Wylie | e-texts produced with ocr Programm |
བོད་སྐད་དུ། འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྲག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རི་བཏང་བཟུང་ཆེན་པོ་ན་ཆོས་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ལག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ། བཀུར་ནས་མངོན་པར་དགའ་བར་བྱས་པའང་དེ་ཉིད་དུ་འདུག་པར་གྱུར་ཏོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་གིས་སེམས་ཅན་རྣམས་དབུགས་འབྱིན་ཅིང་། ཤར་ཕྱོགས་ན་མེ་ལྕེ་ཀུན་ཏུ་འབར་བའི་འཕྲེང་བའི་པདྨའི་གདན་ལ་བཞུགས་སོ།། བཅོམ་ལྡན་འདས་ཀྱི་གཡས་ལོགས་ན་སྟོབས་པོ་ཆེ་ལག་པ་བཞི་པ། ལག་པ་གཅིག་ན་ནི་རྔ་ཡབ་ཐོགས་ལག་པ་གཅིག་གིས་ནི་ཕྱག་འཚལ། གཡས་པ་ན་ནི་བེ་ཅོན་ཐོགས། གཡོན་པ་ན་ནི་ཞགས་པ་ཐོགས་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིག་དམར་བའོ།། དེའི་འོག་ན་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་འཁོར་དང་བཅས་པའོ། ། གཡས་ན་ནི་རིག་སྔགས་ཀྱི་རྒྱལ་པོ་གནོད་མཛེས་སོ།། གཡོན་ན་ནི་བདུད་རྩི་ཐབ་སྦྱོར་རོ།། དེ་ནས་སྙིང་པོ་རྣམས་ནི་ཟླ་བ་ཁམ་པ་ལྟ་བུར་གཞག་གོ།། སྙིང་པོ་ནི་ལི་ཀི་ལ་དང་། འགྲོ་ལྡིང་བའོ་གཟུངས་དང་། ལུས་དམར་པོ་དང་། རྡོ་རྗེས་རྣམ་པར་འཇོམས་པ་དང་། རྡོ་རྗེའི་རྒྱན་ཆེན་ཏེ། སྙིང་པོའི་མཆོག་གོ།། རིག་སྔགས་ཀྱི་རྒྱལ་པོ་དྲག་པོ་ཆེན་པོ་དང་ཉེ་བ་ནན་འཕགས་པ་མཱ་མ་ཀཱིའོ། ། འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་འོག་ན་རྡོ་རྗེའི་ལྕགས་ཀྱུ་དང་རྡོ་རྗེ་ལུ་གུ་ཆུད་དོ།། སྒོའི་ནང་ལོགས་སུ་ནི་ཁྲོ་བོ་རྡོ་རྗེའི་ཐོ་བ་དང་རྡོ་རྗེའི་བེ་ཅོན་གཉིས་མངོན་དུ་ཕྱོགས་པར་གཞག་གོ། ། གཡོན་ལོགས་སུ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པའོ།། བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནི་གོས་དཀར་མོའོ།། དེའི་འོག་ཏུ་ནི་སྒྲོལ་མ་དང་ཁྲོ་གཉེར་ཅན་ནོ། ། གཡོན་དུ་རིག་སྔགས་ཀྱི་རྒྱལ་པོ་རྟ་མགྲིན་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱ་ཕྲག་སྟོང་དང་ངོ་།། དེ་བཞིན་དུ་ཤར་ཕྱོགས་སུ་ནི་ཟླ་བ་དང་། ཉི་མ་དང་། ཡུལ་འཁོར་སྲུང་དང་། དབང་པོའོ།། མེའི་ཕྱོགས་ན་ནི་མེའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་བསྐོར་བའོ།། ལྷོ་ཕྱོགས་སུ་ནི་གཤིན་རྗེ་དང་ཁྱབ་འཇུག་གོ།། བདེན་བྲལ་ཕྱོགས་སུ་ནི་སྲིན་པོའི་བདག་པོ་མ་མོས་བསྐོར་བའོ། ། ནུབ་ཕྱོགས་སུ་ནི་ཀླུའི་བདག་པོ་ཀླུ་ལ་སོགས་པས་བསྐོར་བའོ།། རླུང་གི་ཕྱོགས་སུ་ནི་རླུང་ལྷ་འཁོར་དང་བཅས་པའོ།། བྱང་ཕྱོགས་སུ་ནི་ལུས་ངན་པོ་འཁོར་དང་བཅས་པའོ། ། དབང་བདག་གི་ཕྱོགས་སུ་ནི་དབང་བདག་ཚོགས་ཀྱིས་བསྐོར་བའོ།། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ཁྱབ་འཇུག་དང་། ཚངས་པ་ཆེན་པོ། དེ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་ཚད་མེད། གྲངས་མེད། དཔག་ཏུ་མེད་པ་དག་དང་ངོ་།། སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་སྔ་མ་བཞིན་ནོ།། དེ་ནས་བཅོམ་བླངས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་མདོ་སྡེ་འདི་སྒྲུབ་པ་པོ་འདི་ལ་གསང་སྔགས་ཀྱི་གཞི་འདི་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།། ཨོཾ་ཀི་ལོ་ཀི་ལི་བཛ། ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། སྤྱི་གཙུག་ལ་སྭཱ་ཧཱ། དཔྲལ་བ་ལ་སྭཱ་ཧཱ། མིག་ལ་སྭཱ་ཧཱ། དྲག་ཤུལ་ཅན་ལ་སྭཱ་ཧཱ། ཤིན་ཏུ་དྲག་ཤུལ་ཅན་ལ་སྭཱ་ཧཱ། རྡོ་རྗེའི་ཞགས་པ་ལ་སྭཱ་ཧཱ། ལུས་དམར་པོ་ལ་སྭཱ་ཧཱ། ལག་ན་རྡོ་རྗེ་ལ་སྭཱ་ཧཱ། ལག་ན་ཞགས་པ་ལ་སྭཱ་ཧཱ། ལག་ན་རལ་གྲི་ལ་སྭཱ་ཧཱ། ལག་ན་དགྲ་སྟ་ལ་སྭཱ་ཧཱ། གཞུ་འཛིན་ལ་སྭཱ་ཧཱ། གཏུན་ཤིང་འཛིན་ལ་སྭཱ་ཧཱ། ལག་ན་འཁོར་ལོ་ལ་སྭཱ་ཧཱ། ལག་ན་མ་དུང་རྩེ་གསུམ་ལ་སྭཱ་ཧཱ། སྙིང་པོ་ལ་སྭཱ་ཧཱ། ཉེ་བའི་སྙིང་པོ་ལ་སྭཱ་ཧཱ། དྲག་པོ་ལ་སྭཱ་ཧཱ། ཀི་ལཱི་ཀི་ལཱ་ཡ་སྭཱ་ཧཱ། བྱིས་པ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། དམར་པོ་ཀཱ་ལི་ཀཱི་ལ་ལ་སྭཱ་ཧཱ། སྟོབས་པོ་ཆེ་ལ་སྭཱ་ཧཱ། རལ་པ་ཅན་ལ་སྭཱ་ཧཱ། གསུས་འཕྱང་པོ་ལ་སྭཱ་ཧཱ། ཁྲོ་བོ་འཆོལ་པ་ལ་སྭཱཧཱ། གཤིན་རྗེ་ལ་སྭཱ་ཧཱ། སྲིན་པོ་ལ་སྭཱ་ཧཱ། སྲིན་པོ་ཡ་མུན་ལ་སྭཱ་ཧཱ། དྲག་པོ་ཆེན་པོ་ལ་སྭཱ་ཧཱ། སྤྲིན་ལ་སྭཱ་ཧཱ། རི་འཛིན་ལཾ་སྭཱཧཱ། རི་བཏང་བཟུང་འཛིན་ལ་སྭཱ་ཧཱ། རྡོ་རྗེའི་བེ་ཅོན་ལ་སྭཱ་ཧཱ། འཇིགས་བྱེད་ཆེན་པོ་ལ་སྭཱ་ཧཱ། ལུས་འཇིགས་བྱེད་ལ་སྭཱ་ཧཱ། སྡིགས་བྱེད་ལ་སྭཱ་ཧཱ། རྡོ་རྗེའི་ལུ་གུ་རྒྱུད་ལ་སྭཱ་ཧཱ། རྡོ་རྗེའི་གཏན་པ་ལ་སྭཱཧཱ། རྡོ་རྗེ་ལུས་ལ་སྭཱཧཱ། འགྲོ་ལྡིང་བ་ལ་སྭཱ་ཧཱ། བདུད་རྩི་ལ་སྭཱ་ཧཱ་བཀའ་ཐུབ་འཛིན་ལ་སཱཀྐ། ལྕགས་ཀྱུ་ལ་སྭཱ་ཧཱ། དོན་ཡོད་ལ་སྭཱ་ཧཱ། གཙུག་ཏོར་རྒྱལ་པོ་ལཾ་སྭཱ་ཧཱ། མདོག་དཀར་པོ་ལ་སྭཱ་ཧཱ། སྔོ་བསངས་མདོག་ལ་སྭཱ་ཧཱ། འཕྱང་པོ་ལ་སྭཧཱ། གླང་པོ་ལ་སྭཱ་ཧཱ་བགྲང་འཕེལ་གྱི་ལག་པ་ལ་སྭཱ་ཧཱ། བདུད་ཀྱི་རྣམ་པར་འཕྲུལ་པ་ལ་སྭཱཧཱ། སྦྲུལ་གྱི་སྐ་རགས་ཅན་ལ་སྭཱ་ཧཱ། རྡོ་རྗེའི་བུར་པ་ལ་སྭཱཏྨ། ལག་པ་གཉིས་ཀ་ལ་སྭཱཧཱ། ཨ་རྡོ་རྗེ་ལ་སྭཱ་ཧཱ། འབར་བའི་འོད་བྱེད། པལ་སྭཱ་ཧཱ། བློ་གྲོས་བརྟན་པའི་རྡོ་རྗེ་ལ་སྭཱ་ཧཱ། མྱུ་གུ་ལ་སྭཱ་ཧཱ། འོད་བྱེད་ལ་སྭཱ་ཧཱ། རྡོ་རྗེས་རྣམ་