CLOSE WINDOW

S734:
Wyliee-texts produced with ocr Programm

སྡེ་སྣོད་གསུམ་ཐོས་པ་དང་། བསམས་པ་དང་། བསྒོམས་པའི་བསོད་ནམས་དང་མཉམ་པར་འགྱུར་རོ།། ཉི་མ་རེ་རེ་ཕྱག་གསུམ་གསུམ་བྱས་ན་ཚེ་འདི་ཉིད་ལ་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཐོད་པར་འགྱུར་རོ། ། དེ་མ་ཐོབ་ཀྱི་བར་དུ་མི་དང་། མི་མ་ཡིན་པ་དང་། འབྱུང་པོ་དང་། ནད་རིམས་ཀྱི་གནོད་པ་འབྱུང་བར་མི་འགྱུར་རོ།། ཨོཾ་ན་མོ་མཉྫུ་ཤྲི་ཡེ། ན་མ་སུ་ཤྲི་ཡེ། ན་མ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཕྱག་བྱ་བའི་གཟུངས་རྫོགས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོརྗེ་དྲག་པོ་ལ་ཕྱག་འཚལ་ལོ། ། ཨི་རི་མི་རི། དྷ་དཾ་མེ། བ་ཧུ་པ། ལཾ་བྷ་བ་ཏུ་སྭཱ་ཧཱ། གོས་ཕྲུགས་གཅིག་ལ་ལན་སྟོང་བཟླས་བརྗོད་བྱས་ཏེ། མི་ཡ་རབས་སམ། སློབ་དཔོན་ནམ། གཞན་གང་ཡང་རུང་བ་ཞིག་ལ་བྱིན་ན་ཟླ་བ་ཕྱེད་ཕན་ཆད་ཀྱིས་གོས་ཕྲུགས་བརྒྱ་ཐོབ་པར་འགྱུར་རོ། ། དེ་བཞིན་དུ་ནོར་ཟས་སམ། རྐང་འགྲོས་གང་ཡང་རུང་བ་རྣམས་ཀྱང་དེ་དང་འདྲའོ།། གོས་བརྒྱ་ཐོབ་པའི་གཟུངས་རྫོགས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་མོ་ཁ་མུ་ཁི། ཏྲི་མུ་ཁ། ཏྲི་མུ་ལི། མ་ཧཱ་སྭ་མུ་ཁི། ཏ་ཐཱ་ག་ཏ་མུ་ཁསྠི་ཧ་ནཱ། ཚིན་ཎིནྟེ། བྷིནྡྷ་བྷིནྟ། ས་སྭ་ན~ཾ་ཀཙཱ་སྭ་ཧེ་སྭཱ་ཧཱ། མང་སེ་དང་། པརྟ་ཀ་དང་། ག་གོན་རིང་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ་གཤེགས་ན་མཆེར་པའི་སྦམཞི་བར་འགྱུར་རོ།། ཐེ་ཚོམ་མེད་དོ།། སྐྲན་ཞི་བའི་གཟུངས་རྫོགས་སོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྲེག་གསལ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྲེག་གསལ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཏྱ་ཐཱ། ཧུ་ཊ་ག་ཏ་ནེ་སྭཱཧཱ། ཆོ་ག་ནི་ལག་པ་ལ་བཟླས་བརྗོད་བྱས་ནས་ལྟོ་མཉེས་ནམ་ཞུ་བའི་ནད་འབྱང་བར་འགྱུར་རོ།། མ་ཞུ་བའི་ནང་འབྱུང་བའི་གཟུངས་རྫོགས་སོ།། ། ཏྱ་ཐཱ། ཧུ་ཊ་ག་ཏ་ནེ་སྭཱཧཱ། ཆོ་ག་ནི་ལག་པ་ལ་བཟླས་བརྗོད་བྱས་ནས་ལྟོ་མཉེས་ནམ་ཞུ་བའི་ནད་འབྱང་བར་འགྱུར་རོ།། མ་ཞུ་བའི་ནང་འབྱུང་བའི་གཟུངས་རྫོགས་སོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ།། ཏདྱ་བཱ། དི་རི་ཏིཥྛ། ཏསྐ་ར་བ་ཏོ་སི། མཙལ་མ་ཙ་ལ་སཱ་ཧཱ། ལན་བདུན་བརྗོད་དེ། འཕགས་པ་འཇམ་དཔལ་ལ་གསོལ་བ་བཏབ་ན་མི་ཐམས་ཅད་བྱམས་པར་འགྱུར་རོ།། འཕགས་པ་སྡང་བ་ཐམས་ཅད་རབ་ཏུ་ཞི་བ་ཞེས་བྱ་གཟུངས་རྫོགས་སོ། ། @། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། ། ཨོཾ་ཀུ་མཱ་ར་དུ་པ་དྷ་ར་ཎི་བྷི་ཤྭ་ས~ཾདྡྷ་བ་ཨཱ་གཙྪ་ཨཱ་ཀཱཿ། ལ་ཀུ་ལ་གུ། ཧཱུཾཀྵྨཱཾ། ཧཱུཾ་ཧཱུཾ། ཛི་ན་ཛིཀ་མཉྫུ་ཝི་ཡེ། ཏ་ར་ཡ་མཾ། སརྦ་དུཿཁེ་བྷྱཿཕཊ་བརྩས་མ་ཡས་མ་ཡ། ཨ་མི་ཏོད་བྷ་བོད་བྷ་བ། པཱ་པ~ཾ་མེ་རྠ། ཡ་ནཱ་ཧཱ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་བ་ཀ་བ་ཙེ།

CLOSE WINDOW