rKTs


D539

(e-text produced by ADARSHA)

see text in transliteration
88-1-100b
།།ོཾ་ན་ མོ་བྷ་ག་བ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སཝཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་ཕྱག་བྱའོ།། །།ན་མཿ སརྦ་བུངྡྷ་བོ་ངྷི་ས་ཏྭཱ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་མི་དཱ་བྷི་ཛྙཱ་རཱ་སི་ནི་ན་མོ་སྟུ་ཏེ་སཝཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་བསྟོད་པའོ།། །། ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་པྲ་ས་ར་ས་མཱུ་ཧེ་སྥ་ར་ཎ་ཨི་མཾ་ག་ག་ན་ཀཾ་ཧཱུཾ་ཞེས་པས་མཆོད་པ་བྱིན་གྱིས་བརླབ་པོ།། །།ན་མཿ སརྦ་བུངྡྷ་བོ་ངྷི་ས་ཏྭཱ་ནཱཾ། སརྦ་ཐཱ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་ས་མནྟ་སཝཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་མཆོད་པའི་སྤྲིན་འབྱུང་ངོ་།། །།ན་མཿ སརྦ་བུངྡྷ་བོ་ངྷི་ སཏྭེ་བྷྱཿ ། སརྦ་བི་ཏ་པཱུ་ར་པཱུ་ར། ཨ་བརྟཱ་ཨ་བྷ་ཡེ་སཝཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་ཉེ་གནས་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་སྨ་ར་སྨ་ར། བི་སྨ་ན་སྐ་ར་མ་ཧཱ་ཛ་བ་ཧཱུཾ་ཞེས་བརྗོད་ཅིང་རིན་པོ་ཆེ་ བརྡར་བས་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་ལ་སོགས་པའི་ཆར་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་བསམ་ལ་དབུལ་ལོ། །རིན་པོ་ཆེ་བརྡར་བའི་གཟུངས་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
88-1-101a
པའི་སངས་རྒྱས་པདྨའི་སྤྱན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། བྷ་ར་བྷ་ར།བྷི་རི་བྷི་རི། བྷུ་རུ་བྷུ་རུ། བྷ་ཡ་བྷ་ཡ། ཀུ་རུ་ཀུ་རུ། སརྦ་ཀརྨ་ཨཱ་བར་ཎ་ཛ་ནི་མེ་ཤ་པྲ་བྷ་ཡ་སཝཱ་ཧཱ། ཛྭ་ལ་ནི་བི་དྷ་ནི་བཻ་སཝཱ་ཧཱ། ཀུ་རུ་པཉྩ་ལི་སཝཱ་ཧཱ། སཱ་ག་ར་སཾ་བི་རེ་སཝཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་སཝཱ་ཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ནང་པར་ལངས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཞག་ཉི་ཤུ་རྩ་གཅིག་ལོན་པའི་ཚེ་ ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །སྤྱན་ལྔ་ཡང་རྣམ་པར་དག་པར་འགྱུར་རོ། །དེ་ལ་མིག་ནད་འབྱུང་བར་མི་འགྱུར་རོ། །ལུས་ལ་ནད་འབྱུང་བར་མི་འགྱུར་རོ། །ཡིད་ཀྱི་ཉེས་པ་འབྱུང་བར་མི་འགྱུར་རོ། །སྤྱན་ལྔ་ཡང་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་ཡིད་རྣམ་པར་དག་ པ་ལྔ་ཡང་ཐོབ་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས་རྒྱས་མཐོང་བ་དང ། ཆོས་ཐོས་པ་དང ། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་འབྲལ་བར་མི་ འགྱུར་རོ། །ལུས་མཛེས་པར་འགྱུར་རོ། །སེམས་དང་བར་འགྱུར་རོ། །འཕགས་པ་པདྨའི་སྤྱན་ཞེས་བྱ་བའི་གཟུངས་རྫོགས་སོ།། ་་་ ་་