པར་འཇོམས་པ་ལ་སྭཱ་ཧཱ། རྡོ་རྗེའི་དྲ་བ་ལ་སྭཱ་ཧཱ། རྡོ་རྗེ་འཇིགས་བྱེད་ལ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་ལ་སྭཱ་ཧཱ། སྨོན་རྣམ་པར་འཐོར་བ་ལ་སྭཱ་ཧཱ། ཆར་པ་རྣམ་པར་སྟོན་པ་ལ་སྭཱ་ཧཱ། རྡོ་རྗེ་ལྕགས་ཀྱུ་ལ་སྭཱ་ཧཱ། རྡོ་རྗེའི་སྙིང་པོ་ལ་སྭཱ་ཧཱ། རྡོ་རྗེ་ཉེ་བའི་སྙིང་པོ་ལ་སྭཱ་ཧཱ། མཐེ་བོའི་རྒྱལ་པོ་ལ་སྭཱ་ཧཱ། བེ་ཅོན་གྱི་རྒྱལ་པོ་ལ་སྭཱ་ཧཱ། གོ་ཆའི་རྒྱལ་པོ་ལ་སྭཱ་ཧཱ། ཨོཾ་དྷཱི་ཨཾ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཡུལ་འཁོར་སྲུང་ལ་སྭཱ་ཧཱ། མིག་མི་བཟང་ལ་སྭཱ་ཧཱ། འཕགས་སྐྱེས་པོ་ལ་སྭཱ་ཧཱ། ལུས་ངན་པོ་ལ་སྭཱ་ཧཱ། དབང་པོ་ལ་སཱཧཱ། མེ་ལྷ་ལ་སྭཱཧཱ། དྲང་སྲོང་ཆེན་པོ་ཐམས་ཅད་ལ་སྭཱཧཱ། ཉི་མ་ལ་སྭཱ་ཧཱ། ཟླ་བ་ལ་སྭཱ་ཧཱ། གཤིན་རྗེ་ལ་སྭཱ་ཧཱ། ཁྱབ་འཇུག་ལ་སྭཱ་ཧཱ། སྲིན་པོའི་བདག་པོ་ལ་སྭཱ་ཧཱ། ཀླུའི་བདག་པོ་ལ་སྭཱ་ཧཱ། རླུང་ལྷ་ལ་སྭཱ་ཧཱ། དབང་བདག་ལ་སྭཱ་ཧཱ། དབང་བདག་གི་ཆུང་མ་ལ་སྭཱ་ཧཱ། བརྒྱ་བྱིན་ལ་སྭཱ་ཧཱ། ནོར་ལྷའི་པུ་ལ་སྭཱ་ཧཱ། རྡོ་རྗེ་ཆེན་པོ་ལ་སྭཱ་ཧཱ། ཚངས་པ་ཆེན་པོ་ལ་སྭཱཧཱ། ས་ལ་སྭཱ་ཧཱ། དབྱངས་ཅན་པ་སྭཱ་ཧཱ། ལྷ་མོ་དཔལ་ལ་སྭཱ་ཧཱ། ལྷ་མོ་དཀའ་ཐུབ་བཟློག་ལ་སྭཱ་ཧཱ། རིག་སྔགས་ཆེན་པོ་སྟོབས་པོ་ཆེའི་རིག་སྔགས་ཀྱི་རྒྱལ་པོ་འདི་དཀྱིལ་འཁོར་གྱི་གནས་སུ་འཆང་ཞིང་ཡིད་ལ། བྱེད་ན་སྲུང་བ་དང་། སྐྱེབ་པ་དང་། སྦེད་པར་བྱེད་པར་འགྱུར་རོ།། ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། ། གནས་བརྟན་བློ་གྲོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ།། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ།། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། རྡོ་རྗེ་འཛིན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ།། ཏདྱཐཱ། མུ་ནི་མུ་ནི། མ་ཧཱ་མུ་ནི། ཀི་ལི་ཀི་ལི། མ་ཧཱ་ཀི་ལི་ཀི་ལ། དྷི་ཀེ། ཀ་ཊ་ཀ་ཊ་ཀ་ཊ། མ་ཧཱ་ཀ་ཊ། ཤ་མ་ཤ་མ་ཤ་མ། མ་ཧཱ་ཤ་མ། ཤཱ་ཏྲི་ཤཱ་ཏྲི་ཤཱ་ཏྲི། ཤནྟ་ཤཱནྟ་ཤཱནྟ། དཱནྟ་དནྟ་དཱནྟ། དྷཱིདྷི་ར་དྷི་ར་དྷི་ར། མ་ཧཱ་མེ་གྷཱ་དུདྷཱ་ར། ཧ་རི་ཧ་རི་ཧ་རི། ཀུརྠི་ཀུཊྚི་ཀུཊྚི། ཙྪནྡཙྪིནྡ་ཙཱནྡ། བྷིནྡ་བྷིནྡ་བྷིནྡ། སརྦ་དུཥྚ། གུ་མུ་གུ་མུ་གུ་མུ། ཧ་ར་ཧ་ར་ཧ་ར། པྲ་མཾ་ད་མ་ནི་ད་མ་ནི། ཊ་ཊ་ཊ། ཐཱཛཱ་ཏྲ། ཛཊ། བཙབ་མ་ཙད་དེ་ཏི་། ཡ་ཡ། ཤེ་འ་ཛིན་པཆོག་པར། མཛག། @#། རྫས་མ་པྲ་ཏྱ་རྠིན། ཙ་ལི་ཙི་ལི་ཙི་ལི། ཕཊ་ཕཊ་ཕཊ། ཏིཥྛ་ཏིཥྛ་ཏིཥྛ། ཏིཥྛ་ཐ་ཏིཥྛ་ཐ་ཏིཥྛཐ། མཱ་ཏི་པྲ་མ་ཐ། མ་ཏཱཾ་གི། ཙཱུ་ཙཱུ་ཧཱུཾ། ཧེ་ཧེ་ཧེ། གལ་ཏེ་མི་འདུག་ན་ལག་པ་དང་། རྐང་པ་དང་། ཁ་དང་། མིད་པ་དང་། མིག་དང་། སྙིང་དང་། ངག་ཐམས་ཅད་བཅིང་ངོ་།། དབྲོག་གོ། ཛྭ་ལ་ཛྭ་ལ་ཛཱ་ལ། དུ་དྷུ་དུ་དྷུ་དུ་དྷཱ། བཽ་དྷུ་བཾ་དྷུ་བཾ་དྷུ། ནཱི་ལ་ནཱི་ལ་ནི་ལཱ་ག་བཛྲ་དྷ་ར། སྟོབས་པོ་ཆེ་ཞེས་བྱ་བའི་སྙིང་པོ་དྲན་པར་གྱིས་ཤིག། ཀོ་ཊི་ཀོ་ཊི་ཀོ་ཊི་ནི། སརྦྦ་བྷཱུ་ཏཱ་ནི། བཛྲ་མཱ་ལི། བ་ཛ་ཏ་ར། བཛྲ་ཨཙྪ་ཧཱ་ས། ཙཏུན་དྷུ་མ་ཏུ། ཀུ་རུ་ཀུ་རུ་ཀུ་རུ། ཧུ་རུ་ཧུ་རུ་ཧུ་རུ། སེམས་ཅན་ཆེན་པོ་དྲན་པར་གྱིས་ཤིག་ཧཱུཾ་ཧཱུཾ་ཧཱུཾ། ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ། ཙཎྜ་ཙཎྜ་ཙཎྛ། མ་ཧཱ་ཙཎྜ། ཧུརྡྷ་ཧུ་ཏུ་ཧུ་ཎུ། མུ་རུ་མུ་རུ་མུ་རུ། གྲྀཧྞ་གྲྀཧྞ་གྲྀཧྞ། བཛྲ་པཱ་ཎི། ཧ་ན་ཧ་ན་ཧན། ན་མ་སརྦ་ཤ་ཏྲུ་རྦཱན། མཱུ་ཏྲྀ་ཏཱ་ཊ་ཡ་ཕཊ། ཀུཪྻ་ཀུ་རུ་ཀུ་རུ། ལག་ན་རྡོ་རྗེའི་ལས་དང་འགལ་བར་མ་བྱེད་ཅིག། དམ་ཚིག་ལས་འགལ་བར་བྱས་ན་དམ་ཚིག་བྲལ་བ་དང་། དེ་བཞིན་གཤེགས་པའང་བསླུས་པར་འགྱུར་རོ།། གསང་སྔགས་ཀྱི་གཞི་ནི་འདི་རྣམས་ཡིན་ནོ། ། ཙུ་ཙུ་ཙུ། ཧ་ར་ཧ་ར། ཕུཊྚ་ཕུནྡུ་ཕུནྟུ། ཏ་པ་ནི་ཏཱ་པ་ནི་ཏ་པ་ནི། པ་ཙ་ནི་པ་ཙ་ན་པ་ཙ་ནི། ལག་ན་རྡོ་རྗེའི་སྙིང་པོ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དྲན་པར་གྱིས་ཤིག། ཙ་ལི་ཙི་ལི་ཙི་ལི། ཕུ་ལུ་ཕུ་ལུ་ཕུ་ལུ། ཕུ་ཕུ་ཕུ། བཅོམ་ལྡན་འདས་གལ་ཏེ་བདག་གི་སྙིང་པོ་འདི་དང་འགལ་བར་བགྱིས་ན། དེ་བཞིན་གཤེགས་པས་རབ་ཏུ་གསུངས་པའི་མཚམས་མེད་པ་ལྔ་དང་ལྡན་པར་མ་། ། ད་ཤྩ། ཙ་ནྟ། ནདྷཿ། རྗེའཛིན་འཁོར་དང་བཅས་པ་ལ་ཕྱག་འརྒྱལ་ལོ།། བདག་ལ་གས་སྔགས་ཀྱི་གཞི་འདིནམས་གྲུབ་པར་གྱུར་ཙིཀཱ་རྨཱཿ། རྡོ་རྗེ་འཛིན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ་སྭཱཧཱ། རྡོ་རྗེ་འཛིན་གཟི་བརྗིད་ཆེན་པོ་ལ་ཕྱག་འཚལ་ལོ་སྭཱཧཱ། ཨོཾ་ཙུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་འོད་ཟེར་ཀུན་ཏུ་འབར་བའི་སྣང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལས་འདས་ནས་བདུད་ཀྱི་ཁྱིམ་ཐམས་ཅད་ཀུན་ཏུ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པར་ཀུན་ཏུ་སྣང་ངོ་།། དེ་ལྟར་གྱུར་པ་དང་། བདུད་སྡིག་ཅན་རལ་གྲི་དང་། འཁོར་ལོ་དང་། གཞུ་དང་། མདའ་ལ་སོགས་པའི་མཚོན་ཆ་རྣམས་ལག་ན་ཐོགས་ཏེ་བགེགས་ཀྱི་རྣམ་པར་འཕྲུལ་པ་དུ་མ་བྱེད་དོ། ། དེ་ནས་སྐད་ཅིག་དེ་ཉིད་ལ་བདུད་སྡིག་ཅན་བདུད་ཀྱི་རིས་ཀྱི་ལྷའི་བུ་ཐམས་ཅད་དང་ལྷན་ཅིག་ཏུ་བདུད་ཀྱི་རྣམ་པར་འཕྲུལ་པ་ཆེན་པོས་བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་དོང་ངོ་། ། དེ་ནས་དེ་ལྟར་གྱུར་པ་དང་། ཁྲོ་བོ་འཆོལ་པ་མདོག་དམར་པོ། སྦྲང་རྩི་ལྟར་མིག་དམར་སེར་པོ། མཆེ་བ་གཙིགས་པ། མི་བཟད་