CLOSE WINDOW
། རྒྱ་གར་སྐད་དུ། བི་ན་ཡ་བསྟུ། བོད་སྐད་དུ། འདུལ་བ་གཞི། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གང་གིས་འཆིང
/ rgya gar skad du/ bi na ya bstu/ bod skad du/ 'dul ba gzhi/ bam po dang po/ dkon mchog gsum la phyag 'tshal lo// gang gis 'ching
རྣམས་ཡང་དག་རབ་བཅད་ཅིང་། ། མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ།། སྡེ་དང་བཅས་པའི་བདུད་རྣམས་ངེས་བཅོམ་ནས།། བྱང་ཆུབ་འདི་བརྙེས་དེ་ལ
rnams yang dag rab bcad cing / / mu stegs tshogs rnams thams cad rab bcom ste// sde dang bcas pa'i bdud rnams nges bcom nas// byang chub 'di brnyes de la
ཕྱག་འཚལ་ལོ། ། ཁྱིམ་དོན་ཆེ་ཆུང་སྤངས་ཏེ་དང་པོར་རབ་འབྱུང་དཀའ།། རབ་བྱུང་ཐོབ་ནས་ཡུལ་སྤྱད་དག་གིས་དགའ་ཐོབ་དཀའ།། མངོན་དགའ་ཇི་བཞིན་དོན་བསྐྱེད་ཡང
phyag 'tshal lo/ / khyim don che chung spangs te dang por rab 'byung dka'// rab byung thob nas yul spyad dag gis dga' thob dka'// mngon dga' ji bzhin don bskyed yang
དག་བྱེད་པ་དཀའ། ། ངུར་སྨྲིག་གོས་འཆང་མཁས་པ་ཚུལ་ལས་ཉམས་པ་དཀའ།། གཞི་རྣམས་ཀྱི་སྤྱི་སྡོམ་ལ། རབ་འབྱུང་གསོ་སྦྱོང་གཞི་དང་ནི།། དགག་དབྱེ་དབྱར་དང་ཀོ
dag byed pa dka'/ / ngur smrig gos 'chang mkhas pa tshul las nyams pa dka'// gzhi rnams kyi spyi sdom la/ rab 'byung gso sbyong gzhi dang ni// dgag dbye dbyar dang ko
ལྤགས་གཞི། ། སྨན་དང་གོས་དང་སྲ་བརྐྱང་དང་།། ཀཽ་ཤཱམ་བཱི་དང་ལས་ཀྱི་གཞི།། དམར་སེར་ཅན་དང་གང་ཟག་དང་།། སྤོ་དང་གསོ་སྦྱོང་བཞག་པ་དང་།། གནས་མལ་དང་ནི
lpags gzhi/ / sman dang gos dang sra brkyang dang // kau shAm bI dang las kyi gzhi// dmar ser can dang gang zag dang // spo dang gso sbyong bzhag pa dang // gnas mal dang ni