཆོག་གི་བློ་གྲོས་ཞེས་བྱ་བ་བྲམ་ཟེའི་ཁྱེའུའི་འཁོར་དེ་དག་ཐམས་ཅད་ཀྱི་གཙོ་བོ་བྱེད་པ། གང་བྲམ་ཟེའི་ཁྱེའུ་བདུན་སྟོང་པོ་དེ་དག་གིས་གསང་ཚིག་བཟུང་བ་དེ་གཅིག་པུས་དྲན་ཞིང་དེ་ཡུན་མི་རིང་བར་རིག་བྱེད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་དེ་འདི་སྙམ་དུ་སེམས་ཏེ། དོན་གང་མི་ཤེས་པའི་གསང་ཆིག་འཛིན་པ་དོན་མེད་པ་འདིས་ཅི་ཞིག་བྱ། གང་བདག་གིས་རིག་བྱེད་དང ། གསང་ཚིག་འདིའི་དོན་བཙལ་བར་བྱའོ། །སྙམ་ནས་དེ་དེའི་ཚེ་དགོན་པ་བས་མཐའི་གནས་མལ་དུ་འཇུག་སྟེ། དེ་དབེན་པར་སོང་ནས་ནང་དུ་ཡང་དག་པར་བཞག་པ་དང་སེམས་ཀྱི་རྟོག་པ་འདི་ལྟ་བུ་སྐྱེས་སོ། །གསང་ཚིག་ 476a ༄#། །ཅེས་བྱ་བ་འདི་གང་ཡིན། ཅི་གང་རླུང་གི་དཀྱིལ་འཁོར་ཡིན་ནམ། འདི་ལྟར་རླུང་གི་དཀྱིལ་འཁོར་ནི། གནས་མེད་ཅིང་གཞི་མེད་ལ་གནས་པ་མ་ཡིན་ཏེ། འདི་ལྟར་རླུང་གི་དཀྱིལ་འཁོར་གྱིས་བསླང་བ་དེ་ནི། ཤར་ཕྱོགས་སུ་གདགས་པ་མེད་ཅིང ། ལྷོ་ཕྱོགས་སུ་མེད། རྒྱ་ཆེར་སྦྱར་ཏེ་ཕྱོགས་བཅུ་ནས་སྟེང་གི་ཕྱོགས་ཀྱི་བར་དུ་གདགས་པ་མེད་དེ། ཞི་བ་མི་དམིགས། འདུལ་བ་མི་དམིགས། བཏུལ་བ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པའི་ཕྱིར་རོ་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་གྱིས་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས། བྲམ་ཟེའི་ཁྱེའུ་མཁན་པོ་དང་བཅས་པ་འདི་དག་ཐམས་ཅད་ནི། ལམ་གོལ་བ་ལ་གནས་པ་ཡིན་ཏེ། འདི་ལས་ཉོན་མོངས་པ་འབྱུང་ངོ་སྙམ་མོ། །དེའི་ཚེ་གནས་གཙང་མའི་ལྷ་དག་ལུས་ཀྱིས་མངོན་སུམ་དུ་བར་སྣང་ལ་འདུག་ནས་དེ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་བསླབ་ཅིང་ལམ་ཁོང་དུ་ཆུད་པ་ནི། ལེགས་སོ། ། ལེགས་སོ། །རིགས་ཀྱི་བུ། ལམ་འདིས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་མོའི་རྡུལ་སྙེད་པས་ཀྱང་མང་བའི་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་ 476b དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དཔག་ཏུ་མེད་པ་དག་གི་དོན་མཛད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་བྲམ་ཟེའི་ཁྱེའུ་བདུན་སྟོང་པོ་མཁན་པོ་དང་བཅས་པ་དེ་དག་ལ་གཏམ་དེ་སྨྲས་སོ། །སེམས་ཅན་དེ་དག་གིས་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིང ། དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དཔག་ཏུ་མེད་པ་དག་གི་དོན་མཛད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །བྱང་ཆུབ་སེམས་དཔའ་མཆོག་གི་བློ་གྲོས་དེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་འབྱུང་བ་དག་བཞུགས་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་དག་གི་ཆོས་རྣམ་པ་གསུམ་ཡོངས་སུ་བཟུང་ངོ་།། མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་མཆོག་གི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་མཆོག་གི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་ 