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ལག་པ་གཡས་པ་ན་བེ་ཅོན་ཐོགས་པ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་པ། སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་བགོས་པ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་ཉི་ཤུ་རྩ་གཅིག་གི་བྱེ་མ་སྙེད་འདས་ཤིང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུའང་ཀུན་ཏུ་སྣང་ངོ་།། དེ་ནས་བདུད་སྡིག་ཅན་དང་། བགེགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱ་ཁྲོ་བོ་འཆོལ་པས་འདར་བར་གྱུར་ཏོ།། བདུད་སྡིག་ཅན་མྱོས་ཤིང་གཟིར་ཏེ་འཕོངས་ནས་སྲོག་ལ་མི་ལྟ་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཞགས་པའི་བཅིང་བ་ལྔས་བཅིངས་སོ། ། དེ་ལྟར་གྱུར་པ་དང་། དེའི་ཚེ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་སྤོས་དང་། མེ་ཏོག་དང་། རྒྱལ་མཚན་དང་། པ་དན་སྣ་ཚོགས་ལ་སོགས་པས། བཅོམ་ལྡན་འདས་ལ་ཅི་ནུས་ཀྱིས་མཆོད་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྫསངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ་མངོན་པར་དགའ་བར་བྱས་ནས། བཅོམ་ལྡན་འདས་ཀྱིས་རྗེས་སུ་ཐུགས་རང་བ་མཛད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་རིག་སྔགས་མཆོག་གི་རྒྱུད་ཆེན་པོའི་ནང་ནས་དོན་འདོད་པ་ཐམས་ཅད་སྦྱིན་པ་ཞེས་བྱ་བ་སྟོབས་དཔག་མེད་པས་ཕ་རོལ་གནོན་པ། སྟོབས་པོ་ཆེ་སྟོབས་ཆེན་པོའི་རིག་སྔགས་ཀྱི་རྒྱལ་པོ་ཞེས་བྱ་བའི་གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ།། གང་ལ་ལ་ཞིག་འཛིན་ཏམ། འཆང་ངས། གྲོགས། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། བསྟི་སྟང་དུ་བྱེད་དམ། བླ་མར་བྱེད་དམ། རིམ་གྲོར་བྱེད་དམ། མཆོད་པར་བྱེད་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། ། ཕ་རོལ་གྱིས་བྱས་པའི་གསང་སྔགས་ཐམས་ཅད་བཤིག་པ་དང་། བཅོམ་པ་དང་། བསྐྱེལ་བར་ཡང་འགྱུར་རོ།། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་རིག་སྔགས་མཆོག་གི་རྒྱུད་ཆེན་པོའི་ནང་ནས་འབྱུང་བ་སྨྲས་སོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཐུགས་རངས་པ་མཛད་པས། དོན་འདོད་པ་ཐམས་ཅད་སྦྱིན་པ་ཞེས་བྱ་བ་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ། སྟོབས་པོ་ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ་པ་ཙམ་ཐ་བི་དྷ་ས་ཡ། ཛ་ཊི་ལ་པོ་དྷ་ར། ཨུ་ཙུཥྤ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་ཏམ། འཆང་ངམ། ཀློག་གམ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། རིམ་གྲོར་བགྱིད་དམ། མཆོད་པར་བགྱིད་ན་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཡང་གསོལ་པ། སྟོབས་པོ་ཆེའི་སྙིང་པོ་འཛིན་པ་ལ་ནི་གནོད་སྦྱིན་ནམ། གནོད་སྦྱིན་གྱི་བུ་འམ། སྲིན་པོའམ་སྲིན་པོའི་བུ་འམ། གྲུལ་བུམ་མམ། གྲུལ་བུམ་གྱི་བུ་འམ། ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་གི་བུ་འམ། ཀླུ་འམ། ཀླུའི་བུ་འམ། དྲི་ཟ་འམ། དྲི་ཟའི་བུ་འམ། ཤ་ཟ་འམ། ཟའི་བུ་འམ། སྨྱོ་བྱེད་དམ། སྨྱོ་བྱེད་ཀྱི་བུའམ། མཁའ་འགྲོ་འམ། མཁའ་འགྲོའི་བུ་འམ། སྒྲུབ་པའམ། སྦྲུལ་འཛིན་བཅས་པ་ལ་སོགས་པ་དང་། བརྗེད་བྱེད་དང་། ལུས་སྲུལ་པོ་དང་། རོ་ལངས་ལ་སོགས་པ་དང་། གནོན་པོའི་གདོན་ཐམས་ཅད་དང་། བརྗེད་བྱེད་ལ་སོགས་པའི་གདོན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། སྟོང་པ་ཉིད་དོ།། དོན་དམ་པ་སྟོང་པ་ཉིད་དོ།། ཕྱི་མའི་མཐའ་སྟོང་པ་ཉིད་དོ། ། སྟོང་པ་ཉིད་སྟོང་པ་ཉིད་དོ།། ཆེན་པོ་སྟོང་པ་ཉིད་དོ།། དེ་བཞིན་ཉིད་སྟོང་པ་ཉིད་དོ།། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། གང་མདོ་སྡེ་འདི་རབ་ཏུ་སྟོན་པ་དེ་མཆོད་པར་བགྱི་བ་དང་། ཕྱག་བགྱི་བ་དང་། རིམ་གྲོར་བགྱི་བ་དང་། བསྐོར་བ་བགྱི་བའི་འོས་སུ་འགྱུར་བ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ་སྟོབས་པོ་ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ལག་ན་མདུང་རྩེ་གསུམ་ཐོགས་པ་དྲག་ཤུལ་ཙམ་དྷུརྨྨ་དྷུ། ཕཊ་ཕཊ་ཕཊ། ཨོཾ་ཛྱཱ་ཏ་ནི་རྦད། ཙཱུཙྪ་ནཱུ། མོ་ཡ་ཨོཾ། ཕཊ་ཕཊ་ཕཊ། སྟོབས་པོ་ཆེ་ལ་སྭཱཧཱ། ཨོཾ། རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། ཧ་ན་ད་ཧ་པ་ཙ། མཐ་བི་ཀ་ར། བི་དྷྭན་ས་ཡ་ཛཊ་ལ་པོ་དར། ཨུ་ཙུཥྨ་ཀྲོ་དྷ་ཧཱུ~ཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ། སརྦྦ་དུཥྚ། སྟཾ་བྷ་ཡ། སྟཾ་བྷ་ཡ། དུ་རཱ་རཱ་དུཥྚཱན་ནི་པཱུ་ར་ཡ། བདག་ལ་སྲུངས་ཤིག་སྲུངས་ཤིག་སཱཧཱ། ཨོཾ་ཨ་ནནྟ། བི་ཛ་ཡ། མ་ཧཱ་ཙཎྜ། ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་དྷྲྀག་ཧཱུཾ་ཕཊ། ཨོཾ་ཤྲི་རི་ཡེ། ཤི་རོ་མཱ་ལོ་ནི། སཾ་ནི་སི་ནི། ཤི་ཤི་ནི་ཤི་ཤཾ་ནི། ཨོཾ་སརྦྦ་ཨཱཏྨ་ཛ། མ་ཧཱ་ཏེ་ཛ་བཛྲཱ། ཨ་ཤ་ནི་བཛྲ། པཱ་ཤ་ཨ་ནུ་རྦ་བིཤྩ། སརྦྦ་དུཥྚ། སྟ~ཾ་བྷ་ཡ་སྟ~ཾ་བྷ་ཡ། ཧཱུ~ཾ་ཕཊ། ཨོཾ་ཧཱུ~ཾ་བནྡྷ་བནྡྷ་དྷུ། ཨོཾ་ཨ་ནནྟ། བི་ཛ་ཡ། མ་ཧཱཿཎྜི། ཧཱུ~ཾ་ཕཊ། ཨོཾ་ཕཊ་ཕུཊ་ཕཊ། བཛྲ་ཀྲོ་དྷ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀ་དྷ་ཀ་རི་ཀ་ར་ཀ་ར་ཙྪི་ཙི་། དྲུ་ཨོཾ་བ་གཽཏྟ། མཧཱ་པ་ལ། དྷཀཿཀེ། ཛཾ་ལ་ཛྭལ་ཅུ་5། ཨོཾ་བ~ཾ་པ+འུརྱཱ། རཀྵ་བཛྲ་བ་ཝཱར་དྷ་། མ་ག་ས~ཾ་ཀ་ལི། བཛྲ་བ་ཛི་བྷར་བ་དྷཱ་བརྡྷ་ན་པ། དྷ་ཐི་ལ། ས་ཀཱཪྵ་ཥ། ཛུ་ཕཊ། ཨོཾ་བཛྲ་བོ་དྷ་མ་ཧཱ་བ་ལ། དར་དང་། དཱར་ཡ་ར་ཡ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧན་ཧན། དར་དང་། དཱར་ཡ་ད་ར་ཡཱ། པཊ་ཡ་པ་ཊ་ཡ། མོ་མ་དྲུངཊ། ཨོཾ་བ་གྲོ་དྷམ་ཐབ་ལ། ཏན་ཏཿ། ཏྭ་ཊ་མ་ཏཱ་རྦ་ཡ། ཧཱུ~ཾ་བ་རྦེ། ཨོཾ་བ་འགྲོ་དྷ་མ་འཔ་ལ། ཛྭ་ལ་ཛྭ་ལ། པྲ་ཛྭལ་པྲ་ཛྭ་ལ། དཔྱད་བྱ། དྲི་བ་ལ་པ་ལ། ཛྭལཊ། ཨོཾ་ཙུ་རུ་ནུ་ཨུ་ཙུཎྜ་ཀྲོ་དྷ། ཤི་ཁ་ར་ཧ་ར་ཧ་ར། ཧཱུཾ་ཕཊ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།། ཨོཾ་བཛྲ་བོ་དྷ་མ་ཧཱ་ཙཎྜ། ཧ་ནང་ཧཔ་ཙམ་ཐ་བི་ཀིར། བི་དྷེན་ས་ཡ། བཅོམ་ལྡན་འདས་ཚུར་གཤེགས་ཚུར་གཤེགས། ཧ་ན་ཧ་ན། ཧ་ར་ཧ་ར། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷྭན་ས་ཡ། ལྷ་དང་ལྷ་མ་ཡིན་གྱི་བདག་པོས་པབཆོད་པ་ཐམས་ཅད་ཀྱི་བདག་ཉིད་ལས་སྐྱེས་པ། གཟི་བརྗིད་ཆེན་པོ། སུ་རུ་སུ་རུ། མུ་རུ་མུ་རུ། ཀུ་རུ་ཀུ་རུ། གྷུ་རུ་གྷུ་རུ། ཀུརྨྨ་ཀུརྦྦ། མ་ཧཱ་ཀུརྦ། བི་ཀུརྦ། ཀུ་ནནྟི་ཀུ་ནནྟི། ན་ཊི་ན་ཨུ0f7f་ཤི་ནི་ཤི་ནི། ཁི་ནི་ཁི་ནི། ཁ་ཁ། ཁཱ་ཧི་ཁཱ་ཧི། ཀུ་རུ་ཀུ་རུ། ཏུ་ཊ་ཏུཊ། ཏུརྦྦ་ཏུནྟ། ཏྲནྣ་ཏྲནར། ཏུ་རུ་ཏུ་རུ། འབྱུང་པོའི་བདག་པོ། ཀླུའི་བདག་པོ། ལྷ་མ་ཡིན་གྱི་གྲོང་ཁྱེར་རྣམ་པར་འཇོམས་པར་བྱེད་པ་ཁྲོ་བོ་འཆོལ་པ་སྟོབས་པོ་ཆེ། དྷ་མ་དྷམ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། སུ་རུ་སུ་རུ། ཧཱུཾ་ཕཊ། ཧ་ན་ཧ་ན། ཧཱུ~ཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུ~ཾ་ཕཊ། དྲྀ་ཙཱུ་ཧཱུཾ་ནཱུ@་ཕཊ་ཕཊ་སྭཱཧཱ། ཨོཾ་ཙུ་ལུ་ཙུ་ལུ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། སརྦྦ་དུཥྚཾ། སྟཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། ཧཱུཾ་ཕཊ། ཨོཾ་ཧ་ཧ། ས་ར་ས་ར། བི་སར་བི་ས་ར། གྷཱ་ཏ་ཡ་གྷཱ་ཏ་ཡ། ཨོཾ་བི་སར་སརྦྦ་ས་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་འ་ལ། པ་ར་ཧ་ར། ཁ་ཁ། ཁཱ་ཧ~ཾ་ཁཱ་ཧ~ཾ། ནཱ་ཤ་ཡ་ན་ཤ་ཡ་ཧཱ་ཕཊ། ཧཱུ~ཾ་དྷུ། མཱ་མ། མ་མ་ཕཊ། ཨོཾ་དྷཀ་ཀྲོ་དྷ་ན། བདག་ལ་སྲུངས་ཤིག་སྲུངས་ཤིག་སཱཧཱ། ཨོཾ་མ་ཧཱ་པ་ལ། བཛྲདྷ། ཀ་ར་ཀ་ར། བནྡྷ་བནྡྷ། ཧཱུ~ཾ་ལཊ། སཱུཏྨ། ཨོཾ་ཛྭ་ལ་ཟས། སུ་ཙུ་ཀྵ་མཱ་ཀ་ར་རྦུ། རྡོ་རྗེའི་ཕོ་ཉ་མོ་དྲུག་ཅུ་རྩ་བན་པོ་དེ་དག་ཀྱང་བསྲུང་བ་དང་ཡོངས་སུ་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་པར་འགྱུར་རོ།། ལག་ན་རྡོ་རྗེས་སྨྲས་པ། གང་གཟུངས་འདི་འཆང་བ་ནི་དགེ་བར་འགྱུར། དུག་མི་གནོད་པར་འགྱུར། ཤི་བ་སོས་པར་བྱེད་པར་འགྱུར། དགྲ་རྣམས་ཀྱིས་མི་ཚུགས་པར་འགྱུར། བུ་མང་བར་འགྱུར་རོ།། ས་ཕྱོགས་ཀྱང་འགས་པར་འགྱུར་རོ།། གསང་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། ལས་ཐམས་ཅད་ཀྱང་ནུས་པར་འགྱུར་རོ།། གདུག་པས་ཟིན་པ་རྣམས་ལ་ནི་སྐྱོར་ཆུས་འཚེ་བར་འགྱུར་རོ།། དུག་ཐམས་ཅད་ཀྱང་དུག་མ་ཡིན་པར་བྱེད་པར་འགྱུར་རོ།། མངལ་ན་གནས་པའི་ཁྱེའུ་དང་བུ་མོའང་བདེ་བར་བཙའ་བར་འགྱུར་རོ། ། མདོ་སྡེ་འདི་ཞག་གསུམ་བཅངས་ན་རྒྱས་པར་འགྱུར་རོ།། ཞག་བདུན་བཅངས་ན་ཞི་བ་ཆེན་པོར་འགྱུར་རོ།། དེ་ནས་འབྱུང་པོའི་བདག་པོ་དབང་བདག་རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་བསྐོར་བ་འཁོར་གྱི་དཀྱིལ་འཁོར་དེ་ནས་ལངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། སྟོབས་པོ་ཆེའི་བསྟན་པ་ཐོགས་པ་མེད་པ་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ། ལག་ན་རྡོ་རྗེ་དཀའ་བ་དང་། ལྷ་དང་། མི་དང་། ལཱ་མ་ཡིན་དང་། ཚངས་པའི་དབང་པོས་ཕྱག་བྱས་པ། གནོད་སྦྱིན་དང་། སྲིན་པོ་ད་རོལངས་དང་། ལུས་སྲུལ་པོ་འཇིགས་པར་བྱེད་པ། སྨྱོ་བྱེད་དང་། སྐྲོད་པ་དང་། བསོད་པ་དང་། སྐེམ་བྱེད་དང་། སྒོ་གླེགས་དང་། འཁྲུལ་འཁོར་དང་། གཏན་པ་དང་རྡོ་རྗེས་རྣམ་པར་འཇོམས་པ། ལས་ཐམས་ཅད་བྱེད་པ། དཀྱིལ་འཁོར་གསང་བ་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཤད་དུ་གསོལ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱིས། འབྱུང་པོའི་བདག་པོ་དབང་བདག་ལ་འབྱུང་པོའི་བདག་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྤར་ཏེ་རྡོ་རྗེ་ལ་བཞུགས་པའི་ཚུལ་གྱིས་བཞུགས་ནས། འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་གཟིགས་ནས་རྡོ་རྗེ་མི་བཟད་པ་ཁྲོ་བོ་ཆེན་པོ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ལ་ཆེར་སྙིང་རྗེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་འབར་ཞིང་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཆོས་ཐམས་ཅད་ཀྱི་དགའ་བ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་ཐམས་ཅད་ཀྱི་ཡུལ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱའི་མཚན་ཉིད་ཅེས་བྱ་བའི་ཏིང་འཛིན་དང་། སེམས་ཅན་ཐམསས་ཀྱི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྐུ་ཞེས་བྱ་བའི་ཏིང་ངེ་འཛིན་པ་ཆོས་ཀྱི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྔོམ་བག་ཅན་དུ་རྡོ་རྗེ་སྦར་སྟེ། དེ་ནས་རྡོ་རྗེ་པདྨ་ལ་གནས་པ་ཚུལ་གྱིས་གནས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས། རྡོ་རྗེ་མི་བཟད་པ་ཁྲོ་བོ་འཆོལ་པ་ལུས་སྦྲུལ་གྱི་སྐ་རགས