Wylie | e-texts produced with ocr Programm |
@བྷ་ནི། སྟཾ་བཱ་ནི། མོ་ཧ་ནི། སརྦ་རོ་ཥ་པྲ་ཤ་མ་ནི་སྭཱ་ཧཱ། ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། སྔགས་འདི་བརྗོད་ཅིང་རང་གི་ལག་པས་སྣ་བདུན་མདོང་ལ་བྱུགས་ནས་ཚོགས་ཀྱི་ནང་དུ་སོང་ན་ཁྲོས་པ་དགའ་བར་འགྱུར་རོ། ། ཁྲོ་བཞི་པར་བྱེད་པའི་བཟུངས་རྫོགས་སོ།། ། འཕགས་པ་ཁྲོས་པ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། དཔལ་ཆེན་པོ་ལ་ཕྱག་འ་ལོ། ། ཀ་ཏེ་བི་ཀ་ཏེ། རོ་ཥ་པྲ་ཤ་མ་ནི་སྭཱ་ཧཱ། གང་ཁྲོས་པའི་མདུན་དུ་བརྗོད་ན་དེ་ཁྲོས་པ་ཞི་ནས་ངེས་པར་འོང་ངོ་།། ཁྲོས་པ་ཞི་བའི་གཟུངས་རྫོགས་སོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ན་མོ་བྷ་ག་བ་ཏེ། ཨུངྒི་ཥཱ་ཡ་དྷ་རེ་རནྟེ་སྭཱ་ཧཱ། མ་བསྒྲུབས་ཀྱང་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། གིའུ་ཝང་ལ་ལན་བརྒྱ་རྩ་བརྐྱང་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་གང་བལྟས་པ་དེ་དགའ་བར་འགྱུར། ། མིག་རྩི་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ཏེ་མིག་ལ་བསྐུས་ན་གང་དང་ཕྲད་པར་བྱ་བ་དེ་དགའ་བར་འགྱུར་རོ།། ཆུ་ཁྱོར་གང་ལ་ལན་བདུན་བཟླས་ཏེ་འཐུངས་ན་མ་བསླངས་པར་ཟས་རྙེད་པར་འགྱུར་རོ། ། ཚོགས་པའི་ནང་དུ་འགྲོ་ན་བདག་གིས་གོས་ཀྱི་མཐའ་མ་ནས་ལག་པ་གཡོན་པས་བཟུང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས་ཚོགས་པའི་ནང་དུ་སོང་ན་ཚིག་བཙན་པར་འགྱུར་རོ། ། ཚིག་བཙན་པའི་གཟུངས་རྫོགས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་ཨ་ལེ་ཀཱ་ལི་ཨ་ལེ་ཀཱ་ལི་མུད་ཙི་ཏེ་སྭཱ་ཧཱ་ཁ་ཉི་མ་ལ་བལྟས་ཏེ་ཆུ་ལ་སྔགས་འདི་ལན་བདུན་བཏབ་སྟེ། ། ཚིག་བཙན་པའི་གཟུངས་རྫོགས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་ཨ་ལེ་ཀཱ་ལི་ཨ་ལེ་ཀཱ་ལི་མུད་ཙི་ཏེ་སྭཱ་ཧཱ་ཁ་ཉི་མ་ལ་བལྟས་ཏེ་ཆུ་ལ་སྔགས་འདི་ལན་བདུན་བཏབ་སྟེ། ཕྱོགས་བཅུར་གཏོར་ན་བདག་བསྲུངས་པར་འགྱུར་རོ།། བདག་བསྲུང་བའི་གཟུངས་རྫོགས་སོ།། ཕྱོགས་བཅུར་གཏོར་ན་བདག་བསྲུངས་པར་འགྱུར་རོ།། བདག་བསྲུང་བའི་གཟུངས་རྫོགས་སོ།། འཕགས་པ་ཡིད་དུ་འོངས་པ་ཞེས་བྱ་བ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། ན་མོ་བྷ་ག་བ་ཏེ། ཨུཥྞཱིཥྛ་ཡ། དྷ་རེ་ད་ར་ནཱི་ཏ་ཡེ་སྭཱ་ཧཱ། མ་བསྒྲུབས་ཀྱང་བཀླགས་པས་འགྲུབ་སྟེ། གི་ཧང་ལ་བརྒྱ་རྩབརྒྱད་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། ། ཏི་ཙ་ལ་བསྔགས་ཏེ་མིག་ལ་བསྐུས་ན་གང་བལྟས་པ་མིག་སྤང་མཐུན་ནོ།། རྡུལ་སྔགས་ཏེ་འཐུངས་ན་གཞན་རྣམས་ཟས་སྟེར་སྐྱེ་འདོད་དོ། ། ཡིད་དུ་འོང་བའི་གཟུངས་རྫོགས་སོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་བྷ་ག་བ་ཏི་ཤྲུ་ཏིསྠི་ཏི། བ་ལཱ་བ་པདྨ་སིདྡྷི་སྭཱནྡ། ཆོ་ག་ནི་ཞག་བདུན་གྱི་བར་དུ་ནང་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དུ་ཁྱོར་གང་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་འཐུངས་ན། ཉིན་གཅིག་ཀྱང་ཡི་གེ་ཤོ་ལོ་ཀ་སུམ་བརྒྱ་ལོབས་སོ།། ཟླ་བ་གཅིག་གི་བར་དུ་བྱས་ན་མི་འམ་ཅི་དང་འདྲ་བར་མགྲིན་པ་སྙན་པར་འགྱུར་རོ།། ཐེ་ཙོམ་ཟ་བར་མི་བྱའོ།། མགྲིན་པ་སྙན་པའི་གཟུངས་རྫོགས་སོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེས་གྲངས་དང་། རྒྱུ་སྐར་དང་། ཡུད་ཙམ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།
CLOSE WINDOW