477a ༄#། །མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སེམས་ཅན་ངོ་བོ་ཉིད་མེད་པར་ངེས་པར་རིག་པར་བྱའོ། །མཽངྒལ་གྱི་བུ། ངས་མ་རིག་པ་ཤེས་པར་བྱ་བའི་དོན་དུ་སྔོན་ཞེས་བྱ་བ་ནས་བདག་གིས་ཇི་ལྟར་མངོན་པར་འདུ་བྱ་སྙམ་པའི་བར་སྔ་མ་བཞིན་དུ་སྦྱར་རོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་རིག་བྱེད་ཤེས་པ་ཞེས་བྱ་བ་རིག་བྱེད་ཐམས་ཅད་ཤེས་པ། བསྟན་བཅོས་ཀྱི་ཕ་རོལ་ཏུ་ཕྱིན་པ། དོན་ཐམས་ཅད་རིག་པ། རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་ཆགས་དང་བྲལ་བ་ཞིག་བྱུང་སྟེ། དེའི་ཚེའི་ཚད་ལོ་སྟོང་ཕྲག་དགུ་བཅུར་གྱུར་ཏོ། །དེས་ལོ་སྟོང་ཕྲག་བརྒྱད་བཅུར་ནམ་ཡང་གློས་མ་ཕབ་ཅིང ། ནམ་ཡང་རྨུགས་པ་དང་གཉིད་མ་ལོག་སྟེ། གཞན་དུ་ན་སྡུག་བསྔལ་འདི་ག་ལས་བྱུང་ཞེས་དེ་ལྟར་སེམས་ཀྱིས་སེམས་སོ། །དེ་འདི་སྙམ་སེམས་ཏེ། མི་ཤེས་པའི་དབང་ལས་གཞན་མ་ཡིན་ཏེ། མི་ཤེས་པ་ནི། འཁོར་བའི་རྒྱུན་ཆགས་པར་འགྱུར་ལ། ཤེས་ཤིང་མཐོང་བ་ནི། འཁོར་བ་ 477b ལྡོག་པར་འགྱུར་རོ་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་སོ་སོར་རྟོག་པ་ན་གནས་གཙང་མའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུ་དག་སྟེང་གི་བར་སྣང་ལ་འཁོད་ནས་ཆེད་དུ་བརྗོད་པ་འདི་ལན་གསུམ་དུ་ཆེད་དུ་བརྗོད་དོ། །ཀྱེ་མ་སེངྒེ་སེངྒེ་ཆེ། །སེམས་ཅན་སེངྒེ་འཇིགས་པ་མེད། །སེངྒེ་བསམ་པ་རྣམ་པར་སེམས། །འདྲེན་པ་སེངྒེར་འགྱུར་བ་ཡིན། །བར་སྣང་འདི་ལ་འཁོད་པ་ཡི། །ལྷ་ནི་བྱེ་བ་བརྒྱད་ཅུ་དག་།འཇིགས་མེད་སེངྒེའི་སྒྲ་སྒྲོག་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་བྱེད། །ཕྱོགས་བཅུ་དག་ན་སངས་རྒྱས་ཞིང ། །དཔག་ཏུ་མེད་པ་ཐམས་ཅད་དུ། །ཁྱོད་ཀྱི་བློ་ཡི་སྣང་བ་བཏང ། །ཁྱོད་ཀྱིས་ཞིང་ཀུན་སྦྱངས་པ་ཡིན། །གླང་པོ་ཆེན་པོ་ཅང་ཤེས་པ། །ཐུབ་པར་དཀའ་ཞིང་བསྙེན་པར་དཀའ། །སེམས་ཅན་ཀུན་གྱི་འདྲེན་པ་སྟེ། །རྐང་གཉིས་དམ་པ་མཆོག་ཏུ་འགྱུར། །ཇི་ལྟར་དེ་དག་སྔོན་སངས་རྒྱས། །འདྲེན་མངོན་ཡང་དག་སངས་རྒྱས་པ། །འདྲེན་པ་ཁྱོད་ལ་ཡོད་པས་ན། །གང་ཟག་མཆོག་ནི་སངས་རྒྱས་འཐོབ། །དེའི་ཚེ་དེ་སེམས་མཉམ་པར་བཞག་པས་འདི་སྙམ་དུ་སེམས་ཏེ། འདིས་ཇི་ཙམ་ཞིག་སྣང་བར་གྱུར་སྙམ་མོ། །དེ་ལ་གནས་གཙང་མའི་རིས་ཀྱི་ལྷ་དེ་དག་གིས་སྨྲས་པ། གྲོགས་པོ། །ཁྱོད་ཀྱི་སྣང་བ་འདིས་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ 478a ༄#། །ཀྱི་ཞིང་བརྗོད་དུ་མེད་པ་དག་སྣང་བ་བྱས་པར་གྱུར་ཏོ། །དེའི་ཚེ་དེའི་ལྷ་དེ་དག་གི་སྒྲ་ཐོས་ནས་ཇི་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཐོབ་པ་དེ་ལྟ་བུའི་དགེ་བའི་རྩ་བའི་ཤུགས་ཀྱིས་ནམ་མཁའ་ལ་ཏ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགས་སོ། །ནམ་མཁའ་ལ་ཏ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགས་ནས་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་ཁ་ཅིག་ནི། སྐུ་བཙས། ཁ་ཅིག་ནི། གོམ་པ་བདུན་འདོར། ཁ་ཅིག་ནི། མངོན་པར་འབྱུང ། ཁ་ཅིག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། ཁ་ཅིག་ནི། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཁ་ཅིག་ནི། སྐུ་ཚེའི་འདུ་བྱེད་འདོར། ཁ་ཅིག་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་ཞིང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཆོས་སྟོན་པའང་ཐོས་ནས་དེས་བར་སྣང་ལ་གནས་གཙང་མའི་རིས་ཀྱི་ལ་དག་ལ་ཚིགས་སུ་བཅད་དེ་མངོན་པར་སྨྲས་པ། གྲོགས་པོ་སྔོན་གྱི་འཁོར་བ་ཡི། །མུ་ནི་འཚལ་བར་མ་གྱུར་པས། །བདག་ཅག་རྒྱུད་འདི་སྐྱོ་བ་ཡིས། །བྱང་ཆུབ་ཞི་བ་ཡོངས་སུ་ 478b སྤངས། །བྱང་ཆུབ་མཆོག་གི་དོན་གྱི་ཕྱིར། །བདག་ཅག་གོ་ཆ་འདི་ཡང་བགོ་།བསྐལ་པ་དག་ནི་གྲངས་མེད་པར། །བདག་ཅག་གོ་ནི་བགོ་བར་བྱ། །བར་སྣང་ལ་ནི་མངོན་སུམ་དུ། །སྙིང་བརྩེ་ལྡན་ཞིང་དོན་འདོད་པ། །སྔོན་གྱི་རྒྱལ་བ་དྲན་པ་ཡི། །བདག་གི་དྲང་ན་ལྷ་འཁོད་པ། །སངས་རྒྱས་ཆོས་ནི་ཉམས་དགའ་དང ། །ཅི་ཕྱིར་ཁྱེད་ཅག་འཇུག་མི་བྱེད། ། ཁྱེད་ཅག་གིས་ནི་ཅི་ཕྱིར་སྤངས། །རིག་བྱེད་ཤེས་ལ་དེ་སྨྲས་པ། །སེམས་ཅན་རྣམས་ནི་ཐར་པའི་ཕྱིར། །བསྐལ་པ་བྱེ་བ་དཔག་མེད་ཅིང ། །བསྐལ་པ་དག་ནི་གྲངས་མེད་པར། །གོ་འདི་གང་ཡིན་བགོ་བར་བྱ། །སངས་རྒྱས་དག་ནི་ཆོས་ཀྱི་ཕྱིར། །བདག་གི་ལུས་དྲང་སྲོག་ལ་ཡང ། །ལྟོས་པ་མེད་པར་བྱས་ནས་སུ། །བདག་གིས་བརྩོན་འགྲུས་བརྩམས་པར་བྱ། །འཇིག་རྟེན་འདི་ནི་མུན་པ་དང ། །མུན་ནག་ཐིབས་པོས་ཁེབས་པ་ཡིན། །སངས་རྒྱས་དག་གི་ཆོས་ཀྱི་རྒྱུས། །སྣང་བ་དག་ནི་རབ་ཏུ་བྱ། །བདག་ཅག་བདག་ཉིད་བྱང་ཆུབ་ཏུ། །སངས་རྒྱས་སྤྱོད་ཡུལ་རྟོགས་བགྱིས་ནས། །སྲོག་ཆགས་བདུད་ཀྱི་སྤྱོད་ཡུལ་གྱི། །ལམ་དུ་ཞུགས་པ་བདག་གིས་དགྲོལ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས།་དེའི་ཚེ་དེའི་དུས་ན་དྲང་སྲོང་རིག་བྱེད་ཤེས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ 479a ༄#། །རིག་བྱེད་ཤེས་པ་ཞེས་བྱ་བར་གྱུར་ཏོ། །སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་ངའི་སྣང་བས་རེག་པས་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སྣང་བ་ལ་ལྷག་པར་མོས་པར་བྱའོ། །མཽངྒལ་གྱི་བུ། ངས་མ་རིག་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས་བདག་གིས་ཇི་ལྟར་བྱ་སྙམ་པའི་བར་སྔ་མ་བཞིན་དུ་སྦྱར་རོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་ལམ་དཀར་པོ་ལ་གནས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་ཆགས་དང་བྲལ་བ། དགེ་བའི་ཆོས་ཐམས་ཅད་དང་མཚུངས་པའི་ཏིང་ངེ་འཛིན་དང་ལྡན་པ་ཞིག་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་ཅི་ཞིག་བསླབ་ན། དགེ་བའི་ཆོས་འདི་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱིས་ངེས་པར་འབྱུང་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་གང་བྱེད་པ་མེད་པ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ངེས་པར་འབྱུང་ངོ ། ། 479b དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི། བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མ་ཡིན་ནོ། །སྙམ་ནས།་དེ་དྲན་པ་ཡང་དག་པར་ཤེས་པའི་ཏིང་ངེ་འཛིན་དེ་ལས་ལངས་ནས་ཕྱོགས་བཅུའི་འཇིག་རྟེན་དུ་ཡུལ་རྒྱུ་ཞིང ། ཆོས་ཐམས་ཅད་ནི། བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མ་ཡིན་ནོ། །ཞེས་ཆོས་དེ་དག་སྟོན་པར་བྱེད་དོ། །དེའི་ཆོས་སྟོན་པ་དེ་སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ལམ་དཀར་པོ་ལ་གནས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ལམ་དཀར་པོ་ལ་གནས་པ་ཞེས་བྱ་བར་གྱུར་ཏོ། །ང་འཇིག་རྟེན་གྱི་ཁམས་དེ་དག་ཏུ་རྒྱུ་ཞིང་ཆོས་ཐམས་ཅད་བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མ་ཡིན་ནོ། །ཞེས་བསྟན་པས་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མ་ཡིན་ནོ། །ཞེས་བྱ་བའི་འདུ་ཤེས་འདི་ཀུན་ཏུ་བསྟེན་པར་བྱ་ཞིང་བསྒོམ་པར་བྱ། མང་དུ་བྱའོ། །མཽངྒལ་གྱི་བུ། ངས་མ་རིག་པའི་ཟག་པ་ཤེས་པ་འགོག་པ་ཤེས་པར་བྱ་བའི་དོན་དུ་བྱང་ 480a ༄#། །ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་ཅིང་གྲངས་མེད། བསམ་གྱིས་མི་ཁྱབ། གཞན་དུ་མེད། ཚད་མེད། བརྗོད་དུ་མེད་པ་ནས་དེའི་ཕ་རོལ་གྱི་འང་ཆེས་ཕ་རོལ་ན་བྲང་སྲོང་ཤེས་པ་ཐོགས་པ་མེད་པ་ཞེས་བྱ་བ་མཐུ་ཆེ་ཞིང་གཟི་བརྗིད་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་ཀུན་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ལྡན་པ་ཞིག་བྱུང་ངོ ། །དེ་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ནས་བར་གྱི་བསྐལ་པ་ཉི་ཤུ་རྩ་བཞིར་རྫུ་འཕྲུལ་གྱི་རྐང་པ་དག་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྡུལ་ཕྲ་མོ་སྙེད་དུ་རྒྱུ་ཞིང་ངོ་བོ་ཉིད་ཐམས་ཅད་མི་དམིགས་པའི་ཏིང་ངེ་འཛིན་སྟོན་པ་ན་དེ་བར་གྱི་བསྐལ་པ་ཉི་ཤུར་སངས་རྒྱས་ཀྱི་ཞིང་དུ་མ་དེ་དག་ཏུ་སེམས་ཅན་ཁྲི་ཕྲག་བརྗོད་དུ་མེད་པ་དག་ 480b མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་པ་ཐོགས་པ་མེད་པ་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་ཤེས་པ་ཐོགས་པ་མེད་པ་ཞེས་བྱ་བར་གྱུར་ཏོ། །ངས་རྫུ་འཕྲུལ་གྱི་རྐང་པ་དེ་དག་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སངས་རྒྱས་ཀྱི་ཞིང་དུ་མར་སེམས་ཅན་ཁྲི་ཕྲག་བརྗོད་དུ་མེད་པ་དག་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་བཙུད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་གནས་པར་བྱ་ཞིང་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་གནས་པར་བྱའོ། །མཽངྒལ་གྱི་བུ། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མཽངྒལ་གྱི་བུ། ངས་མ་རིག་པའི་ཟག་པ་ཤེས་པ་འགོག་པར་འགྱུར་བའི་ལམ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལམ་རིག་པའི་ཟག་ 