་ཀྱིས་བརྒྱན་པ་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཞུགས་མ་ཐག་ཏུ་ཁྲོ་བོ་འཆོལ་པས་བགེགས་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་འདར་ཏེ་གཟིར་བ་བདག་ཉིད་ཀྱིས་མཐོང་ངོ་།། དེ་དག་ཚིག་ནས་སྨེ་ཞིང་སྲོག་བཏང་སྟེ། སྲེག་པའི་བསྐལ་པ་སྙམ་དུ་སེམས་ཤིང་ཉམ་ཐག་པའི་སྐད་ཀྱིས་ངུས་ཏེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་གན་དུ་སོང་ནས། བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ཏུ་གསོལ། བྱང་ཆུབ་སེམས་དཔའ་ཡོངས་སུ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་བདག་ཅག་ནི་བཅོམ་ལྡན་འདས་ཀྱི་ཁྲོ་བོ་འཆོལ་པས་གཟིར་ཅིང་མྱོས་ཏེ་འཕོངས་ནས་སྲོག་ལའང་མི་བལྟའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་སྤྲས་པ། ཀྱེ་མའོ་ཁྲོ་བ་ཆེན་པོ་འདི་ནི་རྫུ་འཕྲུལ་ཆེ་བའོ། ། མཐུ་ཆེ་བའོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་དེ་དེ་བཞིན་ཏེ། ཀྱེ་མའོ་ཁྲོ་བོ་ཆེན་པོ་འདི་ནི་རྫུ་འཕྲུལ་ཆེ་བའོ།། མཐུ་ཆེ་བའོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སེང་གེའི་ལྟ་སྟངས་ཀྱིས་བལྟས་ནས། འབྱུང་པོའི་བདག་པོ་ཁྲོ་བོ་འཆོལ་པའི་དཀྱིལ་འཁོར་གསང་བ་དང་བཅས་པ་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ་པ་ཙ་མ་ཐ་བི་དྷཱ་ན་ས་ཡ། ཛ་ཊི་ལཾ་བོ་དྷ་ར། ཨུ་ཙུཥྤ་ཀྲོ་དྷ་ཧཱུཾ་ཕཊ། ཨ་ཨཾ་མཱ་ཧཱཾ་སྭཱ་ཧཱ། གྲོགས་པོ་དག་གང་ལ་ལ་ཞིག་ཁྲོ་བོ་སྟོབས་པོ་ཆེ་འདིའི་དཀྱིལ་འཁོར་དུ་ཞུགས་ན་དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། ། དུས་མ་ཡིན་པར་འཚོ་བས་དུས་བྱེད་པར་མི་འགྱུར་རོ།། དེའི་ལུས་ལ་དྲག་པོའི་ལས་དང་ནད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། དེ་ལ་བགེགས་དང་། མི་དང་། རྣམ་པར་ལོག་འདྲེན་གྱིས་གླགས་རྙེད་པར་མི་འགྱུར་རོ།། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། ཐམས་ཅད་མེད་པར་འགྱུར་རོ།། འདོར་ཞུགས་ན་གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ།། ཁྲ་བོ་ཐམས་ཅད་ཀྱི་ཆོ་གའང་ལྷུར་གྱིས་གྲུབ་པ་ཉིད་དུ་འགྲུབ་པར་འགྱུར་རོ།། @་དབང་བསྲུ་རབ་ཐམ་ཤེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། ། དཔལ་གྱིས་བྱིན་གྱིས་བརླབས་པར་འགྱུར་རོ།། དེནས་ཁྲོ་བོ་ཆེན་པོ་ལན་ཁྲོས་སྔར་ཆུང་བ་བྱས་ཁྲོ་བ་ཆེན་པོའི་དཀྱིལ་འཁོར་བྱེད་པ། བྱས་པ་གཟོ་བ། རླུད་ཤེས་པ། གས་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། གསུམ་ལ་སྐྱབས་སུ་དོང་བ། བྱང་ཆུ་ཀྱི་སེམས་དང་ལྡན་པ། བྱམས་པའི་སེམས་དང་ལྡན་པ། སྙིང་རྗེ་ཅན་དུ་གྱུར་པ། དཀྱིལ་འཁོར་མཐོང་བ། དབང་བསྐུར་བ། ཐ་མ་རྣམས་ཀྱིས་ལུང་བྱིན་པ། གང་བདུད་ཐམ་ཅད་དང་སྡང་བའི་སེམས་རྣམ་པར་འཇིག་པར་བྱེད་པ། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བ་འདི་འཆང་བ་དང་ཀློག་པ་དེ་བདུད་དང་དགྲ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། ལུས་སྲུལ་པོ་དང་། མཁའ་འགྲོ་དང་། བརྗེད་བྱེད་དང་། སྒྲུབ་པ་དང་། སྦྲུལ་འཛིན་བཅས་པ་ལ་སོགས་པ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ།། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཐར་པར་འགྱུར་རོ།། གསད་པ་དང་བཅིང་བ་ཐམས་ཅད་ལས་ཐར་པར་འགྱུར་རོ།། གཅད་པ་ཐམས་ཅད་ལས་ཐར་པར་འགྱུར་རོ། ། རྨུགས་བྱེད་དང་། རེངས་བྱེད་དང་། རྨོངས་བྱེད་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ།། ཀླུའི་འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ། ། བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ།། སེམས་ཅན་དབུལ་པོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་དུས་གསུམ་དུ་འཆང་ངམ། ཀློག་གམ། ཡིད་ལ་བྱེད་དམ། རྗེས་སུ་དྲན་པར་བྱེད་ན་དབུལ་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་པར་འགྱུར་རོ།། ལེ་ཉེས་པ་བྱུང་བའི་ཚེ་སྟོབས་པོ་ཆེ་ལན་བདུན་བཀླགས་ན་སྤྲིན་ཆེན་པོ་ལས་ཆར་འབབ་བོ།། གལ་ཏེ་ཆར་མི་འབབ་ན་སྤྲིན་གྱི་ལྷ་རྣམས་ཀྱི་སྲོག་བསྐམས་པར་འགྱུར་རོ། ། ཀླུའི་རྒྱལ་པོ་ནག་པོ་དང་། ཀླུའི་རྒྱལ་པོ་འཁོར་ལོ་དང་། ཀླུའི་རྒྱལ་པོ་མཐའ་ཡས་ལ་སོགས་པ་ཀླུའི་རྒྱལ་པོ་རྣམས་ཀྱིས་སྤྲིན་ཆེན་པོ་ལས་ཆར་འབེབས་སོ། ། གལ་ཏེ་ཆར་མི་འབེབས་ན་སྲོག་བསྐམས་པར་འགྱུར་རོ།། གོང་དུ་སྨོས་པའི་ཆོ་ག་བཞིན་དུ་ཕྱོགས་ཀྱི་ཆའམ། ཀླུང་གི་ངོགས་སམ། རྒྱ་མཚོའི་འགྲམ་མམ་མཆོད་རྟེན་གྱི་གནས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་མཆོད་པ་ཆེན་པོ་བྱས་ཏེ། ཙན་དན་དམར་པོ་དང་། ཀ་ར་ཝཱི་རའི་མེ་ཏོག་དང་། པདྨ་དམར་པོ་དང་། ཨ་ཏི་མུཀྐ་ཀའི་མེ་ཏོག་དང་། རྒྱལ་མཚན་དང་། བ་དན་དམར་པོ་ལ་སོགས་པས་སམ། བུམ་པ་སྤོས་ཆུས་བཀང་བ་ལ་སོགས་པས་མཆོད་པ་བྱས་ཏེ། གང་མདོ་སྡེ་འདི་འཆང་བ་དང་ཀློག་པ་དེ་གཡུལ་ངོ་ཐམས་ཅད་དུ་ཞུགས་ཀྱང་ཕ་རོལ་གྱིས་མི་ཚུགས་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ།། བཀྲ་མི་ཤེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ།། སྟོབས་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གཡུལ་ངོར་སོང་ན་ཕ་རོལ་གྱིས་མི་ཚུགས་པར་འགྱུར་རོ།། གསང་སྔགས་གྲོ་ག་ལ་བྲིས་ཏེ་སྤྱི་བོར་བཏགས་ན་གཡུལ་ངོར་མཚོན་ཆ་རྣམས་མེ་ཏོག་བཞིན་དུ་ལྟུང་བར་འགྱུར་རོ། ། དེ་ནས་བདུད་དེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས། སྟོབས་པོ་ཆེ་ཞེས་བགྱི་བ་ཅི་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་པོ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ།། སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་སོ།། སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོའོ། ། སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཚུལ་ལོ།། སྟོབས་པོ་ཆེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ།། སྟོབས་པོ་ཆེ་ཞེས་བྱ་བ་ནི་ལག་ན་རྡོ་རྗེའོ།། དེ་ནས་བདུད་སྡིག་ཅན་གྱིས་སྨྲས་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། ། སྐྱབས་སུ་མཆིའོ།། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། དགེ་བསྙེན་གྱི་ཡན་ལག་གཟུང་བར་བགྱིའོ། ། པདེ་དང་ཐར་དང་མཐོ་རིས་དང་།། མཁས་པ་དག་དང་སེམས་ཅན་ནི།། དམ་པ་ཀུན་ལ་ཕན་པའི་ཕྱིར།། སྟོབས་པོ་ཆེ་ནི་གཟུང་བར་བགྱི།། དེ་ནས་བདུད་སྡིག་ཅན་ཆོས་ལ་དགའ་ཞིང་ཡིད་བདེ་བ་དང་རངས་པར་གཟིགས་ནས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེའི་མདོ་སྡེ་འདི་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ལས་ཐར་པར་བྱེད་པའོ།། དེ་བསྐལ་པ་སྟོང་ཕྲག་ཉི་ཤུར་ལྷའི་རྒྱལ་པོ་བྱེད་པར་འགྱུར་རོ།། བསྐལ་པ་མཐའ་ཡས་པར་གྲོང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བར་འགྱུར་རོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པར་བྱེད་དོ།། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེའི་སྙིང་། འདི་ནི་གཙང་སྦྲ་ཅན་ནམ། གཙང་སྦྲ་མེད་པའམ། སྦྱང་བར་བྱས་པའམ། སྨྱུང་བར་མ་བྱས་པའམ། འཁྲིག་པའི་ཆོས་ལ་བརྟེན་པ་ལའང་འགྲུབ་པར་བྱེད་དོ།། དེ་ལ་བར་ཆད་དུ་མི་འགྱུར་རོ། ། དེ་ནས་རབ་འབྱོར་འཁོར་དེ་ཉིད་ན་འདུག་པར་གྱུར་པས། བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཇི་ལྟར་གཟུང་བར་བགྱི།། དམ་པ་ནི་ཅི་ཞིག་སྩོལ་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལ་དྲི་བ་དྲིས་ཤིག། རབ་འབྱོར་གྱིས་སྨྲས་པ། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཇི་ལྟར་གཟུང་བར་བགྱི། དམ་པ་ནི་ཅི་ཞིག་སྦྱིན་པར་བྱེད། ལག་ན་རྡོ་རྗེས་སྨྲས་པ། འབྲུ་སྦྱིན་པར་བྱེད་དོ།། གོས་སྦྱིན་པར་བྱེད་དོ།། དངུལ་སྦྱིན་པར་བྱེད་དོ།། གསེར་སྦྱིན་པར་བྱེད་དོ།། བ་གླང་སྦྱིན་པར་བྱེད་དོ།། དམ་པ་གང་འདོད་པ་དམ་པ་དེ་སྦྱིན་པར་བྱེད་དོ། ། རབ་འབྱོར་གྱིས་སྨྲས་པ། སྤྱིའི་འབྲས་བུ་ཞེས་བྱ་བ་འམ། ལག་ན་རྡོ་རྗེས་སྨྲས་པ། རབ་འབྱོར་དེ་དེ་བཞིན་ཏེ། སེམས་ཅན་ཉོན་མོངས་པས་བསྒྲིབས་པ་རྣམས་འབྲས་བུའི་དུས་སུ་གནས་སོ། ། འབྲས་བུའི་དུས་ཀྱིས་ཡོན་ཏན་གྱི་དོན་དུ་གནས་སོ།། ཡོན་ཏན་གྱི་དོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་འཇོག་པར་བྱེད་དོ།། འབྱོར་གྱིས་སྨྲས་པ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། གསང་བའི་མཚན་ཉིད་ལྡན་པ་སྟེ།། སྟོབས་པོ་ཆེ་ནི་ཤེས་རབ་ལྡན།། གསང་བའི་མཚན་ཉིད་ཕུན་སུམ་ཚོགས།། སྦྱི་ནས་དབང་བསྐུར་ཡིད་ཀྱང་གཞུངས།། མཚན་དང་ཡང་དག་ལྡན་པ་སྟེ།། སྦྱིན་དང་ཚུལ་ཁྲིམས་ཤེས་རབ་ཆེ།། རྫུ་འཕྲུལ་ཆེ་ཞིང་སྟོབས་ཀྱང་ཆེ།། དབང་ཆེར་གྲགས་ཤིང་བསོད་ནམས་ཆེ།། ཡོན་ཏན་རྩེ་མོ་སྟོབས་པོ་ཆེ། ། མདོ་སྡེ་འདི་ལ་དབང་བསྐུར་ཕྱིར།། སངས་རྒྱས་བརྒྱད་སྟོང་དེར་གཤེགས་སོ།། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་མདོ་སྡེ་འདི་ཉིད་ཀྱིས་མི་འཇིགས་པའི་ལག་པ་སྤྱི་བོར་བཞག་སྟེ་དགེ་བ་བྱེད་པར་འགྱུར་རོ། ། གང་གིས་གཟུངས་འདི་ས་འམ། རི་འམ། ཀླུང་གི་ངོགས་སམ། རྒྱ་མཚོའི་འགྲམ་དུ་བཅངས་ན་འཇིགས་པ་ཐམས་ཅད་ཀྱི་འཇིགས་པ་མེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་། བྲོ་ནད་མ་མཆིས་པར་ལོ་བརྒྱ་འཚོ་བར་འགྱུར་རོ།། ལག་ན་རྡོ་རྗེས་ཡང་གསོལ་པ། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདི་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱ་བར་ཟུང་ཞིག། ཆོས་ཀྱི་ཉི་མ་ཞེས་བྱ་བར་ཡང་ཟུང་ཞིག། ཆོས་ཀྱི་ཟླ་བ་ཞེས་བྱ་བར་ཡང་ཟུང་ཞིག། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་ཡང་ཟུང་ཞིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཅེས་བྱ་བར་ཡང་ཟུང་ཞིག། སྡིག་པ་ཐམས་ཅད་བྱང་བར་བྱེད་པའི་གཟུངས་སྔགས་ཞེས་བྱ་བར་ཡང་ཟུང་ཞིག། རིག་སྔགས་འཆང་ཐམས་ཅད་གྲུབ་པའི་རྒྱལ་པོ་ཞེས་བྱ་བར་ཡང་ཟུང་ཞིག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་ཟུང་ཞིག། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཞེས་བྱ་བར་ཡང་ཟུང་ཞིག་རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བར་ཡང་ཟུང་ཞིག། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཡི་གེར་འདྲིར་འཇུག་པ་དང་། བསྟིང་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རིམ་གྲོར་བྱེད་པ་དང་། མཆོད་པར་བྱེད་པ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་མཆོད་རྟེན་སྐུ་གདུང་དང་བཅས་པ་ལ་མཆོད་པ་བྱས་པར་འགྱུར་རོ།། ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། ། ཤིན་ཏུ་ཟབ་པའི་ཆོས་བསྟན་པ་དང་། ཆོ་འཕྲུལ་གྱི་ཡོན་ཏན་གྱི་རྒྱན་གྱི་ཆོས་བསྟན་པ་གཟུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་མདོ་སྡེ་འདི་འཆང་བ་དེ་ལ་སྡང་བའི་སེམས་ཅན་རྣམས་ཆུ་འགྲམ་གྱི་ཤིང་ལྟར་མ་རུངས་པར་འགྱུར་རོ།། སྤོས་དང་། མེ་ཏོག་དང་། བདུག་པ་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ལ་སོགས་པས་མཆོད་པ་བྱས་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ།། དེ་ལ་བར་ཆོད་མི་འབྱུང་བར་འགྱུར་རོ།། མདོ་སྡེའང་གནས་གང་ཡང་རུང་བ་ན་འཆང་ན། ལྷ་དང་མིར་བཅས་པས་མཆོད་པ་བྱེད་པར་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་བགེགས་དང་རྣམ་པར་ལོག་འདྲེན་ཐམས་ཅད་འཆིང་བ་ཡིད་ལ་བྱེད་ན།། སངས་རྒྱས་བརྒྱད་སྟོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དྲང་སྲོང་ཆེན་པོ་རྣམས་དང་། ལྷ་དང་། ཀླུ་དང་། དྲི་ཟར་བཅས་པ་རྣམས་དགྱེས་དགའ་འོ།། སྟོབས་པོ་ཆེའི་གཟུངས་སྔགས་འདི་ལ་དགྱེས་པའི་དུས་ཀྱི་ཚེ། ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ།། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་ལ་གུས་པར་མི་བྱེད་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྐྱེ་བར་འགྱུར་རོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་ལ་གུས་པར་བྱེད་པ་དང་། རིམ་གྲོ་བྱེད་པ་དང་། མཆོད་པ་བྱེད་པ་དེ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། ། ཡི་གེར་འདྲིའམ་ཆོག་མཉན་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་རོ།། ལག་ན་རྡོ་རྗེས་གསོལ་པ། ཐུབ་པའི་ཚེཆོས་བསམ་གྱིས་མི་ཁྱབ་པ། ཤིན་ཏུ་ཕྲ་བ། ཤིན་ཏུ་ཟབ་པ། བསམ་གྱིས་མི་ཁྱབ་པ་ལ་སེམས་ཅན་རྣམས་ཀྱི་ནང་ནས་གང་ལོག་པར་སེམས་པ་དེ་མྱོས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་མདོ་སྡེའདི་བཤད་པར་བྱའོ།། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ་བ་དང་། ཞི་བར་བྱ་བ་དང་། རྒྱས་པར་བྱ་པ་དང་། དབང་བསྐུར་བ་དང་། བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་པར་བྱ་བ་དང་། དཔལ་གྱིས་བྱིན་གྱིས་བརླབ་པར་བྱ་བ་དང་། སྡིག་པ་ཐམས་ཅད་བྱང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱ་བའི་ཕྱིར་བཤད་པར་བྱའོ། ། དེའི་ཕྱིར་དེ་བཞིན་གཤེགས་པ་བརྒྱད་སྟོང་དང་པར་མཛད་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་མཛད་དེ། ཐལ་མོ་སྦྱར་ནས་ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ཞེས་མངོན་པར་དགྱེས་པར་མཛད་དོ།། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། སངས་རྒྱས་དེ་དག་ལ་སླར་གསུངས་པ། བཅོམ་ལྡན་འདས་དག་ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་པོ་ཆེའི་གསང་བའི་ཆོས་བསྟན་པ་འདིའི་མཐུས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་སྡང་བའི་བགེགས་དང་རྣམ་པར་ལོག་འདྲེན་ཐམས་ཅད་ཀྱི་སྙིང་འདར་ཞིང་འགུལ་བར་མཐོང་ངོ་། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་ཧ་ན་ཧ་ན་བཛྲ། ད་ཧད་ཧ་བཛ། པ་ཙ་པ་ཙ་བཛྲ། མ་ཐ་མཐའཛ། ཛྭ་ལ་ཛྭ་ལ། སུ་རུ་སུ་རུ་མུ་རུ། ཀཊཾ་ཀརྦེ། ཛ་ཡེ་བི་ཛ་ཡཾ། ཨ་ཛཾ་ཏེ། ཨ་པ་རཱ་ཛི་ཏེ། མར་སི་ནྱ་ཐ་མཛ་ནི་སྭཱཧཱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན། རྡོ་རྗེ་རྣམ་པར་ལོག་འདྲེན་ཐམས་ཅད་སྡིགས་ཤིག། ཆིངས་ཤིག་ཆིངས་ཤིག། རྣམ་པར་ཆོམས་ཤིག། མ་གྲུབ་པ་རྣམས་གྲུབ་པར་གྱིས་ཤིག། གྲུབ་པ་རྣམས་དུལ་བར་གྱིས་ཤིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འབབ་པར་གྱིས་ཤིག། ལྷ་དང་ཀླུ་ཐམས་ཅད་ཚུར་ཤོག་ཚུར་ཤོག། ངས་སྟོབས་པོ་ཆེ་ཁྲོ་བོའི་མཐུས་དགེ་བར་བྱའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལེགས་སུ་ཐལ་མོ་སྦྱར་བ་བཏུང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞོན་ནུར་གྱུར་པ་ཉོན་ཅིག། འདུ་བྱེད་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་དང་འདྲའོ།། འདུ་བྱེད་ཐམས་ཅད་ནི་གློག་དང་སྤྲིན་དང་འདྲའོ།། འདུ་བྱེད་ཐམས་ཅད་ནི་ཁྱིམ་དང་དབུ་བ་དང་འདྲའོ། ། འདུ་བྱེད་ཐམས་ཅད་ནི་མར་མེ་དང་འདྲའོ།། འདུ་བྱེད་ཐམས་ཅད་ནི་ཆུའི་ཆུ་བུར་དང་འདྲའོ།། འདུ་བྱེད་ཐམས་ཅད་ནི་ཆུ་ཤིང་དང་འདྲའོ།། འདུ་བྱེད་ཐམས་ཅད་ནི་རི་མོའི་རྣམ་པ་དང་འདྲའོ། ། འདུ་བྱེད་ཐམས་ཅད་ནི་མེ་ཏོག་དང་འདྲའོ།། འདུ་བྱེད་ཐམས་ཅད་ནི་ཟིལ་མ་དང་འདྲའོ།། འདུ་བྱེད་འདི་དག་ནི་བདེ་བ་དང་སྡུག་བསྔལ་གྱི་འཁོར་ལོ་དང་འདྲག་འདུ་བྱེད་འདི་དག་ནི་བདེ་བ་དང་སྡུག་བསྔལ་གྱི་ཀླུང་དང་འདྲའོ། ། འཁྲུག་པར་འགྱུར་བས་རྒྱ་མཚོ་དང་འདྲའོ།། སྐར་མ་དང་འདྲའོ།། སེམས་ཅན་རྣམས་ནི་འདུ་བྱེད་འདི་དག་སྐྱེ་བར་མི་སེམས།། མི་མཐོང་། མི་ཤེས། མི་འཇལ་གྱི། དེ་བཞིན་གཤེགས་ཉིད་ཀྱིས་གཟིགས་སོ།། དེ་བཞིན་གཤེགས་པ་ཉིད་ཀྱིས་འཇལ་ལོ།། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། འདུ་བྱེད་ཐམས་ཅད་ནི་སྟོང་པ་ཉིད་དུ་མཚན་ཉིད་གཅིག་པར་མཁྱེན་ཏོ། ། དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ།། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་དུ་མཁྱེན་ཏོ།། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉི་དུ་མཁྱེན་ཏོ། ། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ།། དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ།། འཇམ་དཔལ་གཞོན་ནུར་གྱུར་པ་མཚན་ཉིད་འདི་ཉིད་མཐོང་ཞིང་མཚན་ཉིད་འདི་ཤེས་ཏེ། སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། མཚན་ཉིད་འདི་ཉིད་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕག་པ་སྤུན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མདོ། སྡེ་འདི་མཚན་ཉིད་གང་གིས་ན་ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་བཞིན་གཤེག་པ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པའི་ལས་རྣམས་བྱེད་པར་འགྱུར་རོ། ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ།། མདོ་སྡེ་འདི་ཡོངས་སུ་ནུབ་པའི་ཚེ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་ནུབ་པར་འགྱུར་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ།། མདོ་སྡེ་འདི་འཚོ་ཞིང་སྡོད་ན་དེ་བཞིན་གཤེགས་པའི་བསྟན་པའང་འཚོ་ཞིང་སྡོད་དེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མདོ་སྡེ་འདི་ཉིད་ལ་ཕྱག་འཚལ་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། ། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ལ་རྗེས་སུ་ཡི་རང་ནས་བཀའ་ལུང་བཞིན་བགྱི་ཞིང་། སུ་མདོ་སྡེ་འདི་འཆང་བའི་གན་དུ་མཆིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེའང་ཉིད་ཀྱི་མཐུས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཨུ0f7fཐམས་ཅད་ཀྱང་འོང་ངོ་། ། ལྷ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ལེགས་སོ་ལེགས་སོ།། བདག་ཅག་ཀྱང་དམ་པ་སྩལ་བར་མངོན་པར་དགའ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཅད་ཀྱང་དམ་པའདི་ཉིད་སྩོལ་བ་མཛད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེའི་གསང་བའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་སྦྱིན་པར་བྱེད་པའོ། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མཚན་ཉིད་གང་གིས་ན་མདོ་སྡེ་འདྲི་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས་ཞག་སུམ་ཅུ་རྩ་གཉིས་ལོན་པའི་ཉིན་མོར་བཏང་བཟུང་ཆེན་པོར་མདོ་སྡེ་འདི་ཉིད་ཀྱི་ཆོས་བསྟན་ཏེ། མཚན་ཉིད་དེས་ན་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ།། མདོ་སྡེ་འདི་ཉིད་ཀྱི་མཐུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། མཚན་ཉིད་དེས་ན་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ།། མདོ་སྡེ་འདི་ཉིད་ཀྱི་མཐུས་ལྷའི་བུ་གྲངས་མེད་དཔག་ཏུ་མེད་པ་དག་རྒྱུན་དུ་ཞུགས་པར་གྱུར་ཏོ། ། རིགས་ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང་ཀློག་བདེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྲས་སུ་འདུ་ཤེས་སྐྱེད་དོ།། འཁོར་དེ་ཉིད་དུ་འཆི་བའི་@དུས་བྱས་ནས་བྱང་ངན་ལས་འདས་པའི་ལམ་ལ་འཇོག་པར་མཛད་དོ། ། ལག་ན་རྡོ་རྗེས་གསོལ་པ། སངས་རྒྱས་འཁོར་བ་བགྲོད་དཀར་སེམས་ཅན་གྱི།། སྲིང་པའི་ཕུང་པ་འབྱིན་ཅིང་ཤེས་རབ་ཀྱིས། ། སྲིད་བུར་སེམས་ཀྲུང་འཇོམས་ཤིང་ཐུབ་པ་ཡི།། ཆོས་བསྟན་པས་ནི་སྡིག་འཇོམས་ཆོས་ལེགས་སྤྱོད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ། ། ལག་ན་རྡོ་རྗེས་གསོལ་པ། སུ་མདོ་སྡེ་འདི་འཆང་པ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པས་བསོད་ནམས་ཀྱི་ཕུང་པོ་ཅི་ཞིག་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ནི་ཏིང་ངེ་འཛིན་བྱེ་བ་འཐོབ་པར་འགྱུར་རོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བྱེ་བ་མཐོང་བར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཐོང་ནས། བསམ་པ་རྒྱ་ཆེན་པོས་བསྟི་སྟང་བྱེད་པར་འགྱུར་རོ།། བླ་མར་བྱེད་པར་འགྱུར་རོ།། རིམ་གྲོར་བྱེད་པར་འགྱུར་རོ།། མཆོད་པར་བྱེད་པར་འགྱུར་རོ། ། ཆོས་གོས་དང་། བསོད་སྙོམས་དང་། བལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱང་འབུལ་ལོ།། བྱང་ཆུབ་སེམ་དཔའ་ལའང་བདེ་བར་སྦྱར་བ་སྒྲུབ་བོ།། ད་འདུན་གྱི་ཚོགས་ལའང་རིམ་གྲོ་བྱེད་པར་འགྱུར་རོ། ། དགེ་བའི་རྩ་བ་དེ་དག་ཀྱང་ཐ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། ། དེ་དག་གིས་ཆོས་བསྟན་པ་དེ་ལའང་བསྟི་སྟང་དུ་བྱས་ཏེ་ཉན་ཏོ།། འཛིན་ཏོ།། ཀློག་གོ།། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཇི་ལྟ་བ་དང་མཚུངས་པར་སྟོབས་ཀྱིས་ཕ་རོལ་གནོན་པར་འགྱུར་རོ། ། སྟོབས་པོ་ཆེ་ཕ་རོལ་གནོན་པའི་ཁྲོ་བོ་འདིའི་མཐུས་བདག་དང་སེམས་ཅན་ཐམས་ཅད། སྭསྟི་སྭ་སྟི། སིདྡྷི་སིདྡྷི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཕགས་པ་བྱམས་པ་དང་། འཇམ་དཔལ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་དེ་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལག་ན་རྡོ་རྗེའང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། ། འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།
CLOSE WINDOW