481a ༄#། །པ་ཤེས་པ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ་སྙམ་ནས་དགེ་བའི་རྩ་བ་སྣ་ཚོགས་དཔག་ཏུ་མེད་པ་དག་མངོན་པར་འདུས་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས་དེའི་ཕ་རོལ་གྱིའང་ཆེས་ཕ་རོལ་ན་དྲང་སྲོང་སྒྲིབ་པ་མེད་པར་ཤེས་པ་མཐོང་བ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་ལ་གཟི་བརྗིད་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་ཆགས་དང་བྲལ་བ་ཞིག་བྱུང་ངོ ། །དེ་དབེན་པར་སོང་སྟེ་ནང་དུ་ཡང་དག་བཞག་པ་དང་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ཏེ། ཆོས་ནི། གང་ཡིན། ཆོས་ཀྱི་སྒྲིབ་པ་ནི། གང་ཡིན་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་གང་ཡང་མེད་ལ། ཆོས་ཀྱི་སྒྲིབ་པའང་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི། ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི། ནམ་མཁའི་སྒྲིབ་པ་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི། ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ། །སྙམ་ནས་དེ་དྲན་པ་ཡང་དག་པར་ཤེས་པའི་ཏིང་ངེ་འཛིན་དེ་ལས་ལངས་ཏེ།་གྲོགས་པོ་དག་།ཆོས་ཐམས་ཅད་ནི། ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཆོས་གང་ཞིག་ཆོས་གང་ལའང་སྒྲིབ་པ་མེད་དོ། །ཞེས་སྒྲ་བསྒྲགས་སོ། །དེའི་སྒྲ་དེ་ཐོས་ 481b ནས་གྲོགས་པོ་དག་།ཆོས་ཐམས་ཅད་ནི། ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །ཞེས་ཕྱོགས་བཞིའི་རླུང་གིས་ཐོགས་པ་མེད་པར་ཁྱེར་རོ། །དེའི་སྒྲ་དེ་སེམས་ཅན་ཁྲི་ཕྲག་དཔག་ཏུ་མེད་པ་དག་གིས་ཐོས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །མཽངྒལ་གྱི་བུ། དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་སྒྲིབ་པ་མེད་པར་ཤེས་པ་མཐོང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་སྒྲིབ་པ་མེད་པར་ཤེས་པ་མཐོང་བ་ཞེས་བྱ་བར་གྱུར་ཏོ། །ངས་སྒྲ་བསྒྲགས་པ་དེ་ཕྱོགས་བཞིའི་རླུང་གིས་ཐོགས་པ་མེད་པར་ཁྱེར་བ་སེམས་ཅན་འཁོད་པ་དེ་དག་གིས་ཆོས་ཐམས་ཅད་ནི། ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །ཞེས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བ་ལ་བརྩོན་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང ། ཚེ་དང་ལྡན་པ་མཽངྒལ་གྱི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ཙམ་དུ་སངས་རྒྱས་ 482a ༄#། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཟབ་ཅིང་རྒྱ་ཆེ་བ་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། དེ་ཙམ་དུ་སངས་རྒྱས་ཀྱི་སངས་རྒྱས་ཀྱི་ཞིང་ལགས། ཇི་ཙམ་དུ་སངས་རྒྱས་ཀྱི་སངས་རྒྱས་ཀྱི་མཁྱེན་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཞིང་རེ་རེའི་སེམས་ཅན་འདུལ་བར་མཛད་དོ། །བཅོམ་ལྡན་འདས་ཀྱི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བསོད་ནམས་དོན་དུ་གཉེར་བ། བསོད་ནམས་ཚོལ་བ་གང་དག་གིས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་ཡོངས་སུ་བཀང་སྟེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱི་བསྐལ་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དབུལ་བ་ཕུལ་བ་བས། གང་གིས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང་ཀུན་ཆུབ་པར་བགྱིས་ལ། འཆང་ཞིང་གཞན་དག་ལའང་ཡང་དག་པར་རབ་ཏུ་སྟོན་ཏམ། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆད་པ་འདི་ནི།་དེ་བས་བསོད་ནམས་ཚོགས་མང་དུ་གསོག་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་མཽངྒལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་ 482b སྩལ་ཏོ། །མཽངྒལ་གྱི་བུ་ཆེན་པོ། དེ་དེ་བཞིན་ཏེ། དེ་ནི། ཁྱོད་ཀྱི་ས་ཡིན་ནོ། །མཽངྒལ་གྱི་བུ། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་དག་སེམས་ཅན་དུ་བསྡུ་བར་བསྡུས་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་དངོས་པོ་ཉིད་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་སོ་སོའི་དབུ་དེ་སྙེད་དུ་གྱུར། སངས་རྒྱས་བཅོམ་ལྡན་འདས་དེ་དག་རེ་རེའི་དབུ་ཇི་སྙེད་པ་ལ་ཞལ་དེ་སྙེད་དུ་གྱུར། དེ་དག་རེ་རེའི་ཞལ་ཇི་སྙེད་པ་ལ་ལྗགས་དེ་སྙེད་དུ་གྱུར། དེ་ཅིའི་ཕྱིར་ཞེ་ན། མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་ནི། ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན། ཡེ་ཤེས་དཔག་གིས་མི་ལང་བ་དང་ལྡན། ཡེ་ཤེས་གྲངས་མེད་པ་དང་ལྡན། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་ལྡན། ཡེ་ཤེས་གཞལ་དུ་མེད་པ་དང་ལྡན། ཡེ་ཤེས་གཞལ་གྱིས་མི་ལང་བ་དང་ལྡན། མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཡེ་ཤེས་བརྗོད་དུ་མེད་པ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། ཚེ་དང་ལྡན་པ་མཽངྒལ་ 483a ༄#། །གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རང་སྟེ་མངོན་པར་བསྟོད་དོ། །འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེའི་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝ་རྨ་དང ། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྙིང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང ། སརྦ་ཛྙཱ་དེ་བ་དང ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།།་ |