Wylie | e-texts produced with ocr Programm |
། རྒྱ་གར་སྐད་དུ། ཨཱརྱ་བིདྱཱ་ཨུདྡྷ་མ་མ་ཧཱ་ཏནྟྲ། བོད་སྐད་དུ། འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཉེན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་རིག་པ་བྱེ་བ་ཕྲག་དུ་མས་བསྐོར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་པར་སྣང་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་རིག་པ་བྱེ་བ་དུ་མས་ཡོངས་སུ་བསྐོར་ནས་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ། ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་འབྱུང་པོ་བྱེ་བ་ཕྲག་དུ་མས་བསྐོར་ནས་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་དང་ཕྱག་ན་རྡོ་རྗེ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་གདོལ་པའི་རྒྱལ་པོ་ཕུར་བུ་གསུམ་པའང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། ། རྒྱལ་པོ་ཆེན་པོ་བཞིའང་གཡོག་འཁོར་བྱེ་བ་ཕྲག་དུ་མས་ཀུན་ནས་བསྐོར་ཏེ་འཁོར་དེ་ཉིད་དུ་འདུས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བདག་གསང་སྔགས་ཀྱི་ཚིག་འཆད་པར་གནང་བ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་ཁྱོད་ནི་ཤིན་ཏུ་མ་རུངས་པ། ལག་ན་རྡོ་རྗེ་ཁྱོད་ནི་ཤིན་ཏུ་བརྩམ་པ་མེད་པ། ཤིན་ཏུ་གཏུམ་པ་ཡིན་ན། ཇི་ལྟར་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གསང་སྔགས་འཆད། ལག་ན་རྡོ་རྗེ་ཁྱོད་ནི་དམ་ཚིག་ཤེས་པ་ཡིན་ལ། སེམས་ཅན་གང་དག་དམ་ཚིག་མི་ཤེས་པར་བརྗོད་པ་རྣམས་ནི་རྡོ་རྗེས་མཐར་བྱེད་པ་ཡིན་ན། ། ཁྱོད་ཇི་ལྟར་གསང་སྔགས་འཆད། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟར་ལགས་མོད་ཀྱི། བཅོམ་ལྡན་འདས་གང་དག་རིག་པ་མཆོག་འདིའི་དོན་འདོན་པ་དང་། འཆང་བ་དང་།། མཆོད་པ་བགྱིད་པ་དེ་དག་ནི་བདག་གི་དམ་ཚིག་འཚལ་བ་ལགས། བདག་གི་དཀྱིལ་འཁོར་དུ་ཞུགས་པ་ལགས་པས། བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་ལ། གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་ཡི་གེ་བཞི་པ་ཞེས་བགྱི་བ་འདི་ནི་རིག་པའི་ཚོགས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ། ལས་མང་པོ་རབ་ཏུ་སྒྲུབ་པ། སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མ་མཆིས་པ། བསྟན་པ་ཐོགས་པ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བཤད་པར་བགྱིའོ། ། ཀྱེ་ཀྱེ་ལྷ་ཡུལ་དང་། ས་དང་ཚུལ་གནས་པའི་འབྱུང་པོའི་ཚོགས་རྣམས་ཁྱེད་ཡིད་རྩེ་གཅིག་ཏུ་གྱིས་ལ་ཉོན་ཅིག། རྡོ་རྗེས་མགོ་བཀས་པར་གྱུར་ཏར། དེ་ནས་ལག་ན་རྡོ་རྗེས་རང་གི་རིག་པའི་ཚོགས་ལ་བལྟས་ནས་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་ས་ནཱ་པ་ཏི་སྱ། མ་ཧཱ་ཤཱཀྱ་སཾ་བུད་དྷཱ་ཡ། བིརླི། ཀིཪྻེ། མིཪྻེ། ཧིཪྵི། བཻ་དྱུ་ཏ་མ་ཡ་རྩི་ནི་མི་ལི་སྭཱ་ཧཱ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་འདར་ཡང་ཡོད་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ཅག་ལ་བསྐྱབ་ཏུ་གསོལ། དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་ལ་གྲོགས་པོ་དག་མ་འཇིགས་ཤིག་མ་འཇིགས་ཤིག། རིག་པའི་རྒྱལ་པོ་དྲན་པར་གྱིས་ཤིག་ཅེས་དབུགས་ཕྱུང་ངོ་།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འདི་ལྟ་བུའི་གསང་སྔགས་ཀྱི་ཚིག་དག་འཆད་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་རེག་པའི་རྒྱལ་པོ་གང་ན་གནས་པ་དེར་མཆོད་པར་འཚལ་ལོ། ། སུ་ཀློག་པ་དང་། མཆོད་པར་བགྱིད་པ་དང་། སྒྲུབ་པའི་རིག་སྔགས་འཆང་དེའི་བརྩོན་པ་བསྐྱེད་པར་བགྱིའོ།། བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། དེ་དེབཞིན་ནོ། ། དེ་ནས་རིག་པའི་རྒྱལ་པོའི་ལས་ནི་འདི་ལགས་ཏེ། སྲད་བུ་འམ། ཐལ་བའམ། ཆུ་ལ་ལན་ཅིག་བརྗོད་པས་སྲུང་བར་འགྱུར་རོ།། རིག་སྔགས་གཅད་ན་མཚོན་རྣོན་པོ་ལ་ལན་གཉིས་བརྗོད་དེ་རྩཝ་ཀུ་ཤ་ག་ཅད་དོ། ། ཡང་ན་ས་དྲའོ།། དེ་ལྟར་ན་རིག་སྔགས་ཐམས་ཅད་བཅད་པར་འགྱུར་རོ།། ལན་གསུམ་བརྗོད་ན་རིག་སྔགས་ཚང་བར་འགྱུར་ཏེ། མར་གྱི་ངོ་ཞག་བརྒྱད་ལ་འཕགས་པ་ལག་ནརྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་རིག་སྔགས་གང་ཡི་གེ་མ་ཚང་བ་འམ། དྲན་པ་ཉམས་པ་དེ་ལན་བརྒྱ་རྩ་བརྒྱད་བརྗོད་དེ་རིག་པའི་མཆོག་གི་སྙིང་པོ་དང་ལྷན་ཅིག་ཏུ་ལན་གསུམ་བརྗོད་ན་རྨི་ལམ་དུ་སྟོན་ཏོ། ། ཅི་སྟེ་ལས་བཅད་པར་གྱུར་ན་རྩ་ཀུ་ཤས་བྱ་བ་པར་བྱ་སྟེ་རྫོགས་པར་འགྱུར་རོ།། ལག་ན་རྡོ་རྗེའི་མདུན་དུ་ལན་བཞི་བརྗོད་ན་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ།། ཅི་འདོད་པ་ཡིད་བཞིན་དུ་སྦྱོར་བ་བགྱིས་ན་ལས་རྣམས་སུ་འགྱུར་རོ། ། གདོན་ཚར་གཅད་ན་ཐལ་བའམ། ཆུ་འམ། དུར་ཁྲོད་ཀྱི་སོལ་བས་བསྣུན་ནོ།། ཡང་ན་གཟུགས་བགྱིས་ཏེ་ལྕུག་མས་གཞུས་ན་གཏོང་བར་འགྱུར་རོ། ། ཡང་ན་ས་ལ་གཟུགས་བགྱིས་ཏེ་དུར་ཁྲོད་ཀྱི་སོལ་བས་ལག་མཐིལ་ལ་རྡོ་རྗེ་བྲིས་ཏེ་ལག་པས་བཀབ་ན་གཏོང་བར་འགྱུར་རོ།། སྐུད་པ་ལ་མདུད་པ་བོར་བ་རྣམས་ཀྱིས་རིག་སྔགས་བཅིང་ངོ་།། མཁའ་འགྲོ་མ་རྣམས་གཅད་པར་བགྱི་ན་ཡུངས་ཀར་དག་ལ་ལན་བདུན་བདུན་བསྔགས་ཏེ། བསྣུན་ན་མཁའ་འགྲོ་མ་ཐམས་ཅད་མ་རུངས་པར་འགྱུར་རོ།། དབབ་པར་བགྱི་ན་རྣ་བར་བཟླས་བརྗོད་བགྱིའོ། ། ཡང་ན་ཙན་དན་དམར་པོས་དཀྱིལ་འཁོར་བྱུགས་ལ་རྡོ་རྗེ་རྩེ་ལྔ་པ་བྲིས་ཏེ་གུ་གུལ་གྱི་བདུག་པ་དང་མེ་ཏོག་རྣམས་ཀྱིས་དབབ་བོ།། ཕྱག་རྒྱ་གཞིག་ན་ཆུ་འམ། ཐལ་ལྕག་གམ། སཾ་ཕག་གི་དུམ་བུ་རྣམས་ཀྱིས་སོ། ། དུག་ལས་གསོན་ཆུ་འམ། རྨ་བྱའི་མདོངས་སམ། ཆུ་དྲིའམ། མེ་ལོང་གིས་སོ།། མར་གྱི་ངོ་ཞག་བཅུ་བཞི་ནས་ལག་ན་རྡོ་རྗེའི་མདུན་དུ་ཞག་གསུམ་སྦྱང་བར་བྱས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་དམ་པ་སྩོལ་བར་འགྱུར་ཏེ། དེའི་འོག་ཏུ་དུག་གསོ་བ་ལ་སོགས་པ་དང་ལས་གཞན་རྣམས་ཀྱང་བགྱིའོ།། གལ་ཏེ་མཁའ་འགྲོ་མ་རྣམས་ཤིན་ཏུ་གཅད་པར་འཚལ་ན། དེ་ནས་ལག་ན་རྡོ་རྗེའི་མདུན་དུ་འབྲས་ཀྱི་གཟེགས་མས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལག་ན་རྡོ་རྗེས་ཇི་སྐད་བཤད་པ་བཞིན་དུ་ཚེ་ཇི་ཙམ་ཐུབ་པར་རིག་སྔགས་ཐམས་ཅད་མ་རུངས་པར་འགྱུར་རོ། ། སེང་ལྡེང་གིས་རྡོ་རྗེ་བགྱིས་ཏེ་རིག་སྔགས་འཆང་གི་མིང་ནས་བརྗོད་ལས་ལ་ལན་ཅིག་བཙུགས་ན་བཤིག། པར་འགྱུར་ཏེ། དེ་ཕྱིན་ཆད་རིག་སྔགས་འཆང་དེའི་གསང་སྔགས་རྣམས་མི་འཇུག་གོ།། རིག་སྔགས་གཅད་པར་བགྱི་འཚལ་ན། རིག་སྔགས་འཆང་གི་གཟུགས་བགྱིས་པ་བཅད་ན་བཅད་པ་བགྱིས་པར་འགྱུར་རོ། ། རིག་སྔགས་བཤིག་པར་བགྱིད་འཚལ་བས་རིག་སྔགས་དེ་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བརྗོད་ན་རིག་སྔགས་ཐམས་ཅད་བཤིག་པར་འགྱུར་ཏེ་ལས་མི་བགྱིད་དོ།། རིག་པ་འགུགས་པར་འཚལ་བས་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བར་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ཏེ། རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་རིག་པ་འགུགས་ཏེ་ཕྱིས་རིག་པ་སྒྲུབ་བོ། ། རིག་པ་ཉམས་པར་བགྱིས་ན་བཟླས་བརྗོད་བྱས་པས་ཆོག་སྟེ། ཆེ་གེ་མོའི་རིག་པ་ལ་གནོད་པ་མཛོད་ཅིག་ཅེས་བགྱིས་ན་རིག་པ་དེ་ལས་མི་བགྱིད་དོ།། རིག་པ་ཚར་གཅད་པར་བགྱི་ན་ཐལ་བ་ལ་གཟུགས་བགྱིས་ཏེ། རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བརྗོད་ལ་རྐང་པ་གཡོན་པས་ཀྱང་ཕྱིས་ན་རིག་པ་སྨད་པ་དང་ཉམས་པར་འགྱུར་ཏེ་ལས་མི་བགྱིད་དོ།། གལ་ཏེ་རིག་སྔགས་འཆང་གཞིག་པར་འཚལ་ན། ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་འཆང་གི་མིང་ནས་བརྗོད་ད་མར་མེའི་སྙིང་པོ་མེ་ལྕེ་དང་བཅས་པ་བདུན་སྦྱིན་སྲེག་བགྱིས་ན་རིག་སྔགས་འཆང་བ་བཤིག་པར་འགྱུར་ཏེ་བསོད་ནམས་ཀྱང་འཇིག་གོ། ། སྲོག་ཀྱང་འཇིག་གོ། རིག་སྔགས་འཆང་དེའི་ཚེ་ཇི་ཙམ་པར་གསང་སྔགས་རྣམས་མི་འགྲུབ་བོ།། སླར་གསོ་བ་རབ་གྱི་ན་མ་ལ་ཏའི་མེ་ཏོག་མར་ལ་བསྩགས་པའི་སྦྱི་ནི་སྲེག་བགྱི་བ་ལན་ཉི་ཤུ་རྩ་གཅིག་ལག་ན་རྡོ་རྗེའི་མདུན་དུ་སྦྱིན་སྲེག་བགྱིས་ན་རིག་པ་འགྲུབ་བོ། ། ལས་འདི་དག་ནི་མ་བསྒྲུབས་ཀྱང་བགྱིད་དོ།། ཅི་སྟེ་བགྱིད་འཚལ་ན་རིལ་འཛེགས་ཏེཁ་ཟས་འོ་སྐྱོ་འཐུང་ཞིང་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་པའི་རྒྱལ་པོའི་མཆོག་རང་གི་གཟུགས་སུ་མཐོང་བར་འགྱུར་ཏེ། དེ་ལ་བུ་ཅི་བྱ་ཞེས་གསུང་བར་འགྱུར་རོ།། དེ་དེས་བཅོམ་ལྡན་འདས་ལས་ཐམས་ཅད་མཛད་དུ་གསོལ་ཞེས་བརྗོད་པར་བགྱིའོ། ། དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་འགྱུར་རོ།། དེ་ནས་ཡིད་ཀྱིས་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་ཡང་འགུག་གོ།། གྲོག་མཁར་གྱི་ས་ལ་སྦྲུལ་བགྱིས་ཏེ་སྔགས་ཀྱིས་བཏབ་ན་ཀླུ་ཐམས་ཅད་མཆིའོ།། དབང་དུའང་འགྱུར་རོ།། གསེག་མ་ལ་ལན་བདུན་བསྔགས་ཏེ་མཚོར་བོར་ན་མཚོ་སྐམ་པར་འགྱུར་རོ།། འབབ་ཆུཆེན་པོར་བོར་ན་འབབ་ཆུ་ཆེན་པོ་སྐམ་པར་འགྱུར་རོ། ། གང་དུ་བོར་བ་དེ་སྐམ་པར་འགྱུར་རོ།། བདག་གི་རིག་པའི་རྒྱལ་པོ་འདི་ནི་རིག་པའི་རྒྱལ་པོ་ཐམས་ཅད་དང་རིག་པ་ཐམས་ཅད་ཀྱི་མཆོག་ཏུ་བརྗོད་པའོ། ། གལ་ཏེ་རིག་པ་གཞན་དག་གི་ལས་མི་འཚལ་ནའང་སྦྱོར་བ་འདིས་རིག་པ་ཐམས་ཅད་སྦྱོར་བར་བགྱིའོ།། ལས་ཐམས་ཅད་བགྱིད་དོ།། ལས་བགྱིད་ན་རིག་པའི་རྒྱལ་པོ་དང་ལྷན་ཅིག་ལན་གསུམ་བརྗོད་ལ་འགའ་ཞིག་མ་མཆིས་ན། དེའི་མགོ་དུམ་བུ་ཟིམ་ཐིག་ལེའི་སྙི་མ་བཞིན་དུ་འགས་པར་འགྱུར་རོ།། གང་གི་ཚེ་གསང་བ་པ་རྣམས་ཀྱིས་གསང་སྔགས་གྲུབ་པ་དེའི་ཚེ། ལས་ཐམས་ཅད་དུ་རིག་པའི་མཆོག་བཟླས་བརྗོད་བགྱིའོ།། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་བ་སྨད་སྤུ་མཐུན་གྱི་མར་གསར་བླངས་ཏེ། མར་གསར་དེས་སེང་ལྡེང་གི་མེར་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན། རིག་པའི་མཆོག་རེག་པ་སྒྲུབ་པ་རྣམས་ལ་དམ་པ་སྩོལ་བར་འགྱུར་རོ།། གང་གི་ཚེ་ཕ་རོལ་འབྲོས་པར་བགྱིད་འཚལ་ན། ཕུབ་མ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བྱའོ།། སོ་ཕག་གིས་ཀྱང་འཕངས་ན་འབྲོས་པར་འགྱུར་རོ།། མར་གྱི་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཞུགས་བུས་ལ། རྩཝ་དུར་བའི་ལོ་མ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དི་ན་ར་གཅིག་རྙེད་པར་འགྱུར་རོ།། མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྦྱང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་ཀུ་མུ་ད་དང་། ཞོ་དང་། སྦྲང་རྩི་དང་། མར་ལ་བསྩགས་པ་ཁྲི་མེའི་ནང་དུ་སྦྱིན་སྲེག་བགྱིས་ན་དཔལ་ཆེ་བར་འགྱུར་རོ།། རྒྱ་མཚོའི་ལྦུབ་དང་། རྒྱ་སྤོས་དང་། ལྡོང་རོས་རྣམས་ཆ་བསྣམས་ཏེ་རྨ་བྷྱ་མཁྲིས་པ་དང་རིལ་བུ་སྲན་མ་ཙམ་དུ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རིག་པའི་མཆོག་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ལ་སྦྲུལ་གྱིས་ཟིན་པ་ལ་ཆུས་བཏང་ན་འཇོག་པོས་ཟིན་པའང་འཚོན་སྲིན་བུས་ཟིན་པ་དང་། བས་བ་ལྗགས་དང་། འབྲས་འཕྲེང་བར་གྱུར་པ་ལ་ཆབ་བསྐོལ་བ་ལས་གཏང་ངོ་།། སྦྲུམ་མ་བུམ་ཕྱིན་པ་ལ་ནི་མར་ལས་བཏང་ན་བདེ་བར་བཙའ་བར་འགྱུར་རོ།། བྱི་པ་གདོན་གྱིས་ཟིན་ན་བདུག་པས་བདུག་པས་གཏོང་བར་འགྱུར་རོ། ། བུད་མེད་ཀྱི་ནད་ལ་ནི་དར་བ་ལས་གཏང་ངོ་།། ཕུག་ཏུ་འཇུག་ན་ལུས་ལ་བསྐུའོ།། སྒྲུབ་པ་ན་བདག་ལ་བདུགས་ན་ལོག་འདྲེན་ཐམས་ཅད་ལས་ཐར་པར་འགྱུར་རོ། ། ལག་ན་རྡོ་རྗེའི་མདུན་དུ་སྲད་བུ་ལ་རིག་པའི་མཆོག་བརྒྱད་སྟོང་བཟླས་བརྗོད་བགྱིས་ཏེ། ལག་པ་ལ་བཏགས་ནས་གཡུལ་ངོར་ཞུགས་ན་ཕ་རོལ་གྱིས་མི་ཚུགས་པར་འགྱུར་རོ། ། སྦྱིན་སྲེག་བགྱིས་པའི་ཐལ་བ་འམ། ཐལ་བ་གཙང་མས་ཁམ་ཕོར་བཀང་ལ་རིག་པ་མཆོག་བཟླས་བརྗོད་བགྱིས་ན་རྐུན་པོ་གང་ན་འདུག་པ་དེར་མཆིའོ།། གང་གིས་རིག་པའི་རྒྱལ་པོ་འདི་ཡིད་ཀྱིས་བཟླས་བརྗོད་བགྱིས་པ་དེ་ལ་དབང་ཕྱུག་ཆེན་པོ་དང་། དབང་ཕྱུག་ཆེན་པོའི་ཚོགས་དང་། བགེགས་དང་། ལོག་འདྲེན་དང་། མཁའ་འགྲོ་མ་དང་། སྲིན་པོ་དང་། ཤ་ཟ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། གྲུལ་བུམ་དང་། སྲུལ་པོ་དང་། མ་དངས་འཕྲོག་པ་དང་། གདོན་རྒྱན་མ་དང་། མ་མོ་དང་། ལག་ན་རྡོ་རྗེའི་ཕྱག་བརྙན་དང་། གང་གིས་ཀྱང་གྲགས་མི་རྙེད་ཀྱི་ལག་ན་རྡོ་རྗེས་དེའི་མགོ་འགེམས་སོ། ། བཅོམ་ལྡན་འདས་ཀྱི་སྤྱན་སྔའམ་ཕྱོགས་གཙང་མར་མཆོད་པ་བགྱིས་ཏེ། རྩཝ་ཀུ་ཤའི་མདུང་རྩེ་གསུམ་པ་ཐོགས་ལ་ཡུངས་ཀར་ཞོ་དང་། སྦྲང་རྩི་དང་། མར་བསྲེགས་པའི་སྦྱིན་བླུགས་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱི་ཞིང་ཉིན་བདུན་དུས་གསུམ་དུ་གཅེར་བུས་སྐྲ་བཤིག་ལ་བགྱིས་ན་ནོར་སྩོལ་བར་བགྱིད་དོ། ། མར་གྱི་ངོ་ཞག་དྲུག་ནས་བརྩམས་ཏེ། མཚོ་འགྲམ་དུ་མཆིས་ལ་མར་གྱི་ངོ་ཞག་བརྒྱད་པའི་བར་དུ་ཡུངས་ཀར་དག་ལས་སྦྱིན་སྲེག་ལན་བརྒྱ་སྟོང་བགྱིས་ན་ནོར་དང་གོས་རྣམས་སྩོལ་བར་འགྱུར་རོ།། འཕགས་པ་རིག་པའི་རྒྱལ་པོའི་མཆོག་སྒྲུབ་པ་ནི་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བགྱིའོ། ། གཡས་ཕྱོགས་སུ་ལག་ན་རྡོ་རྗེ་སྤྱན་ནང་ཚངས་ཅན་གྱི་སྟེང་ན་མཆིས་པར་བྲིའོ། ། ལག་ན་རྡོ་རྗེའི་འོག་ཏུ་རིག་པའི་མཆོག་བྲིའོ།། བཅོམ་ལྡན་འདས་ནི་གསེར་གྱི་ཁ་དོག་ལྟ་བུའོ།། ལག་ན་རྡོ་རྗེ་ནི་སྔོ་བསངས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། རིག་པའི་རྒྱལ་པོའང་སྔོ་བསངས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་སྟན་གོར་བུའི་སྟེང་ན་མཆིས་པར་བྲིའོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ཅི་ནུས་སུ་མཆོད་པར་བགྱིས་ལ་རྒྱལ་པོའི་བློ་གྲོས་ཀྱིས་རིག་པའི་རྒྱལ་པོ་དགུག་པར་བགྱིའོ། ། རྡོ་རྗེའི་ཁས་ཉེ་རེག་བགྱིའོ།། རྡོ་རྗེའི་ལྟེ་བས་སྤོས་དབུལ་བར་བགྱིའོ།། མེ་ཁ་ལས་མེ་ཏོག་དབུལ་བར་བགྱིའོ།། དདྨོ་དཀར་གྱིས་བསྲུང་བར་བགྱིའོ། ། རྡོ་རྗེ་སེར་མོས་ཁྲུས་བགྱིའོ།། ནག་མོས་ཁུ་བ་བཅིང་བར་བགྱིའོ།། གྱེན་དུ་ལྟ་བའི་གདོང་གིས་ཕྱོགས་བཅིང་བར་བགྱིའོ།། རྡོ་རྗེའི་སེང་གེའི་ཁྲིས་འདུག་པར་བགྱིའོ།། རྡོ་རྗེ་ལྡན་མས་བགེགས་གནོམ་པར་བགྱིའོ། ། ཤུགས་ལྡན་མས་སླར་གཤེགས་སུ་གསོལ་ལོ།། ཕྱིས་རིག་པ་མཆོག་གི་རི་མོའི་གཟུགས་ཀྱི་མདུན་དུ་གུ་གུལ་གྱི་རིལ་བུ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན། དངོས་གྲུབ། ཀྱི་མཚན་མར་བཅོམ་ལྡན་འདས་ཀྱི་གཟུགས་འགུལ་བར་འགྱུར་རོ།། ཞག་བདུན་ན་དི་ན་ར་བརྒྱ་རྙེད་པར་འགྱུར་རོ།། ཡང་ན་ལོངས་སྤྱོད་སྩོལ་བར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ན་ལག་ན་རྡོ་རྗེའི་མདུན་དུ་དུ་རུ་ཀའི་འབྲས་བུ་ལས་ལན་བརྒྱད་བརྒྱ་སྦྱིན་སྲེག་བགྱིས་ན་གང་འདོད་པ་དེ་སྤྲོ་བར་འགྱུར་རོ། ། ལག་ན་རྡོ་རྗེའི་མདུན་དུ་མར་དང་གུ་གུལ་གྱི་རིལ་བུ་བརྒྱད་བརྒྱའི་སྦྱིན་སྲེག་བགྱིས་ན་སོས་པར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ཤིང་ཨ་ཤྭཏྠའི་ལོ་འདབ་ཀྱི་སྟེང་དུ་ལྡོང་རོས་བཞག་ལ། ཇི་སྲིད་ཀྱིས་རྣམ་གསུམ་གྲུབ་པ་དེ་སྲིད་དུ་བཟླས་བརྗོད་བགྱིའོ།། དྲོ་བར་གྱུར་ན་རྐང་པས་མཆིའོ། ། དུབ་འཐུལ་ན་མི་སྣང་བ་དང་ལོ་བདུན་སྟོང་དུ་འཚོའོ།། འབར་ན་བསྐལ་པར་གནས་པར་འགྱུར་རོ།། རླུང་བཞིན་དུ་ལག་ན་རྡོ་རྗེའི་གནས་སུ་མཆི་ཞིང་ཁ་ཟས་ཅི་འདོད་པ་ཟའོ།། ཨ་ཐ་རཱ་ཛཱ་ནཱ་མ་ཤི་ཀ་དྷུ་ཀཱ་མ་ཀྲྀ་ཏ་ཨཥྚ་མྱ་ཨ་ཧོ་རཱ་ཏྲི་ཤི་ཏེ་ན་བཛྲ་པཱ་ཎི་སྱ་ཨ་གྲ་ཏ་ཨརྐ་ཀཥྚེ་ཨགྣི་པྲ་ཛཱ་ལེ། རུ་དྷི་ར་ཨ་ག་ཏཎ་ཏི་ལཱ་ནཱ་ཨཥྚ་ས་ཧཱ་སྲཾ་ཧུ་ཛུ་ཡ་ད་རཱ་ཛ་བ་ཤོ་བ་ཏི་བཛྲ་ཀཱ་མོ་པ་སཾ་ཧ་ཏི། ཙི་སྟེ་དགྲ་གསོད་པར་འདོད་ན་ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཞུགས་བུས་ལ། ཡུངས་ཀར་དང་སྐེ་ཚེའི་འབྲུ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དགྲ་འཆིའོ།། གནོད་པར་སེམས་པར་བགྱིས་ན་ལག་ན་རྡོ་རྗེའི་མདུན་དུ་ཡི་དགས་ཀྱི་ཤིང་གི་ཞུགས་སུ་བུས་ལ། ཏིལ་ནག་པོས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་གནོད་པར་སེམས་པར་བགྱིས་པར་འགྱུར་རོ།། མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་ལས་བཟུང་ལ་དེའི་མིང་ནས་ཕྱུང་སྟེ་བཟླས་བརྗོད་བགྱིས་ན་འཕྲལ་དུ་དགྲར་མི་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་རིག་པ་མཆོག་གི་སྔགས་ཀྱིས་བཏབ་པའི་ཆང་གིས་རྡོ་རྗེ་བཀྲུས་ལ། རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བཟླས་བརྗོད་བགྱིས་ན་གང་གིས་མིང་ནས་ཕྱུང་སྟེ་བཟླས་བརྗོད་བགྱིས་པ་དེ་གདོན་གྱིས་ཟིན་པར་འགྱུར་རོ། ། རྡོ་རྗེ་འོ་མས་བཀྲུས་ལ་རིག་སྔགས་ལན་བརྒྱད་སྟོང་བཟླས་པ་བགྱིས་ན་སོས་པར་འགྱུར་རོ།། ཡུལ་འཁོར་གཞིག་པར་འདོད་པས་སེང་ལྡེང་གི་རྡོ་རྗེ་བགྱིས་ལ་ཡར་གྱི་ངོ་ཚེས་བཅུ་གཉིས་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ཏེ། ཤུལ་གྱི་བཞི་མདོར་བཙུགས་ན་ཡུལ་འཁོར་འཇིག་པར་འགྱུར་རོ། ། ཕྱུང་ནས་བསྔགས་ན་སྔ་མཁོ་ཞིང་རྟས་པར་འགྱུར་རོ།། མར་ངོའི་ཞག་དགུ་ལ་ལག་ན་རྡོ་རྗེའི་མདུན་དུ་རིག་པ་མཆོག་གིས་སྐེ་ཚེའི་འབྲུ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་ཁྱིམ་ཕུང་བར་འགྱུར་རོ། ། ལག་ན་རྡོ་རྗེའི་མདུན་དུ་མར་དང་བསྲེས་པའི་སྐེ་ཚེའི་འབྲུ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་བརྟས་པར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་བ་སྨད་སྤུ་མཐུན་གྱི་འོ་མ་བླངས་ཏེ་རིག་པ་མཆོག་གི་བཟླས་བརྗོད་བྱས་ཤིང་བསྲུངས་ལ། དེ་ལས་མར་གསར་བླངས་ཏེ་ཐོད་པའི་ནང་དུ་བཞག་ལ། ཐོད་པ་དེ་བླངས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་མངོན་མཚན་གཅིག་ཡོད་པར་སོང་སྟེ། འབྱུང་པོ་ཐམས་ཅད་པའི་གཏོར་མ་བགྱིས་ལ། ཐོད་པ་དེ་ཐོགས་ཏེ་ལུས་ཀྱི་ལྷོ་ཕྱོགས་སུ་འདུག་ལ་ཇི་ཙམ་ན་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། ། དེ་ནས་དེ་འཐུངས་ན་ཅི་འདོད་པའི་གཟུགས་སུ་འགྱུར་རོ།། ནམ་མཁའ་ལ་འགྲོ་བར་འགྱུར་རོ།། མི་སྣང་བར་འགྱུར་རོ།། གཟུགས་སྣ་ཚོགས་སྟོན་པར་འགྱུར་རོ།། ལོ་ལྔ་བརྒྱ་འཚོ་བར་འགྱུར་རོ། ། བདག་གི་རིག་པའི་རྒྱལ་པོའི་མཆོག་འདི་ནི་རིག་པ་ཐམས་ཅད་ཀྱི་གཙོ་བོའོ།། བདག་སྲུང་ན་གོས་ཀྱི་མཐའ་མར་མདུད་པ་དོར་རོ།། གཞན་སྲུང་ན་སྤྱི་གཙུག་ཏུ་སྒྲ་མདུད་དོར་རོ། ། ཆུ་སྲིན་ཁུ་ཕི་རའི་ཁབཅིངས་ན་ཕྱོགས་བཞིར་ཆུ་གཏོར་རོ།། སྟག་ལ་ནི་ཡིད་ཀྱིས་དཀྱིལ་འཁོར་བགྱིས་ན་བཅིངས་པར་འགྱུར་རོ།། མཚམས་གཅད་ན་ཡུངས་ཀར་གྱིས་སོ།། ཞིང་སྲུང་ན་ཕུར་བུ་དག་གིས་སོ། ། སྨན་སྲུང་ན་ཡིད་ཀྱིས་རིག་པའི་མཆོག་སྦྱར་བར་བགྱིའོ།། གཞན་ཡང་སྒྲུབ་ན་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚེན་རྩི་རྣམས་ཀྱིས་རིག་པའི་རྒྱལ་པོའི་མཆོག་བྲི་བར་བགྱི་སྟེ། མདོག་སྔོ་བསངས་ཤམ་ཐབས་སེར་པོ། ལག་པ་གཡོན་ན་ཞགས་པ། གཡས་པས་དམ་པ་སྦྱིན་པ་བྲི་བར་བྱའོ།། འོག་ཏུ་སྒྲུབ་པ་པོ་ལག་ན་པོག་པོར་ཐོགས་པ་དྲིལ་ཞག་བདུན་ཟས་སུའོ་སྐྱོ་བཏུང་ངོ་། ། ཐ་མར་ཞག་གསུམ་སྨྱུང་བ་བགྱིས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཅི་ནས་ཀྱིས་མཆོད་པ་བགྱིས་ལ་སྣ་ཚོགས་ལས་ཞགས་པ་བགྱིས་ཏེ། ལག་པ་གཡས་པར་ཐོགས་ཏེ་ཇི་སྲིད་དུ་རང་གི་གཟུགས་ཀྱིས་མཆི་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ།། རྡོ་རྗེ་བཞད་མས་སྨྲར་གཞུག་སྟེ། དེས་བུ་ཅི་བྱ་ཞེས་སྨྲ་བར་འགྱུར་རོ།། དེས་ཚངས་པའམ། ཁྱབ་འཇུག་གམ། དབང་ཕྱུག་ཆེན་པོའམ། ཆེ་གེ་མོ་ཞེས་བྱ་བ་ཞགས་པས་བཟུང་ལ་ཁྲིད་དེ་སྤྱོན་ཅིག་ཅེས་བརྗོད་དོ།། ཡང་ན་རྒྱལ་པོ་འམ། གནོད་སྦྱིན་ནམ། སྲིན་པོའམ། ཤ་ཟ་འམ། གང་དགུག་པར་འདོད་ན་དེ་དགུག་པ་སྟེ། དེ་དག་ཐམས་ཅད་ཕྱག་བརྙན་དུ་འགྱུར་རོ།། གང་བསམས་པ་དེ་འཚལ་ཏེ་མཆིའོ།། ཡང་ན་མ་གོད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་བཟུང་བས་སྦྱིན་དང་མ་འདྲེས་པའི་ཚེན་རྩི་རྣམས་ཀྱིས་རིག་པའི་རྒྱལ་པོའི་མཆོག་བྲི་བར་བྱ་སྟེ། མདོག་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོད་གཡོགས་དར་དཀར། སྨད་གཡོགས་རས། ལག་པ་བཞི་པ། ལག་པ་གཡོན་པ་གཅིག་ན་རྡོ་རྗེ། གཅིག་ན་ལྕགས་ཀྱུ། གཡས་པ་གཅིག་དམ་པ་སྦྱིན་པ། གཅིག་བེ་ཅོན་ཐོགས་པར་བྲི་བར་བགྱིའོ།། འོག་ཏུ་སྒྲུབ་པ་པོ་ལག་ན་པོག་པོར་ཐོགས་པར་བགྱིའོ།། གཡས་ཕྱོགས་སུ་རྡོ་རྗེ་ཁུ་ཚུར་མདོག་གསེར་ས་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་ཀན་རྡོ་རྗེ་ཐོགས་པ་བྲིའོ།། གཡོན་ལོགས་སུ་རྡོ་རྗེ་བློ་གྲོས་བྲི་བར་བགྱི་སྟེ། དེའང་མདོག་གསེར་ས་ཏྲ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བཅུའོ། ། དེ་ནས་རྡོ་རྗེ་སྒྲུབ་པ་ནི་ཟླབ་གཅིག་སློང་མོའི་བས་ཟོས་ལ་ཐ་མར་ལུས་སྦྱང་བར་བགྱི་སྟེ། ཆོ་འཕྲུལ་གྱི་ཟླ་བ་ཉལ་ཞག་གསུམ་སྦྱང་བ་བགྱིས་ལ་ལུས་སྣ་གསུམ་ལ་བགྱིས་པའི་རྡོ་རྗེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་ལ་བསྒྲུབ་སྟེ། ཇི་སྲིད་ཀྱིས་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ།། འབར་ནས་བླང་པབཔར་བགྱི་སྟེ། བླངས་མ་ཐག་ཏུ་ལག་ན་རྡོ་རྗེ་འདྲ་བར་འགྱུར་རོ།། ཉི་མ་ཤ་ར་བའི་ཁ་དོག་འདྲ་བར་འགྱུར་རོ།། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ།། དེ་ནས་ལྕགས་ཀྱུ་བསྒྲུབ་ན་སྔར་སྤྱད་པ་སྔར་བགྱིས་ཏེ། རྩཝ་ཀུ་ཤ་རྩ་བ་མེད་པ་ལས་ལྕགས་ཀྱུ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྦྱང་བ་བགྱིས་ཏེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ་མི་ཏོག་གི་སྟེང་དུ་བཞག་སྟེ། དེའི་སྟེང་དུ་ལག་པ་བཞག་ལ་ཇི་སྲིད་ཀྱིས་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ།། འབར་ནས་བླང་བར་བགྱི་སྟེ། བླངས་མ་ཐག་ཏུ་ས་སེར་ག་མཐོང་ཞིང་ཚངས་པའི་གནས་སུ་མཆི་བར་འགྱུར་རོ། ། ལག་ན་ལྕགས་ཀྱུ་ཐོགས་ན་སུམ་ཅུ་རྩ་གསུམ་པས་ཀྱང་ཟིལ་གྱིས་མནན་པར་མི་ནུས་སོ།། བེ་ཅོན་སྒྲུབ་པ་བཤད་པར་བགྱི་སྟེ། ལྕགས་སྣ་གསུམ་ལས་རྩེ་ཅོན་སོར་བཅུ་དྲུག་པ། དབྱིབས་ཐོ་བ་འདྲ་བཟུར་དྲུག་པར་བགྱིའོ།། སྔར་སྤྱད་པ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྤང་བ་བགྱིས་ཏེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ། རས་དཀར་པོའི་སྟེང་དུ་བཞག་སྟེ་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ།། དེ་ནས་བླངས་མ་ཐག་ཏུ་ལག་ན་རྡོ་རྗེ་འདྲ་བར་འགྱུར་ཏེ།། ལག་ན་རྡོ་རྗེ་དང་སྟོབས་མཉམ་སྟེ། ལག་ན་རྡོ་རྗེའི་གནས་སུ་མཆི་བར་འགྱུར་རོ།། དངོས་གྲུབ་རྣམ་པ་གསུམ་ལ་བསྐལ་པར་གནས་པར་འགྱུར་རོ།། སྒྲུབ་པ་ཐམས་ཅད་དུ་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིས་ཏེ་རིག་པ་སྣ་ཚོགས་སྦྱར་བར་བགྱིའོ། ། དེ་ལྟར་གང་རིག་པའི་རྒྱལ་པོ་འདོན་པ་དང་མཆོད་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ལགས་སོ།། མཉེས་པར་བགྱིས་པ་ལགས་སོ།། ། ཐོད་པ་བླངས་ཏེ་ཁྲག་གིས་བཀང་སྟེ་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བར་བགྱིས་ཏེ་ཁང་སྟོང་ངམ། ཀུན་དགའ་ར་བར་ཇི་སྲིད་ཀྱིས་བུད་མེད་འབྱུང་བ་དེ་སྲིད་དུ་བཟླས་བརྗོད་བགྱིའོ།། དེ་ལ་ཆེ་གེ་མོ་ཞེས་བྱ་བ་ལ་གནོད་པ་བགྱིས་ཤིག་པར་བརྗོད་ན་གནོད་པར་བགྱིད་དོ།། གནོད་པ་བགྱིད་དུ་འཇུག་གོ།། རེངས་པར་བགྱིད་དོ།། རིག་པའི་རྒྱལ་པོ་འདི་དགུག་པ་འདིས་བཀུག་ནས་ཕྱིས་རྒྱལ་བའི་བློ་གྲོས་ཀྱིས་དཀྲུག་པར་བགྱིའོ། ། ན་མོ་རཏྣ་ཏྲ་ཡ་སྱ། ན་མཿཙཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་ས་ནཱ་པ་ཏི་སྱ། ཏུ་རུ་ཏུ་རུ། ཙུ་རུ་ཙུ་རུ། ཀི་རི་ཀཱི་རི། རེ་ཐཔྲ་ཙཎྜཱ་ཡཊ་ཡ། ཨཱ་གཙྪ་ཨཱ་གཙྪ། མ་མ་ཨ་དྷ་མ། པ་རི་པཱུ་ར་ཡ། ཨམྦ་ཏ་བིདྱཱ་དྷ་རོད་ཏ་མ་ཨ་ཧཾ། སྠཱ་ཨཱ་ཀཪྵ་ཡཱ་མི། མ་མ་སརྦ་ཨིརྠ་མ་ནོར་ཐ་པ་རི་པཱུ་ར་ཀོ་བྷ་བ་མ་མ་ཨརྠ་སིད་དྷི་རྐྱེད་དམ་ཙི་རཾ་ཀུ་རུ་སྭཱ་ཧཱ། ཙིཀྱི་ཚེས་བརྒྱད་ལ་སྒྲུབ་པར་འཚལ་ན་ཆོས་བདུན་གྱི་ཕྱེ་མ་རེ་དཀྲུ་གུལ་གྱིས་བདུགས་ལ་གསང་སྔགས་ལནཱ་བརྒྱ་རྩ་བརྒྱད་བརྗོད་དོ།། སྒྲུབ་པ་ནི་རྒྱལ་བའི་བློ་གྲོས་ཀྱིས་དགུག་གོ།། སྒྲུབ་པ་ཐམས་ཅད་དང་ལས་ཐམས་ཅད་དུའང་དགུག་པ་འདིས་དགུག་གོ། ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩརྞྞ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་ས་ནཱ་པ་ཏི་སྱ། ཛ་ཡ་མ་ཧི། ཛི་ན་ཏི་ཛིན་དྷ་རི་ཎི། ཨ་བི་ཤ་ཡ། ད་ཤ་མ་ཏ་ཤཱཾ་པ། དེ་བ་ནཱ་ག་ཡཀྵ་གཾ་དྷཱརྦེ་ཀཱ་ནུ་ཙརྨ། རུ་ཤི་ལ་ཧུལ་ཧུ། གྲྀཧྞ་བྷུ་མ~ཾ་པ་ཏ་ཡེ། ཤཱི་གྷྲ~ཾ་བཛྲ་པཱ་ཎི་སྟྭ~ཾ། ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རྒྱལ་བའི་བློ་གྲོས་འདིས་དགུག་པར་བགྱིའོ།། དེ་ནས་རྡོ་རྗེ་། ལྕགས་སྒྲོག་གིས་བཅིང་བར་བགྱིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩརྞྞ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཀུ་རུ་ཀུ་རུ། ཙ་ཏ་ཙཏ། མ་ལ་མ་ལ། ས་ར་ས་ར། ཏིཥྛ་ཏིཥྛ། མ་ཧཱ་བ་ལ། ས་མ་ཡ་མ་ནུ་སྨ་ར་སིདྡྷ། ན་མ་ཤྩཎྜ་བཛྲ་པཱ་ཎི། ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། རྡོ་རྗེ་ལྕགས་སྒྲོག་འདིས་གུ་གུལ་གྱི་རིལ་བུ་གསུམ་ཡུངས་ཀར་གྱི་འབྲུ་མར་དུ་བསྤུགས་ལ་སྦྱིན་སྲེག་བགྱིས་ན་བཅིངས་པར་འགྱུར་རོ། ། རིག་པ་གང་སྒྲུབ་པ་དང་ཕོ་ཉ་མོའང་རུང་སྟེ། དེ་འདི་ཉིད་ཀྱིས་བཅིང་བར་བགྱིའོ།། རྡོ་རྗེ་སེན་མོས་ནི་བཅིང་བ་ལས་དགྲོལ་བར་བགྱིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཿ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཧུ་ལུ་ཧུ་ལུ། གཙྪ་གཙྪ། མ་ཧཱ་བ་ལ། སྭ་བྷ་བ་ན་མ་པུ་ན་ན་མ་ག་ན་མ་ཡ་ཀུ་རུ་ཀུ་རུ། གཙྪ་གཙྪ་སྭཱ་ཧཱ། ཆབ་ཁྱོར་བ་གསུམ་གཏོར། མེ་ཏོག་ཀླུང་དལ་ལོ། ། དེ་ནས་ཐུགས་ལྡན་གྱིསས་གཤེགས་སུ་གསོལལོ།། ན་རྫོབ་ཀྱེ། བརྦཧྭཱརཱ། ཀནྡྷཀནྟུ། རྫགྶ་པ་ཏི། ས+འུདྷཱུ་ཀྵ་ནིལི། ཧི་རི་ལི་ཙི་ནི་མ། ཧོ་རཾ་ལེ་ཨ་བི་ག་ནཱ~ཾ་ཀུ་རྱཱ་སྭཱ་ཧཱ། ཤུགས་ལྡན་གྱིས་སྦྱར་ཀ་ཤེགས་སུ་གསོལ་བའི་སྔགས་ཏེ། ཨ་ཀ་རུའི་བདུག་པ་ལ་ལན་བདུན་བཟླས་བརྗོད་བགྱིས་པས་སོ།། ན་མོ་བཛྲ་པཱ་ཎི་སྱ། ན་མ་སྟཾ་བྷ་ག་བ་ཏི། བཛྲ་མུ་ཁི་གཽ་རི་བིཀྵེ། ག་ར་ཏེ་ག་ར་ཏེ། ཀི་ནི་ཏི་ཀི་ནི་ཏི་སྭཱ་ཧཱ། ཉེ་རེག་བྱ་བའི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཛྭ་ལ་བཛྲ་ཎི་བི་ཧུ་རུ་ཧུ་རུ། ལ་ཧུ་ལ་ཧུཿཔྲ་ཏི་གྲྀཧྞ་སྠཱ། ཨོཾ་མཱཾ་གེ་དྷཱ། ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། སྤོས་ཀྱི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ད་ཧ་ད་ཧ། པ་ཙ་པ་ཙ། བཾ་དྷ་བཾ་དྷཱ། ཤི་ཁི་སྭཱ་ཧཱ། མེ་ཏོག་གི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎཱི་སྱཱ། ཨ་ཏི་ནི། ཙ་ལི་ནི། ཁ་ལ་ཀརྨ་ཎི། དཻར་ཙ་ལ་ནི། ཙི་ལི་ནརྀ་སྭཱ་ཧཱ། བདུག་པའི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ན་མ་སྟེ། བྷ་ག་པ་ཏི་ཤ་ཏ་མུ་ཁི། མ་ཧཱ་གཽ་རོ་ཙ་ཚུ་ལེ། ཙུ་ཙུ་ལ། ཙི་ཙཽ་རཀྵ་རཀྵ་སཱ་ཧཱ། སྲད་བུས་བསྲུང་བར་བགྱིའོ།། ན་མོ་བཛྲ་པཱ་ཎི་སྱ། ཀ་ཏ་ཀ་ཏ། མ་ཏ་མ་ཏ། ར་ར་ར་ར། བཛྲ་བི་ག་ལ། མ་ཏ་དཱ་ར་ད་ར་ནི། ཀི་རི་ཎི་ཀཻ་རི་ཎི། ཀི་རི་ཎི་ཀི་རི་སྭཱ་ཧཱ། ཁྲུས་བགྱི་བའི་གསང་སྔགས་སོ། ། ན་མོ་བཛྲ་པཱ་ཎི་སྱ། ནམ་སྟེ། བྷ་ག་བ་ཏི། ད་ཤ་བ་ཏིད་ཤ་བ་ཏི། ས་ཧ་པྲ་པ་ཏི་ཨཱ་གཙྪ། ཤཱ་གྷྲ~ཾ་ཀི་རི་ཀི་རི། ཤུ་ཀྲ་བི་དྷ་བཾ་དྷ་སྭཱ་ཧཱ། སྲད་བུལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་ཁུབ་བཅིང་ངོ་། ། ན་མོ་བཛྲ་པཱ་ཎི་སྱ། ཨུཏྟ་མ་རཀྵ། ཨ་དྷོ་རཀྵ། ཙ་ཏུ་ར་དི་ཤཾ་རཀྵ། མ་ཐ་མ་ཐ། ཏྲཱ་ས་ཡ་ཏྲཱ་ས་ཡ། སྟམ་བྷ་ཡ་སྟམ་བྷ་ཡ། ཨུད་དྷཱ་ཏ་བཛྲ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཡུངས་ཀར་ལ་ལན་ཉི་ཤུརྩ་གཅིག་བཟླས་བརྗོད་བགྱིས་ཏེ་ཕྱོགས་བཅིང་ངོ་།། ན་མོ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། བཛྲེ་བིཛྲེ་ཎི། བཛྲ་སི་ཧ་ནི། བཛྲ་པཱ་ཎི། པྲི་ཡེ་བཛྲ་བ་ར་དེབི་ཀི་ཏ། ད~ཾཥྚ་ཀ་ར་ལ་བ་ནེ། ལཾ་བོ་ད་ར་བི་ཀི་ཏ། གཽ་ར་རཱུ་པ་དར་ཤ་ན་མརྫ་ར་བཀྵེ་མཛྫ། མཱཾ་ས་པྲི་ཡེ། ཨེ་ཧི་ཨེ་ཧི་བྷ་བ་ཏི་བྱོ་གུ་རུ་པྲི་ཛྭ་ལི་ཏ་ཏ་ཀེ་ཤི་ཨི་དཾ་མ་ནུ་ཤ་ཤ་རཱི་ར། མ་ནུ་པྲ་བི་ཤེ། ཀ་ཏ་ཀ་ཏ། པུ་ར་པུ་ར། དྷུ་ན་དྷུ་ན། པ་ཏ་པ་ཏ། བལྒུ་བལྒུ། ཧ་ས་ཧ་ས། ཨཱ་བི་ཤེ་ཨཱ་བི་ཤེ། སྤ་ཏ་སྤ་ཏ། ཀི་ཙི་ར་ཡ་སི། བྷ་ག་བ་ཏི། བ་ཧུ་རཱུ་བེ། ཨད་བྷི་ཀ་སྲྀ་ག་ལ་ཧེ་རུ་ཀ་ར་བིད་ཏྲེ། ཨཊ་ཊ་ཊ་ཊ་ཧ་སེ། ཨི་མ་སེ་ཧུསྟ། གྲ་ཧ་སྱ་ཧྲྀ་ད་ཡཾ། བྷི་ད་བྷི་ད། ཙ་ལ་ཙ་ལ། གུ་མུ་གུ་མུ། ཀུ་རུ་ཀུ་རུ། ཨཱ་བི་ཤ་ཨཱ་བི་ཤ། བཛྲ་པཱ་ཎི། ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ལས་ཐམས་ཅད་དུ་རྩཝ་ཀུ་ཤ་སྦམས་པ་ལ་སྔགས་ཀྱིས་བཏབ་སྟེ་བདུག་པར་བགྱིའོ། ། ན་མོ་བཛྲ་པཱ་ཎི་སྱ། ལ་ལ་ཧ་ས་ཧ་སཾ། བཛྲེ་ཎ་ཀུ་རུ་ཀུ་རུ། ཀམྤ་ཀམྦ། ཙ་ལ་ཙ་ལ། ཛ་ལཱ་ཛལླ་སྭཱ་ཧཱ། གཤེགས་ནས་གསུང་དུ་གཞུག་གོ། ན་མ་བཛྲ་པཱ་ཎི་སྱ། དྷུ་དྷུ་མ་ས་ལ་མ་ས་ལ། དྷུ་རུ་མེ་ཨ་མ་ལེ། བཛྲ་པཱ་ཎི་ཡཀྵ་དྷི་པ་ཏི་མ་ཙ་མེ་ཀཤྩཱ་ད་བིགྷྣཱཾ་ཀུ་རུ་སཱ་ཧཱ། ཡུངས་ཀར་རམ་ཐལ་བས་བགེགས་རབ་ཏུ་ཞི་བར་བྱའོ།། ཙི་སྟེ་རིག་སྔགས་འཆང་གྲུབ་པ་རྣམས་ཀྱི་རིག་པ་གཅད་པར་འཚལ་ན། མར་གྱི་ངོ་ཚོས་བཅོ་ལྔ་ལ་ལག། རྡོ་རྗེའི་མདུན་དུ་བཀུ་ལའི་མེ་ཏོག་དག་ལས་ལན་བརྒྱད་སྐྱོང་སྦྱིན་སྲེག་བགྱིས་ན་རིག་སྔགས་འཆང་ཐམས་ཅད་ཀྱི་རིག་སྔགས་བཅད་པར་འགྱུར་རོ། ། མགོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་རྩི་རྣམས་ཀྱིས་རིག་པའི་མཆོག་བྲི་བར་བགྱི་སྟེ། མདོག་སྟོབ་སངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ། སྦྱིན་སྲེག་བགྱི་བ་བཟང་ཞིང་བྲི་བར་བགྱིའོ།། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྦྱང་བ་བགྱིས་ཏེ་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ཅི་ནུས་སུ་མཆོད་པ་བགྱིས་ལ་བྱང་ཆུབ་ཀྱི་ཤིང་གི་ཞུགས་བུས་ཏེ་ཏ་མ་ལའི་མེ་ཏོག་མར་ལ་བསྤྲུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་རི་མོའི་སྐུ་གཟུགས་འགུལ་ལོ། ། མེ་ཏོག་གི་འཕྲེང་བའང་འགུལ་ལོ།། དེ་ནས་མཚན་མོའི་ལྷ་མོ་མེ་ཏོག་ཅེས་བགྱི་བ་གྲུབ་པར་འགྱུར་ཏེ། ལྷ་མོ་མེ་ཏོག་གི་ལས་རྣམས་སུ་འགྱུར་རོ།། རིག་སྔགས་འཆང་གི་རིག་པའི་སྒྲུབ་པ་ལ་བགེགས་སུ་མི་འགྱུར་རོ།། ལོག་འདྲེན་གྱིས་མི་ཚུགས་སོ། ། དངོས་གྲུབ་འདིས་མཚན་མོའི་ལྷ་མོ་བཞི་དངོས་གྲུབ་ཏུ་འགྱུར་ཏེ། སྲོད་ནི་ལྷ་མོ་མེ་ཏོག་གིའོ།། འཇིང་ནི་ལྷ་མོ་འཕྲེང་བའི་འོ།། ནམ་གུང་ནི་ལྷ་མོ་ཀུ་མུ་དའི་འོ།། ཐོ་རངས་ནི་ལྷ་མོ་མཛེས་མའིའོ། ། རིག་སྔགས་འཆང་ནི་རིག་པ་སྒྲུབ་ན་སྲོད་ལ་ལོག་འདྲེན་གནས་སུ་འོང་སྟེ། དེ་ནས་མཚན་མོའི་ལྷ་མོ་མེ་ཏོག་གིས་ལོག་འདྲེན་མཐོང་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡིད་ལ་བགྱིད་དོ། ། ལག་ན་རྡོ་རྗེ་ཡིད་ལ་བགྱིས་པས་ལོག་འདྲེན་རྣམས་སྐྲག་ཅིང་ཉམས་ཏེ་ཉམ་ཐག་ནས་འབྲོས་པར་འགྱུར་རོ།། ལག་ན་རྡོ་རྗེ་རིག་སྔགས་འཆང་དེའི་མདུན་དུ་འདུག་ཅིང་དངོས་ཐུབ་ཀྱང་མྱུར་དུ་རྒྱལ་བར་བབྱེད་དོ། ། འཛིང་ལ་གས་ཏེ་གྲགགས་སྲུང་ནམཚན་མོའི་ན་མོ་ཕྲེང་བ་དྲེས། རྟེན་པོ་ལ་བཅོམ་ལྡན་འདས་ལ་ཀུན་ས་གྲོ་དི་ནས་ཟློག་གོ། དེ་ཐོས་ནས་སྙིང་འདར་ཞིང་མྱུར་བ་མྱུར་བར་མདུན་དུ་འདུག་སྟེ། དེས་ན་རིག་སྔགས་འཆང་དེ་མཚན་ལ་བགེགས་སུ་མི་འགྱུར་རོ།། དངོས་གྲུབ་ཀྱང་མྱུར་དུ་འགྲུབ་བོ།། ནམ་གུང་ལ་གལ་བགེགས་བྱུང་ན་མཚན་མོའི་ལྷ་མོ་ཀུ་མུ་ད་དེའང་། རྒྱལ་པོ་ཆེན་པོ་བཞི་ལ་ཀྱེ་ཀྱེ་བཙུན་དཀོན་དག་ལག་ན་རྡོ་རྗེ་ཁྱེད་ལ་འབོད་དོ་ཞེས་སྒྲོག་གོ། དེ་དག་གིས་ཚག་དེ་ཐོས་ནས་སྙིང་འདར་ཞིང་མྱུར་བ་མྱུར་བར་མདུན་དུ་འདུག་སྟེ། དེས་ན་དེ་ལ་བགེགས་སུ་མི་འགྱུར་རོ།། ཐོ་རངས་ལ་གལ་ཏེ་བགེགས་བྱུང་ན་མཚན་མོའི་ལྷ་མོ་མཛེས་མའང་། ལོག་འདྲེན་རྣམས་ལ་ཀྱེ་ཀྱེ་ལོག་འདྲེན་སྡང་བ་རྣམས་དྲག་པོ་ལག་ན་རྡོ་རྗེས་བཀའ་སྩལ་ཏོ་ཞེས་བསྒོ་བར་བགྱིད་དོ། ། དེ་དག་གིས་དེའི་ཚིག་ཐོས་ནས་ཕྱོགས་བཅུར་འབྲོས་སོ།། དེས་ན་དེ་ལ་བགེགས་སུ་མི་འགྱུར་ཏེ་བདེ་བར་ལས་རྣམས་འགྲུབ་པར་བྱེད་དོ། ། མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་བུད་མེད་བུ་བྱུང་བའི་ཁྱེའུའི་ལྟེ་བ་སོར་གཉིས་ཙམ་བཅད་ལ་གསེར་གྱི་གྱིམ་བག་གིས་དཀྲིས་ཏེ་མར་གྱི་ངོ་ཞག་བརྒྱད་ལ་ཉི་མ་ནག་གཅིག་སྦྱང་བར་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་མི་སྣང་བར་འགྱུར་རོ།། ཚེའང་ཉིས་འགྱུར་དུ་འགྱུར་རོ།། ཞག་བདུན་དུ་ཕྱེ་ཐུག་བཏུང་ངོ་།། ཕྱིས་མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། ཞི་བའི་མཚན་ཡོད་པར་སོང་ལ་མཚན་གྱི་སྟེང་གི་ལྷོ་ཕྱོགས་ལོགས་སུ་ལག་པ་གཡས་པ་བཞག་སྟེ་སྐྲ་ལས་བགྱིས་པའི་སྐུད་པས་བཅིང་ངོ་། ། བཅིངས་ནས་ཇི་སྲིད་ཀྱིས་བཅད་དོ་ཞེས་སྒྲ་འབྱུང་བ་དེ་སྲིད་དུ་བཟླས་བརྗོད་བགྱི། སྒྲ་ལན་གསུམ་དུ་བྱུང་ན་དངོས་གྲུབ་ཏུ་འགྱུར་རོ།། ཁུ་ཚུར་བཅངས་ཏེ་བསྒྲུབ་པར་བགྱིའོ།། ཁུ་ཚུར་བཅངས་ན་མི་སྣང་བར་འགྱུར་རོ།། སྐྲ་ལྕང་ལོ་འཁྱིལ་བར་འགྱུར་རོ།། ལོ་བཅུ་དྲུག་ལོན་པ་ཙམ་དུ་འགྱུར་རོ།། ལོ་བདུན་བརྒྱ་འཚོ་བར་འགྱུར་རོ། ། དབང་ཕྱུག་ཆེན་པོའི་ཚོགས་རྣམས་ཀྱང་ཕྱག་བརྙན་དུ་འགྱུར་རོ།། ཅི་སྟེ་དགྲ་གསད་པར་འཚལ་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་གཅིག་སྨྱུང་བ་བགྱིས་ཏེ། སྤྲ་ཚལ་ལས་གཟུགས་བགྱིས་ལ་སེང་ལྡེང་གི་ཕུར་བུ་ལྔས་གནད་དུ་བཙུགས་ཏེ། དུར་ཁྲོད་དུ་མཆིས་ལ་དོང་བརྐོས་ཏེ་དོང་དེར་བཅུག་ལ་སྟེང་དུ་ཞུགས་བུས་ལ་དུག་དང་། ཁྲག་དང་། ཡུངས་ཀར་བསྲེས་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ངུ་ཞིང་ཚིག་སྟེ་འཕྲལ་དུ་འགུམ་མོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་བ་སེར་མོའི་ལྕི་བས་ལ་མ་ལྷུང་བ་བླངས་ཏེ། ས་ཕྱོགས་གཙང་མར་གཟུགས་བགྱིས་ལ་ཅི་ནུས་ཀྱིས་མཆོད་དེ། ཞག་གཅིག་སྨྱུང་བ་བགྱིས་ལ་ཤིང་བིལ་བའི་ཡམ་སྲེག་ཤིང་ཞོ་དང་། སྦྲང་རྩི་དང་། མ་རལ་བསྙུགས་ཏེ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དཔྲལ་བ་ལས་འོད་ཟེར་འབྱུང་ངོ་།། དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་གསེར་དཔག་ཏུ་མེད་པ་སྩོལ་བར་འགྱུར་རོ། ། ཡང་ན་ཉིན་གཅིག་བཞིན་དུ་དི་ན་ར་སྩོལ་བར་འགྱུར་རོ།། གསེག་མ་ལ་ལན་བརྒྱ་སྟོང་བཟླས་ཏེ་དུར་ཁྲོད་དུ་བོར་ན་ཡི་དགས་ཐམས་ཅད་གླུ་ལེན་ཅིང་གར་བྱེད་པར་འགྱུར་རོ། ། མར་གྱི་ངོ་ཞག་བཅུ་བཞི་ནས་ལག་ན་རྡོ་རྗེའི་རྐང་པའི་དྲུང་དུ་ཞག་གསུམ་སྦྱང་བ་བགྱིས་ལ། ཤིང་ཀ་ར་ཝཱི་རའི་མེ་ཏོག་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིའོ། ། དེ་ནས་ཀ་ར་ཝཱི་རའི་མེ་ཏོག་དག་ལས་མེ་ཏོག་གཅིག་བླངས་ཏེ་ཀླུའི་གནས་སུ་སོང་ལ་བཟླས་བརྗོད་བགྱིས་ན། ཀླུ་དང་ཀླུ་མོ་རྣམས་དབང་དུ་འགྱུར་ཏེ་ཅི་འཚལ་བ་རྣམས་རྙེད་དོ།། ལག་པུ་མིག་དང་། གསེར་དང་། མཆོད་ཕྱིར་ཐོགས་ཀྱང་ཀ་ར་ཝཱི་རའི་མེ་ཏོག་དང་འདྲའོ།། གང་ན་གནོད་སྦྱིན་མོ་འདུག་པ་དེར་བཟླས་བརྗོད་བགྱིས་ན་གནོད་སྦྱིན་མོ་མཆི་སྟེ་ཆུང་མར་འགྱུར་རོ།། ཡང་ནནོར་སྩོལ་བར་འགྱུར་རོ། ། གལ་ཏེ་མི་མཆིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ཤིང་མ་ད་ནཱའི་ཚེར་མ་དང་། དུག་དང་། ཁྲག་བསྲེས་པ་ལན་བརྒྱ་སྟོང་སེང་ལྡེང་གི་ཞུགས་ལ་སྦྱིན་སྲེག་བགྱིས་ན་དེ་འཚིག་ཅིང་མི་སྡུག་པར་འགྱུར་ལ་མཆིའོ། ། གལ་ཏེ་ཀླུ་མོ་མི་མཆིན་དེ་ལའང་དེ་ཉིད་ཀྱིས་སྦྱིན་སྲེག་བགྱིའོ།། ཡར་གྱི་ངོ་ཚས་བཅོ་ལྔ་ལ་ཞག་གསུམ་སྦྱང་བ་བགྱིས་ཏེ་རྒྱ་མཚོར་འབབ་པའི་ཆུ་བོར་ཞུགས་ལ། ཀླུ་ཤིང་གི་མེ་ཏོག་བརྒྱད་སྟོང་བྱི་དོར་བགྱིས་ན་དུས་མ་ཡིན་པར་ཆར་འབབ་བོ།། ཞག་བདུན་འོ་སྐྱོ་འཐུངས་ལ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་པ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་ས་ལས་བགྱིས་པའི་རྡོ་རྗེ་བཞག་སྟེ། དེའི་རྐེད་པར་ཤིང་ཨ་ཤྭཏྠའི་ལོ་མ་བདུན་བཞག་ལ། དེའི་སྟེང་དུ་ལྡོང་རོས་བཞག་སྟེ་ཇི་སྲིད་ཀྱིས་དངོས་གྲུབ་གསུམ་དུ་གྱུར་པ་དེ་སྲིད་དུ་བཟླས་བརྗོད་བགྱིའོ། ། འབར་བར་གྱུར་ན་ལོ་བདུན་སྟོང་དུ་འཚོའོ།། ལུས་མཛེས་པར་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལམ་གྱི་སུམ་མདོར་མཆོད་པ་རྒྱ་ཆེར་བགྱིས་ལ། དེར་འདུག་སྟེ་ལྡོང་རོས་སྲན་མ་ཙམ་ཞིག་ཁར་བཅུག་ལ་ཇི་སྲིད་དུ་ཁའི་ནང་དུ་གས་པར་གྱུར་པ་དེ་སྲིད་དུ་བཟླས་བརྗོད་བགྱིའོ།། དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་ཐིག་ལེ་བགྱིས་ན་མི་སྣང་བར་འགྱུར་རོ། ། ལེ་ལྔ་བརྒྱ་ཐུབ་པར་འགྱུར་རོ།། ཅི་འདོད་པའི་གཟུགས་ཅན་དུ་འགྱུར་རོ།། ཉི་མའི་གུང་ཚོགས་ལ་བགྱིའོ།། ཚེས་གྲངས་དང་སྐར་མ་འདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་བར་སྐྱེས་པའི་རོ་མ་སྨྲས་མ་ཉམས་པ་བླངས་ཏེ། རྡོ་རྗེ་སེན་མོའི་སྔགས་བཟླས་བརྗོད་བགྱིས་ལ་བཀྲུའོ།། རྡོ་རྗེ་ལྟེ་བས་སྤོས་སྩོལ་བར་བགྱིའོ། ། རྡོ་རྗེ་མེ་ཁ་ལས་མེ་ཏོག་སྩལ་བར་བགྱིའོ།། དེ་ནས་དེའི་སྙིང་ཁར་འདུག་སྟེ་མི་དོ་ཙམ་གྱེན་དུ་མ་འཕགས་ཀྱི་བར་དུ་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བཟླས་བརྗོད་བགྱིའོ། ། གྱེན་དུ་འཕགས་མ་ཐག་ཏུ་སླར་འོག་ཏུ་ལྷུང་ངོ་།། ལྷུང་ནས་བུད་མེད་བཅུ་ཉེ་བར་གནས་པར་འགྱུར་ཏེ། དེ་དག་གཡོག་འཁོར་རྣམས་ལ་སྩལ་པར་བགྱིའོ།། དེ་དག་ཀྱང་སྟོབས་མཉམ་པར་འགྱུར་རོ། ། ཅི་སྟེ་མ་སྩལ་ན་བདག་བུད་མེད་བཅུས་བསྐོར་ཏེ་མི་ལ་ཞོན་ཏེ་གར་དགའ་བ་དེར་མཆིའོ།། ཡང་ཡིད་ཀྱིས་བསམས་པ་དེ་བཞོན་པ་ལས་འབྱུང་ངོ་།། ལོ་བརྒྱུད་ཁྲིར་འཚེ་བར་འགྱུར་རོ། ། རིག་སྔགས་འཆང་དུའང་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་སྐྱེས་པ་ཤི་བའི་རོ་བཞག་པའི་ཁྱོགས་ཀྱི་གཡས་རོལ་གྱི་ཟུར་ཤིང་ཁྱེར་ཏེ་སོང་ལ། ཕྱི་མ་མར་གྱི་ངོ་ཞག་བརྒྱད་ལ་དེ་མདུང་རྩེ་གསུམ་པར་བགྱིས་ལ་སློང་མོ་པའི་ཟས་བཟའ་ཞིང་རིག་སྔགས་འཆང་བཟླས་བརྗོད་བགྱིའོ།། ཕྱི་མ་མར་གྱི་ངོ་ཞག་བརྒྱད་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་དུར་ཁྲོད་དུ་སོང་ལ་མདུང་རྩེ་གསུམ་པ་ལ་མཆོད་པ་རྒྱ་ཆེར་བགྱིས་ཏེ། མདུང་རྩེ་གསུམ་པ་ལག་པ་གཡས་པར་ཐོགས་ལ། རིག་པའི་མཆོག་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་མདུང་རྩེ་གསུམ་པ་ལས་འོད་ཟེར་འབྱུང་སྟེ། དེ་ནས་དངོས་གྲུབ་ཏུ་འགྱུར་རོ།། མཚན་མོ་བཙུགས་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་དག་འབྱུང་ངོ་།། སྐྱེས་པ་ཅི་ལ་མ་རག་པར་ཆས་པ་དག་ཀྱང་ཉེ་བར་གནས་སོ། ། གང་བསམས་པ་ཐམས་ཅད་རྙེད་དོ།། ཕྱུང་ན་ཐམས་ཅད་མེད་པར་འགྱུར་རོ།། འབྱུང་པོ་རྣམས་ཀྱང་ཕྱག་བརྙན་དུ་འགྱུར་རོ། ། ཆོ་ག་གང་ལ་བླངས་པའི་ཆོ་ག་དེ་ཉིད་ལ་བསྒྲུབ་པར་བགྱིའོ།། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཅི་ནུས་ཀྱིས་མཆོད་པ་བགྱིས་ལ། དེའི་མདུན་དུ་འབྲས་ཆན་གྱིས་ལོ་མ་བཀང་སྟེ་བཞག་ལ་འབྲས་ཆན་མི་སྣང་བར་མ་གྱུར་ཀྱི་བར་དུ་བཟླས་བརྗོད་བགྱིའོ།། དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ། ཕྱིས་འབྲས་ཆན་ལ་འཕོ་བར་བགྱིད་དོ། ། རྫས་ཀྱང་འཕོ་བར་འགྱུར་རོ།། འབྲུའི་རྣམ་པ་གཞན་དག་ཀྱང་འཕོ་བར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་སང་ལྡེང་ལ་བགྱིས་པའི་རྡོ་རྗེ་ལ་ཤིང་ཀུན་གྱིས་བདུགས་ལ། རིག་པའི་མཆོག་གོ་སྙིང་པོ་དང་ལྷན་ཅིག་བཟླས་བརྗོད་བགྱིས་ན། གང་གི་མིང་ནས་ཕྱུང་སྟེ་བཟླས་བརྗོད་བགྱིས་པ་དེ་ལ་བརྗེད་བྱེད་ཀྱིས་ཟིན་པར་འགྱུར་རོ།། ལྕེ་པོག་གིས་བདུགས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་གཏོང་བར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ། ཨེ་རན་དའི་ཤིང་གི་ཞུགས་བུསལ་བ་གླང་གི་པགས་པ་ལས་སྲེག་བླུགས་ལན་བརྒྱད་སྤོང་མིང་ནས་བརྗོད་དེ་སྦྱིན་སྲེག་བགྱིས་ན་བགྲང་རྣམས་མཆིའོ། ། སྐྱེས་པའི་རོ་མ་སྨྲས་མ་ཉམས་པ་བླངས་ཏེ་ཆུ་འགྲམ་གྱི་ཕྱོགས་གཅིག་གམ། སྐམས་གཙང་མར་པོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། ། དེ་ནས་རིག་སྔགས་འཆང་ཉི་མའི་གུང་ཚོགས་ལ་མི་རོའི་མགོ་ཤར་ཕྱོགས་སུ་བསྟན་ཏེ་ཕྱོགས་བཞིར་བསྙེན་བཀུར་བགྱིས་པ་བཞི་གཞག་པར་བགྱིའོ།། དེ་ནས་རིག་སྔགས་འཆང་དེའི་སྙིང་ཁར་འདུག་ལ་ལྡོང་རོས་ཁར་བཅུག་སྟེ་དངོས་གྲུབ་རྣམ་གསུམ་མ་ཐོབ་ཀྱི་བར་དུ་བཟླས་བརྗོད་བྱའོ། ། འབར་བར་གྱུར་ན་ལོ་སྟོང་ཐུབ་བོ།། རྐང་པ་ལ་བསླུས་ན་ལོ་ལྔ་བརྒྱ་ཐུབ་སྟེ་འདི་ནི་དངོས་གྲུབ་བོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གི་ཞུགས་བུས་ལ་ཤིང་རིལ་བའི་ཡམ་སྲེག་ཤིང་ཞོ་དང་། སྦྲང་དང་མར་ལ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་བརྗོད་ན་ཕྲུགས་ཆུང་རྙེད་དོ། ། གལ་ཏེ་མ་རྙེད་ན་ཕྱུགས་ཆུང་དེ་མཆིའོ།། དགྲ་གང་ལ་ནད་ཀྱིས་བཏབ་པར་བགྱིད་འཚལ་ན་རུ་རྟ་བཏགས་ལ་བདག་གི་ལུས་ལ་དྲིལ་བའི་དྲི་མ་བསགས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་དུ་རུ་ཀའི་ཤིང་གི་ཞུགས་བུས་ལ། དྲི་མ་དེས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་བརྗོད་ན་དེ་མཛེནད་ཀྱིས་འདེབས་སོ། ། ལག་ན་རྡོ་རྗེའི་མདུན་དུ་ལྕེ་པོག་གི་བདུག་པས་བདུགས་ལ། རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་གསོ་བ་བགྱིས་པར་འགྱུར་རོ། ཡར་གྱི་ངོ་ཞག་གཅིག་ལ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་ཟས་སུ་ཆུ་སྐྱོ་འཐུང་ཞིང་ཟླ་བ་ཉའི་བར་དུ་བཟླས་བརྗོད་བགྱིས་ན་ཡུལ་གྲུ་འཐོབ་བོ།། བྲམ་ཟེ་དབང་དུ་བགྱི་ན་ཡར་གྱི་ངོ་ཚེས་དྲུག་ནས། བརྒྱད་ཀྱི་བར་དུ་དུས་གསུམ་དུ་ལག་ན་རྡོ་རྗེའི་མདུན་དུ་སྔ་མའི་མེ་ཏོག་ལས་ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ་ཐ་མར་ཞག་གཅིག་སྦྱང་བ་བགྱིས་ན། སྐྱེས་པའམ་བུད་མེད་ཀྱང་རུང་སྟེ་དབང་དུ་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྤྱང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གི་ཞུགས་བུས་ལ། ཡུངས་ཀར་གྱི་འབྲུ་མར་དང་བསྲེས་པའི་ཏིལ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་བརྗོད་ན་དབང་དུ་འགྱུར་རོ། ། བུད་མེད་ཡུག་ས་མོ་དབང་དུ་བགྱི་ན་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གི་ཞུགས་བུས་ཏེ། ཨརྐའི་མེ་ཏོག་མར་ལ་བསྒྲགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱི་ཞིང་མིང་ནས་བརྗོད་ན་དབང་དུ་འགྱུར་རོ།། དུས་གསུམ་དུ་ཁྲུས་བགྱི་ཞིང་ལག་ན་རྡོ་རྗེའི་མདུན་དུ་ཤིང་མ་དནའི་ཚེར་མ་ལས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཞག་གསུམ་གྱིས་དབང་དུ་འགྱུར་རོ། ། མི་ངས་འབྱུང་བར་འཚལ་ན་མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་དུ་སོང་ལ་དུར་ཁྲོད་ཀྱི་ཤིང་གི་ཞུགས་བུས་ལ། དུག་རློན་པས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་མི་ངས་འབྱུང་ངོ་།། ཞི་བར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཤིང་ཐ་མལ་པའི་ཞུགས་བུས་ལ་ཨུཏྤལ་དང་། ཞེ་དང་། སྦྲང་རྩི་དང་། མརལ་བ་སྤྱུགས་པ་བརྒྱུད་སྟོང་སྦྱིན་སྲེག་བགྱིས་ན་ཞི་བར་འགྱུར་རོ། ། གཞན་བསྐྲད་པར་འཚལ་ན་བྱ་ཁཱའི་གཤོག་པ་ཡུངས་ཀར་གྱི་འབྲུ་མར་ལ་བསྒུགས་པ་བརྒྱད་སྟོང་ཞག་བདུན་དུས་གསུམ་དུ་སྦྱིན་སྲེག་བགྱིའོ།། འདི་ནི་བསྐྲད་པའི་མཆོག་གོ། དབྱེ་བར་བགྱི་ན་ཞག་བདུན་དུས་གསུམ་དུ་བ་ལང་གི་ལྕི་བ་ལས་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དབྱེ་བ་བགྱིས་པར་འགྱུར་རོ།། ལས་གཅིག་གིས་ཆོ་ག་རྒྱས་པར་སྒྲུབ་པར་འཚལ་བས་མཱ་མ་ཀཱི་ཐོགས་ལ། པདྨའི་རྫིང་དུ་སོང་སྟེ་མཱ་མ་ཀཱི་ལ་རེག་པར་པདྨ་འབུམ་ཕུལ་ན་རིག་པའི་རྒྱལ་པོ་མཆོག་རང་གི་གཟུགས་སྟོན་ཏེ་དེ་ལ་བུ་ཅི་བྱ་ཞེས་སྨྲའོ།། དེས་བཅོམ་ལྡན་འདས་ཆོ་ག་རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ་ཞེས་བརྗོད་པ་དང་། དེ་བཞིན་བྱའོ་ཞེས་བརྗོད་ནས་མི་སྣང་བར་འགྱུར་རོ།། དེ་ཆོ་ག་རྒྱས་པ་ལས་འབྱུང་བའི་ལས་ཐམས་ཅད་དངོས་གྲུབ་ཏུ་འགྱུར་རོ། ། གལ་ཏེ་དེས་ལས་གྲུབ་པར་མ་གྱུར་ན་དེའི་འོག་ཏུ་ལས་འདི་བསྒྲུབས་ན་དངོས་གྲུབ་ཀྱི་མཆོག་ཏུ་འགྱུར་རོ།། ཡར་གྱི་ངོ་ཉནས་བཟུང་སྟེ་ཕྱི་མའི་ཉའི་བར་དུ་མི་སཱ་ག་རྒྱས་པ་དང་དངོས་གྲུབ་ཏུ་འགྱུར་རོ། ། རས་སྔོན་པོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། འོག་སྒོར་བཅིངས་ལ་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱིས་པའི་ཐལ་བས་མགོ་བོར་བསྲུང་བར་བགྱིས་ན་གྱད་པར་ནོན་ཅིང་གྱད་ཀྱིས་ཚུར་ཕྱིར་མི་ནོན་ནོ། ། ཡིད་གཞུངས་པར་བགྱི་ན་བྲ་མའི་ཁུ་བ་མར་དང་ཆ་བསྙམས་ལ་མར་གྱི་ངོ་ཞོག་བཅུ་བཞི་ལ་ཉི་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་པ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ།། ཡར་གྱི་ངོ་ཚོས་ཞག་གཅིག་ནས་བརྩམས་ཏེལག་ན་རྡོ་རྗེའི་མདུན་དུ་མར་དང་འོ་མ་བསྲེས་པ་ལས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པ་འཐུང་ཞིང་ཞག་བདུན་བགྱིས་ན་ཐོས་པ་འཛིན་པར་འགྱུར་རོ། ། ཡར་གྱི་ངོ་ཉ་ལ་ཉིན་ནག་གཅིག་སྨྱུང་བ་བགྱིས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ཨང་གྲོ་ཏའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཉི་མ་གསུམ་པ་ལ་ཐོས་པ་འཛིན་པར་འགྱུར་རོ། ། ཞག་བདུན་ལག་ན་རྡོ་རྗེའི་ཁ་ནས་འོད་ཟེར་འབྱུང་སྟེ་རིག་སྔགས་འཆང་ལ་བསྐོར་བ་བྱས་ནས་གྱེན་དུ་འགྲོ་བར་འགྱུར་རོ། ། རིག་སྔགས་འཆང་ཇི་ལྟར་འདོད་པའི་གཟུགས་ཅན་དུ་འགྱུར་རོ།། ལོ་སུམ་སྟོང་ཐུབ་པར་འགྱུར་རོ།། མར་གྱི་ངོ་ཞག་བཅུ་ལ་ལག་ན་རྡོ་རྗེའི་མདུན་དུ་སྒྱུ་མའི་མེ་ཏོག་བརྒྱད་སྟོང་ཕུལ་ན་གནས་སྟོན་པར་འགྱུར་རོ། ། ཆོ་ག་རྒྱས་པ་སྒྲུབ་པ་པོས་ཉ་དང་། ཤ་དང་། ཏིལ་དང་། སྲན་ཆན་གྱི་བག་དང་། ལྷ་བཤོས་དང་ཁ་འདྲ་དང་། ལ་ཕུག་དང་། ཤིང་ཐོག་རྣམས་བཟའ་བར་མི་བགྱིའོ།། གལ་ཏེ་འདི་དག་ཀྱང་ཟོས་ལྔ་ལས་ཀྱང་བསྒྲུབས་ན་ལག་ན་རྡོ་རྗེས་དེ་ཉིད་མཐར་བྱེད་ཅིང་ལས་ཀྱང་དངོས་གྲུབ་ཏུ་མི་འགྱུར་རོ། ། སེང་གེ་ནི་མར་གྱི་ངོ་ཞག་བརྒྱད་ལ་གྲོག་མཁར་རྩེ་མེ་ཡོད་པའི་མདུན་ནས་ས་བླངས་ཏེ། བའི་རྣམ་ལྔ་དང་བསྲེས་ལ་སེང་གེའི་གཟུགས་བགྱིས་ཏེ་གསོ་སྦྱོང་བཟུང་ལ། ཟླ་བ་གཅི་ཟས་སུ་འོ་སྐྱོ་འཐུང་ཞིང་ཐ་མར་ཞག་གསུམ་སྨྱུང་བ་བགྱིས་ཏེ་མར་གྱི་ངོ་ནགྲ་བརྒྱད་ལ་སྒྲུབ་བོ། ། སྔར་ཕོ་ཉ་མོ་རྣམས་ཀྱིས་ལས་རྣམས་བགྱིའོ།། བསྙེན་བཀུར་བགྱིས་པ་རྣམས་ཀྱང་བསྲུང་བར་བགྱིའོ། ། དེ་ནས་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བགྱིས་ཏེ། སེང་གིའི་སྒྲ་འབྱིན་གྱི་བར་དུ་བགྱིའོ།། སེང་གེའི་སྒྲ་ཐོས་ནས་ལྷ་མ་ཡིན་གྱི་བུ་མོ་རྣམས་འབྱུང་ངོ་།། དེ་དག་ལ་འདོད་པ་བསྐྱེད་པར་མི་བགྱིའོ། ། གལ་ཏེ་འདོད་པ་བསྐྱེད་ན་སེང་གེའི་ནི་མ་མཆིས་སོ།། ལྷ་མ་ཡིན་གྱི་བུ་མོ་རྣམས་ནི་མཆིས་ཏེ། ལྷ་མ་ཡིན་རྣམས་ཀྱང་ཡོངས་སུ་སྤྱད་པར་འགྱུར་རོ། ། གལ་ཏེ་དེ་དག་ལ་འདོད་པ་མ་བསྐྱེད་ན་སེང་གེར་འགྱུར་ཏོ།། སེང་གེ་ལ་ཞོན་ནས་རིག་སྔགས་འཆང་གི་བུ་མོ་བརྒྱུད་ཅུ་འབྱུང་ངོ་།། རིག་སྔགས་འཆང་བཞི་སྟོང་ཡང་གཡོག་འཁོར་དུ་འགྱུར་རོ། ། གང་དུ་འདོད་པ་དར་མཆིའོ།། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ།། འཁོར་ལོ་ལ་སོགས་པའི་སྤྱོད་ཡུལ་དུ་མི་འགྱུར་རོ།། གང་གི་ཚེ་རྡོ་རྗེ་དང་། འཁོར་ལོ་དང་། མདུང་རྩེ་གསུམ་པ་དང་། བེ་ཅོན་དང་། ཞགས་པ་དང་། མདུང་ཐུང་དང་། དབྱུག་ཏོ་རྣམས་མཆི་བ་དེའི་ཚེ་སེང་གེ་སྒྲ་འབྱིན་ཏེ་སེང་གེའི་སྒྲས་མཚོན་པ་ཐམས་ཅད་དཔག་ཚད་བརྒྱད་ཁྲིར་མཆིའོ། ། རིག་སྔགས་འཆང་གི་རྒྱལ་པོ་གང་དག་སེང་གེའི་སྒྲ་ཐོས་པ་དེ་དག་ཐམས་ཅད་ས་ལ་ལྷུང་ངོ་།། མཚོན་ཆད་དག་ཐམས་ཅད་ཀྱང་དབང་དུ་འགྱུར་རོ།། བསྐལ་པར་གནས་པའི་རིག་སྔགས་འཆང་གི་རྒྱལ་པོར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་བའི་ལྕིབ་ས་ལ་མ་ལྷུང་བ་བླངས་ཏེ་སྐམས་གཙང་མའི་ཕྱོགས་སུ་གནོད་སྦྱིན་གྱི་གཟུགས་བགྱིས་ཏེ། དེ་ལ་མེ་ཏོག་དམར་པོ་དང་གཏོར་མ་དམར་པོ་སྦྱིན་ནོ།། ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ།། ཕྱོགས་གཅིག་ཏུ་གནོན་སྦྱིན་ཐམས་ཅད་ལ་མེ་ཁ་ལས་མེ་ཏོག་དཀར་པོ་རྣམས་སྩོལ་ཏོ། ། གཟུགས་དེའི་མདུན་དུ་ཨརྐའི་ཤིང་གི་ཞུགས་བུས་ལ་ཤིང་བིལ་བའི་ཡམ་ཤིང་སྲེག་ཅིང་ཞོ་དང་། སྦྲང་རྩི་དང་། མར་ལ་བསྩགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། ། དེ་ནས་གཟུགས་འགུལ་ཞིང་དངོས་གྲུབ་ཏུ་འགྱུར་ཏེ་ཉན་རེ་དི་ན་ར་རེ་རེ་དབུལ་ལོ།། དཔོན་གཡོག་བདུན་གྱི་ཟས་དབུལ་ལོ།། ལས་འདི་བསམ་བར་བགྱི་སྟེ་གཙང་མར་བགྱིས་ལ་ལན་ཅིག་བཟླས་བརྗོད་བགྱིས་ཏེ་བ་ནག་མོ་མ་སྨད་སྤུ་མཐུན་གྱི་འོ་མ་བླངས་ལ། བྲམ་ཟེའི་བུ་མོས་བསྲུབས་པའི་མར་བླངས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྦྱང་བ་བགྱིས་ཏེ་མཚན་གཅིག་ཡོད་པའམ། ལག་ན་རྡོ་རྗེའི་ཁྱིམ་དུ་སོང་ལ་ཤིང་ཨ་ཤྭཏྠའི་ལོ་མ་བདུན་བླངས་ཏེ་དེ་དག་གི་སྟེང་དུ་གནོད་སྦྱིན་གྱི་གཟུགས་མཐེ་བོང་གི་ཆ་ཙམ་ཞིག་བགྱི་སྟེ། དེ་ནས་འགུལ་གྱི་བར་དུ་བཟླས་བརྗོད་བགྱིའོ།། དེ་ནས་སོལ་མ་རེག་པར་མིད་དོ།། དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་དེ་ཉིན་རེ་དི་ན་ར་རེ་རེ་འབུལ་ལོ།། དཔོན་གཡོག་བཅུ་གཉིས་ཀྱི་ཟན་དབུལ་ལོ། ། འདི་ནི་དངོས་གྲུབ་བོ།། རིག་སྔགས་གང་གཞན་ལ་བྱིན་པའི་རིག་སྔགས་དེ་ཕྱི་དྲོ་བཟླས་བརྗོད་བགྱིས་ལ། ཕྱི་དེ་ཉིན་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་བཟླས་བརྗོད་བགྱིས་ན་དེ་ལ་ཚིགས་སུ་བཅད་པར་འགྱུར་གྱི་གསང་སྔགས་སུ་མི་འགྱུར་རོ། ། །། དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཡི་གེ་བཞི་པ་ནི་བསྐལ་པ་བཞིར་གནས་པ་ལགས་སོ། ། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ་བ། དབང་ཆེ་བ། མ་རུངས་པ། གཏུམ་པ། དྲག་པོ་ལགས་སོ། ། བཅོམ་ལྡན་འདས་མིང་བརྗོད་པས་བདག་ལ་གནོད་པ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས།། འབྱུང་པོའི་བདག་པོ་དབང་ལྡན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འབྱུང་པོའི་བདག་པོ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ།། འབྱུང་པོའི་བདག་པོ་རིག་པའི་རྒྱལ་པོ་ཆེན་པོ་རིག་པ་མཆོག་འདི་ནི་རྫུ་འཕྲུལ་ཆེ་བའོ།། འབྱུང་པོའི་བདག་པོ་རིག་པའི་རྒྱལ་པོ་ཆེན་པོ་འདི་ནི་འགྲོ་ལྡིང་བའི་གཟུགས་ཅན་འགྲོ་ལྡིང་གི་སྐད་དུ་བརྗོད་པའོ། ། འབྱུང་པོའི་བདག་པོ་རེག་པའི་རྒྱལ་པོ་ཆེན་པོའི་མཆོག་འདི་ནི་ཕྱག་འཚལ་བ་དང་བཅས་པར་ཡི་གེ་སུམ་ཅུ་རྩ་གཉིས་པའོ།། ། ཡི་གེ་བཞི་པ་འདིའང་མི་མཉམ་པ་དང་མཉམ་པ་མཚུངས་པ་མེད་པ་སྟེ་བསྐལ་པ་བཞིར་གནས་པ་ཡིན་ནོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་སྟེ་བཤད་པའོ།། འབྱུང་པོའི་བདག་པོ་འདི་ཐོས་ན་སེམས་ཅན་གང་དག་མཚམས་མེད་པ་ལྔ་བྱེད་པ་དག་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། རིག་པའི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་མཐུ་ནི་འདི་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཆེན་པོའི་རྒྱལ་པོ་གཙུག་ཏོར་ལྡན་ཞེས་བྱ་བ་མཐོང་བ་ཙམ་གྱིས་ནད་ཐམས་ཅད་མེད་པར་འགྱུར་ཞིང་གདོན་ཐམས་ཅད་ཀྱང་འབྲོས་པར་འགྱུར་རོ། ། འབྱུང་པོའི་བདག་པོ་དེ་བཞིན་དུ་རིག་པའི་རྒྱལ་པོ་ཆེན་པོ་བཞི་དག་གང་གིས་བཟླས་བརྗོད་བྱས་པ་དེ་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར་ཏེ། དུག་གིས་མ་ཡིན། ཆུས་མ་ཡིན། མེས་མ་ཡིན་ཞིང་། དེ་བར་མ་དོར་འཆི་བར་མི་འགྱུར་རོ།། ངན་འགྲོ་ལོག་པར་ལྷུང་བར་མི་འགྱུར་རོ།། ངེས་པར་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་སྤྱན་སྔར་འདུག་ནས་མགོ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཅིའི་སླད་དུ་རིག་པའི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་འདི་སྐད་དུ། རིག་པའི་རྒྱལ་པོ་མི་མཉམ་པ་དང་མཉམ་པ་མཚུངས་པ་མེད་པ་འདི་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མ་མཛད་ནས་བཟུང་སྟེ་བཤད་དོ་ཞེས་གསུང་། ། བཅོམ་ལྡན་འདས་བདག་གི་མངོན་པར་ཤེས་པའི་སྟོབས་ཀྱིས་མཱ་མ་ཀཱི་དེ་ལྟར་རྫུ་འཕྲུལ་ཆེ་བའང་རྗེས་སུ་དྲན་ཏེ། རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་གསུང་རབ་ལ་ལྷ་རྣམས་ལ་མཱ་མ་ཀཱི་བསྟན་ཏེ། འཁོར་འདུས་པ་དེར་མཚམས་མེད་པ་བགྱིས་པའི་སེམས་ཅན་གཅིག་ཧ་ཅང་ཡང་མི་རིང་བ་ཞིག་ན་མཆིས་པ་དེ་འོད་ཟེར་གྱི་སྣང་བ་དེ་མཐོང་ནས་ཡིད་དགའ་བར་གྱུར་ཏེ་རྣམ་པར་བསྡུས་ནས། རིག་སྔགས་འཆང་རྣམས་ཀྱི་རྒྱལ་པོ་རྡོ་རྗེ་འཕྲེང་བ་ཞེས་བགྱི་བར་གྱུར་ཏོ། ། ཤཱ་རིའི་བུས་རིག་སྔགས་འཆང་དེ་ལ་བསམས་སོ།། དེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་དང་ཤཱ་རིའི་བུའང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེའི་སླད་དུ་མཱ་མ་ཀཱི་དེ་ལྟར་རྫུ་འཕྲུལ་ཆེའོ་ཞེས་བདག་མཆིའོ།། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དོན་དེ་རྡོ་རྗེ་འཆང་ཆེན་པོ་ལ་དྲིས་ཤིག། དེ་ནས་ཤཱ་རིའི་བུས། རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། རིག་པའི་རྒྱལ་པོ་མཆོག་ཁྱོད་ཅིའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ནས་བཟུང་སྟེ་བདག་གིས་རིག་པའི་རྒྱལ་པོ་ཆེན་པོ་འདི་བཤད་ཅེས་དེ་སྐད་སྨྲས། རྡོ་རྗེ་འཆང་ཆེན་པོས་འདི་སྐད་ཅེས་སྨྲས་སོ། ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅི་དེ་བཞིན་གཤེགས་པ་གཙོ་བོ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་ནམ། དེ་བཞིན་གཤེགས་པ་གཙོ་བོ་ཡིན་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་དོ།། ཤཱ་རིའི་བུ་དེ་བཞིན་དུ་བདག་གིས་ཀྱང་རིག་པའི་རྒྱལ་པོ་ཆེན་པོ་མཆོག་གི་སྙིང་པོ་ལ་བྱས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་གྱི་རྒྱལ་པོ་དེའི་མཐུས་མཱ་མ་ཀི་ཕྱག་རྒྱ་ཆེན་པོའི་རྒྱལ་མོ་ཆེན་མོ་དེ་ཐོབ་བོ།། དེ་ནས་ཤཱ་རིའི་བུ་ཅང་མི་སྨྲ་བར་འགྱུར་ཏོ། ། དྲིའི་རྗེ་བཅོམ་ལྡན་འདས་ཀྱིས། འབྲང་པོའི་བདག་པོ་དབང་ལྡན་ལ་བཀའ་སྩལ་པ། འབྱུང་ངུའི་བདག་པོ་གང་གིས་དེ་བཞིན་གཤེགས་པ་འབུམ་ཐུག་ས་རྣམ་ཀྲུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས། གང་གིས་རིག་པའི་རྒྱལ་པོ་ཆེན་པོའི་མཆོག་ལག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པ་དེ་ནི་དེ་ཉིད་ལས་བསོད་ནམས་མང་དུ་བསྐྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་རྟོགས་པ་དྲི་མ་མེད་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་འདིས་ཇི་སྲིད་ཅིག་ནས་རིག་པའི་རྒྱལ་པོ་ཆེན་པོ་དང་རིག་སྔགས་འཆང་གི་བདག་པོར་བསྐོས་པ་ཐོབ་སྟེ། འདི་ཏིང་ངེ་འཛིན་གང་གིས་གནས། འདིའི་སྔོན་གྱི་དགེ་པའི་བཤེས་གཉེན་ནི་སུ་ལགས། ། འདི་གནས་པ་གང་གིས་གནས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་རྟོགས་པ་དྲི་མ་མེད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྟོགས་པ་དྲི་མ་མེད་པ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གངྒཱའི་ཀླུང་དགུ་བཅུའི་བྱེ་མ་སྙེད་འདས་པ་ན་གདུལ་དཀའ་ཞེས་བྱ་བའི་བསྐལ་པ་ཆེན་པོ་བྱུང་སྟེ། བསྐལ་པ་ཆེན་པོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་སྒྲོན་མ་ཆེན་མོའི་འོད་ཟེར་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནི་དེའི་ཚེ་དེའི་དུས་ན་རྡོ་རྗེ་ལྡན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་གྱུར་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེ་ནི། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ལ་མུན་པ་མུན་ནག་རྣམ་པར་སེལ་བ་རྣམ་པར་སྣང་བྱེད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པའི་གསང་བ་འཆད་དོ། ། རྡོ་རྗེ་འཆང་གི་རིགས་འཇིག་རྟེན་གྱི་ཁམས་རབ་འབྱམ་དཔག་ཏུ་མེད་པ་ནས་འདུས་པ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་རྡུལ་ཕྲ་རབ་སྙེད་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་བསྔགས་པ་དཔག་ཏུ་མེད་པ་བསྟན་པའི་ཕྱིར་འཛུམ་པ་མཛད་དོ། ། དེ་ནས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་ཆེན་པོའི་ཁྱུ་མཆོག་ཏུ་གྱུར་པ་འཇིག་རྟེན་མཐའ་ཡས་པའི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་འཁོར་འདུས་པ་དེ་ཉིད་དུ་འདུས་པར་གྱུར་པ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་ཡང་ལངས་ཏེ། ཏོག་ཡངས་པ་ཆེན་པོ་རབ་འབྱམ་གྱི་འོག་གི་ཕྱོགས་ནས་ཕྱག་རྒྱ་ཆེན་པོ་བསྒྱུར་བས་རྡོ་རྗེ་བླངས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ཡས་རྒྱ་མཚོ་རྣམ་པ་བཅུ་ཡང་དག་པར་བསྐུལ་ནས། དེ་དག་གིས་རྒྱལ་པོ་བསྒྱིངས་པར་བསྒྱུར་བས་རྒྱ་མཚོ་ཆེན་པོ་བསྡུ་བའི་ཚུལ་གྱི་ང་རྒྱལ་ཆེན་པོ་དེས་རྡོ་རྗེ་སླར་གསོར་ནས་དུས་ཀྱི་ཐ་མ་འཇིག་པའི་མེ་ལྷ་བུའི་མིག་གི་འཛུམས་པའི་འོད་ཟེར་འབར་བའི་དཀྱིལ་འཁོར་གྱི་འོག་གི་ཕྱོགས་ཀྱི་ཕྱག་རྒྱ་བསྒྱུར་བས་རྡོ་རྗེ་དེ། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་བཞག་སྟེ་ཞབས་གཉིས་ལ་ཕྱག་འཚལ་ནས། དེ་བཞིན་གཤེགས་པ་དེ་ལ་འཛུམ་པ་མཛད་པའི་རྒྱུ་དེ་ཞུས་པ། དེ་ཅིའི་སླད་དུ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་འདུས་པ་ལ་འཛུམ་པ་བསྟན།། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་དང་སྨིན་མཚམས་ཀྱི་མཛོད་སྤུ་ནས་སྔོན་མ་བྱུང་བའི་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་། བཅོམ་ལྡན་འདས་དེའི་སླད་དུ་འཁོར་འདིས་བསྐུལ་ནས་བདགྲ་བཅོམ་ལྡན་འདས་ལ་ཞུ་ཞིང་མཆིས་ན། ཐུགས་རྗེ་ཆེན་པོ་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་བདག་དང་བྱང་ཆུབ་སེམས་དཔའི་ཚོགས་འདི་ལ་ཐུགས་པརྩེ་བའི་སླད་དུ་དེ་བཀའ་སྩལ་དུ་གསོལ། རྡོ་རྗེ་བསྒྱིངས་པ་ཆེན་པོ་འཇིག་རྟེན་མཐའ་ཡས་པའི་དབང་ཕྱུག་གི་རྒྱལ་པོ་ལག་ན་རྡོ་རྗེས་དེ་སྐད་ཞུས་པ་དང་། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མཚན་དཔལ་གྱི་བེའུ་ཆེན་པོ་ལས་མཐོན་ཁ་ཆེན་པོ་དང་། བཻ་ཌཱུཪྻ་ལྟ་བུ་འོད་ཟེར་ནོར་བུ་རིན་པོ་ཆེ་ཆེན་པོ་སྐར་མདོག་ལྟ་བུའི་འོད་དང་ལྡན་པ་འོད་ཟེར་ཆེན་པོའི་དཀྱིལ་འཁོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་མཐའ་ཡས་པར་ཆེར་སྣང་བའི་འོད་ཟེར་གྱི་མེ་ལྕེ་ཕྱུང་ནས། དྲི་མ་མེད་པའི་འོད་ཟེར་རྣམ་པར་འཕྲོ་བའི་དཀྱིལ་འཁོར་ལས་ལག་པ་གཡོན་པས་རྡོ་རྗེ་བླངས་པ་ལས། གསང་བའི་བདག་པོ་ལག་ན་རྡོ་རྗེ་རིག་པའི་རྒྱལ་པོ་ཆེན་པོ་བྱུང་ངོ་།། ལྕགས་ཀྱུའི་མཚན་ལས་ནི་ལྕགས་ཀྱུ། ཉ་ལས་ནི་འདོད་པའི་རྡོ་རྗེ་མ། བཀྲ་ཤིས་ལས་ནི་ལུ་གུ་རྒྱུད། གཡུང་དྲུང་འཁྱིལ་བ་མཆོག་ཏུ་མཛེས་ཤིང་མེ་འབར་བ་ལྟ་བུ་ལས་ནི་མེ་ཁ་ལ། བྱ་མ་བུམ་ལས་ནི་སེར་མོ། ། གདུགས་ལས་ནི་རྒྱལ་མཚན་དྲག་པོ། རྡོ་རྗེ་ལས་ནི་དགའ་བ་སྟེ། རྒྱལ་མོ་ཆེན་མོ་ཕོ་ཉ་མོ་དང་། འཁོར་དུ་བཅས་པ་བདུན་པོ་དེ་དག་བྱུང་ངོ་།། དེ་དག་གི་མདུན་དུ་མ་རུངས་པ་ཁྲོ་བོའི་གཟུགས་སྟོབས་པོ་ཚ་དང་། ཁྲོ་བོ་ཀི་ལི་ཀི་ལི་དུས་ཀྱི་མཐའ་མའི་རིན་པོ་ཆེ་ལྟ་བུ་རྡོ་རྗེ་ཁུ་ཚུར་ལས་བྱུང་ངོ་།། ལག་ངར་ལས་ནི་ཁུ་ཚུར་རོ།། ཕྲག་པ་འབར་ཞིང་མཛེས་པ་ལས་ནི་རྡོ་རྗེ་གནམ་ལྕགས་ཏེ། དེ་ལྟར་འཁོར་དང་བཅས་པའི་ཕོ་ཉ་མོ་བཅུའོ།། དེ་བཞིན་དུ་དྲུག་ཅུ་ཕྲག་བཞིར་བསྒྲེའོ།། རྟོགས་པ་དྲི་མ་མེད་པ་འདི་ལྟར་ལག་ན་རྡོ་རྗེ་གཡོག་འཁོར་དང་བཅས་ཤིང་། ཕོ་ཉ་མོ་དང་འཁོར་དང་བཅས་པ་བྱུང་ནས་དམ་ཚིག་ཆེན་པོ་དང་ལྡན་པའི་དཀྱིལ་འཁོར་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་ལས། དེས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཐོག་མར་དེ་བཞིན་གཤེགས་པས་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་བཅུ་དང་། གསང་བ་མཐའ་ཡས་དཀྲིགས་ཕྲག་བྱེ་བ་དང་ལྡན་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་དེ་གདུལ་དཀའ་བ་རྣམས་འདུལ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྣམ་པའི་ཕྱིར་དེ་བཞིན་གཤེགས་པའི་འཁོར་དམ་ཚིག་ཅན་འདུས་པའི་དཀྱིལ་འཁོར་དུ་བཤད་དོ། ། རྟོགས་པ་དྲི་མ་མེད་པ་དེ་ཚུན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེ་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་གམ་དུ་བདུད་ཕམ་པར་མཛད་ནས་བསྟན་པ་ཀུན་ཏུ་བཟུང་བར་གྱུར་ཏོ། ། རྟོགས་པ་དྲི་མ་མེད་པ་དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་མོ་འོད་ཟེར་དེའི་འོག་ཏུ་བསྐལ་པ་དགུ་བཅུ་རྩ་དྲུག་པ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཟིགས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་གསུང་རབ་ལ་བདུད་ཅང་མི་སྨྲ་བ་ཞེས་བྱ་བ་དེ་བྱུང་ངོ་།། རྟོགས་པ་དྲི་མ་མེད་པ་ལག་ན་རྡོ་རྗེ་དེས་ཡང་བདུད་པམ་པར་བྱས་ནས། དོན་གཟིགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བརྒྱད་བཅུ་དང་། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་ལས་བདུད་ཕམ་པར་བྱས་ཏེ་བསྟན་པ་བསྲུང་བར་བྱས་སོ།། དེ་ཚུན་ཅ་ཧད་བསྐལ་པ་དགུ་བཅུ་རྩ་དྲུག་ལྷག་པ་ཞིག་འདས་ནས་སངས་རྒྱས་གསེར་དུ་སྣང་བས་རྣམ་པར་རོལ་པ་ཞེས་བྱ་བ་བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་ལས་བདུད་ཕམ་པར་བྱས་ཏེ་བསྟན་པ་ཀུན་ཏུ་བསྲུངས་པར་གྱུར་ཏོ། ། དེའི་འོག་ཏུ་དེར་སྟོང་སྙེད་འདས་ནས་ལག་ན་རྡོ་རྗེ་འདི་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གིས་གསང་བ་འཛིན་པ་དང་བསྟན་པ་བསྲུངས་པར་གྱུར་ཏོ།། དེ་བཞིན་དུ་སྦྱར་ཏེ་ཐ་མར་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་དང་། རྣམ་པར་གཟིགས་དང་། ཐམས་ཅད་སྐྱོ་བ་དང་། གསེར་གྲུབ་དང་། དེ་བཞིན་དུ་ལོག་པར་དང་སེལ་དང་། མི་འཁྲུགས་པ་དང་། འོད་སྲུངས་ལ་སོགས་པ་དང་། ངའི་བསྟན་པ་ལའང་མ་དུལ་བ་དང་། དེ་བཞིན་དུ་གསང་བ་འཛིན་ཅིང་བསྐལ་པ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་དུ་སངས་རྒྱས་ཀྱི་མཛད་པ་བྱེད་དེ། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་པ་ཐམས་ཅད་ལ་དེ་བཞིན་དུ་མཐར་གྱིས་ཐབས་འདིས་བསྟན་པ་ལ་བྱ་བ་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྡོ་རྗེའི་རྩལ་གྱིས་འགྲོ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བཀའ་སྩལ་ཏོ། ། དེ་ནས་བཅོམ་ལྡན་འདས་ལ། འབྱུང་པོའི་བདག་པོ་དབང་ལྡན་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ཀྱང་རིག་པ་མཆོག་གི་ལས་སྐུལ་བར་བགྱིའོ།། མ་གོད་པའི་རས་ལ་རི་མོ་མཁན་གསོ་སྦྱོང་བཟུང་བས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་ཁ་དོག་ལྟར་འདྲིར་སྤྲུལ་ཏོ། ། དེ་བཞིན་གཤེགས་པའི་གཡས་རོལ་དུ་ལག་ན་རྡོ་རྗེ་མདོག་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། ལག་ན་རྡོ་རྗེའི་གཡས་རོལ་དུ་ནི་ཕོ་ཉ་མོ་བཅུ་གཉིས་ཏེ། རྒྱལ་བའི་བློ་གྲོས་མ་དང་། མེ་ཁལ་ནི་སྔོ་བསངས་སོ།། རྡོ་རྗེའི་གདོང་དང་། རྡོ་རྗེ་ལྟེ་བ་དང་། གདོང་དཀར་མོ་དང་། རྡོ་རྗེ་སེར་མོ་དང་། ནག་མོ་དང་། གྱེན་དུ་ལྟ་བའི་གདོང་ནི་གསར་མདོག་གོ། རྡོ་རྗེ་སེང་གེའི་ཁྲི་དང་། རྡོ་རྗེ་ལྡན་མ་དང་། ཤུགས་ལྡན་མ་དང་། རྡོ་རྗེ་བཞད་མ་ནི་དམར་མོར་བྲི་བར་བགྱི་སྟེ། ཕོ་ཉ་མོ་ཐམས་ཅད་ཀྱང་རྒྱུན་ཐམས་ཅད་ཀྱིས་བརྒྱན་པར་བགྱིའོ། ། བཅོམ་ལྡན་འདས་ཀྱི་གཡོན་རོལ་དུ་དབང་ཕྱུག་ཆེན་པོ་མདོག་དཀར་པོ་རལ་པ་ཅན་མཚན་མ་བསྒྲེང་བ། དཀའ་ཐུབ་བཟློག་པ་དང་ལྷན་ཅིག་བྲི་བར་བྱའོ།། འབྱུང་པོ་མདོག་དམར་པོ་མི་སྡུག་པ་བཞིའང་བྲི་བར་བྱའོ། ། ཕྱིས་རིག་སྔགས་འཆང་གིས་དུས་གསུམ་དུ་ཁྲུས་བགྱི་ཞིང་ཟླ་བ་གཅིག་གི་བར་དུ་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བགྱི་ཞིང་ཟས་སུ་ཆུ་སྐྱོ་བཏུང་བར་བགྱིའོ། ། ཐ་མར་ལུས་སྦྱང་བར་བགྱི་སྟེ། དེའི་འོག་ཏུ་ཞག་གསུམ་སྨྱུང་བ་བགྱིས་ལ། གནས་བཞིར་བསྙེན་བཀུར་བགྱིད་པ་བཞི་གཞག་གོ།། ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། ། རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་རྩཝ་ཀུ་ཤ་སྦམས་པའི་སྟེང་དུ་འདུག་སྟེ། མཆོད་པ་རྒྱ་ཆེར་བ་གྱིས་ལ་གཏོར་མའང་ཤིན་ཏུ་རྒྱ་ཆེར་བགྱིའོ།། ལྕེ་པོག་གི་བདུག་པས་བདུག་གོ། རི་མོའི་སྐུ་གཟུགས་ཀྱི་སྤྱན་སྔར་ཨརྐའི་ཤིང་གིས་ཞུགས་བུས་ལ། མེ་ཏོག་དཀར་པོ་ཞོ་དང་། སྦྲང་རྩི་དང་། མར་ལ་བསྩགས་པས་མེ་སྟག་དག་བྱུང་གི་བར་དུ་སྤྲིན་སྲེག་བགྱིའོ།། དེའི་འོག་ཏུ་ཨུཏྤལ་སྔོན་པོ་ལྟ་བུའི་རལ་གྲི་བྱུང་གི་བར་དུ་ལྕགས་ཕྱེས་སྦྱིན་སྲེག་བགྱིའོ། ། དེ་བླང་མ་ཐག་ཏུ་སྒྲ་ལྕང་ལོར་འཁྱིལ་བར་འགྱུར།། ལོ་བཅུ་དྲུག་པ་ལྟ་བུར་འགྱུར། ཉི་མ་འཆར་བའི་འོད་ལྷུར་འགྱུར། དཔོན་གཡོག་དྲུག་ནུམ་མཁའ་ལ་མཆི་བར་འགྱུར་རོ།། ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར། དེ་བཞིན་དུ་གྲོགས་རྣམས་ཀྱང་དཔག་ཚད་སྟོང་དུ་གྱེན་དུ་འཕགས་པར་འགྱུར་རོ།། དེ་བཞིན་དུ་འོག་མ་དབང་ཕྱུག་ཆེན་པོའི་རལ་གྲི་བསྒྲུབ་པར་བགྱིའོ།། གཞན་ཡང་རལ་གྲི་བསྒྲུབ་པ་ནི་ཟླ་བ་གཅིག་སློང་མོའི་ཟས་ཟ་ཞིང་། ཕྱིས་མར་གྱི་ངོ་ཞག་བཅུ་བཞི་ལ་རི་མོའི་གཟུགས་ཀྱི་མདུན་དུ་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ། ། ཞག་གསུམ་སྦྱང་བ་བགྱིས་ཏེ་རལ་གྲི་མ་ཆག་ཅིང་འཕན་མེད་པ་བླངས་ལ། རལ་གྲི་ལག་པ་གཡས་ན་ཐོགས་ཏེ་འབར་གྱི་། བར་དུ་བཟླས་བརྗོད་བགྱིའོ།། དེ་བླངས་པ་ཙམ་གྱིས་ནམ་མཁའ་ལ་འཕག་གོ། ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར་རོ།། རིག་སྔགས་འཆང་སྟོང་གི་བདག་པོར་འགྱུར་རོ།། ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་རོ།། གཞན་ཡང་འཁོར་ལོ་བསྒྲུབ་པ་བཤད་པར་བགྱིའོ།། སློང་མོའི་ཟས་བཟའ་ཞིང་ཕྱིས་མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། ལག་ནརྡོ་རྗེའི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ། གཏོར་མ་དང་ལྷ་བཤོས་ཀྱང་ཤིན་ཏུ་རྒྱ་ཆེར་སྦྱར་ཞིང་ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ།། ལྕགས་སྣ་གསུམ་ལ་འཁོར་ལོ་རྩིབས་བཅུ་དྲུག་པ་བགྱིས་ལ། ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་ལ་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ།། འབར་ནས་ས་གཡོ་བར་འགྱུར་རོ།། རིག་སྔགས་འཆང་ཐམས་ཅད་སྐྲག་པར་འགྱུར་རོ། ། དེས་བླངས་པ་ཙམ་གྱིས་སྐྲ་ལྕང་ལོར་འཁྱིལ་བར་འགྱུར་རོ།། ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར་རོ།། མདོག་ཉི་མ་ཤར་བ་བཞིན་དུ་འགྱུར་རོ།། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། ། བུད་མེད་བརྒྱད་འབྱུང་བར་འགྱུར་རོ།། དཔོན་གཡོག་བཅུ་དྲུག་འགྲོ་བར་འགྱུར་རོ།། རིག་སྔགས་འཆང་གཞན་བརྒྱུའང་འབྱུང་སྟེ་བསྙེན་བཀུར་བགྱིད་པར་འགྱུར་རོ།། གང་གི། གནས་ཆེ་གེ་མོ་ཞེས་བགྱི་བར་མཆི་བར་བསམ་པར་དེའི་ཚེ་འཁོར་ལོ་དཔག་ཚད་ཙམ་དུ་མེ་ལྕེ་འབར་བ་སྟོང་འབྱིན་ཅིང་འགྲོ་སྟེ། སྔོ་བ་ཅི་ཡོད་པ་ཕུང་བར་འགྱུར་རོ།། ལོ་བརྒྱད་ཁྲི་ཐུབ་པར་འགྱུར་རོ། ། གང་གི་ཚེ་འཆི་བ་དེའི་ཚེ་ལྷའི་ནང་དུ་སྐྱེའོ།། དེ་ནས་རིག་པའི་རྒྱལ་པོ་ལས་ཀྱི་དཀྱིལ་འཁོར་བཤད་པར་བགྱི་སྟེ། བརྟག་པ་བགྱིས་ལ་གནས་མ་ཉམས་པར། ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། ། ཁྲུ་ནི་བཅུ་གཉིས་སྒོ་བཞི་པ།། དེ་བཞིན་དུ་ནི་ཁྲུ་བརྒྱད་ལ།། དེ་ལ་ཐོག་མར་བྲི་བ་ནི།། རིམ་པ་གཉིས་པ་དམར་པོ་སྟེ།། རིམ་པ་གསུམ་པ་ནག་པོའོ།། དཀྱིལ་འཁོར་དེ་ཡི་བྱང་ཕྱོགས་སུ། སངས་རྒྱས་བཅོམ་ལྡན་བྲི་བར་བགྱི།། དེ་བཞིན་གཤེགས་དང་ཉེ་བར་ནི།། བཅོམ་ལྡན་ཕྱག་ན་རྡོ་རྗེ་སྟེ།། རྡོ་རྗེ་ཐོགས་ཤིང་རིག་པས་བསྐོར།། སྒོ་རྣམས་ཀུན་ཏུ་བསྲུང་བར་བགྱི། སྒོ་བཞིར་སྒོ་བ་རྣམས་བྲིའོ།། ཤར་ཕྱོགས་སུ་ནི་དྲག་པོ་དང་།། གཞོན་ནུ་དང་ནི་མ་མོ་བྲི།། ལྷོ་ཕྱོགས་སུ་ནི་ཁྱབ་འཇུག་དང་།། ཉི་ཟླ་དང་ནི་ཚངས་པ་བྲི།། ནུབ་ཕྱོགས་སུ་ནི་གཤིན་རྗེ་དང་།། ཀ་ཏྱའི་བུ་མོ་གཏུམ་མོ་བྲོ།། བྱང་ཕྱོགས་སུ་ནི་ལྷ་མོ་དཔལ།། དེ་བཞིན་ལྷ་མོ་དབྱངས་ཅན་བྲི།། ལྷ་རྣམས་འདི་དག་ཐམས་ཅད་ནི།། ཇི་སྐད་བཤད་པ་བཞིན་དུ་བྲི།། བྱ་མ་བུམ་མགུལ་ཆིངས་ཅན་གྱིས་བསྐོར་ཞིང་སྒོ་སྒོར་ཡང་གཞག་གོ། དབུས་སུ་གཏུང་ཤིང་སྐྲའི་སྲད་བུ་དང་བཅས་པ་གཅིག་གཞག་གོ། བྱ་མ་བུམ་གྱི་ལྷོ་ཕྱོགས་སུ་རྡོ་རྗེ་བྲིའོ།། ལྷ་རྣམས་ཀྱང་མཚོན་ཆ་དང་བཅས་པར་བགྱིས་ཏེ། དྲག་པོའི་ནི་མདུང་གསུམ་པཟིའོ།། གཞོན་ནུའི་ནི་མདུང་ཐུང་ངོ་།། མ་མོ་རྣམས་ཀྱི་ནི་མཆེ་བའོ།། ཁྱབ་འཇུག་གི་ནི་འཁོར་ལོའོ།། ཟླ་བ་དང་ཉི་མའི་ནི་གཞུའོ།། ཚངས་པའི་ནི་རིལ་བ་སྤྱི་བླུགས་སོ། ། གཤིན་རྗེའི་ནི་བེ་ཅོན་ནོ།། གཞན་དག་མཚོན་ཆ་ཐ་མལ་པའོ།། ཞུགས་ནི་རབ་ཧུ་བུས་ནས་སུ།། བརྒྱད་བརྒྱ་ཚང་བའི་ཡམ་སྲེག་ཤིང་།། ལྷ་བཤོས་དྲི་དང་བདུག་པ་དང་། ། གཏོར་མ་བཙལ་ནས་ལྷ་སྤྱན་དང་།། སྦྱིན་སྲེག་འདི་ནི་སྦྲང་རྩི་དང་།། མར་དང་འབྲས་ཡོས་ལན་ཚྭ་དང་།། དེ་བཞིན་ཡུངས་ཀར་རྣམས་ཀྱིས་བགྱི།། ཡུངས་ཀར་གྱིས་ནི་བསྲུང་བ་བགྱི། ། གཙང་མའི་གོས་ནི་བགོ་བར་བགྱི།། མཆོད་པ་དག་ནི་སྔར་བགྱིས་ཏེ།། དེ་ཡི་འོག་ཏུ་ལས་བརྩམ་མོ།། འཇིག་རྟེན་ན་ནི་ཅི་ཡོད་པའི།། མནའ་ཚིག་རྣམས་ཀྱིས་མནའ་བསྒག་གོ། ། དམ་ཚིག་འདི་ལྟར་སུ་སྲུང་བ་དེ་ལ་ལོག་འདྲེན་ཐམས་ཅད་ཀྱིས་གླགས་མི་རྙེད་ཅིང་ལས་ཀྱང་དངོས་གྲུབ་ཏུ་འགྱུར་རོ།། དཀོན་མཆོག་གསུམ་ལ་དད་པས་དཀྱིལ་འཁོར་སྔར་མཐོང་ནས་དེའི་འོག་ཏུ་རིག་པ་མཆོག་བསྒྲུབ་པར་བགྱིའོ། ། སུ་ཞིག་གཞན་དུ་བགྱིད་ན་དེའི་རྡོ་རྗེ་ཉིད་ཀྱིས་མཐར་བགྱིད་པར་འགྱུར་རོ།། དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །། རིག་པ་མཆོག་སྒྲུབ་པ་འདི་ནི་འདི་ལགས་ཏེ། ཟླ་བ་གཅིག་ཟས་སུ་འོ་སྐྱོ་འཐུངས་ལ་ཕྱིས་མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་གོས་གཙང་མ་བགོས་ལ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་སམ། བྱང་ཆུབ་ཀྱི་ཤིང་ངམ། བཅོམ་ལྡན་འདས་ལག་ན་རྡོ་རྗེའང་ཅི་ནུས་སུ་མཆོད་དོ།། ཕོ་ཉ་རྣམས་ཀྱིས་དྲི་དང་། མེ་ཏོག་དང་། བདུག་པ་དང་། གཏོར་མ་སྦྱིན་ནོ།། དེ་ནས་ལྕགས་ཀྱི་རལ་གྲི་བགྱིས་ཏེ། བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བུད་མེད་བཅུས་བསྐོར་བ་ནམ་འོངས་ཀྱི་བར་དུ་བཟླས་བརྗོད་བགྱིའོ།། འོངས་ནས་གཡོག་འཁོར་འབུལ་ལོ། ། རལ་གྲི་དེ་གཡོག་འཁོར་ལ་བཞག་ན་བུད་མེད་དེ་ཆུང་མར་འགྱུར་རོ།། གལ་ཏེ་འཚལ་ན་བུད་མེད་དེ་དག་ཀྱང་ཆུང་མར་འགྱུར་རོ།། གལ་ཏེ་མི་འཚལ་ན་གཡོག་འཁོར་རྣམས་ལ་སྩལ་ཏོ། ། གཡོག་འཁོར་རྣམས་དང་ལྷན་ཅིག་ནམ་མཁའ་ལ་མཆིའོ།། འོག་ཏུའང་དཔག་ཚད་སྟོང་དུའང་མཆིའོ།། སྟེང་དུའང་དེ་བཞིན་ནོ།། རལ་གྲི་དེ་ཐོགས་ན་འཁོར་ལོས་སྒྱུར་བ་མ་གཏོགས་པར་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་དོ། ། ལོ་ཁྲི་ཐུབ་བོ།། སྒྲུབ་པ་གཞན་ཡང་ཡོད་དོ།། ཚེས་གྲངས་དང་སྐར་མ་གདམ་མི་དགོས། སྨྱུང་བ་བྱ་མི་དགྲོ་སོ། རྟབུད་མེད་དེ་ལེགས་པར་བསྐུ་ཞིང་མེ་ཏོག་གིས་ཀྱང་མཆོད་ལ་ཕོ་ཉ་མོ་རྣམས་ཀྱིས་ཀྱང་ལས་བྱའོ།། དེའི་འོག་ཏུ་བུད་མེད་དེ་ཁ་བུབ་ཏུ་བཞག་ལ། བུད་མེད་དེའི་རྒྱབ་ཏུ་ཞོན་ཏེ། ཕུད་མེད་དེ་འགུལ་ཞིང་སྒྲ་འབྱིན་ཡང་འཇིགས་པ་མི་བྱ་ཞིང་། གྱེན་དུ་འཕགས་ཀྱི་བར་དུ་རིག་པའི་རྒྱལ་པོ་བཟླས་བརྗོད་བྱའོ།། ཡང་ས་ལ་ལྷུང་ངོ་།། ལྷུང་ནས་དེ་ལས་འབབ་པར་བྱའོ།། དེ་ནས་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྣམས་མཐོང་ངོ་། ། དེའི་ནང་ནས་བུད་མེད་ཅིག་ཁ་བུབ་ཏུ་འདུག་ཅིང་དབུགས་འབྱིན་པ་དེའི་རྒྱབ་ཏུ་ཞོན་ནས་ནམ་མཁའ་ལ་འཕག་ཅིང་མདོག་ཉི་མ་ཤར་བལྟ་བུར་འགྱུར་རོ། ། བུད་མེད་ཀྱི་གློལ་རལ་གྲི་འཛམ་བུའི་ཆུ་བོའི་གསེར་གྱིས་བརྒྱན་ཅིང་མུ་ཏིག་དང་རིན་པོ་ཆེས་སྤྲས་པའི་ཕྱང་ངོ་།། ལས་འདི་ནི་རྒྱལ་མཚན་དང་འདྲའོ་ཞེས་སྨྲས་ནས་བྱའོ། ། ལེ་ལོ་ཅན་དང་བྱས་པ་མི་གཟོ་བ་རྣམས་ཀྱིས་ལས་འདི་མི་བྱའོ།། གང་ནུས་པ་བརྟན་ཞིང་མཐུ་སྟོབས་དང་ལྡན་པ་རྩོལ་བར་ངེས་པར་བྱས་པས་ལས་འདི་བརྩམ་པར་བྱ་སྟེ། ལས་འདི་སྒྲུབ་པ་པོས་རྟག་ཏུ་གོ་ཆ་སྲ་བ་དང་ཚངས་པར་སྤྱོད་པར་བྱ་ཞིང་ཉ་དང་ཤ་ཡོངས་སུ་སྤང་བར་བྱའོ།། རིག་སྔགས་འཆང་གིས་ལྡོང་རོས་སྒྲུབ་པའི་ཚེ་གལ་ཏེ་སྦྱོར་ན་དེ་དགུག་པའི་ཕྱིར་འདི་བརྩམ་པར་བྱ་སྟེ། རིག་སྔགས་འཆང་གྲུབ་པའམ། ཀླུའམ། གནོད་སྦྱིན་ནམ། ཤ་ཟའམ། གྲུལ་བུམ་ཡང་རུང་སྟེ། དབབ་པ་བྱས་པ་དེ་ལ་གང་གིས་རྫས་ཁྱེར་བ་དེས་ང་ལ་སླར་བྱིན་ཅིག་དང་འཕུང་བར་མི་བྱའོ་ཞེས་བརྗོད་པར་བྱའོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ཟངས་པོ་ཆེ་བཙུགས་ལ་འབྲུ་མར་བླུགས་ཏེ་བསྐོལ་ལ་རིག་པའི་རྒྱལ་པོ་བཟླས་བརྗོད་བྱས་ན་རིག་སྔགས་འཆང་གྲུབ་པའང་རུང་། གང་ཡིན་པ་དེ་དེར་འོང་ཞིང་འོངས་ནས་ཀྱང་སླར་འབུལ་ལ་དེ་ལ་ཅིའང་མི་བྱའོ།། གལ་ཏེ་མི་འོང་ན་ཕྱིས་སྙིང་པོས་ཡན་ལག་དང་ཉིང་ལག་རྣམས་གཏུབས་ཏེ་གཞག་གོ། བསྲུང་བ་བྱས་པའི་ཆོ་གས་བྱའོ།། གཞན་དུ་ན་མ་རུངས་པར་འགྱུར་རོ།། གལ་ཏེ་བསྲུང་བ་མ་བྱས་ན་གྲུབ་པ་རྣམས་ཀྱིས་མ་རུངས་པར་བྱེད་དོ། ། ཡན་ལག་དང་ཉིང་ལག་གཏུབས་པས་འོང་ཞིང་རྫས་ཀྱང་སྦྱིན་པར་བྱེད་དོ།། འདི་སྐད་དུ་བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་སྨྲའོ།། དེ་སླར་གསོ་བའི་ཕྱིར་འབྲུ་མར་གྱི་ཟངས་པོ་ཆེ་ལས་འབྲུ་མར་བླངས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སྙིང་པོས་སྲེག་བླུགས་ལ་ན་སྟོང་སྦྱིན་སྲེག་བྱས་ན་སོས་ཤིང་དབང་དུའང་འགྱུར་རོ།། དབྱིག་དུག་བསལ་བར་འདོད་ན་ལག་པ་དང་རྐང་པ་སྣོད་དུ་བཅུག་ལ་རླུང་གཡབ་ཀྱིས་གཡབས་ཏེ། གང་དུ་འདོད་པ་དེར་རིག་པའི་རྒྱལ་པོ་བཟླས་བརྗོད་བྱ་ན། དབྱིག་དུག་བྱུང་སྟེ་ནད་མེད་པར་འགྱུར་རོ།། མིག་སེར་གྱི་ནད་བསལ་བར་འདོད་ན་ཚུལ་ལན་བདུན་བསྔགས་ལ་སྐོམ་དུ་བླུད་ན་འཚེའོ། ། མིག་ནད་བསལ་བར་འདོད་ན་མེ་ཏོག་རྩ་བ་རིང་པོ་དག་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་སྔགས་ཀྱིས་བཏབ་ལ་སྣོམ་དུ་བཅུག་ན་འཚེའོ། ། དེ་ནས་རིག་པའི་རྒྱལ་པོའི་མཆོག་ལག་ན་རྡོ་རྗེ་ལ། ལོག་འདྲེན་གྱིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་རིག་པ་མཆོག་འདི་འཆད་དམ། བཅོམ་ལྡན་འདས་གང་གིས་བདག་ས་ལ་འཁྱམ་ཞིང་སེམས་ཅན་རྣམས་ལའང་གླགས་རྙེད་པར་འགྱུར་བར་བདག་ལ་མི་གཟིགས་སམ། དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས། ། ལོག་འདྲེན་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཉོན་ཅིག། གང་དག་དམ་ཚིག་མི་ཤེས་པར་ངའི་རིག་པའི་ཆོ་ག་རྒྱས་པར་ཀློག་པ་དེ་དག་ཁྱེར་ཅིག། གང་དག་གཅིག་གི་ལྷག་མ་གཅིག་ཟ་བ་དང་། ལྷ་ལ་ཕུལ་བའི་དྲི་དང་། བདུག་པ་དང་། མེ་ཏོག་ལ་སྤྱོད་པ་དེ་དག་ཁྱེར་ཅིག། གང་དག་ངའི་དམ་ཚིག་ཤེས་པ་དང་། ཆོ་ག་རྒྱས་པ་ལས་འབྱུང་བ་བཞིན་དུ་སྤོང་བར་བྱེད་པ་དང་། གང་དག་རིག་པ་མཆོག་རྡོ་རྗེའི་རིག་སྔགས་དང་བཅས། གསང་ཆེན་དང་བཅས་པར་འཛིན་པ་དེ་དག་ལ་གླགས་མ་ཚོལ་ཅིག། ཆུང་མ་གསོན་ཅིག། དེ། ཐོས་པ་དང་། ལོག་འཛིན་དེ་དག་ཅ་ཅོནས་དགའ་ཞིང་མགུལ་ཡི་རངས་ཏེ། ལག་ན་རྡོ་རྗེའི་རྐང་པ་ལ་ཕྱག་བྱ་བའི་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲཱ་མྦྷ་ཡཱ། ནམ་བྲཿ་བཛྙཱ་པཱ་ཎྚ་ཡེ། མ་ཡཀྵ་ས་ནཱ་པ་ཏ་ཡ། ཏདྱ་ཐཱ། ཧུ་རུ་བཛྲ་པཱ་ཎི་ཧུ་རུ་བཛྲ་པཱ་ཎི། ཏྲོ་ཏཱ་ཐ་ཡ་བཛྲ་པཱ་ཎི། སྥོ་ཊ་ཡ་བཛྲ་པཱ་ཎི། ད་ཧ་པ་ཙ་མ་ཐ་བཛྲ་པཱ་ཎི་སྭཱ་ཧཱ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་འཕགས་པ་ལག་ན་རྡོ་རྗེ་བྲི་བར་བྱ་སྟེ། པྲི་ཡང་ཀུ་ལྟར་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། དེའི་གཡོག་འཁོར་ལོག་འདྲེན་བཞི་བཅུ་བྲི་བར་བྱ་སྟེ། ཁ་དོར་སྣ་ཚོགས་པ་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་བ་བྲི་བར་བྱའོ། ། སྣ་དཀར་ལ་གཅུ་བར་བྱའོ།། དེའི་འོག་ཏུ་རིག་སྔགས་འཆང་གིས་མར་གྱི་ངོ་ཞག་བཅུ་བཞི་ནས་བརྩམས་ཏེ། བའི་རྣམ་ལྔས་ལུས་སྦྱང་བ་བྱས་ལ། དུས་གསུམ་དུ་ཁྲུས་བྱ་ཞིང་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་དུས་གསུམ་དུ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ།། ཟླ་བ་ཕྱི་མ་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ཏེ་ལོག་འདྲེན་རྣམས་ལའང་བག་བཅོས་པར་པ་ཏ་ཀ་དང་། མོ་ཏ་ཀ་ད་དང་། པུ་བ་ལི་ཀ་རབ་རྩ་བ་དང་། ཤིང་ཐོག་གཞན་དག་ཀྱང་ཕུལ་ལ། ལག་ན་རྡོ་རྗེའི་མདུན་དུ་སྔ་མའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་ལ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ།། འོག་དང་རི་མོའི་སྐུ་གཟུགས་འགུལ་ཞིང་ཧ་ཧ་ཞེས་བྱ་བའི་སྒྲ་བསླག་སྟེ། དེ་ལའང་འཇིགས་པར་མི་བྱའི།། ཡང་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དེ་ནས་མི་མི་སྡུག་པ་ཞིག་འོངས་ཏེ། དེ་ལའང་འཇིགས་པར་མི་བྱའོ།། རྡོ་རྗེ་བཞད་མས་སྨྲ་ར་བཅུག་ན་དེ་ཅི་ཞེས་སྨྲའོ། ། དེས་ལག་ན་རྡོ་རྗེའི་མདུན་དུ་གང་སྨྲས་པ་དེ་དྲན་པར་བགྱིས་ལ་དེ་བཞིན་གྱིས་ཤིག་ཅེས་བརྗོད་པར་བྱའོ།། དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་མི་སྣང་པར་འགྱུར་རོ། ། དེའི་འོག་ཏུ་རིག་སྔགས་སྒྲུབ་པ་ལ་ལོག་འདྲེན་དེ་དག་དངོས་གྲུབ་སྦྱིན་པར་འགྱུར། ཉིན་གཅིག་བཞིན་ཀར་ཤ་པ་ཎ་ཉི་ཤུ་སྦྱིན་པར་འགྱུར། དབང་དུའང་འགྱུར། ཡིད་ལ་གང་ཅི་བསམས་པ་དེ་ཐམས་ཅད་བྱེད་པར་ཡང་འགྱུར་རོ། ། བཅོམ་ལྡན་འདས་གཞན་ཡང་བརྗོད་པར་བགྱིའོ།། གང་དག་རིག་པ་མཆོག་གིས་ཚིག་རྒྱས་པར་བསྒྲུབ་པར་བགྱི་བ་དང་། མཆོད་པར་བགྱི་བ་དེ་དག་ལ་ཅིའང་མི་བགྱིའོ།། འདོད་པ་ཐམས་ཅད་ཟ་ཞིང་སྒྲུབ་པ་དེ་ལ་དངོས་གྲུབ་སྩལ་ཏོ།། གང་དག་བདག་ཅག་གིས་གསང་སྔགས་འཆང་བ་དེ་དག་ལ་ལོག་འདྲེན་ནམ། ལོག་འདྲེན་གྱི་བུའམ། ལོག་འདྲེན་གྱི་འཁོར་གང་ལ་ལ་ཞིག་གླགས་ལྟ་བ་འམ། གང་གླགས་རྣམ་པར་ཚོལ་བ་དེའི་མགོ་ཚལ་པ་བརྒྱུར་འགྲུས་སོ།། བཅོམ་ལྡན་འདས་བདག་ཅག་གིས་མི་སྙན་པ་བརྗོད་པར་བགྱིའོ། ། སྒྲུབ་པའི་དུས་ན་གསང་སྔགས་འདི་ཉིད་ཀྱིས་མེ་ཏོག་ལ་ལན་བདུན་སྔགས་ཀྱིས་བཏབ་ལ་སྩལ་བར་བགྱིས་ན་ལོག་འདྲེན་ཐམས་ཅད་དངོས་གྲུབ་སྩོལ་ཏོ། ། སྔགས་འདི་ཉིད་ཀྱིས་གཞན་ལ་བགེགས་བགྱིད་དོ།། སྐར་མ་བདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་ལོ།། ལག་ན་རྡོ་རྗེའི་མདུན་དུ་མོན་སྲན་གྲེའུ་ལས་བགྱིས་པའི་སྣུམ་འཁུར་ཕུལ་བ་ལ་ཀ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ལ། འདི་སྐད་དུ་ཆེ་གེ་མོ་ཞེས་བྱ་བའི་བགེགས་གྱིས་ཤིག་ཅེས་བརྗོད་ན། དེའི་ཚེ་ལོག་འདྲེན་དེ་དག་དགའ་ཞིང་མགུ་བར་གྱུར་པའི་ཡིད་ཀྱིས་བགེགས་བགྱིད་དོ། ། བསམས་ན་ཞི་བར་འགྱུར་རོ།། ཅི་སྟེ་ལོག་འདྲེན་རྣམས་མཐོང་བར་འཚལ་ན་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། དུར་ཁྲོད་དུ་མཆིས་ལ་མགུལ་བ་བླངས་ཏེ། དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་པ་བགྱིས་ལ། རིག་པ་དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིས་ན་དགུང་ཕྱེད་ཀྱི་དུས་ན་ལོག་འདྲེན་རྣམས་མཆི་དེ་དག་ལ་རྡོ་རྗེ་ལྟེ་བས་དྲི་སྩལ་བར་བགྱིའོ། ། མེ་ཁ་ལས་མེ་ཏོག་སྩལ་བར་བགྱིའོ།། རྡོ་རྗེ་བཞད་མས་སྒྲར་སྩལ་ཏེ། འདི་སྐད་དུ་སེམས་དང་བར་གྱིས་ཤིག་ཅེས་བརྗོད་ན་ལོག་འདྲེན་དེ་དག་རྩེ་ཞིང་དགོད་དོ། ། དེ་ནས་རིག་སྔགས་འཆང་གིས་རིག་པ་མཆོག་དྲན་པར་བགྱིས་ན་དེ་དག་མི་འགུལ་ཏེ། འདི་སྐད་དུ་ཁྱེད་སེམས་དང་བར་གྱིས་ཤིག་ཅེས་བརྗོད་པར་བགྱིའོ།། དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་མི་སྡང་བར་གྱུར་ཏོ། ། དེའི་འོག་ཏུ་རིག་པ་ལ་བགེགས་མི་བགྱིད་དོ།། སྔགས་འདི་ཉིད་ཀྱིས་སྐྱེས་པ་དང་བུད་མེད་དབང་དུ་བགྱི་བར་འཚལ་ན་མར་གྱི་ངོ་ཞག་བརྒྱད་ལ་གྲོག་མཁར་རྩེའི་མདུན་གྱི་དོགས་བླངས་ལ་གཟུགས་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཐབ་ཁུང་བགྱིས་ལ་ཐབ་ཁུང་གི་ནང་དུ་དཀོན་པའི་བ་ལང་གི་ལྦུ་བས་ཞུགས་བུས་ཏེ། ཞུགས་ཀྱི་ནང་དུ་གཟུགས་སྩལ་ལ། དེའི་སྟེང་དུ་ལན་ཚྭའི་སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་དགུང་བདུན་དུ་དུས་གསུམ་ན་དབང་དུ་འགྱུར་རོ།། བགེགས་བརྒྱད་ཁྲི་གཙུག་པུད་འཕྱང་བ་ཞེས་བགྱི་བའི་བགེགས་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བགེགས་བགྱིད་པ་ལགས་ཏེ། དེའི་བར་དུ་བསྒྲུབ་པར་བགྱིའོ།། སྒྲུབ་པའི་དུས་ན་རིག་སྔགས་འཆང་གིས་གྲོག་མཁར་གྱི་དོག་ས་ལས་གཙུག་པུ་དའ་ཕྱང་གི་སྐུ་གཟུགས་བགྱིས་ལ་མར་གྱི་ངོ་ཞག་བརྒྱད་དམ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་བཞག་སྟེ། ཞོ་དང་འོ་མས་བཀྲུས་ལ་མེ་ཏོག་དང་བདུག་པས་མཆོད་དེ། རིག་པ་བརྒྱད་སྟོང་བཟླས་བརྗོད་བགྱིས་ན། དེ་ནས་ཡིད་དགའ་ནས་འཇིག་རྟེན་གྱི་འཕྲུལ་པོ་ཆོས་དངོས་གྲུབ་སྩོལ་ཏོ།། དགོས་པ་ཞིག་གྲུབ་ནའང་དེ་ལ་དངོས་གྲུབ་སྩོལ་ཏོ།། ལོག་འདྲེན་གྱི་སྒྲུབ་པ་རྫོགས་སོ། ། ། རིག་སྔགས་འཆང་གིས་ནོར་བསྒྲུབ་པ་དང་ལས་བྱང་བར་བགྱི་བར་འཚལ་ན་བ་ལང་གི་ལྷས་སུ་མཆིས་ལ་མར་གྱི་ངོ་ནག་བརྒྱད་ནས། བརྩམས་ཏེ་ཟས་སུའོ་སྐྱོ་འཚལ་ཞིང་། འབུམ་བཟླས་བརྗོད་བགྱིས་ན་རིག་པའི་རྒྱལ་པོ་ཚངས་པའི་གདུགས་ཀྱི་གུང་ལ་ལྕེ་སྤྱང་མོ་སླ་འབྱིན་ཏེ། སྦ་ལན་ལྔ་བརྒྱ་འབྱིན་ཏོ།། དེ་ནས་དངོས་གྲུབ་ཏུ་འགྱུར་ཏོ་ཧ་ན་ར་སྟོང་རྙེད་ཅིང་ལས་ཀྱང་བྱང་བར་འགྱུར་རོ། ། ཅི་སྟེ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་མཐོང་བར་འཚལ་ན་པདྨའི་རྫིང་དུ་མཆིས་ལ་ཡར་གྱི་ངོ་ཞག་བདུན་ནས་བརྩམས་ཏེ་ཟས་སུའོ་སྒྱུ་འཐུང་ཞིང་། ལན་སུམ་སྟོང་བཟླས་བརྗོད་བགྱིས་ན་ཉིད་ཀྱིས་ལག་ན་རྡོ་རྗེ་མཐོང་ངོ་།། མེ་ཁལ་བཟླས་བརྗོད་བགྱིས་པས་མེ་ཏོག་དབུལ་ལོ།། རྡོ་རྗེ་བཞད་མས་སྤུར་སྩལ་ཏེ། རིག་སྔགས་འཆང་གིས་འདི་སྐད་དུ་བཅོམ་ལྡན་འདས་པ་དགུ་ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་བརྗོད་དོ།། དེས་འདི་སྐད་དུ་བུ་ཅི་བྱ་ཞེས་བརྗོད་པ་དང་། དེ་ནས་བཅོམ་ལྡན་འདས་ཡིད་ཀྱིས་གང་བྱསམ་པ་དེ་ཐེབ་པར་མཛད་དྲུགས་པ་ཞེས་བརྗོད་དོ།། དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་སྦྱོར་རོ།། དེའི་འོག་ཡིད་ལ་གང་བསམས་པ་དེ་ཐམས་ཅད་འགྲུབ་བོ། ། བྱིས་པ་ལོག་འདྲེན་གྱིས་ཟིན་ན་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པའི་སྤོས་ཆུས་བཀྲུས་ན་གཏོང་ངོ་། ། གལ་ཏེ་ལོག་འདྲེན་གྱི་གནས་བསྒྲུབ་པར་འཚལ་ན་རིག་སྔགས་འཆང་གིས་ཡར་གྱི་ངོའི་ཉ་ནས་བརྩམས་ཏེ། ཟས་སུ་འོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བགྱིའོ།། དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ་མཚན་གཅིག་མཆིས་པར་མཆིས་ལ་ཅི་འབྱོར་པས་མཆོད་དེ། མེ་ཏོག་དཀར་པོ་སྟོང་གིས་མཚན་མ་བསྣུན་ན་མཚན་བརྒྱར་འགྲུས་ཏེདེ་ནས་ལོག་འདྲེན་གྱི་ལས་དངོས་གྲུབ་ཏུ་འགྱུར་རོ། ། ལོག་འདྲེན་རྣམས་ངགུ་ཉན་པར་ཡང་འགྱུར་རོ།། ལོག་འདྲེན་རྣམས་གསད་དོ་སྙམ་དུ་ཁྲོས་པའི་ཡིད་ཀྱིས་བཟླས་བརྗོད་བགྱིས་ན་ལོག་འདྲེན་རྣམས་འགུམ་མོ། ། གང་དུ་བསྒོམས་པ་དེར་ཐམས་ཅད་བགྱིད་དོ།། ཡར་གྱི་ངོའི་ཚེས་བརྒྱད་ནས་བརྩམས་ལ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ནང་པར་རིག་པ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། ། གདུགས་ཀྱི་གུང་ལའང་དེ་བཞིན་དུ་བགྱིའོ།། ཕྱེ་མ་རེད་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱི་སྟེ། དེ་ལྟར་དགུང་བདུན་དུ་བགྱིས་ན་བདུན་པའི་གདུགས་ལ་དཱི་ན་ར་སྦྱིན་པར་བགྱིད་དོ། ། ཅི་ནུས་ཀྱིས་མཆོད་པར་བགྱིའོ།། ཟས་སུ་འོ་སྐྱེ་འཐུང་བར་བགྱིའོ།། ཡར་གྱི་ངོའི་ཚེས་ལྔ་ནས་བརྩམས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་སྔ་དྲོ་ན་ས་ཕྱི་དྲོའི་བར་དུ་བཟླས་བརྗོད་བགྱིས་ན་དཱི་ནར་གཅིག་རྙེད་དོ། ། ཚེས་གྲངས་དང་སྐར་མ་བདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་བར་ཡུངས་ཀར་འབྲུ་སྙིང་ལས་རྡོ་རྗེ་བགྱིས་ཏེ། ལམ་ཕོར་དུ་སྩལ་ལ་ལོ་མས་ཁ་བཅད་དེ། རིག་པ་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ།། རས་ཟུང་གཅིག་སྩོལ་གྱི་བར་དུ་གཞག་གོ། དེ་ནས་མཚོ་འུར་དོར་རོ། ། ཚེས་གྲངས་དང་སྐར་མ་བདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་བར་རྐེད་པ་ནུབ་ཙམ་གྱི་ཆབ་ཏུ་ཞུགས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་རས་ཟུང་གཅིག་སྩོལ་བར་བགྱིད་དོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ། ཤིང་བིལ་བའི་ཞུགས་ཤིང་གིས་ཞུགས་བུས་ཏེ་སྣ་མའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་ལ་བསྒུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དཱི་ནར་སྩོལ་བར་བགྱིད་དོ།། ཡར་གྱི་ངོ་ཚོས་བཅུ་གསུམ་ལ་དེ་བཞིན་གཤེགས་པའི་སྤྱན་སྔར་མཆོད་པ་བགྱིས་ཏེ། ཉིན་ཞག་ག་སྨྱུསྦྱང་བ་བགྱིས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་རས་ཟུང་གཅིག་རྙེད་དོ། ། དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་གསན་དུ་གསོལ། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ལས་བརྗོད་པར་བགྱིའོ།། དགུང་གསུམ་དུ་སྨྱུང་བ་བགྱིས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ནྱ་གྲོ་དྷའི་ཤིང་གཅིག་པུ་མཆིས་པར་མཆིས་ལ། དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་པར་བགྱིའོ།། ཕོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བགྱིའོ།། དེ་ནས་རོག་སྔགས་འཆང་གིས་རས་ཡུག་མ་གོད་པས་ཤིང་ནྱ་གྲོ་དྷ་དཀྱིལ་རྩཝ་ཀུ་ཤ་སྦམས་པའི་སྟེང་དུ་མཆིས་ཤིང་། རིག་པའི་རྒྱལ་པོ་བརྒྱད་སྟོང་བཟླས་བརྗོད་བགྱིས་ན། དེ་ནས་ཤིང་ནྱ་གྲོ་དྷ་ལས་འོད་ཟེར་གཅིག་བྱུང་སྟེ། དེས་རིག་སྔགས་འཆང་ལ་བསྐོར་བ་བགྱིས་ནས་སྤྱི་བོར་ནུབ་པར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གིས་རས་ལ་བཏགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་ལག་ན་རྡོ་རྗེ་ལ་ཕྱག་བགྱིས་ལ། རས་དེ་དེ་བཞིན་གཤེགས་པ་ལ་ཕུལ་ན་ཡིད་ལ་བསམས་པ་ཙམ་གྱིས་སྐྱེ་བོ་བདུན་གྱིས་བསྐོར་ཏེ་ནམ་མཁའ་ལ་མཆིའོ། ། ཅི་འཚལ་བ་གཟུགས་ཅན་དུ་འགྱུར་རོ།། དཔག་ཚད་སུམ་སྟོང་དུ་གྱེན་དུ་འཕག་གོ། འོག་ཏུའང་དེ་བཞིན་ནོ།། བས་པ་ཙམ་གྱིས་ལྷའི་རིགས་ཐམས་ཅད་འགུགས་པར་བགྱིད་དོ། ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའང་འཚལ་བར་འགྱུར་རོ།། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་གནས་པར་འགྱུར་རོ། ། ལོ་ཁྲི་བདུན་སྟོང་ཐུབ་པར་འགྱུར་རོ།། དེའི་བསམ་པ་དང་དགོས་པ་ཐམས་ཅད་འབྱོར་པར་འགྱུར་རོ།། རིག་སྔགས་འཆང་གྲུབ་པ་དང་ས་ལ་གནས་པ་རྣམས་ཀྱི་རྣམ་པའི་སྤྱོད་ཡུལ་དུ་མི་འགྱུར་རོ། ། གང་གི་ཚེ་ནམ་མཁའ་ལ་གནས་པ་དེའི་ཚེ་རིག་སྔགས་འཆང་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་རོ།། དངོས་གྲུབ་འདིས་ལྷ་ཐམས་ཅད་དང་རིག་སྔགས་འཆང་ཐམས་ཅད་མདུན་ན་གནས་པར་འགྱུར་རོ། ། དེ་བཞིན་དུ་ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ཐམས་ཅད་དངོས་གྲུབ་ཏུ་འགྱུར་རོ།། འདི་སྒྲུབ་པའི་རིག་སྔགས་འཆང་གི་མཚམས་མ་མཆིས་པ་ལྔ་འབྱུང་བར་འགྱུར་རོ། ། གང་གི་ཚེ་འགུམ་པ་དེའི་ཚེ་ལག་ན་རྡོ་རྗེའི་གནས་སུ་མཆིའོ།། ཡར་གྱི་ངོ་ཚས་བརྒྱད་ནས་བརྩམས་ཏེ་ལུས་སྦྱང་བ་བགྱིས་པ་ལ་ཟས་སུའོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བགྱིའོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། མཚན་གཅིག་མཆིས་པར་མཆིས་ལ་ཤམ་ཐབས་སེར་པོ་བགོ་ཞིང་བསྒྲུབ་པར་བགྱིའོ། ། དེ་ནས་རིག་སྔགས་འཆང་གིས་གཏོར་མའི་ཆོ་ག་རྒྱ་ཆེར་བགྱིས་ལ་མཚན་གྱི་སྟེང་དུ་ཞབས་གཡོན་པ་བཞག་སྟེ་རིག་སྔགས་བརྒྱད་སྟོང་བཟླས་བརྗོད་བགྱིས་ན། དེ་ནས་མཚན་ལས་འོད་ཟེར་གཅིག་བྱུང་ཏེ། དེས་རིག་སྔགས་འཆང་ལ་བསྐོར་བ་བགྱིས་ནས་མགོ་བོར་ནུབ་པར་འགྱུར་ཏེ། དེས་སྐྲ་ལྷུང་ལོ་འཁྱིལ་ཞིང་གདུགས་ཤར་བ་ལྟ་བུའི་མདོག་ཅན་གྱི་རིག་སྔགས་འཆང་དུ་འགྱུར་རོ། ། ཡིད་ཀྱིས་གར་འཚལ་བ་དེར་མཆིས་པར་འགྱུར་རོ།། ལོ་དགུ་སྟོང་ཐུབ་པར་འགྱུར་རོ།། བཅོམ་ལྡན་འདས་འདིའང་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མ་མཆིས་ཤིང་འབྱུང་པོ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པ་ལགས་ཏེ། རིག་པའི་རིགས་བརྒྱུད་ཐམས་ཅད་ཀྱི་སྙིང་པོ་མཆོག་གི་གསང་སྔགས་བཤད་པར་བགྱིའོ། ། ཊཀྐི་ཧཱུཾ་ཛ། འདི་དང་ཕོ་ཉ་མོ་རྣམས་ཀྱི་ལས་ཀྱི་ཁྱད་པར་བརྗོད་པར་བགྱིའོ།། སྙིང་པོའི་ལས་རྣམས་ནི་རི་མོ་མཁན་གསོ་སྐྱོང་བཟུང་བས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བགྱིའོ། ། དེའི་གཡོན་རོལ་ཏུ་ཀུན་དགའ་བོ་དང་། གཡས་རོལ་དུ་ལག་ན་རྡོ་རྗེ་ཡབ་ཐོགས་པ་བྲི་བར་བགྱིའོ། ། བཅོམ་ལྡན་འདས་ནི་གསེར་གྱི་མདོག་ཅན་ནོ།། ཀུན་དགའ་བོ་ནི་སྔོ་བསངས་སོ།། ལག་ན་རྡོ་རྗེའང་སྔོ་བསངས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། དེའི་འོག་ཏུ་སྒྲུབ་པ་པོ་ལག་ན་པོག་པོར་ཐོགས་པར་བྲིའོ།། དེ་ནས་ཡར་གྱི་ངོ་ནས་དགུང་གསུམ་སྨྱུང་བ་བགྱིས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ལུང་ཐང་གི་ཤིང་གིས་ཞུགས་བུས་ལ་སྣ་མའི་མེ་ཏོག་མར་ལ་བསྒུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དེ་བཞིན་གཤེགས་པའི་དཔྲལ་བ་ལས་འོད་ཟེར་འབྱུང་སྟེ། དེ་ནས་དངོས་གྲུབ་ཏུ་འགྱུར་རོ།། དེས་ཡིད་ཀྱིས་གང་བསམས་པ་དེ་འབྱོར་པར་འགྱུར་ཏེ། འཁོར་ལོས་སྒྱུར་བ་ཉིད་དམ། རིག་སྔགས་འཆང་ཉིད་ནི་མ་གཏོགས་སོ།། གཏོར་མ་རྒྱ་ཆེར་སྩལ་པར་བགྱིའོ།། མ་བསྒྲུབས་ཀྱང་ལས་རྣམས་སུ་འགྱུར་བ་ལགས་ཏེ། ལན་བདུན་བཟླས་བརྗོད་བགྱིས་པའི་ཐལ་བ་འམ། སྲད་བུའམ། ཆུས་ནི་བཀྲུ་བར་བགྱིའོ།། གྲོགས་བསྲུང་ན་སྤྱི་བོར་མདུད་པ་དོར་རོ།། ལན་གསུམ་བཟླས་བརྗོད་བགྱིས་པས་ཡུལ་འཁོར་སྲུང་ངོ་། ། གསེག་མ་ལ་ལན་བདུན་བཟླས་བརྗོད་བགྱིས་པ་ཆབ་ཏུ་སྩལ་བས་ཆུ་སྲིན་ཀུམ་བི་ར་དང་ཆུ་སྲིན་བཅིང་ངོ་།། ཡལ་གས་ནི་རིམས་ནད་གསོ་བར་བགྱིའོ། ། ཆབབམ་ཀུ་ཤས་ནི་དུག་ལས་གསོ་བར་བགྱིའོ།། བགེགས་དང་ལོག་འདྲེན་ཕུང་བར་བགྱི་བར་འཚལ་བས་སྒྲུབ་པའི་དུས་ན་ཨརྐའི་ཤིང་གིས་ཞུགས་བུས་ལ་རྐེ་ཚེའི་འབྲུ་ལ་ས་ལ་ན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ལོག་འདྲེན་རྣམས་ཕུང་བར་འགྱུར་རོ། ། ཕྱུགས་ཆུང་དབང་དུ་བགྱི་བར་འཚལ་བས་མདའ་ཐིགས་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཕྱུགས་ཆུང་གི་ལག་ནས་བཟུང་ན་དབང་དུ་འགྱུར་རོ།། ཆང་མ་རུངས་པར་བགྱི་བར་འཚལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་གསེག་མ་ཁྱིམ་གྱི་སྒོར་དོར་རོ།། ཆང་ལ་མི་འབྱིང་བར་བགྱི་ན་ཤིང་ཤ་ལྱ་ཀའི་འབྲས་བུལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་སྩལ་ན་ཆབ་ལ་མི་འབྱིང་བ་བགྱིས་པར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཤིང་བིལ་བའི་བུད་ཤིང་གིས་ཞུགས་བུས་ལ་སྲེག་བླུགས་རྒྱུ་སྐྱེ་གས་ལ་ལན་སྟོང་དུ་སྦྱིན་སྲེག་བགྱིས་ན་ནད་ཁོང་སྐམས་ཀྱིས་འདེབས་པར་བགྱིད་དོ།། མར་དང་གུ་གུལ་གྱི་སྲེག་བླུགས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་ཞི་བར་འགྱུར་རོ། ། ཡར་གྱི་ངོ་ཉ་ནས་བརྩམས་ཏེ་གདུགས་ཀྱི་གུང་ལ་གོས་གསར་པ་བགོས་ལ། ཟངས་ཀྱི་སྣོད་དུ་ཞོ་དང་འབྲས་ཆན་སྩལ་ཏེ་གདོང་གདུགས་ལ་བསྟན་ཅིང་ཕྱུགས་ཆུང་གི་མིང་ནས་ཕྱུང་སྟེ་ལན་བརྒྱ་སྟོང་བཟླས་བརྗོད་པགྱིས་ན་ཕྱུགས་ཆུང་མཆིའོ། ། གལ་ཏེ་མི་མཆི་ན་ཕྱུགས་ཆུང་དེ་འགུམ་མོ།། གདུགས་བདུན་དུ་བགྱིའོ། ། འབྲས་ཆན་གྱི་གདུགས་ལ་དབུལ་ལོ།། ཤིང་ཤ་མིའི་ཕུར་བུ་སོར་བརྒྱད་བབླངས་ཏེ་སྲད་བུས་དཀྲིས་ཏེ་ལག་ན་རྡོ་རྗེའི་མདུན་དུལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་གྲུ་མི་འགུལ་བར་བགྱིའོ་ཞེས་བགྱི་སྟེ། ཆབ་ཏུ་དོར་ན་གྲུ་མི་འགུལ་བ་བགྱིས་པར་འགྱུར་རོ།། མར་གྱི་ངོ་ཞག་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་མཚན་གཅིག་མཆིས་པས་མཆིས་ལ། འབྱུང་པོའི་གཏོར་མ་སྩལ་ཏེ་ལྷོ་ཕྱོགས་ཀྱི་ངོས་ལ་ཤུ་དག་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དཱི་ནར་གསུམ་རྙེད་དོ། ། ཤུ་དགྲ་ལ་ལན་ཉི་ཤུ་རྩེ་གཅིག་བཟླས་བརྗོད་བགྱིས་ཏེ་སོ་ཕྲག་ཏུ་སྩལ་ན་གཤེགས་འགྱེད་པའི་ཚེ་གཞན་གྱིས་ལན་མི་ཐེབས་པར་སྨྲ་བར་འགྱུར་རོ། ། ལག་ན་རྡོ་རྗེའི་མདུན་དུ་གིའུ་ཝང་ལ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ལ། དེས་ཐིག་ལེ་བགྱིས་ན་དཔལ་ཆེ་བར་འགྱུར་རོ།། རྒྱལ་པོའི་ཕོ་བྲང་། འཁོར་དུ་ལན་ཐེབས་པར་སྨྲ་བར་འགྱུར་རོ།། བུད་མེད་དབང་དུ་བགྱིད་ན་ལག་ན་རྡོ་རྗེའི་མདུན་དུ་བ་ལ་ཤྭའི་ཤིང་གི་ཞུགས་བུས་ལ། སྔ་དྲོ་ལན་ཚྭ་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བགྱིས་ནས་མིང་ནས་བརྗོད་ན་ཉི་མ་བདུན་གྱིས་འགྲུབ་སྟེ། ཟ་གཅིག་པར་བགྱིའོ།། ཡུགས་ས་མོ་དབང་དུ་བགྱིད་ན་མར་གྱི་ངོ་ཞག་དྲུག་ནས་བརྩམས་ཏེ། བཅུའི་བར་དུ་དུས་གསུམ་དུ་ལག་ན་རྡོ་རྗེ་མདུན་དུ་ལུང་ཐང་གི་ཤིང་ལ་ཞུགས་བུས་ལ་མོན་སྲན་གྲེའུ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། ། བྲམ་ཟེའི་བུ་མོ་དབང་དུ་བགྱིད་པར་འཚལ་བས་མར་གྱི་ངོ་ཞག་བརྒྱ་ལ་ལག་ན་རྡོ་རྗེའི་མདུན་དུ་དུ་བ་མ་མཆིས་པའི་མེ་མདག་ལ་རྒྱ་སྐྱེགས་ཀྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། ། སྐྱེས་པ་དབང་དུ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ནས། ལག་ན་རྡོ་རྗེའི་མདུན་དུ་དོང་ཀའི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་ལ་ལན་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ།། ཊཀྐི་ཧཱུཾ་ཛཿརཱ་ཛཱ་ནཱམ་པ་ཤི་ཀ་ཏུ་ཀ་མེ་ན་ཤུཀླ་པཉྩ་མྱེ་མ་ཧོ་ར་ཏ་ཤཱི་ཏེ་བཛྲ་པཱ་ཎི་སྱ་ཨ་གྲ་ཏ་པྲི་ཡཾ་ཀུ་བ་ཏ་ཤེ་རཏྣ་མ་པྲ་ཛཱ་ལྱ་ཤྭེ་ས་ར་ཤ་པཾ་ཨིནྡྲ་ཡ་བཾ་ཙེ་ཀི་ཀྲི་ཏྱ་བ་ཤི་རུ་དྷི་ར་ཨ་ཀ་ཏཱ་ནཱཾ་ཨཥྚ་ས་ཧ་སྲཾ་ཛཱ་ཡ་ཤོ་བ་ཏིཾ། མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་ཅི་ནུས་ཀྱིས་མཆོད་དེ། རིག་པ་མཆོག་གིས་དྲི་དང་། མེ་ཏོག་དང་། བདུག་པ་ཐམས་ཅད་ལ་ཕུལ་ལ། དེའི་འོག་ཏུ་རིག་སྔགས་འཆང་གིས་ཤིང་ས་ལ་སེར་པོ་ལས་སྒྲོམ་བུ་བགྱིས་ཏེ། སྒྲོམ་བུ་དེར་ལིག་བུ་མིག་སྩལ་ལ་དྲོ་བར་གྱུར་པ་དང་། དུ་བར་འཐུལ་བ་དང་། འབར་བའི་བར་བཟླས་བརྗོད་བགྱིའོ། ། དྲོ་བར་གྱུར་ན་དབང་དུ་འགྱུར་རོ།། དུབ་འཐུལ་ན་མི་སྣང་བར་འགྱུར་རོ།། འབར་ན་ནམ་མཁའ་ལ་མཆི་བར་འགྱུར་རོ།། མདོག་གདུགས་ཤར་བ་འདྲ་བར་འགྱུར་རོ། ། ལོ་བདུན་སྟོང་ཐུབ་པར་འགྱུར་རོ།། ལུས་ཞིག་ནས་ལག་ན་རྡོ་རྗེ་མཐོང་བར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྤྱང་བ་བགྱིས་ཏེ་དུར་ཁྲོད་དུ་མཆིས་ལ་སྐྱེས་པའི་རོ་མ་སྡུད་པ་བླངས་ཏེ། རིག་པ་མཆོག་གིས་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་པ་བགྱིས་ལ་མགོ་བོ་ཤར་ཕྱོགས་སུ་བསྟན་ཏེ། དེ་ནས་རིག་སྔགས་འཆང་གཅེར་བུར་ཕྱུང་ལ་སྒྲསྨྲབ་ཤིག་སྟེ། དེའི་སྙིང་ཁར་མཆིས་ལ་མི་རོའི་ཁར་མིའི་ཐོད་པ་ཡུངས་ཀར་གྱིས་བལྟམས་པ་བཞག་ལ་ཡུངས་ཀར་རྣམས་མི་སྣང་བར་གྱུར་གྱི་བར་དུ་བཟླས་བརྗོད་བགྱིའོ།། དེ་ནས་དངོས་གྲུབ་ཏུ་འགྱུར་རོ། ། མིཐོང་བླངས་ལ་མཚེའུར་བོར་ན་དེ་ནས་ཡིད་ཀྱིས་བསམས་པ་ཙམ་གྱིས་ནམ་མཁའ་ལ་མཆི་བར་འགྱུར་ཏེ་ནམ་མཁའ་ལ་མཆིའོ།། མི་སྣང་བར་འགྱུར་རོ།། རྒྱལ་པོར་བགྱིད་དོ།། བདག་མི་སྡུག་པར་ཡང་སྟོན་ཏོ།། སླར་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། མདོག་གདུགས་ཤར་བ་ལྟ་བུར་ཡང་སྟོན་ཏོ།། བདག་གིས་གང་བསམས་པ་དེ་དག་ཐམས་ཅད་འགྲུབ་བོ།། ཚེ་ལོ་སྟོང་ཐུབ་པར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རིག་པ་མཆོག་གིས་ལག་ན་རྡོ་རྗེ་ལ་དྲི་དང་། མེ་ཏོག་དང་། བདུག་པ་རྣམ་དངུལ་ལོ། ། གྲོང་གི་ཕུག་རོན་གྱི་ཁར་ལྡོང་རོས་སྩལ་ལ་དྲོ་བར་གྱུར་པ་དང་། དུ་བ་འཐུལ་བ་དང་། འབར་གྱི་བར་དུ་བཟླས་བརྗོད་བགྱིའོ།། དྲོ་བར་གྱུར་པས་ཐིག་ལེ་བགྱིས་ན་ཆབ་ཀྱི་ནང་དུ་དགུང་ཟླ་གཅིག་མཆིས་ཤིང་ཆབ་ཀྱི་ནང་ན་འཆག་གོ། གང་མཐོང་བ་དེ་དབང་དུ་འགྱུར་རོ།། དུ་བ་འཐུལ་ན་མི་སྣང་བར་འགྱུར་ཏེ། མི་སྣང་བར་གྱུར་ན་གྲུབ་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་རོ། ། ལོ་སྟོང་ཐུབ་པར་འགྱུར་རོ།། འབར་ན་ནམ་མཁའ་ལ་མཆི་བར་འགྱུར་ཏེ། དཔག་ཚད་སྟོང་ཚུན་ཆད་མཐོང་ཞིང་སྒྲའང་ཐོས་སོ།། ལོ་ཁྲ་ཉིས་སྟོང་ཐུབ་པར་འགྱུར་རོ། ། ལག་ན་རྡོ་རྗེ་གྲུབ་པར་འགྱུར་རོ།། ཚུལ་ལན་བདུན་བཟླས་བརྗོད་བགྱིས་པས་གར་བགྱིད་དུ་སྤྲུལ་ཏེ་ལན་གསུམ་བཟླས་བརྗོད་བགྱིས་པའི་དུབས་གསང་ཚིག་སྦྱར་སྩལ་ཏོ།། ཡིད་ཀྱིས་ལན་བདུན་བཟླས་བརྗོད་བགྱིས་པའི་མེ་ཏོག་གིས་སྨྲར་སྩལ་ཏོ། ། ཡར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གིས་ཞུགས་བུས་ལ་ཀུ་མུ་དའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་ལ་བསྐྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཡིད་ཀྱིས་བསམས་པ་དེ་དག་ཐམས་ཅད་འགྲུབ་སྟེ། རིག་སྔགས་འཆང་གི་རྒྱལ་པོ་ཉིད་ནི་མ་གག་སོ། ། མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་ཟས་སུའོ་སྐྱོ་འཚལ་ཞིང་། ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གིས་ཞུགས་བུ་ས་ལ། བིལ་བའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བགྱིས་ན་རྒྱལ་པོ་ཉིད་སྩོལ་ཏོ། ། ཆོ་ག་འདི་ཉིད་ཀྱིས་རིག་སྔགས་འཆང་ཉིད་ཀྱང་སྩོལ་ཏོ།། མར་གྱི་ངོ་ནག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ཞུགས་བུས་ལ་སྐེ་ཚེའི་མེ་ཏོག་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ལས་གྲུབ་པའི་མཆོག་ཏུ་འགྱུར་རོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་ཨརྐའི་མེ་ཏོག་ལས་ལན་འབུམ་སྦྱིན་སྲེག་བགྱིས་ན་ཏི་ནར་སོང་སྩོལ་ལོ། ། བྱང་ཆུབ་ཀྱི་ཤིང་གི་འོག་ཏུ་ཟས་སུ་ཆུ་གྲོག་འཚལ་ཞིང་ལན་སུམ་འབུམ་བཟླས་བརྗོད་པ་གྱིས་ན་རིག་སྔགས་འཆུང་བརྒྱས་བསྐོར་བའི་རིག་སྔགས་འཆང་དུ་འགྱུར་རོ། ། འདོད་པ་ཐམས་ཅད་ལོངས་སྤྱོད་དུ་འགྱུར་རོ།། ལོ་དགུ་སྟོང་ཐུབ་པར་འགྱུར་རོ།། གང་རིག་པའི་རྒྱལ་པོ་བསྒྲུབ་པར་འཚལ་བ་དེས་མར་གྱི་ཞག་བརྒྱད་ནས་བཟུང་སྟེ། ཟས་སུའོ་སྐྱེ་འཚལ་ཞིང་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ཏེ་ཀུ་མུ་དའི་མེ་ཏོག་རྒྱས་པ་འབུམ་ཕུལ་ན། དེ་ནས་རིག་སྔགས་འཆང་ལ་ཆུའི་ནང་དུ་ཀླུ་རེག་པར་བགྱིད་དེ་ལ་འཇིགས་པར་མི་བགྱིའོ། ། དེ་ནས་བཅོམ་ལྡན་འདས་རིག་པའི་མཆོག་འགྲུབ་པར་འགྱུར་ཏེ། དེ་གྲུབ་པས་ཚོགས་རྒྱས་པ་ཐམས་ཅད་གྲུབ་པར་འགྱུར་རོ།། རིག་པའི་མཆོག་གི་སྦྱང་པོའི་ཆོ་ག་རྒྱས་པ་རྫོགས་སོ། ། ། དེ་ནས་བཅོམ་ལྡན་འདས་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཉེ་བའི་སྙིང་པོ་འདི་མཆོག་ཏུ་མི་བརྒྱད་བྱཿཆོ་ག་རྒྱས་པ་མང་པོ་རབ་ཏུ་སྒྲུབ་པ་བགྱིད་པ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་འགལ་བར་བགྱི་བ་མ་ལགས་པ། འབྱུང་པོ་ཐམས་ཅད་དང་ལྷ་ཐམས་ཅད་ཀྱིས་མི་ཚུགས་ཏེ། ཕྱིར་ཞིང་བཤད་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤོད་ཅིག་གནོད་སྦྱིན་གྱི་དབང་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་བཞིན་གཤེགས་པས་གནང་གི་ཤོད་ཅིག། དེ་ནས་ལག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་རྣམ་པར་བལྟས་ནས། ལྷ་དེ་དག་ལ་འདི་སྐད་ཅེས་སྤྲས་སོ། ། ཀྱེ་ཀྱེ་ལྷའི་ཚོགས་རྣམས་ཉོན་ཅིག། ཉེ་བའི་སྙིང་པོ་འདི་ནི་མཆོག་ཏུ་མི་བཟད་པ། དེ་བཞིན་གཤེགས་པས་ཀྱང་འགལ་བར་མཛད་པ་མ་ཡིན་ཏེ། ཕྱི་ཕྱིར་བཤད་ཀྱིས། ལྷའི་ཚོགས་རྣམས་དེ་ཉོན་ཅིག། དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་གསང་སྔགས་སྨྲས་པ། ནུ་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཿ་སེ་ནཱ་པ་ཏི་སྱ། ན་མཤྩཎྜ་པྲ་མ་ཏ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། དེ་ནས་གསང་སྔགས་སྨྲས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ།། གཞལ་མེད་ཁང་ན་གནས་པའི་ལྷ་རྣམས་ཀྱང་ཁས་བུབ་ཏུ་འགྱེལ་ནས་སྐྱབས་མེད་ཅིང་དཔུང་གཉེན་མེད་དེ་འདར་ཡད་ཡང་ནས།། གསང་བའི་བདག་པོ་ཅི་ནས་བདག་ཅག་སྲོག་དང་བྲལ་བཔར་མི་འགྱུར་བར་བདག་ཅག་ལ་ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་ལག་ན་རྡོ་རྗེ་ལ་སྐྱབས་སུ་དོང་ངོ་། ། ལོག་འདྲེན་རྣམས་ཀྱང་འགུལ་མ་ནུས་ནས་ཡིད་ཀྱིས་ལུག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ཅུང་ཟད་འཛུམ་པའི་བཞིན་གྱིས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་ཁྱེད་ལོངས་ཤིག། ངའི་དམ་ཚིག་ལའོང་གནས་པར་གྱིས་ཤིག། དེ་ཐོས་ནས་ལྷ་རྣམས་རབ་ཏུ་དགའ་བའི་བཞིན་གྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལག་ན་རྡོ་རྗེ་འདི་ནི་མཆོག་ཏུ་མི་བཟད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དག་དེ་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ། ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གི་རིག་པ་འདི་ནི་ལྷ་རྣམས་འཚོ་འཕོ་བར་བགྱིད་པ། གནོད་སྦྱིན་རྣམས་ཕུང་བར་བགྱིད་པ། དྲི་ཟ་རྣམས་ལྷུང་བར་བགྱིད་པལོག་འདྲེན་རྣམས་ངེས་པར་རླག་པར་བགྱིད་པ། རྡོ་རྗེའི་རིགས་ཐམས་ཅད་སྐྲག་པར་བགྱིད་པ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་གནོད་པར་བགྱིད་པ་ལགས་སོ། ། བཅོམ་ལྡན་འདས་བདག་གི་ཉེ་བའི་སྙིང་པོ་འདི་ནི་བདག་ལའང་ཕུར་བུས་འདེབས་པ་ལགས་ཏེ། བཅོམ་ལྡན་འདས་མགུ་བར་བགྱིད་པ། སྐམ་པར་བགྱིད་པཆད་པས་གཅོད་པ་ལགས་སོ། ། ལྷ་རྣམས་འཆི་འཕོ་བར་བགྱིད་པ་དང་། གནོད་པར་བགྱིད་པ་དང་། ཕུར་བུས་གདབ་པར་བགྱིད་པར་འཚལ་བས་མར་གྱི་ངོ་ནག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ། བའི་ལྕི་བ་ས་ལ་མ་ལྷུང་བ་ལས་བརྒྱ་བྱིན་གྱི་གཟུགས་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་བཞག་སྟེ། དེའི་སྟེང་དུ་ཤིང་ཀུན་གྱི་ཤིང་གིས་ཞུགས་བུས་ལ་བྲི་ཡང་ཀུའི་ཡམ་སྲེག་ཤིང་ཡུངས་ཀར་གྱི་འབྲུམ་རལ་བ་སྒུགས་ལ་བརྒྱ་སྟོང་སྦྱིན་སྲེག་བགྱིའོ། ། དེ་ནས་ལྷ་རྣམས་སོ་སོ་ནས་ཚིག་ཅིང་བརྒྱ་བྱིན་གྱི་གན་དུ་མཆིའོ།། བརྒྱ་བྱིན་ཡང་ལྷ་རྣམས་དབུགས་འབྱིན་ཏེ། གྲོགས་པོ་དག་མ་འཇིགས་ཤིག་ཅེས་ལྷ་རྣམས་དབུགས་ཕྱུང་ནས་རིག་སྔགས་འཆང་གི་གན་དུ་མཆི་སྟེ་ཕྱིན་པ་དང་། ཚིག་འདི་སྐད་དུ་ཀྱེ་མའོ་རིག་སྔགས་འཆང་ལ་དགེ་སྦྱོང་གི་ཚུལ་མེད་དོ་ཞེས་སྨྲས་པ་དང་། རིག་སྔགས་འཆང་གིས་འདི་སྐད་དུ། བཅོམ་ལྡན་འདས་ལག་ན་རྡོ་རྗེས་གང་བཤད་པ་དེ་དྲན་པར་གྱིས་ཤིག་ཅེས་བརྗོད་པར་བགྱིའོ།། དེ་ཐོས་ནས་ཤིན་ཏུ་དགའ་བའི་བཞིན་གྱིས་རིག་སྔགས་འཆང་ལ་རིག་པ་སྩོལ་ལོ། ། དེའི་འོག་ཏུ་རིག་སྔགས་འཆང་གི་རིག་པ་མཆོག་གིས་སླར་གཏང་བར་བགྱིའོ།། རིག་པ་དེས་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རིག་སྔགས་འཆང་བདུན་སྟོང་གི་བདག་པོར་བསྐལ་པར་གནས་པར་འགྱུར་རོ།། ལྷ་རྣམས་ཀྱང་གཡོས་པར་བགྱིད་པར་འགྱུར་རོ།། གནོད་སྦྱིན་རྣམས་ཀྱང་ཕུང་བར་བགྱིད་པར་འཚལ་བས། གང་ན་གནོད་སྦྱིན་ནམ། གནོད་སྦྱིན་མོ་གནས་པ་དེར་མར་གྱི་ངོ་ནག་བརྒྱད་ལ་མཆིས་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་ཨ་པ་མརྒའི་ཡམ་སྲེག་ཤིང་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། ། དེ་ནས་གནོད་སྦྱིན་དེ་དགའབྲོས་པ་དང་ཚུར་ཤོག་ཅེས་བརྗོད་ན་སླར་མཆིའོ།། མཆིས་ནས་ཀྱང་ངའི་བསྙེན་བཀུར་གྱིས་ཤིག་ཅེས་བརྗོད་དོ། ། གདུགས་གཅིག་བཞིན་དུ་ཏིན་ར་བདུན་བདུན་སྩོལ་ལོ།། གང་དུ་བསྐོས་པ་དེ་ཐམས་ཅད་བགྱིད་དོ།། དྲི་ཟ་རྣམས་ལྷུང་བར་བགྱིད་པར་འཚལ་བས་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ངོས་སུ་ཡར་གྱི་ངོ་ཚོས་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ཁམ་པོ་ཛའི་ཤིང་གིས་ཞུགས་བུལ་ཡུངས་ཀར་མར་དང་བསྲེས་པས་ལན་ཁྲིར་སྦྱིན་སྲེག་བགྱིའོ། ། དེ་ནས་ཡི་དགས་ཀྱི་གཟུགས་ཅན་གྱི་མི་ཞིག་མཆིའོ།། མཆིས་ནས་ཀྱང་རྐང་པ་གཉིས་ལ་ཕྱག་བགྱིད་པ་དང་། བདེ་བར་གྱུར་ཅིག་ཅེས་བརྗོད་པར་བགྱིའོ།། དེ་ནས་མི་དེས་རྐང་པ་གཉིས་ལ་ལིག་བུ་མིག་བཞག་ནས་སླར་མཆིའོ། ། ལིག་བུ་མིག་དེ་མིག་བསྐུས་ན་དྲི་ཟའི་གཟུགས་སུ་འགྱུར་རོ།། རྐང་གིས་འགྲོ་བར་འགྱུར་རོ།། ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། ། དྲི་ཟ་རྣམས་ཀྱང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བགྱིད་དོ།། ལོག་འདྲེན་རྣམས་ཀྱང་རླག་པར་བགྱིད་ན་སྨན་ཨ་ས་དེ་བ་དང་། ཤིང་བ་ལ་ཀ་ར་བ་སའི་ཚིག་གུ་དང་། ནེའུ་ལེའི་སྤུ་དང་། སྦྲུལ་ཀོགས་པརྗེས་པ་དང་། རྫས་དེ་དག་གིས་གནོད་སྦྱིན་གྱི་གཟུགས་ལ་བདུག་པར་བགྱིའོ།། རིག་པའང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིའོ།། དེ་ནས་རྨི་ལམ་དུ་ལོག་འདྲེན་རྣམས་བྲེད་ཅིང་ཅི་བྱེ་གཏོལ་མེད་པར་མཐོང་ངོ་། ། དེའི་ནང་ནས་མི་ཞིག་འདི་སྐད་ཅེས་ཀྱི་རིག་སྔགས་འཆང་བདག་ཅག་ལ་གནོད་པ་མ་མཛད་པར་འདི་སྣོམས་ཤིག་ཅེས་སྨྲའོ། ། དེ་ནས་ནང་པར་ཏི་ན་ར་གཅིག་སྩོལ་ལོ།། སྒྲུབ་པའི་དུས་ནའང་བདུག་པ་འདི་ཉིད་ཀྱིས་བདག་ལ་བདུགས་ན་ལོག་འདྲེན་ཐམས་ཅད་ཉམས་པར་འགྱུར་རོ།། ལོག་འདྲེན་གྱི་ལས་བགྱི་ནའང་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྦྱང་བ་བགྱིས་ལ་བགྱིའོ།། རྡོ་རྗེའི་རིགས་སྐྲག་པར་བགྱི་ན་ལྕེ་འབབ་པས་བཅག་པའི་ཤིང་བླངས་ལ་མར་གྱི་ངོ་ནག་གཅིག་སྦྱང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལྕེ་འབབ་པས་བཅག་པའི་ཤིང་གིས་ཞུགས་བུས་ལ་ཁམ་པོ་ཛའི་ཡམ་སྲེག་ཤིང་བརྒྱད་སྐྱོང་སྦྱིན་སྲེག་བགྱིས་ན། རྡོ་རྗེའི་རིགས་ཐམས་ཅད་སྐྲག་པར་འགྱུར་རོ། ། རིའི་དངོས་གྲུབ་ཀྱང་སྩོལ་ལོ།། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ལ་གནོད་པ་བགྱིད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ་མཚན་གཅིག་མཆིས་པར་མཆིས་ལ་ཅི་ནུས་ཀྱིས་མཆོད་དེ། མཚན་ལ་ཁྲག་གིས་བསླུས་ལ་ཁྲོས་པ་དུང་བཅས་པས་ལག་པ་གཉིས་ཀས་འཁྱུད་དེ། རིག་པ་ལྡན་བརྒྱད་སྐྱོང་བཟླས་བརྗོད་བགྱིས་ན་དེ་ན་མཚན་འགུལ་ལོ། ། སྐྲག་པར་འགྱུར་ཞིང་རང་གི་ཆོ་ག་རྒྱས་པ་རྣམས་ཀྱིས་དངོས་གྲུབ་སྩོལ་ཏོ།། དེ་ལྟར་ཆོ་ག་རྒྱས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། ལག་ན་རྡོ་རྗེ་ལ་ཕུར་བུས་གདབ་ན་མར་གྱི་ངོ་ནག་བརྒྱད་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ཞུགས་བུས་ལ་ཁམ་པོ་ཛའི་ཡེམ་སྲེག་ཤིང་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་སྲེག་བླུགས་གསུམ་པའི་ཚེ་འདྲར་རོ། ། བརྒྱས་ཚར་གཅོད་པར་འགྱུར་རོ།། སུམ་བརྒྱས་བསྐམ་པར་འགྱུར་རོ།། བཞི་བརྒྱ་པའི་ཚེ་ལག་ན་རྡོ་རྗེ་ལ་ཕུར་བུས་བཏབ་པར་འགྱུར་རོ།། ལག་ན་རྡོ་རྗེ་བུར་བུས་བཏབ་བས་ལག་ན་རྡོ་རྗེའི་རིགས་ཐམས་ཅད་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་ཐམས་ཅད་ཀྱང་ཕུར་བུས་བཏབ་པར་འགྱུར་རོ།། བརྒྱད་སྟོང་ཚང་བའི་ཚེ་ལག་ན་རྡོ་རྗེ་ཆོག་ནས་མཆི་སྟེ། རིག་སྔགས་འཆང་ཅི་འདོད། ཅི་སྦྱིན་ཅེས་བརྗོད་པ་དང་། བཅོམ་ལྡན་འདས་ཆོ་ག་རྒྱས་པ་དངོས་གྲུབ་བདག་ལ་སྩལ་དུ་གསོལ་ཞེས་བརྗོད་པར་བྱའོ། ། དེ་ལྟར་གྱུར་ཅིག་ཅེས་བརྗོད་ནས་མི་སྣང་བར་གྱུར་ཏོ།། དེ་ནས་རིག་སྔགས་འཆང་གིས་མྱུར་བར་ལག་ན་རྡོ་རྗེའི་གཟུགས་འོ་མས་བཀྲུ་བར་བགྱིའོ།། དེ་ནས་མཆིས་པའི་མར་དང་གུ་གུལ་ཀྱིགྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། ། དེ་ནས་སོས་པར་འགྱུར་རོ།། ལྷ་ལའང་མཆོད་པ་རྒྱ་ཆེར་བགྱིས་ལ་ཤུགས་ལྡན་མས་སླར་གཤེགས་སུ་གསོལ་ལོ།། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་སྒྲུབ་པའི་རིག་སྔགས་འཆང་ལ་གལ་ཏེ་དངོས་གྲུབ་ཏུ་མ་གྱུར་ན། རིག་སྔགས་འཆང་དེས་ལས་བདག་གིར་བྱ་བ་ཡིན་པར་དམིགས་པར་བགྱིའོ།། ལན་གཉིས་སུའང་བསྒྲུབ་པར་བགྱིའོ།། མ་གྲུབ་ནའང་ལས་བདག་གིར་བྱ་བ་ཡིན་པར་དམིགས་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅིའི་ཕྱིར་དེ་སྐད་སྨྲ། གསོལ་པ། བཅོམ་ལྡན་འདས་པ་འགུམས་པ་དང་མ་འགུམས་པ་དང་། ཚངས་པ་ལ་གནོད་པ་བགྱིད་པའི་སེམས་ཅན་དག་ཀྱང་མཆིས། མཚམས་མ་མཆིས་པ་ལྔ་དང་ལྡན་པའི་སེམས་ཅན་དག་ཀྱང་མཆིས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་འདི་སྐད་ཅེས་བརྩོན་འགྲུས་བརྩམས་ལ་བསྒྲུབ་པར་བྱའོ་ཞེས་མཆིའོ། ། ལན་བདུན་དུའང་སྒྲུབ་པ་ལ་འཇུག་པར་བགྱིའོ།། གལ་ཏེ་མ་གྲུབ་ན་ལས་འདི་བརྩམས་པར་བགྱི་སྟེ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྦྱང་བ་བགྱིས་ལ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ཏེ། སེང་ལྡེང་གི་ཡམ་སྲེག་གི་ཤིང་ལ་བདག་གི་ཁྲག་བྱུགས་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ།། མར་གྱི་བོནག་བརྒྱད་ལ་གལ་ཏེ་མ་མཆིས་ན་རང་ག་ཤེས་ལན་བརྒྱད་སྟེང་སྦྱིན་ཐེག་བགྱིས་རྣ་མཆི་བར་བགྱིསྟེ། བཅོམ་ལྡན་འདས་རིག་སྔགས་ཀྱི་དངོས་གྲུབ་ཀྱང་སྩལ་བར་བགྱིའོ།། ལས་འདི་ནི་མཆོག་ཏུ་མི་བཟད་པ་ལགས་ཏེ། རིག་སྔགས་འཆང་དེས་མི་བཟད་པའི་ལས་འདི་ཐོག་མར་མི་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་འགལ་བར་བགྱི་བ་མ་ལགས་པ་ལྟ་བུ་སྟེ། གལ་ཏེ་རིག་སྔགས་འཆང་གིས་ལས་ཐོག་མར་བརྩམས་ཏེ། བཅོམ་ལྡན་འདས་དེ་ནི་བདག་ལ་གནོད་པ་བགྱིད་དེ་དེ་ཁོ་ན་ཉིད་ཀྱང་མི་མཐོང་ལ་བདག་ལ་གནོད་པ་བགྱིད་དོ། ། བཅོམ་ལྡན་འདས་བདག་ལ་གནོད་པ་བགྱིད་ན་ལྷ་ཐམས་ཅད་ལ་གནོད་པ་བགྱིད་པར་འགྱུར་རོ།། གནོད་སྦྱིན་ཐམས་ཅད་ལའང་གནོད་པ་བགྱིས་པར་འགྱུར་ཏེ། དེ་དག་རིག་སྔགས་འཆང་དེ་ལ་གླགས་ཚོལ་ཞིང་མཆིས་པར་འགྱུར། གལ་ཏེ་མཚམས་མ་མཆིས་པ་ལྔ་དང་ལྡན་པའི་རིག་སྔགས་འཆང་ཞིག་རིག་པའི་རྒྱལ་པོ་སྒྲུབ་ན་སྒྲུབ་པ་བདུན་པ་ལ་དངོས་གྲུབ་སྩལ་བར་བགྱིའོ། ། གལ་ཏེ་མ་སྩལ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་འཁུས་པར་འགྱུར་རོ།། བཅོམ་ལྡན་འདས་གཞན་ཡང་གང་གིས་རིག་སྔགས་འཆང་རྣམས་ཀྱི་དངོས་གྲུབ་ཏུ་འགྱུར་བའི་རྫས་རྣམས་མི་འཕྲོགས་པར་བརྗོད་པར་བགྱིའོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་སྨྲོས་ཤིག། བཅོམ་ལྡན་འདས་རིག་སྔགས་འཆང་གིས་ལིག་བུ་མིག་དང་ལྡོང་རོས་ལ་སོགས་པ་སྒྲུབ་ན་ཐོག་མརའོ་མས་བཀྲུ་བར་རབགྱི་སྟེ། བཀྲུས་པས་དངོས་གྲུབ་ཏུ་འགྱུར་རོ།། དངོས་གྲུབ་ཏུ་གྱུར་པའི་རྫས་རྣམས་ཀྱང་རིག་སྔགས་འཆང་གིས་བླ་མ་དང་། བདག་དང་། གྲོགས་རྣམས་ལ་ཆ་གསུམ་དུ་བགོ་པར་བགྱིའོ། ། རལ་གྲི་དང་། འཁོར་ལོ་དང་། མདུང་རྩེ་གསུམ་པ་ཞིག་གྲུབ་ལ། སྟོར་ན་ཡོད་ཀྱིས་འདི་སྙམ་དུ་སེམས་ཅན་གང་བསོད་ནམས་ཆུང་བ་དེའི་སྟོར་གྲང་སྙམ་དུ་བསམས་ལ།། རིག་སྔགས་འཆང་དེས་སྦྱིན་སྲེག་བགྱིའོ། ། ཡང་ན་ལག་པ་བ་ཀན་ཏེ་མནན་ནོ།། གལ་ཏེ་ཤིན་ཏུ་གནོད་པ་བགྱིས་ན་རིག་སྔགས་འཆང་དེས་འདི་སྐད་དུ། རྫས་འདི་ནི་ལག་ན་རྡོ་རྗེའི་ཡིན་ནོ་ཞེས་བརྗོད་པར་བགྱིའོ། ། བཅོམ་ལྡན་འདས་བདག་གི་མིང་ཐོས་ནས་ཡིད་ཀྱིས་ཀྱང་འཁུབས་སེམས་པ་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་ནམ་མཐོང་ངོ་། ། དེ་ནས་ཐམས་ཅད་དང་བཅས་པའི་འཁོར་དེས། བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ།། སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཁྱོད་སེང་གེའི་སྒྲ་འདི་ལྟ་བུ་འབྱིན་པ་ལེགས་སོ་ཞེས་ཏེ། ལེགས་སོ་ཞེས་བྱ་བ་བྱིན་ནོ།། བཅོམ་ལྡན་འདས་འདི་ནི་བདག་གི་ཉེ་བའི་སྙིང་པོ་ལགས་ཏེ་འདི་ལན་ཅིག་བརྗོད་པས་ཆོ་ག་ཆེན་པོ་རྒྱས་པ་བརྒྱད་བརྗོད་པར་འགྱུར་རོ། ། ལག་ན་རྡོ་རྗེ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་འདི་བདུན་སྒྲུབ་པ་དང་། གནོད་པ་བགྱིད་ན་ཡིད་ཀྱིས་བཟླས་བརྗོད་བགྱིའོ། ། ཅི་སྟེ་རིག་སྔགས་འཆང་རིག་སྔགས་སྒྲུབ་པར་འཚལ་ན། རིག་སྔགས་འཆང་དེས་ཐོག་མར་རིག་སྔགས་དེ་ལན་བརྒྱ་རྩ་བརྒྱད་བརྗོད་པར་བགྱིའོ།། 1་བའི་སྙིང་པོའང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། ། དེ་ནས་རིག་སྔགས་འཆང་གིས་རིག་སྔགས་བསྒྲུབ་པར་བགྱིའོ།། གལ་ཏེ་རིག་སྔགས་མ་གྲུབ་ན་དེ་ཉིད་དུ་མཆིས་ལ་དུ་བ་མ་མཆིས་པའི་མེ་མ་དག་ཏུ་སྐེ་ཚེ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་རིག་པ་དེ་ཉམས་པར་གྱུར་ནས་དེའི་མདུན་དུ་མཆི་སྟེ་དངོས་གྲུབ་སྩོལ་ཏོ། ། དེ་ཉིད་དུ་མཆིས་ལ་རིག་སྔགས་འཆང་གིས་ཡང་རིག་པ་བསྒྲུབས་ན་མྱུར་དུ་འགྲུབ་བོ། ། གསང་སྔགས་ཐམས་ཅད་ཀྱི་ལས་ཀྱང་འདིས་འགྲུབ་པ་ལགས་སོ།། སྤོས་རྣམས་ཀྱི་ས་ལག་ན་རྡོ་རྗེའི་གཟུགས་བགྱིས་ལ་གདུགས་བདུན་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་མར་གྱི་ངོ་ནག་བཅུ་བཞི་པ་ལ་ཉིན་ནག་གཅིག་སྦྱང་བ་བགྱིས་ཏེ། དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིས་ན་གནོད་སྦྱིན་མོ་མཆི་བར་འགྱུར་ཏེ། རྡོ་རྗེ་བཞད་མས་སྤར་སྩལ་བར་བགྱིའོ། ། གང་གི་ཚེངས་ཆེ་གེ་མོ་ཞེས་བྱ་བ་ལ་རྒྱོབ་ཅིག་རྒྱོབ་ཅིག། སྲེགས་ཤིག་སྲེགས་ཤིག། ཟུང་ཞིག། མྱོས་པར་གྱིས་ཤིག། མ་རུངས་པར་གྱིས་ཤིག་ཅེས་བསྒོ་བ་ཐམ་ཅད་ལ་གནོད་པ་གྱིས་ཤིག། བཅོམ་ལྡན་འདས་དྲན་པ་ཙམ་གྱིས་ཀྱང་ཐམས་ཅད་གྱིས་ཤིག་ཅེས་བསྒོ་བར་བགྱིའོ།། ཉེ་བའི་སྙིང་པོ་རྫོགས་སོ།། ། ནག་མོ་དྲག་མོན་ལས་རྣམས་ལགས་ཏེ། གསང་སྔགས་ཐམས་ཅད་དུ་གསང་སྔགས་གང་ལས་མི་བགྱིད་པ་དེ་ནག་མོ་དྲག་མོ་འདིས་བཀྲུག་ན་དེ་ལས་བགྱིད་དོ།། བཀུག་ཀྱང་གལ་ཏེ་མ་གྲུབ་ན་ཕྱེ་མ་རེད་ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་དེ་ལན་བདུན་བརྗོད་ལ། དེའི་འོག་ཏུ་ནག་མོ་དྲག་མོའི་སྔགས་ལན་བརྒྱ་རྩ་བརྒྱད་བརྗོད་པར་བགྱིའོ།། དེ་ནས་སྔགས་དེ་དྲི་ལམ་དུ་སྟོན་པར་བགྱིད་དོ།། ཡི་གེ་མཚང་བ་དང་ཕུར་བཏབ་པས་སྨྲ་བར་བགྱིད་དོ། ། གལ་ཏེ་ཡི་གེ་མ་ཚང་བར་གྱུར་ན་རིག་པ་མཆོག་གིས་ཚང་བར་བགྱིད་དོ།། གལ་ཏེ་ཕུར་བུས་བཏབ་པར་གྱུར་ན་རིག་པ་མཆོག་ཉིད་ཀྱིས་ཕུར་བུས་འབྱུང་བར་བགྱིད་དེ། བྱེ་མ་རེད་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ལ་སྔགས་དེ་རང་གི་ཁྲག་གིས་ཤིང་ཏ་ལའི་ལོ་མ་ལ་བྲིས་ཏེ། རྫ་ཀུ་ཤ་ལས་བགྱིས་པའི་རྡོ་རྗེལ་ལན་བདུན་བསྔགས་ལ་བསྣུན་ན་དེ་ནས་ཕུར་བུ་འབྱིན་པར་འགྱུར་རོ། ། གདོན་དགུག་ན་མེ་ཏོག་གིས་བགྱིའོ།། གདོན་རེངས་པར་བགྱི་ན་ལན་གསུམ་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ།། གདོན་སྤོང་བར་བགྱིན་བདུག་པས་བགྱིའོ། ། གདོན་དབབ་ན་རྣ་བར་བཟླས་བརྗོད་བགྱིས་པས་སོ།། གདོན་གཏོང་བར་འདོད་ན་ཤ་ཀ་རའི་ཆ་བ་ལ་ལན་བདུན་བཟླས་བརྗོད་བགྱིས་ན་གཏོང་ངོ་།། ཙན་དན་དམར་པོ་ལས་རྡོ་རྗེ་བགྱིས་ལ་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྦྱང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བ་ལང་གི་ཤས་བདུག་པར་བགྱིའོ།། རིག་པའང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་ཕ་རོལ་བརྗེད་བྱེད་ཀྱིས་ཟིན་པར་བགྱིད་དོ། ། རྡོ་རྗེ་འོ་མས་བཀྲུས་ལ་རིག་པའང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་ཐར་པར་རབགྱིས་པར་འགྱུར་རོ།། རྡོ་རྗེ་དེ་ཉིད་ལ་ཤ་ཆེན་གྱིས་བདུགས་ལ་རིག་པའང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་འགུམ་པར་བགྱིད་དོ། ། ཚེས་གྲངས་དང་སྐར་མ་པདམ་མི་འཚལ། སྦྱང་བབ་གྱི་མི་འཚལ་ཏེ། འདི་ལ་རྒྱུ་ནི་ཁྲོ་བོ་ཉིད་དོ།། དགྲ་གསད་པར་འཚལ་བས་གོས་རློན་བ་བགོས་ལ་ཁ་གདུགས་ལ་བལྟས་ཏེ་དགྲའི་སྲོག་བསྐམས་ཀྱི་བར་དུ་གསང་སྔགས་བཟླས་བརྗོད་བགྱིའོ། ། རྡོ་རྗེ་འོ་མས་བཀྲུས་ལ་རིག་པའང་ལན་བརྒྱད་སྐྱོང་བཟླས་བརྗོད་བགྱིས་ན་སྔ་མཁོ་བཞིན་འགྱུར་རོ། ། གལ་ཏེ་ནག་མོ་དྲག་མོ་སྒྲུབ་པར་འཚལ་ན་ཐོག་མ་ཉིད་དུ་ཟས་སུའོ་སྐྱོ་འཚལ་ཞིང་ལན་འབུམ་བཟླས་བརྗོད་བགྱིའོ།། དེའི་འོག་ཏུ་རི་མོ་མཁན་གསོ་སྦྱོང་བཟུང་བས་མགོད་པའི་རས་ལ་སངས་རྒྱས་ཀྱི་སྐུ་གཟུགས་གསེར་མདོག་ལྟ་བུ་བྲི་བར་བགྱིའོ། ། དེའི་གཡོན་རོལ་དུ་ནག་མོ་དྲག་མོ་བྲི་བར་བགྱིའོ།། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བགྱིས་ཏེ། མཆོད་པ་རྒྱ་ཆེར་བགྱི་ས་ལ་ནག་མོ་དྲག་མོ་མཆི་བར་འགྱུར་གྱི་བར་དུ་རིག་པ་བཟླས་བརྗོད་བགྱིའོ།། མཆིས་པ་དང་རིག་པ་མཆོག་གིས་མཆོད་ཡོན་དབུལ་ལོ།། དེ་ནས་དེས་རིག་སྔགས་འཛིན་ཅི་སྦྱིན་པར་བྱ་ཞེས་མཆི་བ་དང་། དེ་ནས་བཅོམ་ལྡན་འདས་མ་རྒྱལ་པོ་བགྱིད་དུ་སྩོལ་ཅིག་ཅེས་བརྗོད་ན། དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་མི་གདའ་བར་འགྱུར་རོ།། ནག་མོ་དྲག་མོའི་ཆོ་ག་རྫོགས་སོ། ། །། རྒྱལ་བ་ལྡན་མའི་ལས་རྣམས་ལགས་ཏེ། ལྷ་ཐམས་ཅད་དགུག་ན་ལན་གསུམ་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ།། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་དགུག་ན་ཡིད་ཀྱིས་བགྱིའོ། ། བུད་མེད་དབང་དུ་བགྱི་ན་ཡར་གྱི་ངོ་ཚས་བརྒྱད་ནས་བརྩམས་ཏེ། ལག་ན་རྡོ་རྗེའི་མདུན་དུ་གདུགས་བདུན་དུས་གསུམ་དུ་དུབ་མ་མཆིས་པའི་མེ་མ་དག་ལན་ལེ་ཤམ་གྱིས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། ། དབབ་པར་བགྱིན་ཆབ་པ་མ་བྱེའུ་རུག་པའི་འོ་མས་བགྱིའོ།། གདོན་བཅིང་ངམ་བསྐྱོད་པར་བགྱི་ན་གུ་གུལ་གྱིས་བགྱིའོ། ། དུར་ཁྲོད་ཀྱི་ཐལ་བ་ལ་གཟུགས་བགྱིས་ལ་ལན་གསུམ་བཟླས་བརྗོད་བྱས་པས་གདོན་གྱིས་གཏོང་བར་བགྱིད་དོ།། དུར་ཁྲོད་ཀྱི་སོལ་བ་ལ་གདོན་གྱི་གཟུགས་བགྱིས་ལ་མཚོན་རྣོན་པོས་བཅད་ན་བཅད་པར་གྱུར་ཏེ་གཏོང་ངོ་། ། དུག་ལས་གསོན་ཡལ་གས་བགྱིའོ།། མར་གྱི་ངོ་ཞག་བཅུ་བཞི་ལ་དུར་ཁྲོད་དུ་དུར་ཁྲོད་ཀྱི་ཐལ་བ་ལ་གཟུགས་བགྱིས་ལ། བཟླས་བརྗོད་ལན་བརྒྱད་སྟོང་བགྱིས་པའི་སེང་ལྡེང་གི་ཕུར་བུས་སྙིང་ཁར་བཙུགས་ན་གཟེར་ཐབས་དྲག་པོས་བཏབ་པར་འགྱུར་རོ།། ཕྱུང་ན་སོས་པར་འགྱུར་རོ།། ཡར་གྱི་ངོ་ཚེས་བདུན་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བྱ་རོག་མ་ལངས་ཀྱི་བར་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན་ཏིར་གཅིག་སྩོལ་ཏོ།། སྒྲུབ་པ་བགྱིད་ན་མགོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་གསར་གྱི་མདོག་ཅན་བྲི་བར་བགྱིའོ། ། དེའི་གཡོན་རོལ་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲི་པར་བགྱིའོ། ། དེའི་གཡས་རོལ་དུ་འཕགས་པ་ལག་ན་རྡོ་རྗེ་བྲི་བར་བགྱིའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུགའ་དམ་བུ་མདའ་རྒྱུའི་ཁ་དོག་ལྟར་དཀར་བའོ།། ལག་ན་རྡོ་རྗེ་ནི་སྡེ་བསངས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ། ལག་ན་རྡོ་རྗེའི་གཡས་རོལ་དུ་ནི་རྒྱལ་བ་ལྡན་མ་སྔོ་བསོངས་ལ་དེའང་རྒྱུན་ཐམས་ཅད་ཀྱིས་བརྒྱན་པའོ།། དེའི་འོག་རོལ་དུ་ནི་སྒྲུབ་པ་པོ་ལག་ན་པོག་པོར་ཐོག་པར་བྲིའོ། ། དེ་ནས་ཞག་གསུམ་སྨྱུང་བབགྱིས་ཏེ། མར་གྱི་ངོ་ཞག་བརྒྱད་ལ་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེ་རབ་ཀྱི་ས་ལ། གུ་གུལ་གྱི་བདུག་པ་སྲེག་ཅིང་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་ཞུགས་བུས་ལ་ཀ་ར་ཝཱི་རའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མརལ་བསྒུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིའོ།། དེ་ནས་མེ་ཐབ་ནས་ཀ་ར་ཝཱི་རའི་མེ་ཏོག་པདྨའི་ཚད་ཙམ་དུ་འབྱུང་ངོ་།། ཀར་ཝཱི་རའི་པདྨའི་དབུས་ནས་ཀ་ར་ཝི་ར་འདྲ་བའི་ལྡོང་རོས་འབྱུང་སྟེ། རིག་པའི་རྒྱལ་པོ་བཟླས་བརྗོད་བགྱིད་བཞིན་དུ་དེ་བླང་བར་བགྱིའོ།། བླངས་པ་ཙམ་གྱིས་གདུགས་ཤར་བའི་མདོག་ལྟ་བུ་དང་། སྒྲ་ལྕང་ལོ་འཁྱིལ་བ་དང་། ལོ་བཅུ་དྲུག་ལོན་པའི་ལུས་ལྟ་བུར་འགྱུར། ལོ་བརྒྱད་ཁྲི་ཐུབ་པར་འགྱུར། ནམ་མཁའ་ལ་མཆི་བ་དང་། མཉམ་པ་མ་མཆིས་པ་དང་། ཁ་ཟས་ཅི་འཚལ་བ་རྣམས་འཚལ་བར་འགྱུར་རོ། ། རིག་སྔགས་འཆང་རྣམས་ཀྱི་སྤྱོད་ཡུལ་མ་ལགས་པར་འགྱུར་རོ།། བདག་འགུམ་པའི་དུས་འཚལ་བར་འགྱུར་རོ།། གལ་ཏེ་སླད་ཀྱིས་ཀྱང་བརྩོན་འགྲུས་བསྐྱེད་ན་ཚེ་དེའི་ཉིས་འགྱུར་ཐུབ་པར་འགྱུར་རོ། ། ཡར་གྱི་ངོ་ཟླ་བ་ཉ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། མཆོད་པ་བགྱིས་ལ་མེ་ཏོག་དྲི་ཞིམ་པོ་ལན་བརྒྱད་སྟོང་ཕུལ་ན་ཀ་ར་ཤ་པ་ཎ་ལྔ་སྩོལ་ཏོ།། དགྲ་བསྐྲད་པར་འཚལ་ན་ཡར་གྱི་ངོ་ཆོས་གཅིག་ལ་དུར་ཁྲོད་ཀྱི་གནས་སུ་ཞུགས་བུས་ལ་དུར་ཁྲོད་ཀྱི་ཐལ་བས་སྦྱིན་སྲེག་བགྱིས་ན་བསྐྲད་པར་འགྱུར་རོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་པྲི་ཡང་ཀུའི་ཤིང་གིས་ཞུགས་བུས་ལ་བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ནོར་སྩོལ་ཏོ།། དཔལ་ཆེ་བར་བགྱི་ན་ལག་ན་རྡོ་རྗེའི་མདུན་དུ་ཏིལ་གྱིས་ལན་བརྒྱད་སྟོང་བཟླས་བརྗོད་བགྱིའོ། ། དབྱེ་བར་བགྱི་ན་ཡར་གྱི་ངོ་ཚོས་ལྔ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མོན་སྲན་གྲེའུ་ལས་ལན་བརྒྱད་སྡོང་སྦྱིན་སྲེག་བགྱིས་ན་དབྱེ་བ་བགྱིས་པར་འགྱུར་རོ། ། ཆོས་གྲངས་དང་སྐར་མ་པདམ་མི་འཚལ། སྦྱང་བ་བསྔོ་མ་འཚལ་ཏེ། ལགན་རྡོ་རྗེའི་མདུན་དུ་གདུགས་བདུན་དུས་གསུམ་དུ་བ་རུ་ར་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་ཕྱུགས་ཆུང་རྙེད་དོ། ། བུད་མེད་དབང་དུ་བགྱིས་ན་གདུགས་བདུན་དུས་གསུམ་དུ་མོན་སྲན་གྲེའུ་ལས་སྦྱིན་སྲེག་བགྱིའོ།། སྐྱེས་པ་དབང་དུ་བགྱི་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ་ཏིལ་ལས་ལན་བརྒྱད་སྟོང་བ་གྱིས་ན་སྐྱེས་པ་དབང་དུ་འགྱུར་རོ། ། རཱ་ཛཱ་མ་ཏེ་བ་ཤཱི་ཀ་ར་མི་ཤུཀླ་པྲ་ཏི་བ་དྷ་མཾ་བྷེ་བཛྲ་པཱ་ཎེ་ར་གྷཱ་ཏ་ཨརྠ་ཨ་སྟེ་རག་ནིམ་པ་ཛཱ་ལྱ་ཤྲེཏ་ས་ར་ཤ་པ་ནཾ་ཨཥྚ་ས་ཧ་སྲྀ་ཛུ་ཧྭ་ཡང་ཡ་བད་ཨ་སྟ་མི་ཏི་བ་ཤ། རྒྱལ་བ་ལྡན་མའི་ཆོ་ག་རྫོགས་སོ།། ། རྡོ་རྗེ་ལྕགས་སྒྲོག་གི་ལས་རྣམས་ལགས་ཏེ། རིག་སྔགས་བཅིང་ན་སྲ་བུལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་མདུད་པ་དོར་རོ། ། ཡུངས་ཀར་གྱིས་ནི་ཞུགས་ཀྱི་ར་བར་འགྱུར་རོ།། ཆབ་ཀྱིས་ནི་ཡུལ་གྲུ་ཆེན་པོར་འགྱུར་རོ།། ཐལ་བས་ནི་རྡོ་རྗེ་ར་བར་འགྱུར་རོ། བཅིང་བ་ཐམས་ཅད་རྡོ་རྫ་ལྕགས་སྒྲོག་འདི་ཅིད་གྱུར་བར་མགྱིའོ།། གང་དག་པདག་སོ་རིག་པ་མཆོག་གི་ཆོག་རྒྱས་པ་ལདམ་ཚིག་མཐོང་ནས་འཇིག་རྟེན་པདང་ཇི་ན་ལས་རྦ་སྒྲུབ་པ་དེ་དག་ལ། གང་དག་བགེགས་བགྱིད་དམ་རྫས་འཕྲོག་པ་དེ་དག་ནི་དམ་ཚིག་མ་འཚལ་ཅིང་རིགས་ལ་འཁུ་བ་ལགས་ཏེ། དེ་དག་མ་རུང་བར་བགྱི་བའི་སླད་དུ་ལས་འདི་བརྩམས་པར་བགྱིའོ།། ཙན་དན་དམར་པོ་ལས་ལག་ན་རྡོ་རྗེའི་གཟུགས་བགྱིས་ཏེ་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ཞུགས་བུ་ས་ལ། ཤ་ཆེན་པོ་སྲེག་བླུགས་ལན་བདུན་སྦྱིན་སྲེག་བགྱིས་ཏེ། དེའི་འོག་ཏུ་འདི་སྐད་ཅེས་ལྷ་འམ། གནོད་སྦྱིན་ནམ། གྲུབ་པའམ། རིག་སྔགས་འཆང་ངམ། ལོག་འདྲེན་ནམ། ལོག་འདྲེན་གྱི་གཡོག་འཁོར་རམ། གྲུལ་བུམ་མམ། འབྱུང་པོའམ། ཤ་ཟའམ། གང་གིས་བདག་གི་རྫུས་ཇི་ལྟར་ཁྱེར་བ་དེས་སླར་བྱིན་ཅིག་ཅེས་བརྗོད་པར་བགྱིའོ།། དེ་སྐད་ཐོས་ནས་གལ་ཏེ་དེས་སྲུལ་ན་ནི་ཅང་མི་བགྱིའོ།། གལ་ཏེ་མ་སྩ་ལ་ན་ཡང་འདི་སྐད་བསྒྲག་པར་བགྱི་སྟེ། གང་གིས་བདག་གི་རྫས་ཁྱེར་བ་དེས་སླར་བྱིན་ཅིག་ཅེས་བགྱིའོ།། ཅི་སྟེམ་སྣ་ལན་ལག་ན་རྡོ་རྗེའི་རིགས་ལས་ཕྱི་རོལ་པ་ལག་ན་རྡོ་རྗེའི་རིགས་ལ་འཁུ་བ་ལགས་པས། བྱ་གག་གི་རྟུག་པ་བླངས་ལ་ཡང་ལན་གསུམ་བརྗོད་པར་བགྱིའོ།། དེ་ལྟར་བགྱིས་ཀྱང་མ་སྩལ་ན་བྱག་ག་གི་རྟུག་པ་ལག་ན་རྡོ་རྗེ་ལ་བདུག་ཅིང་རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བཟླས་བརྗོད་བགྱིའོ། ། དེ་ནས་ལག་ན་རྡོ་རྗེའི་རིགས་ལ་འཁུ་བ་དེས་ཀྱི་ཧུད་ཀྱི་ཧུད་ཅེས་མཆིལ་ཚིག་ཅིངས་ཕྱོགས་དེར་ལྷུང་ངོ་།། མིག་ཀྱང་འཇར་རོ།། འགུམ་པར་ཡང་འགྱུར་རོ།། རིགས་རབས་ཆད་པར་འགྱུར་རོ།། ནོར་ནི་སླར་ཁུགས་པར་འགྱུར་རོ།། གསད་པར་ནི་མི་བགྱིའོ།། གདོན་གྱི་ལས་རྣམས་ཀྱང་བགྱི་སྟེ། ས་ཟིན་པའམ་མ་ཟིན་པའང་རུང་སྟེ་ཡིད་ཀྱིས་དབབ་པར་བགྱིའོ། ། བྱེའུ་དྲུག་པའི་ལོ་མའམ། སྲ་རྩི་པོག་གམ། ཆབ་ཀྱིས་དུག་ལས་གསོ་བར་བགྱིའོ།། བདག་གསོ་ཞིང་མཛེ་ནད་མ་མཆིས་པར་བགྱི་ན་དོག་ས་ལ་ལམ་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་བསྐུ་བར་བགྱིའོ། ། ནང་ཀྲི་ཏ་སི་མ་མ་མཆིས་པར་བགྱི་ན་སྲད་བུལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ། གང་ན་ནད་ཀྲི་ཏ་སི་མཆིས་པ་དེར་བཅིང་བར་བགྱིའོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བིལ་བའི་ཤིང་གིས་ཞུགས་བུས་ལ་བིལ་བའི་ཡམ་སྲེག་ཤིང་ཁྲི་སྦྱིན་སྲེག་བགྱིས་ན་ལོངས་སྤྱོད་དག་སྩོལ་ལོ། ། ཡར་གྱི་དོ་ཉ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཨ་པ་མརྒའི་ཡམ་སྲེག་ཤིང་ཁྲི་རིག་པ་མཆོག་དང་ལྷན་ཅིག་པས་སྦྱིན་སྲེག་བགྱིས་ན། རྡོ་རྗེ་ལྕག་སྒྲོག་མཐོང་ཞིང་གང་བསླངས་པ་དེ་སྩོལ་ལོ། ། རྡོ་རྗེ་ལྕགས་སྒྲོག་གི་ཆོ་ག་རྫོགས་སོ།། ། རྡོ་རྗེ་སེར་མོའི་ལས་རྣམས་ལགས་ཏེ། གདོན་བབས་པ་གཏོང་བར་བགྱི་ན་ཆབ་ཀྱིས་བགྱིའོ། ། འདར་བར་བགྱི་ན་མཛུབ་མོ་ལ་ལན་བདུད་བཟླས་བརྗོད་བགྱིས་ཏེ་བསྟན་ན་འདར་རོ།། གདོན་རྣམ་པར་གཞོམ་ན་ཡིད་ཀྱིས་ལན་བདུན་བཟླས་བརྗོད་བགྱིའོ།། ཆབ་ཀྱིས་ནི་རེངས་པར་བགྱིད་དོ། ། རིག་པས་བཅིངས་པ་ལས་དགྲོལ་ན་རྡོ་རྗེ་སེར་མོའི་སྔགས་ལན་བདུན་བརྗོད་དེ། སོང་ཞིག་སོང་ཞིག་ཅེས་བརྗོད་ན་གྲོལ་བར་འགྱུར་རོ།། བཅིངས་པ་གྲོལ་ན་ལན་འབུམ་བཟླས་བརྗོད་པགྱིས་པས་འགྲོལ་ལོ། ། རྐང་རྡུལ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པས་ཐིག་ལེ་བགྱིས་ན་གང་བསམས་པ་དེ་རྙེད་དོ།། མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གཅིག་སྨྱུང་བ་བགྱིས་ཏེ། ནྱ་གྲོ་དྷ་གཅིག་པུ་མཆིས་པར་མཆིས་ལ་མཆོད་པ་རྒྱ་ཆེར་བགྱིས་ཏེ། ནྱ་གྲོ་དྷའི་དྲུང་དུ་མཆིས་ལ་ཤྲེ་ཤླེ་ཏ་ཀའི་ལོ་མ་དག་གི་སྟེང་ཅུ་དུར་བའི་ལོ་མ་བཞག་སྟེ། འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། ། འབར་ནས་མགོ་བོར་བཞག་ན་དེ་མེ་ཏོག་གི་འཕྲེང་བར་འགྱུར་རོ།། དེས་མགོ་ལ་བཅིངས་ན་དཔག་ཚད་སྟོང་དུ་གྱེན་དུ་འཕག་གོ། ལོ་ཁྲི་ཉིས་སྟོང་ཐུབ་བོ།། ཟླ་བ་སྤྲང་ཀིས་ཟིན་པའི་ཚེ་ཞག་གཅིག་སྨྱུང་བ་བགྱིས་ལ། ལག་ན་རྡོ་རྗེའི་མདུན་དུ་རས་དཀར་པོ་བཞག་ལ་འབར་གྱི་བར་དུ་བཟླས་བརྗོད་བགྱིས་ན། བླངས་པ་ཙམ་གྱིས་གདུགས་ཤར་བ་ལྟ་བུའི་མདོག་ཅན་དུ་འགྱུར་ཞིང་ལེ་ཉེས་སྟོང་ཐུབ་པར་འགྱུར་རོ། ། རྡོ་རྗེ་སེར་མོའི་ཆོ་ག་རྫོགས་སོ།། ། ཤུགས་ལྡན་མའི་ལས་རྣམས་ལགས་ཏེ། གདོན་ཚར་གཅད་ན་དུར་ཁྲོད་ཀྱི་སོལ་བས་གཟུག་བྲིས་ལ། ལན་གསུམ་བཟླས་བརྗོད་བགྱིས་པའི་ལྕུག་མས་གཞུས་ན་གདོན་གྱིས་གཏོང་ངོ་།། སྐྲ་ལས་བགྱིས་པའི་སྲད་བུ་གཏུན་ཤིང་གིས་བརྡུངས་ན་གདོན་དྲ་ཞིང་གཏོང་ངོ་།། གཟེགས་མ་ལས་སྦྱིན་སྲེག་བགྱིས་ན་གདོན་གྱི་ཡན་ལག་འཚོག་པར་འགྱུར་རོ། ། བ་ལང་གི་ལྕི་བ་ལས་གཟུགས་བགྱིས་ལ་ལན་བདུན་བཟླས་བརྗོད་བགྱིས་པའི་ཐུར་མས་མིག་ཕྱུང་ན་ནར་བར་འགྱུར་རོ། ། ལན་བདུན་བཟླས་བརྗོད་བགྱིས་པའི་གསེག་མས་ཤིང་ལྗོན་པ་ལ་བསྣུན་ན་འཕོ་བར་འགྱུར་རོ།། དབབ་ན་མེ་ཏོག་གིས་བགྱིའོ།། དགྲོལ་ན་ཡིད་ཀྱིས་སོ།། འདི་དག་ལ་སོམ་པ་ནི་གདོན་གྱི་ལས་རྣམས་ལགས་སོ། ། བསྲུང་བ་ནི་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པའི་ཐལ་བས་བགྱིའོ།། ཡུལ་གྲུ་བསྲུང་བ་ནི་ལན་བདུན་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ།། བསྐྲད་པ་ནི་ཡུངས་ཀར་གྱིས་བགྱིའོ།། ནང་པར་ལངས་ཏེ་ཤུགས་ལྡན་མའི་སྔགས་ལན་བརྒྱ་རྩ་བརྒྱད་བརྗོད་ན། ནད་ཐམས་ཅད་ལས་ཐར་པར་འགྱུར་རོ།། བུད་མེད་དབང་དུ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ། དགུང་བདུན་དུས་གསུམ་དུ་ལུང་ཐང་གི་ཤིང་གིས་ཞུགས་བུས་ལ། ཏིལ་གྱི་སྲེག་བླུགས་ལ་ན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ།། རཱ་ཛྙཱ་ན་བམ་ཤི་ཀ་མ་ཀྲེཥྚ་སྲ་ཨ་བྷ་མི་མ་ཨ་ཧོ་ར་ཏྲོ་ཤྲྀ་ཏེ་ན་བཛྲ་པཱ་ཎི་ར་གྷཱ་ཏ་ཏི་ལ་ཀ་ཤླེ་ར་ཀ་ནི་པྲ་ཛཱ་ལྱ་རུ་དྷི་ར་ཨཀྟ་ནཻར་ཛ~ཾ་ཀ་ན་ཨཥྚ་ས་ཧ་སྲཾ་ཛུ་ཧཱུ་ཡཾ་བ་ཤ~ཾ་བྷ་བི་ཏ། རྒྱ་མཚོར་འབབ་པའི་ཆུ་ངོགས་གཆིས་ཀའི་ས་བླངས་ལ་ཟ་མ་ཏོག་བགྱིས་ཏེ། ཟ་མ་ཏོག་དེར་ལིག་བུ་མཽག་སྩལ་ལ། ཟ་མ་ཏོག་ཀྱང་མཐོང་ཁ་སྦྱར་གྱི་ནང་དུ་སྩལ་ཏེ། མར་གྱི་ངོ་ཞག་བརྒྱད་ནས་དགུང་གསུམ་སྦྱང་བ་བགྱིས་ཏེ། མཚན་གཅིག་མཆིས་པར་མཆིས་ལ་ལྷོ་ཕྱོགས་སུ་མཆིས་ཏེ་མི་ཐོད་ཐོགས་ལ་འབར་གྱི་བར་བཟླས་བརྗོད་བགྱིའོ།། འབར་ནས་བླངས་ཏེ་རིག་པ་མཆོག་གིས་བསྲུང་བ་བགྱིས་ཏེ་ལིག་བུ་མིག་གཅིག་ལ་བཏགས་ཏེ། ལིག་བུ་མིག་དེ་འོ་མ་དང་ལྷན་ཅིག་འཚལ་ན་འཚལ་བ་ཙམ་གྱིས་སྐྲ་ལྷུང་ལོ་འཁྱིལ་བར་འགྱུར། མདོག་ཨུཏྤ་ལའི་ཁ་དོག་ལྟ་བུར་འགྱུར། མཚོན་གང་དགའ་ཕངས་པ་དེ་དག་ཕྱེ་མར་ལྤགས་པར་འགྱུར། ། ལོ་དྲུག་ཁྲི་ཐུབ་པར་འགྱུར། དབང་ཕྱུག་ཆེན་པོའི་ཚོགས་རྣམས་གྲོགས་སུ་འགྱུར་རོ།། མར་གྱི་པོ་ནག་བཅུ་བཞི་ལ་ཉིན་ཞག་གཅིག་སྦྱང་བ་བགྱིས་ཏེ། ལག་ན་རྡོ་རྗེ་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་མེ་ཏོག་ཨུཏྤལ་ཞོ་དང་། སྦྲང་རྩི་དང་། མར་ལ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཡུལ་རྙེད་དོ།། འབྱུང་པོ་ཐམས་ཅད་དབང་དུ་བགྱི་བར་འཚལ་བས་མར་གྱི་ངོ་ནག་གསུམ་དུ་སྨྱུང་བ་བགྱིས་ཏེ། དུར་ཁྲོད་དུ་མཆིས་ལ་པྲི་ཡང་ཀུའི་ཤིང་གོས་ཞུགས་བུས་ཏེ་མ་རལ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་འབྱུང་པོ་ཐམས་ཅད་མཆི་བར་འགྱུར་ཏེ། དེ་དག་ལ་ཕྱག་བརྙན་གྱིས་ཤིག་ཅེས་བརྗོད་ན་གང་དང་གང་དུ་བསྐོས་པ་དེ་དག་ཐམས་ཅད་བགྱིད་དོ།། ཡར་གྱི་ངོ་ཚོས་ལྔ་ལ་ཉིན་ཞག་གཅིག་སྦྱང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ས་ཏི་མུཀྟ་ཀའི་མེ་ཏོག་སྟོང་རྩ་བརྒྱད་ཕུལ་ན་ལོངས་སྤྱོད་རྣམས་སྩོལ་ཏེ། ཤུགས་ལྡན་མའི་ཆོ་ག་རྫོགས་སོ།། ། རྡོ་རྗེ་གདོང་གི་ལས་རྣམས་ལགས་ཏེ། ལན་བཿ་རྩ་བརྒྱད་བཟླས་བརྗོད་བགྱིས་པའི་བུམ་པས་གདུགས་བདུན་ཁྲུས་བགྱིས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། ། བྱིས་པ་གང་དག་གདོན་གྱིས་ཟིན་ཏེ་ཁྲུས་བགྱིས་ན་གཏོང་བར་འགྱུར་རོ། ། གདོན་གྱིས་ཟིན་པ་རྣམས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པའི་བདུག་པས་བདུགས་ན་གཏོང་བར་འགྱུར་རོ།། གང་དག་ནམ་གྲུ་དང་། སྲུལ་པོ་དང་གདོན་བརླན་ནས་ཟིན་པ་དེ་དག་ཚེན་སྣ་ལྔའི་སྐུད་པ་ལ་མདུད་པ་བདུན་བོར་ཏེ་ལག་པ་ལ་བཅིངས་ན་གཏོང་ངོ་། ། དུག་ལས་གསོན་ཡལ་གས་བགྱིའོ།། སྲིན་པུ་ཏི་ཀས་ཟིན་པ་དང་། ནད་ཙི་ལུ་ཏ་དང་། རྐང་ཤུ་བྱུང་བ་ལས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་བསྐུས་ན་ལན་གསུམ་གྱི་ཐ་མ་ལ་སོས་པར་འགྱུར་རོ།། ཕྱག་རྒྱ་གཞི་ག་ན་ཆབ་ཀྱིས་བགྱིའོ།། དབྱིག་དུག་བསལ་བར་བགྱི་ན་རྐང་ལག་བཀྲུས་ལ་སྣོད་དུ་སྩལ་ཏེ། དེ་ནས་རྩཝ་ཀུ་ཤས་བྱ་བས་ན་འབྱུང་བར་འགྱུར་རོ།། གདོན་སྤྲོན་ལན་བདུན་བཟླས་བརྗོད་བགྱིས་པའི་ཐལ་བས་བགྱིའོ།། ནད་ཙཽ་ལུ་མ་མཆིས་པར་བགྱི་ན་མཚོན་རྣོན་པོས་ས་ཤུར་གྱིས་དྲ་ས་ལ་ཡང་རྐེད་དུ་བཅད་ན་ཙཽ་ལུ་མ་མཆིས་པར་འགྱུར་རོ། ། ནད་བྲྀ་ཧཱ་མ་མཆིས་པར་བགྱི་བའང་དེ་བཞིན་ནོ།། འཛེར་པ་མ་མཆིས་པར་བགྱི་ནས་ལ་ལན་བདུན་བཟླས་བརྗོད་བགྱིས་པས་བགྱིའོ། ། མར་གྱི་པོ་ནག་བཅུ་བཞི་ལ་ཉིན་ཞག་གཅིག་སྦྱང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་ཅི་ནུས་སུ་བགྱིས་ལ་གིརུ་ཝང་རས་དཀར་པོའི་སྟེང་དུ་བཞག་སྟེ་འབར་གྱི་བར་དུ་བཟླས་བརྗོད་བགྱིའོ། ། འབར་ནས་བླང་བར་བགྱིས་ཏེ། བླངས་ནས་ཐིག་ལེ་བགྱིས་ན་མི་གདའ་བར་འགྱུར།། འབྱུང་པོ་ཐམས་ཅད་ཀྱིས་མི་ཚུག་པར་འགྱུར་རོ། ། ཟླ་བ་གཅིག་སློང་མོ་པའི་ཟས་འཚལ་ཞིང་ཐ་མར་ཞག་གསུམ་སྨྱུང་བ་བགྱིས་ལ། མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ཏེ། ཤུ་དག་ཆད་པར་བཅངས་ལ་སྦྲུལ་དུ་གྱུར་གྱི་བར་དུ་བཟླས་བརྗོད་བགྱི་ཞིང་། དེས་མི་འཇིགས་པར་བགྱིའོ།། སླར་ཡང་ཤུ་དག་ཏུ་གྱུར་ཀྱི་བར་དུ་བཟླས་བརྗོད་བགྱིའོ།། དེ་ནས་བཟའ་བར་བགྱི་སྟེ།། འཚལ་པབ་ཙམ་གྱིས་གདུགས་ཤ་ར་བ་ལྟ་བུའི་མདོག་ཅན་དུ་འགྱུར་ཞིང་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ལྷ་ཆེན་པོའི་གནས་སུ་མཆིས་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ། ལྷ་ཆེན་པོའི་གཞོགས་གཡས་པར་ལིག་བུ་མིག་ཨ་ཤྭཏྠའི་ལོ་མའི་སྟེང་དུ་བཞག་སྟེ། དུ་བ་འཐུལ་གྱི་བར་དུ་བཟླས་བརྗོད་བགྱིའོ།། དེ་ནས་ལིག་བུ་མིག་བླངས་ཏེ་ལྷའི་སྐལ་བ་བཞག་ལ་མིག་ལ་བསྐུས་ན་མི་གདའ་བར་འགྱུར་རོ། ། ལོ་བདུན་སྟོང་ཐུབ་པར་འགྱུར་རོ།། ཨརྐའི་མེ་ཏོག་དུར་ཁྲོད་ཀྱི་མེས་བསྲེགས་ནས་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ནས་ལྷ་ཆེན་པོའི་གནས་སུ་མཆིས་ལཤིང་ཨ་ཤྭཏྠའི་ལོ་མའི་སྟེང་དུ་བཞག་སྟེལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ལ་ཐིག་ལེ་བགྱིས་ན་མི་གདའ་བར་འགྱུར་རོ། ། ལོ་ལྔ་སྡོང་ཐུབ་པར་འགྱུར་རོ།། ཟླ་བ་གཅིགའོ་སྐྱོ་འཚལ་ཞིང་མར་གྱི་ངོ་ནག་བཅུ་བཞི་ལ་མིའི་རུས་པ་ཟླ་ག་མ་ལྟ་བུར་བགྱིས་ལ། དེ་ནས་རིག་སྔགས་འཆང་གིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ལག་ན་རྡོ་རྗེའི་གཟུགས་དང་། དབང་ཕྱུག་ཆེན་པོའི་གཟུགས་བཞག་ལ། རིག་སྔགས་འཆང་གིས་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེ་དང་། དབང་ཕྱུག་ཆེན་པོ་ལ་རྒྱ་ཆེར་མཆོད་དེ། རིག་སྔགས་འཆང་གིས་ཡར་གྱི་དེའི་ཚེས་བརྒྱད་ནས་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ། ཟླ་གམ་བླངས་ཏེ་རས་དཀར་པོའོ་སྟེང་དུ་བཞག་ལ་འ་བར་གྱི་བར་དུ་བཟླས་བརྗོད་བགྱིའོ།། འབར་ནས་བླངས་ཏེ་མགོ་བོར་བཞག་ན་ཅི་འདོད་པའི་གཟུགས་ཅན་དུ་འགྱུར་རོ། ། ལག་ན་རྡོ་རྗེ་དང་། དབང་ཕྱུག་ཆེན་པོའི་གཟུགས་སུའང་བསྒྱུར། ཡིད་ཀྱིས་གང་བསམས་པ་དེ་ཐམས་ཅད་ཀྱང་འགྲུབ་བོ།། ལེ་སྟོང་ཐུབ་པར་འགྱུར་རོ།། འཆི་བའི་དུས་ཀྱང་འཚལ་ལོ། ། ཟས་སུ་འོ་སྐྱོ་འཚལ་ཞིང་ལག་ན་རྡོ་རྗེའི་མདུན་དུ་ཤླེ་ཤླེ་ཏ་ཀའི་ཤིང་གིས་ཞུགས་པུས་ལ།། ཨ་བ་མརྒའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བགྱིས་ན་རྒྱལ་པོ་ཉིད་ཐོབ་བོ།། རྡོ་རྗེ་གདོང་གི་ཆོ་ག་རྫོགས་སོ། ། རྡོ་རྗེ་ལྟེ་བའི་ལས་རྣམས་ལགས་ཏེ། རི་མོ་མཁན་གསོ་སྦྱོང་བཟུང་བས་མགོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚན་གྱིས་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་རམ་རས་ཀྱི་ཤམ་ཐབས་ཅན་བྲི་བར་བྱའོ།། དེའི་གཡས་རོལ་དུ་རྡོ་རྗེའི་ལྟེ་བ་གསེར་གྱི་མདོག་ལྟ་བུ་བྲི་བར་བགྱིས་ཏེ། དེའང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བགྱིའོ། ། དེ་ནས་རིག་སྔགས་འཆང་ཟས་སུའི་སྐྱོ་འཚལ་བར་བགྱིའོ།། མར་གྱི་ངོ་ཞག་བཅུ་བཞི་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ། ཅི་ནུས་ཀྱི་མཆོད་པ་བགྱིས་ལ་ཙན་དན་དམར་པོ་མཐོ་གང་ལ་རྡོ་རྗེ་བ་གྱིས་ཏེ། རྡོ་རྗེའི་རྐེད་པར་ལྡོང་རོས་བཞག་ལ། བྱང་ཆུབ་ཀྱི་ཤིང་གི་ལོ་མས་གཡོགས་ཏེ། དངོས་གྲུབ་རྣམ་གསུམ་བྱུང་གི་བར་དུ་བཟླས་བརྗོད་བགྱིའོ།། འབར་བར་གྱུར་ན་བསྐལ་པར་གནས་ཤིང་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། དཔག་ཚད་སྟོང་གྱེན་དུ་འཕག་ཅིང་དེའི་མོད་ལ་སླར་མཆིའོ།། གང་གི་ཚེ་འགུམ་པ་དེའི་ཚེ་ལག་ན་རྡོ་རྗེའི་རིགས་སུ་སྐྱེའོ།། ཅི་སྟེ་དུ་བ་འཐུལ་ནས་བླངས་ཏེ་ཐིག་ལེ་བགྱིས་ན་མི་གདའ་བར་འགྱུར། ། ལོ་བཅུ་དྲུག་ལོན་པ་ལྟ་བུའི་ལུས་སུ་འགྱུར། ལོ་བདུན་སྟོང་ཐུབ་པར་འགྱུར་རོ།། དྲོ་བར་གྱུར་ནས་བླངས་ལ་ཐིག་ལེར་བགྱིས་ན་གང་མཐོང་བ་དེ་དབང་དུ་འགྱུར་ཏེ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའང་དབང་དུ་འགྱུར་རོ།། ཟླ་བ་གཅིག་ཟས་སུ་ཆུ་གྲོག་འཚལ་ཞིང་མར་གྱི་ངོ་ཞག་བརྒྱད་ནས་ཞག་གསུམ་སྤང་བ་བགྱིས་ཏེ། བ.ལང་གིལྷས་སམ། ཀུན་དགའ་ར་བ་འམ། ཡང་ན་གནས་གཙང་མར་མཆོད་པ་རྒྱ་ཆེར་བགྱིས་ལ། ལྡོང་རོས་ཏིལ་གྱི་ལོ་མ་བདུན་གྱི་སྟེང་དུ་བཞག་སྟེ། གདོལ་པའི་བུ་མོའི་མོ་མཚན་ནམ། འཇིབ་ལ་བགྱིས་པའི་མོ་མཚན་གྱི་སྟེང་དུ་གཞག་པར་བགྱི་ཞིང་། གདོལ་པའི་བུ་མོ་རལ་གྲི་ཐོགས་པ་བཞི་ཕྱོགས་བཞིར་བཞག་པར་བགྱིས་ལ། དེ་ནས་རིག་སྔགས་འཆང་གོས་དངོས་གྲུབ་རྣམ་པ་གསུམ་བྱུང་གི་བར་དུ་བཟླས་བརྗོད་བགྱིའོ། ། འབར་བར་གྱུར་ན་གདུགས་ཤར་བ་འདྲ་བའི་མདོག་ཏུ་འགྱུར། སྒ་ལྕང་ལོ་འཁྱིལ་བར་འགྱུར། ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར། འོག་ཏུ་དཔག་ཚད་སྟོང་དུ་མཆི་བར་འགྱུར། སྟེང་དུའང་དེ་བཞིན་མཆི་བར་འགྱུར། དཔག་ཚད་སྟོང་ཚུན་ཆད་ཀྱིས་ཐོས་ཤིང་མཐོང་བར་འགྱུར། ལོ་ཁྲི་ཉིས་སྟོང་འཚེ་བར་འགྱུར། ནམ་མཁའ་ལ་རླུང་གི་ཤུགས་དང་མཚུངས་པར་འགྱུར། གྲུབ་པ་ཐམས་ཅད་ཀྱང་འདིས་དབང་དུ་འགྱུར། ཚེས་གྲངས་དང་སྐར་མ་བདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ། བུད་མེད་ཀྱི་རོ་བླངས་ལ་ལིག་བུ་མིག་དེའི་མོ་མཚན་གྱི་སྟེང་དུ་བཞག་སྟེ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བགྱིས་ཏེ། ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ལ། ལིག་བུ་མིག་དེ་བླངས་ཏེ་མི་གལ་བ་སྐུས་ན་མི་གདའ་བར་འགྱུར། ལོ་བདུན་སྟོང་ཐུབ་པར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྦྱང་བ་བགྱིས་ཏེ། གདོལ་པའི་ཁྱིམ་ནས་ཞུགས་བླངས་ལ་སེང་ལྡེང་གི་ཤིང་གིས་ཞུགས་བུས་ཏེ་དུག་དང་ཁྲག་དང་བསྲེས་པའི་ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན། གང་གི་མིང་ནས་སྨོས་ཏེ་སྦྱིན་སྲེག་བགྱིས་པ་དེ་དབང་དུ་འགྱུར་རོ།། མར་གྱི་ངོ་ཞག་བཅུ་གཉིས་ལ་མི་རུས་ཀྱི་ཐུར་མས་བླངས་ཏེ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ལ་དགྲའི་ཁྱིམ་སྒོར་བཙུགས་ན་དགུང་གསུམ་གྱིས་འབྲོས་པར་འགྱུར་རོ། ། རྡོ་རྗེ་ལྟེ་བའི་ཆོ་ག་རྫོགས་སོ།། ། མེ་ཁ་ལའི་ལས་རྣམས་ལགས་ཏེ། སྲུང་བ་བགྱིད་ན་ལན་བདུན་བཟླས་བརྗོད་བགྱིས་པའི་སྲད་བུས་ལག་པ་ལ་བཅིང་བར་བགྱིའོ།། ཡུལ་གྲུ་སྲུང་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། ། དབབ་ན་བྱེའུ་རུག་པའི་ལོ་མའམ་རྨ་བྱའི་མདོངས་ཀྱིས་བགྱིའོ།། གདོན་ལ་གནོད་པ་བགྱིད་ན་ཆབ་ཀྱིས་བགྱིའོ།། ཁྱིམ་མམ། ལྔ་ཁང་ངམ། ཀུན་དགའི་ར་བར་མཆིས་ལ་གང་དུ་བཟླས་བརྗོད་བགྱིས་པ་དེ་ནས་འབྱུང་པོ་དང་གདོན་ཐམས་ཅད་འབྲོས་པར་འགྱུར་རོ། ། གདོན་ཚར་གཅད་ན་ཁྲག་གིས་གཟུགས་བྲིས་ལ་རྐང་པས་མནན་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་གདོན་གྱི་རིགས་ཕུང་བར་འགྱུར་རོ། ། རིག་པ་སྒྲུབ་ན་ཐོག་མ་ཉིད་ལས་འདི་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཤླེ་ཤླེ་ཏ་ཀའི་ཤིང་གིས་ཞུགས་བུ་ས་ལ་ཀུར་བའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ལྷ་དེས་རིག་པའི་ལྷ་བཟུང་ནས་ཁྲིད་དེ་མཆིའོ། ། ཁྲིད་དེ་མཆིས་ནས་དངོས་གྲུབ་ཏུ་འགྱུར་རོ།། ཅི་སྟེ་ལོག་འདྲེན་རྣམས་ཀྱི་རིགས་སྒྲུབ་པར་འཚལ་ན་ལོགའི་དྲན་རྣམས་ཀྱི་ལོག་འདྲན་གྱི་རིགས་ནི་བཞི་མཆིས་ཏེ། སོ་གཅིག་པའི་རིགས་དང་། ཀམ་པོ་ཛའི་རིགས་དང་། རྣམ་པར་འཇོམས་པའི་རིགས་དང་། ཕུང་བྱེད་ཀྱི་རིགས་སོ།། སོ་གཅིག་པའི་རིགས་ལ་གཙུག་པུད་འཕྱང་ལ་སོགས་པ་ལོག་འདྲེན་བརྒྱད་ཁྲི་མཆིས་ཏེ། དེ་དག་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བགེགས་བགྱིད་དོ།། ཀམ་པོ་ཛའི་རིགས་ལ་ནི་དབང་ཕྱུག་ཆེན་པོའི་གཡོག་འཁོར་བ་ལང་རྣ་བ་ལ་སོགས་པ་ལ་བགེགས་དྲུག་ཁྲི་མཆིས་ཏེ། དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པ་ལ་བགེགས་བགྱིད་ཅིང་རིག་པའང་འཇོམས་པར་བགྱིད་དོ།། རྣམ་པར་འཇོམས་པའི་རིགས་ལ་ནི་འཇིག་རྟེན་སྐྱོང་བའི་གཡོག་འཁོར་མྱ་ངན་མེད་ལ་སོགས་པ་ལོག་འདྲེན་དྲུག་ཁྲི་མཆིས་ཏེ། དེ་དག་ཀྱང་དབང་ཕྱུག་ཆེན་པོ་དང་ཕུར་བུ་གསུམ་པའི་ཆོ་ག་རྒྱས་པ་ལ་བགེགས་བགྱིད་དོ།། ཕུང་བྱེད་ཀྱི་རིགས་ལ་ནི་ལག་ན་རྡོ་རྗེ་གཡོག་འཁོར་མུ་རྡ་ཏ་ཀ་ལ་སོགས་པའི་ལོག་འདྲེན་བྱེ་བ་ཕྲག་འབུམ་མཆིས་ཏེ། དེ་དག་ནི་རིག་པའི་ཆོ་ག་རྒྱས་པ་ཐམས་ཅད་ལ་བགེགས་བགྱིད་ཅིང་རིག་པའང་འཇོམས་པར་བགྱིད་དོ།། འདི་ནི་ལོག་འདྲེན། དེདག་གི་སྒྲུབ་པ་ལག་ཏེ། སོ་གཅིག་པའི་རིགས་ཀྱི་སྒྲུབ་པ་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ལ་བ་ལང་གི་མཁྲིས་པས་སྦགས་པའི་ཡུངས་ཀར་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན། ཀྱི་ཧུད་ཀྱི་ཧུད་ཅེས་འཆི་བའི་སྒྲ་གྲག་ཅིང་གྲུབ་པར་འགྱུར་ཏེ། གྲུབ་ནས་ཀྱང་སྒྲུབ་པ་ལ་བགེགས་མི་བགྱིད་དེ། བདེ་བར་སྒྲུབ་ཏུ་མཆིས་སོ། ། ཀམ་པོ་ཛའི་རིགས་ཀྱི་སྒྲུབ་པ་ནི་མར་གྱི་ངོ་ཞག་ལྔ་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེ་དང་། དབང་ཕྱུག་ཆེན་པོ་ལ་མཆོད་པ་བགྱིས་ནས། ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་མོན་སྲན་གྲེའུ་དང་མར་བསྲེས་པ་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན། ལག་ན་རྡོ་རྗེའི་གཟུགས་འགུལ་ཏེ། དེ་ནས་གྲུབ་པར་འགྱུར་རོ།། གྲུབ་ནས་ཀྱང་དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པ་བཀླགས་པ་ཙམ་གྱིས་རིག་པ་ཐམས་ཅད་འགྲུབ་བོ། ། རྣམ་པར་འཇོམས་པའི་རིགས་ཀྱི་སྒྲུབ་པ་ནི་མར་གྱི་ངོ་ནག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། མཚན་གཅིག་མཆིས་པར་མཆིས་ལ། མཚན་གཅིག་པ་ལ་མཆོད་པ་ཆེན་པོ་བགྱིས་ལ། ལོག་འདྲེན་རྣམས་ལའང་གཏོར་མ་བགྱིའོ།། དེའི་མདུན་དུ་བེ་ཀང་ཏའི་ཞུགས་བུས་ལ་ཁྲག་དང་བསྲེས་པའི་ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དེའི་འོག་ཏུ་གྲིབ་མ་གདའ་ཞིང་གྲུབ་པར་འགྱུར་རོ། ། རྣམ་པར་འཇོམས་པའི་རིགས་གྲུབ་ན་ལོག་འདྲེན་རྣམས་དབང་དུ་འགྱུར་རོ།། གང་དང་གང་དུ་དགོས་པ་དེ་ཐམས་ཅད་བགྱིད་དོ། ། ཕུང་བྱེད་ཀྱི་རིགས་ཀྱི་སྒྲུབ་པ་ནི་ཟླ་བ་ཕྱེད་ཟས་སུའོ་སྐྱོ་འཚལ་ཞིང་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱ་ཆེར་བགྱིས་ལ་ཞུགས་མར་གཉིས་བུས་ཏེ། གཅིག་ནི་ལག་ན་རྡོ་རྗེ་ལ་དབུལ་ལོ།། གཅིག་ནི་མུརྦ་ཏ་ཀ་ལ་དབུལ་ལོ།། དེ་ནས་རིག་སྔགས་འཆང་གིས་བསྲུང་བ་བགྱིས་ལ། ལག་ན་རྡོ་རྗེའི་མདུན་དུ་སེང་ལྡེང་གི་ཤིང་གིས་ཞུགས་བུས་ཏེ་ནཱ་ལེ་ཤམ་དཀར་པོ་བདག་གི་ཁྲག་དང་བསྲེས་པས་ལན་བརྒྱད་སྡོང་སྦྱིན་སྲེག་བགྱིས་ན། ལག་ན་རྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་ལས་འོད་ཟེར་བྱུང་སྟེ། དེ་ནས་གྲུབ་པར་འགྱུར་རོ། ། ཕུང་བྱེད་ཀྱི་རིགས་སྒྲུབ་ན་རིག་པའི་ཆོ་ག་ཐམས་ཅད་བདེ་བར་སྒྲུབ་ཏུ་མཆིས་ཏེ། བགེགས་མ་མཆིས་པའོ།། ལོག་འདྲེན་དེ་དག་ཀྱང་ཕྱག་བརྙན་དུ་འགྱུར་རོ།། ལོག་འདྲེན་རྣམ་ཀྱང་རིག་སྔགས་འཆང་ལ་གསང་སྔགས་སྩོལ་ཏེ། དེས་ལོ་སྟོང་ཐུབ་པར་འགྱུར་རོ།། ཟས་སུ་འོ་ཐུག་འཚལ་ཞིང་ལག་ན་རྡོ་རྗེའི་མདུན་དུ་ལན་འབུམ་བཟླས་བརྗོད་བགྱིས་ན་མེ་ཁལ་གྲུབ་པར་འགྱུར་ཏེ། གདུགས་གཅིག་བཞིན་ཀར་ཤ་པ་ཎ་བརྒྱད་སྟོང་སྩོལ་ཏོ།། རྟག་ཏུ་བཟླས་བརྗོད་པ་གྱིས་ནད་གྲལས་རྒྱལ་ལོ།། མར་གྱི་ངོ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་པདྨ་བརྒྱད་སྟོང་ཕུལ་ན། རིག་པའི་རྒྱལ་པོ་དམ་བ་སྩོལ་བར་འགྱུར་རོ།། མེ་ཁ་ལའི་ཆོ་ག་རྫོགས་སོ།། ། གདོང་དཀར་མོའི་ལས་རྣམས་ལགས་ཏེ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་ལག་ན་རྡོ་རྗེ་མདོག་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕོ་ཉ་མོ་བཅུ་གཉིས་ཀྱིས་བསྐོར་བ་བྲི་བར་བགྱི་སྟེ་ཁ་དོག་ཇི་ལྟ་བ་བཞིན་དུ་བྲི་བར་བགྱིའོ། ། ཕོ་ཉ་མོ་ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བགྱིའོ།། ཐ་མར་རིའི་རྩེ་མོ་རྣམས་བྲི་བར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ཡར་གྱི་ངོ་ཚེས་གཅིག་ནས་བརྩམས་ཏེ་ཟས་སུ་ཆུ་གྲོག་འཚལ་ཞིང་མར་གྱི་ངོ་ཞག་བརྒྱད་ལ་ཐུག་གི་བར་དུ་བཟླས་བརྗོད་བགྱིའོ། ། མར་གྱི་ངོ་ནག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེ་ལ་མཆོད་པ་རྒྱ་ཆེ་རབ་གྱི་ས་ལ་འབྱུང་པོའི་གཏོར་མའང་བཟང་དུ་བགྱིའོ། ། དེའི་འོག་ཏུ་རིག་སྔགས་འཆང་གིས་རི་མོའི་གཟུགས་ཀྱི་མདུན་དུ་བྱང་ཆུབ་ཀྱི་ཤིང་གོས་ཞུགས་བུས་ལ་པདྨ་ཞོ་དང་སྦྲང་རྩི་དང་། མར་ལ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བགྱིའོ།། དེ་ནས་ཅ་ཅོའོ་སྒྲ་ཆེན་པོ་གྲག་པར་འགྱུར་ཏེ། དེ་ལའང་མི་འཇིགས་པར་བགྱིའོ།། དེ་ནས་གདོང་དཀར་མོ་གཟུགས་མི་སྡུག་པར་བསྒྱུར་ནས་མཆི་སྟེ། དེ་ལའང་མི་འཇིགས་པར་བགྱིའོ།། རྡོ་རྗེ་བཞད་མའི་བཟླས་བརྗོད་བགྱིས་ལ། དེ་ལ་འདི་སྐད་ཅེས་ལག་ན་རྡོ་རྗེའི་གནང་ཆེན་མ་བཅོམ་ལྡན་འདས་མ་ཁྱོད་ལེགས་པར་བྱོན་ཏམ་ཞེས་བརྗོད་པར་བགྱིའོ། ། དེ་དེ་སྐད་ཐོས་ནས་དགའ་བར་འགྱུར་ཏེ། དེས་འདི་སྐད་དུ་ཅི་བྱ་བ་ཞེས་བརྗོད་པ་དང་། བཅོམ་ལྡན་འདས་མ་ལོ་ལྔ་སྟོང་ཐུབ་པར་འཚལ་ལོ་ཞེས་བརྗོད་པར་བགྱི་སྟེ། བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་དགའ་བའི་ཡོད་ཀྱིས་རལ་གྲི་སྩོལ་ཏེ། དེ་ནས་མི་གདའ་བར་འགྱུར་རོ།། རལ་གྲི་དེ་བླངས་ནས་སྒྲ་ལྕང་ལོར་འཁྱིལ་བར་འགྱུར། གདུགས་ཤར་བ་ལྟ་བུའི་མདོག་ཅན་དུ་འགྱུར། རིག་སྔགས་འཆང་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ།། མ་བསྒྲུབས་པར་ལས་རྣམས་འགྲུབ་པར་འགྱུར་རོ།། དབབ་པར་བགྱི་ན་གདོན་གྱིས་ཟིན་པའི་རྐང་པ་ལ་རྐང་པས་མནན་ཏེ་དབབ་པར་བགྱིའོ། ། འབྱུང་པོ་དང་ཤ་ཟ་རྣམས་དབ་པ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བགྱིའོ།། དུག་ལས་གསོན་ཡལ་གས་བགྱིའོ།། གདོན་བཟའ་བར་བགྱི་ན་ལན་གསུམ་བཟླས་བརྗོད་བགྱིས་པའི་མེ་ཏོག་དམར་པོས་བགྱིའོ། ། གདོན་འཁུམས་པར་བགྱི་ན་ཡིད་ཀྱིས་བཟླས་བརྗོད་བགྱིས་པས་བགྱིའོ།། དབྱེ་བར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་ལག་ན་རྡོ་རྗེའི་མདུན་དུ་གདུགས་བདུན་དུས་གསུམ་དུ་བ་རུ་རའི་ཤིང་གིས་ཞུགས་བུས་ལ། སྦྲུལ་ཁོག་བརྗེས་པའི་སྲེག་བླུགས་གསུམ་སྦྱིན་སྲེག་བགྱིའོ།། ལོང་བར་བགྱི་ན་དབང་ཕྱུག་ཆེན་པོའོ་གནས་སུ་མཆིས་ལ་ནེའུ་ལེའི་ལྕེས་ལན་བརྒྱད་བརྒྱ་སྦྱིན་སྲེག་བགྱི་ཞིང་མིང་ནས་ཕྱུང་ན་ལོང་བར་འགྱུར་རོ། ། ལག་ན་རྡོ་རྗེའི་མདུན་དུ་ཤུ་དག་བརྒྱད་བརྒྱ་སྦྱིན་སྲེག་བགྱིས་ན་སྔ་མཁོ་བཞིན་དུའགྱུར་རོ། ། གདོང་དཀར་མོའི་ཆོ་ག་རྫོགས་སོ།། །། རྡོ་རྗེ་སེར་མོའི་ལས་རྣམས་ལགས་ཏེ། ཡར་གྱི་ངོ་ཚས་བརྒྱད་ནས་བརྩམས་ཏེ་དུར་ཁྲོད་དུ་ཟླ་བ་དྲུག་བཟླས་བརྗོད་བགྱིས་ན་རྒྱལ་པོ་ཉིད་སྩོལ་ཏོ། ། ཟླ་བ་གསུམ་བཟླས་བརྗོད་བགྱིས་ན་ཉི་ཚེ་བའི་ལོངས་སྤྱོད་རྣམས་སྩོལ་ཏོ།། ཟླ་བ་གཅིག་བཟླས་བརྗོད་བགྱིས་ན་དི་ནར་ཁྲི་ཉིས་སྟོང་སྩོལ་ཏོ།། ཟས་སུ་ནི་སློང་མོའི་ཟས་རྣམས་བཟའ་བར་བགྱིའོ། ། དགྲ་བ་སྐྲད་པར་འཚལ་ན་བྱ་ནག་བཀྲའི་འདབ་མ་བླངས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ལ་དགྲའི་ཁྱིམ་དུ་བཞག་ན་དགྲའཕྲལ་དུ་འབྲོས་སོ། ། གཞན་ནད་ཀྱིས་འདེབས་པར་འཚལ་ན་མར་གྱི་ངོ་ཞོག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་ཤིང་བཛྲའི་རྩ་བས་རྡོ་རྗེ་ལ་བདུག་པར་བགྱི་ཞིང་། རིག་པའང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་གང་ཡིད་ལ་བསམས་པ་དེ་ནད་ཀྱིས་ཐེབས་པར་འགྱུར་རོ། ། ལག་ན་རྡོ་རྗེའི་མདུན་དུ་ལྕེ་པོག་གིས་བདུག་ཅིང་རིག་པའང་ལན་བརྒྱད་སྟོང་པཟླས་བརྗོད་བགྱིས་ན་གསོས་པ་བགྱིས་པར་འགྱུར་རོ།། འབྱུང་པོ་དང་ཤ་ཟ་རྣམས་རེངས་པར་བགྱི་ན་ཡིད་ཀྱིས་བགྱིའོ།། དབབ་པ་ནི་མེ་ལོང་གིས་བགྱིས་ཏེ། མེའི་སྦྱིན་སྲེག་བགྱིས་པའི་ཐལ་བས་དག་པར་ཕྱིས་ལ་ཁྱེའུ་དག་བསྟན་ན་བདེན་པ་བརྗོད་དོ།། གདོན་པ་སྐད་ན་ཡུངས་ཀ་ར་གཏུན་དུ་བརྡུངས་ན་ངུ་ཞིང་གཏོང་བར་འགྱུར་རོ།། དུར་ཁྲོད་ཀྱི་སོལ་བས་ས་ལ་གཟུགས་བྲིས་ལ། དེའི་ལག་པའམ་མགུལ་པར་ལག་ན་རྡོ་རྗེ་བྲིས་ཏེ་མནན་ན་གཏོང་བར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཡུངས་ཀར་ཟ་མ་ཏོག་ཏུ་སྲུལ་ལ་བཟླས་བརྗོད་བགྱིས་ན་དེས་རེག་པ་ཙམ་གྱིས་གདོན་དུ་ཞིང་གཏོང་བར་འགྱུར་རོ། ། དགྲ་གསད་པར་འཚལ་ན་དུར་ཁྲོད་ཀྱི་སོལ་བ་བླངས་ལ་གཟུགས་བྲིས་ཏེ་སྙིང་ཁར་མནན་ལ་བཟླས་བརྗོད་བགྱིས་ན་འཕྲལ་དུ་དགྲ་མ་ལགས་པར་འགྱུར་རོ།། ཚེས་གྲངས་དང་སྐར་མ་པ་དམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་ཏེ། དགྲ་བསྐམ་པར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཤིང་མདའ་ན་ལས་གཟུགས་བགྱིས་ལ་སང་ལྡེང་གི་ཕུར་བུ་སྙིང་ཁར་བཙུགས་ཏེ། རིག་པ་གང་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་ནང་དྲག་པོས་འདེབས་ཤིང་བསྐམས་པར་ཡང་འགྱུར་རོ། ། ཕྱུང་ན་སོས་པར་ཡང་འགྱུར་རོ།། རྡོ་རྗེ་སེར་མོའི་ཆོ་ག་རྫོགས་སོ།། ། ན་གསེར་གྱི་ལས་རྣམ་ལགས་ཏེ། ཡུལ་གྲུབ་སྲུང་ན་ཆབ་ཀྱིས་བགྱིའོ།། མཚམས་གཅང་ན་ལན་ཉི་ཤུ་རྩ་བ་ཅིག་བཟླས་བརྗོད་བགྱིས་པའི་ཕུར་བུས་བགྱིའོ།། སྨན་བསྲུང་ན་ཡིད་ཀྱིས་བགྱིའོ།། རྐང་གཉིས་པ་དང་རྐང་བཞི་པ་རྣམས་དཀར་ན་ཐལ་མོས་བརྡབས་པས་བགྱིའོ། ། རེག་སྔགས་གཅད་ན་མཚོན་རྣོན་པོས་ས་ལ་ཤུ་བ་རེར་དྲས་ན་རིག་སྔགས་བཅད་པར་འགྱུར་རོ།། གདོན་དབཔན་ཡིད་ཀྱིས་བགྱིའོ། ། གདོན་སྨོན་ལན་བདུན་བཟླས་བརྗོད་བགྱིས་པའི་མེ་ཏོག་གིས་བགྱིའོ།། ཡར་གྱི་ངོ་ཚེས་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་རིག་པ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་འགྲུབ་པར་འགྱུར་རོ། ། གྲུབ་ནས་ལས་སུ་གྱུར་ཏེ། གླང་པོ་ཆེ་རེངས་པར་བགྱི་བ་དང་། རྟ་རེངས་པར་བགྱི་བ་དང་། ཕ་རོལ་གྱི་དམག་ཚོགས་རེངས་པར་བགྱི་བ་དང་། གང་ཡི་ལ་བསམས་པ་དེ་དག་ཐམས་ཅད་རེངས་པར་བགྱིད་དོ། ། མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ནག་མོའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་འབྲས་སཱ་ལུ་མར་དང་བསྲེས་པས་ལན། བརྒྱད་སྟོང་སྟོང་སྦྱིན་སྲེག་བགྱིས་ན་ནག་མོ་མཆིས་པར་འགྱུར་ཏེ། དེ་ལ་ཕོ་ཉ་མོའི་གསང་སྔགས་ཀྱིས་མཆོད་ཡོན་ཕུལ་ན་དེ་ཁྱོད་ཉིད་ལ་དམ་པ་གང་སྦྱིན་པར་བྱ་ཞེས་སྨྲ་བར་འགྱུར་རོ།། དེ་ལ་འདི་སྐད་དུ་སའི་བདག་པོར་གྱུར་པ་སྩོལ་ཅིག་ཅེས་བརྗོད་པར་བགྱིའོ། ། དེས་འདི་སྐད་དུ་ཡུལ་གཅིག་གི་རྒྱལ་པོར་གྱུར་ཅིག་ཅེས་བརྗོད་ན་དེ་བཞིན་དུ་གྱུར་ཅིག་ཅེས་བརྗོད་པར་བགྱི་སྟེ། སླར་གཏང་བའི་གསང་སྔགས་ཀྱིས་ཀྱང་སླར་གཏང་ཞིང་། མེ་ཏོག་དཀར་པོས་ཀྱང་སླར་བཏང་ནད་ནས་མི་གདའ་བར་འགྱུར་རོ།། ལུང་ཐང་གི་ཤིང་དྲུང་ན་གཏུམ་མོ་ཁ་ཤར་ཕྱོགས་སུ་བསྟན་པ་མཆིས་པ་དེའི་མདུན་དུ་མར་གྱི་ངོ་ཞག་ས་ས་སྣ་ན་སློ་། འཛིན་པ་ལས་རྣམས་གས་། གྱི་པོགས་རྒྱུ་ལ་གག་ཅི་ག་སྣང་བབ་རྒྱས་ཏེ། ལགས་རྗེའི་མདུན་ག་ཡོ་རྒྱ་སྟོ་སནམ་རྣནམས་པ་པ་རྗོ་ཚུལ་ས། བཙུ་ལ་ག་། ལག་ད་པགམས་པོ་སུ་གཟུགས་སུལ་གྱིབ་རྒྱས་བརྗི་ནས་ཀྱི་པ་ལམ་འགྲོའི་སྐྱེ་གནས་སུ་མཆིས་པའི་སེམས་ཅན་དེ་དག་ཐམས་ཅད་རེངས་པར་བགྱིད་དོ། ། ཡིད་ཀྱིས་གྲོལ་བར་འགྱུར་རོ།། མར་གྲོ་དོནག་བརྒྱད་ལ་ཞག་གཅིག་སྤྱང་བ་ལ་ཀྲིས་ཏེ། ལས་མརྡོརྡོའི་མདུ་ས་ས། ག་གས་ས་ཨུ་སུ་སམས་སྨྲ་གས་ཚོ་པོ་སུ་ང་ཟུགས་པ་པ་འས་ལ་ན་ལ་ཚན་ས། ། ས་པ་ཚིག་ཏེ། ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་ནུགས་བུས་ལ་ཀུ་མུ་དའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་ལ་བསྲུགས་པ་བརྒྱད་སྟོང་སྦྱོར་སྲེག་བགྱིས་ན་སྐྱེས་པ་དབང་དུ་འགྱུར་རོ། ། བུད་མེད་དབང་དུ་བགྱི་ན་མར་གྱི་ངོ་ཞིག་བཅུ་གཉིས་ལ་ལག་ན་རྡོ་རྗེའི་མདུན་དུ་དྲི་མཆོག་གི་མེ་ཏོག་བརྒྱད་སྟོང་གིས་ལག་ན་རྡོ་རྗེ་ལ་བསྔུན་ན་བུད་མེད་དབང་དུ་འགྱུར་རོ།། རྡོ་རྗེ་བསྟོད་ངེ་འཛིན་གྱི་ཆོ་ག་རྫོགས་སོ། ། ། སེཾང་གི་ས་ཟེའི་ལས་རྣམས་ལགས་ཏེ། དབ་བན་གདོན་གྱིས་ཡིན་པའམ་མཚན་པའང་རུང་། གྲཡུལ་གྱིས་དབབབོ།། གདོན་པཅིངས་ན་མྱེད་གྱིས་གདོན་སྐྲག་པར་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཐལ་མོས་བརྡབ་པར་བགྱིའོ། ། གདོན་འབྲོས་པར་བགྱི་ན་སོལ་བས་གཟུགས་བྲིས་ལ་ལྕུག་མས་བསྣུན་ན་གཏོང་བར་འགྱུར་རོ།། གདོན་བསྐམ་ན་གུ་གུལ་གྱི་བདུག་པས་བགྱིའོ། ། གདོན་བཟའ་བར་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཤས་བགྱིའོ།། གདོན་གཅད་ན་མཚོན་རྣོན་པོས་རྩཝ་ཀུ་ཤ་བཅད་ན་གདོན་བཅད་པར་འགྱུར་རོ། དུག་སྨོན་ཆབ་བམ་ཡལ་གས་བགྱིའོ།། བྱིས་པ་གདོན་གྱིས་ཟིན་པ་རྣམས་ལ་ཡལ་གས་བྱབ་པར་བགྱིའོ།། ཆུར་མི་འབྱིང་བར་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བགྱིའོ།། མཚོན་གྱིས་མི་ཚུགས་པར་བགྱི་ན་ཡིད་ཀྱིས་བགྱིའོ།། མར་གྱི་ངོ་ནག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ཙན་དན་དམར་པོས་གདོང་དམར་བྲིས་ཏེ། དེ་ལ་གཏོར་མ་སྣ་ཚོགས་སྩལ་ཅིང་གྲོག་ར་ཁར་གྱིས་ལ་མདུང་རྩེ་གསུམ་པ་བགྱིས་ཏེ་ལག་པ་གཡོན་ན་རྡོ་རྗེ་ཐོགས་པ་མདུང་རྩེ་གསུམ་པའི་སྟེང་དུ་མཆིས་ཏེ། ལན་བརྒྱ་སྟོང་བཟླས་བརྗོད་བགྱིས་ན་གཏེར་མཐོང་བར་འགྱུར་རོ།། ཡར་གྱི་ངོ་ཚེས་ལྔ་ནས་བརྩམས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར། རིག་སྔགས་འཆང་དགུ་སྟོང་གི་གཡོག་འཁོར་དང་ལྡན་པར་འགྱུར་རོ། ། བསྐལ་པར་གནས་པར་ཡང་འགྱུར་རོ།། ཟླ་བ་གཅིག་ཟས་སུའོ་སྐྱོ་འཚལ་ཞིང་མར་གྱི་ངོ་ནག་བཅུ་བཞི་ལ་ཞག་གསུམ་སྦྱང་བ་བགྱིས་ཏེ། དབང་ཕྱུག་ཆེན་པོའི་གནས་སུ་མཆིས་ལ་གློ་གཡས་ལོ་གས་སུ་མཆོད་པ་བགྱིས་ཏེ། བ་ག་རྒོད་ཀྱི་མཆེ་བ་ལ་གིའུ་ཝང་གིས་བསྐུས་ལ་རས་དཀར་པོས་སྟེང་དུ་བཞག་སྟེ། རིག་པ་བཟླས་བརྗོད་པ་གྱིས་ན་བགེགས་རྣམ་པ་སྣ་ཚོགས་འབྱུང་སྟེ། རིག་པའི་རྒྱལ་པོས་བསྣུན་པར་བགྱིའོ། ། དེ་ནས་མཆེ་བ་དེ་འབར་བར་འགྱུར་ཏེ། འབར་ནས་བླང་བར་བགྱིའོ།། བླངས་མ་ཐག་ཏུ་མདུང་རྩེ་གསུམ་པར་འགྱུར་ཏེ། རིག་སྔགས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མི་འགྱུར། དཔག་ཚད་སྟོང་གྱེན་དུ་འཕག་པར་འགྱུར་རོ།། ལོ་དགུ་སྟོང་ཐུབ་པར་འགྱུར་རོ།། རྡོ་རྗེ་སེང་གེའི་ཁྲིའི་ཆོ་ག་རྫོགས་སོ།། ། རྡོ་རྗེ་ལྡན་མའི་ལས་རྣམས་ལགས་ཏེ་རིམ་མཁནས་སོ་སྦྱོང་བཟུང་བས་མགོད་པའི་རིས་ལ་སྦྱིན་དང་མ་འདྲེས་པའི་ཚོན་གྱིས་འཕགས་པ་ཕྱག་ན་རྡོ་རྗེ་མདོག་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བྱའོ། ། དེའི་གཡས་རོལ་དུ་རྡོ་རྗེ་སྡེ་དང་ལག་བཟངས་ཀྱང་བྲི་བར་བགྱི་སྟེ། གཉིས་ཀའང་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བགྱིའོ།། གཡོན་རོལ་དུ་རྡོ་རྗེ་ལྡན་ས་རྒྱན་ཐམས་ཅད་ཀྱིས་བརྒྱན་བ་བྲིའོ། ། ཐ་མར་རིའི་རྩེ་མོ་རྣམས་བྲི་བར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ཚེས་གཅིག་ནས་བརྩམས་ཏེ་ཟས་སུའོ་སྐྱོ་འཚལ་ཞིང་ཟླ་བ་ཉའི་བར་དུ་བཟླས་བརྗོད་བགྱིའོ།། དེ་ནས་ཞག་གསུམ་སྤྱང་བ་བགྱིས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆར་བགྱིས་ལ་བིལ་བའི་ཤིང་གིས་ཞུགས་བུས་ལ་བིལ་པའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་ལ་བསྙུགས་པ་བརྒྱད་སྟོང་སྤྲིན་སྲེག་བགྱིས་ན་དེ་ནས་རྡོ་རྗེ་སྡེ་འགུལ་ནས་འགྲུབ་པར་འགྱུར་ཏེ། ཉིན་གཅིག་བཞིན་ཏི་ན་རལཱ་ལྔ་སྩོལ་ཏོ།། དེ་བཞིན་དུ་དགོད་པར་བགྱིའོ།། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། རི་མེའི་གཟུགས་ཀྱི་མདུན་དུ་དུབ་མ་མཆིས་པའི་མདག་མ་ལ་ཨ་ཀ་རུ་སྟོང་སྦྱིན་སྲེག་བགྱིས་ན། རི་མོའི་གཟུགས་ཀྱི་མེ་ཏོག་གི་འཕྲེང་བ་འགུལ་ནས་གྲུབ་པར་འགྱུར་ཏེ། གྲུབ་ནས་ཡུལ་གྲུ་སྩོལ་ཏོ།། བུད་མེད་དབང་དུ་བགྱིན་གདུགས་བདུན་དུས་གསུམ་དུ་ཀ་ར་ཝཱི་རིའི་ཤིང་གིས་ཞུགས་བུས་ལ་མར་དང་བསྲེས་པའི་ཡུངས་ཀར་གྱིས་སྦྱིན་སྲེག་ལན་བརྒྱད་སྟོང་བགྱིའོ། ། ཡུགས་ས་མོ་དབང་དུ་བགྱི་ནས་ཕྱོགས་གཙང་མར་ལུང་ཐང་གི་ཤིང་གིས་ཞུགས་བུས་ལ་ཏིལ་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཡུགས་སོ་མོ་དབང་དུ་འགྱུར་རོ། ། སྐྱེས་པ་དབང་དུ་བགྱི་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་ཞུགས་བུས་ལ་སྐེ་ཚེའི་འབྲུ་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ།། རྡོ་རྗེ་ལྡན་མའི་ཆོ་ག་རྫོགས་སོ།། ། རྡོ་རྗེ་བཞད་མའི་ལས་རྣམས་ལགས་ཏེ། དབབ་ན་མེ་ཏོག་དཀར་པོ་དག་གིས་བགྱིའོ།། བཅིང་ན་ཡིད་ཀྱིས་བགྱིའོ།། སྨཱ་ར་སཱ་ལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ། གར་བགྱིད་དུ་སྲུལ་ན་གུ་གུལ་གྱིས་བདུག་པར་བགྱིའོ།། ཟས་སྩལ་ན་ཀ་ར་ཝཱི་རེའི་མེ་ཏོག་ལ་ལན་བདུན་བཟླས་བརྗོད་པགྱིས་པས་བགྱིའོ།། བརྗོད་དུ་སྩལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བསྣུན་ན་འདས་པ་དང་མ་འོངས་པ་བརྗོད་དོ། ། གདོན་དགོད་དུ་སྩལ་ན་ལན་བདུན་བཟླས་བརྗོད་བགྱིས་པའི་མེ་ཏོག་གཏོར་རོ།། བཅིང་ན་ཆབ་ཀྱིས་བགྱིའོ།། བརྡེག་ན་སེ་གོལ་གཏོགས་པར་བགྱིའོ། ། ཚར་གཅད་ན་རྩཝ་ལ་ལན་བདུན་སྔགས་ཀྱིས་བཏབ་ལ་མགོ་ལ་བཞག་ན་མྱོས་པར་འགྱུར་ཏེ་གདོན་འབྲོས་སོ།། གཅད་ན་བ་ལང་གི་ལྕི་བ་ལས་གཟུགས་བགྱིས་ལ་མཚོན་རྣོན་པོས་བཅད་ན་བཅད་པར་འགྱུར་རོ། ། གདོན་བསྡིགས་པ་དང་རྒྱུག་ཏུ་གཞུག་ན་མཛུབ་མོས་བསྡིགས་པར་བགྱིའོ།། གདོན་དཀྱིལ་འཁོར་དུ་གཞུག་ན་རྡོ་རྗེའི་ཕྱག་རྒྱས་བསྣུན་ན་དཀྱིལ་འཁོར་དུ་གཞུག་གོ། ། གདོན་འབྲོས་པར་བགྱི་ན་གདོན་གྱི་མདུན་དུ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བགྱིས་ན་གདོན་དུ་ཞིང་འབྲོས་སོ།། གདོན་སྤོན་ཡིད་ཀྱིས་གར་འཚལ་བ་དེར་ཟད་དོ།། དུག་དབབ་ནས་ཀྱི་པོག་གི་བདུག་པས་བགྱིའོ། ། ཕུར་བུ་དབ་པ་ན་ལུང་ཏང་གི་ལོ་མའི་བདུག་པས་བགྱིའོ།། རིམས་དབ་བ་ན་ཀ་ར་ཝཱི་རའི་མེ་ཏོག་གི་བདུག་པས་བགྱིའོ།། རིམས་ཞག་བཞི་པ་དབབ་ན་མངས་བགྱིའོ། ། བསྲུང་བ་བགྱི་ན་ལན་བདུན་བཟླས་བརྗོད་བགྱིས་པའི་སྲད་བུས་བགྱིའོ།། ཆང་མ་རུང་བར་བགྱི་ན་གསེག་མ་ལ་ལན་བདུན་བཟླས་བརྗོད་བགྱིས་ལ་ཁང་སྟེངས་སུ་བོར་ན་ཆང་མ་རུང་བར་བགྱིས་པར་འགྱུར་རོ། ། གདོན་གྱིས་བཏབ་པར་བགྱི་ན་ཡིད་ཀྱིས་བགྱིའོ།། སྐྱེས་པ་དང་བུད་མེད་དབང་དུ་བགྱི་ན་མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་གདུགས་བདུན་དུས་གསུམ་དུ་ཕུབ་མ་ལས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། ། དབྱེ་བར་བགྱི་ན་མར་གྱི་ངོ་ཞོག་བརྒྱད་ལ་ཉི་མ་ནག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སྐྱེས་པའི་སྒྲ་ལས་ལན་བརྒྱད་སྟོང་སྦྱིན་སྡུག་བགྱིས་ན་དབྱེ་བ་བགྱིས་པར་འགྱུར་རོ། ། རོ་ལངས་བསྒྲུབ་པར་འཚལ་བས་ཚེས་གྲངས་དང་སྐར་མ་བདམ་མི་འཚལ། སྨྱུང་བ་བགྱི་མི་འཚལ་བས་བུད་མེད་ཀྱི་རོ་ལངས་ལ་སྤོས་དང་བདུག་པས་མཆོད་དེ་མགོ་ཤར་ཕྱོགས་སུ་བསྟན་ལ། དེ་ནས་རིག་སྔགས་འཆང་གིས་རྡོ་རྗེ་བཞད་མ་བརྗོད་པར་བགྱིས་ན་བུད་མེད་དེ་དགོད་ཅིང་ལྡང་བར་འགྱུར་ཏེ། དེ་ལ་ཉལ་པོ་བགྱིའོ།། གལ་ཏེ་མ་ནུས་ན་རིག་སྔགས་འཆང་གི་ས་ལ་གོར་དུ་རིག་པ་མཆོག་དྲན་པར་བགྱི་ཞིང་། སྙིང་པོ་གཉིས་ཀ་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བསྣུན་པར་བགྱིའོ།། དེ་ནས་བུད་མེད་དེ་དགོད་ཅིང་མཆི་སྟེ། དེ་ལ་རྩེ་བར་བགྱིའོ། ། དེ་ནས་བུད་དེ་སྦྲུམ་པར་གྱུར་ཏེ། དེ་ནས་རིག་སྔགས་པ་ཆང་གིས་རྡོ་རྗེ་བཞ་མ་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་བསྣུན་པར་བགྱིའོ།། དེ་ནས་དེ་མི་འགུལ་བར་འགྱུར་རོ།། ཡང་རིག་པ་མཆོག་གིས་ཡུངས་ཀར་གྱིས་བསྣུན་པར་བགྱིའོ།། དེ་ནས་ལྷོ་འགས་ཏེ་རྡོ་རྗེ་བཞད་མ་བཟླས་བརྗོད་བགྱིས་ལ་མངལ་བླང་བར་བགྱིའོ།། མངལ་བླངས་ནས་ཀྱང་ཡུངས་ཀར་གྱིས་བསྣུན་ན་དུམ་བུ་བརྒྱར་འགྱུར་ཏེ་ཕྲུ་མའི་ནང་དུ་སྩལ་ལ། མི་ཐོད་གསུམ་གྱི་སྟེང་དུ་མཆིས་ལ་ཡོངས་སུ་སྨིན་པར་འགྱུར་གྱི་བར་དུ་རྡོ་རྗེ་བཞད་མ་བཟླས་བརྗོད་བགྱིས་ལ་བླངས་ཏེ་གྲོགས་རྣམས་ལ་སྩལ་ཅིང་འཚལ་ན་སྒྲ་ལྷུ་ང་ལོ་འཁྱིལ་བར་འགྱུར། གདུགས་ཤར་བ་ལྟ་བུའི་མདོག་ཏུ་འགྱུར། ལོ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར། ནམ་མཁའ་ལ་མཆིས་པར་འགྱུར། རིག་སྔགས་འཆང་ཐམས་ཅད་ཕྲན་དུའགྱུར། རྡོ་རྗེའི་འཁོར་ལོས་སྒྱུར་བར་འགྱུར། དཔག་ཚད་སྟོང་གྱེན་དུ་འཕགས་པར་འགྱུར། དཔག་ཚད་སྟོང་ཚུད་ཆད་ཀྱིས་ཐོས་པར་འགྱུར། ལོ་བརྒྱད་ཁྲི་ཐུབ་པར་འགྱུར། མཚོན་ཆས་ལུས་ལ་མི་ཚུགས་པར་འགྱུར། རྡོ་རྗེ་ཉིད་དུ་འགྱུར། བདག་འཆི་བར་འཚལ་བར་འགྱུར། ལྷའི་སྒྲུབ་པ་ནི་ཟླ་བ་གཅིག་ཟས་སུ་ཆུ་གྲོག་འཚལ་ཞིང་། དེའི་འོག་ཏུ་མར་གྱི་ངོ་ཞག་བརྒྱད་ནས་ཞག་གསུམ་སྤུང་བ་བགྱིས་ཏེ། ལག་ན་རྡོ་རྗེ་མཆོད་ཅིང་ལྷ་ཐམས་ཅད་ཀྱང་མཆོད་པར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ལག་ན་རྡོ་རྗེའི་མདུན་དུ་ལྡོང་རོས་ཤིང་ཨ་ཤྭདྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་སྟེ་དངོས་གྲུབ་གསུམ་འབྱུང་གི་བར་དུ་བཟླས་བརྗོད་བགྱིའོ། ། འབར་བར་གྱུར་ན་ནམ་མཁའ་ལ་མཆི་བར་འགྱུར་རོ།། དུ་བ་འཐུལ་ན་མི་གདའ་བར་འགྱུར།། ལོ་ལྔ་སྟོང་ཐུབ་པའི་རིག་སྔགས་འཆང་ཉིད་དུ་འགྱུར། ལོ་ལྔ་སྟོང་ཐུབ་པའི་རྐང་གིས་འགྲོ་བར་འགྱུར་རོ།། ས་ཕྱོགས་གང་ན་གནོད་སྦྱིན་མོ་མཆིས་པ་དེར་མར་གྱི་ངོ་ཞག་བརྒྱད་ནས་ཞག་གསུམ་སྦྱང་བ་བགྱིས་ཏེ། གནས་དབེན་པར་མཆིས་ལ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ལ་སེང་ལྡེང་གི་ཡམ་སྲེག་ཤིང་ཁྲག་དང་དུག་ལ་བསྲུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་གནོད་སྦྱིན་མོ་དེ་མཆིས་པར་འགྱུར་ཏེ། མཆིས་ནས་འདི་སྐད་དུ་ཅི་བྱ་ཞེས་མཆི་བ་དང་། དེས་འདི་སྐད་དུ་གང་བསམས་པ་དེ་གྱིས་ཤིག་ཅེས་བརྗོད་པར་བགྱིའོ།། གལ་ཏེ་བཏུབ་ན་འདི་སྐད་དུ་དཔག་ཚད་བརྒྱ་ནས་བུད་མེད་ངའི་གན་དུ་ཁྲིད་དེ་ཤོག། གྲོགས་པོ་བརྒྱད་ཅུ་ལ་ཟན་བྱིན་ཅིག། ཉིན་གཅིག་བཞིན་རས་ཟུང་བརྒྱད་དང་། ཀར་ཤ་པ་ཎ་བརྒྱད་བརྒྱད་ཕུལ་ཅིག་ཅེས་བརྗོད་དང་། དེ་ལྟར་བགྱིའོ་ཞེས་མཆི་བར་འགྱུར་ཏེ། དེའི་འོག་ཏུ་བུད་མེད་ཁྲིད་དེ་མཆིའོ།། ཡིད་ཀྱིས་བཟླས་བརྗོད་བགྱིའོ།། ཡིད་ཀྱིས་སླར་གཏང་བར་བགྱིའོ།། རྡོ་རྗེ་བཞད་མའི་ཆོ་ག་རྫོགས་སོ།། ། ཕོ་ཉ་མོ་ཐམས་ཅད་ཀྱི་ལས་ནི་འདི་ལགས་ཏེ། རིག་པ་མཆོག་གི་ཕོ་ཉ་མོ་ནི་ལས་ཐམས་ཅད་དུའང་སྦྱར་བར་བགྱིའོ།། ལས་ཐམས་ཅད་དུའང་རིག་པ་མཆོག་གི་སྙིང་པོ་དང་ལྷན་ཅིག་སྦྱང་བར་བགྱི་སྟེ། སྒྲུབ་པ་མ་ལགས་པའི་རིག་པའང་སྒྲུབ་པར་བགྱིད་དོ།། སྲིན་བུ་ཀ་ཏའི་དུག་གིས་གནོད་པར་གྱུར་པ་རྣམས་ལ་ནི་ཡི་གེ་བྲི་བའི་གཞི་དང་སྡུག་ཚ་དང་། སྤྱི་གུའང་སྔགས་ལན་བདུན་བདུན་གྱིས་བསྔགས་ལ་གང་འདོད་པ་བྲིས་ཏེ་བསྐུར་ན་སོས་པར་འགྱུར་རོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ། ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཞན་ཡང་གང་གིས་རིག་པ་ཐམས་ཅད་དངོས་གྲུབ་ཏུ་འགྱུར་བ་སྩོལ་བའི་རིག་པའི་ལྷ་ཐམས་ཅད་ཀྱི་གསང་བ་བརྗོད་པར་བགྱིའོ། ། གལ་ཏེ་རིག་སྔགས་འཆང་རིག་པ་གྲུབ་པར་འཚལ་ན་རིག་པའི་ལྷ་དེ་ལ་འདིས་མགུ་བར་བགྱིའོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ངོགས་གཉིས་ཀའི་ས་བླངས་ལ་ལྷའི་གཟུགས་བགྱིས་ཏེ། སྤྲིན་དང་མ་འདྲེས་པའི་ཚོན་གྱིས་ལྷའི་ཁ་དོག་ཅིའི་དྲ་བ་དེ་འདྲ་བར་བྲི་བར་བགྱིའོ། ། མར་དང་སྦྲང་རྩིས་ལྟོ་དགང་བར་བགྱིའོ།། མེ་ཏོག་པདྨའི་དབུས་སུ་ལྦ་དེ་གཞག་པར་བགྱིའོ།། པདྨའི་ཟེ་བ་ནི་ཨ་ཀ་རུ་དང་ཙན་དན་གྱིས་བསྐུ་བར་བགྱིའོ། ། དུས་གསུམ་དུ་བདུག་པས་ཀྱང་བདུག་པར་བགྱི་སྟེ། གུ་གུལ་དང་། དུ་རུ་ཀ་དང་། ག་པུར་དང་། ཤིང་ཤ་མིའི་མེ་ཏོག་དང་། དེ་རྣམས་བསྲེས་པའི་བདུག་པས་བདུག་པར་བགྱིའོ། ། གདུགས་གསུམ་གྱི་བར་དུ་བགྱིའོ།། དེ་ནས་གཟུགས་དེ་འོ་མའི་ནང་དུ་སྩལ་དེ་ཞིག་པར་མ་གྱུར་གྱི་བར་དུ་བཞག་ལ། ཞིག་ནས་འོ་མ་རྒྱ་མཚོར་འབབ་པའི་ཆབ་ཀྱི་ནང་དུ་སྩལ་ཏོ། ། དེ་ནས་སྦྱོར་བ་འདིས་ལྷ་དེ་མགུ་བར་འགྱུར་ཞིང་དགའ་བ་མཐོང་སྟེ་མྱུར་དུ་དངོས་གྲུབ་ཀྱང་སྩོལ་ཏོ།། བཅོམ་ལྡན་འདས་འདི་ནི་རིག་པའི་རིག་ཐམས་ཅད་ཀྱི་གསང་བ་ལགས་ཏེ། འདིས་ལྷ་ཐམས་ཅད་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་གསང་བ་འདི་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བརྗོད་དོ།། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བདག་གིས་བཤད་པ་འདི་ནི་རིག་སྔགས་ཐམས་ཅད་ཀྱི་རྒྱལ་པོ། ། རིག་པ་ཐམས་ཅད་སྒྲུབ་ཏུ་སྩལ་བ། ཚུངས་པ་མ་མཆིས་པ། མི་མཉམ་པ་དང་མཉམ་པ། བླ་མ་མཆིས་པ་ལགས་སོ། ། འདི་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་བཤད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་བཀའ་སྩལ་པ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་ཆེན་པོ་ལག་ན་རྡོ་རྗེ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལག་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་གང་གིས་འདི་ལྟར་ཡིད་ཀྱིས་ཕྱག་འཚལ་ནའང་དེས་དེ་བཞིན་གཤེགས་པ་སྟོང་ཕྲག་དགུ་ལ་ཕྱག་བྱས་པར་འགྱུར་རོ། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་དེ་བཞིན་གཤེགས་པས་བསྟོད་ཅིང་བཀུར་ཏེ་བསྔགས་པ་ལེགས་སོ་ལེགས་སོ། ། བརྩོན་འགྲུས་དང་བརྟུལ་བ་ཆེན་པོ་དང་ལྡན་པ་ལེགས་སོ་ཞེས་བྱ་བ་སྨྲས་སོ།། དེ་ནས་གཞོན་ནུ་རྡོ་རྗེ་སྡེས་བཅོམ་ལྡན་འདས་ཀྱི་ཞབས་དང་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ཡབ་བདག་ཀྱང་རིག་པ་མཆོག་ལ་དགའ་བས་གང་གིས་རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་དེ་ལ་གནོད་སྦྱིན་ཐམས་ཅད་དང་། ལོག་འདྲེན་ཐམས་ཅད་དང་། རིག་སྔགས་འཆང་ཐམས་ཅད་དང་། གྲུབ་པ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། ཡི་དགས་ཐམས་ཅད་དང་། གྲུལ་བུམ་ཐམས་ཅད་བགེགས་བགྱིད་པར་མི་འགྱུར་བར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་གསང་སྔགས་སྩལ་བར་བགྱིའོ། ། དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས། གཞོན་ནུ་རྡོ་རྗེ་སྡེལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ་ལེགས་སོ། ། བཞིན་བཟང་ཁྱོད་རིག་པ་མཆོག་གི་དོན་གྱི་ཕྱིར་གསང་སྔགས་སྨྲོས་ཤིག། དེ་ནས་ཕས་གནང་བས་གཞོན་ནུ་རྡོ་རྗེ་སྡེ་དགའ་མགུ་ཡི་རངས་ཏེབཅོམ་ལྡན་འདས་ཀྱི་ནབས་གཉིས་ལ་ཕྱག་འཚལ་ནས་ལོག་འདྲེན་ངེས་པར་གཅིག་པའི་གསང་སྔགས་སྤྲས་པ། ན་མོ་པ+འུདྷཱ་ཡ། ན་མོཿ་མཱལ། ནམཿསཾ་ཛྭལ། ནས་ཤྩཎྜ་བཛྲ་དྷཱ་ས་མ་ཧཱ་ཡཀྵ་ས་ནཱ་པ་ཏ་ཡེ། ན་མོ་བཛྲ་སེ་ནཱ་ཡ། ཀུ་མཱ་ར་རཱ་པ་དྷ་ར་ཎི། ཨ་པྲ་ཏི་ཧ་ཏཱ་ཡ། མ་ཧཱ་བ་ལ་པ་རཱ་ཀྲ་མཱ་ཡ། ཙལ་ཙ་ལ། ཀུ་ལ་ཀུ་ལ། མཐ་མ་ཐ། ནཱ་ཤ་ཡ་སརྦ་བིགྷྣཱན། བི་ནཱ་མ་ཀནཿབནྡྷ་བནྡྷ། སྥོ་ཊ་ཡ་སྥོ་ཊ་ཡ། མ་ར་མ་ར། བིནྡ་བིནྡ། ཡེ་མ་མ་དུཥྚ། ཙྪིནྡ་སྟཾ་མྱ་ཀྲིནྟ་ཛམྦྷ་མོ་ཧཱ་ཡ་ནི། སུམྦྷ་ཡ་སྟམྦྷ་ཡ་སྭཱ་ཧཱ། སྒྲུབ་པའི་དུས་ན་གྲོག་མཁར་གྱི་ས་ལས་རྡོ་རྗེ་བགྱིས་ཏེ་བསྲུང་བ་བགྱིའོ། ། སྲུང་བའི་དུས་ན་ཏིལ་ནག་པོས་སྦྱིན་སྲེག་བརྒྱད་སྟོང་བགྱིས་ན་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ།། སྒྲུབ་པའི་དུས་ན་ལན་བདུན་བཟླས་བརྗོད་བགྱིས་པའི་ཡུངས་ཀར་གྱིས་མཚམས་གཅད་དོ། ། རྐང་རྗེས་ཀྱི་སའམ་ཐལ་བ་ལ་ལན་གསུམ་བཟླས་བརྗོད་བགྱིས་ཏེ་བསྲུང་བ་བགྱིས་ལ། སྒྲུབ་པའི་དུས་འཇིམ་པ་ལས་རྡོ་རྗེ་སྡེའི་གཟུགས་བགྱིས་ཏེ། སྤོས་དང་། མེ་ཏོག་དང་། བདུག་པས་མཆོད་ལ། རིག་པ་ལན་བརྒྱད་སྟོང་བཟླས་བརྗོད་བགྱིས་ན་སྒྲུབ་པའི་ཚེ་བྱིན་གྱིས་རློབ་པར་བགྱིད་ཅིང་དངོས་གྲུབ་ཏུ་འགྱུར་རོ།། ལྷ་རྣམས་དབབ་ན་གུ་གུལ་གྱི་བདུག་པུས་བགྱིའོ། ། ཀླུ་དཀྲུག་པར་བགྱི་ན་རྡོ་རྗེའི་ཕྱག་རྒྱ་བགྱིས་ལ་ལག་ན་རྡོ་རྗེའི་མདུན་དུ་བརྒྱུད་བརྒྱ་བགྱིས་ཏེ། གང་ན་ཀླུ་གནས་པའི་མཚོ་དར་བོར་ན་ཀླུ་ཐམས་ཅད་སྐྲག་པར་འགྱུར་རོ།། དྲི་ཟ་རྣམས་གཡོས་པར་བགྱི་ན་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་སོལ་བས་དྲི་ཟའི་གཟུགས་བྲིས་ལ། དེའི་ལྟོ་བར་སྲིན་ལག་བཞག་རིག་པ་ལན་བརྒྱད་སྟོང་བརྗོད་ན་སྙིང་པོ་བརྗོད་པས་མཆིས་པར་འགྱུར་ཏེ། མཆིས་ནས་པར་སྣང་ལས་སྨན་འདོར་ཏེ། དེ་འཚལ་ན་ཐོས་པ་འཛིན་པར་འགྱུར། དྲི་ཟ་ཐམས་ཅད་ཀྱང་བསྲུང་བར་འགྱུར་རོ། ། གནོད་སྦྱིན་རྣམས་བརླག་པར་བགྱི་ན་ཕྱོགས་གང་ན་གནོད་སྦྱིན་ནམ། གནོད་སྦྱིན་མོ་གནས་པའི་ཕྱོགས་དེར་མཆིས་ལ་ལྕགས་ཕུར་སོར་བཞི་པ་བླངས་ཏེ། ལན་བརྒྱ་རྩ་བརྒྱུད་བཟླས་བརྗོད་བགྱིས་ཏེ་བཙུགས་ན་གནོད་སྦྱིན་འབྲོས་པར་འགྱུར་རོ། ། ཙོ་སྟེ་བསྒྲུབ་པར་འཚལ་ན་རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་གཟུགས་གསེ་གྱི་མདོག་ཅན་བྲི་བར་བགྱིའོ། ། དེའི་གཡོན་རོལ་དུ་ལག་ན་རྡོ་རྗེ་མདོག་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིའོ།། དེ་བཞིན་གཤེགས་པའི་གཡས་རོལ་དུ་རྡོ་རྗེ་གཞོན་ནུའི་གཟུགས་འཛིན་པ་གསེར་གྱི་མདོག་ཅན་ལག་པ་གཡོན་པ་ན་པདྨ་གཡས་པས་དམ་པ་སྦྱིན་པར་བྲིའོ། ། དེའི་འོག་རོལ་དུ་སྒྲུབ་པ་པོ་ལག་ན་པོག་པོར་ཐོགས་པ་བྲིའོ།། དེ་ནས་རིག་སྔགས་འཆང་གིས་ཟླ་བ་ཕྱེད་ཟས་སུའོ་སྐྱོ་འཐུང་ཞིང་རིག་པ་བཟླས་བརྗོད་བགྱིའོ། ། དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་ཉིན་ཞག་གཅོག་སྨྱུང་བ་བགྱིས་ཏེ་རྒྱ་ཆེར་མཆོད་ལ། གཏོར་མའང་རྒྱ་ཆེར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་སྣ་མའི་མེ་ཏོག་བརྒྱད་སྟོང་གིས་དེ་བཞིན་གཤེགས་པ་ལ་ཕོག་པར་བགྱིའོ། ། དངོས་གྲུབ་ཀྱི་མཚན་མར་ནི་མར་མེའི་མེ་ལྕེ་གྱེན་དུ་མཆིལ་སྤུ་ཟིང་ཞེས་བགྱིད་ན་དངོས་གྲུབ་ཏུ་འགྱུར་རོ། ། ཡིད་ཀྱིས་གང་བསམས་པ་དེ་སྩོལ་ཏེ། རིག་སྔགས་འཆང་ཉིད་དང་འདོད་པ་དང་ལྡན་པ་ནི་མ་གཏོགས་སོ།། ལས་ཐམས་ཅད་དུའང་སྦྱར་བར་བགྱི་སྟེ། ཡིད་ཀྱིས་ལས་བགྱིའོ།། རྡོ་རྗེ་སྡེའི་ཆོ་ག་རྫོགས་སོ། ། །། དེ་ནས་མུ་དྷ་ད་ཀས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ཡབ་བདག་ནི་ཁྱོད་ཀྱི་རིག་སྔགས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་ལ་བགེགས་བགྱིད་པ་ལགས་མོད་ཀྱིས། གང་དག་རིག་པ་མཆོག་སྒྲུབ་པ་དེ་དག་ལ་བདག་སླར་བཅིང་བསྩལ་བར་བགྱིའོ།། བདག་བཅིངས་ན་རིག་སྔགས་འཆང་དེ་ལ་སུའང་བགེགས་བགྱིད་པར་མི་འགྱུར་རོ། ། བཞིན་བཟང་དེ་དེ་བཞིན་ཏེ། བདག་ཅག་བཅིང་བ་སྤྲོས་ཤིག་སྤྲོས་ཤིག། དེ་ནས་མུརྟ་ཊ་ཀ་ས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ཏེ་བདག་བཅིང་བའི་གསང་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡ་སྱ། ནུ་མ་ཤྩཎྜ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། རྫི་རྫི་རུ་རུ་ཁ་རི་བ་ཁ་རི། ཏིཥྛ་ཏིཥྛ། ཙ་ལ་ཙ་ལ་ཡ། བཛྲ་པཱ་ཎི་སྱ། ཨ་ཀྲོ་དྷ་བྷ་ཤ་དྷཾ། སྥ་རསྨ་ར། བནྡྷ་བནྡྷ་སཱ་ཧཱ། ལག་ན་རྡོ་རྗེ་དང་མུརྞ་ཌ་ཀའི་མདུན་དུ་མེ་ཏོག་དམར་པོ་དང་བདུག་པས་མཆོད་ལ། དེ་ནས་སྒྲུབ་པའི་དུས་ན་སྲད་བུ་དཀར་པོ་ལ་མདུད་པ་གསུམ་དོར་རོ།། སུ་ཞིག་རྟག་ཏུ་འཆང་བ་དེ་ལ་ཐམས་ཅད་དངོས་གྲུབ་ཏུ་འགྱུར་རོ།། སྒྲུབ་པ་ཐམས་ཅད་དང་ལས་ཐམས་ཅད་དུའང་སྤྲ་ཚིལ་ལས་མུརྟ་ཌ་ཀའི་གཟུགས་བགྱིས་ཏེ། ལག་པ་གཡོན་ན་མདུང་རྩེ་གསུམ་པ་ཐོགས་པར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་ཙན་དན་དམར་པོའི་མདུང་རྩེ་གསུམ་པས་སྙིང་ཁར་བཙུགས་པ་དེའི་འོག་ཏུ་རྡེའུ་ནག་པོས་བཀང་སྟེ། དངོས་གྲུབ་སྩལ་གྱི་བར་དུ་གཞག་པར་བགྱིའོ།། དེ་ནས་རིག་སྔགས་འཆང་གིས་མདུང་རྩེ་གསུམ་པ་ཕྱུང་ལ་འོ་མས་བཀྲུས་ཏེ། རིག་པ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་ཐམས་ཅད་བགྱིའོ།། གལ་ཏེ་ལས་དེ་ལྟར་མ་བགྱིས་ན་དངོས་གྲུབ་ཏུ་མི་འགྱུར་རོ།། མུརྷ་ཊ་ཀའི་སྒྲུབ་པ་ལགས་ཏེ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་གཟུགས་གསེར་གྱི་ཁ་དོག་ཅན་བྲི་བར་བགྱིའོ། ། དེ་བཞིན་གཤེགས་པའི་གཡོན་རོལ་དུ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིའོ།། དེ་བཞིན་གཤེགས་པའི་གཡས་རོལ་དུ་ནི་འཕགས་པ་ཀུན་དགའ་བོ་གསེར་གྱི་མདོག་ཅན་ལག་ན་རྔ་ཡབ་ཐོགས་པ་བྲིའོ། ། ལག་ན་རྡོ་རྗེའི་འོག་ལོགས་སུ་མུ་ཊ་ཀ་མདོག་དམར་ལ་མིག་གསུམ་པ་འདོད་པའི་གཟུག་འཛིན་པ་གད་མོ་རྟ་གད་འབྱིན་ཅིང་། ལག་པ་གཡས་པ་ཁའ་གྲམ་དུ་བཞག་པ་བྲིའོ།། དེ་ནས་རིག་སྔགས་འཆང་གིས་མར་གྱི་ངོ་ཞག་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་ལ། རི་མོའི་གཟུགས་ལ་མཆོད་པ་རྒྱ་ཆེར་བགྱིས་ལ། དེའི་མདུན་དུ་ཨ་ཀ་ར་ཤའི་ཤིང་གིས་ཞུགས་བུས་ཏེ་ཡུངས་ཀར་དང་། ཏིལ་ནག་མོ་དང་། འབྲས་ཡོས་དང་། འདི་རྣམས་མར་དང་བསྲེས་ལ་ལན་བརྒྱ་སྟོང་བགྱིས་ན་རི་མོའི་གཟུགས་ཀྱི་མེ་ཏོག་གི་འཕྲེང་བ་འགུལ་བར་འགྱུར་ཏེ་དངོས་གྲུབ་ཏུ་འགྱུར་རོ། ། དངོས་གྲུབ་ཏུ་གྱུར་ན་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་ཏུ་འགྱུར་རོ།། ལས་གཞན་དག་ཀྱང་བགྱིས་ཏེ་སྤྲུལ་གྱིས་ཟིན་པ་དབབ་ན་སྲ་རྩི་པོག་གི་བདུག་པས་བགྱིའོ། ། གདོན་བསྐྲད་ན་རྐང་རྗེས་ཀྱི་ས་ས་ལག་མཐིལ་དུ་མདུང་རྩེ་གསུམ་པ་བྲིས་ལ་བསྟན་ན་གདོན་དུ་ཞིང་འབྲོས་སོ།། སྐྱེས་པ་དང་བུད་མེད་དབང་དུབགྱི་ན་མུརྡྷ་ཊ་ཀ་ལ་ཕྱག་བགྱིས་ལ་གདུགས་གང་ཡང་རུང་སྟེ་ཤྲེ་སྨཻ་ཏ་ཀའི་ཤིང་གིས་ཞུགས་བུས་ལ། བ་རུ་རའི་མེ་ཏོག་བརྒྱ་སྟོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ།། མོ་མཚན་བཅིང་བར་འཚལ་ན་དུར་ཁྲོད་ཀྱི་ཐལ་བ་དུར་ཁྲོད་ཀྱི་རས་ཀྱིས་བཅིངས་ལ། རིག་པའང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་མོ་མཚན་བཅིངས་པར་འགྱུར་རོ།། དགྲོལ་ན་དབྱེའོ།། བྱིས་པ་གདོན་སྐེམ་བྱེད་ཀྱིས་ཟིན་པ་རྣམས་ནི་ཚ་བ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་བཀྲུས་ན་སོས་པར་འགྱུར་རོ།། འབྱུང་པོ་དང་། འདྲེ་དང་། ཀླུ་རྣམས་བསྐྲད་ན་ཐལ་མོ་བརྡབས་པས་བགྱིའོ། ། ཨཱརྱ་མཱུརྷ་ཊ་ཀའི་ཆོ་ག་རྫོགས་སོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡ་པའི་ལྷ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ལག་ན་རྡོ་རྗེ་ལ་གསང་སྔགས་སྩལ་བར་བགྱིའོ།། ལག་ན་རྡོ་རྗེ་འདི་ནི་ལེ་མ་གོས་དཀར་མོའི་སྙིང་པོ་བཏོན་པ་ཙམ་གྱིས་འགྲུབ་པ་སྟེ། འདི་ཁོ་བོས་བརྗོད་པར་བགྱིའོ།། འདི་བཏོན་པ་ཙམ་གྱིས་སེམས་ཅན་ཐམས་ཅད་རེངས་པར་འགྱུར་རོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བྷ་ག་བ་ཏེ། ཨོཾ་བྷ་ཡ་ནཱ་ཤ་ནི་ཏྲཱ་ས་ནི། ཏྲཱ་ས་ཡ། བྷྲྀ་ཀུ་ཊི་ཏ་ཏི་བེ་ཏ་ཏི་སྭཱ་ཧཱ། རིག་པ་འདི་བཏོན་པ་ཙམ་གྱིས་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ།། བདག་བསྲུང་ན་ཐལ་བ་ལ་ལན་བདུན་བཟླས་བརྗོད་བགྱིས་པས་བགྱིའོ། ། གཞན་བསྲུང་ན་སྤྱི་བོར་ལན་གསུམ་བཟླས་བརྗོད་བགྱིས་ཏེ་སྐུ་མདུད་པར་བགྱིའོ།། སེམས་ཅན་ཐམས་ཅད་རེངས་པར་བགྱི་ན་ཡིད་ཀྱིས་བགྱིའོ།། དབང་དུ་བགྱི་ན་ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་བསྲུང་བ་བགྱིས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་ཞུགས་བུས་ལ་ཏིལ་གྱིས་ལན་བརྒྱད་སྲོང་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། ། མ་རུང་བར་བགྱི་འཚལ་ན་མི་རུས་ཀྱི་ཕུར་བུ་བླངས་ལ་ལན་བརྒྱད་སྟོང་སྔགས་ཀྱིས་བཏབ་སྟེ། དགྲའི་ཁྱིམ་དུ་བཙུགས་ན་དགྲ་མ་རུང་བར་འགྱུར་རོ།། དགྲའ་གུམ་ན་མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་ཀྱི་ཐལ་བ་བླངས་ཏེ་དུར་ཁྲོད་ཀྱི་ཞུགས་སུ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་འགུམ་མོ། ། བསྐམ་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཆབ་ལྟེ་བ་ནུབ་ཙམ་དུ་ཞུགས་ལ་དགྲའི་སྲོག་བསྐམས་ཀྱི་བར་དུ་བཟླས་བརྗོད་བགྱིའོ། ། མཚམས་གཅད་པར་འཚལ་ནི་སེང་ལྡེང་གི་ཕུར་པ་སོར་བཞི་པ་བླངས་ཏེ། ཕུར་བུ་རེ་རེ་ལའང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་ཕྱོགས་བཞིར་བཙུགས་ན་མཚམས་བཅད་པར་འགྱུར་རོ། ། ཡུལ་འཁོར་བ་ཅིང་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་པའི་ཆབ་ཀྱིས་བགྱིའོ།། སེམས་ཅན་རྣམས་བསྐྲད་ན་ལན་བདུན་བཟླས་བརྗོད་པ་གྱིས་པའི་ཡུངས་ཀར་གྱིས་བགྱིའོ། ། ལག་བུ་མིག་དང་ལྡོང་རོས་བསྒྲུབ་ན་ཟླ་བ་གཅིག་ཟས་སུའོ་སྐྱོ་འཚལ་ཞིང་། ཡར་གྱི་ངོ་ཚས་བརྒྱད་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་རིང་བསྲེལ་དང་བཅས་པའི་@མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ཤིང་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་ལིག་བུ་མིག་དང་ལྡོང་རོས་བཞག་པ་དངོས་གྲུབ་གསུམ་བྱུང་གི་བར་དུ་བཟླས་བརྗོད་བགྱིས་འབར་ན་ནི་ལོ་སྟོང་ཐུབ་པར་འགྱུར་རོ། ། རིག་སྔགས་འཆང་སྐྲ་ལྕང་ལོ་འཁྱིལ་པ་ཅན་དུ་འགྱུར་རོ།། དུ་བ་འཐུལ་ན་ནི་མི་གདའ་བར་འགྱུར་རོ།། ལོ་དགུ་སྟོང་ཐུབ་པར་འགྱུར་རོ།། ཡུལ་འཁོར་མ་རུང་བར་བགྱིད་པར་འཚལ་བས་མར་གྱི་ངོ་ཞག་བརྒྱད་ལ་དུར་ཁྲོད་ཀྱི་ཤིང་གིས་ཞུགས་བུས་ལ་ཡུངས་ཀར་དང་། དུག་དང་། ཁྲག་དང་བསྲེས་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཡུལ་འཁོར་མ་རུངས་པར་འགྱུར་རོ། ། མར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཞི་བར་འགྱུར་རོ།། དགྲའ་གུམ་ན་ཚེས་གྲངས་དང་སྐར་མ་བདམ་མི་འཚལ་ཏེ། ལུང་ཐང་གི་ཤིང་གིས་ཞུགས་བུས་ལ་ཤིང་ཨརྐའི་ལོ་མ་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིས་ན་ཞག་གསུམ་ན་འགུམ་མོ། ། གཤེགས་འགྱེད་ན་རིག་པ་བཟླས་བརྗོད་བགྱིས་ལ་གདོང་བླུགས་ན་རྒྱལ་བར་འགྱུར་རོ།། ཁྲོས་པའི་མདུན་དུ་བཟླས་བརྗོད་བགྱིས་ན་དགའ་བར་འགྱུར་རོ། ། ཡུགས་ས་མོ་དབང་དུ་བགྱི་བར་འཚལ་བས་ཡར་གྱི་ངོ་ཞག་བརྒྱད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་མེ་ཏོག་དཀར་པོ་བརྒྱད་སྟོང་སྦྱིན་སྲེག་བགྱིད་ན་དབང་དུ་འགྱུར་རོ། ། དགྲ་ཚར་གཅད་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་དུ་བ་མ་མཆིས་པའི་མདག་མར་རྒྱ་སྐྱེགས་ཀྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ།། བཟླས་བརྗོད་བགྱིས་ན་གང་འདོད་པ་དེ་རྙེད་པར་འགྱུར་རོ། ། མཁའ་འགྲོ་མ་ཐམས་ཅད་ཀྱི་དཀྱིལ་འཁོར་བཅིང་བ་ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བགྱིས་པས་བགྱིའོ།། ཆུ་སྲིན་ཀུམ་བི་རའི་ཁ་བཅིང་ན་གསེག་མ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་ཆབ་ཏུ་བོར་ན་ཁ་བཅིང་བར་འགྱུར་རོ། ། སེང་གེ་དང་། སྟག་དང་། མ་ཧེ་དང་། གླང་པོ་ཆེ་དང་། རྒྱལ་པོ་དང་། ཆོམ་རྐུན་གྱི་ནང་དུ་ཆུད་ན་བསམ་པར་བྱའོ། ། རི་མོ་མཁན་གསོ་སྦྱོང་བཟུང་བས་མ་གོད་པའི་རས་ལ་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བྱ་སྟེ། གཡོན་རོལ་དུ་ནི་ལག་ན་རྡོ་རྗེ། གཡས་རོལ་དུ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། ། དེ་བཞིན་གཤེགས་པ་ནི་གསར་གྱི་མདོག་ཅན་དུ་བྲིའོ།། ལག་ན་རྡོ་རྗེ་ནི་ལོ་བཅུ་དྲུག་ཙམ་ལོན་པའི་གཟུགས་འདྲལ་ཁ་དོག་སྔོ་བ་སངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྲིའོ།། འཕདྲ། པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་གཡས་རོལ་དུ་ནི་ལྷ་མོ་བྲྀ། དེའང་འདམ་བུ་མདའ་རྒྱུ་ལྟར་དཀར་བའོ།། འཕགས་པ་སྤྱན་རས་གཟིགས་ཀྱང་དེ་དང་འདྲའོ།། ལྷ་མོ་ནི་པདྨོའི་འཕྲེང་བས་བརྒྱན་པར་བྲིའོ། ། དེའི་འོག་རོལ་དུ་སྒྲུབ་པ་པོག་པོར་ཐོགས་པར་བྲིའོ།། སྒྲུབ་པ་པོ་ཟླ་བ་གཅིག་གི་བར་དུ་ཟས་སུའོ་སྐྱོ་འཚལ་ཞིང་ཡར་གྱི་ངོ་ཚས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བགྱིས་ཏེ། མོ་ལ་འོད་ཟེར་བྱུང་གི་བར་དུ་བཟླས་བརྗོད་བགྱིའོ།། འོད་ཟེར་དེ་དེ་བཞིན་གཤེགས་པའི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར་རོ།། དེ་ནས་དངོས་གྲུབ་ཏུ་འགྱུར་ཏེ་རྒྱལ་པོ་ཉིད་སྩོལ་ཏོ།། ཡིད་ཀྱིས་གང་བསམས་པ་དེ་དག་ཐམས་ཅད་འབྱོར་ཏོ། ། ཡར་གྱི་ངོ་ཟླ་བ་ཉ་ནས་ཞག་གསུམ་སྨྱུང་བ་བགྱིས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་ཞུགས་ལ་པདྨ་འབུམ་བོར་ན་ལྷ་མོ་ཉིད་མཐོང་ངོ། ། དམ་པ་གང་བླངས་པ་དེ་རྙེ་དེ་རྒྱལ་པོ་ཉིད་དམ་རིག་སྔགས་འཆང་ཉིད་དུ་འགྱུར་རོ།། ཐ་མར་ཞག་གསུམ་སྨྱུང་བ་བགྱིའོ།། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་ཆོ་ག་རྫོགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་ངས་ཀྱང་གང་གིས་རྡོ་རྗེའི་རིགས་དང་། ཆོ་ག་རྒྱས་པ་ཆེན་པོ་གཞན་དག་ཀྱང་འགྲུབ་པར་འགྱུར་བའི་གསང་སྔགས་ཆོ་ག་རྒྱས་པ་འདིར་སྦྱིན་པར་བགྱིའོ། ། ད་ལྟ་བས་ན་ཆོ་ག་རྒྱས་པ་ཐམས་ཅད་དུ་འདི་གཅིག་པུ་སྦྱར་བར་བགྱིའོ།། ལག་ན་རྡོ་རྗེ་འདི་དྲན་པ་ཙམ་གྱིས་། རིག་པའི་ལྷ་ཐམས་ཅད་མངོན་དུ་འགྱུར་རོ།། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ། བྷ་ག་བདྡྷཿ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ལག་ན་རྡོ་རྗེ་སྤྱན་འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བཅུས་དགོངས་ཏེ། ངས་ཀྱང་ད་ལྟར་སེམས་ཅན་རྣམས་ཀྱི་དོན་དང་། ཁྲོ་བོ་རྣམས་དགའ་བར་བྱ་བ་དང་། གདུལ་དཀའ་བ་རྣམས་གདུལ་བའི་ཕྱིར་བཤད་དོ། ། རི་མོ་མཁན་གསོ་སྦྱོང་དང་ལྡན་པས་མ་གོད་པའི་རས་ལ་སྦྱིན་དང་མ་འདྲེས་པའི་ཚེན་གྱིས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་མདོག་ཅན་ཆོས་སྟོན་པ་བྲི་བར་བྱའོ།། དེའི་གཡས་རོལ་དུ་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཆོས་ཉན་པར་བྲིའོ། ། དེ་བཞིན་གཤེགས་པའི་གཡོན་རོལ་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདམ་བུ་མདའ་རྒྱུ་ལྟར་དཀའ་བ། སྐྲའི་ཐོར་ཙུགས་དང་ཅོད་པན་ཅན། སྟག་ལྤགས་ཀྱི་ཤམ་ཐབས་གྱོན་པ། ལག་ན་རྔ་ཡབ་ཐོགས་པ་བྲི་བར་བྱའོ།། དེ་ནས་ཟླ་བ་ཕྱེད་ཟས་སུའོ་སྒྲོ་འཐུང་། ཞིང་རིག་པ་བཟླས་བརྗོད་བྱའོ།། དེས་པར་གྱི་ངོ་ཞག་བཅུ་བཞི་ལ་ཉིར་ཞག་གཅིག་སྤྱང་བ་བགྱིས་ཏེ། རི་མོའི་གཟུགས་ལ་མཆོད་པ་རྒྱ་ཆེར་བྱས་ལ་རིག་པ་ལན་བརྒྱ་སྟོང་བཟླས་བརྗོད་བྱའི།། དེ་བཞིན་གཤེགས་པའི་གློ་གཡས་ནས་འོད་ཟེར་བྱུང་སྟེ་ལག་ན་རྡོ་རྗེ་ལ་ནུབ་ན་གྲུབ་པར་འགྱུར་རོ།། རྒྱལ་པོ་ཉིད་དམ་རིག་སྔགས་འཆང་ཉིད་དེ་དམ་པ་གཉིས་སྦྱིན་བར་བྱེད་དོ།། རྒྱལ་པོ་ཉིད་དུ་གྱུར་ན་རིག་སྔགས་འཆང་རྣམས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་རོ། ། རིག་སྔགས་འཆང་ཉིད་དུ་གྱུར་ན་ནི་རིག་སྔགས་འཆང་དྲུག་ཁྲིའི་བདག་པོ་ཉི་མ་ཤར་བ་ལྟ་བུའི་མདོག་ཅན་ལོ་བཅུ་དྲུག་ལོན་པ་ལྟ་བུའི་ལུས་སུ་འགྱུར་རོ། ། ལོ་ཁྲི་བཞི་སྟོང་ཐུབ་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པར་འགྱུར་རོ།། སློང་མོའི་ཟས་བཟའ་ཞིང་རིའི་རྩེ་མོར་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་མེ་ཏོག་དཀར་པོ་ཞོ་དང་། སྦྲང་རྩི་དང་། མརལ་བསྙུགས་པ་འབུམ་སྦྱིན་སྲེག་བྱ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན། དེ་བཞིན་གཤེགས་པའི་གཟུགས་མངོན་སུམ་དུ་འགྱུར་ཏེ། མཐོང་ནས་གང་སྒྲུབ་པ་དེ་འགྲུབ་བོ།། སུ་ཞིག་རྟག་ཏུ་ལན་གསུམ་བརྗོད་ཅིང་ཕྱག་ཀྱང་འཚལ་ན་དེས་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བཅུ་ལ་བསྟི་སྟང་བྱས་པ་དང་། བླ་མར་བྱས་པ་དང་། རིམ་གྲོ་བྱས་པ་དང་། མཆོད་པ་བྱས་པར་འགྱུར་རོ།། གང་གི་ཚེ་ཤི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། མར་གྱི་ངོ་ནག་བརྒྱད་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ལ་ཙན་དན་དཀར་པོས་དཀྱིལ་འཁོར་བྱུགས་ཏེ། རིག་པ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་དེ་ནས་དངོས་གྲུབ་ཏུ་འགྱུར་རོ།། དེའི་འོག་ཏུ་ལས་ཐམས་ཅད་ལ་སྦྱར་བར་བྱའོ།། མིག་ལ་ལན་བདུན་བསྔགས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ།། ལག་ན་རྡོ་རྗེའི་མདུན་དུ་ལྡོང་རོས་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་རིག་ལ་བསྐུས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ། ། རྐང་རྗེས་ཀྱིས་བླངས་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ། བུད་མེད་གང་གི་མགོ་བོར་གཏོར་ན་དེ་དབང་དུ་འགྱུར་རོ།། བདག་གི་མཆིལ་མལ་ལན་བདུན་བསྔགས་ཏེ་ཐིག་ལེ་བྱས་ན་གང་མཐོང་བ་དེ་དབང་དུ་འགྱུར་རོ། ། གང་གི་མིང་ནས་བརྗོད་དེ་ཡུངས་ཀ་ར་ལ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་པ་དེ་དབང་དུ་འགྱུར་རོ།། བུད་མེད་དབང་དུ་བྱ་ན་ཏི་ལ་ནག་པོ་ལ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱ་ཞིང་མིང་ནས་ཀྱང་བརྗོད་ན་དེ་དབང་དུ་འགྱུར་རོ། ། ཀྲིཥྚ་ཙ་ཏུ་ར་ད་ཤྱེ་ན་ཤྭེ་ཏ། པུཥྚ་ན་མ་ཨཥྚ་ས་ཧ་སྲེ་ན། བཛྲ་པཱ་ཎི་ར་ཧ་ན་ཏ་པ་པྱ། རཱ་ཛ་པ་ད་ནི་ཡེ་ཤོ་བ་ཏི། ལྡོང་རོས་ཀྱིས་ལག་མཐིལ་དུ་གཟུགས་བྲིས་ལ་མིང་ནས་བརྗོད་ཅིང་ཉི་མ་ལ་བསྟས་ཏེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ།། དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་རྩིག་ངོས་ལ་གཟུགས་བྲིས་ལ་མོ་མཚན་གྱི་སྟེང་དུ་མཛུབ་མོ་བཞག་སྟེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། ། སྤྲ་ཚོལ་ལ་གཟུགས་བྱས་ཏེ་ལྡན་པ་གཡས་པར་བཞག་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། ། གིའུ་ཝང་དང་། ཤུ་དག་དང་། དུང་གི་ལྟེ་བ་དང་། རྒྱ་སྤོས་རྣམས་བསྲེས་ཏེ་བཏགས་ལ་རིག་པ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ་ཟས་དང་། སྐོམ་དང་བཟའ་བའི་ནང་དུ་བཏབ་ན་དབང་དུ་འགྱུར་རོ། ། དུར་ཁྲོད་ཀྱི་ཐལ་བ་བླངས་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་གང་ལ་གཏོར་བ་དེ་དབང་དུ་འགྱུར་རོ།། ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དཀར་པོ་བརྒྱད་བརྒྱ་གཏོར་ན་དབང་དུ་འགྱུར་རོ། ། དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་མྲྀག་ངོས་ལ་གཟུགས་བྲིས་ལ་ཤིང་ཀ་ར་ཝཱི་རའི་མེ་ཏོག་བརྒྱ་རྩ་བརྒྱད་མོ་མཚན་དུ་ཕོག་པར་བྱས་ན་དབང་དུ་འགྱུར་རོ། ། བ་ལང་གི་ལྕི་བས་ལ་མ་ལྷུང་བ་བླངས་ཏེ་ཞི་བའི་མཚན་གཅིག་བྱས་ལ། དེའི་མདུན་དུ་རྩཝ་ཀུ་ཤ་ལས་མདུང་རྩེ་གསུམ་བྱས་པས་ཉི་མ་གསུམ་དུ་ཡུངས་ཀར་དང་། ཞོ་དང་། སྦྲང་རྩི་བསྲེས་པའི་སྲེག་བླུགས་ལན་བདུན་བདུན་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། ལག་ན་རྡོ་རྗེའི་མདུན་དུ་ལྡུམ་བུ་བ་ཤ་ཀའི་ཡམ་སྲེག་ཤིང་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། གཞོན་ནུ་མ་དབང་དུ་བྱ་ན་ཨ་རང་ག་ནི་མེ་ཏོག་བརྒྱད་སྟོང་གིས་ལག་ན་རྡོ་རྗེ་ལ་ཕོག་པར་བྱས་ན་གཞོན་ནུ་མ་དབང་དུ་འགྱུར་རོ།། ཡུགས་ས་མོ་དབང་དུ་བྱན་ལག་ན་རྡོ་རྗེའི་མདུན་དུ་མོན་སྲན་གྲེའུ་སྦྱིན་སྲེག་བྱ་ཞིང་མིང་ནས་ཀྱང་བརྗོད་ན་དབང་དུ་འགྱུར་རོ། ། ཐལ་བ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་བུད་མེད་ལ་གཏོར་ན་དབང་དུ་འགྱུར་རོ།། བུད་མེད་ཀྱི་མདུན་དུ་རིག་པ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་དབང་དུ་འགྱུར་རོ། ། ཤིང་བུ་སོར་བཞི་པ་བླངས་ཏེ་གཡབས་ན་འོང་ཞིང་དབང་དུ་འགྱུར་རོ།། མེ་ཏོག་དཀར་པོ་བླངས་ཏེ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ལ་བུད་མེད་མཐོང་བར་གཡབས་ན་འོང་ཞིང་དབང་དུ་འགྱུར་རོ། ། གཞན་ཡང་ལས་བྱེད་པ་འདོད་ན་བུ་མོ་གཙང་མས་བཀལ་བའི་སྐུད་པ་བརྐྱང་ནས་བླངས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཉིས་ཁུགས་དང་བཞི་ཁུགས་བྱས་པ་བཞག་ལ་བཟླས་བརྗོད་བྱས་ཏེ་གཅིག་ལ་གཅིག་འཁྲིལ་ན་དགོངས་པ་འགྲུབ་པར་འགྱུར་རོ། ། གིའུ་ཝང་བསྒྲུབ་པར་འདོད་པས་ཉི་མ་བདུན་ཟས་སུའོ་སྐྱོ་འཐུང་ཞིང་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེ་ལ་མཆོད་པ་རྒྱ་ཆེར་བྱས་ལ་གཽའུ་ཝང་པདྨའི་སྟེང་དུ་བཞག་སྟེ། འབར་གྱི་བར་དུ་བཟླས་བརྗོད་བྱའོ།། འབར་ནས་བླང་བར་བྱའོ།། བླངས་པ་ཙམ་གྱིས་ཉི་མ་ཤར་བ་ལྟ་བུའི་མདོག་དང་ལྡན་པར་འགྱུར་རོ།། དགོས་པ་ཐམས་ཅད་ཡིད་ཀྱིས་བསམས་པ་ཙམ་གྱིས་འབྱུང་བར་འགྱུར། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པར་འགྱུར། ལོ་དགུ་སྟོང་ཐུབ་པར་འགྱུར་རོ།། ཟླ་བ་ཕྱེད་ཟས་སུའོ་སྐྱོ་འཐུང་ཞིང་། དེ་ནས་རིག་སྔགས་འཆང་གིས་གྲོག་མཁར་གྱི་ས་ལ་ནོར་རྒྱས་ཀྱི་གཟུགས་བྱས་ལ་དེའི་སྟེང་དུ་འདུག་སྟེ། ནམ་འགུལ་བར་གྱུར་ཀྱི་བར་དུ་རིག་སྔགས་ལན་འབུམ་བཟླས་བརྗོད་བྱས་ན་ལོངས་སྤྱོད་སྟེར་རོ། ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་སྟོན་པར་འགྱུར། ལོ་ལྔ་བརྒྱ་ཐུབ་པར་འགྱུར། བདེ་བ་ཅན་དུ་སྐྱེ་བར་འགྱུར། ཟས་སུའོ་སྐྱོ་འཐུང་ཞིང་ལག་ན་རྡོ་རྗེའི་མདུན་དུ་ལན་འབུམ་བཟླས་བརྗོད་བྱས་ན་ལོངས་སྤྱོད་སྟེར་ཏེ། ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་བཟའ་ཞིང་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ། ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས། བཅོམ་ལྡན་འདས་ལའང་ལྷག་པར་མཆོད་དེ། ལག་ན་རྡོ་རྗེའི་རྐང་པ་ནས་བཟུང་ལ་རིག་སྔགས་བཟླས་བརྗོད་བྱས་ཏེ། ལག་ན་རྡོ་རྗེའི་གཟུགས་འགུལ་བར་གྱུར་ཀྱི་བར་དུ་བཟླས་བརྗོད་བྱའོ།། འགུལ་བར་གྱུར་ན་གྲུབ་པ་ཐམས་ཅད་ཀྱིས་མཐོང་བར་འགྱུར་རོ།། ཡིད་ཀྱིས་བསམ་བས་ཁ་ཟས་འབྱུང་བར་འགྱུར། ལོ་ལྔ་སྟོང་ཐུབ་པར་འགྱུར་རོ།། དེ་ནས་གནོད་སྦྱིན་གྱི་དབང་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་བཅོམ་ལྡན་འདས་གང་དག་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་གསང་སྔགས་འདི་ལྟ་བུ་གསུངས་པ་ནི་ངོ་མཚར་ཏེ་ཞེས་ནས། འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ཏོ།། སངས་རྒྱས་ཀྱི་སྤྱན་གྱི་ཆོ་ག་རྫོགས་སོ། ། ། དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་གྱིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷངས་ལ་བཙུགས་ཏེ་བཅོམ་ལྡན་འདས་གང་ན་བདི་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་མིང་འདིན་རིག་པ་ཐམས་ཅད་ཀྱི་གཙོ་མོ་ལགྲ་ཏ། འདི་དྲན་པ་ཙམ་གྱིས་བདག་གིས་དངོས་གྲུབ་སྩལ་བར་བགྱིའོ།། བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་མིང་དབུལ་བར་འཚལ་ལོ། ། འབྱུང་པོའི་བདག་པོ་དེ་བཞིན་དུ་གྱིས་ཤིག། དེ་ནས་འབྱུང་པོའི་བདག་པོ་དབང་ལྡན་གྱིས། ལག་ན་རྡོ་རྗེའི་ཞབས་གཉིས་ལ་གཏུགས་ནས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བའི་བདག་པོ་ཁྱོད་ཀྱིས་རིག་སྔགས་ཆེན་པོའི་མིང་འདི་བཞེས་སུ་གསོལ། ། ན་མོ་རུ་དྲཱ་ཡ། ལེ་ལེ། ལི་ལི་ལི་ལི། ཀ་མུ་ཀཱ་ཡ་སྭཱ་ཧཱ། ལིག་བུ་མིག་བུད་མེད་ཀྱི་སྐུས་བཅིངས་ལ་རྒྱ་མཚེར་འབབ་པའི་ཆུ་ཀླུང་གི་ངོས་གཉིས་ཀའི་འཇིམ་པ་བླངས་པའི་ནང་དུ་བཅུག་སྟེ་བསྲེགས་ལ། དབང་ཕྱུག་ཆེན་པོའི་གནས་སུ་སོང་ནས་མེར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལིག་བུ་མིག་བླངས་ལ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ནས་སྦྱང་བར་བྱ་སྟེ། མིག་ལ་བསྡུས་ནས་གང་ལ་བལྟས་ན་དེ་དབང་དུ་འགྱུར་རོ།། མར་གྱི་ངོ་ནག་བརྒྱད་ལ་དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་མིའི་ཐོད་པ་ལ་བརྡར་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པས་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། ། སོལ་བའང་བསྒྲུབ་པར་བྱ་སྟེ། ཞག་བདུན་གྱི་བར་དུ་ཟས་སུ་ཆུ་དང་ཕྱེའི་འདག་གུ་ཟ་ཞིང་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བགྱིས་ཏེ་དུར་ཁྲོད་དུ་སོང་ལ། དེ་ནས་ཐག་བུ་ལ་སྐྱང་ནུལ་བ་ཀོ་ཙམ་བྱས་ཏེ། མཆོད་པ་ཆེན་པོ་བྱས་ནས་དུར་ཁྲོད་ཀྱི་སོལ་བ་བླངས་ཏེ། དེ་ནས་རིག་སྔགས་འཆང་གིས་སོལ་བ་མིའི་ཐོད་པའི་ནང་དུ་བཞིག་ལ་ལག་པས་མནན་ཏེ་དུད་པར་འཐུལ་བར་གྱུར་གྱི་བར་དུ་རིག་སྔགས་བཟླས་བརྗོད་བྱས་ནས་བླངས་ཏེ་ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ཞིང་། བསམས་པས་ཀྱང་ཁ་ཟས་འབྱུང་བར་བྱེད་དེ་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། ། དབང་ཕྱུག་ཆེན་པོའི་ལས་རྣམས་བཀླགས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ།། ཚེས་གྲངས་དང་སྐར་མའང་པད་མ་མི་འཚལ། སྨྱུང་བལ་བགྱི་མི་འཚལ་བར་བུད་མེད་ཤི་བའི་རོ་བྲངས་ལ་དྲི་དང་མེ་ཏོག་གིས་བརྒྱན་ཏེ། དེའི་མོ་མཚན་དུ་ཏིལ་གྱི་ལོ་མ་བཞག་ནས། དེའི་སྟེང་དུ་ལྡོང་རོས་སྲང་གཅིག་གམ། སྲང་ཕྱེད་བཞག་ལ་འབར་བར་གྱུར་གྱི་པབར་དུ་རིག་སྔགས་བཟླས་བརྗོད་བྱས་ཏེ། འབར་བར་གྱུར་ན་དབང་ཕྱུག་ཆེན་པོའི་གཟུགས་དང་ལྡན་པར་འགྱུར་ཞིང་རབ་ཏུ་འཇོམས་པའི་ཚོགས་ཀྱིས་བསྐོར་ལ། ལོ་དགུ་སྟོང་ཐུབ་ཅིང་དབང་ཕྱུག་ཆེན་པའི་ཚོགས་རྣམས་དབང་དུ་འགྱུར་རོ། ། དུར་ཁྲོད་ཀྱི་ཐལ་བ་བླངས་ཏེ་མིའི་ཐོད་པའི་སྣོད་དུ་བཞག་ལ། མཚན་གཅིག་འདུག་པའི་གནས་སུ་སོང་ནས་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་འབྱུང་པོའི་གཏོར་མའང་བྱས་ལ། ། དེ་ནས་ཐོད་པའི་སྣོད་ལག་ཏུ་བླངས་ཏེ་དངོས་གྲུབ་རྣམ་གསུམ་དུ་གྱུར་ཀྱི་བར་དུ་བཟླས་བརྗོད་བྱས་ནས། དུད་པ་འཐུལ་བས་ནི་ལུས་མི་སྣང་བར་འགྱུར་ཞིང་ཚེ་ལོ་བརྒྱ་སྟོང་ཐུབ་པར་འགྱུར་རོ། ། འབར་བར་འགྱུར་ཏེ་ཐིག་ལེ་བྱས་པས་ནི་སྒྲ་ལྕང་ལོ་འཁྱིལ་བར་འགྱུར་ཞིང་། ནམ་མཁའ་ལ་འགྲོ་བ་དང་། ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། ། གིའུ་ཝང་བསྒྲུབ་པར་འདོད་པས་ནི་མར་གྱི་ངོ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ལ། ལག་ན་རྡོ་རྗེའི་ལག་ཏུ་གིའུ་ཝང་བཞག་ནས་འབར་བར་གྱུར་ཀྱི་བར་དུ་བཟླས་བརྗོད་བྱས་ཏེ། འབར་བར་གྱུར་ན་བླངས་པ་ཙམ་གྱིས་སྟོབས་གླང་པོ་ཆེ་དང་མཉམ་ཞིང་ཕ་རོལ་གྱི་མཚོན་གྱིས་ཀྱང་མི་ཚུགས་ལ་ཚེ་ལོ་སུམ་སྟོང་ཐུབ་པར་འགྱུར་བ་དང་། གང་གཏམ་བྱས་པ་དེ་དབང་དུ་འགྱུར་ཞིང་དབང་ཕྱུག་ཆེན་པོའི་གཡོག་རྣམས་ཀྱིས་ཉིན་གཅིག་བཞིན་ཏིན་ར་བཅུ་གཉིས་དང་གོས་ཕྲུགས་བཅུ་གཉིས་སྦྱིན་པར་བགྱིད་ཅིང་། སྔོན་མ་བྱུང་བའི་བུད་མེད་ཀྱང་ཁྲིད་དེ་འོང་བར་འགྱུར་རོ། ། དབང་ཕྱུག་ཆེན་པོའི་ཆོ་ག་རྫོགས་སོ།། །། དེ་ནས་མཐང་གི་རྒྱལ་པོ་ཕུར་བུ་གསུམ་པས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ལག་ནརྡོ་རྗེ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་མིང་དབུལ་བར་བགྱི་སྟེ། འདི་དྲན་པ་ཙམ་གྱིས་བདག་གི་ཆོ་ག་རྒྱས་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་མ་ཐང་གི་རྒྱལ་པོ་ཕུར་བུ་གསུམ་པས་བཅོམ་ལྡན་འདས་དང་ལ་ཀུན་རྡོ་རྗེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་གསང་སྔགས་སྨྲས་པ། ན་མོ་བཛྲ་པཱ་ཎིཿ། མཱ་བྷཱ་མ་ཀྵ་སེ་ནཱ་པ་ཏཱིསྱ། ན་མཿན་མཱཿཏྲི་ཏ་ཀརྨ་ཏི་ག་རྫ་སྱ། ཨ་ཊེ་བ་ཊ། ཨུ་པུ་རི་ཎི། ཀོ་རི་ཀྲྀ་ཛྭ་རི། ཧ་ན་ད་ཧ། པ་ཙ་པཙཱ། སནྡྷར་པ་ཡ། ཏུ་རྦ་ཏུ་རུ། ཀུམྦྷ་ཡ་སྭཱ་ཧཱ། ཡར་གྱི་ཚེས་བརྒྱད་ཀྱི་སྲོད་ལ་དཀྱིལ་འཁོར་སྐྱལ་ནུཚུལ་གྱིས་བྱུགས་ནས། ཕུར་བུ་གསུམ་པ་ལ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ཏེ། བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལེའང་བདུག་པ་གསོལ་ནས་ཞག་གཅིག་སྨྱུང་བ་བྱས་ཏེ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། དེའི་འོག་ཏུ་ལས་བརྩམ་པར་བྱའོ།། བུད་མེད་དབང་དུ་བྱ་ན་ཚེས་གྲངས་དང་རྒྱུ་སྐར་ཡང་བདམ་མི་དགོས། སྤྱང་བའང་བྱ་མི་དགོས་པར་ཀ་ར་ཝཱི་རའི་ཡམ་སྲེག་ཤིང་གིས་མིང་ནས་སྨོས་ཤིང་བརྒྱ་སྟོང་གིས་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། དཀྱིལ་འཁོར་སྐྱལ་ནུལ་གྱིས་བྱུག་ལ་ལན་ཚྭ་ལས་གཟུགས་བྱས་ནས་མཚོན་རྣོན་པོས་རྐང་པ་ནས་བརྩམས་ཏེ་གཅད་ཅིང་། དུད་པ་མེད་པའི་མདག་མ་ལ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་ཡང་དབང་དུ་འགྱུར་རོ།། ཡར་གྱི་ངོ་ཆོས་ལྔ་ལ་ཡང་མིའི་རུས་པའི་ཕུར་བུས་ལ་བཏབ་སྟེ། དེའི་སྟེང་དུ་མར་མེ་སྤར་ལ་མར་མེ་དེའི་མེ་ལྕེ་འབར་བ་ལ་ནིམ་པའི་ལོ་མ་ཁབ་ཀྱིས་བཙུགས་ཏེ་མིང་ནས་སྨོས་ཤིང་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། ཡར་གྱི་ངོ་ཚོས་བཅུ་གསུམ་ལ་རས་བལ་གྱི་འདབ་མ་རྒྱ་སྐྱེགས་ཀྱིས་ཁ་དོག་བསྒྱུར་བ་སྲེད་མེད་ཀྱི་བུའི་ཆུང་མ་ལ་ཕུལ་བ་ལས་མར་མེའི་སྙིང་པོ་བྱས་ཏེ་མར་མེ་སྦར་ལུ་ཀ་ར་ཝཱི་རའི་མེ་ཏོག་ཁབ་ཀྱིས་བཙུགས་ཏེ། བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཡང་དབང་དུ་འགྱུར་རོ།། ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ཨ་ཏི་མུཀྟ་ཀའི་མེ་ཏོག་བརྒྱད་སྟོང་གིས་དཀའ་བཟློག་མའི་མོ་མཚན་ལ་བསྣུན་ན་ཡང་གྲོང་དང་ལོངས་སྤྱོད་ཀྱི་བཞི་སྦྱིན་པར་བྱེད་དོ། ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ཨོཾ་རང་ག་ནའི་མེ་ཏོག་གིས་དཀའ་བཟློག་མའི་རྐང་པ་ལ་བསྣུན་ན་བུ་མོ་ཐོབ་པར་འགྱུར་རོ། ། བུད་མེད་དབང་དུ་བྱན་ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དཀར་པོ་བརྒྱད་བརྒྱ་ཕུལ་ན་དབང་དུ་འགྱུར་རོ།། ཡར་གྱི་ངོ་ཚས་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏ་ཀམ་པོ་ཙའི་ཤིང་གིས་མེ་སྦར་ལ་ཀོ་ཤ་ཏཀའི་མེ་ཏོག་བརྒྱད་སྟོང་གིས་མིང་ནས་སྨོས་ཤིང་སྦྱིན་སྲེག་བྱས་ན་མོ་མཚན་རུལ་པར་འགྱུར་རོ། ། དཀའ་བཟློག་མའི་འོ་མས་བཀྲུས་ལ་རིག་སྔགས་ཀྱང་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སོས་པར་འགྱུར་རོ། ། ཕུར་བུ་གསུམ་པའི་ཆོ་ག་རྫོགས་སོ།། །། དེ་ནས་ནམ་མཁའ་ལ་རྒྱུ་བའི་མ་མོ་བདུན་གྱིས་ཅ་ཅོད་དང་གཞའི་སྒྲ་བཏོན་ནས་འཁོར་དེ་ཉིད་དུ་འདུས་པར་འགྱུར་ཏེ། འཁོར་འདུས་པ་དེ་དག་ཐམས་ཅད་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་གསང་སྔགས་ཀྱི་ཤས་འབུལ་བར་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། མ་མོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲིང་མོ་གང་དག་གང་ཁྱེད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ནི་ལེགས་སོ་ལེགས་སོ། ། དེ་ནས་མ་མོ་དེ་དག་གིས་ཚིག་མཐུན་པར་ལག་ན་རྡོ་རྗེ་ལ་གསང་སྔགས་ཕུལ་བ། ན་མོ་བུ་དྷཱ་ཡ། ན་མོ་བཛྲ་པཱ་ཎ་ཡ། མ་ཧཱ་ཡཀྵ་སྱ་ནཱ་པ་ཏ་ཡ། ཏདྱ་ཐཱ། ཧུ་ལུ་གུ་ལུ། ལ་ཧུ་ལ་ཧུ། ཧ་ཧ་ཏི། ཏིཥྛ་ཏིཥྚ། བྷྲ་མ་བྷྲ་མ། བནྡྷ་བནྡྷ། ཁ་ད་ཁ་ད། མ་ཙ་མེ་ཁཤྩིད་བིགྷྣ་ཀ་རི་ཥྱ་ཏི། མོ་ཧ་ནི་མོ་ཧ་ནི། ན་ཡ་ཏི་ན་ཡ། མཱ་ལི་ནི་བི་ཤྭེ་ཤྭ་ར། ཨ་མོ་གྷེ་ན་མཿསྭཱ་ཧཱ། རིག་སྔགས་འདི་དྲན་པ་ཙམ་གྱིས་རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་དེ་ལ་བདག་ཅག་མ་མོ་བདུན་གྱིས་དཔག་ཚད་གཅིག་གི་བར་དུ་བསྲུང་བར་བགྱི། ཡང་དག་པར་སོ་སོར་བསྐྱབ་པར་བགྱིའོ།། རིག་སྔགས་ཀྱི་ལས་རྣམས་འབྱུང་སྟེ། རས་གསར་པ་ལ་སྤྲིན་དང་མ་འདྲེས་པའི་རྩིས་ལག་ན་རྡོ་རྗེ་མདོག་སྔོ་བསངས་ལ་ལོ་བཅུ་དྲུག་ལོན་པ་ཞིག་གཟུགས་ཅན་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ། མ་མོ་བདུན་གྱིས་བསྐོར་བར་བྲིའོ།། མ་མོ་བདུན་ནི་འཇིག་པའི་ཚུལ་དུ་བསྒྲུབ་པར་བྱའོ།། དེ་ནས་ཞག་གསུམ་སྨྱུང་བར་བྱས་ཏེ། མར་གྱི་ངོ་ནག་བཅུ་བཞི་ལ་ཅི་ནུས་ཀྱིས་མཆོད་པ་བྱས་ཏེ། ཆང་དང་ཤའི་གཏོར་མའང་སྦྱིན་པར་བྱའོ།། དེ་ནས་རིག་སྔགས་འཆང་གིས་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་སེང་ལྡེང་གི་ཤིང་གིས་མེ་སྦར་ལ་ཡུངས་ཀར་ཁྲག་གིས་བསྒོས་པས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ཏེ། དེ་ནས་རི་མོའི་སྐུ་གཟུགས་འགུལ་བར་མཐོང་ན་རིག་སྔགས་འཆང་གིས་རིག་པ་མཆོག་དྲན་པར་བྱའོ།། བུད་མེད་མཆེ་བ་གརྩིགས་པའང་འོང་བར་འགྱུར་ཏེ། དེས་འཇིགས་པར་མི་བྱ་བར་སྲིང་མོ་ཁྱོད་འོངས་པ་ལེགས་སོ།། རྡོ་རྗེ་འཛིན་གྱིས་དམ་ཚིག་བྱིན་པ་གང་ཡིན་པ་དེ་དྲན་པར་གྱིས་ཤིག་ཅེས་སྨྲོས་ཤིག། དེ་སྐད་ཐོས་ནས་ཅ་ཅོའི་སྒྲ་བྱུང་སྟེ་དེ་བཞིན་དུ་བྱའོ་ཞེས་ནས་མི་སྣང་བར་འགྱུར་རོ། ། དེ་ནས་ཉིན་གཅིག་བཞིན་དུ་ཏི་ན་ར་རེ་སྦྱིན་པར་བྱེད་ཅིང་དོན་ཐམས་ཅད་སྒྲུབ་སྟེ། རོག་སྔགས་ཀྱི་དངོས་གྲུབ་ཀྱང་སྦྱིན་པར་བྱེད་དོ།། ལས་གཞན་ཐམས་ཅད་ཀྱང་འབྱུང་སྟེ་ལོག་འདྲེན་ཕུང་བར་བྱ་བ་ལ་ནི་སྐེ་ཚེ་དང་ལན་ཚྭ་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱའོ། ། གདོན་གཞིག་པ་ནི་སྐྲ་གཏུགས་པའི་བདུག་པས་བདུགས་ན་གདོན་ཐམས་ཅད་འཇིགས་པར་འགྱུར་རོ། ། གདོན་གཞོམ་པ་ནི་མཛུབ་མོས་བྱའོ།། ལོ་ཏོག་མ་རུང་བར་བྱ་བ་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ནི་ཨ་འབྲའི་ཤིང་གི་ཕུར་བུ་སོར་བརྒྱུད་པ་བླངས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་ཞིང་ལ་བཏབ་ན་ལོ་ཏོག་མེད་པར་འགྱུར་རོ། ། ཆང་མུ་རུང་བར་བྱ་ན་འོ་མའི་སྲག་བླུགས་ལ་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་མ་རུང་བར་འགྱུར་རོ།། དགྲ་ལ་མི་སྡུག་པར་བྱན་ལམ་གྱི་སུམ་མདོར་སྥུ་རུ་རའི་ཤིང་གིས་མེ་སྤར་ཏེ། དགྲའི་མིང་ནས་སྨོས་ཤིང་དུག་གིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དགྲའི་ལུས་ལ་མི་གཙང་བའི་དྲི་མནམ་པར་འགྱུར་རོ། ། ཕྱིར་གསོ་བ་ནི་ལག་ན་རྡོ་རྗེ་ལ་མཆོད་པ་རྒྱས་པར་བྱས་ཏེ་མར་དང་གུ་གུལ་གྱིས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཕྱིར་འཚོ་བར་འགྱུར་རོ།། དབྱེ་བར་བྱ་བ་ནི་མར་གྱི་བོ་ནག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་སྤེན་མའི་ཤིང་གིས་མེ་སྦར་ལ་ཕུབ་མས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབྱེ་བར་འགྱུར་རོ།། དགྲ་བསླང་པར་འདོད་པས་ནི་མར་གྱི་ངོ་ནག་བརྒྱད་ལ་ནེའུ་ལེའི་རུས་པ་བླངས་ནས་དགྲའི་མིང་ནས་སྨོས་ཏེ། སྦྲུལ་གྱི་ཁུང་བུར་བཙུགས་ན་དེ་མ་ཐག་ཏུ་དགྲའ་བྲོས་པར་འགྱུར་རོ།། རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་གི་ཚེཆོ་ག་རྒྱས་པ་ལ་འབྱུང་བའི་ལྷ་རྣམས་ལ་མཆོད་པ་བྱས་ལ། བཙུགས་ནས་བྱུང་ནའོང་རྟག་ཏུ་བཅིང་བར་བྱའོ།། དེ་བཅིངས་ན་ཆོ་ག་རྒྱས་པར་འགྲུབ་པར་འགྱུར་ཏེ། རིག་སྔགས་ཀྱི་དངོས་གྲུབ་ལས་སུའང་གླགས་ཚོལ་པར་མི་འགྱུར་རོ། ། གང་ལ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཐམས་ཅད་རྫོགས་པ་ཡོད་པ་དེ་ཐམས་ཅད་ལ་ནི་ལྷ་རྣམས་ཡིད་དགའ་བར་འགྱུར་ཏེ་རིག་སྔགས་ཀྱང་སྦྱིན་པར་བྱེད་དོ།། དེ་མ་ཡིན་ན་ལག་ན་རྡོ་རྗེའི་བྱ་བ་སྒྲུབ་པ་རྣམས་གྲགས་ཚོལ་བའི་ཕྱིར་འཁྲོད་དོ། ། ཆོ་ག་རྒྱུ་བསྒྲུབ་པས་ཆོ་ག་རྒྱས་པ་ལས་བཤད་པ་བཞིན་དུ་འགལ་བ་རྣམས་བསྲུང་བར་བྱསྟེ། ཉ་དང་ཤ་སྤང་བར་བྱའོ།། རྟག་ཏུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དགའ་བར་བྱའོ།། གང་དག་ངའི་རྡོ་རྗེའི་རིགས་ལ་མཆོད་པ་བྱེད་ཅིང་དང་བར་བྱེད་པ་དང་། རིག་པའི་མཆོག་འདོན་ཅིང་མཆོད་པ་དེ་དག་ནི་ངའི་དམ་ཚིག་ཤེས་པ་ཡིན་ནོ། ། དེ་དག་ནི་ངལ་ཤས་ཆེར་དང་སྟེ་དེ་དག་ལ་ང་ཞི་བར་སེམས་སོ།། ལྷ་ཐམས་ཅད་ཀྱང་ཞི་བར་སེམས་པར་འགྱུར་རོ།། གང་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ལས་ཕྱི་རོལ་དུ་གྱུར་ཅིང་འདོད་དོ་ཅོག་ཟ་བ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པར་ཆོ་ག་རྒྱས་པ་འདི་སྒྲུབ་པ་དེ་དག་ནི་ལག་ན་རྡོ་རྗེ་འཛིན་གྱི་རྡོ་རྗེས་བཤིག་པར་འགྱུར་རོ། ། ལྷ་ཐམས་ཅད་ཀྱང་མ་དད་པའི་སེམས་སུ་འགྱུར་རོ།། ལོག་འདྲེན་རྣམས་ཀྱང་གླགས་ལྟ་ཞིང་ཀླན་ཀ་ཚོལ་བའི་ཕྱིར་འཁོད་དོ།། དེ་མ་ཐག་ཏུ་ནད་ཀྱིས་འདེབས་ཤིང་ལོག་འདྲེན་རྣམས་ཀྱིས་ནོན་པར་འགྱུར་རོ། ། མ་མོ་རྣམས་ཀྱི་ཆོ་ག་རྫོགས་སོ།། །། དེ་ནས་རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱིས་འཁོར་འདུས་པ་ཐམས་ཅད་ལ་གླང་པོ་ཆེའི་ལྷ་སྟངས་ཀྱིས་བལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདིའི་སེམས་ཅན་རྣམས་ནི་བསོད་ནམས་དམན་པ་དང་། ཚུལ་ལ་མི་གནས་པ་དང་། ཕལ་མ་གུས་པ་དང་མལ་མ་གུས་པ་དང་། བསོད་ནམས་ཆུང་བ་དང་། དད་པ་མེད་པ་དང་། གྲགས་ཚོལ་བ་དང་། འཆལ་པ་དང་། རྟག་ཏུ་ཟང་ཟིང་ལ་བརྐམ་པ་དང་། རྟག་ཏུ་ལོག་འདྲེན་དང་། མཆེ་བ་ཅན་དང་། ཤ་ཟ་རྣམས་ཀྱིས་ཟིན་པ་ལགས་ཏེ། བགེགས་དང་ལོག་འདྲེན་དེ་དག་གཞིག་པ་དང་མཐར་གཏུགས་པའི་སླད་དུ་གསང་སྔགས་བཤད་པར་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས། རྡོ་རྗེ་ཁྲོ་བོ་ལ་བཀའ་སྩལ་ཏོ།། བདུད་རྩི་ཐབས་སྦྱོར་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ།། ཁྱོད་ལ་དེ་བཞིན་གཤེགས་པས་གནང་གིས། སེམས་ཅན་ཐམས་ཅད་ཀྱི་ཕྱིར་གསང་སྔགས་ཤོད་ཅིག། དེ་ནས་རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱིས་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེའི་ཞབས་ལ་གཏུགས་ནས་གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཤྩཎྚ་བཛྲ་པཱ་ཎ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། པྲ་ཛྭ་ལི་ཏ་དཱིཔྟ་དཾཥྚོ་ཀ་ཊ་བྷ་ཡ་བྷཻ་ར་བྲཱ་ཡ། ཨ་སི་མུ་ས་ལ། བཛྲ་པ་ར་ཤུཔཱ་ཤ་ཧ་སྟཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཨརྠ་ཏཀུཎྜ་ལི། ཁ་ལ་ཁ་ཁ་ཁཱ་རཱ་ཁཱ་ནཱ་ཁཱ་ནཱ་ཁཱ་ནཱ། ཁཱ་ད་ཁཱ་ད་ཁཱ་ད་ཁཱ་ད། ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། གརྫ་གརྫ། ཏརྫ་ཏརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། བྷ་ག་བཱཾ། ཨ་མྲྀ་ཏ་ཀུཎྜ་ལི། མཱུརྷན་ཏཱ་ཌ་ཡ་བཛྲེ་ཎ་སརྦ་བིགྷྣ་བ་ནཱ་ཡ་ཀཾ་ནི་བཱ་ར་ཡ་མ་ཧཱ་ག་ཎ་པ་ཏཱི། ཛཱི་བི་ཏཱཾ་ཏ་ཀ་རཱ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཀྲོ་དྷ་ག་ཎ་ཡ་སྭཱ་ཧཱ། བདུད་རྩི་ཐབས་སྦྱོར་གྱི་གསང་སྔགས་དང་པོའོ།། ན་མོ་རཏྣ་ཏྲཾ་ཡཱ་ཡ། ནཱ་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཱ་ཧཱ་ཡཀྵ་སེནཱ་པ་ཏ་ཡེ། ན་མོ་མ་ཧཱ་བཛྲ་ཀྲོདྷ་ཡ། དཾ་ཥྚོཿ་ཀཊ་བྷཻ་ར་བ་ཡ། ཨ་མུ་ས་ལ་པ་ར་ཤུ་པཱ་ཤ་ན་ཧསྠཱ་ཡ། ཧེ་ཧེ། པ་ཏ་པ་ཏ། དྷ་པ་དྷ་པ། ཁ་བ། ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་ཀུཎྜ་ལི། ཏིཥྛ་ཏིཥྛ། བནྡྷ་བནྟ། ཧ་ན་ཧ་ནི། གརྫ་གེརྫ། གཎ་པ་ཏི། ཛཱི་བཾ་ཏ་ཨཱརྠ་ཀ་རཱ་ཡ་སྭཱ་ཧཱ། གསང་སྔགས་གཉིས་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་ས་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། བི་མ་ལ་ཀུ་ན་ཀ་ཛཱ་པུ་ཤ་ན་ཡ་ག་ཀ་ན། ཨ་མྲྀ་ཏ་སཾ་བྷ་བཱ་ཡ། གརྟ་མ་ལྱ་ཨ་ནུ་ལེ། པ་ན་པྲི་ཡཱ་ཡ། བཛྲ་པཱ་ཎཱི་པྲྀ་ཡཱ་ཡ། བཛྲ་པཱ་ཎི་ཏཱ་ལྱ། བྷ་ག་ཡ་བ་ནཱ་ག་ཡཀྵ་རཱཀྵ་ས་པྲ་མརྡ་ནཱ་ཡ། ཏྲཻ་ལོ་ཀྱ། གོ་ཙར་ཡཤ་ཏ་སྱ་ནྱ་བི་ཏྲ་ཀ་ར་ཡ་ཏྲི་དན་ན། གརྦྷོ་དྷ་མཱ་ཡ་ཨ་མྲྀ་ཏ་ཀུཎྜ་ལི། ཨེ་ཧྱེ་ཧི་དཾཥྚོ་ཏ་ཀ་ཊ་བྷེ་ར་བ་གྷི་བི་ཏུད་ཛྭ་ལ་སཱུ་ལྀ་ཀ་ཤ་ནི་དུ་ལེ་རུ་པོ་ཏཱི་ཏི་སཾ་བུདྡྷ། ཨོཾ་ཁ་ཁ་བ་ཁ། གྲིཧྞ་གྲིཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། དྷ་ཀ་དྷ་ཀ། ཛྭ་ལ་ཛྭ་ལ། པྲ་ཛཱ་ལ་པྲ་ཛཱ་ལ། གྲ་ས་གྲ་ས། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱ་ནཱན་ཧྲྀ་ད་ཡཾ་སྨཱ་ཏཾ་གན་དྷརྦ་ཧྲྀ་ད་ཡཾ་པ་ཏ། རཱཀྵ་སོ་ཧྲྀ་ད་ཡཾ་སྥཏ་སརྦ་ཛཱ་ར་ཧྲྀ་ད་ཡ་སྥ་ཏ། སརྦ་ཙ་ཏུརྠ་ཀུ་ཧྲྀ་ད་ཡ་སཱུ་ཏཱ། སརྦ་ནཱི་གཱ་ནཱཾ་ཧྲྀ་ད་ཡཾ་ས་པཱ་ཏ། ཧུཾ་ཧུ་སྭ་ཏ། ད་ཧ་ད་ཧ། པ་ཙེ་པ་ཙི། ཨཱ་བི་ཤ་ཨ་བྲྀ་ཤ། ཨ་ད~ཾ་ཙ་མེ་ཀཨཱརྱཾ་ཀུ་རུ་བཛྲ་དྷ་ར་ཨརྡྷ་པ་ཡ་ཏི་སྭཱ་ཧཱ། གསང་སྔགས་གསུམ་པའོ།། ན་མོ་བཛྲ་ཀྲོ་དྷཱ་ཨ། ད~ཾཥྚོ་ཧཱ་ཀ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཁཱ་བ་ག་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏཱིཥྛ། བནྡྷ་བནྡྷ་སྭཱ་ཧཱ། ཁྲོ་ཟ་བདུད་རྩི་ཐབས་སྦྱོར་གྱི་གསང་སྔགས་བཞི་པའོ། ། དེ་ནས་འདི་དག་གི་སྙིང་པོ་དོན་ཡོད་པ་གང་འདོད་པ་དང་། བཟླས་བརྗོད་བྱས་ཤིང་བསྒྲུབས་ན་བདག་གི་གསང་སྔགས་ཐམས་ཅད་བ་ཏོན་ཅིང་བཟླས་བརྗོད་པགྱིས་པ་དང་། བསྒྲུབས་པར་གྱུར་པ་དེ་བཤད་པར་འཚལ་ལོ།། དེ་ལ་འདི་ནི་བདག་གི་སྙིང་པོ་ལགས་སོ།། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུད་རྩི་ཐབས་སྦྱོར་གྱི་སྙིང་པོ་རྡོ་རྗེ་ཁྲོ་བོ་བདུད་རྩི་ཟབ་སྦྱོར་གྱིས་གསང་སྔགས་རྣམས་བཤད་མ་ཐག་ཏུ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། ། ལོག་འདྲེན་རྣམས་ཀྱང་སྐྲག་སྟེ་སྐབས་མེད་ཅིང་རྟེན་མེད་པར་གྱུར་ནས་དེ་བཞིན་གཤེགས་པའི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་བདག་ཅག་གི་སྐྱབས་མཛད་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་གི་སྐྱབས་མཛད་དུ་གསོལ་ཞེས་དེ་སྐད་སྨྲ་ཞིང་མགོ་བོ་ཐུར་དུ་གཏུགས་སོ།། ཀྱེ་ཀྱེ་ལོག་འདྲེན་མ་རུངས་པ་རྣམས་ལོངས་ལ་ངའི་ངག་ཉོན་ཅིག། རྡོ་རྗེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབ་རབས་ཁྱེད་ཀྱི་སྤྱི་བོ་གཤེགས་ས་རེ། ངས་རལ་པ་སེར་པོ་ཅན་རྣམས་ཀྱི་གསང་སྔགས་ཀྱིས་ལྷའི་ལེ་སྟོང་གི་བར་དུ་ལོག་འདྲེན་རྣམས་བཅོམ་པ་དང་། གཏུབས་པ་དང་། བརྡུངས་པ་དང་། གཟིར་བ་དང་། བསྐུམས་པ་གང་ཡིན་པ་དེ་དྲན་པར་གྱིས་ཤིག། ངའི་མཐུ་དང་། བརྩོན་འགྲུས་དང་། ཕ་རོལ་གནོན་པ་ཆེན་པོ་དྲན་པར་གྱིས་ཤིག། གང་ངའི་གསང་སྔགས་འཛིན་ཅིང་འདོན་པ་དང་། སྒྲུབ་པ་དང་། ངེས་པར་བྱེད་པ་དེ་ལ་གླགས་མ་ཚོལ་ཅིག། ཏིལ་སྤྲས་པའམ་ཟས་ངན་པ་ཟའང་རུང་། ཤ་ཟའང་རུང་། གྲོང་གི་ཆོམ་རྐུན་སྤྱོད་ཀྱང་རུང་སྟེ། རིག་པའི་མཆོག་ལ་སོགས་པ་རིག་པ་ཐམས་ཅད་སྒྲུབ་པ་ལ་གླགས་མ་ཚོལ་ཅིག། ཟན་ཟ་བའི་ཚེའང་ཁམ་དང་པོ་ལ་སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱའོ། ། ཉི་མ་ཤར་བའི་ཚེ་ལན་བདུན་བརྗོད་ནང་དེའི་ཕྱི་བཞིན་དུ་རྟག་ཏུ་འབྲང་ངོ་།། ལོག་འདྲེན་རྣམས་ཀྱང་གྲགས་མི་ཚོལ་ལོ།། ཉ་དང་། ཤ་དང་། ཏིལ་དང་། སྲན་ཆན་དང་། པན་ཚེ་ཡང་རུང་། སྣུམ་སྐུར་བརྦ་ཏ་དང་། ལ་ཕུག་ཀྱང་རུང་སྟེ། ཐམས་ཅད་ཟར་ཟིན་ཀྱང་ངདེའི་རིག་སྔགས་འཛིན་ནང་ལ་ཐམས་ཅད་འགྲུབ་པར་འགྱུར་རོ། ། གང་ངའི་གསང་སྔགས་འཛིན་པ་ནི་བཟའ་བ་མ་ཡིན་པ་ཟ་ཞིང་བྱ་བ་མ་ཡིན་པ་བྱེད་དུ་ཟིན་ཀྱང་། དེ་ལ་གང་གིས་ལོག་འདྲེན་རྣམས་གྲགས་ཚོལ་བ་ལ་བརྟུན་ཏེ་འཁོད་པར་མི་འགྱུར་བའི་གསང་སྔགས་བདེ་བ་བསྟན་པར་བྱའོ། ། རིག་སྔགས་འཆང་སྒྲུབ་པ་ན་གང་དུ་ལོག་འདྲེན་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བའི་གནས་ཀྱང་བསྟན་པར་བྱ་སྟེ། ངེས་པར་བྱས་པ་ལ་ནི་གླགས་ཚོལ་བ་ལ་བརྟུན་པར་མི་འགྱུར་རོ། ། ངེས་པར་གནས་པ་ལའང་གནས་ནས་གནས་སུ་འགྲོ་བ་ན་གོམ་པ་རེ་རེ་ལ་ལོག་འདྲེན་རྣམས་གླགས་ཚོལ་བའི་ཕྱིར་འཁོད་པ་ཡོད་དོ།། ལོག་འདྲེན་སའི་སྤྱི་ཕུད་ཅེས་བྱ་བ་གང་དག་ས་བརྟོལ་ནས་འབྱུང་བའང་ཡོད་དོ། ། དེ་ལ་བགེགས་ཀྱི་མཚན་མའང་བཤད་པར་བྱ་སྟེ། དེ་དག་ནི་གོམ་པ་རེ་རེ་འཛིན་པར་བྱེད་དོ།། དེ་དག་གིས་ཟིན་ན་བགེགས་སུ་འགྱུར་ཏེ་ལ་ལོ་སྐྱེ་བར་འགྱུར་ཞིང་བརྒྱལ་བ་དང་། སྐྱུག་པ་དང་། མགོ་འཁོར་བར་འགྱུར་རོ།། ལོག་འདྲེན་དེ་དག་ནི་བསོད་ནམས་ཀྱང་ཟད་པར་བྱེད་དེ། ལོག་འདྲེན་རྣམས་ཀྱིས་རེག་པ་ཙམ་གྱིས་ལྷའི་ལོངས་སྤྱོད་སྟོང་གི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པའི་བསོད་ནམས་ཀྱི་ཕུང་པོའང་ཐལ་བར་རློག་པར་བྱེད་ཅིང་། རིག་སྔགས་འཆང་རིག་སྔགས་སྒྲུབ་པའི་བསོད་ནམས་ཟད་པར་བྱེད་དེ། དེ་ནས་རིག་སྔགས་རྣམས་འགྲུབ་པར་མི་འགྱུར་རོ། ། དེ་བས་ན་རིག་སྔགས་འཆང་གིས་ལུས་ཀྱི་ལྕེ་ཡང་ལས་ཤེས་པར་བྱ་སྟེ། མར་དང་སྲ་རྩི་པོག་གིས་བདག་ཉིད་བདུག་པར་བྱའོ།། དེ་ནས་ལོག་འདྲེན་དེ་དག་གིས་གཏོང་བར་འགྱུར་རོ། ། གང་ངའི་གསང་སྔགས་འཛིན་པ་དེ་ལ་ནི་གླགས་ཚོལ་བར་བརྟུན་པར་མི་འགྱུར་རོ།། དེ་བས་ན་རིག་སྔགས་འཆང་གིས་རིག་པའི་མཆོག་དྲན་པར་བྱས་ན། དེ་མཉེས་པར་གྱུར་པས་འཛུམ་པའི་བཞིན་གྱིས་དངོས་གྲུབ་མྱུར་དུ་འབྱིན་པར་བྱེད་དེ། ལོག་འདྲེན་རྣམས་ཀྱིས་མ་མཐོང་བར་གྲུབ་པར་འགྱུར་རོ།། ལོག་འདྲེན་སའི་སྤྱི་ཕུད་ཅེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། ། ། ལོག་འདྲེན་ཆུ་ལྟར་གཡོ་བ་ཞེས་བྱ་བ་དེ་དག་ནི་ཆུན་གནས་ཏེ། རིག་སྔགས་འཆང་ཁྲུས་བྱེད་པ་ན་འཛིན་པར་བྱེད་དོ།། དེ་དག་གི་མཚན་མ་འབྱུང་སྟེ་སེམས་འཁྲུག་པར་བྱེད་དེ། འདོད་པ་ལ་ལྷུར་སེམས་པ་དང་། བྲུ་བས་གཟིར་ཅིང་ཁ་ཟས་ལ་མངོན་པར་ཆགས་པ་དང་། འཇིགས་པའི་སེམས་སྐྱེ་བར་འགྱུར་རོ།། དེ་བས་ན་རིག་སྔགས་འཆང་གིས་བདུད་རྩི་ཐབས་སྦྱོར་དྲན་པར་བྱ་སྟེ། དྲན་པ་ཙམ་གྱིས་ལོག་འདྲེན་རྣམས་འཆི་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་སྙིང་རྗེའི་སེམས་བསྐྱེད་པར་བྱ་སྟེ། རིག་པ་མཆོག་དྲན་པར་བྱའོ།། དེ་དྲན་པ་ཙམ་གྱིས་འབྲས་བུ་ཆེ་བར་འགྱུར་ཏེ། རིག་སྔགས་ཀྱི་ལྷ་དེ་དག་གིས་ལོག་འདྲེན་རྣམས་མྱོས་པར་མཐོང་ནས་དགའ་བའི་སེམས་ཀྱིས་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ།། ལོག་འདྲེན་ཆུ་ལྟར་གཡོ་བ་ཞེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ། ། ། ལོག་འདྲེན་རིག་སྔགས་ཀྱི་ལྷའི་མངག་གཞུག་པ་ཞེས་བྱ་བ་རྣམས་ནི་མཐུ་ཆེ་བ་སྟེ། དེ་དག་ནི་རིག་སྔགས་འཆང་རིག་སྔགས་ལས་ལྡང་བ་ན་འཛིན་པར་བྱེད་དོ། ། ཟིན་པར་གྱུར་ན་ལུས་ཀྱི་ཚུལ་ལས་རྟོགས་པར་བྱ་སྟེ། ལུས་ཚ་བར་འགྱུར། དངང་བར་འགྱུར། སྡིག་པའི་སེམས་འབྱུང་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་དེ་དགེ་བྱིར་གཞིལ་བར་བྱའོ། གཙུག་ཕུང་འཕྱང་ལ་བདུག་པ་ཐམས་ཅད་སྦྱིན་ཞིང་། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན། བྱིན་ཆང་ལོག་འདྲེན་དག་པས་ཚེཚོལ་བ་ལ་བརྟུན་པར་མི་འགྱུར་ཏེ། དགའ་བར་གྱུར་ནས་དངོས་གྲུབ་ཀྱང་སྦྱིན་པར་བྱེད་དོ།། ལོག་འདྲེན་འདི་དག་ཀྱང་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་ཕྱི་བཞིན་འབྲང་ཞིང་གནས་པ་ཡིན་ནོ།། རྟག་ཏུ་གླགས་ཚོལ་བའང་ཡིན་ཏེ། སུ་ཞིག་སྔགས་གྲུབ་པ། སུ་ཞིག་སྔགས་འདོན་པ། སུ་མཆོད་པ་བྱེད་པས་དེ་ལ་བགེགས་ཀྱང་བྱེད་ཅིང་འདུན་པ་ཟློག་པར་བྱེད་དེ། ལེ་ལོའང་འཇུག་པར་བྱེད་དོ།། དེ་བས་ན་རིག་སྔགས་འཆང་གིས་ཉི་མ་ལོགས་སུ་ཁ་བལྟས་ལ་རྟག་ཏུ་ཆུ་ཁྱོར་གང་གཏོར་ནས་ཁྲོ་བོའི་རིག་སྔགས་ཀྱང་ལན་བདུན་བརྗོད་པར་བྱ་སྟེ། འདི་སྐད་དུ་བདག་མིང་འདི་ཞེས་བྱ་བ་རིག་སྔག་ཆེགེ་མོ་ཞེས་བྱ་བ་སྒྲུབ་ཀྱིས། ཁྱེད་ཡིད་དགའ་བར་གྱིས་ཤིག་ཅེས་ཀྱང་སྨྲོས་ཤིག། དུས་ཐམས་ཅད་དུད་སྐད་སྨྲས་ནས་དེས་ལོག་འདྲེན་རྣམས་དགའ་ཞིང་མགུལ་ཡིད་དགའ་བར་གྱུར་ཏེ། དངོས་གྲུབ་སྦྱིན་པར་བྱེད་ཅིང་སེམས་ཀྱང་དང་བར་འགྱུར་རོ།། གྲུབ་པའི་ཚེའང་ནང་པར་ཉི་མ་ལོགས་སུ་ཁ་བལྟས་ལ་ཐལ་མོ་སྦྱར་ནས་རིག་སྔགས་བརྗོད་དེ། འདི་སྐད་དུ་བདག་མིང་འདྲི་ཞེས་བགྱི་བ་རིག་སྔགས་ཆེ་གེ་མོ་ཞིག་སྒྲུབ་ཀྱིས། ཁྱེད་ཡིད་དགའ་བར་གྱིས་ཤིག་ཅེས་ཀྱང་སྤྲོས་ཤིག། དེ་ནས་གཙུག་པུད་འཕྱང་ལ་སོགས་པ་ལོག་འདྲེན་དེ་དག་དེ་ཉིད་དུ་འདུ་བར་འགྱུར་ཏེ། རིག་སྔགས་འཆང་གིས་ཁྲོ་བར་བྱས་ལ་ཁྱེད་མ་འགུལ་ཅིག་ཅེས་སྨྲོས་ཤིག། དེ་ནས་ལོག་འདྲེན་དེ་དག་བཅིངས་ཤིང་གཟིར་བར་གྱུར་ཏེ་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ།། ལོག་འདྲེན་རྣམས་དགྲོལ་བ་ནི་ཡིད་ཀྱིས་བྱའོ། ། ལོག་འདྲེན་ལྷའི་མངག་གཞུག་ཅེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། །། ལོག་འདྲེན་འཇིག་རྟེན་མེ་ཏོག་ཅེས་བྱ་བ་རྣམས་ནི་གང་གི་ཚེ་རིག་སྔགས་འཆང་རིག་སྔགས་སྒྲུབ་ཅིང་ལྷ་ལ་མེ་ཏོག་འབུལ་བ་ན་དེའི་ཚེ་ལོག་འདྲེན་དེ་དག་གིས་འཛིན་པར་བྱེད་དེ། ལོག་འདྲེན་དེ་དག་ཉིད་ཀྱང་མེ་ཏོག་གི་ཁོངས་སུ་འཇུག་ཅིང་གནས་སོ། ། དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་མེ་ཏོག་དེ་དག་རིག་སྔགས་འཆང་བཟླས་བརྗོད་བྱེད་བཞིན་དུ་བླང་བར་བྱའོ།། བླངས་ནས་གུ་གུལ་གྱི་བདུག་པས་བདུགས་ཏེ། དེ་ནས་ལྷལ་ཕུལ་ན་ལྷ་རྣམས་ཡིད་དགའ་བར་འགྱུར་རོ། ། བདེ་བྲག་ཏུ་འགྲུབ་པར་འགྱུར་རོ།། བདུག་བསམ་བདུགས་པར་ལྷ་དེ་དག་ལ་ལོག་འདྲེན་རྣམས་ཀྱིས་གནོད་པར་འགྱུར་ཏེའགྲུབ་པར་མི་འགྱུར་རོ། ། ལོག་འདྲེན་འཇིག་རྟེན་མེ་ཏོག་ཅེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། ། ལོག་འདྲེན་ཟས་སུ་དྲི་ཟ་བ་ཞེས་བྱ་བ་དེ་དག་ནི་རིག་སྔགས་འཆང་དྲིལ་རེག་པ་ན་འཛིན་པར་བྱེད་དེ། ཅི་སྟེ་རིག་སྔགས་འཆང་གིས་དྲི་དག་ལྷ་ལ་ཕུལ་ན་ལྷ་དེ་དག་སེམས་དང་བ་མེད་ཅིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། ལོག་འདྲེན་དེ་རྣམས་མཐོང་བས་འཕང་བར་འགྱུར་ཞིང་རིག་སྔགས་འཆང་ལ་འགྲུབ་པར་མི་འགྱུར་རོ། ། དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་ཁྲོ་བོའི་བཟླས་བརྗོད་བྱེད་བཞིན་དུ་དྲི་བླང་བར་བྱའོ།། དེས་ན་ལོག་འདྲེན་དེ་དགའ་བྱེར་ཏེ་རྨས་པར་ཡང་འགྱུར་རོ། ། དེ་ནས་ལྷ་དེ་དག་དྲིས་ཚིམ་པར་བྱས་པས་དགའ་བའི་སེམས་ཀྱིས་དངོས་གྲུབ་སྩོལ་ཏོ།། ལོག་འདྲེན་ཟས་སུ་དྲི་ཟ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། །། ལོག་འདྲེན་ནག་པོ་ཞེས་བྱ་བ་རྣམས་ནི་བདུག་པ་ཉིད་ལས་འབྱུང་སྟེ། གང་གི་ཚེ་རིག་སྔགས་འཆང་ལྔ་ལ་བདུག་པ་འབུལ་བ་ན་དེའི་ཚེ་འཛིན་པར་བྱེད་དོ།། ལོག་འདྲེན་གྱིས་ཟིན་པའི་མཚན་ཉིད་ནི་དྲན་པའམ་པ་དང་། རིག་སྔགས་གཏོང་བར་འགྱུར་ཏེ། བདུག་པ་མཐོང་བས་ལྷ་འཕང་བར་འགྱུར་ཞིང་དངོས་གྲུབ་འགྲུབ་པར་མི་འགྱུར་རོ།། དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་ལག་པ་གཡོན་པས་མར་བླངས་ལ་ཁམ་པོར་གྱི་ནང་ནས་བདུག་པ་ཕུལ་ན་དེ་ཕྱིན་ཆད་ལོག་འདྲེན་རྣམས་འབྱུང་བར་མི་འགྱུར་རོ། ། བདུག་པ་དེས་ཀྱང་མ་ཐམས་ཅད་ཚིམ་པར་བྱའོ།། ལྷ་དེས་ཀྱང་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། ། ནག་པོ་དང་ཟས་སུ་དྲི་ཟ་བ་ནི་མཚན་ཉིད་གཅིག་གོ།། ནག་པོ་ཞེས་བྱ་བའི་མཚན་ཉིད་རྫོགས་སོ།། །། ལོག་འདྲེན་གཙུག་པུད་གཅིག་པ་ཞེས་བྱ་བ་རྣམས་ནི་མཐུ་ཆེ་ཞིང་བརྩོན་འགྲུས་ཆེ་བ་སྟེ། ལོག་འདྲེན་དེ་དག་ཀྱང་མར་མེའི་མེ་ལྕེ་ཉིད་ལས་འབྱུང་སྟེ། དེ་བས་ན་རིག་སྔགས་འཆང་གིས་ཐོག་མ་ཉིད་དུ་འདི་ལྟར་བྱ་སྟེ། རས་དཀར་པོ་ལས་སྙིང་པོ་བྱས་ཏེ་མར་མེ་གཉིས་སྔར་ནས་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་ཁ་ཐུར་དུ་བསྟན་ཏེ་བཞག་ལ། རིག་སྔགས་ཀྱང་ལན་བརྒྱད་བརྒྱ་བརྗོད་ན་ལོག་འདྲེན་ཐམས་ཅད་ཁ་ཐུར་དུ་བལྟས་ཏེ་འཁོད་པར་འགྱུར་རོ།། རིག་སྔ་མ་ཀྱང་བདེ་བླག་ཏུ་གྲུབ་པར་འགྱུར་རོ། ། སྒྲུབ་པ་ཐམས་ཅད་ལའང་ཐོག་མ་ཉིད་དུ་ལས་དེ་དག་བྱའོ།། ལོག་འདྲེན་གཙུག་བུད་གཅིག་པ་ཞེས་བྱ་བ་རྣམས་ཀྱི་མཚན་ཉིད་རྫོགས་སོ།། བཅོམ་ལྡན་འདས་གང་སུ་ལོག་འདྲེན་རྣམས་འཛིན་པར་འགྱུར་བ་དང་། གང་དུ་རིག་སྔགས་འཆང་རྣམས་ཀྱིས་དངོས་གྲུབ་འགྲུབ་པར་འགྱུར་བའི་ལོག་འདྲེན་རྣམས་ཀྱི་གནས་བདག་གིས་བཤད་ལགས་སོ། ། བཅོམ་ལྡན་འདས་ལོག་འདྲེན་ཐམས་ཅད་ཀྱི་སྲོག་མཐར་ཐུག་པར་བགྱི་བའི་ལས་འདིའང་བཤད་པར་འཚལ་ལོ།། སྒྲུབ་པའི་ཚེ་རིག་སྔགས་འཆང་གིས་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྣང་ནུལ་གྱིས་བྱུགས་ལ། ཀ་ར་ཝཱི་རའི་ཤིང་གིས་མེ་སྦར་ལ། ཀ་ར་ཝཱི་རའི་མེ་ཏོག་བདག་གི་ཁྲག་གི་ནང་དུ་བསྐྱུགས་པའི་སྲེག་བླུག་ཉི་ཤུ་རྩ་གཅིག་གིས་སྦྱིན་སྲེག་བྱ་སྟེ། ལས་དེ་བྱས་ནས་ལོག་འདྲེན་ཐམས་ཅད་བཅིང་ངོ་ཞེས་བརྗོད་ན་བཅིངས་པར་འགྱུར་རོ།། ལོག་འདྲེན་ཐམས་ཅད་ཀྱི་མཐར་ཐུག་པར་གྱིས་ཤིག་ཅེས་བརྗོད་ན་ལོག་འདྲེན་ཐམས་ཅད་འཆི་བར་འགྱུར་རོ།། བཅིངས་པ་ལས་བཀྲོལ་ན་རང་ཡིད་ཀྱིས་བྱའོ།། ལས་གཞན་དག་ཀྱང་འབྱུང་སྟེ། བསྲུང་བར་བྱ་ན་ལན་བདུན་བཟླས་བརྗོད་བྱས་པའི་ཆུས་མགོ་བོར་བླུགས་སོ།། མཚམས་གཅད་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་སེང་ལྡེང་གི་ཕུར་བུས་བྱའོ། ། གདོན་དབབ་ན་ཧ་ཧ་ཞེས་བྱ་བ་དང་གུ་གུལ་གྱི་བདུག་པས་བྱའོ།། དུག་ལས་གསོ་བར་བྱ་ན་སེ་གོལ་ལམ་ཡལ་གས་བྱའོ།། གདོན་འབྲོས་པབཔར་བྱ་ན་མེ་ཏོག་དཀར་པོ་ལ་ལན་བདུན་བཟླས་བརྗོད་བྱ་བའམ་གུ་གུལ་གྱིས་བདུག་པར་བྱའོ། ། དགྲ་བསྐྲད་པར་འདོད་པས་ནི་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ནས་པྲི་ཡང་ཀུའི་ཤིང་གིས་མེ་སྦར་ཏེ་ཕུབ་མའི་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་ཞག་བདུན་གྱིས་འབྲོས་པར་འགྱུར་རོ། ། དགྲ་གསད་པར་འདོད་ན་དུར་ཁྲོད་དུ་སོང་ལ་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་སྐྱལ་ནུལ་གྱིས་བྱུགས་པའི་དབུས་སུ་ས་ལས་གཟུགས་བྱས་པ་དེའི་ཁར་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ཏེ། ཡུངས་ཀར་གྱི་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་དམ་ཐག་ཏུ་དགྲའཆི་བར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་ཀ་ར་ཝཱི་ར་ཀའི་མིཏོག་དུས་གསུམ་དུ་བརྒྱ་རྩ་བརྒྱད་ཞག་བདུན་གྱི་བར་དུ་སྦྱིན་སྲེག་བྱས་ན་ཁྲག་འཛག་པར་འགྱུར་རོ།། འཕག་བ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ཏེ་ཀ་ར་ཝཱི་རའི་མེ་ཏོག་དཀར་པོ་སྟོང་རྩ་བརྒྱད་ཕུལ་ན་ཞི་བར་འགྱུར་རོ། ། དེ་ནས་སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་ན་མ་ངན་ལས་གཟུགས་བྱས་ཏེ། མ་ད་ནའི་ཚེ་རམ་བདུན་གྱིས་གནད་རྣམས་སུ་བཏབ་ལ་ཚ་བ་གསུམ་གྱིས་སྙིང་ཁར་བཀང་ནས་ཟངས་ཀྱི་ཐུར་མས་ཀྱང་རྐང་པར་བཙུགས་ལ་སྤྱི་བོར་ཕྱུང་སྟེ། ཞག་བདུན་གྱི་བར་དུ་དུས་གསུམ་དུ་བཟླས་བརྗོད་བྱེད་བཞིན་དུ་སེང་ལྡེང་གི་མེ་ལ་སྲེག་ཅིང་དུས་གཅིག་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་མཇུག་ཏུ་ཞག་གཅིག་སྨྱུང་བ་བྱས་ལ་མཆོད་པ་རྒྱ་ཆེར་བྱས་ཏེ། ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་སྐྱེས་པ་དང་བུད་མེད་དབང་དུ་འགྱུར་རོ། ། མར་གྱི་ངོ་ཞག་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བོལ་བའི་ཤིང་གིས་མེ་སྦ་ར་ལ། བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་ཡུངས་མར་གྱི་ནང་དུ་བསྐྱུགས་པ་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན་ཏིན་ར་རེ་རེ་ཐོབ་པར་འགྱུར་རོ། ། ཡུགས་ས་མོ་དབང་དུ་བྱ་བར་འདོད་ན་ཡར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་ཞག་གསུམ་གྱི་བར་དུ་དུས་གསུམ་དུ་ཟར་མའི་མེ་ཏོག་བརྒྱ་རྩ་བརྒྱད་ཀྱིས་ལག་ན་རྡོ་རྗེ་ལ་བསྣུན་ན་དབང་དུ་འགྱུར་རོ། ། བུ་མོ་དབང་དུ་བྱ་བར་འདོད་ན་ཞག་གསུམ་སྦྱང་བ་བྱས་ཏེ་ཡར་གྱི་ངོ་ཚེས་བཅུ་གསུམ་ལ་ས་ལས་འདོད་པའི་ལྷ་གཟུགས་བྱས་ཏེ། འདིའི་ཁར་འབྲས་ཀྱི་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་བུ་མོ་དབང་དུ་འགྱུར་རོ།། དེ་ནས་མཛུབ་མོ་བསྒྲུབ་པར་འདོད་ན་ཞག་གསུམ་སྦྱང་བ་བྱས་ཏེ། མར་གྱི་ཞག་བཅུ་བཞིལ་དུར་ཁྲོད་དུ་སོང་ནས་བ་ལང་གི་ལྕི་བས་ལ་མ་ལྷུང་བས་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ། དཀྱིལ་འཁོར་གྱི་དབུས་སུ་མིའི་ཐོད་པ་མ་ཆག་མ་ཉམས་པ་བཞག་ལ་ཙན་དན་དམར་པོའི་དྲི་ཆུས་གཏོར་ནས་མེ་ཏོག་དམར་པོས་མཆོད་ལ། དེ་ནས་སྒྲུབ་པ་པོས་མཛུབ་མོས་གཡབས་ནས་གང་གི་ཚེ་ཐོད་པ་འགུལ་ན་དེའི་ཚེ་འགྲུབ་པར་འགྱུར་ཏེ། གང་ལ་མཛུབ་མོས་བསྡིགས་པ་དེ་དབར་དུ་འགྱུར་རོ། ། དེ་ནས་གཏེར་དབྱུང་བར་འདོད་ན་མེའི་སྦྱིན་སྲེག་གི་ཐབ་ཏུ་ལྕགས་བཞག་པ་བླངས་པ་ལས་རྡོ་རྗེ་བྱས་ལ། རྡོ་རྗེ་དེ་བལ་ནག་གི་སྐུད་པས་དཀྲིས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ནས། ལག་ན་རྡོ་རྗེའི་མདུན་དུ་རྡོ་རྗེ་དེ་ལན་བརྒྱ་བཟླས་བརྗོད་བྱས་ན་དེའི་ཚེ་འགྲུབ་པར་འགྱུར་རོ།། བསྒྲུབས་ནས་ཀྱང་གཏེར་གང་ན་ཡོད་པ་དེར་བཞག་པས་རྡོ་རྗེས་གཏེར་དེ་བླངས་ཏེ་འབྱུང་བར་འགྱུར་རོ། ། དེ་ནས་ཁྲོ་བོ་བཟླས་བརྗོད་བྱེད་བཞིན་དུ་བླང་བར་བྱའོ།། དེ་སྟེ་མེད་ན་རྡོ་རྗེ་ཉིད་འབྱུང་བར་འགྱུར་རོ།། དེ་ནས་གཤེད་བྱེད་བསྲང་འདོད་ན་མར་གྱི་ངོ་ཞག་བརྩ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་ཤིང་གིས་མོ་སྦར་ལ། བ་ལང་གི་ཤས་སྦྱིན་སྲེག་བྱས་པ་དང་། ཇི་ཙམ་ན་མེའི་ཐབ་ནས་གཤེད་བྱེད་འབྱུང་བར་འགྱུར་ཏེགང་ལ་ཡིད་ཀྱིས་བསམས་པ་དེ་བསྐྱབས་པར་འགྱུར་རོ། ། མི་ནད་འབྱུང་བར་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་དུར་ཁྲོད་དུ་སོང་སྟེ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦྱར་ལ། སྒྲེན་མོར་བྱུང་ཞིང་སྨ་བཤིག་སྟེ་ཏིལ་དང་བསྲེས་པའི་ཡུངས་ཀར་གྱིས་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་མི་ནད་འབྱུང་བར་འགྱུར་རོ། ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་པདྨའི་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་བྱས་ན་ཞི་བར་འགྱུར་རོ། ། མི་མང་པོ་གཞིག་པར་འདོད་ན་ཚེས་གྲངས་དང་རྒྱུ་སྐར་ཡང་བདམ་མི་འཚལ། སྨྱུང་བའང་བྱ་མི་དགོས་པར་ཁྲོ་བོ་ཉིད་མཆོག་ཏུ་བརྩམ་པར་བྱ་སྟེ། དུར་ཁྲོད་དུ་སོང་ལ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ་སྒྲེན་མོར་བྱུང་ཞིང་སྐྲ་བཤིག་སྟེ། ནིམ་པའི་ལོ་མས་བསྲེགས་པའི་དུར་ཁྲོད་ཀྱི་ཐལ་བའི་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་མི་མང་པོ་འཇིག་པར་འགྱུར་རོ།། ཞི་བར་འདོད་ན་སྣ་མའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་པས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ།། རྡོ་རྗེ་ཁྲོ་བ་བདུད་རྩི་ཐབས་སྦྱོར་གྱི་ཆོ་ག་རྫོགས་སོ།། ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདུད་རྩི་ཐབས་སྦྱོར་གང་གིས་ལོག་འདྲེན་རྣམས་ཀྱི་གསང་བའི་གནས་འདི་དག་བཤད་པ་ནི་བརྩོན་འགྲུས་དང་། མཐུ་དང་། ཕ་རོལ་གནོན་པ་ཆེ་བ་ལགས་སོ།། བདག་གིས་ཀྱང་དེ་བཞིན་གཤེགས་པ་ལ་རིག་སྔགས་རྣམས་ཀྱི་དངོས་གྲུབ་རྣམས་ཀྱི་སླད་དུ། གང་གིས་རིག་སྔགས་རྣམས་གྲུབ་པ་དང་། གང་གིས་མིང་འགྲུབ་པ་ཡོངས་སུ་ཞུ་བར་འཚལ་ལོ།། དེ་ནས་ཅོམ་ལྡན་འདས་ཀྱིས། ཚངས་པ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་ཆེན་པོ་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་ཏེ། དངོས་གྲུབ་འགྲུབ་པར་འགྱུར་བ་དང་། འགྲུབ་པར་མི་འགྱུར་བ་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བར་བྱེད་པ་ལེགས་སོ་ལེགས་སོ།། ཚངས་པ་ཆེན་པོ་ཁྱོད་ལ་རིག་སྔགས་རྣམས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་བ་དང་། འགྲུབ་པར་མི་འགྱུར་བའི་རྒྱུ་བཤད་པར་བྱ་སྟེ། འཇུག་པར་བྱ་བ་མ་ཡིན་པ་ལ་འཇུག་པ་གང་ཡིན་པ་དང་། ཚངས་པ་ཆེན་པོ་འཇོམ་པ་དང་། རིག་སྔགས་ལ་སྨོད་པ་གང་ཡིན་པ་དེ་ལ་ནི་རིག་སྔགས་འགྲུབ་པར་མི་འགྱུར་རོ།། མི་བཟད་པའི་ལས་བྱེད་པ་འམ། སྡིག་པའི་ངང་ཚུལ་ཅན་ནམ། བརྫུན་ཟེར་བའམ། རིག་སྔགས་གཅོད་དང། ཕུར་བུས་འདེབས་པ་གང་ཡིན་པ་དེ་ལའང་རིག་སྔགས་འགྲུབ་པར་མི་འགྱུར་རོ།། ཚངས་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པས་ནི་ཡིད་ཀྱིས་ཀྱང་ལྷ་གཞན་ལ་ཕྱག་མི་བྱའོ།། གསོལ་པ་བཅོམ་ལྡན་འདས་དེ་ནི་དེ་ལགས་སོ། ། བཀའ་སྩལ་པ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་བྱང་ཆུབ་ཀྱི་སེམ་ཡོངས་སུ་འཛིན་པས་ལྷ་གཞན་ལ་ཕྱག་བྱས་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཛིན་པ་ཡིན་པའི་ཕྱིར་དེ་ལ་ལྷ་དེ་མ་དད་པའི་ཕྱིར་ཏེ། དེའི་ཕྱིར་དེས་ཀྱང་རིག་སྔགས་འགྲུབ་པར་མི་འགྱུར་རོ།། དུད་འགྲོར་སྐྱེས་པ་རྣམས་ལ་འཇུག་པར་བྱེད་པ་གང་ཡིན་པ་དང་། སྦྲུལ་འཛིན་པ་དང་། ཁས་རྩཝ་གཅོད་པར་བྱེད་པ་གང་ཡིན་པ་དེ་ལའང་རིག་སྔགས་འགྲུབ་པར་མི་འགྱུར་རོ། ། པདྨ་དང་ཁྱུ་མཆོག་ལ་རྐང་པས་རེག་པར་བྱེད་པ་དེ་ལའང་རིག་སྔགས་འགྲུབ་པར་མི་འགྱུར་རོ།། ཚངས་པ་གང་གིས་རིག་སྔགས་འགྲུབ་པར་མི་འགྱུར་བ་ངས་མདོར་བསྟན་པ་ཡིན་ནོ། ། དེ་ནས་མི་མཇེད་ཀྱི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་ལྟར་སེམས་ཅན་དག་བདེ་བླག་ཏུ་འགྲུབ་པར་བགྱི་བའི་གནས་རྣམས་སྟོན་པ་ཐུགས་རྗེ་ཆེ་བ་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་པ་གང་དག་ལ་རིག་སྔགས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་བའི་ཕྱོགས་འགའ་ཙམ་ཞིག་ཁྱོད་ལ་བསྟན་པར་བྱ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དགའ་བ་གང་ཡིན་པ་དག་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གང་ཡིན་པ་དག་དང་། ཕ་ལ་གུས་པ་དང་། མ་ལ་གུས་པ་གང་ཡིན་པ་དང་། རིག་སྔགས་ལ་མཆོད་པ་བྱེད་ཅིང་རིག་སྔགས་ལ་བཀུར་སྟི་བྱེད་པ་གང་ཡིན་པ་དང་། གསང་སྔགས་འཛིན་པར་བྱེད་པ་གང་ཡིན་པ་དང་། འབྱུང་པོའི་ཟས་ངན་པ་དང་། ཏིལ་སྦྲུས་པ་མི་ཟ་བ་དང་། སེམས་ཅན་ཐམས་ཅད་ལ་ལེགས་པར་ལྟ་བ་གང་ཡིན་པ་དེ་ལ་ནི་རིག་སྔགས་འགྲུབ་པར་འགྱུར་རོ།། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དགའ་ཞིང་མགུལ་ཡི་རངས་ཏེ་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ལ་གང་གིས་རིག་སྔགས་འཆང་རྣམས་བསྲུང་བའི་གསང་སྔགས་དབུལ་བར་འཚལ་ལོ། ། བཀའ་སྩལ་པ། ཚངས་པ་ཆེན་པོ་གང་ཁྱོད་ཀྱིས་སེམ་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བསམས་པ་ཤོད་ཅིག་ཤོད་ཅིག། ཁྱོད་ལ་དེ་བཞིན་གཤེགས་པས་གནང་ངོ་།། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ས་ལག་ན་རྡོ་རྗེ་ལ་གསང་སྔགས་ཕུལ་བ། ན་མོ་རཏྣ་ཏྲ་ཡ་སྱ་ན་མཤྩརྞ་བཛྲ་པཱ་ནི་སྱ། མ་ཧཱ་ཡཀྵ་ས་ནཱ་པ་ཏི་སྱ། ཏདྱ་ཐཱ། ན་མ་ཤྩཎྜ་བཀྵི་ཎི། ཨ་ཏི་ནི་ཙ་ཨ་སེ་བྷི་ཤ་ཡ། མི་མད་ཙ་མྱེ་དན་ཙ། ཨཱ་ཧ་ར་སྭཱ་ཧཱ། བཅོམ་ལྡན་འདས་རིག་སྔགས་འདི་དྲན་པ་ཙམ་གྱིས་ལོག་འདྲེན་རྣམས་ལས་ཐར་པར་འགྱུར་རོ། ། འདི་དག་གི་ལས་རྣམས་འབྱུང་ས། བསྲུང་བ་ནི་ལན་བདུན་བཟླས་བརྗོད་བྱེད་པའི་སྐུད་པས་བྱའོ།། མཚམས་གཅད་པ་དང་དུག་བཅིང་བནི་ལར་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་ཆུས་བྱའོ། ། དྲུག་ལས་གསོ་བ་ནི་ཡལ་གས་བྱའོ།། རྒྱ་གཞོམ་པ་ནི་ཆུས་བྱའོ།། དབབ་པ་ནི་གུ་གུལ་གྱིས་བདུགས་པའམ་ཆུས་བྱའོ།། གདོན་བཅིང་བ་དང་། གདོན་སྤྱོད་པ་ནི་མཐེ་བོས་བྱའོ། ། གདོན་འཁོར་དུ་གཞུག་པ་ནི་མཛུབ་མོ་ལ་བཟླས་བརྗོད་བྱས་ཏེ་བསྡིགས་པར་བྱའོ།། སྐྱེས་པ་དང་བུད་མེད་དབང་དུ་བྱན་ཡར་གྱི་ངོ་ཚེས་གཅིག་ནས་བརྩམས་ཏེ། ཞག་བདུན་གྱི་བར་དུ་དུས་གསུམ་དུ་སྔ་མའི་མེ་ཏོག་སྟོང་རྩ་བརྒྱད་ཀྱིས་ལག་ན་རྡོ་རྗེ་ལ་བསྣུན་ན་དབང་དུ་འགྱུར་རོ། ། བུམ་པ་ལ་ལན་བརྒྱད་བརྒྱར་བསྔགས་ཏེ་བདག་ཉིད་ཁྲུས་བྱས་ན་ལོག་འདྲེན་ཐམས་ཅད་ཀྱིས་གཏོང་བར་འགྱུར་རོ།། རིག་སྔགས་སྒྲུབ་པའི་ཚེ་བགེགས་ཞི་བར་བྱན་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བ་གཙང་མས་བྱའོ།། གཞན་ལ་བགེགས་འབྱུང་བར་འདོད་ན་རིག་སྔགས་འཆང་གང་གིས་ནུབ་མོའི་རིག་སྔགས་སྒྲུབ་པ་དེ་ཉིད་ཀྱིས་ནུབ་མོ་ལག་ན་རྡོ་རྗེའི་མདུན་དུ་བེ་ཀང་ཀ་ཏའི་ཡ་མ་སྲེག་ཤིང་བརྒྱད་བརྒྱས་སྦྱིན་སྲེག་བྱས་ན། ཕ་རོལ་ལ་བགེགས་འབྱུང་བར་འགྱུར་རོ།། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་ལན་བརྒྱ་དབརྒྱ་བཟླས་བརྗོད་བྱས་ན་རྨི་ལམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་རོ། ། གཞིག་པར་འདོད་ན་ལག་ན་རྡོ་རྗེའི་མདུན་དུ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལྷ་ལ་ཕུལ་བའི་མེ་ཏོག་བརྒྱ་རྩ་བརྒྱད་སྦྱིན་སྲ་བྱའོ།། རིམས་ཀྱིས་འདེབས་པར་བྱ་ན་མར་གྱི་ངོ་ནག་བརྒྱད་ན་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཨ་ཤྭཏྠའི་ཤིང་གིས་མེ་སྦར་ནས་ཡུངས་ཀར་ཁྲག་གིས་བསྒོས་པས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་དེ་མ་ཐག་ཏུ་རིམས་ཀྱིས་འདེབས་པར་འགྱུར་རོ། ། དབྱེ་བར་བྱ་མ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཕུབ་མའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ།། གདོན་གཞིག་པར་འདོད་ན་གདོན་གྱི་མདུན་དུ་ཏིལ་དང་ཐལ་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་གདོན་གྱི་རིགས་འཇིགས་པར་འགྱུར་རོ། ། གདོན་མདོངས་པར་བྱ་ན་ཞི་མ་ཐིག་ལེའི་ལོ་མ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་མདོངས་པར་འགྱུར་རོ།། ཡུངས་ཀར་ཁྱོར་གང་བཏགས་ཏེ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སླར་གཤགས་འགྱེད་པ་ལ་ལན་ཐེབས་པར་འགྱུར་རོ། ། ནོར་འདོད་པ་ན་ཡར་གྱི་ངོ་ཟླ་བ་ཉལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ནིམ་པའི་ཤིང་གིས་མེ་སྦར་ནས་ཏིལ་གྱི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ཏི་ན་ར་རེ་རེ་ཐོབ་པར་འགྱུར་རོ།། དེ་ནས་མཛུབ་མོ་བསྒྲུབ་པབཔར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ཁང་སྟོང་ངམ་དབེན་པའི་ཕྱོགས་སུ་བུད་མེད་ཀྱི་མོ་མཚན་དུ་མཛུབ་མོ་བཙུགས་ཏེ་རིག་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། དེ་ནས་གང་ལ་མཛུབ་མོས་བསྡིགས་པ་དེ་དབང་དུ་འགྱུར་རོ།། གོས་འདོད་ན་ཡང་ཡར་གྱི་ངོ་ཆོས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལྟེ་བ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ལ་ཀ་ར་ཝཱི་ར་ཀའི་མེ་ཏོག་བརྒྱད་བརྒྱ་ཕུལ་ན་གོས་ཕྲུགས་རེ་རེ་ཐོབ་པར་འགྱུར་རོ། ། ཀླུ་མཆོད་པ་ཚེས་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གྲོག་མཁར་གྱི་སྟེང་དུ་སོང་ལ་དེར་འདུག་ནས་རིག་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེ་ནས་སྦྲུལ་མཐོང་བ་དེ་ལ་ཆེ་གེ་མོ་ཞིག་གི་ཐང་དུ་སོང་ལ་ཟོ་ཞིག་ཅེས་སྨྲོས་ཤིག། ཕྱིར་གསོན་ཡིད་ཀྱིས་བྱ་སྟེ། གཅིག་པུས་གསོ་ནུས་ཀྱི། གཞན་སུས་ཀྱང་གསོ་མི་ནུས་སོ།། ཚངས་པའི་ཆོ་ག་རྫོགས་སོ།། །། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་རིག་པའི་མཆོག་སྒྲུབ་པ་ལ་དངོས་གྲུབ་སྩལ་བར་འཚལ་ཏེ། བགེགས་གཞིལ་བའི་གསང་སྔགས་ཀྱང་བཤད་པར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པརིགས་ཀྱི་བུ་དག་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཁྱེད་ཀྱིས་ཤོད་ཅིག། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེའི་ཞབས་གཉིས་ལ་ཕྱག་འཚལ་ནས་ཚིག་མཐུན་པར་གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་ས་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨུ་གྲཱ་ཡ་སྭཱ་ཧཱ། ཨ་ཏི་ཨུ་གྲཱ་ཡ་སྭཱ་ཧཱ། ཨུ་གྲ་བི་ཡཱ་ཡ་སྭཱ་ཧཱ། ཨ་ཏི་ཨུ་གྲ་བི་ཡཱ་ཡ་སྭཱ་ཧཱ། ཨུ་གྲ་ཀྲོ་དྷ་ནཱ་ཡ་སྭཱ་ཧཱ། ཨ་ཏི་ཨུ་གྲ་ཀྲོ་དྷ་ནཱ་ཡ་སཱ་ཧཱ། ཙཎྜ་རོ་ཥ་ཎྜ་ཡ་སྭཱ་ཧཱ། རོ་ཥ་པྲ་མ་ནཱ་ཡ་སྭཱ་ཧཱ། པྲ་ཧ་ར་ཎ་བཛྲ་པྲ་ཧ་ར་ཎི་སྭཱ་ཧཱ། ཨཊ་ཊེ་མཊ་ཊེ་མ་ཏི་ནི་ཧ་སེ་སྭཱ་ཧཱ། བཅོམ་ལྡན་འདས་འདི་དྲན་པ་ཙམ་གྱིས་གདོན་ཐམས་ཅད་འབྱེར་བར་འགྱུར་རོ། ། ཡི་དགས་ཐམས་ཅད་དང་། ཤ་ཟ་ཐམས་ཅད་དང་། གྲུལ་བུམ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་འབྱེར་བར་བྱེད་དེ་འགུམ་པར་ཡང་འགྱུར་རོ། ། དེ་ནས་རིག་སྔགས་འདིའི་ལས་རྣམས་འབྱུང་སྟེ། དཔའ་བར་བྱ་ན་ནི་ཞིམ་ཐིག་ལེའི་ལོ་མས་བྱའོ།། གདོན་ཐམས་ཅད་མཉེ་བར་བྱ་ན་གོས་བསྲེག་པར་བྱའོ།། གདོན་གྱིས་ཟིན་པ་ལ་ནི་ལན་བདུན་བཟླས་བརྗོད་བྱས་པའི་གཏུན་ཤིང་གིས་བ་སྡིགས་པར་བྱའོ། ། གདོན་འབྲོས་པར་བྱ་ན་དུར་ཁྲོད་ཀྱི་སོལ་བ་ལ་གཟུགས་བྱས་ཏེ། མཚོན་རྣོན་པོས་བཅད་ན་གདོན་ཚངས་འདེབས་ཤིང་འབྲོས་པར་འགྱུར་རོ། ། གདོན་གྱི་མདུན་དུ་ལན་ཚྭ་དང་སྐེ་ཚེའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱས་ན་གདོན་གྱི་ལུས་ཚབས་འདེབས་པར་འགྱུར་རོ།། བ་ལང་གི་ལྕི་བ་ལས་གདོན་གྱི་གཟུགས་བྱས་ཏེ། ལྕགས་ཀྱི་ཐུར་མས་མིག་ཏུ་བཙུགས་ན་ལོང་བར་འགྱུར་རོ།། གདོན་གྱི་མདུན་དུ་ཕུབ་མའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན། གདོན་གྱི་རིགས་བརླག་པར་འགྱུར་རོ།། གདོན་ཀྱིགྱི་མདུན་དུ་ན་ལེ་ཤམ་གྱི་སྲེག་བླུགས་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་གདོན་ཁྲག་ཏུ་སྐྱུག་པར་འགྱུར་རོ། ། བྱིས་པ་གདོན་གྱིས་ཟིན་པ་ལ་ནི་བདུགས་པས་གཏོང་བར་འགྱུར་རོ།། ཅི་སྟེ་མི་གཏོང་ན་སྲ་གཏུབས་པ་དང་། ལུག་རུ་དང་། སྒོག་སྐྱ་དང་། སྦྲུལ་གྱི་པགས་པ་བརྗེས་པ་རྣམས་ཀྱིས་བདུགས་ན་དེ་མ་ཐག་ཏུ་གཏོང་བར་འགྱུར་རོ།། བྱིས་པ་གདོན་གྱིས་ཟིན་པ་རྣམས་ལ་བཟླས་བརྗོད་བྱས་པའི་ཚེན་སྣ་ལྔའི་སྐུད་པས་ཀྱང་གཏོར་བར་འགྱུར་རོ། ། བདག་བསྲུང་ན་ལན་གསུམ་བཟླས་བརྗོད་བྱས་པའི་ཐལ་བས་བྱའོ།། ཕ་རོལ་བསྲུང་ན་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ།། མཚམས་གཅད་ན་ལན་གསུམ་བཟླས་བརྗོད་བྱས་པའི་གསེག་མས་བྱའོ། ། སྦྲུལ་བསླད་ན་ལན་གསུམ་བཟླས་བརྗོད་བྱས་པའི་ཆུ་དང་ཐལ་བས་བརྡབས་པར་བྱའོ།། མཆེ་བ་ཅན་ཐམས་ཅད་ཁ་བཅིང་བར་བྱ་བ་དང་། སྨད་བཅིང་བར་བྱ་བ་ནི་ཡིད་ཀྱིས་བྱའོ།། གཏེར་བཅིང་ན་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་སེང་ལྡེང་གི་ཕུར་བུས་ལ་བཏབ་ན་གཏེར་བཅིངས་པར་འགྱུར་རོ།། ཆང་མ་རུང་བར་བྱབུ་ན་ཏིལ་གྱི་སྲེག་བླུགས་ལན་བདུན་སྦྱིན་སྲེག་བྱའོ། ། ཉ་བ་སྐྲད་ན་ནིབ་པའི་ལོ་མ་ལ་ལན་བདུན་བསྔགས་ཏེ་མཚོའི་ནང་དུ་བོར་ན་ཉ་འབྲོས་པར་འགྱུར་རོ།། དུད་འགྲོར་སྐྱེས་པ་རྣམས་ལ་ནང་དག་ཞི་བར་འདོད་པར་བྱ་ན། ལག་ན་རྡོ་རྗེའི་གཟུགས་འོ་མས་བཀྲུས་ལ་བཟླས་བརྗོད་ཀྱང་སྟོང་རྩ་བརྒྱད་བྱས་ན་ཞི་བར་འགྱུར་རོ།། དུས་མ་ཡིན་པར་ཆར་དབབ་པར་འདོད་ན་ཡང་ཡར་གྱི་ངོ་ཚས་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལྟེ་བ་ནུབ་པ་ཙམ་དུ་ཆུའི་ནང་དུ་ཞུགས་ནས་པདྨའི་སྦྱིན་སྲེག་ཁྲི་ཕུལ་ན་དུས་མ་ཡིན་པར་ཆར་པ་འབབ་པར་འགྱུར་རོ།། ཞི་བར་འདོད་ན་ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ལ། ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གི་བུད་ཤིང་གིས་མེ་སྦར་ནས་ཨུཏྤ་ལའི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་ཞི་བར་འགྱུར་རོ།། དུག་གཞོམ་པར་འདོད་ན་རྩཝ་ཀུ་ཤས་བྱའོ།། དུག་བསལ་ན་ཁུ་ཚུར་གྱིས་བྱའོ།། གདོན་ཟར་གཞུག་ན་ལན་བདུན་བཟླས་བརྗོད་བྱས་པའི་ཨ་བ་ར་ཙཻ་ཏའི་མེ་ཏོག་གིས་བྱའོ།། གཡུལ་འགྱེད་ན་ཨ་པ་ར་ཙི་ཏའི་མེ་ཏོག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་མ་གོ་ལ་བཏགས་ན་གཞན་གྱིས་མི་ཐུབ་པར་འགྱུར་རོ། ། གང་གི་ཚེ་རིག་སྔགས་འཆང་རིག་སྔགས་འགྲུབ་པར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ལ་ནང་པར་བུམ་པ་གསར་པ་བཞི་བླངས་ཏེཆུས་བཀང་ནས་རིག་སྔགས་འཆང་གིས་ཕྱེ་མ་རེད་ན་ལེ་ཤམ་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། བུམ་པ་དེ་དག་གི་ནང་དུ་བླུགས་ནི་བུམ་པ་དེ་དགའ་ཕག་ཅིང་ལྡུད་པར་འགྱུར་ན་རིག་སྔག་འཆང་གིས་རིག་སྔགས་འགྲུབ་པར་ཤེས་པར་བྱའོ། ། དེ་སྟེ་མི་འགྲུབ་ན་ནི་འཕག་པར་མི་བྱའོ།། རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་ཞག་གཅིག་སྨྱུང་བར་བྱས་ལ་ས་ལས་གཟུགས་བྱས་པ་བཀོད་དེ་མེའི་ཕྱོགས་སུ་ཁ་དོག་དམར་པོ་གཞག་པར་བྱའོ། ། གཤིན་རྗེའི་ཕྱོགས་སུ་ནི་ཁ་དོག་སེར་པོ།། ཆུ་ལྷའི་ཕྱོགས་སུ་ནི་སྔོ་བསངས་སོ།། རླུང་གི་ཕྱོགས་སུ་ནི་ནག་པོ་སྟེ། འདི་དག་སོ་སོའི་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ།། དེ་ནས་རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་ཅི་སྟེ་བགེགས་ཀྱི་གཟུགས་དགའ་བྱུང་བར་འགྱུར་ཏེ། དངོས་གྲུབ་པ་ལ་སྒྲུབ་ན་གཤིན་རྗེའི་ཕྱོགས་ནས་ཡི་དགས་མོ་ནག་མོ་ཞེས་བྱ་བ་དེ་བགེགས་བྱེད་དེ། སྟག་གི་གཟུགས་སུ་སྟོན་པ་དང་། ཝའི་གཟུགས་སུ་འཚེ་བར་བྱེད་དོ།། དེ་ལྟ་བུ་ལ་སོགས་པ་བགེགས་བྱེད་པ་དང་། རིག་སྔགས་འཆང་གིས་གཤིན་རྗེའི་ཕྱོགས་སུ་ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་བསྣུན་ན་བགེགས་རྣམས་མེད་པར་འགྱུར་རོ། ། གཤིན་རྗེའི་རྒྱལ་པོའི་གཡོག་ཡི་དགས་ཀུ་མུ་ད་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་ཡི་དགས་སུམ་ཁྲིའི་བདག་པོ་ཞིག་ཡོད་དེ། ཀུ་མུ་ད་དེའང་རིག་སྔགས་འཆང་དེ་དངོས་གྲུབ་ཆེན་པོ་སྒྲུབ་པ་ན་བགེགས་བྱེད་དེ། ཀུ་མུ་དའི་བགེགས་འབྱུང་བའངལ་ལ་ནི་ཡི་དགས་ཀྱི་ཚུལ། ལ་ལ་ནི་སྲིན་པོའི་གཟུགས། ལ་ལ་ནི་ཁྱིའི་མགོ་ཅན། ལ་ལ་ནི་རྔ་མོའི་མགོ་ཅན། ལ་ལ་ནི་བོང་བུའི་མགོ་ཅན་གྱི་ཡི་དགས་ཏེ། དེ་དག་འོང་བའི་ཚེའང་ཧ་ཧ་ཞེས་བྱ་བའི་སྒྲ་འབྱིན་ཅིང་སྐར་མདའ་བརྒྱ་དག་ཁ་ནས་འབྱིན་པར་བྱེད་དོ། ། དེ་ལ་རིག་སྔགས་འཆང་གིས་གཤིན་རྗེའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བས་པསྡུན་ན་དེ་མ་ཐག་ཏུ་བགེགས་ཐམས་ཅད་མེད་པར་འགྱུར་རོ།། རྒྱལ་པོ་དེའི་ཕྱི་བཞིན་འབྲང་བ་སྒོ་དཔོན་མ་སྣ་ཆང་མ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡོད་དེ། སྣ་ཆང་མ་དེ་ནི་བགེགས་ཆེན་པོ་བྱེད་པ་ཡིན་ནོ།། དེའང་དེས་གསང་སྔགས་ཀྱིས་བཟློག་པར་མི་ནུས་ཏེ། དེ་འོང་བ་དང་སྐར་མདའ་ལྷུང་བར་སྟོན་ཅིང་སྤྱུགས་པའང་ལེན་ཏེ། སྣ་ཚད་མ་དེས་དཀྱིལ་འཁོར་གྱི་མཚམས་སེང་ལྡེང་གི་ཕུར་བུས་བཏབ་པ་ནི་མོ་མཚན་གྱིས་འབྱིན་པར་བྱེད་དོ།། དཀྱིལ་འཁོར་གྱི་མཚམས་ཐལ་བས་བཅད་པ་ནི་བུས་པས་མེད་པར་བྱེད་དོ། ། དཀྱིལ་འཁོར་གྱི་མཚམས་ཆུས་བཅད་པ་ནི་མཆིལ་མས་མེད་པར་བྱེད་དོ།། ཡིད་ཀྱིས་དཀྱིལ་འཁོར་གྱི་མཚམས་བཅད་པ་ནི་བཅིན་གྱིས་འབྲལ་བར་བྱེད་དོ།། དེ་ལྟ་བུའི་ཚུལ་དག་གིས་དཀྱིལ་འཁོར་འཇིག་པར་བྱེད་པ་དང་། དེ་ལ་རིག་སྔགས་འཆང་གིས་མྱུར་དུ་སྣ་ཚད་མའི་མིང་ནས་སྨོས་ཏེ། སྲིང་མོ་སྣ་ཆད་མ་ཁྱོད་འོངས་པ་ལེགས་སོ་ལེགས་སོ་ཞེས་བྱས་ནས། ལན་བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པ་གཤིན་རྗེའི་ཕྱོགས་ཀྱི་སྙིང་ཁར་གདབ་བོ།། དེ་ནས་སྣ་ཚད་མ་དེས་ངུ་འབོད་ཀྱི་སྒྲ་ཕྱུང་ནས་མེད་པར་འགྱུར་ཏེ། རིག་སྔགས་ཀྱང་འགྲུབ་པར་འགྱུར་རོ། ། གཤིན་རྗེའི་ཕྱོགས་ཀྱི་ཆོ་ག་རྫོགས་སོ།། རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་ཅི་སྟེ་མེའི་ཕྱོགས་ནས་བགེགས་ཀྱི་གཟུགས་དག་འབྱུང་སྟེ། དངོས་གྲུབ་ཕལ་སྒྲུབ་པ་ན་མེའི་ཕྱོགས་ཀྱི་རྒྱལ་པོའི་གཡོག་མོ་སྲིན་མོ་རྩེད་མོ་ཅན་ཞེས་བྱ་བ་ཡོད་དེ། དེ་ནི་བགེགས་བྱེད་པ་ཡིན་ནོ།། སྲིན་མོ་རྩེད་མོ་ཅན་དེའང་བྱའི་གཟུགས་སུ་སྟོན་པར་བྱེད་ཅིང་ང་རོམ་སྙན་པ་ལ་འབྱིན་པར་བྱེད་དོ། ། དེ་ལ་རིག་སྔགས་འཆང་གིས་མེའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་སྔགས་ཀྱིས་བསྔགས་པའི་ཡུངས་ཀར་གྱིས་བསྡུན་ན་མེད་པར་འགྱུར་རོ།། དངོས་གྲུབ་ཆེན་པོ་སྒྲུབ་པ་ན་རྒྱལ་པོ་དེའི་གཡོག་སྲིན་མོ་མི་སྡུག་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་སྲིན་པོ་སུམ་ཁྲིའི་བདག་པོ་ཞིག་ཡོད་དེ། མི་སྡུག་པ་དེའང་རིག་སྔགས་འཆང་ལ་བགེགས་བྱེད་པ་ཡིན་ཏེ། མི་སྡུག་པ་དེ་འོང་བ་དང་མི་སྡུག་པ་དེའི་རྣམ་པའི་སྲིན་པོ་དག་དང་། ལ་ལ་ཁྱིམགོ་ཅན་དག་དང་། ལ་ལ་གླང་པོ་ཆེའི་མགོ་ཅན་དག་དང་། ལ་ལ་སེང་གེའི་མགོ་ཅན་ལྷ་བུའི་བགེགས་ཀྱི་རྣམ་པ་དག་ཏུ་སྣང་སྟེ། ལ་ལ་ནི་བྲག་འཕེན་པར་བྱེད། ལ་ལ་ནི་འབྱུང་པོའི་འཁྲུལ་འཁོར་སྟོན་ཅིང་འཇིགས་པའི་སྒྲ་དག་ཀྱང་འབྱིན་ཏེ། སྐར་མདའ་བརྒྱ་དག་ཀྱང་ཁ་ནས་འབྱིན་པར་བྱེད་དོ།། དེ་ལ་རིག་སྔགས་འཆང་གིས་མེའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཐལ་བས་བསྐྲུན་ན་བགེགས་རྣམས་མེད་པར་འགྱུར་རོ། ། རྒྱལ་པོ་དེའི་གཡོག་སྲིན་པོ་སོ་དཀར་ཞེས་བྱ་བ་མཐུ་ཆེ་ཞིང་བརྩོན་འགྲུས་ཆེ་བ་ཞིག་ཡོད་དེ། སོ་དཀར་དེའང་རིག་སྔགས་འཆང་དེ་ལ་ནམ་གུང་གི་ཐུན་ལ་བགེགས་བྱེད་དོ།། དེའང་གསང་སྔགས་ཀྱིས་བཟློག་པར་མི་ནུས་ཏེ། དེ་འོད་དང་ངུའབོད་ཀྱི་སྒྲ་ཆེན་པོ་ནི་འབྱིན། རི་རྣམས་ནི་གཡོ། རི་དགས་རྣམས་ནི་གར་བྱེད། ཝ་རྣམས་ནི་རྩེ། གླང་པོ་ཆེ་རྣམས་ནི་སྐད་འབྱིན་ཏེ། དེའི་རིག་སྔགས་འཆང་གིས་མེའི་ཕྱོགས་ཀྱི་བགེགས་ཡིན་པར་ཤེས་པར་བྱའོ།། སོ་དཀར་དེའང་བུས་པའི་གཟུགས་ཀྱིས་སྒྲ་འབྱིན་ཅིང་འོང་ངོ་། ། ཡང་ན་ལྷའི་གཟུགས་ཀྱིས་འོངས་ཏེ། དེས་ཀྱང་བལྟས་པ་ཙམ་གྱིས་དཀྱིལ་འཁོར་ཐམས་ཅད་འཇིག་པར་བྱེད་དོ།། དེ་ལ་རིག་སྔགས་འཆང་གིས་མྱུར་དུ་ལན་བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པས་མེའི་ཕྱོགས་ཀྱི་གཟུགས་ལ་བཏབ་སྟེ། འདི་སྐད་དུ་སོ་དཀར་བཅོམ་མོ་ཞེས་ཀྱང་སྤྲས་ན། ངུ་འབོད་ཀྱི་སྒྲ་ཆེན་པོ་ཕྱུང་ནས་མེད་པར་འགྱུར་གསང་སྔགས་ཀྱང་འགྲུབ་པར་འགྱུར་རོ། ། མེའི་ཕྱོགས་ཀྱི་ཆོ་ག་རྫོགས་སོ།། ། རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་ཅི་སྟེ་རླུང་གི་ཕྱོགས་ནས་སྲོད་ལ་བགེགས་ཀྱི་གཟུགས་དགའ་བྱུང་སྟེ། དངོས་གྲུབ་པ་ལ་སྒྲུབ་པ་ན་རླུང་གི་ཕྱོགས་ཀྱི་རྒྱལ་པོའི་གཡོག་མོ་སོ་རྒོམ་ཞེས་བྱ་བ་ཞིག་ཡོད་པ་དེའང་བགེགས་བྱེད་དེ། མར་མེ་གསོད་ཅིང་ལྷ་བཤོས་སྨྲེ་བས་འབགས་པར་བྱེད་དོ། ། དེའི་ཕྱིར་གཞིལ་བར་བྱ་བ་ནི་རླུང་གི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་བགེགས་རྣམས་མེད་པར་འགྱུར་རོ།། དངོས་གྲུབ་ཆེན་པོ་སྒྲུབ་པ་ན་རླུང་གི་ཕྱོགས་ཀྱི་རྒྱལ་པོའི་གཡོག་གནོད་སྦྱིན་རྫུ་འཕྲུལ་ཆེན་པོ་དྲུག་ཁྲིའི་བདག་པོ་ཞིག་ཡོད་དེ། ཚུབ་མ་གཅིག་པ་ཞེས་བྱ་བ་དེའང་རིག་སྔགས་འཆང་དེ་ལ་འཇིང་གི་ཐུན་ལ་བགེགས་བྱེད་དོ།། ཚུབ་མ་གཅིག་པདེའང་འདོད་དགུར་བསྒྱུར་བའི་གཟུགས་ཅན་ཡིན་ཏེ། ཆེད་འགའ་ནི་ཝའི་གཟུགས། ཆེད་འགའ་ནི་སྟག་གི་གཟུགས། ཆེད་འགའ་ནི་ཁྱུ་མཆོག་གི་གཟུགས་དང་། གཟུགས་སྣ་ཚོགས་སུ་བདག་ཉིད་སྟོན་པར་བྱེད་ཅིང་། ཆེད་འགའ་ནི་ཧ་ཧ་ཞེས་བྱ་བའི་སྒྲ་འབྱིན་ཅིང་སྐར་མདའ་བརྒྱད་གསྲུང་བར་བྱེད། གནམ་ཡང་གྲུབ་པར་བྱེད་དོ།། དེ་ལ་རིག་སྔགས་འཆང་གིས་རླུང་གི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཐལ་བས་བསྣུན་ན་བགེགས་རྣམས་མེད་པར་འགྱུར་རོ། ། རྒྱལ་པོའི་སྒོ་དཔོན་མ་ལྕགས་ཀྱུ་དཀར་མོ་ཅན་ཞེས་བྱ་བ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་ལ་བགེགས་བྱེད་པ་ཆེན་མོ་ཞིག་ཡོད་དེ། དེའངག་སང་སྔགས་ཀྱིས་བཟློག་པར་མི་ནུ་ཡ་ཏེ། དེའི་ནམ་གུང་གི་ཐུན་ལ་འོང་ངོ་།། དེ་འོང་བ་དང་དུས་མ་ཡིན་པའི་ཆར་འབབ་ཅིང་འབྲུག་ཀྱང་དི་རི་རི་སྒྲོག། གནམ་ཡང་གྲུབ་པར་བྱེད་དེ། ལྕགས་ཀྱུ་དཀར་མོ་ཅན་དེའང་མདོག་དཀར་ཞིང་གཟུགས་ཀྱི་ལུས་བསྟན་པས་ཀྱང་དཀྱིལ་འཁོར་འཇིག་པར་བྱེད་དོ།། དེ་ལ་རིག་སྔགས་འཆང་གིས་མྱུར་དུ་ལན་བདུན་བསྔགས་ཏེ་སེང་ལྡེང་གི་ཕུར་བུ་སོར་བཞི་བས་རླུང་གི་ཕྱོགས་ཀྱི་གཟུགས་ལ་བཏབ་སྟེ། ལྕགས་ཀྱུ་དཀར་མོ་ཅན་བཅོམ་མོ་ཞེས་ཀྱང་སྨྲས་ན་ངུ་འབོད་ཀྱི་སྒྲ་ཆེན་པོ་ཕྱུང་ནས་མེད་པར་འགྱུར་ཏེ། གསང་སྔགས་ཀྱང་འགྲུབ་པར་འགྱུར་རོ།། རླུང་གི་ཕྱོགས་ཀྱི་ཆོ་ག་རྫོགས་སོ། ། ། རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་ཆུ་ལྷའི་ཕྱོགས་ནས་བགེགས་རྣམས་འབྱུང་སྟེ། དངོས་གྲུབ་ཕལ་བསྒྲུབ་ན་ཆུ་ལྷའི་རྒྱལ་པོའི་གཡོག་མོ་ཀླུ་མོ་རྒྱལ་བ་མོ་ཞེས་བྱ་བ་ཞིག་ཡོད་དེ། རྒྱལ་བ་མོ་དེའང་སྲོད་ལ་བགེགས་བྱེད་དོ།། ཐོག་ཏུ་འོང་ལ་ཁོག་སྐམ་འདོར་བར་བྱེད་ཅིང་ཕ་གུ་འཕེན་པར་བྱེད་དོ།། དེ་ལ་རིག་སྔགས་འཆང་གིས་ཆུའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་མེད་པར་འགྱུར་རོ། ། རྒྱལ་པོ་དེའི་གཡོག་ཀླུ་མོ་སོ་བརྩེགས་ཞེས་བྱ་བ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་ཀླུ་སུམ་ཁྲིའི་བདག་པོ་ཞིག་ཡོད་དེ། སོ་བརྩེ་དེའང་རིག་སྔགས་འཆང་དེ་ལ་འཇིང་གི་ཐུན་ལ་བགེགས་བྱེད་སྣ་ཚོགས་རྣམ་པ་མང་པོ་བྱེད་དོ། ། སོ་བརྩེགས་དེ་དུར་ཁྲོད་དུ་སྐྱེས་པ་ཐམས་ཅད་ཀྱི་ཆ་ལུགས་དག་ཏུ་སྣང་ཞིང་། ཀུན་ཏུ་རྒྱུ་དང་གཅེར་བུ་པ་ལྟ་བུའི་བགེགས་ཀྱི་ཆ་ལུགས་དག་ཏུ་སྣང་སྟེ། དེའང་ངུ་འབོད་ཀྱི་སྒྲ་ཆེན་པོ་འབྱིན་ཅིང་སྐར་མདའ་དག་ཀྱང་འབྱིན་པར་བྱེད་དོ།། དེ་ལ་རིག་སྔགས་འཆང་གིས་ཆུ་ལྷའི་ཕྱོགས་ཀྱི་གཟུགས་ལ་ལན་བདུན་བསྔགས་པའི་ཡུངས་ཀར་གྱིས་བསྣུན་ན་མེད་པར་འགྱུར་རོ། ། ཆུ་ལྷའི་ཕྱོགས་ཀྱི་རྒྱལ་པོའི་སྒོ་དཔོན་མ་མིག་སེར་མ་ཞེས་བྱ་བ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་བགེགས་ཆེན་པོ་བྱེད་པ་ཞིག་ཡོད་དེ། དེའང་གསང་སྔགས་ཀྱིས་བཟློག་པར་མི་ནུས་ཏེ། རིག་སྔགས་འཆང་དེ་རིག་སྔགས་སྒྲུབ་པ་ན་ནམ་གུང་གི་ཐུན་ལ་བགེགས་བྱེད་དེ། དེས་ཀྱང་སྒྲ་ཕྱུང་བས་དཀྱིལ་འཁོར་ཐམས་ཅད་འཇིག་པར་བྱེད་ཅིང་། མེའི་གཟུག་ཀྱིས་བགེགས་བྱེད་ལ། སྐར་མདའ་སྟོང་དག་སྣང་བར་བྱེད་དོ།། དེ་ལ་རིག་སྔགས་འཆང་གིས་མྱུར་དུ་ལན་བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པས་ཆུ་ལྷའི་ཕྱོགས་ཀྱི་གཟུགས་ལ་བཏབ་ཅིང་འདི་སྐད་དུ། མིག་སེར་མ་འདུག་ཅིག་མ་ནྡེ་སྨྲས་ན་འདུག་ཅིག་འདུག་ཅིག་ཅེས་བྱ་བ་ཐོས་ནས་བདག་ནི་སྤ་བབ་བོ་སྙམ་སྟེ། ངུ་འབོད་ཀྱི་སྒྲ་ཆེན་པོ་ཕྱུང་ནས་མེད་པར་འགྱུར་ཏེ། རིག་སྔགས་ཀྱི་དངོས་གྲུབ་ཀྱང་གྲུབ་པར་འགྱུར་རོ། ། ཆུ་ལྷའི་ཕྱོགས་ཀྱི་ཆོ་ག་རྫོགས་སོ།། །། དེ་བས་འཇམ་པའི་ལས་འདི་བཤད་དེ། རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་ལན་བདུན་བསྔགས་པའི་སེང་ལྡེང་གི་ཕུར་བུ་སོར་བཞི་པ་ཚོན་སྣ་ལྔའི་སྐུད་པས་དཀྲིས་པ། བགེགས་ཐམས་ཅད་ཀྱི་གནས་སུ་རྐང་པ་གཡོན་པས་མནན་ན་བགེགས་ཐམས་ཅད་བཅོམ་པ་དང་རེངས་པར་བྱས་པར་འགྱུར་རོ། ། ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ང་ཞག་བརྒྱད་དམ་ཞག་བཅུ་བཞི་ལ་དབང་ཕྱུག་ཆེན་པོའི་གནས་སུ་སོང་སྟེ་འབྱུང་པོའི་གཏོར་མའང་བྱིན་ལ། རིག་སྔགས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་བགེགས་ཀྱི་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། བསམས་པས་བགེགས་ཐམས་ཅད་མེད་པར་འགྱུར་རོ།། འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཆོ་ག་རྫོགས་སོ།། ། ། དེ་ནས་འཇིག་རྟེན་ཕན་འདོད་པ།། ཐུབ་པ་ཀུན་དང་ལྔ་ཆེན་གྱིས།། ལག་ན་རྡོ་རྗེའི་མདུན་དུ་བདར།། ལྷན་ཅིག་ཏུ་ནི་འདུས་པར་འགྱུར།། ཉི་མ་བཞིན་དུ་གཟི་འབར་ཞིང་།། དཀའ་ཐུབ་རྣལ་འབྱོར་ལྡན་པ་ཡི། ། ཐུབ་པ་རབ་མཆོག་ལྡན་པ་ཀུན།། ཉིན་མོ་བྱ་བ་བྱས་ནས་འཁོད།། ཐུབ་པ་དག་ནི་ཐམས་ཅད་དང་།། བདེ་བྱེད་ལྷ་ཚོགས་ལྷ་རྣམས་ཀྱིས།། ལག་ན་རྡོ་རྗེ་སེམས་དཔའ་ཆེ།། འབྱུང་པོ་ཀུན་དབང་རྗེ་ལ་ཞུས། ། འཇིག་རྟེན་དངོས་གྲུབ་བྱེད་པ་ཡིན།། བགེགས་རྣམས་དག་ནི་ག་ལ་འབྱུང་།། དེ་དག་གི་ནི་ཚིག་ཐོས་ནས།། ལག་ན་རྡོ་རྗེ་གྲགས་པ་ཆེ།། དགའ་བར་གྱུར་ནས་དྲིས་པ་དེ། རྒྱས་པར་ཡང་ནི་རབ་བཤད་དེ།། བགེགས་རྣམས་ཇི་ལྟར་འབྱུང་འགྱུར་བ།། ཐུབ་པ་དག་ནི་ཀུན་གྱིས་ཉོན།། ལྷ་རྣམས་ལ་ཡང་ལྷ་མིན་རྣམས།། འཐབ་པའི་ཕྱིར་ནི་ལྡང་བལྷུར།། སེམས་ཅན་རྣམས་ལ་བགེགས་བྱའི་ཕྱིར། ། དེ་བཞིན་གཤེགས་པ་རྣམས་འབྱུང་འགྱུར།། ཇི་ལྟར་ལྷ་ཡིས་ལྷ་མིན་རྣམས།། གཡུལ་དུ་ལན་བརྒྱར་བཅོམ་པ་དང་།། བརྒྱ་བྱིན་གྱིས་ནི་གཡུལ་བཅོམ་ལྟར་དེ་བཞིན་བགེགས་རྣམས་བཅོམ་པར་གྱུར། ། དེ་ཚེ་ལྷ་ཀུན་དགར་གྱུར་ནས།། འཇིག་རྟེན་གྲགས་པ་དེ་དག་ནི།། ཐམས་ཅད་སྟོབས་དང་ལྡན་འགྱུར་ཞིང་།། དེ་དག་ང་རྒྱལ་དྲེགས་པས་རྒྱས།། འཇིག་རྟེན་དོན་དང་ལྷ་རྣམས་ཀྱིས།། བརྩོན་འགྲུས་དང་ནི་མཐུ་བསྐྱེད་ཕྱིར།། བདེ་ཞིང་རྒྱ་མཚོ་ཆེན་པོ་ནི།། གཤེད་བྱེད་དང་ནི་དབྱུང་བ་བརྩམས།། ཐུབ་པ་དེ་དག་རྨོངས་པ་སྟེ།། ཕན་པ་བྱས་ན་སྟོབས་ཀྱིས་རྒྱགས། ། ང་རྒྱལ་འདིས་ནི་འཇིག་རྟེན་ནས།། རིང་པོར་མི་ཐོགས་ཐེ་ཚོམ་མེད།། དེ་ནས་དྲང་སྲོང་ལྷར་བཅས་རྣམས།། ཅ་ཅོའི་སྒྲ་ནི་དབྱུང་བར་བརྩམས།། རྩོམ་པ་ཆེན་པོ་སྐད་ཅིག་ཏུ། ། འཇིག་རྟེན་དུ་ནི་གྲགས་པར་འགྱུར།། དེ་ནས་ལྷ་རྣམས་ཐུབ་པར་བཅས།། ཁྲོ་བ་རུ་ནི་གྱུར་པ་ན།། ལྷར་བཅས་དྲང་སྲོང་དེ་དག་ལ།། ལྷ་ཆེན་གྱིས་ནི་ཚིག་སྨྲས་པ།། ཚངས་བཅས་ལྷ་རྣམས་ཁྱེད་ཀྱི་མཐུས། ། བརྩམས་པ་དག་ནི་མ་བྱེད་ཅིག། རྡོ་རྗེ་འཆང་བ་དཔལ་ལྡན་འདི།། གནོད་སྦྱིན་ཚེགས་ཀུན་བདག་པོ་སྟེ།། གནོད་སྦྱིན་བདེ་བདག་ཞིབ་པོ།། སེམས་ཅན་ཀུན་ལ་ཕན་པར་དགའ། ། མ་རུངས་འདི་དག་རླག་བྱེད་པ།། བརྩམ་ཞིང་ཚར་གཅོད་ནུས་པ་ཡོད།། དེ་ནས་ལྷ་ཡི་མཆོག་རྣམས་ཀྱིས།། ལག་ན་རྡོ་རྗེ་དཔལ་ལྡན་མཆོག། སྦྱོར་བ་ཤེས་ཤིང་སྦྱོར་གནས་ནས། ། དཔུང་ཆེན་དག་ནི་རབ་སྤྲུལ་པ།། རྒྱལ་པོའི་བློ་གྲོས་རྡོ་རྗེའི་གདོང་།། རྡོ་རྗེའི་ལྟེ་བ་གདོང་དཀར་མ།། རྡོ་རྗེ་མིག་སེར་འོག་པག་ཅན།། རྡོ་རྗེ་ནག་མོ་ཕོ་ཉ་ཆེ།། དབང་ཕྱུག་ཆེན་མོ་གནམ་ངོམ། ། དྲག་མོ་རྡོ་རྗེ་སེང་གེའི་ཁྲི།། ཤུགས་ལྡན་མ་དང་རྡོ་རྗེ་ཅན།། དེ་བཞིན་བཞད་མ་རྡོ་རྗེ་ཅན།། གཏུམ་མོ་རང་གི་ཐུགས་དང་ནི།། ཉེ་བའི་སྙིང་པོ་ལས་ཀུན་བྱེད།། འབྱུང་པོ་སྲིན་པོ་ཕོ་ཉ་མོ། ། རྣམ་པ་སྣ་ཚོགས་མིང་གྲགས་པ།། མ་རུངས་གདོན་རྣམས་བཟློག་པ་དང་།། བགེགས་རྣམས་བརླག་ཕྱིར་སྤྲུལ་པར་གྱུར།། དེ་ནས་དཔུང་དེ་དགར་གྱུར་ནས།། དཔལ་གྱིས་སུ་ནི་འཁྱུད་པ་བཞིན། ། ལག་ན་རྡོ་རྗེའི་ཕོ་ཉད།། ཀུན་ནས་བསྐོར་ཅིང་འཁོད་པར་གྱུར།། དེ་ནས་རབ་འབར་མི་བཟད་ཅིང་།། འབྱུང་པོ་ཐམས་ཅད་རླག་བྱེད་ཅིང་།། ལག་ན་རྡོ་རྗེའི་རྡོ་རྗེ་དེ།། ཕྱོགས་བརྒྱད་དག་ཏུ་འཕྲོས་པར་གྱུར།། དེ་ནས་སྟོབས་ཆེན་བརྩོན་ཆེན་མོ།། ཕོ་ཉ་མོ་དག་སོང་བར་གྱུར།། དེ་ནས་སྐྲ་ག་ནས་གདོན་དེ་དག། ཐམས་ཅད་བརྡུངས་ཏེ་སེམས་སྦྱོར་ཅིང་།། རྡོ་རྗེ་ནག་མོས་འཇིག་གཟི་རབས། ། བསྐྱབས་ཀྱང་རྙེད་པར་མགྱུར་ཏེ།། རྡོ་རྗེ་སྒྲོགས་ཀྱིས་འཕམ་བྱས་ཤོང་།། རྡོ་རྗེ་ཅན་གྱི་ཡུལ་དུ་བཅོམ།། དེ་ནས་དེ་དག་ཡིད་ཀྱིས་སུ།། དེ་བཞིན་གཤེགས་ལ་རྒྱས་སུ་སོང་། ། དཀོན་མཆོག་གསུམ་གྱིས་མཛེས་བྱས་ཤིང་།། ཐམས་ཅད་དགེ་ལ་ངེས་པར་གྱུར།། དེ་ནས་མེ་ནི་འདྲ་བ་དེ།། རྡོ་རྗེ་ལྟ་བུའི་མཚོན་ཐོགས་པ།། ཞི་ནས་རྡོ་རྗེ་ལ་སོགས་ཚོགས།། ཡིད་མཞི་ལ་ཡང་སྨྲས་པ། ། ཀྱེ་ཀྱེ་ཚོགས་རྣམས་ཞི་བར་གྱིས།། སྐལ་བ་ཆེ་རྣམས་ལྡོག་པར་གྱིས།། གདོན་ཀུན་དགེ་ལ་ངེས་བྱས་ཤིང་།། ཞི་བར་གྱུར་གྱིས་མ་གཞོམ་ཞིག། ལག་ན་རྡོ་རྗེ་ལྷས་བསྟེན་པའི།། ཐཟད་དུ་ཡང་ན་ཁྲིད་པར་གྱིས།། མི་བཟད་ཚེགས་ཀྱིས་དེ་མཉན་ནས།། གདོན་རྣམས་དེ་དག་ཐམས་ཅད་ནི།། རྣལ་འབྱོར་བསྟན་བཅོས་མཐུས་བཏུལ་ནས།། ལག་ན་རྡོ་རྗེའི་ཐང་དུ་ཁྲིད།། བཅོམ་ལྡན་རྡོ་རྗེ་ལྡན་པ་དེས། ། མཐོང་ནས་ཅི་སྟེ་གསོན་འདོད་ན།། རིག་པའི་མཆོག་ལ་ཕྱག་བྱོས་ལ།། ཕྱག་རྒྱ་མཐོང་ནས་བསྟན་ལ་གནོས།། གནས་ནས་མི་རྣམས་ཐོང་ཞིག་ཅེས།། གདོན་རྣམས་ལ་ནི་པགད་དེ་སྨྲས། ། དེ་སྐད་སྨྲས་ནས་གདོན་དེ་དག། ཀུན་གྱིས་དེ་ཚེ་བསྟན་སྨྲས་པ།། ཁྱོད་ཀྱི་ལས་འདི་མཆོག་ཡིན་ཏེ།། གཞན་གྱིས་མི་ཐུབ་དྲག་ཅིང་དགེ། མངའ་བདག་ཁྱོད་ཀྱིས་བཀའ་སྩལ་པ།། དེ་བཞིན་དུ་ནི་བགྱི་བར་འཚལ།། སངས་རྒྱས་ལ་ནི་སྐྱབས་སུ་མཆི།། ཆོས་དང་དགེ་འདུན་དེ་བཞིན་ཏེ།། ཞི་ལ་མ་རུངས་འདུལ་བ་པོ།། ཁྱོད་ལ་རྟག་ཏུ་སྐྱབས་སུ་མཆི།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ། སྟོབས་ཆེན་གྱིས་ནི་སྐྱེས་པ་ལེགས།། བདག་ཅག་གི་ནི་འཚེ་བ་ཡི།། ཐབས་ཀྱི་ཕྱིར་ཡང་བཀའ་སྩོལ་ཅིག། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། བ་གང་ནས་ཚོགས་ལ་སྤྲས་པ་ནི། ཁྱོད་ཀྱིས་བླང་བར་བྱ་བ་དང་།། མི་བླང་བ་ཡང་བསྟན་པར་བྱ།། གང་དག་རྟག་ཏུ་བརྫུན་སྨྲས་དང་།། དྲིན་དུ་མི་གཟོ་གཙང་སྦྲར་མེད།། བྱང་ཆུབ་སེམས་ནི་རབ་ཉམས་པ། བོ་དེ་དག་རྟག་ཏུ་ལོང་།། ཉ་དང་ཤ་སོགས་ཟ་བ་དང་།། མི་བྱ་བ་དག་བྱེད་པ་གང་།། རྐང་པས་ཕྱག་རྒྱ་རྫི་བྱེད་པ།། སྐྱེ་བོ་དེ་དག་བླང་བར་བགྱི།། ཅི་སྟེ་གསོན་པར་འདོད་ན་ནི།། གང་དག་བདེན་པའི་ཚིག་སྨྲ་དང་། ། དྲིན་དུ་གཟོ་ཞིང་ངེས་པར་གནས།། སྲོག་གི་ཕྱིར་ཡང་བྱང་ཆུབ་སེམས།། གཏོང་བར་མི་བྱེད་རབ་བསྡམས་དང་།། རྟག་ཏུང་ལ་དད་པ་དང་།། དེ་བཞིན་རིགས་མཆོག་རིགས་ལ་གནས། ། གང་རྣམས་ཀྱི་ནི་ཁྱིམ་དག་ཏུ།། རིགས་རྒྱལ་དམ་པ་རྟག་མཆོད་དང་།། ང་རིག་པ་ཡི་རྒྱལ་པོ་མཆོག། སྒྲུབ་པ་དང་ནི་བཟླས་བརྗོད་བྱེད།། དེ་དག་ལ་ནི་ཞི་བར་གྱིས།། ཡི་གེ་བཞི་པ་ཞེས་བྱ་ཡི། ། རྡོ་རྗེ་དོན་ཡོད་ཆེན་པོ་དེས།། གདོན་གང་ངལ་དང་མི་འཛིན།། དེ་ཡི་སྤྱི་བོ་འགེམས་པར་བྱེད།། རྟག་ཏུ་དང་རིགས་མཆོག་ལ།། དེ་བཞིན་དད་པ་ལྷུར་བྱེད་དང་།། དམ་ཚིག་ཤེས་པ་གང་ཡིན་དེ། ། ཁྱེད་ཀྱིས་རྟག་ཏུ་མཆོད་པ་གྱིས།། ལག་ན་རྡོ་རྗེའི་ཚིག་འདི་དག། ཐོས་ནས་ཀྱང་ནི་ལོག་འདྲེན་རྣམས།། དགའ་ཞིང་ཅ་ཙེའི་སྒྲ་བྱིན་ནས།། སྐད་ཅིག་གིས་ནི་མི་སྣང་འགྱུར།། རིག་པ་མཆོག་གི་རྒྱུད་ཕྱི་མ་ལས་ལོག་འདྲེན་འབྱུང་པོ་རྫོགས་སོ། ། །། ལས་འདི་ནི་དམ་པར་འགྱུར་བ་དང་། དྲག་ཅིང་དོན་ཡོད་ལ་གཞན་གྱིས་མི་ཐུབ་ཅིང་དགེ་བ་ཡིན་ཏེ། དངོས་གྲུབ་སྒྲུབ་པའི་ཚེ་དུད་པ་མེད་པའི་མདབ་མ་ལ་རིག་སྔགས་ཀྱི་རྒྱལ་པོས་ཏིལ་ནག་པོའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱས་ན་བགེགས་ཐམས་ཅད་འབྱུང་བར་མི་འགྱུར་རོ། ། ལས་འདི་དག་ནི་མཆོག་ཡིན་ཏེ། འཇིག་རྟེན་རྣམས་ཀྱི་དངོས་གྲུབ་ཕྱིར།། རེག་མཆོག་མགོ་བོར་བཞག་ན་ནི།། སྤྱན་རྣམས་དངོས་གྲུབ་སྟོན་པར་འགྱུར།། སངས་རྒྱས་ཡུལ་དང་ཆོས་སྤྱན་ལ།། གང་ཞིག་ཕྱག་འཚལ་དེ་ལ་ནི། བཅོམ་ལྡན་གསུངས་པའི་ལས་ལ་སོགས།། ལག་ན་རྡོ་རྗེས་བཤད་པ་ཡི།། ཆོ་ག་འདི་དང་རྡོ་རྗེའི་རིགས།། དེ་དག་ཐམས་ཅད་འགྲུབ་འགྱུར་ཏེ།། ཡུལ་ཡང་ཡིད་ལ་བཞག་ནས་ནི།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། ལས་འདི་དག་ཀྱང་བྱས་ནས་ནི།། དངོས་གྲུབ་མཆོག་འགྱུར་ཤེས་པར་བྱ།། གང་གིས་ཉིན་མོ་ཡང་རུང་སྟེ།། ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་པ་སེར་མོའི་ལྕི་བ་ས་ལ་མ་ལྷུང་བས་ལྷ་མོའི་གཟུགས་བྱས་ཏེ། ལག་པ་གཡས་པར་རྡོ་རྗེ་ཐོགས་པར་བྱ།། དེའི་འོག་ལོགས་སུ་སྒྲུབ་པ་པོ་སྙིམ་པ་བཟེད་ཅིང་འདུག་པར་བྱའོ། ། དེ་ནས་རིག་སྔགས་འཆང་གིས་ཡིད་ལ་བསམས་ཏེ། རིག་སྔགས་བརྗོད་ནས་ཅི་སྟེ་གཟུགས་འགུལ་བར་འགྱུར་ན་དེ་མ་ཐག་ཏུ་ལས་འགྲུབ་ཅིང་། རིག་སྔགས་ཀྱང་བདེ་བྲག་ཏུ་འགྲུབ་སྟེ། བགེགས་ཐམས་ཅད་ཀྱང་བསམས་པ་ཙམ་གྱིས་འཇིགས་པར་འགྱུར་རོ།། ཡང་ན་སྒྲུབ་པ་པོའི་ལག་ཏུ་རྡོ་རྗེ་བྱིན་ན་སའི་བདག་པོར་འགྱུར་རོ།། ཡང་ན་བཅོམ་ལྡན་འདས་མ་ལས་འོད་ཟེར་འབྱུང་སྟེ། འོད་ཟེར་དེས་ཕོག་པར་གྱུར་ན་ནི་རིག་སྔགས་འཆང་དུ་འགྱུར་ཞིང་། གླང་པོ་ཆེའི་སྟོབས་དང་ལྡན་ལ་སྐྲ་ལྡང་ལོ་འཁྱིལ་བ་དང་། ཉི་མ་ཤར་བའི་ཁ་དོག་ཅན་དུ་འགྱུར་ཞིང་ལག་ཏུ་རལ་གྲི་འོང་བར་འགྱུར་ཏེ། དེ་ཐོགས་ན་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ལ་སྒྱུ་འཕྲུལ་དག་ཀྱང་བྱེད་པར་འགྱུར་རོ།། གང་གི་ཚེ་གཉིད་ཀྱིས་ལོག་པ་དེ་ན་རལ་གྲི་དེ་དཔག་ཚད་གཅིག་ཙམ་ནས་མགལ་མེའི་འཁོར་ལོ་བཞིན་དུ་ཀུན་ནས་འཁོར་བར་བྱེད་ཅིང་སད་པ་ན་ཤུགས་སུ་འགྲོ་སྟེ། ཚེ་ལོ་ཁྲི་བཞི་སྟོང་ཐུབ་ཅིང་ནམ་འཆི་བ་དེའི་ཚེ་བདེ་བ་ཅན་དུ་སྐྱེ་པབཔར་འགྱུར་རོ། ། ལས་དེ་བྱས་ཏེ་དངོས་གྲུབ་ཀྱི་མཆོག་བསྒྲུབས་ན་ཆོ་ག་རྒྱས་པའི་དངོས་གྲུབ་སྦྱིན་པར་བྱེད་དེ་མས་བུལ་བྱ་བ་བཞིན་ནོ།། དངོས་གྲུབ་སྒྲུབ་པའི་ཕྱིར་དབང་ཕྱུག་ཆེན་པོ་མདོར་བསྟན་ཏེ། དེལ་འདོ་ནི་ཆོ་ག་རྒྱས་པའི་དངོས་གྲུབ་མཆོག་སྒྲུབ་པ་བསྟན་པ་སྟེ། ལག་ན་རྡོ་རྗེའི་མདུན་དུ་བྱང་ཆུབ་ཀྱི་ཤིང་གིས་མེ་སྦར་ལ་ཡུངས་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཁྲུ་དོའམ་ཁྲུ་གསུམ་ཙམ་དུ་དུད་པའི་འཁྲི་ཤིང་འབྱུང་སྟེ། དེ་ནས་རིག་སྔགས་འཆང་གིས་རིག་སྔགས་ཀྱི་རིགས་འགྲུབ་པ་དང་། ཆོ་ག་རྒྱས་པར་འགྲུབ་པར་ཤེས་པར་བྱ་སྟེ། དེ་ནས་ལས་བརྩམ་པར་བྱའོ།། ཡིད་ལ་བསམས་ཏེ་ཕུར་བུ་གསུམ་པས་བཤད་པའི་ཆོ་ག་རྒྱས་པ་དང་། ལག་ན་རྡོ་རྗེས་བཤད་པ་བསྒྲུབ་པར་བྱའོ།། རྣ་བར་གཤིབས་ཏེ་བཟླས་བརྗོད་བྱས་ན་དངོས་གྲུབ་ཀྱི་མཆོག་སྟོན་པར་འགྱུར་ཏེ། ནུབ་ཀར་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ལ། ལག་ན་རྡོ་རྗེའི་རྣ་བ་གཡས་པར་རིག་སྔགས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན། ཅི་སྟེ་རྨི་ལམ་དུ་བྲམ་ཟེ་མཐོང་ན་ལས་འགྲུབ་པར་འགྱུར་རོ།། འདྲེག་མཁན་མཐོང་ན་ནི་འགྲུབ་པར་མི་འགྱུར་ཏེ། དེ་ལ་ལྟ་ཞིང་ལས་བསྒྲུབ་པར་བྱའོ།། རི་མོའི་གཟུགས་གང་གིས་མཐོང་བ་དེས་ནི་རྡོ་རྗེའི་རིགས་མཐོང་བ་ཡིན་ནོ།། རྡོ་རྗེའི་རིགས་མཐོང་ན་ལས་འབྱུང་པར་འགྱུར་རོ། ། ལས་བྱུང་ན་དངོས་གྲུབ་ཀྱི་མཆོག་ཐོབ་པར་འགྱུར་ཏེ། རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པས་ཚོན་རྩི་སྤྲིན་མེད་པས་སངས་རྒྱས་ཀྱི་སྐུ་གཟུགས་གསེར་གྱི་ཁ་དོག་ཅན་ཆོས་སྟོན་པའི་ཚུལ་དུ་འདྲིར་གཞུག་གོ། ། དེ་བཞིན་གཤེགས་པའི་གཡས་ལོགས་སུ་ལྷ་མོ་གསེར་གྱི་ཁ་དོག་ཅན་ཆོས་ཉན་པ་བྲིའོ།། དེའི་འོག་ལོགས་སུ་ལག་ན་རྡོ་རྗེའི་མདོག་སྔོ་བསངས་ལ་རྒྱན་ཐམ་ཅད་ཀྱིས་བརྒྱན་པ་ཆོས་ཉན་པར་བྲིའོ། ། དེ་བཞིན་གཤེགས་པའི་གཡོན་ལོགས་སུ་དབང་ཕྱུག་ཆེན་པོ་མདའ་ཆུའི་མདོག་ཅན་ཐོར་ཙུགས་དང་ཅོན་ཕན་ཐོགས་པར་བྲིའོ།། དེའི་གཡོན་ལོགས་སུ་ཕུར་བུ་གསུམ་པ་མ་ཏང་གི་ཆ་ལུགས་ཅན་ཆོས་ཅན་པའི་ཚུལ་དུ་བྲི། དེའི་འོག་ལོགས་སུ་དབང་ཕྱུག་ཆེན་པོའངམ་བུ་མདའ་ཆུའི་ཁ་དོག་ཅན་ཐོར་ཙུགས་འཆང་བའི་མགོ་ལ་ཟླ་བའི་མཚན་མ་ཡོད་ལ་མིག་གསུམ་དང་ལྡན་པར་བྲིའོ། ། དེའི་དྲུང་དུ་མ་ཏང་གི་རྒྱལ་པོ་ཕུར་བ་གསུམ་པ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མ་ཏང་གི་ཆ་ལུགས་སུ་བྲིའོ།། དེའི་འོག་ལེགས་སུ་འཇིག་རྟེན་སྦེང་བ་བཞི་ཁ་དོག་ཐ་དད་པ་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཆོས་ཉན་པའི་ཚུལ་དུ་བྲིའོ།། ལག་ན་རྡོ་རྗེའི་ལོགས་སུ་རྡོ་རྗེ་སྡེ་དང་གཙུག་ནས་བྱུང་རྩེ་ཞིང་འདུག་པར་བྲི་སྟེ། རྡོ་རྗེ་སྡེན་གསེར་གྱི་མདོག་ཅན་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། ། གཙུག་ནས་བྱུང་གི་མདོག་དམར་ལ་མིག་གསུམ་ཡོད་པ་གླང་པོ་ཆེའི་པགས་པའི་སྨད་གཡོགས་ཅན། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་སེར་རལ་ཁར་ཐོགས་ལ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བྱའོ།། ཁྱད་པར་དུ་རྡོ་རྗེ་སྡེའི་དྲུང་དུ་རྡོ་རྗེ་ཁྲོ་བོ་འབར་ལ་ལོག་འདྲེན་རྣམས་འཇོམས་ཤིང་འཐོར་བར་བྲིའོ།། རིག་པའི་མཆོག་འདོད་དགུར་བསྐུར་བའི་གཟུགས་ཅན་ལན་ཅིག་མཐོང་བ་ཙམ་གྱིས་ཇི་ཤེས་པཙམ་དུ་གསལ་བ་ལ་ཀུན་རྡོ་རྗེའི་ཁ་ནས་འབྱུང་བར་བྲིའོ། ། གཟུགས་དེ་མཐོང་ན་སྔོན་གྱི་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུ་ཏེ། ལོག་འདྲེན་རྣམས་ཀྱིས་ཀྱང་མི་ཚུགས་སོ།། གང་རི་མོའི་གཟུགས་འདི་སྒྲུབ་པ་དེས་ནི་དངོས་གྲུབ་ཀྱི་མཆོག་ངེས་པར་འགྲུབ་པར་འགྱུར་རོ།། སྒྲུབ་པར་འདོད་པའི་རིག་སྔགས་འཆང་གིས་ཞག་གསུམ་སྨྱུང་བ་བྱས་ཏེ་ཟླ་བ་ཉ་ལ་རི་མོའི་གཟུགས་ལ་མཆོད་པ་རྒྱས་པར་བྱས་ནས་གསང་སྔགས་སྔ་མ་དག་གིས་ལས་རྣམས་བྱའོ། ། འོ་མས་བཀང་བའི་སྣོད་བཞི་དང་། ཞོས་བཀང་བ་བཞི་དང་། དེ་བཞིན་དུ་བཏུང་བ་དང་སྦྱར་ཐུག་གིས་བཀང་བ་བཞི་བཞི་དབུལ་ཞིང་འབྱུང་པོའི་གཏོར་མའང་སྦྱིན་ནོ།། དེ་ནས་རིག་སྔགས་འཆང་གིས་དངོས་གྲུབ་ཀྱི་མཚན་མ་བྱུང་གི་བར་དུ་ནམ་ཕྱེད་ཀྱི་དུས་སུ་མེ་ཏོག་དྲི་ཞིམ་པོ་སྟོང་རྩ་བརྒྱད་བཟླས་བརྗོད་ལན་རེ་རེ་སྦྱར་ཞིང་། བཅོམ་ལྡན་འདས་མ་སངས་རྒྱས་ཀྱི་ཡུམ་ལ་བསྣུན་ན་རི་མོའི་གཟུགས་འགུལ་བ་དང་། མེ་ཏོག་གི་འཕྲེང་བ་གཡོ་བ་དང་། ལྷ་མོ་ལས་འོད་ཟེར་འབྱུང་བར་འགྱུར་ཏེ། རི་མོའི་གཟུགས་འགུལ་ན་ནི་དབབ་པའི་ལས་དང་། ཞི་བ་དང་། རྒྱས་པའི་ཆོ་ག་འགྲུབ་པར་འགྱུར་རོ།། མེ་ཏོག་གི་འཕྲེང་བ་གཡོན་ནི་དབབ་པའི་རིག་སྔགས་ཀྱི་ཆོ་ག་འགྲུབ་པར་འགྱུར་རོ། ། འོད་ཟེར་བྱུང་ན་ནི་ཆོ་ག་རྒྱས་པའི་དངོས་གྲུབ་མཆོག་ཏུ་འགྱུར་ཏེ། སྒྲུབ་པར་གྱུར་ན་རྡོ་རྗེའི་རིགས་ཐམས་ཅད་འགྲུབ་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔལ་ཆེན་མོའི་རིག་སྔགས་ཀྱི་ཆོ་ག་རྒྱས་པ་ལྷག་མ་དག་ཀྱང་འགྲུབ་པར་འགྱུར་རོ།། ཅི་སྟེ་དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པསྒྲུབ་པར་འདོད་ན་རིག་སྔ་ག་འཆང་དེས་མེ་ཏོག་དམར་པོ་སྟོང་རྩ་བརྒྱད་རྩ་བརྒྱད་བཟླས་བརྗོད་ལན་རེ་རེ་དང་སྦྱར་ཏེ། དབང་ཕྱུག་ཆེན་པོ་ལ་བསྡུན་ན་དེའི་ཡང་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་ཏེ། དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པའང་འགྲུབ་པར་འགྱུར་རོ། ། ཅི་སྟེ་ཕུར་བུ་གསུམ་པའི་ཆོ་ག་རྒྱས་པར་སྒྲུབ་པར་འདོད་ན་རིག་སྔགྲ་འཆང་དེས་མེ་ཏོག་ནག་པོ་སྟོང་རྩ་བརྒྱད་བཟླས་བརྗོད་ལན་རེ་དང་སྦྱར་ཏེ། ཕུར་བུ་གསུམ་པའི་རིམོ་ལ་བསྡུན་ན་དེའང་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་ཏེ། ཕུར་བུ་གསུམ་པས་བྱས་པའི་མཐང་གི་ཆོ་ག་རྒྱས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ཆོ་ག་འདི་ནི་བདག་གིས་བཤད།། ཁྱེད་རྣམས་ཡིད་ནི་དགའ་བཞིན་པས།། དངོས་གྲུབ་དམ་པ་སྦྱིན་པར་གྱིས།། གང་སངས་རྒྱས་ཀྱི་ཡུམ་དྲན་པ་ཙམ་གྱིས་འོང་བར་མི་བྱེད་ན། དངོས་གྲུབ་ཀྱང་སྦྱིན་པར་མི་བྱེད་པ་ནི་དེ་བཞིན་གཤེགས་པ་ལ་སྙིང་རིངས་པ་ཡིན་ཏེ། ངས་ཀྱང་རྡོ་རྗེས་སྤྱི་བོ་དགས་པར་བྱའོ།། གང་ཆོ་ག་རྒྱས་པ་འདི་འཆང་བ་དེ་ལ་གདོན་ཐམས་ཅད་དང་། ལོག་འདྲེན་ཐམས་ཅད་དང་། ཤ་ཟ་ཐམས་ཅད་ཀྱང་འབྱེར་ཞིང་སྐྲག་པར་འགྱུར་རོ།། གང་ཞིག་ཆོ་ག་འདིས་མཆོད་པ།། དེ་ལ་ལྷ་མཆོག་རྣམས་ཀྱིས་མཆོད།། གང་ཞིག་དངོས་གྲུབ་མཆོད་པ་ལ། ། དེ་ཡིས་ཆོ་ག་ལྷ་མཆོད་བྱ།། གང་ཞིག་ཆོ་ག་འདི་མཆོད་དང་།། ཐམས་ཅད་རྫོགས་པར་མཆོད་བྱེད་པ།། དེ་ཡི་ལག་ན་རྡོ་རྗེ་ཡིས།། བཤད་པ་བཞིན་དུ་ངེས་པར་འགྲུབ།། གང་ཞིག་ཆོ་ག་འདི་འཆང་བ། ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། ལག་ན་རྡོ་རྗེ་དཔལ་ལྡན་པ།། དེ་ཡི་ལུས་ཀྱི་སྤྱི་བོར་གནས།། ཡི་གེ་བཞི་པ་ཞེས་བྱ་བ་རིག་སྔགས་ཀྱི་རྒྱལ་པོའི་ཆོ་ག་རྫོགས་སོ།། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སྐྱེ་བོ་ཕྱི་མ་རྣམས་དང་། སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་སླད་དུ་རིག་སྔགས་ཀྱི་རྒྱལ་པོ་དང་། ལྷ་ཐམས་ཅད་གི་ཆོ་ག་ཕྱི་མ་རྒྱས་པར་བཤད་པར་འཚལ་ན། དེ་བཞིན་གཤེགས་པས་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་རིག་སྔགས་ཀྱི་རྒྱལ་པོའི་ལས་ཕྱི་མ་རྣམས་ཤོད་ཅིག། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལ་བསམས་ནས་ལས་ཕྱི་མ་རྣམས་བཤད་དོ།། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་མཆོག་གི་ལས་འབྱུང་སྟེ། དགོན་པའམ། རིའི་རྩེ་མོ་འམ། དབེན་པའི་ཕྱོགས་སུ་སྐྱང་ནུལ་བྱ་སྟེ།། ཐབ་དབྱིབས་གྲུ་བཞིར་བྱས་ལ་ལྷ་བཤོས་སུ་ཞོ་དབུལ་བར་བྱའོ།། གཡོག་བྱེད་པ་རྣམས་ལ་ཞོ་བྲུད་དོ། ། ཡང་ན་ངོས་ཀུན་ཏུ་ཁྲུ་བཅུ་པའི་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ། དེར་མེ་སྦར་ལ་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས་བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་སྲིད་དུ་ཁྲུ་གང་སྦོམས་སུ་ཆང་པར་འཁྱུད་པ། འཕན་མེད་པ་སྟོང་རྩ་བརྒྱད་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་ཏེ་དུས་གསུམ་དུ་སྦྱིན་སྲེག་བྱའོ།། ཟས་སུ་ཕྱེ་དང་འོ་མའི་འདག་གུའར། སྲོང་མོའི་ཟས་བཟའ་ཞིང་ལས་བྱས་ཏེ། མི་སྨྲ་བར་འདུག་ཅིང་དུས་གསུམ་དུ་ཁྲུས་བྱའོ།། ཁང་པའི་ཤར་ཕྱོགས་ཀྱི་གློར་གྲོག་མཁར་གྱི་ས་ལས་ལག་ན་རྡོ་རྗེའི་སྟེགས་བུ་ཁྲིའཕང་ཅན་བྱས་ལ་དྲི་དང་། མེ་ཏོག་དང་། བདུག་པ་དང་། ལྷ་བཤོས་དབུལ་ཞིང་པོ་ཉ་མོའི་སྔགས་ཐམས་ཅད་ཀྱི་ལས་བྱས་ཤིང་ཅི་འབྱོར་པས་མཆོད་པ་བྱས་ནས། རིག་སྔགས་འཆང་གིས་བཅོམ་ལྡན་འདས་མའི་སྔགས་ཀྱིས་བཏབ་པར་ཆུས་ཁཟས་བསང་གཏོར་བྱས་ཏེ་བཟའ་བར་བྱའོ། ། ཅི་དགའ་བའི་འདོད་པའང་གསོལ་བར་བྱའོ།། སྦྱིན་སྲེག་དེའང་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་མེ་ཐ་བ་དེའི་ནང་ནས་བྱུང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་དམ་པ་འམ་རྡོ་རྗེ་སྒྲོལ་བར་མཛད་དེ། རྡོ་རྗེ་དེ་ལག་ན་ཐོགས་པས་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་པར་འགྱུར་ཏེ། ཐམས་ཅད་དུའང་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། ། མིག་བཙུམས་པའི་ཡུད་ཙམ་གྱིས་ཀྱང་འོག་མིན་གྱི་གནས་སུ་འགྲོ་བར་འགྱུར་ཞིང་བསྐལ་པར་གནས་པར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱང་དེས་བསྒོ་བ་བཞིན་བྱེད་པར་འགྱུར་རོ། ། རིག་སྔགས་འཆང་ལ་ཆོ་ག་རྒྱས་པའི་དངོས་གྲུབ་ཀྱང་སྦྱིན་པར་མཛད་དེ། ཆོ་ག་རྒྱས་པར་བསྒྲུབས་ན་ལས་ཐམས་ཅད་རྡོ་རྗེ་བསྒྱུར་བ་ཙམ་གྱིས་འགྲུབ་པ་དང་བྱེད་པར་འགྱུར་ཏེ་བསྐལ་པར་གནས་པར་འགྱུར་རོ། ། དབང་དུ་བྱ་ན་གཙང་སྦྲར་བྱས་ཏེ་མཆོད་རྟེན་ལ་མེ་ཏོག་དང་། དྲི་དང་། བདུག་པ་ཕུལ་ཞིང་། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལའང་མཆོད་པར་བྱས་ལ། དེའི་མདུན་དུ་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ནས་ཞག་བདུན་གྱི་བར་དུ་དུས་གསུམ་དུ་མེ་ཏོག་དཀར་པོ་སྙིམ་པར་བཅུག་སྟེ་མིང་ནས་སྨོས་ཤིང་། ལན་སྟོང་རྩ་བརྒྱད་རྩ་བརྒྱད་བཟླས་བརྗོད་བྱས་ལ་ཕྱོགས་མཚམས་མ་ནོར་བར་མཆོད་རྟེན་ལ་བོར་ན་དབང་དུ་འགྱུར་རོ། ། གཏེར་དང་ལྷ་མ་ཡིན་གྱི་ཕུག་གང་ན་ཡོད་པར་ཡུངས་ཀར་གྱིས་བསྣུན་ན་ལྷ་མ་ཡིན་གྱི་ཕུག་འཁྲུལ་འཁོར་ཚོགས་པར་འགྱུར་ཞིང་། གཏེར་གྱི་འཁོར་ཐམས་ཅད་ཆོམས་པར་འགྱུར་ཏེ་ཕྱིན་པར་ཡང་འགྱུར་རོ།། ཐམས་ཅད་དུ་སྐུད་པས་བསྲུང་བར་བྱའོ།། གཏེར་དང་ལྷ་མ་ཡིན་གྱི་ཕུག་གི་གནས་སྒྲུབ་པ་ཐམས་ཅད་ལ་བགེགས་དང་ལོག་འདྲེན་ཐམས་ཅད་མེད་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ། ཞག་གཅིག་སྨྱུང་བ་བྱས་ནས་ནིམ་པའི་ཤིང་དང་ཨརྐའི་བུད་ཤིང་གིས་མེ་སྦར་ནས་ཡུངས་ཀར་དང་ལན་ཚྭ་ཡུངས་མར་གྱིས་བསྒོས་པའམ། ཡང་ན་མར་དང་འབྲས་ཡོས་ཀྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་མེ་ཏོག་དྲི་ཞིམ་པོ་དང་། བདུག་པ་དང་། ལྷ་བཤོས་དབུལ་ཞིང་ལག་ན་རྡོ་རྗེ་ལའང་མཆོད་པ་བྱས་ནས་དེའི་འོག་ཏུ་ལས་བརྩམ་པར་བྱའོ།། དེ་ནས་མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ལ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་དྲི་དང་། མེ་ཏོག་དང་། ལྷ་བཤོས་ཕུལ་ནས་བྱང་ཆུབ་ཀྱི་ཤིང་གི་བུད་ཤིང་གིས་མེ་སྦ་རལ་འབྲས་ཡོས་ཀྱིའོ་ཐུག་གིས་སྦྱིན་སྲེག་སྟོང་རྩ་བརྒྱད་རྩ་བརྒྱད་བྱས་ན་དབང་དུ་འགྱུར་ཏེ། ཇི་སྐད་སྨྲས་པ་བཞིན་བྱེད་ཅིང་ནོར་སྦྱིན་པར་འགྱུར་རོ།། བྲམ་ཟེ་དབང་དུ་བྱ་ན་ཆོ་ག་དེ་ཉིད་ཀྱིས་ཏིལ་གྱི་སྦྱིན་སྲེག་བརྒྱ་སྟོང་བྱའོ། ། རྒྱལ་རིགས་ལ་ནི་ནས་ཀྱི་སྦྱིན་སྲེག་བྱའོ།། རྗེའུ་རིགས་ལ་ནི་ནས་དང་ལན་ཚྭའི་སྦྱིན་སྲེག་བྱའོ།། དམངས་རིགས་ལ་ནི་སྦྱར་ཐུག་གི་སྦྱིན་སྲེག་བྱའོ། ། ཡུགས་ས་མོ་དབང་དུ་བྱ་ན་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ།། བུ་མོ་དབང་དུ་བྱ་ན་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ།། འདི་དག་ལའང་དེ་བཞིན་དུ་དྲི་དང་། མེ་ཏོག་དང་། ལྷ་བཤོས་དབུལ་ཞིང་སྦྱིན་སྲེག་ལན་སྟོང་སྟོང་བྱས་ན་དབང་དུ་འགྱུར་ཏེ་ཟ་གཅིག་པར་བྱའོ།། དགྲ་ཕུང་བར་བྱན་མར་གྱི་ངོ་ཞག་བཅུ་བཞིའམ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དཀྱིལ་འཁོར་གྲུ་གསུམ་པ་སྐྱང་ནུལ་གྱིས་བྱུགས་ནས་སེང་ལྡེང་གི་བུད་ཤིང་གིས་མེ་སྦར་ལ་སྐེ་ཚེའི་སྦྱིན་སྲེག་ལན་བརྒྱ་སྟོང་བྱས་ན་དེ་མ་ཐག་ཏུ་མེད་པར་འགྱུར་རོ།། དགྲ་གསད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་དུག་དང་ཁྲག་གི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱས་ན་འཆི་བར་འགྱུར་རོ། ། གནོད་སྦྱིན་དང་གནོད་སྦྱིན་མོ་དབང་དུ་བྱ་ན། གནོད་སྦྱིན་དང་གནོད་སྦྱིན་མོ་ཕྱོགས་གང་ན་གནས་པ་དེར་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ནས་དྲི་དང་། མེ་ཏོག་དང་། བདུག་སྤོས་དང་། མར་མེ་ཕུལ་ཏེ་མངར་གསུམ་གྱི་ལྷ་བཤོས་ཀྱང་དབུལ་ལོ།། དེ་ནས་ཨ་ཤོ་ཀའི་བུད་ཤིང་གིས་མེ་སྦྱར་ལ། ཨ་ཤོ་ཀའི་མེ་ཏོག་བརྒྱད་སྐྱོང་གི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། བཅོམ་ལྡན་འདས་གང་ཞིག་གིས་རྡོ་རྗེའི་རིགས་གཙོ་བོ་མཆོག་གི་མིང་ཙམ་འཛིན་པ་དེ་ལའང་ལྔ་ཐམས་ཅད་ཀྱིས་ཟིལ་གྱིས་མནན་པར་མི་ནུས་ན། གང་མདོ་ཉིད་འཆང་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པས་བསྲུང་པབ་བྱས་པར་འགྱུར་རོ། ། དུག་གོ་ཅོག་ལ་ནི་ཆུའམ་རྨ་བྱའི་མདོངས་ཀྱིས་བྱབས་ན་མེད་པར་འགྱུར་རོ།། ཞག་གཅིག་སྤུང་བ་བྱས་ཏེ་ཉི་མ་བཟང་བ་ལ་འབབ་ཆུའི་འགྲམ་དུ་སོང་སྟེ་མེ་ཏོག་བརྒྱད་སྟོང་ཕུལ་ན། མེ་ཏོག་གི་ཁ་དོག་ཇི་ལྟ་བུ་ཕུལ་བ་དེ་ལྟ་བུའི་གོས་རྣམས་ཞག་བདུན་ཚུན་ཆད་ཀྱིས་ཐོབ་པར་འགྱུར་རོ།། གཞོན་ནུའི་གདོན་གྱིས་བྱིས་པ་ཟིན་པ་ལ་ནི་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་བལ་དྲི་དང་། མེ་ཏོག་དང་། ལྷ་བཤོས་ཕུལ་ནས་བྱིས་པ་ཤར་ཕྱོགས་སུ་ཁ་བསྟན་ཏེ་བཞག་ལ་བདུག་པས་བདུགས་ཏེ་བྱབ་པའང་བྱས་ནས། ལག་པ་ལའང་སྐུད་པ་བཏགས་ན་སོས་པར་འགྱུར་རོ། ། རིག་སྔགས་བསྒྲུབ་པ་ཐམས་ཅད་དང་། རོ་ལངས་བསྒྲུབ་པ་དང་། བདག་ཉིད་བསྲུང་བ་དང་། ཕྱོགས་བཙོང་བ་དང་། ཕ་རོལ་བསྲུང་བ་དང་། མཚམས་གཅད་པ་དང་། བསྒྲུབ་པ་ཐམས་ཅད་ལ་རིག་སྔགས་ཀྱི་རྒྱལ་པོ་འདི་གཅིག་པུས་བྱའོ།། ཆར་དབབ་པར་འདོད་ན་ཆུ་ཀླུང་གི་སར་འགྲམ་གཉིས་ཀའི་སས་རྡོ་རྗེ་བྱས་ལ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ཆུ་ཀླུང་རྒྱ་མཚོར་འབབ་པའི་འགྲམ་དུ་སོང་ལ། ས་དེ་ལྟ་བུ་ལ་ནོར་རྒྱས་ཀྱི་བུའི་གཟུགས་བྱས་ཏེ། དེ་ལ་དྲི་དམར་པོ་དང་། མེ་ཏོག་དམར་པོ་དང་། བདུག་པ་དང་། མར་མེ་ཕུལ་ནས། དེའི་མདུན་དུ་རྡོ་རྗེ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། བཟླས་བརྗོད་ཟིན་ན་དུས་མ་ཡིན་པར་ཆར་འབབ་པར་འགྱུར་རོ།། གཅད་ན་ལག་ན་རྡོ་རྗེའི་མདུན་དུ་ལག་ན་རྡོ་རྗེ་ལ་ཕུལ་བའི་མེ་ཏོག་རྙིང་བ་བརྒྱད་བརྒྱས་སྦྱིན་སྲེག་བྱས་ན་འཆད་པར་འགྱུར་རོ། ། བར་གྱི་ངོ་གག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ཆ་ཤུག་དང་བན་ད་ཀའི་ཤིང་བླངས་ལ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ནས་དུར་ཁྲོད་དུ་སོང་ལ་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ། དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་ནམ་དྲོ་བར་གྱུར་གྱི་བར་དུ་རིག་སྔགས་ཀྱི་རྒྱལ་པོ་ལན་སྟོང་རྩ་བརྒྱད་རྩ་བརྒྱད་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། གྲུབ་ནས་དེ་འཆང་ན་རྒྱལ་པོ་ལ་བཞག་ན་གཞན་གྱིས་མི་ཐུབ་པར་འགྱུར་ཏེ་ཅི་རྙེད་པའང་འཕྲལ་དུ་ཟད་པར་འགྱུར་རོ།། རི་བོང་གི་ཁྲག་དང་མིག་གཉིས་དང་། དེ་བཞིན་དུ་སྦལ་པའི་མིག་གཉིས་དང་། རི་དགས་ཀྲྀཥྞ་ས་ལེའི་མིག་གཉིས་བླངས་ནས་སྐར་མ་རྒྱལ་དང་སྦྱར་ཞིང་ཞག་གཅིག་སྨྱུང་བ་བྱས་ཏེ་བཏགས་ལ། ལག་ན་རྡོ་རྗེའི་མདུན་དུ་ཏིལ་གྱི་ལོ་མའི་བར་དུ་བཞག་ནས་དྲོ་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་གྲུབ་པར་འགྱུར་ཏེ། རྐང་པས་མགྱོགས་པའི་སྨན་དུ་འགྱུར་རོ།། དེས་མཽགལ་བསྡུས་ན་ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པར་འགྱུར་ནིང་གཏེར་ཐམས་ཅད་མཐོང་སྟེ། ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་ལ། ཚན་པོ་ཆེའི་སྟོབས་དང་ལྡན་པར་འགྱུར་རོ།། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྤྱང་བ་བྱས་ཏེ། དུར་ཁྲོད་དུ་སོང་ལ་དཀྱིལ་འཁོར་སྐྱང་ནུལ་དུ་བྱུགས་ནས། དེའི་དབུས་སུ་འབྲས་ཕྱེ་ལས་མིའི་གཟུགས་བྱས་ཏེ། དེ་ལ་གཏོར་མ་རྒྱས་པ་དང་། དྲི་དང་། མེ་ཏོག་དང་། བདུག་པའང་བྱིན་ལ་ཏཱ་ལའི་ལོ་མའི་སྤུ་གྲི་སྭ་ལ་སོགས་པ་བྲེག་པ་ལྟར་བྱ། ། དེའི་གཡས་ལོགས་སུ་མོའི་ཐོད་པ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ཏེ་བཞག་ལ་ཐོད་པའི་སྟེང་དུ་འདུག་པ་བཞིན་དུ་རིག་སྡུག་འཆང་གིས་རིག་སྔགས་ཀྱི་རྒྱལ་པོ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ། དེ་ནས་ཐོད་པ་བླངས་ཏེ་དུར་ཁྲོད་ཀྱི་མེས་བསྲེགས་ན་ཐོད་པ་ཆག་པ་དེའི་དུམ་གྲུགས་བླངས་ཏེ་གཟུགས་བྱས་ཏེ། དེའི་ལྟེ་བའི་སྟེང་དུ་བཞག་སྟེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ།། དེ་ནས་ཐོད་པའི་དུམ་གྲུགས་བླངས་ཏེ། ལག་ན་རྡོ་རྗེའི་མདུན་དུ་བཏགས་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པས་ལུས་བསླུས་ན་འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཏེ། གང་དྲི་མི་ཞིམ་པ་དེ་དག་ཀྱང་དྲི་ཞིམ་པར་བྱེད་ཅིང་ཆུ་ཀླུང་གྱེན་དུ་འབབ་པར་བྱེད་ལ། ཚེ་ལོ་བདུན་བརྒྱ་ཐུབ་པར་འགྱུར་ཏེ་སྲུང་བའི་ཆོ་ག་བྱེད་པས་བྱའོ། ། ཆུ་སྲིན་ནག་བཀྲ་དང་སྦལ་པའི་ཚལ་བླངས་ལ་ཏིལ་མར་དུང་སྦྱར་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བྱས་ནས་ཏིལ་མར་དེས་གདོང་བསླུས་ན་ཆུའི་ནང་དུ་ཟླ་བ་དྲུག་གི་བར་དུ་འདུག་ནུས་པར་འགྱུར་རོ། ། མིག་སྨན་སྒྲུབ་པར་འདོད་ན་ཆོས་གྲངས་དང་རྒྱུ་སྐར་ཡང་བདམ་མི་དགོས། སྦྱང་བ་བྱ་མི་དགོས་པར་ཕག་གི་མིག་གཉིས་དང་། གླང་པོ་ཆེའི་མིག་གཉིས་དང་། ལིག་བུ་མིག་དང་། ཕ་ཝང་ལོང་བུ་དང་། སྟང་ཟིལ་དང་། བུ་ཏན་ཛིན་པ་དང་། འདི་རྣམས་བླངས་ནས་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལགན་རྡོ་རྗེའི་མདུན་དུ་དྲི་དང་། མེ་ཏོགདུང་། བདུག་པ་ཕུལ་ནས་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ། དེས་མིག་བཟླས་ན་ལུས་ལ་ནད་ཡོད་པ་ནམ་མེད་པར་འགྱུར་རོ། ། མི་གདོན་གྱིས་ཟིན་པའང་གདོན་གྱིས་དེ་མཐོང་བར་འགྱུར་ཏེ། མཐོང་ནས་འབྲོས་པར་འགྱུར་རོ།། ཀླུ་དབང་དུ་བྱན་བ་ལང་གི་ལྷས་སམ་ཀུན་དགའི་ར་བར་དཀྱིལ་འཁོར་སྲུང་ནུལ་དུ་བྱུགས་ལ་སིད་དྱའི་ཤིང་གིས་མེ་སྦར་ཏེ། རིག་སྔགས་ཀྱི་རྒྱལ་པོས་སྣ་མའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ།། དེ་ནས་ལས་དེ་འགྲུབ་པར་འགྱུར་ཏེ། ཀླུ་མཐོང་ན་ཚུར་ཤོག་ཅེས་བརྗོད་ན། སའི་སྟེང་ན་གནས་པའི་ཀླུའམ་ཀླུའི་བུ་མོ་རྣམས་འོངས་ཏེ། ཡིད་ལ་བསམས་པ་རྩམ་གྱིས་ཐམས་ཅད་འོང་བར་འགྱུར་རོ།། སྒྲུབ་པ་ཐམས་ཅད་ལ་རྒྱལ་པོ་ཆེན་པོ་བཞི་རྣམས་ཤེས་པར་བྱ་བའི་ལས་འདི་བྱས་ན་བགེགས་ཐམས་ཅད་མེད་པར་འགྱུར་རོ། ། རིག་སྔགས་འཆང་གིས་སྒྲུབ་པར་འདོད་ན་ལག་ན་རྡོ་རྗེའི་མདུན་དུ་སོ་མ་ར་ཛའི་ཁུ་བས་ལོག་འདྲེན་གྱི་གདོང་བྲིས་ལ། དེའི་སྟེང་དུ་སེང་ལྡེང་གི་ཤིང་གིས་མེ་སྦར་ཏེ། ལེ་བརྒན་རྩིའི་མེ་ཏོག་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་བཅོམ་ཞིང་བཏགས་པར་འགྱུར་རོ། ། དེ་ཕྱིན་ཆད་སྒྲུབ་པ་རྣམས་ཅི་འདོད་པ་བཞིན་འགྲུབ་པར་འགྱུར་རོ།། གང་ཞིག་སོ་མ་ར་ཛའི་ཁུ་བས་ལོག་འདྲེན་གྱི་གདོང་བྲིན་ཡང་སྒྲུབ་པ་ཐམས་ཅད་ལ་བགེགས་མེད་པར་འགྱུར་རོ། ། གཏུམ་པོ་ནུབ་ཕྱོགས་སུ་ཁ་བསྟན་པའི་མདུན་དུ་མར་གྱི་ངོ་ནག་དགུལ་ཞག་གཅིག་སྨྱུང་བ་བྱས་ཏེ་བཆོད་པ་རྒྱས་པར་བྱས་ནས་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ན་བེ་ཀང་ཀའི་བུད་ཤིང་གིས་མེ་སྥར་ཏེ་འབྲས་ལས་བྱས་པའི་ཁུ་བ་ལན་བརྒྱ་སྟོང་བླངས་ནས་སྦྱིན་སྲེག་བྱས་ན། ། ལྷ་མོའི་དཔྲལ་བ་ནས་འོད་ཟེར་འབྱུང་སྟེ། དེ་ནས་འགྲུབ་པར་འགྱུར་རོ།། གྲུབ་ནས་ཀྱང་ཏི་ན་ར་ལྔ་བརྒྱའམ། ཡང་ནལོངས་སྤྱོད་ཀྱི་གཞི་སྦྱིན་པར་འགྱུར་རོ། ། དགྲལ་གཙེ་བར་འདོད་ན་མར་གྱི་ངོ་ནག་ལྔ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དུར་ཁྲོད་དུ་སོང་ལ་འབྲས་ཕྱེ་ལས་གཟུགས་བྱས་ནས་སེང་ལྡེང་གི་ཕུར་བུ་དུག་གི་དུད་པས་བདུགས་པས་ཚིགས་རྣམས་སུ་བཏབྲ་ལ། རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་དགྲའི་ཡན་ལག་ཐམས་ཅད་དུ་ཟུག་པར་འགྱུར་རོ།། ཕྱུང་སྟེ་འོ་མས་བཀྲུས་ན་སོས་པར་འགྱུར་རོ། ། དཔྱིད་ཟླ་འབྲིང་པོའི་ཚེས་གསུམ་ལ་འདོད་པའི་གཟུགས་བྱས་ལ། དེའི་མདུན་དུ་སེང་ལྡེང་གི་ཕུར་བུ་སོར་བཞི་པ་བཞག་སྟེ་ཞག་གཅིག་སྨྱུང་བ་བྱས་ལ་མཆོད་པ་བྱས་ཏེ། རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་སྟེང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། ། དེ་ནས་སྲེད་མེད་ཀྱི་བུའི་ཆུང་མ་ལ་ཕུལ་བའི་རས་བལ་གྱི་འདབ་མ་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་དུག་གིས་བསྒོས་པས་མོ་མཚན་གྱི་གཟུགས་བྱས་ཏེ། བུད་མེད་ཀྱི་མིང་ནས་སྨོས་ཤིང་ཕུར་བུ་དེས་ཕུག་ན་བུད་མེད་ཀྱི་མོ་མཚན་ན་ཞིང་ཁྲག་འཛག་པར་འགྱུར་ཏེ། ཕྱུང་ན་སོས་པར་འགྱུར་རོ།། སྡིགས་བུའི་སྐད་ངམ། ལྕེ་སྤྱང་གི་སྐད་དམ། ཝའི་སྐད་ཤེས་པར་འདོད་ན་དུར་ཁྲོད་དམ། ཁྱིམ་གཙང་མ་འམ། ལྷ་ཁང་དུ་ཡར་གྱི་ངོ་ཚེས་དགུ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ལ། ལག་ན་རྡོ་རྗེའི་གཟུགས་བཞག་ནས། དེའི་གཡས་ཕྱོགས་སུ་ལྷ་ཆེན་པོ་བཞག་སྟེ། ལྷ་ཆེན་པོའི་མདུན་དུ་འབྲས་ཕྱེ་ལས་སྡིགས་བུའི་གཟུགས་སམ། ལྕེ་སྤྱང་གི་གཟུགས་སམ། ཝའི་གཟུགས་བྱས་ལ་བཞག་ནས།། འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ལ། ལྷ་ཆེན་པོ་ལའང་ལྷ་བཤོས་ཅི་འབྱོར་པ་ཕུལ་ནས་སྨིགས་བུ་ལ་འབྲས་ཆན་ཞོ་དང་སྦྱར་བ་སྦྱིན་ནོ།། ལྕེ་སྤྱང་ལ་ནི་ཤསྦྱིན་ནོ། ། ཁྲེལན་ཙོའི་རྙེད་པསྟན་ནོ།། དེ་ནས་རིག་སྔགས་འཆུང་གིས་ཡི་ལ་བསམས་ཏེ་སྔགས་ཀྱི་རྒྱལ་པོ་འབྲས་བརྗོད་བྱས་ན། ཙི་སྟེ་སྙིགས་སུ་མེད་ལ་བས་མིས་ནན་རྫོགས་པ་པར་འགྱུར་རོ། ། ལྕེ་སྤྱང་ཡིད་ལ་བསམས་ན་ནི་ལྕེ་སྤྱང་སྨྲ་བར་འགྱུར་རོ།། ཁྭ་ཡིད་ལ་བསམས་ན་ནི་ཁྭ་སྨྲ་བར་འགྱུར་རོ།། ཡང་ན་དེ་དག་ཐམས་ཅད་ཡིད་ལ་བསམས་ན་ཐམས་ཅད་སྨྲ་བར་འགྱུར་ཏེ། སྤྲས་ན་འགྲུབ་པར་འགྱུར་རོ།། གྲུབ་ནས་ཀྱང་འཛམ་བུའི་གླིང་ན་ཡོད་པའི་དོན་ཐམས་ཅད་སྟོན་པར་འགྱུར་རོ།། ནམ་མཆི་བའང་སྟོན་པར་འགྱུར་རོ།། ནོར་ཡང་སྟོན་པར་འགྱུར་རོ།། རིག་སྔགས་གང་ཞིག་ལས་འགྲུབ་པར་མི་བྱེད་ན་རིག་སྔགས་དེའི་མིང་ནས་སྨོས་ཤིང་། ལག་ན་རྡོ་རྗེའི་མདུན་དུ་ཨུ་དུམ་བ་རའི་ཡམ་སྲེག་ཤིང་བརྒྱད་སྟོང་སྦྱིན་སྲེག་བྱས་ན། རིག་སྔགས་མཐུ་དང་ལྡན་པར་འགྱུར་ཞིང་དངོས་གྲུབ་ཀྱང་མྱུར་དུ་སྦྱིན་པར་བྱེད་དོ། ། འབྱུང་པོ་དབང་དུ་བྱ་བར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ནག་བརྒྱད་ལ་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ནས། དེའི་དབུས་སུ་ཚོན་རྩི་སྣ་གསུམ་གྱི་ཕྱེ་མས་ལག་ན་རྡོ་རྗེའི་གཟུགས་བྱས་ཏྭ། དེའི་གཡས་ཕྱོགས་སུ་འབྱུང་པོའི་བདག་པོ་གཞག་གོ། དེ་ནས་ལག་ན་རྡོ་རྗེ་ལ་མཆོད་པ་བྱ་སྟེ། འབྱུང་པོའི་བདག་པོ་ལ་ལྷ་བཤོས་རྒྱས་པར་དབུལ་ཞིང་འབྱུང་པོའི་ཁ་ཟས་ཀྱང་སྦྱིན་པར་བྱ་སྟེ། སངས་རྒྱས་ཀྱི་སྤྱན་དྲང་བར་བྱས་ལ་རིག་སྔགས་ཀྱི་རྒྱལ་པོ་དང་བཅས་ཏེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་བ་རུ་རའི་ཤིང་གིས་མེ་སྦར་ལ། བ་རུ་རའི་ས་བོན་ཉེ་བའི་སྙིང་པོས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱའོ།། དེ་ནས་འབྱུང་པོའི་བུ་ནག་པོ་ཞེས་བྱ་བ་འོང་བར་འགྱུར་ཏེ། འོངས་ནས་ཅི་བྱ་ཞེས་ཟེར་བ་དང་། དེས་ཡིད་ལ་ཅི་དང་ཅི་བསམས་པ་ཐམས་ཅད་གྱིས་ཤིག་ཅེས་སྨྲོས་ཤིག། དེ་ནས་དེ་ལྟར་བྱའོ་ཞེས་སྨྲས་ནས་མི་སྣང་བར་གྱུར་ཏེ་བསམས་པ་ཙམ་གྱིས་དཔག་ཚད་བརྒྱར་ཡང་འགྲོ་ཞིང་དེ་བཞིན་དུ་ཕྱིར་ཡང་འོང་ངོ་། ། དཔག་ཚད་བརྒྱ་ནས་བུད་མེད་ཁྲིད་དེ་འོང་ཞིང་ཕྱིར་ཡང་སྦྲེལ་ལོ།། ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དང་། ཁང་ཁྱིམ་དང་། མལ་སྟན་དག་ཀྱང་སྤྲུལ་པར་བྱེད་དོ།། གཡོག་ཀྱང་བྱེད་པར་འགྱུར་རོ།། བཟའ་བ་དང་། གཞིབ་པ་དང་། བལྡག་པ་དང་། བཏུང་བ་ལ་སོགས་པའང་སྤྲུལ་པར་བྱེད་དོ།། ཚེ་ལོ་སུམ་བརྒྱ་ཐུབ་པར་འགྱུར་ཏེ། ལུས་ཞིག་ན་ལྕང་ལོ་ཅན་དུ་སྐྱེ་བར་འགྱུར་རོ། ། ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་མ་མོའི་ནང་དུ་སོང་ནས་མཆོད་པ་རྒྱས་པར་བྱ་སྟེ། གཏོར་མའང་རྒྱས་པར་བྱས་ནས་བཅོམ་ལྡན་འདས་མས་བསྲུང་བ་བྱ་ཞིང་པོ་ཉ་མོ་རྣམས་ཀྱིས་ལས་ཐམས་ཅད་བྱས་ལ་མར་མེ་གཉིས་སྦར་ཏེ། སྟང་ཟིལ་བ་སོའི་གབརྩེའི་ནང་དུ་བཅུག་ནས་མ་མོའི་གཙོ་མོའི་མདུན་དུ་པུས་མོ་གཉིས་བཙུགས་ཏེ་འདུག་ལ་ལག་པ་གཡོན་པས་མནན་ཏེ། རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན། དེ་ནས་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་ཏེ། དྲོ་བ་དང་། དུད་པ་འཐུལ་པ་དང་། འབར་བར་འགྱུར་རོ།། དེ་ལ་འབར་བ་ནི་ནམ་མཁའ་ལ་འགྲོ་བར་འགྱུར་ཞིང་། ཉི་མ་ཤར་བའི་ཁ་དོག་དང་ལྡན་ཏེ་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་ཅན་དུ་འགྱུར་ལ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པར་འགྱུར་རོ། ། དུད་པའ་ཐུལ་ན་ནི་ལུས་མི་སྣང་བར་འགྱུར་ཞིང་། རིག་སྔགས་འཆང་གི་རིགས་མེ་ཏོག་ཅེས་བྱ་བ་དང་། རིག་སྔགས་འཆང་གི་རིགས་དྲི་ཞེས་བྱ་བ་དང་། རིག་སྔགས་འཆང་གི་རིགས་ཡི་དགས་ཞེས་བྱ་བའི་རིག་སྔགས་ཐམས་ཅད་ཀྱང་ཤེས་པར་འགྱུར་རོ།། དེ་ལ་རིག་སྔགས་འཆང་གི་རིགས་མེ་ཏོག་ཅེས་བྱ་བ་དེ་དག་ནི་གནོད་སྦྱིན་མོ་རྣམས་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ་ཚེ་ལོ་སྟོང་ཐུབ་ལ་རིག་སྔགས་འཆང་དྲི་ཞེས་བྱ་བ་རྣམས་ཀྱིས་མི་ཚུགས་ཤིང་དབང་ཡང་མི་བྱེད་དོ། ། རིག་སྔགས་འཆང་གི་རིགས་དྲི་ཞེས་བྱ་བ་དེ་དག་ནི་རྒྱལ་པོའི་བཙུན་མོ་དག་དང་། དེད་དཔོན་ཆེན་པོའི་རིགས་རྣམས་དང་། ཁྱིམ་བདག་ཁྱིམ་ཆེན་པོའི་རིགས་རྣམས་ཀྱི་བུད་མེད་གང་ཡིན་པ་དེ་དག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ་ཆོ་ལོ་ལྔ་བརྒྱ་ཐུབ་བོ། ། དེ་དག་ཀྱང་རིག་སྔགས་འཆང་མེ་ཏོག་ཅེས་བྱ་བ་རྣམས་ཀྱིས་མི་ཚུགས་སོ།། རིག་སྔགས་འཆང་གི་རིགས་ཡི་དགས་ཞེས་བྱ་བ་དེ་དག་ནི་མི་འདོད་དོ།། དེ་དག་གི་ཡི་དགས་རྫུ་འཕྲུལ་ཆེན་པོའི་བུ་མོ་འབྱུང་བར་འགྱུར་ཏེ། དེ་དག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ་ཚེ་ལོ་སུམ་བརྒྱ་ཐུབ་བོ།། དེ་ལ་མེ་ཏོག་གི་རིགས་རྣམས་ནི་མེ་ཏོག་གི་མིང་གིས་དགུག་པར་བྱའོ། ། དྲིའི་རིགས་རྣམས་ནི་དྲིའི་མིང་རྣམས་ཀྱིས་དགུག་པར་བྱའོ།། ཡི་དགས་ཀྱི་རིགས་རྣམས་ནི་ཡི་དགས་ཀྱི་མིང་གིས་དགུག་པར་བྱའོ།། དེ་བཀུག་ན་སྐྲག་སྟེ་དྲུང་དུ་འོང་བར་འགྱུར་རོ། ། རིག་སྔགས་འཆང་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་ཏེ། མིང་སྨོས་པ་ཙམ་གྱིས་ཀྱང་རིག་སྔགས་འཆང་རྣམས་སྐྲག་པར་འགྱུར་རོ།། གང་ཞིག་རྒྱུད་ཕྱི་མ་མཐའ་དགྲ་ཆུབ་པར་བྱེད་པ་ལ་ནི་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལགྲན་རྡོ་རྗེའང་ཕྱི་བཞིན་འབྲང་བར་འགྱུར་ཏེ། ལྷ་ཐམས་ཅད་ཀྱང་སེམས་རངས་པར་འགྱུར་ལ། དངོས་གྲུབ་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། ། ཆོ་ག་རྒྱས་བ་རླུང་ཕྱི་མ་དང་བཅས་པ་ལག་ན་རྡོ་རྗེ་དང་། ལྷ་ཆེན་པོས་གང་བཤད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་བསྟོད་ཅིང་བསྔགས་ཏེ། དེ་ལ་ལྷ་ཐམས་ཅད་སེམས་དགའ་ནས་དངོས་གྲུབ་སྦྱིན་པར་བྱེད་དོ། ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་ཆོ་ག་རྒྱས་པའི་སྙིང་པོ་བརྒྱན་པ། བཅོམ་ལྡན་འདས་མ་མཆོག་ལ་དྲུག་ཏུ་སྐུལ་བ་བྱེད་པ་གང་ཡིན་པ་དེའི་སྙིང་པོ་ཆེན་པོ་རིག་པོ་མཆོག་གི་སྙིང་པོ་ལ་དྲག་ཏུ་སྐུལ་བར་བྱེད་པའང་ངས་བཤད་ཟིན་ཏོ། ། རིག་སྔགས་མཆོག་ལ་དྲག་ཤུལ་ཅན་ཕ་རོལ་གནོན་པ་གང་ཡིན་པ་དེ་དག་ལ་དྲག་ཤུལ་སྐུལ་བར་བྱེད་པ་དེ་ཉིད་ཀྱི་སྙིང་པོའངངས་བཤད་ཟིན་ཏེ། འདི་ནི་དངོས་གྲུབ་གཉིས་ཀ་སྦྱིན་པར་བྱེད་པ་ཡིན་པས་ན། དེས་ནི་ལྷ་རྣམས་ཀྱང་དེ་བཞིན་དུ་ཡིད་སྐྱོད་པར་བྱེད་དོ། ། ཉེ་བའི་སྙིང་པོ་བཤད་པ་ན་ལྷའི་ཚོགས་འཁོད་པ་གང་ཡིན་པ་དེ་དག་སྐྲག་ཅིང་འཇིགས་པར་འགྱུར་ཏེ། དེ་དག་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་མགོ་བོས་ཕྱག་འཚལ་ནས་འཁོད་དོ། ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། ལྷ་དག་ལ་བཀའ་སྩལ་པ། ལྷ་དག་རིག་སྔགས་བཤད་པར་བྱས་རེ་ཞིག་འཁོད་ལ་སྙིང་པོ་མཆོག་གི་ལས་རྣམས་ཉོན་ཅིག། དེ་ནས་སྙིང་པོའི་ལས་རྣམས་འབྱུང་སྟེ། བསྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བས་བྱའོ།། མཚམས་གཅད་པ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཕུར་བུས་བྱའོ། ། བསྐྲད་པ་ནི་སྒྲས་བྱའོ།། ཀུམ་བི་རི་ཁ་བཅིང་བར་བྱ་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་གསེག་མས་བྱའོ།། ལས་ཐམས་ཅད་དང་བསྒྲུབ་པ་ཐམས་ཅད་ལའང་རེག་སྔགས་ཀྱི་རྒྱལ་པོའི་སྙིང་པོ་སྦྱར་བར་བྱའོ། ། སྒྲུབ་པའི་ཚེ་བགེགས་བསལ་བ་ནི་མེ་སྦྱར་ལ། ཡུངས་ཀར་བདག་གི་ཁྲག་གིས་བསྒོས་པས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་ཆོམས་པར་འགྱུར་རོ། ། བགེགས་ཐམས་ཅད་རེངས་པར་བྱན་ཙམ་པ་ཀའི་ས་བོན་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པས་བྱའོ།། རོ་ལངས་རེངས་པར་བྱ་ན་ལན་གསུམ་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་བྱའོ། ། རོ་ལངས་བསྒྲུབ་པ་ཐམས་ཅད་དང་། བགེགས་རེངས་པར་བྱ་བ་ཐམས་ཅད་ལ་ནི་སྙིང་པོས་བྱའོ།། བདག་དང་གྲོགས་རྣམས་བསྲུང་བ་ནི་བཅོམ་ལྡན་འདས་མས་བྱའོ། ། མཚམས་གཅད་པ་ནི་རིག་སྔགས་ཀྱི་རྒྱལ་པོས་བྱ་སྟེ། རྩ་བའི་ལས་རྣམས་ལའང་སྦྱར་རོ།། ཕྱི་མའི་ལས་རྣམས་ནི་བཅོམ་ལྡན་འདས་མ་ཡུམ་གྱིས་བྱའོ། ། རིག་སྔགས་ཀྱི་རྒྱལ་པོའི་སྙིང་པོའི་ལས་རྣམས་བསྒྲུབ་པ་ནི་སྙིང་པོས་བྱ། ཕྱི་མའི་ལས་གཞན་རྣམས་རིག་སྔགས་ཀྱི་རྒྱལ་པོ་དང་། བཅོམ་ལྡན་འདས་མས་བྱའོ།། རིག་སྔགས་ཀྱི་རྒྱལ་པོ་ལ་ནི་བཅོམ་ལྡན་འདས་མ་ཡུམ་གྱིས་བྱའོ། ། ཉེ་བའི་སྙིང་པོ་ལ་ནི་སྡོང་པོ་འམ། ཡུམ་མམ། རིག་སྔགས་ཀྱི་རྒྱལ་པོས་བྱའོ།། པོ་ཉའི་གསང་སྔགས་རྒྱུད་ཕྱི་མ་དང་བཅས་པ་ཐམས་ཅད་ནི་བཅོམ་ལྡན་འདས་མས་སྦྱར་བར་བྱའོ། ། ནོར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱས་པར་བྱས་ལ་སྨྲ་བའི་ཤིང་གིས་མེ་སྦར་ནས་འབྲས་དམར་པོ་ལ་རྡོ་རྗེ་བྱས་ཏེ། མར་གྱི་ནང་དུ་བསྒྲགས་པ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་དངོས་གྲུབ་ཀྱི་མཚན་མར་མེ་ཏོག་གི་འཕྲེང་བའིགུལ་བར་འགྱུར་རོ། ། གྲུབ་ནས་ཀྱང་ཏཱི་ན་ར་ལྔ་བརྒྱའམ། ཡང་ན་ཡུལ་སྦྱིན་པར་བྱེད་དོ།། སྐྱེས་པ་དབང་དུ་བྱ་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལྷ་ཆེན་པོའི་གནས་སུ་སོང་སྟེ་གཟུགས་ཀྱི་གཡས་ལོགས་ས་སུ་ཨརྐའི་ཤིང་གིས་མེ་སྦར་ནས། ཞག་གསུམ་གྱི་བར་དུ་སེང་ལྡེང་གི་ཡམ་སྲེག་ཤིང་སྐུད་པས་དཀྲིས་པ་སྟོང་རྩ་བརྒྱད་རྩ་བརྒྱད་སྦྱིན་སྲེག་བྱས་ན་སྐྱེས་བ་དབང་དུ་འགྱུར་རོ། ། མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་ཡར་གྱི་ངོ་ཚོས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གྲོག་མཁར་གྱི་ཕུང་པོ་གཅིག་འདུག་པར་སོང་ནས། དེའི་སྟེང་དུ་མེ་ཏོག་དང་། དྲིདྲདང་། བདུག་པ་ཕུལ་ལ། དེའི་འོག་ཏུ་ཨ་ཤྭཏྠའི་ཤིང་གིས་མེ་སྦར་ཏེ་ཡུངས་ཀར་གྱི་སྦྱིན་སྲེག་ལ་ནི་སྟོང་སྦྱིན་སྲེག་བྱས་ན་མིའི་གཙོ་བོ་དབང་དུ་འགྱུར་རོ།། བུད་མེད་དབང་དུ་བྱ་བར་འདོད་ན་ཞག་གསུམ་གྱི་བར་དུ་དུད་པ་མེད་པའི་མདག་མལ་འབྲས་དང་ཕུབ་མ་བསྲེས་པས་སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་བྱས་ན་དབང་དུ་འགྱུར་རོ། ། ཡུགས་ས་མོ་དབང་དུ་བྱན་ལག་ན་རྡོ་རྗེའི་མདུན་དུ་ཡར་གྱི་ངོ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། པ་ལ་ཤའི་ཤིང་གིས་མེ་སྦར་ནས་སྐེ་ཚེ་དང་ལན་ཚྭལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཡུགས་ས་མོ་དབང་དུ་འགྱུར་རོ།། སྤྱན་ལ་མ་གཏོགས་བར་གང་གསང་སྔགས་ཐམས་ཅད་ལ་སྙིང་གཟིར་བར་བྱེད་པ་དང་། གདུང་བར་བྱེད་པ་དང་། རིག་སྔགས་ཀྱི་རྒྱལ་པོ་གདུང་བར་བྱེད་པའི་སྙིང་པོ་དང་བཅས་པར་སྦྱར་བར་བྱའོ།། དེ་ལྟར་སྦྱར་ན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། ། ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་བཟའ་ཞིང་སྙིང་པོ་བཟླས་བརྗོད་བྱས་པ་ལ། དེའི་འོག་ཏུ་མར་གྱི་ངོ་ཞག་བརྒྱད་ལ་སྐྱེས་པའི་རོ་མ་ཉམས་པ་བླངས་ཏེ་སྙིང་པོས་གཏོར་མ་སྦྱིན་ཞིང་། དེའི་ལག་ཏུ་ལིག་པུ་མིག་བཞག་ལ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱས་སྟེ། ཡི་དགས་ཀྱིས་རིག་སྔགས་འཆང་གི་ལག་ཏུ་ལིག་བུ་མིག་འབུལ་བར་འགྱུར་གྱི་བར་དུ་བཟླས་བརྗོད་བྱའོ། ། དེ་ནས་འགྲུབ་པར་འགྱུར་ཏེ། དེས་མིག་གཉིས་ལ་བསྐུས་ན་གང་ལ་རེག་པ་དེ་གསེར་དུ་འགྱུར་རོ།། ཉེ་བའི་སྙིང་པོ་ཐོགས་པ་མེད་ཅིང་སྟོབས་ཀྱིས་ཕ་རོལ་གནོན་པའི་ཕྱི་མའི་ལས་རྣམས་འབྱུང་སྟེ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིག་སྔགས་ཐམས་ཅད་ཀྱི་ཡུམ་གསུངས་པ་གང་དྲན་པར་བྱས་ན། རིག་སྔགས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་པ་དང་། རིག་སྔགས་ཐམས་ཅད་ཀྱི་ཉེ་བའི་སྙིང་པོ་དམ་པ་འཇུག་པར་བྱེད་པ་ངས་བཤད་པ་གང་ཡིན་པའི་སྤྱན་དང་ཉེ་བའི་སྙིང་པོ་དྲན་པར་བྱས་ན། རིག་སྔགས་སྒྲུབ་པར་དཀའ་བ་ཐམས་ཅད་ཀྱང་འགྲུབ་པར་བྱེད་ཅིང་། རིག་སྔགས་རྣམས་ལས་གང་དང་གང་ལ་སྦྱར་བ་དེའང་མྱུར་དུ་བྱེད་པར་འགྱུར་རོ།། རིག་སྔགས་གང་ལས་ཐམས་ཅད་ལ་ལས་མི་བྱེད་པ་དེ་ལ་རིག་སྔགས་འཆང་གིས་ཡུམ་དང་ཉེ་བའི་སྙིང་པོ་ལྡན་པས། ལག་ན་རྡོ་རྗེའམ་ལྷ་ཆེན་པོའི་མདུན་དུ་སྣ་མའི་མེ་ཏོག་མར་གྱི་ནང་དུ་བ་སྤྲུགས་པ་བརྒྱ་སྟོང་གིས་ལས་ཐམས་ཅད་བདེ་བླག་ཏུ་དངོས་གྲུབ་སྦྱིན་པར་བྱེད་དོ། ། རིག་སྔགས་ཡིད་ལ་བསམས་ཏེ་གྲོག་མཁར་གྱི་ས་ལ་གཟུགས་བྱས་ལ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ནས་ལག་ན་རྡོ་རྗེའི་མདུན་དུ་བཞག་སྟེ། ཡུམ་དང་ཉེ་བའི་སྙིང་པོར་ལྡན་པས་སྣ་མའི་མེ་ཏོག་བརྒྱད་བརྒྱས་བསྣུན་ན་རྨི་ལམ་དུ་སྟོན་ཏེ་དེ་བཞིན་དུ་འགྲུབ་པར་འགྱུར་རོ།། རྨི་ལམ་ཉིད་དུ་རིག་སྔགས་འགྲུབ་པའམ། ཡང་ན་མི་འགྲུབ་པ་ཡིན་པའི་རིག་སྔགས་ཐམས་ཅད་སྟོན་པར་བྱེད་དེ། དེ་ལྟར་རྟོགས་ནས་རིག་སྔགས་བདེ་བླག་ཏུ་བསྒྲུབ་པར་བྱའི་གཞན་དུ་ནི་མ་ཡིན་ནོ།། ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ལ་སློང་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་ཡུལ་སྦྱིན་པར་འགྱུར་རོ། ། ཡར་གྱི་ངོ་ཚེས་བརྒྱད་ནས་ཉའི་བར་དུ་ཟས་འོ་མ་དང་ཕྱེའི་འདག་གུ་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱས་ན། གཞན་གྱི་ཡུལ་འཁོར་ལ་གནོད་པ་བྱེད་པར་འགྱུར་རོ།། དེ་ནས་ཟས་སུ་ཆུ་དང་ཕྱེའི་འདག་གུ་ཟ་ཞིང་བཟླས་བརྗོད་བྱས་ན་དམག་གི་དཔུང་འཇོམས་པར་བྱེད་དོ། ། མར་གྱི་པོ་ནག་བརྒྱད་ལ་ཞག་གཅིག་སྤང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་རྐང་པ་གཡས་པོའི་མཐེ་བོང་བཟུང་ནས་ཉེ་སྙིང་པོ་བཟླས་བརྗོད་བྱས་ན། ཇི་ཙམ་ན་ལག་ན་རྡོ་རྗེའི་རྐང་པའི་མཐེ་བོང་ལས་འོད་ཟེར་འབྱུང་བར་འགྱུར་ཏེ། འོད་ཟེར་དེས་ཀྱང་རིག་སྔགས་འཆང་གཡས་ཕྱོགས་སུ་བསྐོར་ནས་ལག་ན་རྡོ་རྗེའི་སྤྱི་བོར་མི་སྣང་བར་འགྱུར་རོ། ། དེ་ནས་འ་གྲུབ་པར་འགྱུར་ཏེ་རྒྱལ་པོ་སྦྱིན་པར་བྱེད་ཅིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ།། སློང་མོའི་ཟས་ཟ་ཞིང་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ཏེ་ཉེ་བའི་སྙིང་པོ་སྤྱན་དང་བཅས་པར་ལན་འབུམ་བཟླས་བརྗོད་བྱས་ལ། དེ་ནས་རིག་སྔགས་འཆང་གིས་ཆུའི་ནང་དུ་ཡུངས་ཀར་གྱི་སྦྱིན་བླུགས་ལན་བརྒྱད་སྟོང་བྱས་ན་བར་སྣང་ལ་རལ་གྲི་མཐོང་བར་འགྱུར་ཏེ་དེ་བླང་བར་བྱའོ། ། ཅི་སྟེ་སྣང་བར་མི་བྱེད་ན་ནི་རིག་སྔགས་འཆང་གིས་རིག་པ་མཆོག་བཟླས་བརྗོད་བྱས་ན་སྣང་བར་འགྱུར་ཏེ། འོག་བག་ཅན་གྱི་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་བླང་བར་བྱའོ། ། དེ་བླངས་པས་སྒྲ་ལྕང་ལོར་འཁྱིལ་ཅིང་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་ཅན་དུ་འགྱུར་ཏེ། དཔག་ཚད་ཉིས་སྟོང་གྱེན་དུ་འཕག་པ་དང་། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པ་དང་། ། ཚེ་ལོ་ཉིས་སྟོང་ཐུབ་པར་འགྱུར་རོ།། གཏེར་འབྱུང་བར་འདོད་ན་རིག་སྔགས་འཆང་གནས་གང་ན་གཏེར་ཡོད་པར་སོང་ལ། ཚེས་གྲངས་དང་རྒྱུ་སྐར་ཡང་བདམ་མི་དགོས།། སྨྱུང་བའང་བྱ་མི་དགོས་པར་བིལ་བའི་མེའི་ནང་དུ་ཡུངས་ཀར་དང་པདྨའི་ལོ་མ་བསྲེགས་པ་ལ་ཉེ་བའི་སྙིང་པོས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན། གཏེར་གྱི་ལྷ་དས་རྨི་ལམ་དུ་སྟོན་པར་བྱེད་དོ།། དེ་ནས་རིག་པ་མཆོག་གིས་བགེགས་རྣམས་ཀྱི་སྦྱིན་སྲེག་བྱས་ནས་བླང་བར་བྱའོ།། དགྲའ་བྱེད་གདོང་གིས་གནས་བསྲུང་བར་བྱའོ།། ཉེ་བའི་སྙིང་པོས་ནི་མར་མེ་སྦར་བར་བྱ་སྟེ། བ.ལང་གི་རཱ་ཨརྐའི་ཤིང་བལ་གྱིས་དཀྲིས་ལ། བ་སེར་མོའི་མར་གྱི་མར་མེ་སྦར་བ་གཏེར་གང་ན་ཡོད་བདེ་བརྟོལ་ཏེ་སྒྲ་ཚིག་ཚིག་པ་འབྱུང་བར་འགྱུར་རོ།། ཡང་ན་སྲིན་ཕྱིས་ཨརྐའི་ཤིང་བལ་གྱིས་དཀྲིས་ལ་རྡོ་རྗེ་ཁྲོ་བོའི་སྔགས་དང་ལྡན་པས་སྲོག་ཆགས་གོ་ཏའི་ཚིལ་གྱིས་མར་མེ་སྦྱར་རོ། ། མཚན་མ་ནི་དེ་ཉིད་དང་འདྲའོ།། ནཱ་ག་པ་ལའི་ཨརྐའི་ཤིང་བལ་གྱིས་གཡོགས་ཏེ་པདྨའི་རྒྱུས་པས་དཀྲིས་ལ་མིའི་ཚོལ་གྱིས་མེ་སྦར་ཏེ་གཟུང་ངོ་། ། མཚན་མ་ནི་དེ་ཉིད་དང་འདྲ་སྟེ་སྙིང་པོ་ཆེན་པོ་ཞེས་བྱའོ།། ལྷ་རྣམས་ངས་རྣམ་པ་སྣ་ཚོགས་མཐོང་ནས་ཉེ་བའི་སྙིང་པོའི་ལས་རྣམས་བཤད་པ་ཡིན་ནོ།། སྒྲུབ་པའི་སྙིང་པོ་སྟོབས་ལྡན་པ།། གང་དག་སྙིང་སྟོབས་མེད་པ་དང་།། བསོད་ནམས་ཆུང་ངུ་དེ་དག་གི། ཕ་རོལ་ཕྱིན་པ་རྫོགས་བྱའི་ཕྱིར།། གཏེར་གྱི་སྒོ་ཡི་ཁྱད་པར་དག། བདག་གིས་སུ་ནི་བཤད་པར་བྱ། ། བཅོམ་ལྡན་ལག་ན་རྡོ་རྗེ་ཡིས།། དེ་ནས་ཚིག་ནི་འདི་སྐད་སྨྲས།། གཏེར་སྒོ་གང་དག་ཚངས་པ་ཡིས།། གསང་སྔགས་ཀྱི་ནི་སྦྱོར་བ་དང་།། ཆོ་ག་ཡིས་ནི་ངེས་བཞག་པ།། མི་རྣམས་ཆོག་མེད་པ་དང་།། སྟོབས་དང་མཐུ་ནི་མེད་པ་ཡིས།། རྟག་ཏུ་ཆོམས་པར་མི་འགྱུར་ཏེ།། གང་གིས་མི་རྣམས་བདེ་བླག་ཏུ།། ལེངས་པར་སྤྱད་པར་འགྱུར་བ་དང་།། ཕ་རོལ་ཕྱིན་པའི་རྫོགས་བྱེད་དང་། ། ཇི་ལྟར་ནོར་རྣམས་རབ་བཞག་པ།། དེ་དག་བདག་གིས་བཤད་པར་བྱ།། བཅོམ་ལྡན་ལག་ན་རྡོ་རྗེ་ཡིས།། དེ་སྐད་དུ་ནི་ཚིག་ཀྱང་སྤྲས།། གཏེར་གྱི་སྒོ་ནི་རབ་བ#་པ། ། ས་མཐར་རྒྱ་མཚོ་ཐུག་པ་ཡི།། ས་ཡི་འོག་ནས་གང་ཡིན་པ།། བདག་གིས་སུ་ནི་རབ་བཤད་ཀྱིས།། ལྷ་རྣམས་ཀྱིས་ནི་མཉན་པར་གྱིས།། དེ་དག་གི་ནི་ཁ་དོག་མཚན།། གསང་སྔམ་གང་གིས་གཞོམ་པ་དང་། ། ཆོ་ག་ཇི་བཞིན་ལས་རྣམས་དང་།། བདེ་བླག་ཏུ་ནི་ཐོབ་པ་ཡི།། སྦྱར་སྨན་བདག་གིས་བཤད་པར་བྱ།། དེ་དག་གི་ནི་མཚན་མ་ཡང་།། སོ་སོ་རུ་ནི་བཤད་པར་བྱ།། གྲུ་གསུམ་དུ་ནི་ཟླ་གམ་དང་།། ཟླུམ་པོ་དང་ནི་ཟུར་བཞི་དང་།། པདྨ་ཆུ་ཤིང་ལོ་མ་དང་།། དེ་བཞིན་གཞན་མ་བསིལ་ཡང་འདྲ།། གཏེར་གྱི་སྒོ་ནི་བརྒྱད་བཤད་པ།། དེ་དག་ཁ་དོག་ལེགས་པར་ཉོན། ། ངང་པའི་མདོག་འདྲ་གཏེར་སྒོ་ཡོད།། ཀ་ར་ཝཱི་རའི་མདོག་འདྲ་དང་།། འདམ་བུ་ཆུག་ཤར་འདྲ་བ་དང་།། རྒྱ་སྐྱེགས་ཁུ་བའི་ཁ་དོག་འདྲ།། ལྗང་ཁུའི་མདོག་ཅན་གཏེར་སྒོ་ཡོད། ། བཟའི་མདོག་དང་འདྲ་བ་དང་།། གིའུ་ཝང་གི་ནི་ཁ་དོག་འདྲ།། དེ་བཞིན་འབྲིང་གར་དང་མཚུངས།། ཁ་དོག་བཤད་པ་འདི་དག་གིས།། གཏེར་སྒོ་རྣམས་ཀྱི་བགེགས་བསལ་བཞིན། ། སྟེང་དང་ས་འོག་གནས་པ་ཡི།། བགེགས་རྣམས་གང་གིས་བརླག་འགྱུར་བའི།། སྦྱིན་སྲེག་ལས་ནི་ཆོ་ག་རྣམས།། རབ་ཏུ་བཤད་ཀྱིས་མཉན་པར་གྱིས།། གཏེར་སྒོ་གསང་སྔགས་གང་གིས་དགོད། ། དེ་དག་རིམ་པ་བཤད་པར་བྱ།། ན་མོ་བཛྲ་པཱ་ཎ་ཡེ། ན་མོ་རུ་དྲཱ་ཡ། ན་མོ་མ་ཧཱ་བིདྱ་རཱ་ཛཱ་ཡ། བི་རུ་དྲི་ཎེ་སྭཱ་ཧཱ། ར་ར་ནཱ་ར་སྭཱ་ཧཱ། ཨོཾ་ག་ནཱ་ཡ་སྭཱ་ཧཱ། བི་རཱུ་བི་ཎི་སྭཱ་ཧཱ། ཏིཐཱ་རིསྭཱ་ཀྵྨ། མུ་ཀ་ཀི་ནི་སྭཱ།། པྲ་མུ་ཏི་ནི་སྭཱ་ཧཱ། བྲུ~ཾ་ཨུ0f7f་ཧེ་སྭཱ་ཧཱ། བིད་ཎི་སྭཱ་ཧཱ། ཧོན་ཁོ་སྭཱ་ཥྚ། ཀཱ་ག་ན~ཾ་སྭཱཧཱ། བཻ་རི་ཎི་སྭཱཧཱ། ཨ~ཾ་ག་རཱི་ཎི་སྭཱ་ཧཱ། བི་རག་ཎི་སྭཱ་ཧཱ~ཾ། མ་ཧཱ་བ་ར་ཏི་སྭཱཧཱ། ར་ཎི་བི་ཎི་སྭཱ་ཧཱ། ཀ་ར་བཻ་ར་བི་ཀ་ར་སྭཱ་ཧཱ། བི་རཱུ་པི་སྭཱ་ཧཱ། མ་རི་པ་སྭཱ་ཧཱ། བཛྲ་ནི་སྭཱ་ཧཱ། གརྫྫ་ནི་སྭཱ་ཧཱ། མརྨ་ཎི་སྭཱ་ཧཱ། ཀུ་ནི་པ་ཏ་ནི་སྭཱ་ཧཱ། ཀྱི་འཁོར་གྲུ་བ་འི་ང་མྱུ་བྱུགས་ལ་ལྡན་ཅིག་པ་ཕྱོགས་སྒྲ་བའིམས་པ་འདུས་ནས་ས་ནིང་སྒྲ་དང་། པར་སྨྲ་པ་དང་། དབང་པོ་ལ་པར་གྲོག་འཐུང་ཞིང་ལས་བརྩམས་ལ་ཆོ་ག་འདིས་ལྷ་ཐམས་ཅད་བཀོད་ནས་འཁུར་བ་བཀྲ་ཤིས་ལྡན་དང་། བེན་ཙེ་དང་། ཙན་དན་དྲི་ཞིམ་པོ་དག་ཕྱོགས་དང་མཚམས་ཀྱི་ལྷ་རྣམས་ལ་དབུལ་ཞིང་ནྡོ་དང་དམར་བག་སྤངས་ཏེ། སྔགས་སྔ་མས་ཤ་མྱའི་ཡམ་སྲེག་ཤིང་མྱུར་གྱི་ནང་དུ་བསྒྲགས་པ་བརྒྱུད་སྐྱོང་སྦྱིན་སྲེག་བྱའོ།། བགེགས་ཐམས་ཅད་ཕུང་བར་བྱེད་པའི་གཅོད་བྱེད་ཅེས་བྱ་བའི་རིག་སྔགས་བསྟན་པར་བྱ་སྟེ། ན་མོ་བཛྲ་པཱ་ཎི་སྱ། ཀུ་ཏི་ཀུ་ཏི། ཙེ་ཏི་ཙི་ཏི། མི་ཏི་མི་ཏ། རི་ཎི་རི་ཎི། མོ་ཏི་ནི་པྲ་མོ་ཏི་ན་སྭཱ་ཧཱ། རིག་སྔགས་འདིས་ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ཕྱོགས་བཞིར་གཏོར་ན་བསྲུང་བ་བྱས་པར་འགྱུར་རོ། ། ན་མོ་བཛྲ་པཱ་ཎི་སྱཱ། ཨ་མ་ར་ཨ་མ་རཱ། མ་རི་ཀ་ཏི་ན་ཏི་ལ་ཏི་སྭཱ་ཧཱ། རིག་སྔགས་འདིས་ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་མགོ་བོར་གཏོར་ན་བགེགས་རྣམས་འཚེ་བར་མི་བྱེད་དོ། ། ན་མོ་བཛྲ་པཱ་ཎི་སྱ། ཀུ་ཏི་ཀུ་ཏི། ཧུ་ཏུ་ཏི། ཧཱ་ར་ཧ་ར་སྭཱ་ཧཱ། རིག་སྔགས་འདི་ཚུལ་བཟླས་བརྗོད་བྱས་པའི་སར་བཞག་ན་མེའི་འཇིགས་པ་མི་འབྱུང་ངོ་། ། གཏེར་སྒོ་ཀུན་གྱི་བགེགས་རྣམས་ནི།། རྣམ་པ་བརྒྱད་དུ་རབ་བཤད་དེ།། མི་རོ་དག་ནི་མེའུ་ཐུང་དང་།། འཇིགས་པར་བྱེད་པ་སྐད་ཅིག་པ།། གླང་པོ་ཆེ་དང་མ་ཧེ་དང་།། རབ་ཏུ་འཇིགས་པའི་སྲིན་པོ་དང་།། སྟག་དང་བྱ་དང་སྤྱིལ་པོ་ཙམ།། བགེགས་རྣམས་བརྒྱུད་པོ་རབ་བཤད་དེ།། དེ་དག་ཕུང་བར་བྱ་བའི་ཕྱིར།། རིག་སྔགས་འདི་ནི་སྦྱར་བར་བྱ། ། ན་མོ་བཛྲ་པཱ་ཎི་སྱ། ཨ་རི་བ་རི། ཏི་རི་མོ་རི། ཙི་ར་མི་རི། བ་ར་བ་ནི་ར་ཎི། ཀཱི་རི་ཀི་རི། ཀ་ལི་ཀཱ་ལི། མི་རི་མི་རི། ཤི་རི་ཤི་རྀ། ནཱ་ཤ་ནི་ནཱ་ཤ་ནི། སྟྭཾ་བྷ་ནི་སྟ~ཾ་བྷ་ན~ཾ། མོ་ཧ་ནི་སྭཱ་ཧཱ། རིག་སྔགས་འདི་དང་རིག་སྔགས་ཀྱི་རྒྱལ་པོས་ཡུངས་ཀཱ་ར་ལ་བཟླས་བརྗོད་བྱས་ཏེ། ཕྱོགས་བཞིར་གཏོར་ན་བགེགས་ཐམས་ཅད་མི་སྣང་བར་འགྱུར་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་པྲ་ཧཱ་ཡ། ཁ་རི་བི་བི་ཀོ་རི། ན་རི་བ་ན་རི། མི་ཧ་ནི་ཧ་རི་བོཥཱ་ཎི་སྭཱ་ཧཱ། རིག་སྔགས་འདི་ཆུ་ལ་བཟླས་བརྗོད་བྱས་ཏེ། ཕྱོགས་བཞིར་གཏོར་ན་བགེགས་ཐམས་ཅད་བཅོམ་ཞིང་མི་སྣང་བར་འགྱུར་རོ། ། ན་མོ་བཛྲ་པཱ་ཎི་སྱ། ན་མོ་མི་རི་མི་རི། ཙན་དཱི་ཙན་དཱི། མནྟི་སྭཱ་ཧཱ། གསང་སྔགས་འདི་ཚུལ་བཟླས་བརྗོད་བྱས་ཏེ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་གཏོར་ན་ཕྱོགས་བཅིང་བར་བྱས་པར་འགྱུར་ཏེ། ཁྭ་ཡི་གཟུགས་ནི་མི་སྣང་འགྱུར།། འཕུར་ཞིང་ཆེ་ལ་གསུམ་དུ་སྣང་།། སྤྱིལ་པོ་ཙམ་ཞེས་བྱ་བ་ནི། ། ཕྱོགས་རྣམས་ཀུན་ཏུ་ཞི་བར་འགྱུར།། གཏེར་གྱི་སྒོ་ཡི་རི་མོ་ན།། ཐོད་པ་རབ་འདྲ་རྟོགས་པར་བྱ།། དེ་ན་ཕུར་བུ་ཟེར་སྣང་བ།། འཇའ་ཁུགས་འདྲ་བའི་འོད་དང་བཅས།། ཕུར་བུ་དེ་ནི་དཔལ་གཟུགས་ལྡན། ། དེ་ལ་ལག་པས་རེག་མི་བྱ།། ལུས་ནི་སྦྱར་སྨན་བསྐུས་ནས་ཀྱང་།། དེ་ནས་ཕུར་བུ་དབྱུང་བར་བྱ།། གང་གིས་སལ་དེ་ལྷུང་བའི།། ནམ་མཁའི་ཕུབ་མ་ཤུ་དག་ཡུང་། ནིམ་པའི་ལོ་མ་ལྡོང་རོས་དང་།། སྒོག་སྐྱ་ནས་དང་ཤིང་ཀུན་རྣམས།། མི་ཁྲག་གིས་ནི་སྦྱར་བ་ཡི།། བྱུག་པས་དེ་ལ་བསྐུ་བར་བྱ།། དེ་ནས་ས་ལ་ལྷུང་བར་འགྱུ།། དེ་ལྟར་མ་བྱས་ནུས་མི་འགྱུར།། ཤྲི་རི་ཤ་ཡི་མེ་ཏོག་དང་།། དེ་ཡི་རྩ་བ་ཤུན་ཕྲགས་དང་།། རུ་རྟ་རྒྱ་སྤོས་འབྲི་ཧ་ཏི།། ཡུངས་ཀར་འདི་རྣམས་ཆ་མཉམ་པ།། རགཅིན་དག་དང་བཏག་པར་བྱ།། ལུས་ལ་བསྐུས་པའི་སྦྱར་སྨྲན་འདི། ། ཁྲག་འཇོམས་པ་ཡི་མཆོག་ཡིན་ནོ།། རུ་རྟ་དང་ནི་རྒྱ་སྤོས་དང་།། ལོག་བུ་མིག་དང་ལྡོང་རོས་བཅས།། སྦལ་བའི་ཚིལ་དང་ལྡན་པས་ཏེ།། དུད་པའི་མིག་རྩི་རབ་སྦྱར་བ།། འདི་ནི་མིག་རྩིའི་རྒྱལ་པོ་སྟེ། ། གཏེར་གྱི་སྒོ་རྣམས་གཅོད་པ་ཡིན།། ཉ་རི་ཀུན་དའི་ཤུན་བྲགས་བླང་།། སིན་དུ་བ་རིའི་གིའུ་ཝང་བཅས།། ཟིང་གའི་དུད་པས་རབ་ཏུ་བདུགས།། འདི་ནི་སྦྱར་སྨན་མཆོག་ཡིན་ཏེ། སྦྱར་སྨན་གྱིས་ནི་ལུས་བསླུས་ནས།། དེ་ནས་ཕུར་བུ་དབྱུང་བར་བྱ།། ཅི་སྟེ་སྣང་བར་མི་བྱེད་ན།། ཁྭ་ཡི་འཁྲུལ་འཁོར་རེངས་བྱེད་ཅིང་།། བགེགས་ཀུན་ཕུང་བར་བྱེད་པ་ཡི།། རིག་སྔགས་འདི་ནི་དེ་ཡིས་སྦྱར། ཀ་རུ་གྲཱ་ཀ་རུ་ག། དཱི་བྱ། རཱུ་བི་ཎ། ཀནྨ་ཏུ་མ་པ་ཀ་ག་ཏྲ། སཽ་བྷི་བེ་བི་དུ་ལུ་ནི། ཀུ་མི་ནི། ཧཱི་ཧཱིན། ཧཱུ་ཧཱུ་ཧཱུ་ནི། ཀི་རི་ཀི་རི། ཀ་ལ་ཀར་ཎཾ། མ་ཧཱ་བི་དྱེ། ཧ་ར་ཧ་ར་ཧ་ར་རཧ་ར། ཙ་ལ་ཙ་ལ་ཙ་ལ། ར་ར་ར། ཐ་ཐ་ཐ། ཤ་ཤ་ཤ། སྟམྦྷ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ། ཧ་རི་ཧ་རཱི། གི་ནི་གཽ་ནི། ཧུནྡ་ཧུན་དགྲིན་མུ་ཡ། ཧན་བྲཧྨ་ཎི། པ་ཏ་ནི། མོ་ཧ་ནི་ཙི་རིམ་བ་ན། ཐ་ར་ཐ་ར། མི་ཏི་མི་ཏི། སི་ཏི་སི་ཏི། མི་རི་མི་རྀ། བི་རི་བི་རཾ། ཧི་རི་ཧི་ར། དེ་མྱ་ན་དེ་མྱ་ནི་བི་ཏྲ་བ་ཏོ་པ་ཏ་ཏ་ནེ། པ་ཏ་ནི། ཧ་ཧ་ཧ་ནི་སྭཱ་ཧཱ། ཕུར་བུ་འབྱིན་པ་ན་འདོམ་གསུམ་དུ་བཅལ་ཏེ། ཆུ་དང་ཡུངས་ཀར་གྱིས་བསྣུན་ན་ཁྲ་དེ་རེངས་པར་འགྱུར་རོ།། ཡང་ན་རྒྱུང་རིང་པོར་ལྷུང་བར་འགྱུར་ཏེ། རིག་སྔགས་འདིས་ནི་བགེགས་ཐམས་ཅད་བཅོམ་པར་འགྱུར་ན་མོ་བཛྲ་པཱ་ཎ་ཡེ། ན་མོ་རུ་དྲཱ་ཡ། ན་མོ་བྲཧྨ་ཡ། གར་ཤི་རི་ཤི་རི་རི། སི་སི་རི་རི། མི་རི། བ་བ་པ་སྭཱ་ཧཱ། རིག་སྔགས་འདིའམ། ཡང་ན་གོས་དཀར་ཅན་གྱིས་གཙུག་པུད་བཅིང་བར་བྱའོ། ། གང་གིས་ནོར་རྣམས་བླང་བྱ་བའི།། གྲུ་གསུམ་འཇོམས་པ་འདི་ཡིན་ཏེ།། ཁོར་ཁོར་ཡུག་སྦྱང་བྱས་ལ།། རབ་ཏུ་བསྒྲིམས་ཏེ་བརྟག་པར་བྱ།། དེ་ཡི་མཚམ་ཀྱི་དབུས་དག་ཏུ། ། རི་མོ་གྲུ་གསུམ་གནག་པ་ཡོད།། ཅི་སྐྱེད་དེ་ལྟར་མི་སྣང་ན།། དེ་ནས་འོ་མར་གཏོར་བར་བྱ།། ཨ་པ་མརྒའི་ཐལ་སྨན་གྱིས།། མཁས་པ་དག་གིས་རབ་གཏོར་ཞིང་།། དུང་གི་ཕྱེ་མས་ཕྱི་བར་བྱ། ། ཁོ་ར་ཁོར་ཡུག་གཏོར་བྱ་ཞིང་།། གཏོར་དང་བྱི་དོར་བྱས་ནས་ཀྱང་།། ཅི་སྟེ་མཚན་མ་མཐོང་འགྱུར་ན།། སྦྱར་སྨན་གྱིས་ནི་བསྐུས་ན་ཡང་།། ལྕགས་ཀྱི་འཁར་བས་བརྡབ་བྱས་ན། ། ཆག་པར་འགྱུར་ཏེ་གཞན་དུ་མིན།། ཟླ་གམ་དག་གི་དབུས་དག་ན།། བཀྲ་ཤིས་ལྡན་པའི་གཟུགས་ཀྱང་སྣང་།། ཅི་སྟེ་དེ་ལྟར་མི་སྣང་ན།། ཐལ་བའི་སྨན་འདི་སྦྱར་བར་བྱ།། ཨི་འདྲ་བྱེའུ་རུག་ལོ་མ་རྣམས། ། མཉམ་པར་བཞག་པས་བཙིར་ནས་ནི།། བ་གཅོན་དག་དང་ལྷན་ཅིག་སྦྱར།། བསྐོལ་ནས་གཏོར་བ་བྱས་ནས་ནི།། བཀྲ་ཤིས་ལྡན་པ་དེར་སྣང་སྟེ།། འདི་ལ་བློ་ལྡན་ཐེ་ཙོམ་མེད། ། སྦྱར་སྨན་གྱིས་ནི་བསླུས་ནས་ཀྱང་།། ལྕགས་ཀྱི་འཁར་བས་བརྡབ་པར་བྱ།། དེས་ནས་ལ་དེ་ལྟུང་སྟེ།། རྣམ་པ་གཞན་དུ་འགྱུར་བ་མེད།། ཟླུམ་པོ་གཞོམ་པའི་ཆོ་ག་ཡིས། སྦྱར་བར་བྱ་བ་རབ་བཤད་དོ།། ཁོ་ར་ཁོར་ཡུག་སྦྱངས་ནས་ནི།། རབ་ཏུ་བསྒྲིམས་ཏེ་བརྟག་པར་བྱ།། པདྨའི་རྩ་བའི་མདོག་འདྲ་བ།། སྦྲུལ་མགོ་གདེངས་ཀའི་རི་མོ་སྣང་།། ཅི་སྟེ་དེ་དག་མི་སྣང་ན། ། ཐལ་བའི་སྨན་འདི་སྦྱར་བར་བྱ།། ཀ་ལི་ཤ་ཡི་ས་བོན་དང་།། བཅོད་རྣམས་དང་ནི་བགཅིན་གྱིས།། སྦྱར་ནས་ཀུན་ཏུ་ཐུགས་པར་བྱ།། དེ་ནས་མཚན་མ་སྣང་འགྱུར་ཏེ། སྤྱིསྦྱར་སྨན་གྱིས་ནི་ལུས་བསླུས་ནས།། ལྕགས་ཀྱི་འཁར་བ་བརྡབ་པར་བྱ།། དེས་ན་དེས་ནི་འཇིག་འགྱུར་ཏེ།། རྣམ་པ་གཞན་དུ་འགྱུར་བ་མེད།། གྲུ་བཞི་པོ་ཡི་རི་མོ་ཡང་།། བཞི་ཡིན་ཏེ་བཤད་པར་བྱ།། ཅི་སྟེ་དེ་ནི་མི་སྣང་ན།། ཐལ་བའི་སྨན་འདི་སྦྱར་བར་བྱ།། སཱུ་ཧ་ཤ་རའི་ཡལ་ག་བླངས།། མཉམ་པར་བཞག་པས་བཙོར་བྱས་ལ།། བ་གཅིན་གྱིས་ནི་སྦྱར་ནས་ཀྱང་། ། མཁས་པ་ཡིས་ནི་བླུགས་པར་བྱ།། བླུགས་ནས་མཚན་མ་སྣང་འགྱུར་ཏེ།། དེ་ལ་སྨན་གྱིས་བསྐུས་བྱས་ཤིང་།། ལྕགས་ཀྱི་འཁར་བས་བརྡབ་བྱས་ན།། ཆུག་པར་འགྱུར་ཏེ་གཞན་དུ་མིན། ། པདྨ་ཡིན་དབུས་སུ་ཡང་།། སྙིང་པོ་དག་ནི་སྡང་བ་ཡོད།། སྨན་རྣམས་ཀྱིས་ནི་ལུས་བསླུས་ནས།། རྡོ་བ་ཡིས་ནི་བརྡབ་བྱ་ཞིང་།། དེ་ནི་སྙིང་པོ་གཞོམ་པར་བྱ། ། དེ་ན་ཡོད་པར་ཐེ་ཚོམ་མེད།། ཇི་ལྟར་བདག་གིས་བཞག་པ་བཞིན།། ལྷག་པར་ཡང་ནི་བྲང་བར་བྱ།། ཆུ་ཤིང་ལོ་མའི་དབྱིབས་འདྲ་བ།། སྦྱར་བའི་ཐབས་ནི་མཉན་པར་བྱ།། དེ་ནི་མཚན་མ་སྣང་བ་ནི། ། གིའུ་ཝང་ཐིག་ལེ་འདྲ་བ་ཡི།། རི་མོ་གཉིས་སམ་གསུམ་ཡང་རུང་།། ཡང་ན་བཞིའམ་ལྔ་ཡོད་དོ།། མཚན་མ་འདི་དག་སྣང་བར་འགྱུར།། ཅི་སྟེ་མཚན་མ་མི་སྣང་ན། ། ཐལ་བའི་སྨན་འདི་སྦྱར་བར་བྱ།། ཨ་ཤྭཏྠ་དང་པ་ཏ་པའི།། ལོ་མ་ཨ་པ་མརྦ་རྣམས།། ར་ཡི་ག་ཅིན་གྱིས་སྦྱར་ནས་སུ།། ཁོ་ར་ཁོར་ཡུག་བླུགས་པར་བྱ། བླུགས་མ་ཐག་ཏུ་སྣང་འགྱུར་ཏེ།། སྐྱུར་སྨན་གྱིས་ནི་བསྐུས་ནས་ཀྱང་།། ལྕགས་ཀྱི་འཁར་བ་བརྡབ་བྱས་ན།། ཆག་པར་འགྱུར་ཏེ་གཞན་དུ་མིན།། བསིལ་ཡབ་དག་དང་འདྲ་བ་ནི།། ཡུ་བར་བཅས་པར་སྣང་བར་འགྱུར། ། གཤོར་གྱིས་ལེགས་པར་སྦྱང་བྱས་ལ།། དེ་ཡི་མཚན་མ་བརྟག་པར་བྱ།། ཅི་སྟེ་དེ་ན་མི་སྣང་ན།། ཐལ་བའི་སྨན་འདི་སྦྱར་བར་བྱ།། ཨིནྡྲ་ཤིང་གི་ལོ་མ་དང་།། ནིར་རྐུན་དག་གི་ལོ་མ་དག། རྟ་ཡི་གཅིན་གྱིས་སྦྱར་ནས་ཀྱང་།། ཁོ་ར་ཁོར་ཡུག་བླུགས་ནས་ནི།། དེ་ནས་མཚན་མ་སྣང་བ་དེར།། སྦྱར་སྨན་གྱིས་ནི་བསླུས་ནས་ཀྱང་།། ལྕགས་ཀྱི་འཁར་བས་བརྡབ་བྱས་ན།། ཆག་པར་འགྱུར་ཏེ་གཞན་དུ་མིན། ། ཆུ་ཤིང་ལོ་མ་འདྲ་བ་ལས།། རུས་སྦལ་རྒྱབ་དང་འདྲ་བ་དང་།། རྡོ་རྗེ་ཅི་སྟེ་རང་འོངས་པ།། དེ་ནི་གཞོམ་དུ་མེད་པ་ཡིན།། གཏེར་གྱི་སྒོ་ནི་ཐམས་ཅད་ལ།། ཕུར་བུ་རྣམ་པ་བཞི་ཡོད་དོ། ། དབང་པོ་གཤིན་རྗེ་ལུས་ངན་དང་།། ཁྱབ་འཇུག་ཕུར་བུ་བཞི་པའོ།། གཏེར་གྱི་སྒོ་ནི་ཐམས་ཅད་དུ།། རིག་སྔགས་འདིས་གཏོར་མ་སྦྱིན་པར་བྱ་སྟེ། གཤིན་རྗེལ་ནི་བསྲེག་བྱ་རྣམས་སོ།། ཁྱབ་འཇུག་ལ་ནི་འབྲས་ཆན་སྣ་ཚོགས་པའོ།། ཀུ་བེ་ར་ལ་ནི་སྦྱར་ཐུག་གོ།། དཔལ་ལྡན་ལ་ནི་འབྲས་ཀྱིའོ་ཐུག་སྦྱིན་པར་བྱའོ།། ན་མོ་བཛྲ་པཱ་ཎི་ས། ནནྟེ་སུ་ནེནྟེ། གོ་བིནྟེ། རི་ཏི་རི་ཏི། རྨི་ཎི་ཏི། མོ་རི་ཏི་སྭཱ་ཧཱ། སྔགས་འདས་ཅི་འདོད་པའི་གཏོར་མ་ཐམས་ཅད་བྱིན་ལ། དེ་ནས་ལས་བརྩམ་པར་བྱའོ།། གཞོར་གྱི་སྔགས་ནི་འདི་ཡིན་ཏེ། ན་མོ་བཛྲ་པཱ་ཎི་སྱ། ཏི་ཤི་ཡ་བི་ཏི་ཤ་ཡ། ནམོ་མ་ཧཱ་ཥི་ཡཱ་ཡ་སྭཱ་ཧཱ། སྔགས་འདི་དག་གིས་ཚུལ་བཟླས་བརྗོད་བྱས་ཏེ་བསང་གཏོར་བྱ་སྟེ། དེ་ནས་ལས་བྱའོ།། དེ་ལ་གཏེར་སྒོ་གཅོག་པའི་མཆོག། རྡོ་རྗེ་རྣམས་དང་གཞན་ཡང་གང་།། ཝ་ཡི་རིགས་རྣམས་གཅིག་པ་ཡི། ། སྦྱར་སྨན་རྣམས་ཀྱང་བཤད་པར་བྱ།། ཀ་ན་ཀ་ཡི་རྩ་བ་དང་།། ཨ་ཤ་ནག་ཏའི་གི་ཝང་དང་།། སྤུ་ཡི་རྩ་བ་འདི་དག་རྣམས།། ཨརྐ་དར་པའི་ཤུན་ཕྲགས་དང་། ། རིལ་བུ་སྲན་ཙམ་བྱས་ནས་ཀྱང་།། གྲིབ་མ་དག་ཏུ་བསྐམ་པར་བྱ།། གཏེར་སྒོ་ཐམས་ཅད་གཅོག་པ་འདི།། འབྱུང་པོའི་མཆོག་ཅེས་བྱ་བ་ཡིན།། འབམ་པོ་དང་ནི་གཅོད་རྣམས་དང་།། སིའུ་ཝང་ལྡོང་རོས་བཅས་པ་དང་། ། ཀ་ར་ཝཱི་རའི་རྩ་བ་དང་།། ཨརྐ་ཀར་པོའི་ཤུན་ཕྲགས་དང་།། ཤོ་ན་ཀ་ཡི་ཤུན་ཕྲགས་དང་།། འདི་དག་ཆ་ནི་བསྙམས་བྱས་ལ།། བ་གཅིན་དག་དང་བཏག་པར་བྱ། ། གཏེར་སྒོ་ཐམས་ཅད་གཅོག་པ་ཡི།། སྦྱར་སྨན་དག་གི་དམ་པ་སྟེ།། ལག་ན་རྡོ་རྗེས་བཤད་པ་ཡིན།། ཨགྣི་བནྡའི་ལོ་མ་དང་།། ཨེ་རནུ་ཡི་རྩ་བ་དང་།། སཱུ་ཧག་ཤི་རི་སྒོག་སྐྱ་རྣམས།། བགཅིན་དག་དག་དང་བཏག་པར་བྱ།། གཏེར་སྒོ་གཅོག་པའི་སྦྱར་སྨན་འདི།། རྡོ་རྗེ་ཞེས་ནི་བྱ་བ་ཡིན།། ཀ་ར་ཝཱི་རའི་རྩ་བ་དང་།། ཆུ་ཤིང་ས་བོན་སྐྱེར་བ་དང་།། ཡུང་དང་ནག་ཏམ་ལ་དང་། ག་རི་ཀར་ནི་དཀར་པོ་རྣམས།། བ་གཅིན་དག་དང་བཏག་པར་བྱ།། སྦྱར་སྨན་གྱི་ནི་རྒྱལ་པོ་འདི།། གཏེར་སྒོ་གཅོག་པའི་མཆོག་ཡིན་ནོ།། བི་དྲུ་ཛི་ཧ་མོར་ཏི། དེ་བཞིནར་ཉེའུ་ཡུངས་ཀར་རྣམས། ། བ་གཅིན་གྱིས་ནི་ལེགས་སྦྱར་བ།། གཏེར་སྒོ་གཅོག་པའི་དམ་པ་ཡོན།། བ་ལུང་གི་ནི་མེ་ཏོག་དང་།། ཤལ་ལ་ཀ་ཡི་སྙིང་པོ་དང་།། འབམ་པོ་སྣི་ཧཀྵི་རི་དང་།། ཝང་དག་དང་ལྡན་པར་ནི།། ར་གཅིན་དག་དང་བཏག་བྱས་པ།། རྡོ་རྗེ་འཇོམས་པའི་མཆོག་ཡིན་ནོ།། ཀོ་ཤ་ཏ་ཀའི་ས་བོན་དང་།། ཀོ་བི་ར་ཡི་འབྲས་བུ་དང་།། དུ་རུ་ཀ་ཡི་ལོ་མ་རྣམས།། བ་གཅིན་དག་དང་བཏག་བྱས་ལ། ། ཞག་གྲངས་བཞི་བཅུ་དགུར་གཞག་པ།། རྡོ་རྗེ་འཇོམས་པའི་དམ་པ་ཡིན།། པ་རི་ཛཱ་ཏིའི་རྩ་བ་དང་།། སུ་བར་སྣ་དང་ཏ་ཀ་དང་།། སྤེན་པ་ཡི་ནི་ལོ་མ་དང་། སྦྲང་རྩི་དང་ནི་ཤིང་ཀྲ་དང་།། གི་རུ་ཝང་དག་དང་སྦྱར་བ་ཡིས།། གཏེར་སྐྱོ་གཅོག་པའི་དམ་པ་ཡིན།། སྦྱར་སྨན་དམ་པ་འདི་དག་ནི།། རྡོ་རྗེ་འཇོམས་པ་ཡིན་པར་བཤད།། གསེར་རྣམས་བླང་བར་འདོད་པ་ཡི།། ལག་པ་བསྐུ་བ་ང་ལས་ཉོན།། རུ་རྟ་དང་ནི་རྒྱ་སྤོས་དང་།། ཨ་ལི་ཏ་དང་མོ་ར་ཏོ།། ལག་པ་བསླུ་བའི་མཆོག་ཡིན་ཏེ།། རྡོ་རྗེ་འབར་བྱེད་འཇིགས་པ་ཡིན། ། ཞིམ་ཐིག་ལེ་ཡིན་ས་བོན་དང་།། ནག་ཏ་མ་ལེའི་འབྲས་བུ་རྣམས།། བ་གཅིན་དག་དང་སྦྱར་བ་ནི།། བདེ་བར་བྱེད་པའི་ལག་སྲུང་ཡིན།། པདྨའི་རྩ་བརྒྱ་སྤོས་དང་།། ས་ར་གཤི་དང་སྤུ་རྣམས་ནི། ། ར་ཡི་གཅིན་དང་ལེགས་སྦྱར་བའི།། བདེ་བར་བྱེད་པའི་ལག་སྐུད་ཡིན།། ཀ་གན་འཛི་ཡི་ས་བོན་དང་།། ཀར་ནི་ཀ་རའི་མེ་ཏོག་དང་།། པྲི་ཡང་ཀུ་དང་རྒྱུ་སྤོས་དང་།། སུ་རབི་དང་ཙན་དན་དཀར། ། གྲིའུ་ཝང་དག་དང་ལྡན་པ་ནི།། བདེ་བར་བྱེད་པའི་ལག་སྐུད་ཡིན།། སྒོ་གླེགས་ལག་པས་རེག་པ་ན།། མཚམས་ནས་ཀྱང་ནི་འབྱེ་བར་འགྱུར།། དེ་ཉིད་རེངས་པར་བྱ་བའི་ཕྱིར། ། རིག་སྔགས་འདི་ནི་སྦྱར་བར་བྱ།། ན་མོ་བཛྲ་པཱ་ཎི་སྱ།། ཏི་རི་ཏི་རི། མི་རི་སྭཱ་ཧཱ། རིག་སྔགས་འདིས་ཚུལ་ལན་བདུན་བསྔགས་ཏེ་སྒོ་གྲགས་ཀྱི་ངོས་ལ་གཏོར་ན་རེངས་པར་འགྱུར་བདེ་བླག་ཏུ་གཟུང་བར་འགྱུར་རོ། ། གཏེར་གྱི་སྒོ་རྣམས་ཐམས་ཅད་ལ།། རིག་སྔགས་འདི་ནི་སྦྱར་བར་བྱ།། རེངས་བྱེད་རྨོངས་བྱེད་དགེ་བ་སྟེ།། བགེགས་རྣམས་ཐམས་ཅད་འཇོམས་བྱེད་པ།། ཚངས་པ་ཉིད་ཀྱིས་བྱས་པ་སྟེ།། རྨོངས་བྱེད་སྒོ་ཡི་ཐེམ་པའི་ཕྱིར།། རི་རབ་བརྟོལ་ནས་བྱུང་བ་སྟེ།། དྲི་ཟ་ལྷ་མོ་རྣམས་དང་ནི།། མི་འམ་ཅིས་ནི་རབ་ཏུ་མཆོད།། འཇོམས་པར་བྱེད་ཅིང་སྲེག་བྱེད་པ། ། ལྷ་ཡི་གཟུགས་ལྡན་བློ་གྲོས་ཆེ།། རིག་སྔགས་འདི་ནི་བཤད་པར་བྱ།། ཀི་ལི་ཀི་ལྀ། པིཾ་ག་ལཀྵི་ཧ་ཧ་བྷི་མཾ་གི། ཧ་ན་ཧ་ན། ཤཱུ་ལེ་ན་བི་ད་ར་ཡ་བཛྲེ་ཎ། ཀི་ལི་ཀི་ལི་ཤབྡེ་ན། སྟམྦྷ་ཡ་རུ་དྲེ་ཎ། དེ་ན་ཧན་ཧ་ན་ཤཀྟི་ན། ཀི་རི་ཀི་ར། ཙི་རོ་ཙི་རི། མི་རི་མི་རི། ན་རུ་ཏི་ན་རུ་ཏི། ཐ་ར་ཐ་ར། ཐ་ཐ། ར་ར། པ་ཏ་ཡ་པ་ཏ་ཡ། སྟམྦྷ་ཡ་སྟམྦྷ་ཡ། པ་ཏ་ཡ་བ་ཏ་ཡ། གརྫ་གརྫ། མཛ་མརྫ། ཏརྫ་ཏརྫ། ཀཾ་ཀཱི་ན་ཀི་ཀི་ན། དུནྡ་བྷི་དུནྡུ་བྷི། ཤུཀླ་དཾཥྚ་ཀ་རཱ་ལཱ་ན་ནེ། ཀ་ན་ནེ་དི་བྱ་རཱུ་པེ། ཙ་མ་བིནྡུ་སཾ་མ་དཱ། དི་པྱ་པྲ་བྷེ། བ་ཤ་ནེ། ཀ་ཧ་ཀ་ཧུ། ཁ་ཊ་ག་ཧསྟེ། ཏྲིན་ཏྲ། རུ་དྲཱ་ཡ་ནི་ཤྨ་ཤཱ་ནེ། ཡ་ད་ཀྲི་དསེ། གྲྀ་པཱ་ག་གྲོ་བཱ་ག་ཀྲོ་བཱ། ཡུར་བ་ར་ཎི། ཨརྡྷེ་ཀཱ་རེ་སྭ་ཡཾ་ཀ་ཤ་ཀི་མ་ཀུཊ། ཙནྡྲཀ། ཤཽཪྵེ། དེ་བགན་དྷརྨ། ཡཀྵ་བི་དྷ། དར་ཨ་ཙིཏ། སུ་པཱུ་ཛ~ཾ་། དྲྀདྲོ་བཱ་དྲོ་བཱ། ཐི་ཐི། མ་བ་པ་སྥརྻ་མ་བ། ཧ་ཧ་པ། ཀ་ཀ་པ། ཙི་ཏྲ། ཧ་ན་ཧ་ན། སྟམྦྷ་ཡ་སྱཱམྦྷ་ཡ། མ་ཧཱ་བི་དྷཱ་ཙ་ཏུརྨུ་ཁོ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རིག་སྔགས་འདིས་ཡུངས་ཀར་དང་། ཆུ་དང་། ཐལ་བ་རྣམས་ལས་གང་ཡང་རུང་བ་གཅིག་ཏུ་བླངས་ཏེ། རིག་སྔགས་བཟླས་བརྗོད་བྱས་ལ་ཕྱོགས་བཞིར་གཏོར་ན་བགེགས་ཐམས་ཅད་རིངས་པར་འགྱུར་ཞིང་དགྲའང་བཅོམ་པར་འགྱུར་རོ།། དེ་ཉིད་ཀྱིས་སད་པ་དང་། གཉིད་ལོག་ཏུ་གཞུག་པ་དང་། མུན་པར་བྱ་བ་དང་། གར་དང་། གླུ་དང་། རོལ་མོ་ལ་སོགས་པ་བྱེད་དུ་གཞུག་པ་དང་། གཞན་ཡང་སེམས་ཅན་མི་སྣང་བ་གང་ཡིན་པ་དག་དང་། སྣང་བ་གང་ཡིན་པ་དག་དང་། བགེགས་དང་ལོག་འདྲེན་གང་ཡིན་པ་དང་། ཅི་སྟེ་རྒྱལ་པོའི་ཕོ་བྲང་ངམ། དུར་ཁྲོད་ཀྱི་གནོད་པ་བྱུང་ངམ། སྦྲུལ་གྱིས་བཅིངས་པའང་རུང་། གཞན་ཡང་སེམས་ཅན་གནོད་པར་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་འཇོམས་པར་བྱེད་ཅིང་རྨོངས་པར་བྱེད་པ་ཡིན་ནོ་ཞེས། བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་དེ་སྐད་བཤད་དོ།། གསེར་ལེན་པ་ན་རྡོ་རྗེ་ལག་ན་ཐོགས་ཤིང་རིག་སྔགས་ཀྱི་མཆོག་འདིས་སྦྱིན་སྲེག་ལེགས་པར་བྱའོ། ། ན་མོ་བཛྲ་པཱ་ཎི་སྱ། བི་བེ་ཏཱ་ཡ་སྭཱ་ཧཱ། ཏི་སྟཽ་སུ་ཀ་ལ་ཧཱ་ཡ་སྭཱ་ཧཱ། ཀུཾ་བཥྚ་ནཱ་ཡ། པ་རིནྟ་ཨསྟ་ནཱ་ཡ་སྭཱ་ཧཱ། ནི་དྲཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཤ་ཡེ་ཡུར་བཱ་ཡུ་སྭཱ་ཧཱ། ལི་བི་གྲ་རེ་ཏྲ་ཡེ་སྭཱསཱཧཱ། བ་སུ་མཀྵ་ཡ་སྭཱཧཱ། ཡ་སྭཱཧཱ། གཎྜ་ཡ་སྭཱ་ཧཱ། གཎ་པ་ཏ་ཡེ་སྭཱཧཱ། ཀ་མ་རཱ་པ་ཡ་སྭཱཧཱ། ཀ་ལི་ནཱི་སྭཱཏྨ། བྲཱགྷཱ་དྷི་པ་ཡེ་སྭཱ་ཧཱ། རཀྵ་སཱ་ཡ་སྭཱཧཱ། རཀསཱ་ཛ~ཾ་པེ་བ་ས་སྭཱཏྨ། ཁནྟ་མས། ཁནྟ་དྷི་པ་ཏི་ཡེ་སྭཱ་ཧཱ། རུ་དྲཱ་ཡ་སྭཱཧཱ། ཡ་མཱ་ཡ་སྭཱ་ཧཱ། བ་རུཎྜ་ལ~ཾ་སྭཱ་ཧཱ། ཀུ་བེ་རཱ་ཡ་སྭཱཧཱ། པྲི་ཐི་བྱ་སྭཱ་ཧཱ། མཱ་ཏྲི་བྱཱ་སྭཱ་ཧཱ། བྲཧྨ་ཡ་སྭཱ་ཧཱ། གང་གསང་སྔགས་འདི་དག་གིས་ཤ་མ་ཡམ་སྲེག་ཤིང་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་བཅོམ་པར་འགྱུར་རོ་ཞེས། བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་བཤད་དོ།། དེའང་འཁྲུལ་འཁོར་ཐམས་ཅད་འཇོམས་པའི་ཉེ་བའི་སྙིང་པོ་དང་ལྡན་པས་སྦྱིན་སྲེག་བྱའོ། ། ཡང་ན་ཉེ་བའི་སྙིང་པོ་གཅིག་པུས་བྱའོ།། དེ་ལྟར་མ་བྱས་ན་བརླག་པར་བྱའོ།། དེ་ནས་དབང་ལྡན་གྱིས། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་ཞུས་པ་བཅོམ་ལྡན་འདས་སྟོབས་པོ་ཆེ་ཕ་རོལ་གནོན་པ། མི་རྣམས་ལ་ཕན་པའི་ཕྱིར་ཉན་པར་འཚལ་བ་དེ་བདག་ལ་གསུངས་ཤིག། ཁྲ་རྣམས་བཤད་པ་དུ་ཞིག་མཆིས།། བརྩོན་འགྲུས་མཐུ་སྟོབ་ཇི་ཙམ་ལགས། ། བདག་གི་ཐེ་ཙོམ་དེ་དག་གསུངས།། ཇི་བཞིན་དུ་ནི་གསུངས་པའི་རིགས།། རྡོ་རྗེ་འཛིན་ཆེན་མངའ་བདག་གིས།། དབང་ལྡན་གྱི་ནི་ཚིག་ཐོས་ནས།། དབང་ལྡན་པཟི་བརྗིད་ཆེན་པོ་བ། ། ཚངས་པས་བཤད་པའི་ཁྭ་དེ་ཉིད།། སྔོན་ནིས་འདིའི་སྟེང་དག་ན།། རྟག་ཏུ་གཏེར་རྣམས་མང་པོ་ཡོད།། གཏེར་དེ་དག་ནི་བསྲུང་བའི་ཕྱིར།། ཚངས་པ་ཉིད་ཀྱི་ཁྲ་རྣམས་ཡོད། ། ཁྲ་ཡི་རྣམ་པ་བརྒྱད་བཤད་པ།། བརྩོན་འགྲུས་ཆེ་ཞིང་སྟོབས་པོ་ཆེ།། ལག་ན་རྡོ་རྗེ་བཀའ་མཆོག་གིས།། དེ་དག་གང་གིས་བརྒྱར་འགྱེས་དང་།། གཏོར་མ་སྔགས་རྣམས་ཇི་བཞིན་པ། ། དེ་དག་བདག་གིས་བཤད་པར་བྱ།། གནག་དང་དཀར་དང་དེ་བཞིན་དམར།། མགྲིན་པ་མཐོན་ཀར་གྲགས་པ་དང་།། ཀ་པིན་ཛ་ར་མིག་དམར་དང་།། འདབ་བཀྲ་དང་ནི་ཤེལ་མིག་ཅན། ། དེ་ལ་ནག་པོ་ནི་གཤིན་རྗེ་ལྷར་འཛིན་པ་ཡིན་ནོ།། དཀར་པོ་ནི་ཚངས་པ་ལྷར་འཛིན་པ་ཡིན་ནོ།། དེ་བཞིན་དུ་མགྲིན་པ་མཐོན་ཀ་ནི་སྨིན་དྲུག་གི་བུ་ལྷར་འཛིན་པ་ཡིན་ནོ།། ཀ་པིན་ཛ་ར་ནི་ཁྱབ་འཇུག་ལྷར་འཛིན་པ་ཡིན་ནོ། ། མིག་དམར་ནི་ཀུ་བ་ར་ལྷར་འཛིན་པ་ཡིན་ནོ།། དེ་བཞིན་དུ་འདབ་བཀྲ་ནི་དབང་པོ་ལྷར་འཛིན་པ་ཡིན་ནོ།། ཤེལ་མིག་ཅན་ནི་སའི་ལྷར་འཛིན་པ་ཡིན་ནོ།། ཁྲ་དེ་ངག་གི་ཁ་དོག་མཚན། ། རྟགས་རྣམས་བདག་གིས་བཤད་པ་ཡིན།། དེ་དག་གི་ནི་མདོག་དང་དབྱིབས།། རིམ་བཞིན་དུ་ནི་བཤད་པར་བྱ།། ནག་པོ་ཡི་ནི་གཟུགས་གང་དང་།། མཐུ་སློང་གང་ཡིན་རབ་བཤད་དེ། ། ཁ་དོག་རབ་ཏུ་གནག་པ་དང་།། བོང་ཚད་ཆེ་ཞིང་འཇིགས་པར་བྱེད།། དཔག་ཚད་གཅིག་ན་གནས་བཞིན་དུ།། དྲིལ་བུའི་སྐད་འདྲ་འབྱིན་པར་བྱེད།། གཏོར་མ་འདོད་ཕྱིར་ཡང་དང་ཡང་། ། དེ་བཞིན་རྒྱུན་དུ་སྐད་སང་འབྱིན།། གང་གིས་ནི་བར་འགྱུར་བ་ཡི།། ཟས་རྣམས་ཀྱང་ནི་བཤད་པར་བྱ།། ཤ་བཅོས་དེ་བཞིན་བརྡོས་པ་རྣམས།། བྱ་རྗེལ་ནི་སྦྱིན་པར་བྱ། མྱུར་དུ་སྔགས་ཀྱང་སྦྱར་བྱ་ཞིང་།། གཏོར་མ་ཡང་ན་སྦྱིན་པར་བྱ།། ན་མོ་བཛྲ་པཱ་ཎི་སྱ། ཀྲྀཥྞ་ཀྵ་ཡ། ཀྲྀཥྞཱ་དྷི་པ་ཏ་ཡ་སྭཱ་ཧཱ། གཏོར་མ་ལའང་སྔགས་འདིས་བསྔགས་ལ་དེ་ནས་སྦྱིན་པར་བྱའོ།། དཀར་པོ་ཡིན་གཟུགས་གང་དང་།། མཐུ་སྟོབས་གང་ཡིན་རབ་བཤད་དེ།། ནམ་མཁའ་ལ་དག་བསྐོར་བྱས་ནས།། དོན་ཆུ་སྦྱར་མདོག་འདྲ་ཡི།། འདབ་མའི་ཤུགས་ཀྱིས་འོང་བར་འགྱུར། རྒྱུན་དུ་ཁོ་ར་ཁོར་ཡུག་ནས།། འདབ་མའི་གཤོག་སྒྲ་ཆེན་པོ་ཡིས།། འབྲུག་སྒྲ་ཆེན་པོ་འབྱིན་པར་བྱེད།། གནས་རྣམ་སུ་ནི་ལན་ཅིག་གམ།། ལན་གཉིས་ལན་གསུམ་སྐོར་བར་བྱེད།། གདོན་རྣམས་ལན་གསུམ་ཚང་བའི་བར། ། དེ་སྲིད་དུ་ནི་གཏོར་མ་སྦྱིན།། སྣ་བ་འབྲས་ཡོས་མར་དག་གིས།། གཏོར་མ་རྣམས་ནི་སྦྱིན་པར་བྱ།། སྔགས་ལ། ན་མོ་བཛྲ་པཱ་ཎི་སྱ། ཤོ་དྷ་ཡ་ཤོ་དྷ་ཡ་པ་པ་ཏ་ཡེ། ཤོ་པཱ་དྷི་པ་ཏ་ཡེ་སྭཱ་ཧཱ། དམར་པོ་ཡི་ནི་གཟུགས་གང་དང་།། མཐུ་སྟོབས་གང་ཡིན་རབ་བཤད་དེ།། བཞད་བཞིན་དུ་ནི་སྐད་འབྱིན་ཞིང་།། ཟབ་མོའི་སྒྲ་ནི་རབ་ཏུ་སྒྲོག། ལན་ལྔའི་བར་དུ་སྐད་འབྱིན་ཞིང་།། དེ་ནི་མྱུར་དུ་འོང་བར་བྱེད།། ཇི་སྲིད་ལན་ལྔ་སྐད་འབྱིན་པ།། དེ་སྲིད་དུ་ནི་གཏོར་མ་སྦྱིན།། དྲི་དམར་དང་ནི་མེ་ཏོག་དམར།། བུལ་ལི་ཀ་སྦྱིན་པར་བྱ། ། བཟའ་བ་དང་ནི་ལ་དུ་དང་།། ཏིལ་གྱི་ཁུབ་སྦྱིན་པར་བྱ།། སྔགས་ལ། ན་མོ་བཛྲ་པཱ་ཎི་སྱ། རཀྟ་རཀྵ། ཀྵེ་རཀྟ་དྷི་པ་ཏ་ཡེ་སྭཱ་ཧཱ། མགྲིན་པ་མཐོན་ཀའི་གཟུགས་གང་དང་། ། བཐུ་སྟོབས་གང་ཡིན་རབ་བཤད་དེ།། སྡེར་མོས་ཀྱང་ནི་ཕྲད་པར་བྱེད།། དེ་ནི་ཁ་ལྟར་སྐད་འབྱིན་ཅིང་།། ལན་བདུན་པར་དུ་སྐད་འབྱོན་ཏེ།། དེ་ནི་མྱུར་དུ་འོང་བར་འགྱུར།། གཏོར་མ་མྱུར་དུ་སྦྱིན་པར་བྱ།། སྔགས་ཀྱང་ལེགས་པར་དྲན་པར་བྱ།། ལན་ཚྭ་མེད་པའི་ཤ་སྦྱིན་ཅིང་།། ཡམ་སྲེག་ཤིང་ཡང་སྦྱིན་པར་བྱ།། གཏོར་མའི་ལས་ནི་འདི་དག་གིས།། དེ་ནི་མུར་དུ་ལྷུང་བར་འགྱུར། ། སྔགས་ལ། ན་མོ་བཛྲ་པཱ་ཎི་སྱ། ནཱི་ལག་ཤོ། ནཱི་ལ་ཏེ་ཛོ། ནཱི་ལཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཀི་པན་ཛ་རའི་གཟུགས་གང་དང་།། མཐུ་སྟོབས་གང་ཡིན་རབ་བཤད་དེ།། སྲིན་བྱ་བཞིན་དུ་ཡང་དང་ཡང་། ། སྐད་པོ་ཆེ་ནི་འབྱིན་པར་བྱེད།། མྱུར་བ་མྱུར་བར་སྐད་འབྱིན་ཅིང་།། དེ་བཞིན་སྒྲ་ཡང་ལན་གསུམ་འབྱིན།། ཉེ་བ་དག་ཏུ་འོང་བར་འགྱུར།། དེ་ཚེ་ཟས་ཀྱང་སྦྱིན་པར་བྱ།། གསང་སྔགས་ཀྱིས་ནི་བྱ་བ་ཡིན། ། ཁྲག་གིས་སུ་ནི་བཀང་བ་ཡི།། སྔོན་སུམ་དག་ཀྱང་སྦྱིན་པར་བྱེད།། དེ་བཞིན་ཉ་དང་ཤ་རྗེན་སྦྱིན།། སྔགས་ལ། ན་མོ་བཛྲ་པཱ་ཎི་སྱ། ཀཱ་ར་ལི། བ་ཀཱ་ར་ལྀ། ཀ་ར་ལ་དྷི་པ་ཏ་ཡེ་སྭཱ་ཧཱ། མིག་དམར་གྱི་ནི་གཟུགས་གང་དང་།། མཐུ་སྟོབས་གང་ཡིན་རབ་བཤད་དེ།། རྟ་བཞིན་དུ་ནི་སྐད་འབྱིན་ཅིང་།། འཁར་བའི་སྒྲ་ལྟར་ཚེར་ཚེར་པོ།། དེ་བཞིན་སྒྲ་ཆེར་སྒྲོགས་པར་བྱེད། ། དེསྲེལ་པརབ་ལ་ནས་འབྱིན།། ཐེ་ཙོས་མེད་ཅིང་མུ་ས་རུ།། དེ་ལ་གཏོར་བ་སྦྱིན་པར་བྱ།། དེ་བཞིན་ཤ་ནི་རྗེན་པ་དང་།། ཆང་གིས་བཀང་བའི་རྗོད་ཀྱང་བྱིན།། སྔགས་ལ། ནམ་བཛྲ་པཱ་ཎིས། རཀྵ་ནེ་ཐོར་ཀཱ་ནི་པ། རཀ་རྟི་པ་ཏྲ་ཡེ་སྭཱ་ཧཱ། འདབ་བཀྲ་ཡི་ནི་གཟུགས་གང་དང་།། མཐུ་སྤོབས་གང་ཡོན་རབ་བཤད་དེ།། འབྲུག་སྒྲ་བཞིན་དུ་སྐད་འབྱོན་ཅིང་། དེ་བཞིན་དུ་ནི་འོང་བར་འགྱུར། ། རང་གི་ལུས་ལས་དེ་བཞིན་པ་དག། གློག་གི་རྒྱུད་འདྲར་སྣང་བར་འགྱུར།། རྔ་མོ་ཝཱར་ནི་བརྟུལ་ཞིང་འོང་།། ངུར་པ་བཞིན་དུ་ཡང་དང་ཡང་།། ལན་བརྒྱད་དུ་ནི་སྐད་འབྱིན་ཅིང་།། དེ་ནི་མྱུར་དུ་འོང་བར་འགྱུར། ། དེ་ལ་གཏོར་མ་སྦྱིན་བྱ་ཞིང་།། གསང་སྔགས་ཀྱང་ནི་བྱ་བ་ཡིན།། བུ་རམ་ཞོ་དང་སྦྱར་བ་ཡིན།། ཟས་ཀྱང་རབ་ཏུ་སྦྱིན་པར་བྱ།། སྔགས་ལ། ན་མོ་བཛྲ་པཱ་ཎི་སྱེ། ཅི་ཙཻཙི་ཏྲཀྵཽ། བི་ཙི་ཏྲཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཤེལ་མིག་ཅན་གྱི་གཟུགས་གང་དང་།། མཐུ་སྟོབས་གང་ཡིན་རབ་བཤད་དེ།། ནམ་མཁའ་དག་ནི་ཁེབས་པར་བྱེད།། དེནི་དལ་ནས་འོང་བར་བྱེད།། གླང་པོ་ཚེ་ལྟར་སྐད་འབྱིན་ཅིང་། ། འདབ་མས་རླུང་ནི་གཡོ་བར་བྱེད།། འདབམ་དེ་ནི་རླུང་གིས་སུ།། གྲང་བར་ཡང་ནི་བྱེད་པར་འགྱུར།། སྐད་ནི་ལན་གཉིས་འབྱིན་བྱེད་ཅིང་།། དོན་ཁད་ཀྱིས་འོང་བར་འགྱུར། ། དེ་ལ་གཏོར་མ་སྦྱིན་བྱ་ཞིང་།། གསང་སྔགས་ཀྱང་ནི་བྱ་བ་ཡིན།། དེ་བཞིན་མར་དང་སྦྱར་བྱ་ཡི།། ནས་ཀྱི་ཟས་ཀྱང་སྦྱིན་པར་བྱ།། བ་ཡི་མར་དང་དེ་བཞིན་ཤ། བུ་རམ་ཆང་གིས་བཀང་བསྦྱིན། ། སྔགས་ལ། ན་མོ་བཛྲ་པཱ་ཎཱི་སྱ། ཀེ་ཀར་ཀྵ་ཀ་ཀར་དྲི་ཏི། ཀེ་ཀར་དྷི་པ་ཏ་ཡེ་སྭཱ་ཧཱ། ཁྭ་འདི་དག་ནི་བདག་གིས་སུ།། མཚོན་བཅས་ཆོ་གར་ལྡན་པར་བཤད། ། གང་ཞིག་ཁྲ་ནི་ནག་པོ་ཡི།། སྔགས་ལས་བརྟེན་ཏེ་ལས་རྩོམ་པ།། དེ་ལ་འཇིགས་པ་ཅི་ཡང་རུང་།། ཅུང་ཟད་ཀྱང་ནི་འབྱུང་མི་འགྱུར།། དེ་ལ་སྦྲང་རྩི་འོ་མར་སྦྱར།། དེ་ལས་འགལ་བར་ལས་བྱ་བ། ། གང་ཡིན་དེ་ནི་བདག་ཉིད་བརླག། བདག་ཉིད་ཆེན་པོ་ཁྲ་འདི་དག། མཆོད་པ་བྱས་ན་ལྡོག་འགྱུར་ཏེ།། ལག་ན་རྡོ་རྗེས་བཤད་པ་བཞིན།། ཁྭ་ཐམས་ཅད་ཀྱི་གསང་སྔགས་ནི་ལྷག་པར་སྤྱན་དང་རིག་སྔགས་ཀྱི་རྒྱལ་པོ་དང་སྦྱར་བར་བྱའོ། ། ཟ་གཞོམ་པའི་རིག་སྔགས་ཚངས་པས་སྨྲས་པ་ངས་བཤད་ཟིན་ཏེ། དེ་དང་སྦྱར་ཞིང་ལས་བྱའོ།། ངས་ཀྱང་ཁྲ་ཐམས་ཅད་ཕུང་བར་བྱ་བའི་ཕྱིར་གཏུམ་པོ་མི་བཟད་པའི་རིག་སྔགས་གང་ཐོས་པས་བྲག་ལ་ཐོག་ཐོག་འབབ་པ་བཞིན་དུ་དུམ་བུ་བརྒྱར་འགྲོ་བར་འགྱུར་བར་བཤད་པར་བྱའོ། ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཙནྡ་ཙནྡ་ཙ་ནམ་ན་ཙམ་ནེ། སྠཱམྦྷ་ནི། ཛམྦྷ་ནི། མོ་ཧ་ནི། ཧི་ཧི་ག་ཀ་རེ་ཡེ་སྭཱ་ཧཱ། ཁྲ་ཐམས་ཅད་བཟློག་པ་ལ་ཡུངས་ཀར་གྱིས་བྱའོ།། དེ་ནས་རྡོ་རྗེ་འབྱར་བྱེད་གཞོམ་པར་འདོད་ན་རྡོ་རྗེའི་བྱར་བྱེད་ལ་བལྟས་ལ། རྡོ་རྗེ་ཁྲོ་བོ་ཉིད་བསྔགས་ཏེ་བླང་བར་བྱའོ།། སྨན་འདི་དག་ཀྱང་གཏོར་བར་བྱ་སྟེ། རྒྱ་སྲན་གྱི་ཁུ་བ་དང་། སྲུ་སྲུའི་རྩ་བ་དང་། འོམ་བུ་བསྲེགས་པའི་ཁུ་བ་དང་། སོམ་དང་། སོམ་ཐབ་དང་། སོ་མཛ་ཏི་དང་། འདི་རྣམས་བསྲེས་པའི་ཆུས་གཏོར་ལ་ཉི་མའི་འོད་ཀྱིས་གདུང་བར་བྱའོ།། གང་ན་ཉི་མ་མེད་པ་དེར་ནོར་བུ་མེ་ཤེལ་བསྟན་པར་བྱའོ།། དེ་ནས་བཅོས་མའི་རྡོ་རྗེ་འབྱར་བྱེད་གཞིག་པར་འདོད་ན་སྭ་རི་ཀའི་ཐལ་བ་དང་། གཟེ་མ་དང་། ཀནྟ་ག་དང་། ཨ་བ་ཡག་དང་། ཀུནྟི་ཀའི་ཐལ་བ་དང་། འདི་རྣམས་བསྲེས་པས་བཤིག་ན་དེས་འཇིག་པར་འགྱུར་རོ། ། དེ་ནས་བཅོས་མའི་རྡོ་རྗེ་འབྱར་བྱེད་བྱ་བར་འདོད་ན་ལྒང་ཚེར་སྲང་གཉིས་དང་། སོ་མ་ར་ཙའི་ས་བོན་སྲང་གཅིག་དང་། བ་བྲ་སྲང་བྱེད་དང་། མོན་སྲན་གྲེའུའི་ཕྱེ་མ་སྲང་གཉིས་དང་། མཞོ་གཉིས་དང་། ས་མ་ཛ་ཏི་ཞོ་གཉིས་དང་། ཀུ་ཏ་ཛི་ཞོ་གཉིས་དང་། ཀ་ལ་པ་ཏིའི་ས་བོན་ཞོ་གཉིས་དང་། འདི་རྣམས་ལྷན་ཅིག་ཏུ་སྦྱར་ཏེ་ཕྱེ་མ་ཞིབ་མོར་བྱའོ།། ལྷང་ཚེར་ཡང་བརྟག་པར་བྱ་སྟེ། ཀྲ་རྩ་བ་ལ་བསྲེགས་པའི་ཆུ་དང་། འོམ་བུ་དང་། ཨིནྡྲ་བྲིག་ཤ་བསྲེག་པའི་ཆུ་དང་གཅིག་ཏུ་སྦྱར་ལ། མཐང་གིས་བསྐུས་པའི་སྣོད་ཀྱི་ནང་དུ་ཟླ་བ་གཅིག་གི་བར་དུ་བནག་ནས། ཀྲ་ཀནྟི་དང་མུ་ཟིའི་ཕྱེ་མས་བཏབ་ན། དེ་ནས་རྡོ་རྗེ་འབྱར་བྱེད་དེ་དག་དང་བར་འགྱུར་ཏེ། སྒོ་གླེགས་སམ། རྩིག་ངོས་སམ། གང་འདོད་པ་ལ་གཏུམ་པའི་ཕྱིར་གྱིས་བསྐུས་ན་རྡོ་རྗེ་འབྱར་བྱེད་དེ་ཨ་ཤོ་ཀའི་མེ་ཏོག་འདྲ་བར་དམར་པོར་འགྱུར་རོ། ། ལས་ཐམས་ཅད་ལའང་ཉེ་བའི་སྙིང་པོ་དང་ལྡན་པར་འགྱུར་རོ།། གཏེར་སྒོ་འདི་དགངས་བཤད་དེ།། གཏེ་རྣམས་འདི་ན་ཡོད་དོ་ཞེས། ། མངོན་པའི་རྟགས་ནི་གང་དག་གིས།། ངེས་པར་རྟོགས་པར་འགྱུར་འདི་ཅོན།། རྫས་ཀྱི་ཚད་ནི་ཇི་ཙམ་པ།། དེ་ཀུན་བདག་གིས་བཤད་པར་བྱ། ། ཤིང་མེད་ཁྲད་ཁྲོད་གནས་དག་ན།། ས་ལ་ཐ་ཡི་ཤིང་འདྲ་བ།། དཀར་ཞིང་དྲི་ཞིམ་སྣང་བ་ཡོད།། ཟབས་སུ་མི་འགྲེང་གཉིས་ཙམ་ན།། ནོར་རྣམས་ཁྲི་ཕྲག་དྲུག་ཡོད་དེ།། དེནི་ཀླུ་དང་ལྡན་པ་ཡིན། ། ཤིང་གི་གནས་ནི་དུམ་ན།། པདྨའི་འདབ་མ་འདྲ་བ་དང་།། པདྨ་ཆེན་པོའི་དྲི་ཞིམ་ཡོད།། ཟབས་སུ་མི་འགྲེང་གཉིས་ཙམ་ཡོད།། ནོར་ནི་དྲུག་ཁྲི་ལྔ་སྟོང་ཡོད།། དེ་ནི་སྲིན་དང་ལྡན་པ་ཡིན། ། ཤིང་མེད་པ་ཡི་གནས་དག་ན།། ས་ལ་ཐ་ལའི་འབྲུའི་དྲ་བ།། བཏ་ལའི་དྲི་དང་ལྡན་པ་ཡོད།། ཟབས་སུ་མི་འགྲེང་གཉིས་ཙམ་ན།། འབུམ་ལས་ལྷག་པའི་ནོར་ཡོད་དེ། ། དེ་ནི་གནོད་སྦྱིན་ལྡན་པ་ཡིན།། ཤིང་མེད་པ་ཡི་གནས་དག་ན།། ས་ལ་ཏ་ལའི་ཤིང་འདྲུ་བ།། གཅིག་པུ་དྲི་ཞིམ་ལྡན་པ་ཡོད།། ཟབས་སུ་མི་འགྲེང་གསུམ་ཙམ་ན།། ནོར་ནས་བྱེ་བ་སྲེད་ཡོད་དེ། ། དོན་རྣམ་ཐོས་བུ་ཡི་གནས།། ཤིང་མེད་པ་ཡི་གནས་རྣམས་ན།། ས་ལ་ཏ་ཡི་མིག་འདྲ་བ།། དཀར་ཞིང་དྲི་ཞིམ་ལྡན་པ་ཡོད།། ཟབས་སུ་མི་འགྲེང་གསུམ་ཙམ་ན།། ནོར་རྣམས་བཞི་ཁྲི་དྲུག་སྟོང་ཡོད།། དེ་དག་ན་ནི་དབང་ལྡན་ཡོད།། ཤིང་མེད་པ་ཡི་གནས་རྣམས་ན།། ཙི་སྟེ་ས་ལའི་ཁྲི་འདྲ་བ།། རྐང་པ་བཞི་ལ་ལྡན་པ་སྟེ།། ཀེ་ཏ་ཀ་ཏི་དྲྀ་ཅན་ཡོད། དེ་ན་བྱེ་བ་སྙེད་ཡོད་དོ།། དེ་ནི་ཀླུ་དང་ལྡན་པ་ཡིན།། མཚན་རྟགས་ཆེན་པོ་འདི་དག་ནི།། བཤད་ཟིན་གཞན་ཡང་ང་ལས་ཉོན།། དབྱར་ཞིང་སྐམ་ལ་རྩུབ་པ་དང་།། དགུན་ཞིང་གསིང་མར་གྱུར་པ་དང་། ། མཛའ་བོ་དེ་བཞིན་བྱིལ་སྦྲུལ།། ལྷན་ཅིག་གཅིག་ཏུ་གནས་པ་དང་།། དེ་བཞིན་སྦྲུལ་དང་ནེའུ་ལ་གཉིས།། ལུང་གཅིག་ནན་ལྷན་ཅིག་གནས།། གང་ན་གོད་དཀར་པོ་དང་།། བྱི་དཀར་པོ་ལྷན་ཅིག་གནས། ། གང་ན་ཝ་ནི་ཉལ་བ་དང་།། ཅི་སྟེ་ས་ཕྱོགས་དྲོ་བ་དང་།། ཁྱི་ནི་རྟག་ཏུ་གྲོང་བོར་ནས།། དགོན་པའི་ཕྱོགས་གཅིག་གང་ན་ཉལ།། ཤིང་ནི་ཐུར་དུ་མི་འཁྲུང་བ། ཅི་སྟེ་ཐུར་དུ་འཁྲུང་འགྱུར་དང་།། འོ་མ་མེད་ལས་འོ་མ་འབྱུང་།། མུ་ཧུའི་རྩིན་གདུགས་འདྲ་དང་།། རྒྱལ་མཚན་འདབ་མ་འདྲ་བ་དང་།། ཤིང་རྣམས་གང་དག་བུམ་པ་འདྲ།། རྩ་ལས་རྩ་འབྱུང་ཡལ་ག་འཕྱང་། ། རྩུབ་ཅིང་ཁརྔ་འདྲ་བ་དང་།། འདབ་མ་སྐམ་ཞིང་ལོ་མ་སྣུམ།། དུས་མ་ཡིན་པར་མེ་ཏོག་འབྱུང་།། རྟག་ཏུ་འབྲས་བུ་ཆགས་པ་དང་།། ཚེར་མ་མེད་ལས་ཚེར་མ་འབྱུང་།། ཚེཚོར་མ་ཅན་ལས་ཚོར་མ་མེད།། རྩེ་གཅིག་ཤིང་རིགས་གང་ཡིན་པ།། ཅི་སྟེ་ཁ་དྲུག་གྱུར་པ་དང་།། ཤིང་དྲུང་གྲོག་མཁར་ཕུང་ཆེན་ཡོད།། དུས་མ་ཡིན་པར་མེ་ཏོག་འབྱུང་།། ཤིང་དྲུང་གང་ན་གཟུགས་ཡོད་ལ། ། རྟག་ཏུ་འབྲས་བུ་མཆོད་པ་དང་།། མཆོད་པ་མེད་ཅིང་གཟི་བརྗིད་ལྡན།། ཤིང་དྲུང་གི་ནི་ཕྱོགས་གཅིག་ན།། བདེ་བྱེད་མཚན་ནི་སྡུམ་བྱེད་ཡོད།། ཤིང་རྡུང་གི་རི་ཕྱོགས་གཅིག་ན། ། ཅི་སྡེ་རྡོལ་བ་ཡོད་པ་དང་།། གྲོང་གི་ཕྱོགས་གཅིག་མ་མོ་ཡིས།། གནས་ཡོད་མཆོད་པ་མེད་པ་དང་།། ཁྲོན་པའི་ཕྱོགས་གཅིག་སངས་རྒྱས་བཅུས། ཅིསྟེ་ཁྲོན་པའི་ཕྱོགས་གཅིག་ན།། བདེ་བྱེད་མཚན་མ་སྟེགས་བུར་བཅས།། རྟག་ཏུ་སྡུམ་པ་གནས་པ་དང་།། ཁྲོན་པ་ཡི་ནི་ཕྱོགས་གཅིག་ན།། རྡོ་ལེབ་མིང་དང་ལྡན་པ་ཡོད།། ཞིང་གི་ཕྱོགས་གཅིག་ཀླུ་རྣམས་ཀྱིས། ། མཆོད་ཅིང་སྔགས་བུར་བཅས་པ་དང་།། རྟག་ཏུ་སྣུམ་དང་ལྡན་པ་ཡོད།། ཞིང་གི་དབུས་ནི་གང་དག་ན།། རྡོ་ཡི་ཕུང་པོ་ཆེན་པོ་ཡོད།། དེ་ན་ཁུང་གི་སྐྱོ་ཡང་ཡོད།། ཞིང་དག་གི་ནི་དབུས་རྣམས་ར། ། རྡོ་ལེ་བ་ཟུར་གསུམ་ཡོད་པ་དང་།། རྫིང་བུ་དག་གིའི་གྲམ་དག་ན།། མ་མོ་རྣམས་ཀྱི་གནས་ཡོད་པ།། མཆོད་པ་མེད་ཅིང་གཟི་བྱིན་ལྡན།། མཆོད་དུ་ཟིན་ཀྱང་གཟི་མེད་ན།། ངེས་པར་དེན་ནོར་ཡོད་དོ།། གྲོང་གི་ཕྱོགས་གཅིག་སླར་སོང་ནས།། རྭ་དང་རྨིག་པས་རྐོ་བར་བྱེད།། ཁང་པ་བརྩེགས་པའི་ཁ་དག་ནས།། བྱ་རོག་ཐུར་དུ་ལྷ་བཞིན་དུ།། རྟག་ཏུ་སྐད་ཀྱང་བབྱིན་པར་བྱེད། ། རྫིང་བུ་ཡིན་འགྲམ་དག་ན།། ཅི་སྟེ་གནོད་སྦྱིན་གཟུགས་ཡོད་དང་།། ཆུ་ཀླུང་འགྲམ་ན་སངས་རྒྱས་གཟུགས།། དབང་ཕྱུག་ཚེ་དང་ལྷན་ཅིག་གནས།། གྲོང་དང་གྲོང་གི་ཕྱོགས་གཅིག་ན། ། ས་འབིགས་ཞེས་བྱ་རྡོ་ལེབ་ཡོད།། གྲོང་རྣམས་ཀྱི་ནི་དབུས་དག་ན།། སྟེགས་བུ་མེད་པའི་མཆོད་ཤིང་ཡོད།། ཀླུ་ཡི་མཆོད་ཤིང་སྟེགས་བུ་དང་།། ལྷན་ཅིག་ན་ནི་གནས་པ་ཡོད། ། དེ་དག་གི་ནི་ལྡེ་ཕྱོགས་ན།། གྲོག་མཁར་ཕུང་པོ་ཆེན་པོ་ཡོད།། གྲོང་ངམ་ཡང་ན་དགོན་པ་ན།། མ་མོའི་གནས་ནི་མཆོད་པ་མེད།། སངས་རྒྱས་གཟུགས་དང་ཉི་མའི་གཟུགས།། ཅིཅིསྟེ་དེ་དག་གཡོན་ཕྱོགས་ན།། གང་ལ་ཉི་མའི་གཟུགས་ཡོད་ལ།། ཀླུ་དག་དང་ནི་ལྷན་ཅིག་གནས།། ཞིང་དབུས་རྡོ་ཕུང་ཆེན་པོ་ཡོད།། གྲོག་མཁར་དང་ཡང་ལྷན་ཅིག་གནས།། ས་གཞི་དག་ཀྱང་དུད་པར་འཐུལ། ། རྩཝ་ཡང་རྙིད་པར་འགྱུར་བ་སྟེ།། རྟག་ཏུ་ཡང་ནི་གཟི་བྱིན་ལྡན།། ཆུ་ཡང་ཤིན་ཏུ་སྐམ་པར་འགྱུར།། ཆུ་ངོགས་ཕ་གུ་ཕུང་ཆེན་ཡོད།། ས་དག་ཀྱང་ནི་བྱེ་མ་འདྲ།། ཁང་པ་བརྩེགས་པའི་ཕྱོགས་གཅིག་ན། ། རྟག་ཏུ་དུད་པ་འདྲ་བར་འཐུལ།། གྲོང་ངམ་ཡང་ན་དགོན་པའམ།། ཞིང་ངམ་ཡང་ནི་ཁྱིམ་དག་ན།། ཁྲ་དང་ཕུག་རོན་ལྷན་ཅིག་ཏུ།། གང་ན་ཤིན་ཏུ་མཛའ་པར་འགྱུར། ། གྲང་ངམ་ཚའ་མ་བཀྲེས་པའམ།། སྐོམ་པ་ཡིས་ནི་གཟིར་བཞིན་དུ།། དེ་ལྟར་དུས་ནི་ཐམས་ཅད་དུ།། ཕྱོགས་གཅིག་ཏུ་ནི་དགའ་བར་འཛིན།། ཞིང་དག་གི་ནི་དབུས་དག་ཏུ།། རྡོ་ལེབ་མིང་དང་ལྡན་པ་ཡོད། ། ཤིང་རྣམས་གང་ལ་བ་ལང་རྫི།། བྲུ་བས་གཟིར་ཞིང་སྐོམ་པས་གཟིར།། རྟག་ཏུ་འཛེག་ཅིང་རྩེ་བ་དང་།། སྡུག་བསྔལ་དེ་བཞིན་རབ་བདེར་འཛིན།། དུས་ཀུན་ཏུ་ནི་པབ་ལང་རྫི། ། གང་དུ་དེ་བཞིན་རྩེ་བྱེད་ཅིང་།། གྲང་ཞིང་གྲང་བ་མེད་པར་འཛིན།། དེ་བཞིན་དུ་ནི་སྐྱོ་བ་མེད།། པདྨའི་སྡོང་བུ་གཅིག་པ་ལ།། པདྨ་ལ་ནི་པདྨ་སྐྱེས།། དེ་བཞིན་ཨུཏྤལ་ཀུ་མུ་ད།། ཅི་སྟེ་ཁ་དོག་ངན་པར་འགྱུར།། དྲི་ཡང་ཞིམ་པར་མི་འགྱུར་བར།། འདབ་མ་དག་ཀྱང་འཁུམས་པ་དང་།། གང་ལ་འབྲས་བུ་མི་ཆགས་པ།། དེ་ལ་བརླ་ཀུ་མུ་ད།། བ་གཅིན་དང་ནི་རྟ་གཅིན་དང་། ། རྡོ་ཐལ་རྣམས་དང་ལྷན་ཅིག་སྦྱར།། དེ་དང་དེ་ཡི་མེ་ཏོག་དང་།། ཆུ་རྣམས་ལ་ནི་གཏོར་བྱས་ནས།། གང་ན་གཏེར་དེ་གནས་པ་ཡི།། ས་ཕྱོགས་དེ་དང་ཆུ་རྣམས་དང་།། མེ་སྔོན་པོ་དམར་པོར་འགྱུར། ། རྟག་ཏུ་ས་ཕྱོགས་གང་དག་ན།། ཆུ་ནི་ཁྱོར་གང་ཙམ་ཡོད་ལ།། ས་གཞི་དེ་ཡང་དྲོ་བ་དང་།། ཁང་པ་བརྩེགས་པ་གང་དག་ལ།། རྡོ་ཐལ་སྔོན་པོར་འདུག་པ་དང་།། བྱུ་རུ་ལྟ་བུར་མདོག་དམར་ཞིང་། ། བར་བར་དུ་ནི་གནས་པ་དང་།། ཡང་ན་རབ་ཏུ་མདོག་སྔོ་ཞིང་།། ཕུག་རོན་མདོག་ལྟར་འདུག་ཀྱང་རུང་།། དེ་བཞིན་རོ་ནི་ཁབ་དང་།། གང་ན་གཟུགས་ནི་མདོག་སྡུམ་ཞིང་། བཀྲུས་ཀྱང་ཤིང་དུ་སྐམ་པ་ཡོད།། དེ་བཞིན་དྲི་དང་མེ་ཏོག་འཕྲེང་།། དོན་སྤོང་པོར་ལྡན་པ་སྟེ།། ཡན་ལག་འབྲུ་མར་བསྐུས་པ་ལ།། མི་ཡི་ལྷ་ཡིས་བལྡག་བྱས་ནས།། མྱུར་དུ་ཡལ་བར་འགྱུར་བ་དང་། ། གང་ན་རྡོ་རྗེའི་གཟུགས་ཡོད་པ།། ཐུར་དུ་ཡང་ནི་ལྟ་བར་བྱེད།། ཕྱོགས་གཅིག་ན་ནི་ལྷ་གཞན་གྱི།། ཤིང་ངམ་ཡང་ན་ནི་གཟུགས་ཡོད།། མགོ་ལ་རྫ་ཐོགས་ཅི་སྟེ་སྣང་།། རྫིང་བུ་འགྲམ་གྱི་གནས་དག་ན། ། ནོར་ལྷ་ཡོན་བུ་ཡི་གཟུགས།། ནུབ་ཕྱོགས་ཕྱོགས་པ་དེ་འདུག་བཞིན།། ཤར་ཕྱོགས་ལོགས་སུ་ལྟ་བ་དང་།། རྫིང་བུའི་འགྲམ་ནམ་མོ་གནས།། ནུབ་ཕྱོགས་ཕྱོགས་པ་དེ་འདུག་བཞིན། ། ཤར་ཕྱོགས་ལོགས་སུ་ལྦ་བ་དང་།། ཁྲོན་པའི་ཕྱོགས་གཅིགསངས་རྒྱས་གཟུགས།། ཙ་སྡེ་དུར་ཁྲོད་གནས་དགན།། སངས་རྒྱས་གཟུགས་འདྲ་སྣང་བ་དང་།། ཆུ་མེད་ཕྱོགས་ན་སྦྲུལ་པ#་དང་། གང་ན་མི་རོ་མགོ་མེད་འདྲ།། རྡོ་འམ་ཡང་ན་ཤིང་ལ་བྱས།། ལམ་གྱི་བཞི་མདོ་གང་དག་ན།། ཅི་ས་དབང་པོའི་གཟུགས་སྣང་ཞིང་།། སྒྲ་ཆེན་ལ་ནི་ཞོན་བཞིན་དུ།། བུམ་པ་མགོ་ལ་ཐོགས་ནས་ཀྱང་། ། ཐུར་དུ་ལྟ་བ་ཡོད་པ་དང་།། མི་རྣམས་ཡོངས་ཀྱི་མི་གནས་པའི།། ཤིང་མེད་པ་ཡི་གནས་དག་ན།། མ་མོ་དག་ཀྱང་གནས་འགྱུར་ལ།། མཚན་ནི་ཐུར་དུ་ལྟ་བ་དང་།། ཤིང་གི་ཚལ་ནི་གང་དག་ན། ། ཅི་སྟེ་གླང་ཆེན་གཟུགས་ཡོད་དང་།། གྲོང་ནས་ཀྱང་ནི་རྒྱང་རིང་བ།། གང་ན་ཕག་གི་གཟུགས་ཡོད་པ།། རྡོ་འམ་ཡང་ན་ཤིང་ལས་བྱས།། ཤིང་གི་ཚལ་གྱི་དབུས་དག་དང་།། ཤིང་མཚམས་བར་ལ་སོགས་པ་ན། ། དབང་ཕྱུག་གི་ནི་གཟུགས་ཡོད་དེ།། དེ་ན་རྟག་ཏུ་ཐུར་དུ་ལྟ།། ཁྲོན་པའི་ཕྱོགས་གཅིག་གནོད་སྦྱིན་གནས།། གཟུགས་བརྙན་སྟེགས་བུར་བཅས་པ་སྟེ།། གང་ན་ཀླུ་དང་གནོད་སྦྱིན་དང་། ། ཡང་ན་གཏུམ་པོའམ་བརྒྱ་བྱིན་གྱི།། ཤ་ཚུགས་འདྲལ་ཤིང་རིགས་ཐོགས།། གང་ན་གྲང་གི་གཟུགས་ཡོད་དང་།། གྲང་གི་གཟུགས་ནི་ཤིང་ལས་བྱས།། ཡང་ནས་ལས་བྱས་པ་ཡོད། ། ཤིང་གི་ཚུལ་གྱི་ཕྱི་རོལ་ན།། གང་ན་ཀླུ་ཡི་རྡོ་གཟུགས་ཡོད།། ལམ་གྱི་བཞི་མདོ་གང་དག་ན།། ཀླུ་ནི་གཅིག་པུ་གནས་པ་ལ།། ཤིང་རྣམས་ཀྱིས་ཀྱང་བསྐོར་བ་སྟེ།། མི་རྣམས་མེད་བའི་ས་ཕྱོགས་བཟང་། ། ཆུ་མེད་པ་ཡི་དགོན་པ་ན།། ཀླུ་ཡི་མཆོད་ཤིང་ཁ་གྲག་བཞི།། དུར་ཁྲོད་ན་ནི་སྦྲུལ་འདྲའི་ཤིང་།། ཡང་ན་ཀླུ་ཡི་མཆོད་ཤིང་ཡོད།། དུར་ཁྲོད་དེ་ན་ཤིང་ཡོད་པ།། ཀླུ་ཤིང་དག་གིས་ཀུན་ནས་བསྐོར།། དུར་ཁྲོད་གང་ན་ཁྱི་དང་ནི།། ཡང་ན་ཝ་ནི་རྟག་ཏུ་གནས།། གྲོག་མ་ཁར་བ་ཡི་དུས་ཀུན་ཏུ།། ཝ་རྣམས་སྣང་བ་ཡོད་པ་དང་།། དགུན་ཞིང་གྲོང་གི་ཕྱི་རོལ་དུ།། ཕྱུགས་ནི་རྟག་ཏུ་ཉལ་བར་བྱེད། ། ཕག་གམ་ཡང་ན་ཁྱི་ཡང་རུང་།། སོང་ནས་རྟག་ཏུ་ལྟ་བ་དང་།། རྐང་ལག་དག་གིས་འདྲུ་བར་བྱེད།། བྱ་རོག་ས་ལ་འདུག་ནས་ནི།། རྟག་ཏུ་ཐུར་དུ་ལྟ་བར་བྱེད།། གྲོག་མཁར་གྱི་ནི་ཕྱོགས་གཅིག་ན། ། གང་དུ་བྱ་རོག་མཆུ་དག་གིས།། རྟག་ཏུ་རྐོ་བར་བྱེད་པ་དང་།། ས་ནི་རྟག་ཏུ་དུད་པར་འཐུལ།། གང་ནས་ནི་དཀར་པོར་སྣང་།། དབྱར་ཞིང་སྐམ་ལ་རྩུབ་པ་དང་།། རྟག་ཏུ་ཡང་ནི་དུད་པར་འཐུལ། ། གཙང་མའི་གནས་ནི་གང་དག་ན།། རྟག་ཏུ་མི་གཙང་སྣང་བ་དང་།། ཉི་མ་ནུབ་ཀ་དག་ཏུ་ཡང་།། དུད་པ་མེད་པར་དུད་འདྲ་སྣང་།། དབྱར་ཞིང་དྲ་བས་ཁེབས་འགྱུར་ལ།། ཁོ་ར་ཁོར་ཡུག་གས་པ་དང་། ། རྟག་ཏུ་ཡང་ནི་རབ་ཏུ་འབར།། ཤིང་དྲུང་གང་ན་རྟགའ་བར་དང་།། གེལ་བ་འཁྲི་ཤིང་མེད་པ་ལ།། དབྱར་ཞིང་ཐོག་ཐོག་འབར་བ་དང་།། རྟག་ཏུ་ཚ་སྒྲོ་གང་དག་ན།། ས་ནི་འཁོར་ལོ་ག་ཤོལ་དག་གིས།། ཁེབས་པར་སྣང་བ་ཡོད་པ་དང་།། གྲང་བའི་དུས་ན་དྲོ་བ་དང་།། དྲོ་བའི་དུས་ན་གྲང་བ་དང་།། གཞན་དག་གིས་ནི་མ་འདྲེས་པའི།། ཤིང་གི་ཚལ་གྱི་དབུས་དག་ན། ། མི་ཡི་ཐོད་པ་ཁྲུང་ཆེན་ཡོད།། ཨ་ནིན་ཛ་བྱི་ཛན་ཀན་ཏེ།། ཤིང་མེད་གནས་ན་གཏེར་ཡོད་དོ།། ཁང་པ་དོག་བདག་ན་ཡང་།། བྲག་ཆའི་སྒྲ་ནི་ཡོད་པ་དང་།། མེ་ཏོག་མེད་ཅིང་འབྲས་བུར་ལྡན། ། འབྲས་བུ་ལ་ཡང་མེ་ཏོག་ཆགས།། ཤིང་གང་འབྲས་ལས་འབྲས་བུ་འབྱུང་།། མེ་ཏོག་ལས་ཀྱང་མེ་ཏོག་སྐྱེས།། དཀྱིལ་འཁོར་གཞི་དང་འདྲ་བ་ཡི།། ས་ནི་རབ་ཏུ་འབར་བ་ཡོད།། གང་ན་ཡལ་ག་གཅིག་པུ་ལས། ། འབྲས་བུ་འབྱུང་གི་གཞན་ལས་མིན།། ལོ་མ་མེད་པའི་ཡལ་ག་ལས།། མེ་ཏོག་གང་ནས་འབྱུང་བ་ཡོད།། ཉིན་པར་ལོ་མ་འཁུམ་འགྱུར་ཞིང་།། མཚན་མོ་འདུ་བར་འགྱུར་བ་དང་། ། ཤིང་གཉིས་རྩེ་མོའི་ཡལ་ག་དང་།། རབ་ཏུ་འདུ་བར་འགྱུར་བ་ཡང་།། རྫིང་གི་འགྲམ་ན་སྟོབས་བཟང་གཟུགས།། ཤར་ཕྱོགས་སུ་ནི་ཁ་ལྟ་ཞིང་།། སྲེད་མེད་བུ་ཡང་ལྡེ་ཕྱག་འདུག། ཅི་སྟེ་རྫིང་གི་འགྲམ་དག་ན།། སངས་རྒྱས་སྐུ་གཟུགས་ཡོད་པ་དང་།། ཀུན་དགའ་ར་བའི་ཕྱོགས་གཅིག་ན།། ཅི་སྟེ་གནོད་སྦྱིན་གཟུགས་ཡོད་དང་།། ཀུ་བ་ཡི་ནི་ལོ་མ་རྣམས།། ཕུར་མར་ཆགས་ཤིང་བུ་གུ་ཡོད། ། ཅི་སྟེ་ཞིང་གི་དབུས་དག་ན།། ཀླུ་ཡི་གཟུགས་དང་སྐུལ་ཀ། ཡང་ན་བདེ་བྱེད་མཚན་ཡོད་དང་།། ཅི་སྡེ་ཞིང་གི་དབུས་དག་ན།། ཁྲོན་པ་འགའ་ཞིག་ཡོད་པ་དང་། བདེ་བྱེད་གནས་ཀྱི་སྟེགས་བུ་ཡི།། ཕྱོགས་གཅིག་ན་ནི་གཟུགས་གཞན་ཡོད།། ལམ་གྱི་བཞི་མདོའི་ཤིང་དྲུང་ན།། ཅི་སྟེ་ཁྲོན་པ་ཡོད་པ་དང་།། དུར་བ་དཀར་པོའི་ཕྱོགས་བཞི་ནས།། རྣམས་ཀྱིས་ཀྱང་བསྐོར་བ་དང་།། ཤིང་ལ་ཅི་སྟེ་གཟུགས་ཡོད་དང་།། ས་ལ་སྦྲང་མས་རྟག་ཏུ་བསྐོར།། ས་ཕྱོགས་བཟང་པོར་དབྱར་གྱི་དུས།། སྲིན་ཕྱིས་ཕུང་པོ་སྣང་བ་ཡོད། ། རྟགས་འདི་རྣམས་ལས་གཏེར་རྣམས་ཀྱི།། མཚན་མ་དག་ནི་བརྟགས་བྱས་ཏེ།། འབྱུང་བ་དག་ནི་ངས་པོ་ཤད་ཟིན།། དེ་ནས་ཐུགས་པར་བྱ་བའི་སྨན།། གང་དག་གིས་ནི་རྔོག་འགྱུར་ནས། ། རྟག་ཏུ་ཐེ་ཙོམ་མེད་འགྱུར་བའི།། བླུགས་སྨན་ཆོ་ག་མཉན་པར་གྱིས།། འབྲས་ཆན་ཞོས་སྦྱར་ཏིལ་ཕྱེ་དང་།། ཀུཉྫ་ར་ཡི་མེ་ཏོག་རྣམས།། མ་ཧེའི་འོ་མས་སྦྱར་བར་བྱ།། སྣ་མའི་མེ་ཏོག་བཏག་པར་བྱ།། ཀ་ར་ཝཱ་རའི་མེ་ཏོག་རྣམས།། མ་ཧེའི་འོ་མ་པ་གཅིན་སྦྱར།། སྲན་ཆུང་ཏིལ་དང་ལྷན་ཅིག་ཏུ།། ཆུ་ཡིས་སུ་ནི་བཏག་པར་བྱ།། ཀུན་དའི་མེ་ཏོག་བླངས་བྱས་ལ།། འོ་མཙན་དན་དག་དང་སྦྱ་རི། ། ཨིནྡྲ་པྲིག་ཤའི་ལོ་མ་རྣམས།། ཞོ་ག་ཆུ་དང་བཏག་པར་བྱ།། ཉ་ལྕིབས་ས་ནི་བླངས་ནས་ཀྱང་།། ཆུ་དང་ལྷན་ཅིག་བཏག་པར་བྱ།། ཀུན་དའི་མེ་ཏོག་མ་བྱེ་བ།། བླངས་ནུནས་འོ་མས་སྦྱར་བར་བྱ། ། ཨརྐ་དམར་པོའི་ལོ་མ་རྣམས།། འོ་མ་ཡིས་ནི་སྦྱར་བར་བྱ།། ཨ་ཤ་ན་ནི་ཞོ་དང་སྦྱར།། མཁས་པས་བླུགས་སྨན་དེ་བྱས་ལ།། རང་བཞིན་གྱུར་པར་རྟོགས་ནས་ནི།། ནོར་ཡོད་པར་ནི་བསྟན་པ་ཡིན།། གཞན་དག་ཀྱང་ནི་བཤད་བྱ་སྟེ།། མོ་བསྲེགས་པ་ཡི་ཁམ་པོར་དག། འབྲས་ཕྱེ་ལྡེ་གུས་བསྐུས་བྱས་ལ།། མཛུབ་གང་བརྐོས་ནས་གཞག་པར་བྱ།། རང་བཞིན་གཞན་དུ་གྱུར་ན་ནི། ། ནོར་རྣམས་ཡོད་པར་ཤེས་པར་བྱ།། ཡུངས་ཀར་ཨ་དའི་མེ་ཏོག་རྣམས།། གོང་བུ་དག་ཏུ་བརྫིས་ནས་ནི།། རང་བཞིན་གྱུར་ན་ནོར་ཡོད་དོ།། འབྲས་རྣམས་ཏིལ་དང་ལྡན་ཅིག་ཏུ། ། ཞོ་དང་སྦྱར་ཏེ་གོང་བུར་བྱས།། ཁམ་ཕོར་ཁ་སྦྱར་ནང་བཅུག་ལ།། མཛུབ་གང་བརྐོས་པའི་འོག་ཏུ་གཞག། རང་བཞིན་གྱུར་ན་ནོར་ཡོད་དོ།། དགུན་སྨད་དུས་སུ་དུས་རྣམས་ནི།། མར་གྱིས་བཀང་སྟེ་བརྐོས་ནས་གཞག། ཞུ་བར་གྱུར་ན་ནོར་ཡོད་དོ།། ལྷ་རྣམས་སེམས་ཅན་དོན་གྱི་ཕྱིར།། བླུགས་སྨན་དམ་པའི་ཆོ་ག་རྣམས།། བདག་གིས་སུ་ནི་བཤད་པ་ཡིན།། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། ། མིག་སྤྱན་གང་གིས་མིག་བསླུས་ན།། ས་ལ་གཏེར་ཀུན་མཐོང་འགྱུར་བའོ།། མིག་སྨན་རྣམས་ཀྱང་བཤད་པར་བྱ།། འུག་པའི་མཆི་མ་ཟགས་པ་ཡིས།། ལིག་པུ་མིག་ནི་བསྒོས་ནས་ཀྱང་། ། ལྡོང་རོས་དག་དང་ལྷན་ཅིག་ཏུ།། བློ་ཅན་གྱིས་ནི་མིག་ཀྱང་བསྐུ།། ལྡོང་རོས་དང་ནི་ཤིང་མངར་དང་།། གིའུ་ཝང་དང་ནི་འུག་པ་ཡི།། མིག་རྣམས་ལྷན་ཅོག་སྦྱར་བྱས་ལ། བྲོ་ལྡན་གྱིས་ནི་མིག་ཀྱང་བསྐུ།། ར་ཡི་གཅིན་དང་དེ་བཞིན་དུ།། བྱི་ལ་ཡཾ་ནི་གཙུན་བླངས་ལ།། འུག་པའི་མིག་དང་ལྷན་ཅིག་ཏུ།། དུད་པ་བཀག་སྟེ་བསྲེག་པར་བྱ།། ལིག་བུ་མག་དང་སྦྱར་བྱས་ལ། ། བློ་ལྡན་གྱིས་ནི་མིག་ཀྱང་བསྐུ།། རྡུལ་བྱེའུ་རང་ནི་ཤི་བ་ཡི།། ཁོང་དུ་ལིག་བུ་མིག་བཅུག་ལ།། དུད་པ་བཀག་སྟེ་བསྲེགས་པ་ནི།། མིག་སྨན་རབ་ཏུ་བཟང་བ་ཡིན།། འཛིན་མོའོ་མགོ་ཟའི་ནང་དག་ཏུ། ། ལིག་པུ་མིག་ནི་བཅུག་ནས་ཀྱང་།། དུད་པ་བཀག་སྟེ་བསྲེགས་ན་ནི།། མིག་སྨན་རབ་ཏུ་བཟང་བ་ཡིན།། ནེའུ་ལེའི་མགོ་བོ་བླངས་ནས་ནི།། ཡི་ནང་དུ་ལྡོང་རོས་གཞུག། དུད་པ་བཀག་སུཾ་བསྲེགས་པ་ནི།། མིག་སྨན་རབ་ཏུ་བཟང་བ་ཡིན།། མཐིང་རིལ་སྒོ་ང་བྱ་ག་ག་སྒོང་།། དེ་བཞིན་སྦྲུལ་མགོ་དེ་དག་རྣམས།། དུད་པ་བཀག་སྟེ་གཞག་པ་ནི། ། མིག་སྨན་རབ་ཏུ་བཟང་བ་ཡིན།། ན་མ་ཀ་རི་སྦྲུལ་མགོ་དང་།། ལིག་བུ་མིག་དང་སྦྱར་བྱས་ནས།། དུད་པ་བཀག་སྟེ་བསྲེགས་པ་ནི།། མིག་སྨན་རབ་ཏུ་བཟང་བ་ཡིན། ། རང་ཤི་བ་ཡི་སྦྲུལ་དག་གི། ཁོང་དུ་ལིག་བུ་མིག་བཅུག་ལ།། ལྡོང་རོས་དང་ནི་ལྷན་ཅིག་ཏུ།། དུད་པ་བཀག་སྟེ་བསྲེགས་པ་ནི།། མིག་སྨན་རབ་ཏུ་བཟང་བ་ཡིན།། ནམ་སྐ་རི་གིའུ་ཝང་དང་། ། འུག་པ་ཡོན་མིག་རྣམས་དང་།། འཛིན་མོའི་མགོ་དང་ཆ་མཉམ་པར།། དུད་པ་བཀུག་སྐྱེ་བསྲེག་པར་བྱ།། ལུང་བོང་གི་ནི་མིག་གཉིས་དང་།། དེ་བཞིན་བྱི་བའི་མིག་གཉིས་དང་། བྱ་རྒོད་མགོ་དང་ལྷན་ཅིག་ཏུ།། དུད་པ་བཀག་སྟེ་བསྲེགས་པ་ནི།། མིག་སྨན་རབ་ཏུ་བཟང་བ་ཡིན།། སྤྲེའུའི་མཇུག་མ་དག་དང་ནི།། དེ་བཞིན་འཛིན་མོའི་མིག་གཉིས་དང་།། སྦྲུལ་གྱི་མགོ་དང་ལྡན་ཅིག་ཏུ། ། དུད་པ་བཀག་སྟེ་བསྲེགས་པ་ནི།། མིག་སྨན་ཀུན་གྱི་མཆོག་ཡིན་ནོ།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། མིག་སྨན་གྱི་ནི་སྦྱོར་བ་མཆོག། ལྷ་རྣམས་བདག་གིས་བཤད་པ་ཡིན།། མིག་སྨན་རྣམས་དང་བླུགས་སྨན་རྣམས་ལ་ནི་ཉེ་བའི་སྙིང་པོ་སྦྱར་བར་བྱའོ།། གཏེར་གྱི་ལས་ཐམས་ཅད་ནི་རིག་སྔགས་ཀྱི་རྒྱལ་པོས་བྱའོ།། ཉེ་བའི་སྙིང་པོའི་ལས་རྫོགས་སོ།། ། ངས་སྔར་བཤད་པའི་ཕོ་ཉ་མོ་གང་ཡིན་པ་ཐམས་ཅད་ཀྱི་པོ་ཉ་མོའི་ལས་བཤད་པར་བྱའོ།། ལྷ་རྣམས་རིག་སྔགས་ཆེན་མོ་སྟོབས་ཆེན་མོའི་འཕྲུལ་གྱི་རིག་སྔགས་དེ་དག་གི་རིག་སྔགས་ཀྱི་གའི་ལས་ཀྱང་བཤད་པར་བྱའོ། ། དེ་ལ་པོ་ཉི་མོ་ཐམས་ཅད་ཀྱི་ལས་ནི་འདི་ཡིན་ཏེ། ལོངས་སྤྱོད་ཀྱིགནི་སྒྲུབ་པར་འདོད་པས་ཞག་གསུམ་སྨྱུང་བ་བྱས་ལ།། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལྷ་བཤོས་སྣ་ཚོགས་ཕུལ་ནས་མཆོད་པ་བྱས་ཏེ། པྲྀ་ཡང་ཀུའི་ཤིང་གིས་མེ་སྦྱར་ལ་པྲི་ཡང་ཀུ་དང་། གིའུ་ཝང་དང་། རིལ་བུ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱི་ཐ་མར་ལོངས་སྤྱོད་ཀྱི་གཞི་འཐོབ་པར་འགྱུར་རོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་མཆོད་སྦྱིན་བྱས་པའི་མཆོད་སྡོང་བླངས་ནས་མི་རོ་བསྲེགས་ན།། རིག་སྔགས་ཀྱི་སྙིང་པོ་དང་ལྡན་པར་བཟླས་བརྗོད་བྱེད་བཞིན་དུ་མདག་མོ་བླངས་ལ། བླངས་པ་དེ་སྤྱན་གྱི་སྔགས་བཟླས་བརྗོད་བྱེད་བཞིན་དུ་ཕུག་རོན་གྱི་ཁུང་དུ་ཤི་བར་བྱས་ཏེ། ཕྱི་མ་མར་གྱི་ངོ་ཞག་བཅུ་བཞི་ལ་ལྷ་ཆེན་པོའི་གནས་སུ་སོང་ནས་ལོག་འདྲེན་གྱི་སྔགས་ཀྱིས་གཏོར་མའི་ཆོ་ག་ཐམས་ཅད་བྱས་ལ། ཞག་གཅིག་སྨྱུང་བ་བྱས་ཏེ་སྡུམ་བུ་སོ་མའི་འདབ་མ་བདུན་བླངས་པའི་སྟེང་དུ་སོལ་བ་གཞག་ནས། གཟུགས་ཀྱི་ལྷོ་ཕྱོགས་སུ་རིག་སྔག་བཟླས་བརྗོད་བྱ་སྟེ། དུད་པ་འཐུལ་བའི་བར་དུ་བཟླས་བརྗོད་བྱས་ལ།། དེ་བླངས་ནས་ནང་པར་བྲམ་ཟེ་རྣམས་དང་དགེ་སློང་གི་དགེ་འདུན་ལ་མཆོད་སྟོན་བྱས་ལ། དེ་ནས་སྦྱར་བར་བྱ་སྟེ། ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ཞིང་། ཚེ་ལོ་ལྔ་བརྒྱ་ཐུབ་ལ་ཕོ་ཉ་མོ་ཐམས་ཅད་དབང་དུ་འགྱུར་རོ།། ཟས་སུ་འོ་མའི་འདག་གུ་ཟ་ཞིང་ཆོས་གཅིག་ལ་བརྩམས་ཏེ། ཚེས་བདུན་གྱི་བར་དུ་རིག་སྔགས་བཟླས་བརྗོད་བྱས་ནས་ཞག་གཅིག་སྨྱུང་བ་བྱས་ལ་དཀའ་བཟློག་མའི་གནས་སུ་སོང་སྟེ། འབྲས་ཕྱེ་ལས་མདུང་རྩེ་གསུམ་པ་བྱས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཡུལ་གྲུ་ཐོབ་པར་འགྱུར་རོ།། ། ཆོ་ག་འདི་ཉིད་ཀྱིས་མ་མོའི་གནས་སུ་སོང་ལ་མཆོད་པ་བྱས་ཏེ་དབང་ཕྱུག་ཆེན་པོའི་སྔགས་ཀྱི་ས་ལས་ཐམས་ཅད་བྱའོ།། མ་མོའི་གཙོ་བོའི་མདུན་དུ་འབྲས་ཕྱེ་ལས་འཁུར་བ་བཀྲ་ཤིས་ལྡན་པར་བྱས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཡུལ་གྲུ་སྦྱིན་པར་བྱེད་དོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྦྱང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སྣ་མའི་མེ་ཏོག་ཁམ་བྱེ་བ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཕོ་ཉ་མོ་ཐམས་ཅད་ལས་སོ་ཅོག་བྱེད་པར་འགྱུར་རོ། ། རིག་སྔགས་ཀྱི་རྒྱལ་པོ་སྒྲུབ་པའི་ལས་རྣམས་ལ་ནི་ཕོ་ཉ་མོ་རྣམས་སྦྱར་བར་བྱའོ།། ཕོ་ཉ་མོ་རྣམས་ལ་ནི་བདུད་རྩི་ཐབ་སྦྱོར་དང་དགའ་བྱེད་གདོང་སྦྱར་བར་བྱའོ། ། བདུད་རྩི་ཐབ་སྦྱོར་ལ་སོགས་པའི་གསང་རྫ་ཐ་བས་ཅད་ལ་ནི་རིག་སྔགས་ཀྱི་རྒྱལ་པོ་དང་སྤྱན་སྦྱར་བར་བྱའོ།། ཡང་ན་བཅོམ་ལྡན་འདས་མཉི་ཚེ་སྦྱར་བར་བྱའོ།། གདོན་ནོ་ཅོག་དབྱེ་བར་འདོད་ན་མ་དནའི་ཚེར་མ་དུག་དང་ཁྲག་གི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འབྱེ་བར་འགྱུར་རོ།། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་སྨིན་དྲུག་གི་བུའི་གནས་སུ་སོང་ནས། རིག་སྔགས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་གཞན་གྱི་ཡིད་དུ་འོང་བར་འགྱུར་རོ།། སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་ན་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྤྱད་བ་བྱས་ཏེ། ལྷ་ཆེན་པོའི་གནས་སུ་སོང་ལ་གཟུགས་ཀྱི་ལྷོ་ཕྱོགས་སུ་སེང་ལྡེང་གི་ཤིང་གིས་མེ་སྦར་ནས། ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་སྐྱེས་པ་དང་བུད་མེད་དབང་དུ་འགྱུར་རོ། ། མར་གྱི་ངོ་ཚེས་བདུན་ལ་རྒྱུ་སྐར་ས་རིལ་བབ་པའི་ཚེ། བིལ་བ་ལས་ཤིང་བརྙན་བདུན་སྐྱེས་པ་བླངས་ནས་དུག་མོ་ཡུངས་ཀྱི་ཤིང་དྲུང་ལན་སྟོང་བཟླས་བརྗོད་བྱས་ཏེ་བཙུགས་ན་གྲོང་ཁྱེར་གྱི་མི་ཐམས་ཅད་གཉིད་ལོག་པར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་སྤོས་ཀྱི་རེང་བུ་བླངས་ཏེ་མིའི་ཚོལ་གྱིས་བསྒོས་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལྷ་ཆེན་པོའི་གནས་སུ་སོང་ནས་མཆོད་པ་རྒྱས་པར་བྱས་ལ་གཟུགས་ཀྱི་ལྷོ་ཕྱོགས་སུ་སྤོས་ཀྱི་འདག་གུས་མདུང་རྩེ་གསུམ་པ་བྲིས་ནས། དེའི་སྟེང་དུ་མིའི་ཐོད་པ་བཞག་པ་ལ་འདུག་སྟེ། ཐོད་པའི་སྣོད་མི་ཚིལ་གྱིས་བཀང་བའི་ནང་དུ་སྤོས་ཀྱི་རེང་བུ་བཞག་པ་ལས་ཐོད་པའི་ནང་དུ་དུད་པ་ཆགས་པར་བྱས་ནས། དེ་བླངས་པ་ལག་ན་རྡོ་རྗེ་དང་། ལྷ་ཆེན་པོ་དང་། གྲོགས་རྣམས་ལའང་སྐལ་བ་བྱིན་ཏེ། དེ་ནས་མིག་གཉིས་བསྐུས་ན་ལུས་མི་སྣང་བར་འགྱུར་ཞིང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་སྟོབས་པོ་ཆེ་ཚེ་ལོ་དགུ་བརྒྱ་ཐུབ་པར་འགྱུར་རོ།། གདོན་ལས་ཐར་པར་བྱ་བར་འདོད་ན་ཨ་ཤྭཏྠའི་ཤིང་གིས་མེ་སྦར་ཏེ་ལན་ཚྭ་དང་སྐེ་ཚེས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཚེ་བཏོན་ནས་གཏོར་བར་འགྱུར་རོ། ། དགུན་ཟླ་ཐ་ཆུང་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་མེ་སྦར་ནས་དྲིན་ཤུ་ལེའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་པོ་ཉ་མོ་ཐམས་ཅད་ཀྱིས་དམ་པ་སྦྱིན་པར་འགྱུར་རོ། ། ཚེགས་ཀྱི་བདག་པོ་ལྕགས་ཅན་ནི་པོ་ཉམོ་ཐམས་ཅད་ཀྱི་གཞན་འདེབས་པ་དང་། སྒྲུབ་པ་བྱེད་པར་ངས་བསྐོས་ཏེ། དེ་དྲན་པར་བྱས་ན་པོ་ཉ་མོ་ཐམས་ཅད་མདུན་ན་འཁོད་པར་འགྱུར་རོ།། ང་དང་ལྷ་རྣམས་ཀྱི་སྙིང་པོ་ལྟ་བུར་གྱུར་པ། འབྱུང་པོའི་བདག་པོ་ཆོ་ག་རྒྱས་པ་སྒྲུབ་པ་ཕོ་ཉ་མོ་ཐམས་ཅད་ཀྱི་ཡིད་དང་འཐད་པ་ཚོགས་ཀྱི་བདག་པོ་ལྕགས་ཅན་བཤད་པར་བྱའོ། ། ན་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཏདྱ་ཐཱ། རབ་རབ། དྷཱ་བ་དྷཱ་བ། མ་ར་མ་ར། བྷཉྫ་བྷྱཉྫ། ཧྱན་ཧན། དཱཧདཧ། བཙ་བ་ཙྪ། གྲྀཧྞ་གྲྀཧྞནྡ། བྷིནྟ་བྷིཿ། ཧན་ལ་ཧ་ཀ་བཛྲ་ནཎ་སྭཱ་ཧཱ། ལྕགས་ཅན་སྟོང་ལྟ་བུར་གྱུར་བ། འབྱུང་པོའི་བདག་པོ་ཆོ་ག་རྒྱས་པར་སྒྲུབ་བོ།། ཚོགས་ཀྱི་བདག་པོའི་ཕོ་ཉ་མོ་ཐམས་ཅད་ཀྱི་ཡིད་དང་འཐད་པ་བཤད་དེ། ན་མོ་བཛྲ་པཱ་ཎི་ཡེ། ན་མ་ཨཱི་ཤྭ་ར་ས། ན་མོ་ནནྡ་ཀེ་ཤྭ་རཱ་ཡ། རུ་ལུ་རུ་ལ། པི་ལ་ཏ་མ་ཏཾ་གི། ཙ་ལ་ལོ་ཧ་ཀ། དུ་ཥྚ་ས་གྲ་ཧ་མི་ནན་ཨཱ་བཻ་ཤ་ཡ་སྭཱ་ཧཱ། འདི་ནི་ཚོགས་ཀྱི་བདག་པོ་ལྕགས་ཅན་པོ་ཉ་མོ་རྣམས་ཀྱིས་གཞེན་འདེབས་པ་དང་། སྒྲུབ་པར་བྱེད་པ་ཐོགས་པ་མེད་པའི་ལས་ཅན་ནོ། ། གདོན་དབབ་པ་ཐམས་ཅད་ལ་ནི་མེ་ཏོག་གིས་བྱའོ།། ལས་སོ་ཅོག་ལའང་ཚོགས་ཀྱི་བདག་པོ་ལྕགས་ཅན་བརྗོད་ནས་ལས་ཐམས་ཅད་བྱའོ།། ཞག་གསུམ་སྨྱུང་བ་བྱས་ནས་མར་གྱི་ངོ་ཞག་བརྒྱད་ལ་ལག་ན་རྡོ་རྗེའི་མདུན་དུ་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་བཻ་ཀཾ་ཀ་ཏའི་ཤིང་གིས་མེ་སྦར་ལ་བིལ་བའི་ཡམ་སྲོག་ཤིང་བརྒྱ་སྟོང་སྦྱིན་སྲེག་བྱས། དེའི་འོག་ཏུ་ཚོགས་ཀྱི་བདག་པོ་ལྕགས་ཅན་གྱིས་མཚན་མོ་རྨི་ལམ་དུ་བསྟན་པར་འགྱུར་རོ།། དེ་ནས་པོ་ཉ་མོ་རྣམས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཕོ་ཉ་མོ་རྣམས་ཀྱི་ཆོ་ག་རྫོགས་སོ།། ། ལོག་འདྲེན་རྣམས་ཀྱི་རིག་སྔགས་བཤད་པ་གང་ཡིན་པ་དེ་ཉིད་སྙིང་པོའི་མཆོག་ཀྱང་བཤད་པར་བྱ་སྟེ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་པི་ཏི་ཏ་མ་ཏིསྟེ་ཧ། སྙིང་པོའི་ལས་རྣམས་འབྱུང་སྟེ། སྒྲུབ་པ་ཐམས་ཅད་དང་། ལས་ཐམས་ཅད་ལ་ལས་འདི་ཉིད་ཀྱིས་བྱ་སྟེ། གུ་གུལ་དང་ནི་ཡུངས་ཀར་དང་།། གིའུ་ཝང་ཤུ་དག་རུ་རྟ་དང་།། སུག་སྨེལ་ཡང་ནི་དེ་བཞིན་ཏེ།། སྒྲོན་ཤིང་དང་ནི་ཐང་ཤིང་དང་། ། ཙན་དན་དང་ནི་ཨ་ཀ་རུ།། ཨ་ལེ་ཡ་ཀ་པད་ཏྲ་དང་།། གེ་སར་འདི་རྣམས་ཆབསྙམས་ལ།། ཆུ་དང་ལྷན་ཅིག་བཏག་པར་བྱ།། གང་ན་སྦྱར་སྨན་འདི་གནས་པ།། དེར་ནི་འཇིགས་པ་མི་འབྱུང་སྟེ། ། ཆོམ་རྐུན་མ་ཡིན་མཚོན་རྣམས་མིན།། སྦྲུལ་རྣམས་མ་ཡིན་ལྷ་མིན་མིན།། ལག་ན་རྡོ་རྗེའང་འདིས་བསྐུས་པས།། ས་སྟེང་དག་ཏུ་རྒྱལ་བར་འགྱུར།། འདི་ཡིས་ལུས་ལ་བསླུས་པ་ནི། ། ལོག་འདྲེན་རྣམས་ལས་ཐར་པར་འགྱུར།། སྦྱར་སྨན་འདི་ནི་བྱས་ནས་ཀྱང་།། སྒྲུབ་པ་ཐམས་ཅད་བསྒྲུབ་བྱས་ན།། ལོག་འདྲེན་རྣམས་ཀྱིས་མི་ཚུགས་ཏེ།། ལག་ན། རྡོ་རྗེས་བཤད་པ་བཞིན།། ལོག་འདྲེན་རྣམས་ཀྱང་གཞན་འདེབས་པ།། སྒྲུབ་པ་བྱེད་པར་འདོད་པ་ནི།། འཕགས་པ་ལག་ན་རྡོ་རྗེས་བདུད་རྩི་ཐབ་སྦྱོར་བསྐོས་སོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཙན་དན་དམར་པོའི་ཁུ་བས་འཕགས་པ་བདུད་རྩི་ཐབ་སྦྱོར་བྲིའོ།། དེའི་གཡོག་སུམ་ཅུ་རྩ་གཉིས་ཀྱང་ཐལ་བས་བྲིའོ།། དེའི་ལོག་འདྲེན་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། ། བདུད་རྩི་ཐབ་སྦྱོར་ཡང་ལན་བརྒྱ་བཟླས་བརྗོད་བྱའོ།། དེ་ནས་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་ལོག་འདྲེན་རྣམས་འགྲུབ་པར་འགྱུར་རོ།། ལོག་འདྲེན་རྣམས་ཀྱི་ཆོ་ག་རྫོགས་སོ། ། །། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་རིག་པ་མཆོག་ལས་བཅོམ་ལྡན་འདས་མ་གོས་དཀར་ཅན་བཤད་པ་གང་ཡིན་པ་དེའི་ཕྱི་མའི་ལས་རྣམས་ངས་བཤད་ཀྱིས། ལྷ་རྣམས་ཉོན་ཅིག། སྒྲུབ་པ་ཐམས་ཅད་ལ་སྲུང་བ་ཡིན་ཏེ། ཆོམ་རྐུན་དང་། སྟག་དང་། སྦྲུལ་དང་། ཆུ་སྲིན་ན་བཀྲ་དང་། མ་ཧཱ་ཀ་ར་རྣམས་ལས་གནས་བསྲུང་བ་དང་། མཚམས་གཅད་པ་དང་། ཁ་བཅིང་བར་བྱ་བ་རྣམས་ཡིད་ཀྱིས་བྱའོ།། གཏེར་བྲང་བ་ནི་གཏེར་གང་ན་ཡོད་པ་དེར་སོང་ལ་སྨྱུང་བ་བྱས་ཏེ། དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ནས་བིལ་བའི་ཤིང་གི་མེའི་ནང་དུཡུངས་ཀར་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དེའི་འོག་ཏུ་གཏེར་སྟོན་པར་འགྱུར་ཏེ། དེ་ནས་བྲང་བར་བྱའོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་མཆོད་པ་བྱས་ནས་སྣ་མའི་མེ་ཏོག་བརྒྱད་སྟོང་ལན་རེ་བཟླས་བརྗོད་བྱས་ཏེ། འཕག་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྲང་དུ་བ་སྣུན་ལ་བཟླས་བརྗོད་རྫོགས་པའི་ཏིལ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན། དངོས་གྲུབ་གྲུབ་པའི་མཚན་མར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡན་ལག་དང་ཉིང་ལག་འགུལ་བར་འགྱུར་རོ།། དེ་ནས་གྲུབ་ནས་ཡུལ་གྲུ་འམཡང་ན་གསར་སྦྱིན་པར་འགྱུར་རོ། ། ཟླ་བ་གཅོག་གི་བར་དུ་སློང་མོའི་ཟས་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱས་ལ། དེ་ནས་རིག་སྔགས་འཆང་གིས་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། རས་མ་ཉམས་པ་ལ་ཚེན་རྩི་སྤྲིན་མེད་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདྲིར་གཞུག་སྟེ། འདམ་བུ་མདའ་རྒྱུའི་མདོག་ཅན། ཐོར་ཙུགས་བྱས་པ། ལག་པ་གཡོན་པ་ན་པདྨ་ཐོགས་བརྟགཡས་པ་ན་སྔགས་ཀྱི་ནོར་བུ་ཐོགས་ཏེ། བྲང་ན་དཔལ་གྱི་བེའུ་ཡོད་པ། པདྨ་ལ་བཞུགས་པར་བྱ། གཡས་ཕྱོགས་སུ་བཅོམ་ལྡན་འདས་མ་གོས་དཀར་ཅན་འདམ་བུ་མདའ་རྒྱུའི་མདོག་དང་ལྡན་པ། ཐོར་ཙུགས་བྱས་ཤིང་པདྨའི་འཕྲེང་བས་བརྒྱན་པ། པདྨ་ལ་བཞུགས་ཏེ་ཡིད་ཙམ་གྱིས་འདུད་པར་བྱའོ།། དེ་ནས་རིག་སྔགས་འཆང་སྤྱད་པ་བྱས་པས་མར་གྱི་ཞག་ལྔ་ལ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་ངུར་མོའི་སྐུ་གཟུགས་བཀྲུམ་སྟེ། མཆོད་པ་རྒྱས་པར་བྱས་ལ་ལྦ་བཤོས་གང་རྒྱས་པར་དབུལ་ལོ།། རི་མའི་གཟུགས་ཀྱི་མདུན་དུ་བླ་མང་བུའི་བྱིས་བརྫིས་པས་གཟུགས་བྱས་ཏེ། སྤྱན་རས་གཟིགས་ཀྱི་གསང་སྔགས་སྙིང་པོ་དྲང་བཅས་པས་ལ་ནུ་བརྒྱད་བརྒྱ་བཟླས་བརྗོད་བྱའོ།། དེ་ནས་མཇུག་འརྟུལ་ཏེ་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱས་པས་མཚམས་གཅད་པར་བྱའོ། ། བཅོམ་ལྡན་འདས་མས་ནི་སྟེང་དང་འོག་བཅིང་བར་བྱའོ།། སྟེང་དང་འོག་བཅིང་བ་ན་ལྷོ་ཕྱོགས་སུ་སྐར་མདའ་ལྟུང་བར་འགྱུར་ཏེ། དེ་ནས་དངོས་གྲུབ་འགྲུབ་པའི་མཚན་མར་ཤེས་པར་བྱའོ། ། དེ་ནས་རིག་སྔགས་འཆང་གིས་ཡང་ཉེ་རེག་བྱས་ལ་རི་མོའི་གཟུགས་ཀྱི་མདུན་དུ་ཀུ་ཤའི་སྟན་ལ་འདུག་སྟེ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་རི་མེའི་གཟུགས་འགུལ་ཞིང་སའང་གཡོ་བར་འགྱུར་རོ། ། དེ་ནས་འགྲུབ་པར་འགྱུར་ཏེ། བླ་མ་ལ་ཕྱག་བྱས་ནས་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་གྱེན་དུ་འཕགས་པར་བྱའོ།། འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་། དཔག་ཚད་སྟོང་དུ་གྱེན་དུ་འཕགས་ཤིང་རྣ་བ་གསང་ཞིང་མིག་རྣོ་བ་དང་། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པ་དང་། ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ།། ལུས་རྣམ་པའི་ས་འང་བ་ན་དུ་སྒྲུབ་ཤཱཊྚ་། ། གྲོས་དག་ན་ས་ས་སྔགས་གལག་ན་གས་པ་བྱུ་པའི་གས་སྟན་ངྱས་དྡྷ་ས་ཧླཱ།། ། སོ+ོ།། ཛ་རྣམ་ས་ན་ར་ཀཱཧཱ། ཀ~ཾ་ཥེ་ཀ་པ་ཀ་ཟིག་པར་སྭཱཧཱ། རིག་སྔགས་འདི་ལགན་རྡོ་རྗེའི་མདུན་དུ་འཕགས་པ་སྤྱན་རས་གཟིགས་དཔུང་ཕྱུག་གི་གཟུགས་གཞུག་པར་བྱའོ།། དེབོ་གམ་དུན་གས་ཀར་ཅན་གཞག་པར་བྱེ། ། དེ་ནས་རིག་སྔགས་འཆང་གིས་པར་གྱི་ཨུ0f7fཔརྟུལ་ཉིན་མཚོན་དུ་སྤྱད་བ་བྱུ་ཏྟ། དྲཱྀ་དང་། མེ་ཏོག་དང་། བདུག་པ་ལ་སོགས་པས་འཚོད་པ་བྱས་ནས། ཞག་གསུམ་གྱི་བར་དུ་བཟླས་བརྗིད་བྱས་ན།། དེ་ནས་གོས་དཀར་ཅན་འགྲུབ་པར་འགྱུར་རོ།། གོས་དཀར་ཙན་མ་ཆོག་རྫོགས་སོ།། ལྷ་རྣམས་ངས་འཕགས་པ་སྤུན་རས་གཟིགས་དབང་ཕྱུག་གི་ལས་རྣམས་བཤད་ཟིན་ཏེ། གཞོན་ནུ་རྡོ་རྗེ་སྡེའི་ཐོགས་པ་མེད་པའི་ལས་རྣམས་ཀྱང་བཤད་པར་བྱའོ།། སྟོན་ཟླ་བ་ཚེས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ།། ལག་ན་རྡོ་རྗེའི་མདུན་དུ་ཀ་ར་ཛཱི་རའི་མེ་ཏོག་བརྒྱད་སྟོང་ལན་རེ་བཟླས་བརྗོད་བྱས་བས་འཕགས་པ་རྡོ་རྗེ་སྤེལ་བསྲུན་ན་མདུན་དུ་འདུག་པར་འགྱུར་ཏེ། ཕོ་ཉ་མོ་རྣམས་ཀྱིས་ལྔའི་ཚོགས་སོ་ཅོག་སུ་པར་འགྱུར་ཞིང་། དེ་ལ་དངོས་གྲུབ་སྦྱིན་དུ་འཇུག་སྟེ། མངགས་མ་ཐག་ཏུ་ཡིད་ཅི་སེམས་པ་འགྲུབ་པར་འགྱུར་རོ།། གདོན་རྣམས་ཀྱི་སྤོང་གཞོམ་པར་བྱ་ན་ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་བྱའོ། ། བཅའ་སྒ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་གདོན་ལ་བསྟན་ན་གདོན་གྱི་ལུས་ཚ་བས་འདེབས་པར་འགྱུར་རོ།། ནད་དོ་ཅོག་ལ་ས་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་བྱིན་ན་ནད་མེད་པར་འགྱུར་རོ། ། གཞོན་ནུ་མཆོག་གི་གཞན་འདེབས་ཤིང་སྒྲུབ་པར་བྱེད་པའི་སྙིང་པོ་བཤད་ཟིན་ཏོ།། དྲག་ཏུ་བསྐུལ་བ་གཞན་ཡང་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱཿོཾ་ཧུ་ཡུ་ཧུ་ཡུ་སྭཱ་ཧཱ། འཕགས་པ་རྡོ་རྗེ་སྡེའི་སྙིང་པོའོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རྡོ་རྗེ་སྡེ་བཞག་ནས་མེ་ཏོག་དཀར་པོ་བརྒྱད་སྟོང་སྙིང་པོ་དང་སྦྱར་ཏེ་འཕགས་པ་རྡོ་རྗེ་སྡེ་ལ་བསྣུན་ན། དེ་ནས་འཕགས་པ་རྡོ་རྗེ་སྡེ་འགྲུབ་པར་འགྱུར་ཏེ། དྲག་ཏུ་བསྐུལ་བའི་སྙིང་པོ་མཆོག་བཟླས་བརྗོད་བྱས་པས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། འཕགས་པ་རྡོ་རྗེ་སྡེའི་ཆོ་ག་རྫོགས་སོ།། །། ལྷ་རྣམས་ངས་འཕགས་པ་རྡོ་རྗེ་སྡེའི་ལས་གང་དག་གིས་མྱུར་དུ་མདུན་ན་གནས་པར་གྱུར་པ་རྣམས་བཤད་ཟིན་ཏེ། འགྱིང་བར་དགའ་བ་མཐུ་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པའི་རྒྱུད་ཕྱི་མ་གང་གིས་རྩེ་བཞིན་དུ་བདེ་བླག་ཏུ་ལས་རྣམས་བྱེད་པའང་བཤད་པར་བྱའོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཨརྐའི་ཤིང་གིས་མེ་སྦར་ནས་ཡུངས་ཀར་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་གཞོན་ནུ་མཆོག་འགྲུབ་པར་འགྱུར་ཏེ། ལས་དེ་གྲུབ་པས་ཆོ་ག་རྒྱས་པར་གཞན་དག་བདེ་བྲག་ཏུ་འགྲུབ་པར་འགྱུར་རོ། ། རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ན་གཞོན་ནུའི་གསང་སྔགས་དྲན་པར་བྱ་སྟེ། དྲན་པ་ཙམ་གྱིས་མྱུར་དུ་མདུན་ན་འདུག་པར་འགྱུར་རོ། ། རྩེ་ཞིང་སྒྲུབ་ན་ལྷ་ཐམས་ཅད་གཞོན་ནུ་བལྟ་བའི་ཕྱིར་འོང་བར་འགྱུར་ཏེ། འོངས་ནས་དངོས་གྲུབ་སྦྱིན་པར་བྱའོ།། ཞག་གསུམ་སྨྱུང་བ་བྱས་ཏེ་མར་གྱི་ངོ་ཞག་བཅུ་བཞི་ལ་ལྷ་ཆེན་པོ་གནས་སམ། ཡང་ན་ཀུན་དགའི་ར་བའམ། ཁང་སྟོང་དུ་སོང་ནས་བེའུ་དཀར་པོ་བླངས་ཏེ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ལ་ཁ་ལྷོ་ཕྱོགས་སུ་བསྟན་ནས་སྦྲང་རྩི་དང་ཨ་ལ་མ་བུམས་ལག་པ་གཉིས་བསྐུས་ཏེ་རྐང་པ་གཡས་པ་བྱུག་པར་བྱའོ། ། རིག་སྔགས་ཀྱང་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ཏེ་བེའུ་སྨྲར་གཞུག་གོ། དེ་སྟེ་སྨྲ་ར་མི་བཏུབ་ནའང་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། དེ་ནས་སྨྲར་བཅུག་ན་ཅི་བྱ་ཞེས་སྨྲ་ར་བར་འགྱུར་རོ། ། དེས་ཀྱང་འདོད་པ་ཐམས་ཅད་སྦྱིན་པར་གྱིས་ཤིག་ཅེས་སྨྲོས་ཤིག། དེ་ནས་ཡིད་ལ་གང་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཚེ་ལོ་སྟོང་ཉིས་བརྒྱ་ཐུབ་པར་འགྱུར་རོ། ། གཞོན་ནུའི་ལས་རིག་སྔགས་ཀྱི་རིག་སྔགས་སྒྲུབ་པར་བྱེད་པ་བཤད་ཟིན་ཏོ།། ། ཅི་སྟེ་རྡོ་རྗེའི་རིགས་སྒྲུབ་པར་འདོད་ན་ལག་ན་རྡོ་རྗེའི་སྲས་གཙུག་ནས་བྱུང་གཏུམ་པ། དྲག་པ། འདུལ་དཀའ་བ་བསྟེན་པར་བྱའོ།། སྒྲུབ་པར་འདོད་པ་གང་ཡིན་པས་ཡུམ་སྙིང་ལ་དྲན་པར་བྱས་ཏེ་སྲས་གཏུམ་པོ་དྲན་པར་བྱའོ།། འདིའི་ལས་གང་སྒྲུབ་ན་རྡོ་རྗེའི་རིགས་འགྲུབ་པར་གྱུར་པའང་བཤད་པར་བྱ་སྟེ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ནས། འཕགས་པ་ལག་ན་རྡོ་རྗེའི་གློ་གཡས་ཕྱོགས་སུ་ནི་འཕགས་པ་རྡོ་རྗེ་སྡེ། གཡོན་ཕྱོགས་སུ་ནི་འཕགས་པ་གཙུག་ནས་བྱུང་གཞག་གོ། དེ་དག་ལ་དྲི་དང་། མེ་ཏོག་དང་། བདུག་པ་རྣམས་དབུལ་བར་བྱ་སྟེ། འཕགས་པ་རྡོ་རྗེ་སྔ་ལ་ནི་ཙན་དན་དཀར་པོ་དབུལ་ལོ།། འཕགས་པ་ལག་ན་རྡོ་རྗེ་དང་གཞོན་ནུ་ལ་ནི་ཅོན་དན་དམར་པོ་དབུལ་ལོ། ། མེ་ཏོག་དཀར་པོ་དང་དམར་པོའང་ཚུལ་དེ་དང་འདྲ་བར་དབུལ་བར་བྱ་སྟེ། དེའི་མདུན་དུ་སེང་ལྡེང་གི་ཤིང་གིས་མེ་སྦར་ལ་ཡུམ་གྱི་གསང་སྔགས་ཀྱིས་ཙན་དན་དམར་པོའི་ཡ་མ་སྲེག་ཤིང་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ། ། དེ་ནས་གཞོན་ནུ་འགྲུབ་པར་འགྱུར་ཏེ། བགེགས་མེད་པ་བདེ་བླག་ཏུ་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་རོ།། ལག་ན་རྡོ་རྗེས་བཤད་པ་བཞིན་རིག་སྔགས་རྒྱལ་པོ་མངའ་བདག་མཆོག། གང་ཞིག་ཕྱག་འཚལ་མཆོད་བྱེད་པ།། གང་ཞིག་རྟག་ཏུ་ལན་ཅོག་གམ།། ཡང་དང་ཡང་དུ་རྗོད་བྱེད་དང་།། གཟི་ཆེན་སྲས་ནི་ཡུམ་དང་བཅས།། ལེག་པ་རུ་ནི་དྲན་པར་བྱེད། ། དེ་ལ་ངས་ནི་ཁོར་ཟུག་ཏུ།། ལག་ན་རྡོ་རྗེས་བསྐུལ་བ་བཞིན།། དངོས་གྲུབ་ཀྱང་ནི་སྦྱིན་པར་བྱ།། གང་ཞིག་ཆོ་ག་རྒྱས་པ་འདི།། གསང་བཅས་གསང་ཆེན་ལྡན་པ་དང་།། ལག་ན་རྡོ་རྗེས་སྔགས་བཤད་དང་།། གཟི་ཆེན་ཕྱི་མའི་རྒྱུད་ཀློག་དང་།། གཞོན་ནུ་དམ་པ་མངའ་བ་དག་ནི།། སྤྱན་དང་ལྷན་ཅིག་ལྡན་པ་དང་།། ཕྱི་མའི་རྒྱུད་ལས་བཤད་པ་ཡིན།། ལས་རྣམ་གང་ཞིག་ལྟ་བྱེད་པ། ། དེ་ལ་དཔལ་ལྡན་རྡོ་རྗེ་འཛིན།། ལུས་ཀྱི་སྤྱི་བོར་རྟག་ཏུ་གནས།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་སྤྱན་སྤྱི་བོ་ལ་བསྐུར་ཏེ། རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཐག་ཏུ་ལྷ་ཐམས་ཅད་སེམས་འཇིགས་པར་འགྱུར་ཏེ་ལྷགས་ནས། ཁྱབ་འཇུག་ནི་བཅོམ་ལྡན་འདས་ཀྱི་གློ་གཡོན་ཕྱོགས་སུ་འདུག་གོ། ལྷ་ཆེན་པོ་ནི་གཡས་ཕྱོགས་སུ་འདུག་གོ། སྨིན་དྲུག་མ་ནི་འཛེམ་བཞིན་དུ་རྒྱབ་ལོགས་སུ་འདུག་གོ། དཀའ་བཟློག་མ་ནི་མདུན་ཕྱོགས་སུ་འདུག་གོ། གཞོན་ནུ་དྲིལ་མཛེས་དང་སྨིན་དྲུག་གི་བུ་ནི་གློ་གཡས་ཕྱོགས་སུ་འདུག་གོ། ཚོགས་རྣམས་ནི་གཡོན་ཕྱོགས་སུ་འདུག་གོ། ཕོ་ཉ་མོ་དྲུག་གིས་བསྐོར་བའི་དཔལ་གྱི་ལྷ་མོ་གཟི་བརྗིད་ཆེན་མོ་ཤིན་ཏུ་འོད་འབར་བ་དྲག་མོ་ཕ་རོལ་གནོན་པ་དྲག་མོ་ནི་ཕྱོགས་གཅིག་ཏུ་འདུག་སྟེ། དེའི་ལྷ་ཡུལ་དང་། ལྷ་མ་ཡིན་དང་། གྲུབ་པས་བསྟེན་པའི་འཁོར་གྱི་དཀྱིལ་འཁོར་དེར་མ་ཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཏིང་ངེ་འཛིན་ལས་བཞེངས་ཏེ་ལྷ་དེ་དག་ལ་གླང་པོ་ཆེའི་ལྷ་སྟངས་ཀྱིས་བལྟས་སོ།། དེ་ནས་ཕྱོགས་གཅིག་ན་འདུག་པའི་དཔལ་གྱི་ལྷ་མོ་དང་། ཉ་མོ་སྟོབས་ཆེན་མོ་ལྷའི་ཕ་རོལ་གནོན་པ་དང་ལྡན་པ་དྲུག་ཀྱང་བལྟས་སོ།། དེ་ནས་ཕོ་ཉ་མོ་དྲུག་པོ་རྣམས་ཀྱིས་དཔལ་གྱི་ལྷ་མོ་ཆེན་མོ་ལ་ལེགས་པར་བལྟས་ནས། ཕོ་ཉ་མོ་དེ་དག་གིས་བསྟོ།། དེ་ཕོ་ཉ་མོ་ཆེན་མོ་མེ་ལྕེ་མ་དང་། མེ་སྟག་མ་དང་། འཕྲེང་ལྡན་མ་དང་། མཛོད་ལྡན་མ་དང་། འབར་ལྡན་མ་དང་། ཁའ་བར་མ་དང་། འདི་དག་གིས་དཔལ་གྱི་ལྷ་མོ་ལ་བསྟོད་པ.གྣི་ཛཾ་ཧཱསྭ་ཡཾ་ན་མཿ། པཱི་ཏ་དཾཥྚཱ་ཡ་ན་མཿ། ཡ་མཱ་ཡ་ན་མཿ། ད་ཧ་ནཱ་ཡ་ན་མཿ། བིནྡུ་ཛཾ་ཧཱ་ཡ་ན་མཿ། ཨཱ་དཪྴ་ནཱ་ཡ་ན་མཿ། བྲི་ཤ་ལཱ་ཡ་ན་མཿསྭཱ་ཧཱ། མེ་ལྕེམས་བསྟོད་ནས་ལྦ་རྣམས་དགའ་བར་གྱུར་ཏོ། ། མེ་སྟག་མའི་རིག་སྔགས་བཤད་དེ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། པུ་རུ་པུ་རུ་སཧཱ། ཨ་ཀཙྪ་པ་ཏེ་སྭཱ་ཧཱ། མེ་སྟག་མས་བསྟོད་ནས། འཕྲེང་ལྡན་མས་བསྟོད་པ། ན་མོ་བཛྲ་པཱ་ཎེ་ཡེ། དེ་བ་ཏི། དེ་བ་ཡ། ཙེ་ལི་མི་ལི། ཀ་ལི་པྲ་ཏཱིཙྪ་བི་ལྀ་དེ་བ་ཏེ་སྭཱ་ཧཱ། འཕྲེང་ལྡན་མས་བསྟོད་ནས། མཛོད་ལྡན་མ་ས་བསྟོད་པ། ན་མོ་བཛྲ་པཱ་ཎ་ཡེ་དེ་བ་ཏི་དྷ་བཱ་ཡཱ་ཏི་བ་རི་སི་རི་རི། བྱི་དུ་རི། ཛ་པེ་ནཏ་ཏོད་ནེ་སྭཱ་ཧཱ། མཛོད་ལྡན་མ་ས་བསྐྱོད་ནས། འབར་ལྡན་མས་མངོན་པར་བསྟོད་དོ།། ན་མེ་བཛྲ་པཱ་ཎི་སྱ། ན་མཿ། པྲ་ཙཎྜ་སྱ། ན་མོ་སྐྲྀ་ཏཱ་སརྦ་བྷཱུ་ཏ། པྲ་ཤ་མ་ནི། སརྦ་ཨ་ཏ་སདྲ་ནི་ན་བ་ཤེ་མི་ཧུ་ན་ནི་ཧུ་ན་ནི། མོ་ཧ་ནི་མེ་ཧ་ནི། ཧི་ཧི་བཛྲ་པཱ་ཎི་སྭཱ་ཧཱ། འབར་ལྡན་མས་བསྟོད་ནས། ཁའ་བར་མས་མངོན་པར་བསྟོད་པ། ཤྲི་ཡེ་མ་ཧཱ་ཤྲྀ་ཡེ། ཙ་ལ་མ་ཧཱ་ཙ་ལེ། ཨེ་རཱིད་དེ་ཀ་ན། མ་ཧཱ་བྷོ་ག་ནི། བྷོ་ག་བ་ཏི། མ་མཱ་བ་ལོ་ཀ་སྭཱ་ཧཱ། ཁའི་བར་མས་བསྟོད་ནས་ལྷའི་མིག་གིས་རྣམ་པར་བལྟས་སོ།། དེ་ནས་དཔལ་གྱི་ལྷ་མོ་ཆེན་མོས་ལག་ན་རྡོ་རྗེ་ལ་བསྟོད་ནས། དེ་ནས་བསྐྱོད་པར་བརྩམས་སོ། ། དེ་ནས་ལྷའི་དཀྱིལ་འཁོར་དེ་དག་གིས་དཔལ་གྱི་ལྷ་མོ་ཆེན་མོ་རྒྱང་རིང་པོ་ནས་འོང་བ་མཐོང་ནས་མྱུར་དུ་ལངས་ཏེ། ལག་ན་རྡོ་རྗེའི་གཡས་ཕྱོགས་སུ་འཁོད་དོ།། སྟོབས་པོ་ཆེའི་ཚོགས་བརྒྱད་ལ་གཏུམ་བྱེད་དང་། གསེར་ཅན་དང་། རྨུགས་བྱེད་དང་། རྫོང་ལྡན་དང་། ལྕགས་ཅན་དང་། སོ་ཅན་དང་། མཚན་སྦྱིན་དང་། བདུད་རྩི་ཐབ་སྦྱོར་ལ་སོགས་པ་ཚོགས་བརྒྱད་པོ་དེ་དག་གིས་མངོན་པར་བསྟོད་དོ། ། ཚོགས་རྣམས་ཀྱིས་དཔལ་གྱི་ལྷ་མོ་ཆེན་མོ་སྟོབས་ཆེན་མོ་བསྟོད་པ་ན། སྤྱན་དང་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ནས། ཐོག་མར་གཏུམ་བྱེད་མ་བརྗོད་པ། ན་མོ་བཛྲ་པཱ་ཎ་ཡེ། དམ་ད་མ་རཾ་གཱ་རཾ་གཱག་ག་ག་ཡ་ག་ཡ་ག་ཡ། ཙནྡ་ཀོ་ཛཱི་པ་ཡ་ཏི་སྭ་ཧཱ། གཉིས་པ་སྟེ་གསར་ཅན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། བ་ན་བ་ན། ཙ་ལ་པ་ཙ་ལ་པ། ན་མོ་ཛཱ་ཀོ་ཛྙཱ་བ་ཡ་ཏི་སྭཱ་ཧཱ། གསུམ་པ་སྟེ། རྨུགས་བྱེད་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ད་ཧ་ད་ཧ། པ་ཙ་པ་ཙ། ཙཱརྣཱ་ཙྪརྣཱ། ནཱ་ཤ་ཡ། བི་ནཱ་ཤ་ཡ་ཛཾ་བྷ་ཀོ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བཞི་པ་སྟེ་རྫོ་ང་ལྡན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཙུ་རུ་ཙུ་རུ། ཏཏྲ་ཏཏམ་ཏ་མ་ཏ། ཀོ་ཏ་ཏ་ཀོ་ཏ་ཏ་ཛྙཱ་པ་ཡ་ཏི་སཱ་ཧཱ། ལྔ་པ་སྟེ་ཚེགས་ཆེན་མོ་ལྕགས་ཅན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། ར་བ་ར་བ། ད་བ་ད་བ། མ་ར་མ་ར། མཱ་ར་མཱ་ར། བྷཉྫ་བྷཉྫ། ཧན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། ཚོནྡ་ཚིནྡ། བྷིནྡ་བིནྡ། ཧ་ན་ལེ་ཧ་ཀ་བཛྲེ་ཎ་སྭཱ་ཧཱ། དྲུག་པ་སྟེ་སོ་ཅན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཧུ་ཏ་ཧུ་ཏ། གྲཱ་ཧ་མ་པ་ཧ་རི་ཤུ་མི་བཛྲེ་ཧ་ཏཿ་སུ་པྲ་ཏིན་དན་ཏ་ཀོ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བདུན་པ་སྟེ་ཚོགས་གཟི་བོ་ཆེ་སྟོབས་པོ་ཆེ་མཚན་སྦྱིན་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཏིཥྛ་ཏིཥྛ། བྷོ་མ་ཧཱ་གྲ་ཧ་བཛྲ་ས་ཏྱེ་ན་སུ་པ་ཏི་པི་བ་རཱ་ལ་ཏོ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བརྒྱད་པ་སྟེ་ཚོགས་ཆེན་པོ་བདུད་རྩི་ཐབ་སྦྱོར་བརྗོད་པ། ན་མོ་བཛྲ་པཱ་ཎི་སྱ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཨ་མྲྀ་ཏ་ཀུཎྜ་ལ། ཁ་ཁ་ཁཱ་ཧི་ཁཱ་ཧཱི། བྷནྡ་བྷནྡ་སྭཱ་ཧཱ། ལྤད་དག་གིས་ཚེགས་ཆེན་བརྒྱད་པོ་དེ་དག་ལས་བརྩམས་ཏེ། དཔལ་གྱི་ལྷ་མོ་ཆེན་མོ་ལ་བསྟོད་ནས། ཚོགས་ཆེན་པོ་དེ་དག་གིས་ཀྱང་དཔལ་གྱི་ལྷ་མོ་ཆེན་མོ་ལ་རིམ་གྲོ་བྱེད་ཅིང་ལག་ན་རྡོ་རྗེའི་འཁོར་གྱི་དཀྱིལ་འཁོར་དུ་སོང་ངོ་།། དེ་ནས་གཞོན་ནུ་སྨིན་དྲུག་གི་བུས་ལྷ་མོ་དཱ་ལ་བསྟོད་པ་མཐོང་ནས་རང་གི་རེག་སྔགས་ཀྱིས་དཔལ་གྱི་ལྷ་མོ་ཆེན་མོ་ལ་བསྟོད་པ། ན་མོ་བཛྲ་པཱ་ཎི་སྱ། ཏྲཻ་ལོ་ཀྱ་ཛ་ལ་ནི་བ་དྲཱ་པ་ཎི། སརྦ་དྷརྨཱ་ཎི། ས་མ་ནི། ས་མི་ར་ཎེ་སརྦ་ལོ་ཀ་བ་ཤཾ་ཀ་རི། ཛཱ་ཛེ་མུ་ཛཾ། ཧྲྀ་ད་ཡཾ། ཨཱ་བརྟ་ནི། མི་ལི་མི་ལི། མི་ལི་ཙ་ལཱ་ཡ། སརྦ་ལོ་ཀོ་ཏ་སཱ་ད་ནི། ཨ་ནུན་ཧ་ན་སྭཱ་ཧཱ། དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་གཞོན་ནུ་སྨིན་དྲུག་གི་བུས་བསྟོད་ནས་ཡིད་རབ་ཏུ་དགའ་ཞིང་། འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་སོང་ངོ་།། དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་སོང་བ་དྲུག་མས་མཐོང་ནས་རང་གི་རིག་སྔགས་ཀྱིས་བསྟོད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མཿསཏྱ་པཱ་ཎི་ནན། སཏྱ་བཱ་ཙ་ནེ་ན་ས་ཏྱཾ། བ་ཧི་ནི་ས་ཏྱེ་བ་དེ་ས་ཏྱཾ། བ་ཧི་ཏེ་ཛ་བ་ཏི། མཱ་ལ་ནི། ཧ་རི་ཎཻ་བརྟ་ནི། ཛ་ལོ་ཏད་ཙ་ལི། སརྦ་ལེ་ཀ་བ་ཤཾ་ཀ་རི། ཨཱཏྨནཱན་མུ་ནི་སྱཱ། ཀེ་བི་ཏེ། སོག་མདར། ཧི་ལི་ཧ་ལི། ན་མོ་སྟུ་ཏེ་སྭཱ་ཧཱ། དྲུག་མས་བསྟོད་པ་དཀའ་བཟློག་མས་མཐོང་ནས་མངོན་པར་བསྟོད་པ། ན་མོ་བཛྲ་པཱ་རྫི་སྱ། སྱཱད་དེ། ད་ཡི་ཏེ། ཨ་ཏི་སོ་མེ་བྲཧྨ། བི་ད་ནི། རི་ཤི་རི་ཤི། ནཀྵ་ཏ་ཏྲེ། ཡ་སྟད་ཏྲ་སྱ་དྱ་ན། ཏཾ་བ་ཏ་ཀ་ཏེ་ཡ་ནི་སྭཱ་ཧཱ། དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་ལ་དྲུག་མ་དང་དཀའ་བཟློག་མ་གཉིས་ཀྱིས་བསྟོད་ནས། དྲུག་མ་དང་དཀའ་བཟློག་མ་གཉིས་ལའང་བལྟས་ཏེ། ལག་ན་རྡོ་རྗེའི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་སོང་ངོ་།། དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་ལྷ་རྣམས་ཀྱིས་བསྟོད་དེ། ལག་ན་རྡོ་རྗེ་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་རིག་པ་མཆོག་གི་ཆོ་ག་ཆེན་པོ་རྒྱས་པ་ཕྱིར་ཞིང་འཕེལ་བར་བྱ་བ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བརྒྱན་པ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་རྒྱས་པ་བསྒྲུབ་པ་དང་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་དཔལ་བསྐྱེད་པ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རིག་སྔགས་ཀྱི་ལས་ཐམས་ཅད་བྱ་བའི་ཕྱིར། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་མཆོག་ལག་ན་རྡོ་རྗེས་རྗེས་སུ་ཡི་རང་བ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། རྟག་ཏུ་དཔལ་མངོན་པར་འཕེལ་བར་བྱེད་པ། དཀྱིལ་འཁོར་ཐམས་ཅད་གསལ་བར་བྱེད་པ། དཀྱིལ་འཁོར་ཐམས་ཅད་ཀྱི་ནང་དུ་གཏོགས་པ། དཀྱིལ་འཁོར་ཐམས་ཅད་ལ་འཇུག་པར་བྱེད་པ། དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་རིག་སྔགས་བཤད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་སྤྱི་བོ་ལ་བཀུར་ཏེ་རིག་སྔགས་འདི་བཤད་དོ།། ན་མོ་བུདྡྷ་སྱ་ནམོ་དྷརྨ་སྱ། ན་མཿསཾ་གྷ་སྱ། ན་མོ་བཛྲ་པཱ་ཎི་སྱ། ན་མོ་ཡཀྵཱ་ཎཱན། ན་མོ་མ་ཧཱ་ཤྲི་ཡེ། ཙི་ལི་ཙཽ་ལི། ཨུན་མཱ་ད། པྲ་མནྟེ། དྲྀརྣཱ། ཤྲི་ཡེ། ཙ་ལེ་ཙ་ལེ། ཤྲཱི་ཡེ། ཨ་ཀི་ར་ཎི། ཨུ་པ་ཏིཥྛ། ཨུ་པ་ཏིཥྛ། ཨི་མཾ་པུ་རུ་ཥཾ། ན་མཿུ་པ་ཏིཥྛ། མ་ཡ་ར་མ། གྲྀ་ཧེ་གྲྀ་ཧེ། དེ་བ་ཏོ་བཛྲ་སྭ་མཱན་སྭཱ་ཧཱ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དཔལ་གྱི་ལྷ་མོ་ཆེན་མོས་རོག་སྔགས་བཤད་མ་ཐག་ཏུ་ལྷ་རྣམས་ཀྱིས་དེ་ཐོས་ནས་སྐྱོང་འདྲར་ཏེ། ལག་ན་རྡོ་རྗེའི་ཞལ་དུ་ལྟ་ཞིང་འཁོད་དོ།། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་ཁྱེད་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དཔལ་གྱི་ལྷ་མོ་ཆེན་མོས་རིག་སྔགས་བཤད་པ་གང་ཡིན་པ་ཉོན་ཅིག། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་ཕྱིར་འཕེལ་བར་བྱ་བ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བརྒྱན་པ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བསྒྲུབ་པ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་སྒྲུབ་པ་དཔལ་མངོན་པར་བསྐྱེད་པ་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རིག་སྔགས་ཀྱི་ལས་ཐམས་ཅད་བྱ་བའི་ཕྱིར། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། རྟག་ཏུ་དཔལ་འཕེལ་བར་བྱེད་པ། དཀྱིལ་འཁོར་ཐམས་ཅད་གསལ་བར་བྱེད་པ། དཀྱིལ་འཁོར་ཐམས་ཅད་ཀྱི་ནང་དུ་གཏོགས་པ། དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་བྱེད་པ། དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་རིག་སྔགས་བཤད་པ་དེ། བཟོད་ལྡན་དག་ཁྱེད་ཀྱིས་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག། ངས་རྡོ་རྗེ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་བས་སྤྱི་བོ་གཤས་ས་ཨ་རེ་དེ་ནས་ལྷ་རྣམས་སྙིང་འདར་ཏེ་ལག་ན་རྡོ་རྗེའི་ཞལ་དུ་ལྟ་ཞིང་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེ་ལ་དཀྱིལ་འཁོར་གྱི་ནང་དུ་གཏོགས་པའི་རིག་སྔགས་ཀྱིས་ཀྱང་མངོན་པར་བསྟོད་དེ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དཔལ་གྱི་ལྷ་མོས་རིག་སྔགས་བཤད་པ་གང་ཡིན་པ་དེ་དག་གིས་ལག་ན་རྡོ་རྗེ་ལ་བསྟོད་ནས་ཚིག་འདི་སྐད་ཅེས་སྨྲས་སོ། ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དཔལ་གྱི་ལྷ་མོ་ཀུན་ཏུ་ལྟ་བ་ཆེན་པོའི་རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ནང་དུ་གཏོགས་པའི་ལས་རྣམས་བཤད་དུ་གསོལ་བཤད་དུ་གསོལ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་རྣམས་ངས་བཤད་ཀྱིས་ཁྱེད་ཉོན་ཅིག། རིག་སྔགས་འཆང་ཐམས་ཅད་ཀྱི་དཔལ་མངོན་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་དཔལ་ཐམས་ཅད་སྐྱེད་པར་བྱེད་པ། ཕ་རོལ་ཕྱིན་པ་ཐམས་ཅད་ཀྱི་ཚེགས་སུ་གྱུར་པའི་དཀྱིལ་འཁོར་གྱི་རྒྱལ་པོ་དེ་ངས་བཤད་པར་བྱ་སྟེ། གང་མཐོང་ནས་རིག་སྔགས་འཆངའ་ཐམས་ཅད་ཀྱི་དཔལ་ཐམས་ཅད་ཀྱི་མངོན་པར་འགྱུར་བ་དང་། ལྷ་ཐམས་ཅད་བསྐྱེད་པར་འགྱུར་བ་དང་། ལོག་འདྲེན་ཐམས་ཅད་ཞི་བར་འགྱུར་བ་དང་། རྒྱལ་སྲིད་ཐམས་ཅད་བསྟེན་པར་འགྱུར་བ་དང་། དགྲ་ཐུལ་བར་འགྱུར་བ་དང་། རིག་སྔགས་འཆང་གི་དཔལ་རྣམས་འཕེལ་བར་འགྱུར་པའི་དཀྱིལ་འཁོར་གྱི་རྒྱལ་པོ་དེ་ངས་བཤད་དོ།། ས་གཞི་མཉམ་པར་བརྟག་བྱས་ལ། ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི།། ཁྲུ་ནི་བཞི་འམ་ཁྲུ་ནི་བཅུ་དྲུག་པ།། གྱོ་མོ་དང་ནི་གསེག་མ་མེད།། དུར་ཁྲོད་ཡང་ན་ཤིང་གཅིག་དྲུང་།། ཡང་ན་ཆུ་ཀླུང་འདུས་པའི་མདོ།། ས་གཞི་དེ་དག་བརྟག་བྱས་ལ། ། དེ་ནས་མཁས་པས་དཀྱིལ་འཁོར་བྲི།། ས་དེ་ལྟ་བུ་མཐོང་ནས་སྨྱུང་པ་བྱས་ཏེ། གསོ་སྦྱོང་དང་ལྡན་པས་དུ་གུ་ལའི་རས་དཀར་པོ་བགོས་ལ། ལག་ན་པོག་པོར་ཐོགས་ནས་ཕྱེ་མ་རེད་ཀྱི་དུས་འཚམས་སུ་དཔལ་གྱི་ལྷ་མོའི་རིག་སྔགས་ཀྱིས་ལྷ་རྣམས་སྤྱན་དྲང་བར་བྱའོ། ། དེ་ནས་ནམ་ཕྱེད་ཀྱི་དུས་སམ་ཡང་ན་ནང་པར་དཀྱིལ་འཁོར་བྲི་བར་བྱ་སྟེ། ཅི་སྟེ་གསེར་གྱི་ཕྱེ་མས་བྲིན་ནི་ལྷའི་དཔལ་ཐོབ་པར་འགྱུར་རོ། ། དངུལ་གྱིས་ནི་དགྲ་ལས་རྒྱལ་བར་འགྱུར་རོ།། ཟངས་ཀྱིས་ནི་ཞི་བར་འགྱུར་རོ།། ཡང་ན་ཙན་དན་གྱི་བྱེ་མས་བྲིས་ན་ནི་དཔལ་ཐོབ་པར་འགྱུར་རོ།། ཙན་དན་དམར་པོའི་ཕྱེ་མས་ནི་དགྲ་ལས་རྒྱལ་བར་འགྱུར་རོ། ། པུ་ཤེལ་ཙོས་ནི་གྲོང་ཁྱེར་ཞི་བར་འགྱུར་རོ།། ཡང་ན་འབྲས་ཕྱེ་དཀར་པོས་བྲིས་ན་ནི་དཔལ་ཐོབ་པར་འགྱུར་རོ།། ནས་རྗེན་པའི་ཕྱེས་བྲིས་ནནི་དགྲ་ལས་རྒྱལ་བར་འགྱུར་རོ། ། ཡང་ན་མེའི་བསྲེག་བྱ་བྱས་པའི་ཐལ་བས་བྲིས་ན་ནི་ཞི་བར་འགྱུར་རོ།། ཅི་སྟེ་སོ་བག་གི་ཕྱེ་མ་འམ། སོལ་ཕྱེ་འམ། དུར་ཁྲོད་ཀྱི་ཐལ་བའང་རུང་སྟེ། ཚེན་རྩི་འདི་གསུམ་གྱིས་དཀྱིལ་འཁོར་བྲིས་ན་ནི་ཡུལ་འཁོར་ལ་གནོད་པར་འགྱུར་རོ། ། རིག་སྔགས་འཆང་བདག་ཉིད་དག་པར་བྱ་སྟེ། རྒྱུ་སྐར་དང་མཐུན་པའི་དུས་སུ་སྦྱང་བ་བྱས་ལ། ཉི་མ་བཟང་བ་འམ།། ཡང་ན། ཡར་གྱི་ངོ་ཆོས་ལྔ་ལ་དཀྱིལ་འཁོར་ཁྲུ་བཅུ་དྲུག་པའམ། ཡང་ན་ཁྲུ་བཅུ་བཞི་པ་བྲིའོ།། ཅི་སྟེ་ཐོག་མར་ཤར་ཕྱོགས་སུ་ཐིག་བཏབ་ན་ནི་རིག་སྔགས་འཆང་རྣམས་ཀྱི་དཔལ་འཕེལ་བར་འགྱུར་རོ།། ཅི་སྟེ་ལྷོ་ཕྱོག་སུ་བཏབ་ན་ནི་གྲོང་ཁྱེར་ལ་གནོད་པར་འགྱུར་རོ། ། ཙི་སྟེ་ནུབ་ཕྱོགས་སུ་བཏབ་ན་ནི་རིག་སྔགས་འཆང་རྣམས་ཕན་ཚུན་མི་མཐུན་པར་འགྱུར་རོ།། ཅི་སྟེ་བྱང་ཕྱོགས་སུ་བ་ཏ་བ་ན་ནི་དགྲ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། ། ཅི་སྟེ་ཐོག་མར་ཚོན་དཀར་པོ་བཀྱེ་ན་ནི་རྒྱལ་པོ་རྒྱལ་བར་འགྱུར་ཞིང་རིག་སྔགས་འཆང་རྣམས་ཀྱི་ལས་འགྲུབ་པར་འགྱུར་རོ།། ཅི་སྟེ་ཚོན་དམར་པོ་བཀྱེ་ན་ནི་གྲོང་ཁྱེར་ཞི་བར་འགྱུར་རོ། ། ཅི་སྐྱིན་ག་པོ་བཀྱེན་ནི་གྲོང་ཁྱེར་ལ་མི་དགེ་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་དཀྱིལ་འཁོར་ཟི་བ་བྱ་སྟེ། བྱུང་ཕྱོགས་སུནི་གངས་ཀྱི་རི་གཞག་གོ། ། ལྷོ་ཕྱོགས་སུ་ནི་རིའི་བིགས་བྱེད་གཞག་གོ།། དེ་ནས་ཁོར་ཡུག་གི་རིས་བསྐོར་བར་བྱའོ།། དབུས་སུ་ནི་སངས་རྒྱས་བཅོམ་ལྡན་འདས་བྲིའོ།། གཡོན་ལོགས་སུ་ནི་ལག་ན་རྡོ་རྗེ་བྲིའོ། ། བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནི་དཔལ་ལྷ་མོ་ཆེན་མོ་བྲིའོ།། ལག་ན་རྡོ་རྗེའི་དྲུང་དུ་ནི་པོ་ཉ་མོ་དྲུག་བྲིའོ།། བྱང་ཕྱོགས་ངོས་སུ་ནི་ཁྱབ་འཇུག་དང་། ལྷ་ཆེན་པོ་དང་། ཚངས་པ་རྣམས་དེ་དག་དང་མཐུན་པའི་འཁོར་དང་བདུད་རྩི་གཞག་གོ། ནུབ་ཕྱོགས་སུ་དྲུག་མ་དང་། དཀའ་བ་ཟློག་མ་དང་། གཞོན་ནུ་འཁོར་དང་བཅས་པ་གཞག་གོ། ལྷོ་ཕྱོགས་སུ་ནི་ཚོགས་དྲུག་ཅུ་རྩ་བཞི་པོ་རྣམས་གཞག་གོ། སྒོ་རེ་རེར་ཡང་ཚོགས་རྣམས་གཞག་པར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོར་གཏུམ་བྱེད་དང་། གསར་ཅན་གཉིས་གཞག་གོ། ལྕེ་ཕྱོགས་ཀྱི་སྒོར་ནི་བདུད་རྩི་ཐབ་སྦྱོར་དང་། རྨུགས་བྱེད་གཉིས་གཞག་གོ། ནུབ་ཕྱོགས་ཀྱི་སྒོར་ནི་རྫོང་ལྡན་དང་། མཚན་སྦྱིན་གཉིས་གཞག་གོ། བྱང་ཕྱོགས་ཀྱི་སྒོར་ནི་ལྕགས་ཅན་དང་། སོ་ཅན་གཉིས་གཞག་གོ་ནང་དུ་ནི་བཅོམ་ལྡན་འདས་ཚིག་ལྡན་མ་དྲི་ཟའི་འཁོར་གྱིས་བསྐོར་བ་གཞག་གོ། ། ཀར་ཤ་པ་ཎ་བརྒྱ་རྩ་ཚང་བའམ། ཡང་ན་པ་ཎ་བརྒྱས་རྡོ་རྗེ་བྱས་ཏེ་བཞག་ལ། དེའི་སྟེང་དུ་སྤྱན་གྱིས་བཟླས་བརྗོད་བྱས་པའི་བུམ་པ་མི་གནག་ཅིང་རྩ་བ་མེད་ལ་མགྲིན་བཅིངས་དང་བཅས་པ་གཞག་པར་བྱ་སྟེ། བུམ་པ་དེའི་ནང་དུ་ས་བོན་ཐམས་ཅད་དང་། རིན་པོ་ཆེ་ཐམས་ཅད་གཞུག་ཅིང་འོ་མ་ཡོད་པའི་ཤིང་གི་ཡལ་ག་གཞག་གོ། གྲཝ་བཞིར་ཡང་བུམ་པ་བཞི་གཞག་པར་བྱ་སྟེ། མགྲིན་བཅིངས་དང་ལྡན་པ་ལ་ས་བོན་དང་རིན་པོ་ཆེ་ཐམས་ཅད་བཅུག་སྟེ། འོ་མ་ཡོད་པའི་ཤིང་གི་ཡལ་ག་གནག་གོ། ། དེ་ནས་རིག་སྔགས་འཆང་གང་དག་དཔལ་ལམ་རིག་སྔགས་འཆང་ལས་བྱུང་བའི་འབྲས་བུ་འདོད་ན་རིག་སྔགས་འཆང་དེ་བླ་མ་ལ་བསྙེན་བཀུར་བྱའོ།། བླ་མ་དེས་ཀྱང་རིག་སྔགས་འཆང་སྦྱང་བ་བྱས་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ། གསོ་སྦྱོང་གི་ཡན་ལག་དང་ལྡན་པ། གོས་གཙངམ་བགོས་པ། དར་དཀར་གྱིས་གདོང་གཡོག་པ་དཀྱིལ་འཁོར་དུ་གཞུག་པར་བྱའོ། ། དེ་ལ་ནུབ་ཕྱོགས་ཀྱི་སྒོར་བཅུག་ན་ནི་དཔལ་མངོན་པར་འཕེལ་བར་འགྱུར་རོ།། ལྷོ་ཕྱོགས་སུ་ནི་རྟག་ཏུ་རྒྱལ་བར་འགྱུར་རོ།། ཤར་ཕྱོགས་སུ་ནི་འཐབ་མོ་འབྱུང་བར་འགྱུར་རོ།། བྱང་ཕྱོགས་སུ་ནི་བླ་མའོ་སྒོ་ཡིན་ཏེ་འཇུག་པར་མི་བྱའོ། ། དེ་ནས་བླ་མའི་རིག་སྔགས་འཆང་དུ་གུ་ལའི་རས་དཀར་པོས་གདོང་གཡོགས་ལ། དཔལ་གྱི་ལྷ་མོའི་རིག་སྔགས་ཀྱིས་མགོ་བོར་བསང་གཏོར་བྱས་ཏེ་གཞུག་གོ། ། དེ་ནས་འགྲོན་བུ་བརྒྱད་བརྒྱ་ལྷ་ལ་དོར་བར་བྱའོ།། འགྲོན་བུ་དེའང་ལོ་མས་དཀྲིས་ན་ནི་རིག་སྔགས་འགྲུབ་པར་འགྱུར་རོ།། རས་དཀར་པོ་དཀྲིས་ཏེ་བོར་ན་ནི་ཞག་བདུན་གྱིས་དཔལ་འོང་བར་འགྱུར་རོ། ། རིག་སྔགས་འཆང་དེ་དག་ལ་ལྷ་རྣམས་ཀྱང་བསྟན་པར་བྱའོ།། དེ་ནས་ཕྱིར་བྱུང་སྟེ་བྱང་ཕྱོགས་སུ་སོང་ལ་དབུས་ཀྱི་བུམ་པའི་ཆུས་ཁྱོར་བའི་ནང་དུ་སྦྱིན་ནོ།། རིག་སྔགས་འཆང་རྣམས་ཀྱིས་ཀྱང་ལག་པ་གཡོན་པས་མནོས་ཏེ་བཏུང་བར་བྱའོ།། རིག་སྔགས་རྣམས་ལའང་སེམས་ཅན་ཐམས་ཅད་བདག་གིས་ཡོངས་སུ་གཟུང་ངོ་ཞེས་སྤྲོས་ཤིག་ཅེས་བསྒོ་བར་བྱའོ། ། དེའི་འོག་ཏུ་དེ་དག་གི་དོན་གྱི་ཕྱིར་བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་སྨྲར་གཞུག་གོ། དེའི་འོག་ཏུ་དེ་དག་གི་དོན་གྱི་ཕྱིར་རིག་སྔགས་ཀྱི་ཚོགས་རྣམས་བ་དག་ལ་གྲུབ་པར་གྱུར་ཅིག་ཅེས་སྨྲར་གཞུག་གོ། དེ་ནས་རིག་སྔགས་འཆང་བ་སྤུ་ལྡང་བར་འགྱུར་ཞིང་བསྟོད་པའི་གླུའི་སྒྲའང་ཐོས་པར་འགྱུར་རོ། ། དེའི་འོག་ཏུ་འོང་བའི་བྲམ་ཟེ་རྣམས་ཀྱང་རྒྱལ་བར་གྱུར་ཅིག། དར་བར་གྱུར་ཅིག་ཅེས་བརྗོད་པར་འགྱུར་རོ།། དུང་གི་སྒྲ་དང་རྔ་སྒྲའང་ཐོས་པར་འགྱུར་རོ།། ཅི་སྟེ་བུད་མེད་གོས་དཀར་པོ་བགོ་ཞིང་སྣོད་གང་བ་ཐོགས་པ་མཐོང་ན་ནི། ལག་ན་རྡོ་རྗེས་ཇི་སྐད་བཤད་པ་བཞིན་དུ་རིག་སྔགས་འཆང་དེ་ལ་དཔལ་འོང་བར་འགྱུར་རོ།། ཅི་སྟེ་ཐུབ་པ་གང་བ་མཐོང་ན་ནི་རྒྱལ་སྲིད་དམ། ཡུལ་གྲུའམ། གྲོང་གི་བདག་པོ་ཐོབ་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་དཔལ་ཐོབ་པར་འདོད་ན་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་འདི་མཐོང་ན་རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ལས་རྒྱལ་བར་འགྱུར་རོ།། ཅི་སྟེ་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཐམས་ཅད་མཐོང་ན་ནི་དེའང་རྒྱལ་བར་འགྱུར་ཏེ། དགྲ་རྣམས་བཏུལ་ནས་སའི་སྟེང་འཁོར་བར་འགྱུར་རོ།། མི་ཕལ་པ་གང་ལ་ལ་དཔལ་འདོད་པས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་མཐོང་ནའང་སྐལ་བ་ཅན་གྱི་ཁྱད་པར་དུ་འགྱུར་ཞིང་། རྒྱལ་སྲིད་དམ། ཡུལ་གྲུའི་བདག་པོའམ། གྲོང་གི་བདག་པོར་འགྱུར་ཏེ། དཀྱིལ་འཁོར་ཆེན་པོ་འདིའི་ལས་འདི་ནི་དོན་ཡོད་པ་ཡིན་ནོ།། ཞེས་རྡོ་རྗེ་འཛིན་པས་བཤད་དོ།། དེ་ནས་རིག་སྔགས་འཆང་རིག་སྔགས་ཀྱི་དངོས་གྲུབ་འདོད་པས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་མོ་མཐོང་ལ། མཐོང་ནས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ངེས་པར་གནས་པར་བྱ་སྟེ། རིག་སྔགས་གང་འདོད་པ་བཟླས་བརྗོད་བྱས་ན་ཞག་ཉི་ཤུ་རྩ་གཅིག་གིས་དེ་ལ་རིག་སྔགས་དེ་འགྲུབ་པར་འགྱུར་རོ། ། རྒྱལ་པོས་དེ་མཐོང་ཏེ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ངེས་པར་གནས་པའང་ཡིད་ལ་བསམས་པ་ཐམས་ཅད་ཐོབ་པར་འགྱུར་རོ། ། ལས་རྣམས་ཟིན་ནས་རིག་སྔགས་ཀྱི་ལྷ་བཤོས་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་རྙིང་པ་དེ་རྣམས་ཀྱང་བསྡུས་ལ་དུར་ཁྲོད་དམ་ཆུ་ཀླུང་གང་ཡང་རུང་བར་དོར་བར་བྱའོ། ། དེ་ནས་རིག་སྔགས་འཆང་དབང་ཕྱུག་ཉམས་པའམ། རྒྱལ་པོའི་དཔལ་ཉམས་པ་སླར་གསོ་བར་འདོད་ན་རིག་སྔགས་འཆང་དེས་ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་ཉའི་ནུབ་མོ་གནས་དབེན་པའམ། ཡང་ན་ནྱ་གྲོ་དྷའི་དྲུང་དུ་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཁྲུ་བཅུ་དྲུག་པ། སྒོ་བཞི་ཡོད་པ། མེའི་སྦྱིན་སྲེག་བྱས་པའི་ཐལ་བས་བྲི་ཞིང་། དཔལ་གྱི་ལྷ་མོའི་རིག་སྔགས་དང་སྦྱར་ཏེ། དེའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྲིའོ།། གཡོན་ཕྱོགས་སུ་ནི་རྡོ་རྗེ་བྲིའོ།། དེ་བཞིན་གཤེགས་པའི་གཡས་ཕྱོགས་སུ་ནི་དཔལ་གྱི་ལྷ་མོ་ཆེན་མོ་བྲིའོ། ། དེ་ནས་རིག་སྔགས་འཆང་གིས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་ངོས་སུ་བུམ་པ་ཉི་ཤུ་རྩ་བདུན་དགོད་པར་བྱའོ།། བྱང་དང་། ནུབ་དང་། ལྷོར་ཡང་དེ་བཞིན་དུ་དགོད་པར་བྱའོ། ། བུམ་པ་དེ་དག་གི་ནང་དུའང་ས་བོན་དང་རིན་པོ་ཆེ་ཐམས་ཅད་གཞུག་གོ།། བུམ་པ་ཐམས་ཅད་ཀྱང་མགྲིན་བཅིངས་དང་ལྡན་པར་བྱའོ།། བུམ་པ་དེ་དག་ཐམས་ཅད་དུ་འོ་མ་ཡོད་པའི་ཤིང་གི་ཡལ་གའང་བཅུག་སྟེ་ལན་བདུན་བདུན་པསྔགས་སོ། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་ལག་ན་རྡོ་རྗེ་དང་། དཔལ་གྱི་ལྷ་མོ་ཆེན་མོ་ལ་ལྔ་བཤོས་རྒྱས་པར་དབུལ་ཞིང་མཆོད་པ་རྒྱས་པར་བྱའོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དཀྱིལ་འཁོར་གུར་ཀུམ་གྱིས་སྐྱང་ནུལ་དུ་བྱུགས་ལ། དེའི་མདུན་དུ་བིལ་བའི་ཤིང་གིས་མེ་སྦར་ཏེ། བ་སེར་མོ་བེའུ་ཡོད་པའི་མར་གྱི་ནང་དུ་ཨ་ཀ་རུའི་ཡམ་སྲེག་ཤིང་ངམ། ཡང་ན་པདྨ་བརྒྱད་སྟོང་བསྙུགས་ཏེ་སྦྱིན་སྲེག་བྱས་ལ་མར་གྱི་མར་མེ་བརྒྱད་སྟོང་སྦར་ཏེ་དེ་ནས་ལས་བྱའོ།། ལས་ཟིན་ནས་བུམ་པ་དེ་དག་གིས་རྒྱལ་པོ་དེ་ཁྲུས་བྱེད་དུ་བཅུག་ལ། ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ངེས་པར་གནས་པར་བྱས་ན་ཟིན་པའི་རྗེས་ལ་རྒྱལ་སྲིད་ཐོབ་པར་འགྱུར་རོ།། ཕལ་པ་གང་ལ་ལས་ཁྲུས་བྱས་ན་དེའི་ལོངས་སྤྱོད་ཀྱི་གཞི་འགྲུབ་པར་འགྱུར་ཏེ། རྒྱལ་སྲིད་དམ། ཡུལ་གྲུའི་བདག་པོ་འམ། གྲོང་གི་བདག་པོར་འགྱུར་རོ།། ཅི་སྟེ་བ་ལང་དང་བྲམ་ཟེ་གསོད་པར་བྱེད་ནའང་སྡིག་པ་ཐམས་ཅད་ལས་ཐར་པར་འགྱུར་རོ། ། གང་དང་གང་འདོད་པའི་ཕྱིར་བྱས་ནའང་འདོད་པ་དེ་དང་དེ་ཐོབ་པར་འགྱུར་ཏེ། ཇི་ལྟར་ང་དེ་བཞིན་གཤེགས་པའི་ཞམ་འབྲིང་ན་རྟག་ཏུ་གནས་པ་དེ་བཞིན་དུ་དཔལ་གྱི་ལྷ་མོ་ཆེན་མོ་འདི་དེའི་ཐད་ན་གནས་པར་འགྱུར་རོ། ། ཇི་ལྟར་རྡོ་རྗེ་འདི་རྟག་ཏུ་ང་ལ་གནས་པ་དེ་བཞིན་དུ་དཔལ་གྱི་ལྷ་མོ་འདི་རྟག་ཏུ་དེ་ལ་གནས་པར་འགྱུར་རོ།། གང་ཞིག་རྟག་ཏུ་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་འཆང་བ་དེ་ལ་ནི་རྟག་ཏུ་ལྷ་རྣམས་སྲུང་བར་བྱེད་ཅིང་ཞི་བ་དང་བདེ་ལེགས་སུ་འགྱུར་རོ། ། རིག་སྔགས་འཆང་ངམ། རིག་སྔགས་འཆང་གི་བུ་འམ། རིག་སྔགས་འཆང་མ་གང་ཞིག་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་མཐོང་ན་ཐམས་ཅད་འཕེལ་བར་བྱེད་པའི་དཔལ་ཐོབ་པར་འགྱུར་རོ། ། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་རྫོགས་སོ།། །། དེ་ནས་དྲང་སྲོང་ལྔ་དགའ་བའི་ཚལ་དུ་འཁོད་ནས་གཅིག་ལ་གཅིག་བགྱིས་ཏེ་འདི་གང་སྨྲས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། རྡོ་རྗེ་འཛིན་པ་འདི་ཉིད་ནི།། སེམས་ཅན་རྣམས་ལ་པན་འདོད་ཕྱིར།། ཐུབ་པའི་དྲུང་ན་གས་སྔགས། ། རྣམ་པ་སྣ་ཚོགས་ཐབས་ཀྱིས་སུ།། རིག་མཆོག་ཆོ་ག་ཆེན་པོ་གང་།། ལྷ་རྣམས་ལ་ནི་གྲུབ་སྦྱིན་ཞིང་།། ཐོས་ནས་རྟག་ཏུ་ལྷ་རྣམས་ནི།། ལྷ་མིན་ལས་ལྗོན་བྱེད་ཀྱིས། ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། གསང་བའི་བདག་པོ་སྟོབས་པོ་ཆེ།། ཞི་བ་དང་ནི་དུལ་བ་ཡི།། ཐད་དུ་སོང་ནས་བྲི་བར་བྱ།། དེ་ནས་ལྷའི་དྲང་སྲོང་འོད་ཟེར་ཅན་དང་། འོང་དང་། ཀུན་ཤེས་དང་། གནས་འཇོག་དང་། མི་སྦྱིན་གྱི་བུ་ལ་སོགས་པ། བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེ་དང་། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་གྱི་རྒྱལ་པོ་གང་ན་བ་དེར་དོང་སྟེ་ཕྱིན་ནས། ལྷའི་གླུ་དབྱངས་ཀྱིས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་མངོན་པར་བསྟོད་དོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་དཀྱིལ་འཁོར་དེ་ནས་ལངས་ནས། ལྷའི་དྲང་སྲོང་དེ་དག་ལ་སྨྲས་པ། དྲང་སྲོང་ཆེན་པོ་ཁྱེད་རྣམས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་གྱི་རྒྱལ་པོའི་ནང་དུ་འོངས་པ་ལེགས་སོ་ལེགས་སོ། ། དེ་ནས་དགའ་བའི་ཚལ་ཆེན་པོ་ཡིད་དུ་འོང་བ་དང་། ཤིང་ཆེན་པོ་ཡོངས་འདུ་ལ་གནས་པའི་སྲིན་མོ་ནམ་གྲུ་ཞེས་བྱ་བ་སྟོབས་ཆེན་མོ་བརྩོན་འགྲུས་ཆེན་མོ། འཇིག་རྟེན་གསུམ་ན་བྱིས་པ་རྣམས་གསོད་པ། འདོད་དགུར་བསྒྱུར་བའི་གཟུགས་ཅན་དེའང་དྲང་སྲོང་དེ་དག་གི་ཐད་དུ་སོང་སྟེ་མཐོང་ནས་ལྟད་མོར་གྱུར་ཏེ། དཀྱིལ་འཁོར་དེ་དང་ཉེ་བ་ཞིག་ཏུ་སོང་ནས་རྒྱང་ན་འདུག་ཅིང་། རྡོ་རྗེ་འབར་བའི་གཟི་བརྗིད་ཀྱིས་དེའི་ནང་དུ་འོང་མ་ནུས་སོ།། དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་དང་། མི་སྦྱིན་གྱི་བུ་ལ་སོགས་པ་དྲང་སྲོང་རྣམས་ལག་ན་རྡོ་རྗེའི་ཞལ་དུ་ལྟ་ཞིང་། རྡོ་རྗེ་འཛིན་སྲིན་མོ་ནམ་གྲུ་ཞེས་བྱ་བ་སྟོབས་ཆེན་མོ། བརྩོན་འགྲུས་ཆེན་མོ། འདི་ནི་སྐྱེ་བོ་གནས་པ་དང་འགྲོ་བ་འཇིགས་པར་བྱེད་པ་ལགས་ཀྱིས་རྡོ་རྗེ་འཛིན་ཆེན་པོ་སྲིན་མོའི་འཇིགས་པ་དེ་ལས་བདག་ཅག་ཡོངས་སུ་སྐྱོབས་ཤིག། དེ་ནས་དཔལ་དང་ལྡན་པ་རྡོ་རྗེ་འཛིན་ཁྲོས་ཏེ་མིག་དམར་པོར་བསྒྱུར་ནས་རང་གི་དཔུང་ལ་བལྟས་ཏེ། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་རེ་ཞིག་འཁོད་ཅིག་དང་། འཇིག་རྟེན་ན་སྡང་བ་གང་ཇི་སྙེད་ཡོད་པ་དེ་དག་གཞིག་པར་བྱའོ།། དེ་ནས་ལྷ་རྣམས་དང་དྲང་སྲོང་དེ་དག་གིས་ལག་ན་རྡོ་རྗེ་དང་སྤྱན་ལ་བསྟོད་ནས། རྡོ་རྗེ་འཛིན་སྲིན་མོ་ཆེན་མོ། བརྩོན་འགྲུས་ཆེན་མོ། སྟོབས་ཆེན་མོ་ཁྱོད་ཀྱི་དཀྱིལ་འཁོར་དུ་འཇུག་མི་ནུས་ཀྱིས། རྡོ་རྗེ་འཛིན་ཁྱོད་ཀྱིས་ཀྱང་སྲིན་མོ་ཆེན་མོ་འདི་ལ་བསྟོད་པར་མཛོད་ཅིག་དང་། དེས་ན་དཀྱིལ་འཁོར་དུ་འོང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་སྙིང་རྗེའི་སེམས་ཀྱིས་བལྟས་ནས་སྲིན་མོ་ནམ་གྲུ་ལ་རང་གི་ཆོ་འབྲང་ལས་བསྟོད་པ། ནམ་གྲུ་ཁྱོད་ཀྱི་ཆོ་འབྲང་དང་།། མཚན་ཉིད་དག་ནི་བཤད་བྱ་ན།། ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས།། རྒྱབ་ནི་འཛམ་བུ་ཆུ་བོའི་གསེར།། ཁྱོད་ཀྱི་གདོང་ཡང་དངུལ་ཡིན་ཏེ།། ལྟོ་བའི་ངོས་ནི་རྡོ་རྗེས་གཏམས།། མིང་པོ་མཛོད་དང་མཛོད་སྲུང་བ།། ཁྱོད་ཀྱི་མ་ནི་ཀུན་འགྲོ་མ།། ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། ། སྐལ་ལྡན་ཤིང་རྟ་ཁྱོད་ཀྱི་རུས།། ལྷ་ཡུལ་དག་ཏུ་གྲགས་པ་ཡིན།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སྲིན་མོ་ནམ་གྲུ་རང་གི་ཆོ་འབྲང་ལ་བསྟོད་ནས། སངས་རྒྱས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ཏེ། རྡོ་རྗེ་འཛིན་པ་བདག་ཉིད་ཆེ།། ཚངས་དང་གསུམ་ལ་ཕྱག་འཚལ་ཏེ།། དབང་ཕྱུག་ཆེ་ལ་ཕྱག་འཚལ་ནས།། ས་འཛིན་རླུང་རྣམས་གང་ཡིན་དང་། ། གང་དག་གནོད་སྦྱིན་སྟོབས་པོ་ཆེ།། གྲུབ་པ་རྒྱུ་བ་དྲི་ཟ་རྣམས།། དྲང་སྲོང་ལྷ་དང་ལྷ་མིན་པ།། དེ་ནས་འབྱུང་པོ་ཐམས་ཅད་དང་།། འོད་ཟེར་ཅན་དང་འོད་སྲུང་དང་། ཀུན་ཤེས་དང་ནི་གནས་འཇོག་དང་།། ཐུབ་པ་ཆེན་པོ་མི་སྦྱིན་བུ།། དབང་པོ་གཏུམ་པོ་ཁྱབ་འཇུག་དང་།། འདི་རྣམས་བདག་ལ་གྲུབ་སྦྱིན་ཤོག། ནམ་གྲུ་མོ་ནི་བཤད་བྱ་ན།། མཚན་མོ་ནག་མོ་འཇིགས་བྱེད་མ།། གཤིན་རྗེའི་སྲིང་མོ་ཆེན་མོ་སྟེ།། ཡོངས་འདུའི་ཤིང་ལ་གནས་པ་ཡིན།། རི་ལ་ཁྱབ་འཇུག་གཅིག་པུ་ནི།། བདེ་བར་ཉལ་བར་མི་ཉམ་སྟེ།། དེས་ནི་བྱ་ཡི་གཟུགས་ཀྱིས་སུ། ། མཚན་མོ་ཁྱབ་འཇུག་སྐྲག་པར་བྱེད།། ལྷ་མོ་ནག་མོ་སྟོབས་མོ་ཆེས།། དེ་མཐོང་ནས་ནི་འོང་བར་འགྱུར།། དེ་ནས་རྩེད་མོ་བྱེད་བཞིན་དུ།། བྱིས་པ་གསོད་པའི་མགྲིན་པ་ནས།། ལག་པ་གཡོན་པས་བཟུང་ནས་ནི། ། འཇིགས་པའི་སྒྲ་ཡང་འབྱིན་པར་བྱེད།། རྣ་གཉིས་ཀྱང་ནི་མི་མཐོང་སྟེ།། སེམས་ཉམས་པས་ནི་དེ་མཐོང་ནས།། ཤིན་ཏུ་བྲེད་ཅིང་བཞིན་ཡང་འགྱུར།། ཁྱོད་ནི་ང་ལ་མ་འཚེ་བར། ། ལྷ་ཡི་དགའ་གནས་དགའ་བར་གྱིས།། དེ་ནས་ཁྲོས་ནས་དེ་ཉིད་དུ།། བྱིས་པ་གསོད་ལ་བསྒོ་བ་ནི།། ལོ་གཅིག་པ་དང་ལོ་གཉིས་དང་།། ལོ་དགུ་པ་ལ་མ་འཇུག་པར།། དཟང་མོ་སོང་ལ་སྐྱེ་དགུ་འདི། ། རང་གི་ལས་ཀྱིས་བཟའ་བར་གྱིས།། བ་ལང་རྣམས་ལ་གོར་ཡང་བྱོས།། ཝ་རྣམས་དང་ནི་ཝ་གསོད་དང་།། རི་དགས་ལ་ནི་རི་དགས་ནད།། མི་རྣམས་ལ་ནི་མི་ངས་བྱོས།། ཁྱོད་ཀྱིས་ལུས་ལ་དེང་བརླག་གྱུར། ། བྱིས་པ་རྣམས་ནི་རྩེ་གྱུར་ཅིག། བྱིས་པ་རྣམས་ལ་ཕན་གདགས་ཕྱིར།། མ་མོ་རྣམས་ལ་སྙེམས་པའི་མཆོག། མི་རྣམས་ཀྱང་ནི་རིམ་བཞིན་དུ།། དེ་ནི་བདག་གིས་བཤད་པར་བྱ། ། དཀྱིལ་འཁོར་འདི་ནི་མཐོང་བ་ལ།། གདོན་ནི་གང་ཞིག་ལྡོག་མི་བྱེད།། གདོན་མང་དག་གིས་དེ་སྤངས་ནས།། མུན་པ་མི་བཟང་གནས་པར་འགྱུར།། གང་གིས་སུ་ནི་ཞི་འགྱུར་བ།། འདི་ཡང་ལྷ་རྣམས་མཉན་པར་གྱིས།། གང་ན་བུད་མེད་སྲུང་བྱེད་པ།། དེར་ནི་བྱིས་པ་བསྲུང་བྱ་སྟེ།། གསེར་དག་དང་ནི་ལུང་ཏང་རྣམས།། བུད་ཏྲན་ཛི་བ་ལིག་པུ་མིག། གིའུ་ཝང་མར་དང་སྦྲང་ཅི་དང་། ། ཡང་ན་ཤུ་དག་གྲོ་བ་རྣམས།། འདི་དག་གང་གི་ཁྱིམ་ན་ཡོད།། དེར་ནི་བྱིས་པ་བསྲུང་བར་བྱ།། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེས་རིག་སྔག་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ཙི་ལི་ཙི་ལི། བྷིནྣ་བྷིནྡ། མུཉྩ་མུཉྩུ། ཧི་བ་ལ་ཀ་ན་སཱ་ཧཱ། བཛྲ་པཱ་ཎི་རཱ་ཛྙཱ་བ་ཡ་ཏཱི་སྭཱ་ཧཱ། དེ་བཱ་ས་མཱཛྙཱ་པ་ཡ་ཏི་སྭཱ་ཧཱ། རི་ཤི་ཡ། ས་མཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེས་འདི་བཤད་མ་ཐག་ཏུ་སྲིན་མོ་སྟོབས་མོ་ཆེ་ནམ་གྲུས་སྐད་ཆེན་པོ་ཕྱུང་ནས། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། སྟོབས་པོ་ཆེ་ཚོགས་མི་བཟད་པ། མཆོག་ཏུ་མི་བཟད་པ་མཆོག་ཏུ་འཇིགས་པ་ལས་བདག་སྒྲུབ་ཏུ་གསོལ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས། སྲིན་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། སྲིན་མོ་མ་འཇིགས་ཤིག་མ་འཇིགས་ཤིག། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་དྲན་པར་གྱིས་ཤིག། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དྲན་པར་གྱིས་ཤིག་དང་། དེས་ན་འཇིགས་པར་མི་འགྱུར་རོ།། བསྐལ་པ་ཆེན་པོ་ལྡོག་པར་གྱིས་ཤིག། སྟོབས་པོ་ཆེ་ངའི་བཀའ་ཉོན་ཅིག། དེ་ནས་སྲིན་མོ་ཆེན་མོ་ནམ་གྲུས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་བདག་གིས་གཏོང་ལགས་ཀྱིས། བདག་གིས་ཅི་བགྱི་བ་བཀའ་སྩོལ་ཅིག། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། སྲིན་མོ་དེ་ལ་སྨྲས་པ། གང་ན་རིག་སྔགས་ཀྱི་རྒྱལ་པོ་གནས་པ་དེར་ཁྱོད་མ་འདུག་ཅིག། དཔལ་ཐམས་ཅད་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་མཐོང་བ་གང་ཡིན་པ་དང་། ཁྱོད་ཀྱི་ཆོ་འབྲང་དང་མཚན་ཉིད་གྲོ་ག་ལ་བྲིས་ཏེ་འཆང་བ་དེར་ཡང་ཁྱོད་ཀྱིས་སྲུངས་ལ་ཞི་བ་དང་བདེ་ལེགས་སུ་གྱིས་ཤིག། སྨྲས་པ། སྟོབས་པོ་ཆེ་དེ་ལྟར་བགྱི་སྟེ། གང་བདག་གི་ཆོ་འབྲང་དང་མཚན་ཉིད་གྲོ་ག་ལ་གིའུ་ཝང་གིས་བྲིས་ནས་སྣོད་དུ་བཅུག་སྟེ་འཆང་བ་དང་། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་མཐོང་བ་དང་། ཡུལ་ལམ་གྲོང་ཁྱེར་གང་ན་དཀྱིལ་འཁོར་ཆེན་པོ་འདི་འདྲི་བའི་ཡུལ་དེ་ཞི་བ་དང་བདེ་ལེགས་སུ་འགྱུར་ཏེ། དེས་ན་སེམས་ཅན་སྡང་བར་སེམས་པ་རྣམས་ཀྱིས་ཁྱོད་ཀྱི་བཀའ་མཉན་ནས་སྲུང་བར་བྱེད་དེ། ཞི་བ་དང་བདེ་ལེགས་སུ་འགྱུར་རོ།། བྱིས་པ་གང་ནམ་གྲུའི་ཆོ་འབྲང་དང་མཚན་ཉིད་སྣོད་དུ་བཅུག་སྟེ་འཆང་བ་དེ་ལ་ནི་གདོན་ཐམས་ཅད་ཀྱིས་འཇིགས་པར་མི་འགྱུར་རོ། ། གང་ཞིག་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་བྲིས་པའི་དབུས་སུ་རྡོ་རྗེའི་དབྱིབས་ཀྱི་ཐབ་ཁུང་བྱས་ཏེ། རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་ཁྲོ་བོ་སྟོབས་པོ་ཆེ་ངས་བཤད་པ་གང་ཡིན་པ་འམ། ཡང་ན་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོས་གུ་གུལ་ལམ་འབྲུའི་སྦྱིན་སྲེག་བྱས་ན། ལག་ན་རྡོ་རྗེས་བཤད་པ་བཞིན་དུ་ཡུལ་ལམ་གྲོང་ཁྱེར་གྱི་མི་ནད་ཞི་བར་འགྱུར་རོ།། ཞི་བའི་ཆོ་ག་རྫོགས་སོ།། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བཟོད་ལྡན་དག་ཁྱེད་ཉོན་ཅིག། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལས་ངས་རིག་སྔགས་བཤད་པ་གང་ཡིན་པ་དེ་དག་གི་ལས་ཀྱི་འབྲས་བུ་སྟོན་པ་རྣམ་པ་སྣ་ཚོགས་ངས་བཤད་པར་བྱའོ། ། སྨྲས་པ། རིག་སྔགས་ཀྱི་རྒྱལ་པོ་སྔགས་ཐམས་ཅད་ཀྱི་ལས་ཤོད་ཅིག་ཤོད་ཅིག། སྨྲས་པ།། ལྷ་རྣམས་ངའི་བཀའ་གཅོག་པ་དེ་ནི་ངས་རྡོ་རྗེ་འབར་བ་ཀུན་ཏུ་རབ་ཏུ་འབར་བས་སྤྱི་བོ་གཤག་པར་བྱའོ།། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་ངས་བཤད་པ་གང་ཡིན་པ་དེའང་དེ་བཞིན་དུ་གྱིས་ཤིག། ནམ་གྲུའི་ཆོ་འབྲང་དང་མཚན་ཉིད་ཀྱི་ཆོ་ག་བཤད་པར་བྱ་སྟེ། ཡུལ་གང་དུ་མི་ནད་ཀྱི་གནོད་པ་བྱུང་བ་དེར་ངས་ཆོ་ག་བཤད་པའི་ཆོ་ག་དེས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་བྲིས་ལ། དེའི་དབུས་སུ་རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ལས་བཤང་བའི་རྡོ་རྗེ་ཁྲོ་བོས་གུ་གུལ་ལས་འབྲུའི་སྦྱིན་སྲེག་བྱའོ། ། སྲིན་མོ་ཆེན་མོ་དེའི་གཏོར་མ་གང་གིས་མི་ནད་ཞི་བར་གྱུར་པའང་བཤད་པར་བྱ་སྟེ། འབྲས་ཀྱི་འོ་ཐུག་སྦྱར་ཐུག་དང་།། འབྲས་ཆན་མོན་སྲན་གྲེའུ་སྦྱར་དང་།། འབྲས་ཆེན་བུ་རམ་སྦྱར་བོ་དང་། ། ཏིལ་དང་སྦྱར་བའི་སྣུམ་འཁུར་དང་།། འབྲས་ཀྱི་ཞིང་དེ་ནུ་ཞོ་དང་།། བེན་ཙེར་འཁུར་བ་བཀྲ་ཤིས་ལྡན།། འབྲས་ཀྱི་ཆུང་པེང་ལ་ཕུག་ཏི་ལ།། བུར་མར་འོ་མ་ཉ་དང་ཤ།། ཏིལ་ཕྱེ་ལས་བྱས་འཁུར་བ་དང་། ། ཆང་དང་དབྱིག་དང་བཅས་པ་དང་།། མེ་ཏོག་འཕྲེང་བ་དྲི་དང་བྱུག། གཏོར་མ་དེ་དག་བྱིན་ན་ནི།། མི་ནད་ཀུན་ཞི་ཕན་པར་འགྱུར།། ལྷ་ཐམས་ཅད་ལའང་ལྷ་བཤོས་སྣ་ཚོགས་དབུལ་བར་བྱ་ཞིང་། དེར་ཤིན་ཏུ་བཀྲ་ཤིས་པའི་ཚིགས་སུ་བཅད་པའང་བཀླག་པར་བྱའོ།། རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྨ་བྱ་ཆེན་མོའི་རིག་སྔགས་བདུན་བརྒྱས་བསྐོར་བ་གང་ཡིན་པ་དེའང་དེར་བཀླག་པར་བྱ་སྟེ། རིམ་གྲོར་བྱ་ཞིང་བླ་མར་བྱས་ལ། དྲི་དང་། མེ་ཏོག་དང་། བདུག་པ་དང་། བཤོས་རྣམས་ཀྱིས་མཆོད་པར་བྱའོ།། ནམ་གྲུའི་ཆོ་འབྲང་དང་མཚན་ཉིད་ཀྱང་བཀླག་པར་བྱ་སྟེ། གྲོ་ག་ལ་བྲིས་ནས་མགོ་ལ་བཏགས་ན་ཡུལ་དེར་ཞི་བ་དང་བདེ་ལེགས་སུ་འགྱུར་ཏེ། ཡུལ་དེར་མི་ནད་ཀྱི་གནོད་པ་འབྱུང་བར་མི་འགྱུར་རོ།། ནམ་གྲུའི་ཚེ་འབྲང་མཚན་ཉིད་ནི། ། ལག་ན་རྡོ་རྗེས་བཤད་པ་བཞིན།། དེ་ནི་བདག་གིས་ངེས་པར་བསྟན།། ཕོ་ཉ་མོ་སྟོབས་ཆེན་མོ་རྣམས་ཀྱི་ལས་ཀྱང་བཤད་པར་བྱ་སྟེ། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལ་ཕོ་ཉ་མོ་སྟོབས་ཆེན་མོ་དྲུག་ངས་བཤད་པ་གང་ཡིན་པ་རྣམས་དང་། ཚོགས་རྣམས་ཀྱི་ནང་ན་པོ་ཉ་མོ་རྣམས་ཀྱིས་ལས་སྒྲུབ་པ་ལྕགས་ཅན་བསྟན་པ་གང་ཡིན་པ་དང་། མཐོང་བར་དཀའ་བ་བཤད་པ་པོ་ཉ་ཚོགས་དྲུག་གིས་བསྐོར་བ་ཚོགས་ཆེན་པོ་ལྕགས་ཅན་གང་གིས་མཐོང་བ་དེས་ཕོ་ཉ་མོ་རྣམས་དང་། འགྲོགས་པ་མི་བཟད་པ་དཔའ་བོའི་ཚོགས་ཆེན་པོ་དང་། ཕོ་ཉ་མོ་རྣམས་དང་ལྷན་ཅིག་གནས་པ་དྲག་པོ་མི་བཟད་པ་ལས་དྲག་པོ་བྱེད་པ་གཟུགས་བཟང་པོ་དང་། ལྕགས་ཅན་པོ་ཉ་བོ་རྣམས་དང་ལྷན་ཅིག་ན་གནས་པ་སྟོབས་པོ་ཆེ་སྒྲུབ་པ་ནི་མར་གྱི་ངོ་ཞག་བརྒྱད་ལ་སྤྱད་བ་བྱས་ཏེ། བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྣམ་པ་སྣ་ཚོགས་དེ་བཞིན་དུ་བྱས་ལ། དེ་ནས་ཕོ་ཉ་མོ་སྟོབས་མོ་ཆེ་དྲུག་གཞག་པར་བྱའོ།། དེ་ལ་དབུས་སུ་ནི་ལག་ན་རྡོ་རྗེ་སྟོབས་པོ་ཆེ་དྲག་པོའི་ལས་བྱེད་པ་གཟུགས་བཟང་པོ་གཞག་གོ། འོག་ལོགས་སུ་ནི་རྐང་པ་གཡས་པའི་ལྷོ་ཕྱོགས་སུ་ནི་ཕོ་ཉ་མོ་སྟོབས་མོ་ཆེ་དྲུག་གཞག་གོ། རྐང་པ་གཡས་པ་དེའང་འདེག་པར་བྱ་སྟེ། ཚོགས་ཆེན་པོ་ལྕགས་ཅན་སྟོབས་པོ་ཆེ་ཚོགས་བདུན་གྱིས་བསྐོར་བས་ལག་པ་གཉིས་ཀྱིས་རྡོ་རྗེ་འཛིན་ཆེན་པོའི་རྐང་པ་གཡས་པ་སྟོན་ཅིང་འཛིན་པར་བྱའོ། ། དེ་ནས་ལྕགས་ཅན་གྱི་འོག་ལོགས་སུ་རིན་པོ་ཆེ་ཐམས་ཅད་དང་འབྲུ་ཐམས་ཅད་གཞག་པར་བྱའོ། ཡང་ན་ཀར་ཤ་པ་ཎ་བརྒྱ་རྩ་བརྒྱད་ཚང་བར་དབུལ་བར་བྱའོ།། ལག་ན་རྡོ་རྗེ་དང་། ལྕགས་ཅན་ལ་སོགས་པ་ཚོགས་རྣམས་དང་། ཕོ་ཉ་མོ་སྟོབས་མོ་ཆེ་དེ་དག་ཀྱང་ཚོན་སྣ་གསུམ་གྱིས་བྲི་བར་བྱའོ། ། དེ་ནས་ལག་ན་རྡོ་རྗེ་དང་། ཚོགས་ཆེན་མོ་རྣམས་དང་། ཕོ་ཉ་མོའི་ཚོགས་དེ་དག་ལ་ལྷ་བཤོས་སྣ་ཚོགས་དུ་བྲལ་བར་བྱའོ།། དེ་ནས་ཚོགས་ཆེན་པོ་ལྕགས་ཅན་གྱི་སྔགས་ལྡན་བརྒྱ་རྩ་བརྒྱ་བཟླས་པར་བྱའོ། ། དེ་ནས་མཚན་མོ་རྨི་ལམ་བཟང་པོ་རྨི་བར་འགྱུར་རོ།། ཡང་ན་སྐྱེས་པ་འམ་བུད་མེད་མཐོང་བར་འགྱུར་རོ།། ཅི་སྟེ་སྐྱེས་པ་ནག་པོ་མིག་དམར་ལ་གོས་སེར་པོ་གྱོན་པ་ཞིག་མཐོང་ན་ནི་ཕྱིན་ཆད་རིག་སྔགས་འཆང་གི་ཞི་བ་དང་། རྒྱས་པ་དང་། དྲག་ཤུལ་གྱི་ལས་རྣམས་འགྲུབ་པར་འགྱུར་རོ།། ཅི་སྟེ་བུད་མེད་གོས་དཀར་པོ་གྱོན་པ་མདོག་གནག་པ་འམ། སྔོ་བསངས་སམ། དཀར་པོ་མཐོང་བར་གྱུར་ན། དེ་ཅི་སྟེ་དཀར་པོ་མཐོང་ན་ནི་ལྡོང་རོས་བསྒྲུབ་པར་བྱའོ།། ཅི་སྟེ་སྔོ་བསངས་མཐོང་ན་ནི་མཚོན་ཆ་ཐམས་ཅད་འགྲུབ་པར་འགྱུར་རོ།། ཅི་སྟེ་ནག་པོ་མཐོང་ན་ནི་ལིག་བུ་མིག་དང་། ཝང་ལོང་བུ་དང་། སྡང་ཟིལ་ལ་སོགས་པའི་མིག་སྨན་རྣམས་འགྲུབ་པར་འགྱུར་རོ།། ཕོ་ཉ་མོ་རྣམས་ཀྱི་ལས་ཐམས་ཅད་ལ་ནི་ནང་པར་བླ་མ་དང་ཚེགས་ལག་ན་རྡོ་རྗེ་དང་འདྲ་བར་བྱ་སྟེ། བདག་ཉིད་ཀྱིས་པོ་ཉ་མོ་རྣམས་ཀྱི་ཐབས་སུ་བུད་མེད་གང་ཡང་རུང་བ་ཀུ་ཤའི་སྟན་བྱས་པ་ལ་འདུག་པ་ལ་ཅི་རིགས་པའི་ཁ་ཟས་ཀྱིས་སྟོན་ན། ཕོ་ཉ་མོ་དྲུག་དང་ཚོགས་སྟོབས་པོ་ཆེ་བརྒྱད་པོ་རྣམས་འགྲུབ་པར་འགྱུར་ཏེ། ཞག་གསུམ་ན་ཕོ་ཉ་མོའི་ཚོགས་རྣམས་ཡོངས་སུ་མགུ་བར་གྱུར་པས་གློ་བུར་དུ་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཀྱིས་ཤིང་ཐོག་སྦྱིན་པར་བྱེད་དོ།། དེ་ནས་རིག་སྔགས་འཆང་གིས་ཤིང་ཐོག་བླངས་ལ་བདག་གྲུབ་བོ་སྙམ་དུ་ཤེས་པར་བྱས་ནས། ལག་ན་རྡོ་རྗེ་དང་པོ་ཉ་མོའི་ཚོགས་རྣམས་ལ་མཆོད་པར་བྱའོ།། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕོ་ཉ་མོའི་ཚོགས་དང་ལྷན་ཅིག་ཏུ་ཚོན་རྩི་སྣ་གསུམ་གྱིས་དྲིས་པ་འདིན་གང་གིས་མཐོང་ནའང་པོ་ཉ་མོའི་ཚིགས་ཐམས་ཅད་འགྲུབ་པར་འགྱུར་ན། སྒྲུབ་པ་དང་འཆང་བ་ལྟ་ཅི་སྨོས། དབྱིག་དེ་དག་ཀྱང་ལག་པར་བཞག་སྟེ་བླ་མ་ལ་དབུལ་བར་བྱའོ།། བུལ་ནས་ཀྱང་པོ་ཉ་མོའི་ཚོགས་རྣམས་བདག་ལ་གྲུབ་པར་གྱུར་ཅིག་ཅེས་སྨྲས་ལ། དེ་ནས་ཀྱང་བསྒྲིམས་ཏེ་ཕོ་ཉ་མོའི་ཚོགས་ཀྱིས་བལྟས་པའི་ལས་འདི་བསྒྲུབ་པར་བྱའོ།། དེ་ནས་ཕོ་ཉ་མོ་དྲུག་དང་ཚོགས་སྟོབས་པ་ཆེ་བརྒྱད་པོ་རྣམས་ལས་སྣ་ཚོགས་ཀྱིས་བསྒྲུབ་པར་བྱའོ། ། ཕོ་ཉ་མོ་རྣམས་ཀྱི་ལས་སྣ་ཚོགས་རྣམས་བཤད་པར་བྱ་སྟེ། མེ་ལྕེ་མའི་ལས་འདི་རྣམས་བསྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ།། མཚམས་གཅད་པ་ནི་ཐལ་བས་བྱའོ།། དུག་ལས་གསོ་བ་ནི་ཡལ་གས་བྱའོ།། གདོན་ཐམས་ཅད་ལ་ནི་ཡུངས་ཀར་གྱིས་གདབ་པའི་ལས་བྱའོ།། གཞོན་ནུའི་གདོན་ལ་ནི་རྣ་བར་གཤིབས་ཏེ་བརྫས་བརྗོད་བྱས་པས་གཏོང་བར་བྱེད་དེ། གཞོན་ནུ་ཐམས་ཅད་ལ་རྟག་ཏུ་སྦྱར་བར་བྱའོ།། དབབ་པ་ནི་གུ་གུལ་གྱིས་བདུག་པར་བྱའོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེ་ལ་མེ་ཏོག་དཀར་པོ་སྟོང་གིས་བསྣུན་ན་ལོངས་སྤྱོད་ཀྱི་གཞི་སྦྱིན་པར་བྱེད་དོ། ། ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་བཟའ་ཞིང་རིག་སྔགས་བཟླས་བརྗོད་བྱས་ནས་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལྕགས་ཅན་བཞག་ནས་མཆོད་པ་རྒྱས་པར་བྱས་ལ། དེའི་མདུན་དུ་དོང་ཀའི་ཤིང་གིས་མ་སྦར་ལ་ལྡོང་རོས་པ་ལང་གི་མཁྲིས་པ་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གློ་བུར་དུ་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་ཏེ། དེ་ནས་ཚོགས་ཆེན་པོ་རྨུགས་བྱེད་འོངས་པར་འགྱུར་རོ།། འོངས་ནས་རྨུགས་བྱེད་ཀྱིས་ལྡོང་རོས་སྦྱིན་པར་བྱེད་དེ། དེ་ཐོགས་པས་འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་། ལྕགས་ཅན་དང་ཁ་དོག་མཚུངས་ལ་བསྐལ་པར་གནས་པར་འགྱུར་རོ།། ཡང་ན་སློང་མོའི་ཟས་བཟའ་ཞིང་དབེན་པའི་གནས་སུ་ལན་འདུམ་བཟླས་བརྗོད་བྱས་ན་ཚོགས་ཆེན་པོ་ལྕགས་ཅན་གྱིས་རལ་གྲི་སྦྱིན་པར་བྱེད་དེ། དེ་ཐོགས་པས་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་ཅིང་བསྐལ་པར་གནས་པར་འགྱུར་རོ།། བྱན་ལག་གི་ཚང་ནས་ཤིང་བུ་བླངས་ལ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་འབུམ་བཟླས་བརྗོད་བྱས་ནས་དེ་ཐོགས་པས་ཡིད་ལ་གང་བསམས་པ་དེ་འགྲུབ་པར་འགྱུར་ཏེ། སྐྱེས་པ་དང་། བུད་མེད་དང་། ཟས་དང་། གོས་དང་། མལ་སྟན་རྣམས་ཡིད་ལ་བསམས་པས་འགྲུབ་པར་འགྱུར་རོ། ། དེ་ལྟ་བུའི་ཤིང་བུ་ཆུ་ཀླུང་ཆེན་པོར་བོར་ཏེ། དེ་ནས་ཉི་མ་ལ་བལྟས་ལ་ཆུ་ངོགས་སུ་བཟླས་བརྗོད་བྱས་ན་ཡིད་ལ་གང་བསམས་པ་དེ་དག་ཐམས་ཅད་འགྲུབ་ཅིང་ཚེ་ལོ་ཁྲི་ཐུབ་པར་འགྱུར་ཏེ། མིའི་ཐོད་པ་ལ་དབབ་པ་དང་། རལ་གྲི་དང་མེ་ལོང་ལ་དབབ་པའང་བྱེད་ནུས་པར་འགྱུར་རོ།། ཡར་གྱི་ངོ་ཟླ་བ་ཉ་ལ་བརྩམས་ཏེ་སློང་མོའི་ཟས་ཟ་ཞིང་། འཕགས་པ་ལག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་ལན་འབུམ་བཟླས་བརྗོད་བྱས་ན་བུད་མེད་ཐོབ་པར་འགྱུར་རོ། ། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་ལས་བྱ་བ་དང་། ལྷ་རྣམས་ལ་དྲི་དབུལ་བའང་འདིའི་རིག་སྔགས་ཀྱིས་བྱའོ། ། མེ་ལྕེ་མའི་ཆོ་ག་སྟེ་དང་པོ་རྫོགས་སོ།། ། མེ་སྟག་མའི་ལས་རྣམས་འབྱུང་སྟེ། དབབ་པ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཆུས་བྱའོ།། རྒྱ་གཞོམ་པ་ནི་སོ་ཕག་གིས་བྱའོ། ། དུག་ལས་གསོ་བ་ནི་ཡལ་གས་བྱའོ།། སྔོན་དང་ལུ་ཏས་ཟིན་པ་རྣམས་ནི་བྱབ་པས་བྱའོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་དུ་གསེག་མ་བླངས་ནས། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་གསེག་མ་དེ་ཐོགས་པས་གང་ལ་བསྡིགས་པ་དེ་རྒྱས་བཏབ་པར་འགྱུར་ལ། གུ་གུལ་གྱིས་བདག་གྲོལ་བར་འགྱུར་རོ། ། མི་རོ་ལ་བལྟས་ཏེ་ལོངས་ཞེས་སྨྲས་ན་ལྡང་བར་འགྱུར་ཏེ། དོན་དུ་གཉེར་བའི་མཆོག་སྟོན་པར་འགྱུར་རོ།། དེ་ནས་རྨ་བྱ་སྒྲུབ་པར་འདོད་ན་ཞག་གསུམ་སྨྱུང་བ་བྱས་ཏེ། མར་བྱ་ངོ་ཞག་བཅུ་བཞི་ལ་གཞོན་ནུའི་གནས་སུ་སོང་ལ་ཚོན་རྩི་སྣ་གསུམ་གྱིས་རྨ་བྱ་བྲིས་ནས་དེའི་ལུས་ལ་རྨ་བྱའི་སྒྲོ་བཞག་སྟེ་ལྷ་བཤོས་སྣ་ཚོགས་ཕུལ་ལ། དེ་ནས་སྐད་ལན་གསུམ་ཕྱུང་གི་བར་དུ་རིག་སྔགས་བཟླས་བརྗོད་བྱས་ན་དེ་ཕྱིན་ཆད་དུག་གསོ་བའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། ། རྨ་བྱའི་སྒོ་དེའང་དུད་པ་བཀག་སྟེ་བསྲེགས་ལ། དེས་མིག་བསྐུས་ན་ཕྱེ་མ་རེད་ལུས་མི་སྣང་བར་འགྱུར་ཏེ་ཡིད་ལ་གང་བསམས་པའི་དོན་དེ་བྱེད་ནུས་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་ལའང་མཚམས་གཅད་པར་ནུས་སོ།། འབྲུའི་ཞིང་གི་སྟེང་དུ་སོང་ལ་ལན་སྟོང་བཟླས་བརྗོད་བྱས་ན་འབྲུ་རྣམས་རྒྱས་པར་འགྱུར་རོ། ། འབྲུ་མ་རུངས་པར་བྱ་བར་འདོད་ནི་མའི་རུས་པའི་ཕུར་བུ་ལ་ལན་སྟོང་བཟླས་བརྗོད་བྱས་ཏེ་བཙུགས་ན་མ་རུངས་པར་འགྱུར་རོ།། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་དབུལ་བ་དང་། ལྷ་ཐམས་ཅད་ལ་ལྷ་བཤོས་དབུལ་བའང་འདིའི་རིག་སྔགས་ཀྱིས་བྱའོ།། མེ་སྟག་མའི་ཆོ་ག་སྟེ་གཉིས་པ་རྫོགས་སོ།། ། འཐེང་ལྡན་མའི་ལས་རྣམས་འབྱུང་སྟེ། བུད་མེད་དབང་དུ་བྱ་ན་ཞག་གསུམ་གྱི་བར་དུ་དུས་གསུམ་དུ་ལན་ཚའི་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། ཟླ་བ་གཅིག་གི་བར་དུ་དུས་གསུམ་དུ་ཁྲུས་བྱས་ཏེ་དུས་གསུམ་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་ཟླ་བ་གཅིག་ལོན་ནས། བཅོམ་ལྡན་འདས་ལག་ན་རྡོ་རྗེ་མཐོང་བར་འགྱུར་ཏེ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། ། ཡར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྤྱང་བ་བྱས་ཏེ། དགོན་པའི་གནས་སུ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་གློ་བུར་དུ་འོངས་པ་འགྱུར་ཏེ། འོངས་ནས་གཏེར་སྦྱིན་པར་བྱེད་ལ་དེའང་མི་ཟད་པར་འགྱུར་རོ། ། ཞག་གསུམ་སྤྱད་པ་བྱས་ཏེ་ཡར་གྱི་ངོ་ཚེས་ལྔ་ལ་བུམ་པ་ས་བོན་དང་རིན་པོ་ཆེ་ཐམས་ཅད་ཀྱིས་བཀང་སྟེ་མགྲིན་བཅིངས་དང་བཅས་པ་གཞག་སྟེ། རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ལ་ཆུ་དེས་རྒྱལ་པོ་འམ། རྒྱལ་པོའི་བུ་ཁྲུས་བྱེད་དུ་བཅུག་ན་ཡུལ་དེ་དཔལ་དང་ལྡན་པར་འགྱུར་རོ།། དེ་ནས་གནོད་སྦྱིན་དབང་དུ་བྱ་བར་འདོད་ན་དགོན་པའི་གནས་སྐྱེས་པ་དང་བུད་མེད་མེང་པའི་ཕྱོགས་སུ་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་བཟའ་ཞིང་ས་ལས་གནོད་སྦྱིན་གྱི་གཟུགས་བྱས་ཏེ་དུས་གསུམ་དུ་ལན་བརྒྱད་བརྒྱ་འམ། ལན་སྟོང་བཟླས་བརྗོད་བྱས་ན་ཟླ་བ་དྲུག་ལོན་པ་ན་གནོད་སྦྱིན་གྱི་བདག་པོ་འོང་བར་འགྱུར་ཏེ། དེ་ན་རེ། བདག་ཅག་གིས་ཅི་ཞིག་བྱ། དམ་པ་སློངས་ཤིག་ཅེས་ཟེར་བ་དང་། དེ་ནས་དེས་འདི་སྐད་དུ་དཔག་ཚད་བརྒྱ་ཚུན་ཆད་ཀྱི་གནོད་སྦྱིན་ཐམས་ཅད་བདག་གི་དབང་དུགྱུར་ཅིག་ཅེས་སྨྲོས་ཤིག། དེ་ན་རེ། དེ་ལྟར་བྱའོ་ཞེས་སྨྲས་ནས་མི་སྣང་བར་འགྱུར་ཏེ། ཡིད་ལ་ཅི་བསམས་པ་དེ་ཐམས་ཅད་བྱེད་ཅིང་དུས་མ་ཡིན་པར་རྩ་བ་དང་། མེ་ཏོག་དང་། འབྲས་བུ་དང་། ཟས་དང་། གོས་དང་། རིན་པོ་ཆེ་དང་། ཏི་ན་ར་གང་འདོད་པ་རྣམས་སྦྱིན་པར་བྱེད་དོ།། དེ་ནས་ལོངས་སྤྱོད་ཀྱི་གཞི་བླང་བར་འདོད་ན་ཞག་དྲུག་སྤྱང་པ་བྱས་ཏེ། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཁ་མཆོད་པའི་ཕྱིར་ཞིང་རྒྱས་པར་བྱས་ལ། ཟླ་བ་ཉའི་ནུབ་མོ་ཨ་ཀ་རུ་དང་། གུ་གུལ་དང་། དུ་རུ་ཀ་བསྲེག་ཅིང་ནམ་ནངས་ཀྱི་བར་དུ་བཟླས་བརྗོད་བྱས་ཏེ་ཞག་བདུན་གྱི་བོར་དུ་ངེས་པར་གནས་ན། དེ་ནས་ལོངས་སྤྱོད་ཀྱི་གཞི་ཆེན་པོ་ཐོབ་པར་འགྱུར་རོ།། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་མར་མེ་རྣམས་ཀྱང་འདིའི་རིག་སྔགས་ཀྱིས་དབུལ་བར་བྱའོ།། འཕྲེང་ལྡན་མའི་ཆོ་ག་སྟེ་གསུམ་པ་རྫོགས་སོ།། མཛོད་ལྡན་མའི་ལས་རྣམས་འབྱུང་སྟེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་ལན་འབུམ་བཟླས་བརྗོད་བྱས་ན་ནད་ཐམས་ཅད་ལས་ཐར་པར་འགྱུར་རོ།། དབབ་པ་ནི་གུ་གུལ་གྱིས་བདུག་པར་བྱའོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གསུམ་སྨྱུང་བ་བྱས་ལ། གུ་གུལ་དང་བིལ་བ་ལྷན་ཅིག་ཏུ་སྦྱར་ཏེ་ལན་སྟོང་བཟླས་བརྗོད་བྱས་ན་ཏི་ན་ར་སྟོང་ཐོབ་པར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་དུར་ཁྲོད་དུ་སོང་ནས་མིའི་ཐོད་པ་བླངས་ལ་རའི་འོ་མས་བཀང་སྟེ། ཐོད་པ་གསུམ་གྱི་སྟེང་དུ་བཞག་ནས་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་འབྲས་སཱ་ལུའི་འོ་ཐུག་བཅོས་ལ། ཟིན་པའི་འོག་ཏུ་རིག་སྔགས་བཟླས་བརྗོད་བྱེད་བཞིན་དུ་འཐུངས་ཏེ། སླར་ཐོད་པའི་ནང་དུ་སྐྱུག་པར་བྱའོ།། དེ་ནས་ཡི་དགས་འོང་བར་འགྱུར་ཏེ། ཡི་དགས་ན་རེ། རིག་སྔགས་འཆང་ང་ལའོ་ཐུག་བྱིན་ཅིག་ཅེས་ཟེར་བ་དང་། དེ་ནས་རིག་སྔགས་འཆང་གིས་རིག་སྔགས་ཐམས་ཅད་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་ཡི་དགས་དེ་ལ་སྦྱིན་པར་བྱའོ། ། ཡི་དགས་དེས་འོ་ཐུག་འཐུངས་ནས་འཆི་བར་འགྱུར་ཏེ། དེའི་ལག་ན་ལྡོང་རོས་འདུག་པ་བླངས་ན་དེ་ཐོགས་པས་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་ཞིང་བསྐལ་པར་གནས་པར་འགྱུར་རོ། ། རིག་སྔགས་འཆང་གིས་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ཟ་ཞིང་། རིག་སྔགས་བཟླས་བརྗོད་བྱས་ན་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ཀུན་དགའ་ར་བར་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་པའི་མཇུག་ཏུ་ཞག་གསུམ་སྦྱང་བ་བྱས་ཏེ། མཚན་རངས་པར་བཟླས་བརྗོད་བྱས་ན། དེ་ནས་ཤིང་གི་ལྷས་གཟུགས་སྟོན་པར་བྱེད་དེ། དེ་ལས་འགྲུབ་པར་འགྱུར་ལ། དེ་ཕྱིན་ཆད་ནགས་ཀྱི་ལྷས་ཁ་ཟས་སྦྱིན་པར་འགྱུར་རོ།། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་ལྷ་ཐམས་ཅད་ལ་འདུག་པ་དབུལ་བའང་འདིའི་རིག་སྔགས་ཀྱིས་བྱའོ། ། མཛོད་ལྡན་མའི་ཆོ་ག་སྟེ་བཞི་པ་རྫོགས་སོ།། ། འབར་ལྡན་མའི་ཆོ་ག་རྣམས་འབྱུང་སྟེ། དབབ་པ་ནི་གུ་གུ་གྱིས་བདུག་པར་བྱའོ། ། བསྲུང་བ་ནི་སྐུད་པས་བྱའོ།། མཚམས་གཅད་པ་ནི་སོ་ཕག་གིས་བྱའོ།། བསླང་བ་ནི་ཐལ་མོ་བརྡབ་པས་བྱའོ།། སས་ནི་འབྲས་དང་ཕོལ་མིག་རྣམས་མེད་པར་འགྱུར་རོ། ། ཟླ་བ་གཅིག་གི་བར་དུ་མེ་ཏོག་དཀར་པོ་ལ་ལན་བདུན་བསྔགས་ཏེ་ཕྱེ་མ་རེད་བྱང་ཕྱོགས་སུ་བོར་ནས་ཟླ་བ་གཅིག་ལོན་པ་ན། བཅོམ་ལྡན་འདས་མ་འགྲུབ་པར་འགྱུར་ཏེ། བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཞིང་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ།། རྣ་བར་གཤིབས་ཏེ་བཟླས་བརྗོད་བྱས་ན་གདོན་ཐམས་ཅད་ཀྱིས་གཏོང་བར་འགྱུར་ཏེ། གཞོན་ནུ་རྣམས་ལ་རྟག་ཏུ་སྦྱར་བར་བྱའོ། ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྤྱང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེ་ལ་མེ་ཏོག་དཀར་པོ་སྟོང་གིས་བསྣུན་ན་ལོངས་སྤྱོད་ཀྱི་གཞི་སྦྱིན་པར་འགྱུར་རོ།། ཟླ་བ་གཅིག་གི་བར་དུ་སློང་མོའི་ཟན་བཟའ་ཞིང་རིག་སྔགས་བཟླས་བརྗོད་བྱིས་ནས་ཞག་གསུམ་སྦྱང་བ་བྱས་ཏེ། མར་གྱི་ངོ་ཞག་བཞི་ལ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ལྕགས་ཅན་བཞག་ནས་མཆོད་པ་རྒྱས་པར་བྱས་ཏེ་ལྷ་བཤོས་རྒྱས་པར་ཕུལ་ནས། དེའི་མདུན་དུ་དོང་ཀའི་ཤིང་གིས་མེ་སྦར་ལ་ལྡོང་རོས་ལ་བ་ལང་གི་མཁྲིས་པ་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན། གློ་བུར་དུ་ཧ་ཧ་ཞེས་བྱ་བའི་སྒྲ་ཐོས་ནས་ཚོགས་ཀྱི་བདག་པོ་ཆེན་པོ་རྨུགས་བྱེད་འོང་བར་འགྱུར་རོ། ། འོངས་ནས་རྡུགས་བྱེད་ཀྱིས་ལྡོང་རོས་སྦྱིན་པར་བྱེད་དོ།། དེ་ནས་འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་ལྕགས་ཅན་དང་མཐུ་སྟོབས་མཉམ་ལ་བསྐལ་པར་གནས་པར་འགྱུར་རོ། ། ཡར་གྱི་ངོ་ཟླ་བ་ཉ་ལ་བརྩམས་ཏེ་སློང་མོའི་ཟས་བཟའ་ཞིང་། འཕགས་པ་ལག་ན་རྡོ་རྗེའི་ཞབས་དྲུང་དུ་ལན་འབུམ་བཟླས་བརྗོད་བྱས་ན་དཔལ་ཐོབ་པར་འགྱུར་རོ། ། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་ལས་བྱ་བ་དང་། ལྷ་རྣམས་ལ་དྲི་དབུལ་བའང་འདིའི་རིག་སྔགས་ཀྱིས་བྱའོ།། འབར་ལྡན་མའི་ཆོ་ག་སྡེ་ལྔ་པ་རྫོགས་སོ། ། །། ཁ་འ་བར་མའི་ལས་རྣམས་འབྱུང་སྟེ། དབབ་པ་ནི་ཆུས་བྱའོ།། བསྲུང་བ་ནི་ཡུངས་ཀར་གྱིས་བྱའོ།། མཚམས་གཅད་པ་ནི་སོ་ཕག་གིས་བྱའོ།། དུ་ཁྲོད་ཀྱི་ཐལ་བ་བླངས་ཏེ་མར་གྱི་འོ་ཞེས་བརྒྱད་བཞག་གཅིག་སྨྱུང་བ་བྱས་ནས། ལག་ན་རྡོ་རྗེའི་མདུན་དུ་ལན་སྟོང་བཟླས་བརྗོད་བྱས་ན་ཐལ་བ་དེས་གང་ལ་རེག་པར་བྱས་པ་དེ་གདོན་གྱིས་འདེབས་པར་འགྱུར་ཞིང་། ཚིག་གིས་བསྒོ་བས་གཏོང་བར་འགྱུར་རོ། ། ལུས་གཙང་བར་བྱས་ཏེ་ལན་འབུམ་པཟླས་བརྗོད་བྱས་ན་བ་ལང་བརྒྱ་ཐོབ་པར་འགྱུར་རོ།། དེ་ནས་སྐྱེས་པ་དབང་དུ་བྱ་བར་འདོད་ན་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། མཆོད་པ་རྒྱས་པར་བྱས་ནས་གུར་ཀུམ་དང་གསེར་ཕྱེ་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བརྒྱ་བྱིན་ཡང་དབང་དུ་འགྱུར་ན་མི་རྣམས་ལྟ་ཅི་སྨོས། དགེ་སློང་དང་བྲམ་ཟེ་བརྒྱད་བརྒྱ་ལ་མཆོད་སྟོན་བྱིན་ལ་སེམས་ཅན་ཐམས་ཅད་ལའང་བྱམས་པ་བསྒོམས་ན་ནི་བྲམ་ཟེ་གསོད་པས་ཀྱང་འགྲུབ་པར་འགྱུར་རོ། ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ནས་དུར་ཁྲོད་ཀྱི་ཡམ་སྲེག་ཤིང་སྐུད་པ་དམར་པོས་དཀྲིས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན། དེ་ནས་རྨི་ལམ་ཚོགས་ཆེན་པོ་ལྕགས་ཅན་སྟོན་པར་བྱེད་དེ། དེ་ནས་འགྲུབ་པར་འགྱུར་རོ།། ཆུ་ཁྱོར་གང་ལ་ལན་བདུན་བསྔགས་ནས་གང་ལ་བལྟས་ཏེ་གཏོར་བ་དེ་གདོན་གྱིས་ཐེབས་པར་འགྱུར་ལ། ཆུ་ཀླུང་གི་ནང་དུ་ཞུགས་ཏེ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་གཏོང་བར་འགྱུར་རོ། ། ཁ་འབར་མའི་ཆོ་ག་སྟེ་དྲུག་པ་རྫོགས་སོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷ་དེ་དག་ལ་སྨྲས་པ། ལྷ་རྣམས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལ་ཕོ་ཉ་མོ་རྣམས་ཀྱི་ལས་རྣམས་འབྱུང་བ་ངས་བཤད་ཟིན་ཏེ། ཚོགས་ཆེན་པོ་རྣམས་ཀྱིའང་བཤད་པར་བྱའོ།། བདུད་རྩི་ཟབ་སྦྱོར་གྱི་ལས་སྔར་ངས་གང་བཤད་པ་གང་ཡིན་པའི་ལས་དེ་ཚོགས་ཐམས་ཅད་ལ་སྦྱར་བར་བྱའོ། ། རབ་ཏུ་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་རྡོ་རྗེ་ཁྲོ་བོ་ངས་བཤད་པ་གང་ཡིན་པ་དེའི་ལས་ཀྱིས་ཀྱང་ཚོགས་ཆེན་པོ་སྟོབས་པོ་ཆེ་རྣམས་ལ་སྦྱར་བར་བྱའོ།། ལྷ་རྣམས་འབྱུང་པོའི་བུ་གཞོན་ནུ་མཆོག་སྔོན་དྲུག་གི་བུ་སྟོབས་པོ་ཆེའི་ལས་རྣམས་ངས་བཤད་ཀྱིས། སེམས་རྩེ་གཅིག་ཏུ་བྱོས་ལ་ཉོན་ཅིག། གང་ལ་བསམས་ཏེ་བཟླས་བརྗོད་བྱས་ན་དེའི་དབང་དུ་འགྱུར་རོ།། རྒྱ་གཞོམ་པ་ནིནུས་བྱའོ། ། བསྲུང་བ་ནི་སྐུད་པས་བྱའོ།། མཚམས་གཅད་པ་ནི་ཐལ་བས་བྱའོ།། བུད་མེད་དབང་དུ་བྱ་བ་ནི་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཡུངས་ཀར་གྱིས་ལན་སྟོང་རྩ་བརྒྱད་བརྒྱད་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་ཞག་བདུན་གྱི་བར་དུ་ཟས་སུ་འོ་མ་དང་ཕྱེའི་འདག་གུ་ཟ་ཞིང་། འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ཏེ། དུས་གསུམ་དུ་བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་གིས་འབྲུ་མར་དྲི་ཞིམ་པའི་ནང་དུ་བསྙུགས་པ་སྟོང་རྩ་བརྒྱད་བརྒྱད་སྦྱིན་སྲེག་བགྱིས་ན་དབང་དུ་འགྱུར་རོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕག་པ་ལག་ན་རྡོ་རྗེའི་མདུན་དུ་གཞོན་ནུ་སྨིན་དྲུག་གི་བུ་བཞག་ནས། དེའི་མདུན་དུ་ཙན་དན་དམར་པོའོ་ཤིང་གིས་མེ་སྦར་ནས་སེང་ལྡེང་གི་ཡམ་སྲེག་ཤིང་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གཞོན་ནུའི་མེ་ཏོག་གི་འབྲེང་བ་འགུལ་བར་འགྱུར་རོ། ། དེ་ནས་འགྲུབ་པར་འགྱུར་ཏེ་ཞག་བདུན་ཚུན་ཆད་ཀྱིས་གཞོན་ནུའི་སྡེའི་བདག་པོ་ཐོབ་པར་འགྱུར་རོ།། མི་རྣམས་ཀྱིས་མི་སོང་ལ་བདག་གི་ཚེའི་ཚད་ཀྱང་ཤེས་པར་འགྱུར་རོ།། པ་གཅིག་གི་བར་དུ་སློང་མོའི་ཟས་བཟའ་ཞིང་། དེ་ནས་མར་གྱི་ངོ་ཞག་བརྒྱད་དམ་ཞག་བཅུ་བཞི་ལ་ཞག་གསུམ་སྨྱུང་བ་བྱས་ཏེ། ཙན་དན་དམར་པོའི་མདུང་ཐུང་བདེ་བར་གཤེགས་པའི་མཐོ་གང་གི་ཚད་དུ་བྱས་པ་རས་དམར་པོའི་སྟེང་དུ་བཞག་ནས་མཆོད་པ་རྒྱས་པར་བྱ་ཞིང་ལྷ་བཤོས་རྒྱས་པ་ཕུལ་ལ། དེ་ནས་རིག་སྔགས་འཆང་བ་རྩཝ་ཀུ་ཤའི་སྟན་གྱི་སྟེང་དུ་འདུག་པའི་ལག་པ་གཡས་པས་མནན་ལ་འབར་བར་འགྱུར་གྱི་བར་དུ་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། དེ་ཐོགས་པས་ཕ་རོལ་གྱི་ཡུལ་འཁོར་འབྱེད་པར་བྱེད་ཅིང་གདོན་ཐམས་ཅད་འཇོམས་པར་བྱེད་པར་འགྱུར་ཏེ། ཡུལ་གང་དུ་བཙུགས་པ་དེར་རྒྱལ་བར་འགྱུར་རོ། ། ཀླུ་འམ། ཀླུ་མོ་འམ། དྲི་ཟ་འམ། རིག་སྔགས་འཆང་རྣམས་ལ་བལྟས་ཏེ་བསྡིགས་ན་དེ་དག་ཐམས་ཅད་བཀའ་བཞིན་དུ་འགྱུར་རོ།། གླང་ཆེཚེརྒྱགས་ཤིང་མྱོས་པ་ལ་བལྟས་ཤིང་བསྡིགས་ན་གླང་པོ་ཆེ་དབང་དུ་འགྱུར་རོ། ། སློང་མོའི་ཟས་ཟ་ཞིང་ཆོ་ག་འདི་བཞིན་དུ་འཁོར་ལོ་བསྒྲུབས་ན་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། བསྐལ་པར་གནས་ཤིང་རིག་སྔགས་འཆང་བརྒྱས་བསྐོར་བ་ལ་མེ་ལོང་ལ་དབབ་པ་དང་། མཐེ་བོང་ལ་དབབ་པ་དང་། བུམ་པ་ལ་དབབ་པའང་ནུས་པར་འགྱུར་རོ།། དབྱེ་བར་བྱ་ན་ཞག་གསུམ་གྱི་བར་དུ་ཕུབ་མའི་སྦྱིན་སྲེག་ལན་སྟོང་རྩ་བརྒྱད་བརྒྱད་བྱས་ན་དབྱེ་བར་འགྱུར་རོ། ། སྨིན་དྲུག་གི་བུའི་ཆོ་ག་རྫོགས་སོ།། ། ལྷ་མ་ཆེན་མོ་དྲུག་མའི་ལས་རྣམས་ཀྱང་བཤད་པར་བྱ་སྟེ། བསྲུང་བ་ནི་ཐལ་བས་བྱའོ།། དུག་ལས་གསོ་བ་ནི་ཆུས་བྱའོ།། མཚམས་གཅད་པ་ནི་སོ་ཕག་གིས་བྱའོ།། དེ་ནས་ལོངས་སྤྱོད་ཀྱི་གཞི་བསླང་བར་འདོད་ན་གཞོན་ནུའི་གནས་སུ་སོང་ལ་ལྷ་མོ་ལ་མཆོད་པ་བྱས་ཏེ་སྨིན་མའི་ཤིང་གིས་མེ་སྦར་ནས་འོ་ཐུག་དང་། མར་དང་། སྦྲང་རྩིར་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ལ། དེ་ནས་ནང་པར་ལངས་ལ་འཕགས་པ་འ་ན་རྡོ་རྗེ་ལ་མཆོད་པ་བྱས་ཏེ། གུར་ཀུམ་མར་དང་སྦྱར་བས་ལན་བརྒྱ་རྩ་བརྒྱད་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་པའི་ཉིན་པར་སྡེའི་བདག་པོར་འགྱུར་རོ།། དེ་ནས་འཕགས་པ་ལག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་ལེགས་ལྡན་ལྷ་ཆེན་པོ་དང་། གཞོན་ནུ་སྨིན་དྲུག་གི་བུ་དང་། ལྷ་མོ་དྲུག་མཚོན་རྩི་སྣ་གསུམ་གྱིས་བྲིས་ལ། རིག་སྔགས་འཆང་ཟས་སུ་འོ་མ་དང་བྱེའི་འདག་གུ་ཟ་ཞིང་ལན་འདུམ་བཟླས་བརྗོད་བྱས་ན་ལྷ་མོ་མཐོང་བར་འགྱུར་ཏེ། དེའང་འདོད་པ་ཐམས་ཅད་སྦྱིན་པར་བྱེད་དོ།། བཏོན་པ་ཙམ་གྱིས་རྒྱན་སྐུགས་ལས་རྒྱལ་བར་འགྱུར་རོ།། དེ་ནས་བདག་ཉིད་ཀྱི་ཚེའི་ཚད་ཤེས་པར་འདོད་ན་མར་གྱི་ཞག་བཅུ་བཞི་ལ་ཞག་གཅིག་སྤྱང་བ་བྱས་ཏེ། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལའང་མཆོད་པ་རྒྱས་པར་བྱས། ཨ་ཀ་རུའི་བདུག་པ་དང་། དུ་རུ་ཀ་དང་། གུར་ཀུམ་དང་། གུ་གུལ་དང་། སྦྲང་རྩི་དང་། བ་མར་གྱི་མར་མེ་བཞི་ཕྱོགས་བཞིར་སྔར་ལ། དེ་ཉིད་དུ་རིག་སྔགས་བཟླས་བརྗོད་བྱས་ཏེ། དེ་ཉིད་དུ་ཉལ་ན་འཇིག་རྟེན་གསུམ་ན་ཡོད་པའི་དོན་རྨི་ལམ་དུ་སྟོན་པར་འགྱུར་རོ།། ཁྱོད་ཆེ་འདི་སྲིད་དུ་ཐུབ་པར་འགྱུརརོ་ཞེས་ལྔ་ཞིང་ནམ་འཆི་བའང་སྟོན་པར་བྱེད་དེ། ག་གེ་མོ་ཞིག་ཏུ་ཆེ་གེ་མོ་ཞིག་གི་ཚེ་སྲོག་འདོར་རོ་ཞེས་སྟོན་པར་འགྱུར་ཏེ། འདི་ནི་དངོས་གྲུབ་མཆོག་གི་ལམ་ཡིན་ནོ།། དེ་ནས་འདས་པ་དང་མ་འོངས་པའི་ལམ་ཤེས་པར་འདོད་ན་སློང་མོའི་ཟས་ཟ་ཞིང་། འཕགས་པ་ལག་ན་རྡོ་རྗེའི་ཞབས་དྲུང་དུ་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱས་ན། དེ་ནས་བུང་བ་འོང་བར་འགྱུར་ཏེ། བུང་བ་དེའང་རྣ་དྲུང་དུ་མི་སྣང་བར་གྱུར་ནས་འཇིག་རྟེན་གསུམ་ན་ཡོད་པའི་དོན་སྟོན་པར་འགྱུར་རོ་ཞེས་རྡོ་རྗེ་འཛིན་གྱི་བཤད་དོ། ། དྲུག་མའི་ཆོ་ག་རྫོགས་སོ།། ། ལྷ་མོ་དཀའ་བཟློག་མ་དྲིལ་མཛེས་ཀྱི་ལས་ཀྱང་བཤད་པར་བྱ་སྟེ། མིག་ལ་བསྔགས་ན་གང་བལྟས་པ་དེ་ཐོབ་པར་འགྱུར་རོ།། གདོང་ལ་ལག་པ་བྱུགས་ཏེ་ཉལ་ན་རྨི་ལམ་ངན་པ་རྨི་བར་མི་འགྱུར་རོ།། དེ་ནས་སྡེ་དཔོན་འདོད་ན་ཡར་གྱི་ངོ་ཚེས་དགུ་ལ་ཞག་གཅིག་སྨྱུང་པ་བྱས་ཏེ་གཏུམ་མོ་ནུབ་ཕྱོགས་སུ་བསྟན་པ་ལ་བལྟས་ནས། མཆོད་པ་རྒྱས་པར་བྱས་ལ་མར་དང་གུ་གུལ་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་སྡེ་དཔོན་ཐོབ་པར་འགྱུར་རོ། ། དེ་ནས་མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྤྱང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས་མཚན་རངས་པར་བཟླས་བརྗོད་བྱས་ན་མོའི་གཙོ་བོ་དབང་དུ་ཁུགས་པར་འགྱུར་རོ། ། དེ་ནས་རལ་གྲི་སྒྲུབ་པར་འདོད་ན་ཟླ་བ་གཅིག་གི་བོར་དུ་སློང་མོའི་ཟས་ཟ་ཞིང་རིག་སྔགས་ལན་བདུན་འབུམ་བཟླས་བརྗོད་བྱས་ལ། དེ་ནས་ཞག་གསུམ་སྤྱང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་རྒྱས་པར་བྱས་ནས་རིག་སྔགས་ཀྱི་རྒྱལ་པོས་བསྲུང་བའི་ཆོ་ག་ཐམས་ཅད་བྱའོ།། དེ་ནས་ལག་པ་གཉིས་གུ་གུལ་གྱིས་བསྐུས་ལ། ལ་པས་རལ་གྲི་བཟུང་སྟེ་རིག་སྔགས་བཟླས་བརྗོད་བྱས་ན་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་ཏེ། རལ་གྲི་དེ་ལག་ན་ཐོགས་པས་རིག་སྔགས་འཆང་གི་རྒྱལ་པོ་བསྐལ་པར་གནས་པར་འགྱུར་ཞིང་སྒྲ་ཆེན་པོའི་ཕོ་བྲང་ན་འདུག་པར་འགྱུར་ཏེ། ལེགས་ལྡན་ལྷ་ཆེན་པོ་དེ་དག་ཀྱང་འབྲས་བུ་ཐོབ་པ་སྦྱིན་པར་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གནས་པར་འགྱུར་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ལྷན་ཅིག་གནས་པར་འགྱུར་ལ། དེ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་མཐོང་ཞིང་བསྙེན་བཀུར་བྱེད་པར་འགྱུར་ཏེ། ལུས་དང་བྲལ་བའི་ཚེའང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ། དེ་ནས་ལྷའི་གསང་བ་མངོན་སུམ་དུ་མཐོང་བར་འདོད་ན་ཞག་གསུམ་སྤྱད་པ་བྱས་ཏེ། ཟླ་བ་ཉ་ལ་སངས་རྒྱས་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་དང་གཉིས་ལ་ཅི་ནུས་ཀྱིས་མཆོད་པར་བྱའོ། ། དེ་ནས་ཡུད་ཙམ་བཟང་པོ་ལ་བདག་དང་། རྒྱལ་པོ་འམ། གཞན་ཡང་རུང་སྟེ་དུ་གུ་ལའི་རས་དཀར་པོ་བགོས་ཏེ། དེ་ནས་ཨ་ཀ་རུ་སྲེག་ཅིང་རྒྱལ་པོ་དང་གཉིས་ཀ་ཟད་ཀར་འདུག་སྟེ་མིག་མི་འཛུམ་པར་བཟླས་བརྗོད་བྱས་ན། མིག་སྔ་ན་འདུག་པའི་ལྷས་གང་གི་དོན་བསྟན་པ་དེ་རྒྱལ་པོས་ཀྱང་ཇི་ལྟར་ཐོས་པ་དེ་བཞིན་དུ་མཐོང་བར་འགྱུར་རོ།། ཆོ་ག་འདི་ནི་བསྟེན་ནས་ལོ་གཅིག་མ་ལོན་པ་ལ་སྦྱིན་པར་མི་བྱའོ། ། སྟོང་རྙེད་མ་བྱིན་པ་ལའང་སྦྱིན་པར་མི་བྱ་སྟེ། ཆོས་ཅན་དད་པ་དང་ལྡན་པ་ལ་སྦྱིན་པར་བྱའོ།། དཀའ་བ་ཟློག་མའི་ཆོ་ག་རྫོགས་སོ།། ། ། ལྷ་རྣམས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་ལས་འབྱུང་བའི་རིག་སྔགས་ཀྱི་ལྷ་རྣམས་ཀྱི་ལས་ངས་བཤད་ཟིན་ཏོ།། ངས་ཀྱང་ལྷ་དེ་དག་སྒྲུབ་པ་དང་། གཞན་གདབ་པ་དང་། གནོད་པར་བྱ་བ་དང་། གསད་པ་དང་། བསྐམས་པ་དང་། དཔལ་བསྐྱོད་པ་དང་། ལས་ཉམས་པ་རྣམས་ཀྱི་ལས་བསྒྲུབ་པ་དང་། རིག་སྔགས་ཉམས་པ་རྣམས་ཀྱི་རིག་སྔགས་བསྐང་བ་དང་། མི་ནད་ཀྱི་གནོད་པ་འབྱུང་བ་ལ་མི་ནང་ཞི་བར་བྱ་བའི་ཕྱིར་རིག་སྔགས་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲ་ཛྭ་ལ་བྷཻ་བཱ་ཡ་ཕཊ་ཧཱུཾ་ཛྭ་ལ་ན་ལཱ་ཡ་ཕཊ་སྭཱ་ཧཱ། དེ་ནས་ལྷ་དེ་དག་གིས་རྡོ་རྗེ་འབར་བ་འདི་ཐོས་ནས་སྙིང་འདར་ཞིང་ལག་ན་རྡོ་རྗེའི་ཞལ་དུ་བལྟས་སོ།། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས། ལྷ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་རྣམས་མ་འཇིགས་ཤིག་མ་འཇིགས་ཤིག། རྡོ་རྗེ་འབར་བ་ཞེས་བྱ་བ་ཁྲོ་བོ་ཆེན་པོའི་རྒྱུད་དང་མཐུན་པ་འདི་ནི་ལྷ་རྣམས་སྒྲུབ་པ་དང་། གཞན་འདེབས་པ་དང་། གནོད་པ་བྱེད་པ་དང་། གསོད་པ་དང་། སྐེམས་པ་དང་། དཔལ་སྐྱེད་པ་དང་། ལས་ཉམས་པ་རྣམས་ཀྱི་ལས་སྒྲུབ་པ་དང་། རིག་སྔགས་ཉམས་པ་རྣམས་ཀྱི་རིག་སྔགས་སྐྱོད་པ་དང་། མི་ནད་ཀྱི་གནོད་པ་བྱུང་བ་ལ་མི་ནང་ཞི་བར་བྱེད་པ་ཡིན་ཏེ། ལྷ་རྣམས་ཀྱི་ཆོ་ག་རྒྱས་པ་འགྲུབ་པར་བྱེད་པ་འདི་ནི་རྣམ་པར་རྒྱལ་བའི་རྒྱུང་ཆེན་པོ་ལས་ཀྱང་ངས་བཤད་དོ།། ད་ལྟར་ཡང་ཁྱེད་རྣམས་འགྲུབ་པར་བྱེད་པ་རྡོ་རྗེ་འབར་བཞེས་བྱ་བ་ཁྲོ་བོ་ཆེན་པོ་འདི་ངས་བཤད་པ་ཡིན་ནོ། ། འདིའི་ལས་ཀྱང་བཤད་པར་བྱ་སྟེ། གང་གིས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་འགྲུབ་པར་བྱེད་པ་དང་གང་གིས་དཀྱིལ་འཁོར་གྱི་ནང་དུ་གཏོགས་པའི་ལྷ་རྣམས་འགྲུབ་པར་བྱེད་པ་དང་། རིག་སྔགས་འཆང་མཐུ་ཟད་པ་གང་ཡིན་པ་དག་དང་། རྒྱལ་པོ་དབང་ཕྱུག་ལས་ཉམས་པ་གང་ཡིན་པ་དག་དང་། ལྷ་ལྷའི་བུ་འམ། ཀླུ་འམ། ཀླུའི་བུ་འམ། གནོད་སྦྱིན་ནམ། གནོད་སྦྱིན་གྱི་བུ་འམ། སྲིན་པོའམ། སྲིན་པོའི་བུ་འམ། དྲི་ཟ་འམ། དྲི་ཟའི་བུ་མཐུ་ཆུང་ངུ་གང་ཡིན་པ་དེ་དག་གི་མཐུ་བསྐྱེད་པའི་ཕྱིར་ཡང་ངས་བཤད་པར་བྱའོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྤྱང་བ་བྱས་ཏེ། གནས་དབེན་པའམ་ནྱ་དྲོ་དྷའི་དྲུང་དུ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་སྨན་ཨུཏྤ་ཁ་དང་ལྡན་པ་ཞེས་བྱ་བ་བརྩོན་འགྲུས་ཆེན་མོ། སྟོབས་ཆེན་མོ། བཅོམ་ལྡན་འདས་ཀྱིས་གསུངས་པའི་སྨན་དེའི་ཕྱེ་མས་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་བྲོ་བར་བྱ་སྟེ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་ལ། ལག་པ་གཡས་པ་མཆོག་སྦྱིན་པར་བྱའོ། ། དེའི་མདུན་དུ་བུམ་པ་མི་གནག་ཅིང་རྩ་བ་མེད་ལ་མགྲིན་ཆིངས་དང་བཅས་པ་ས་བོན་ཐམས་ཅད་ཀྱིས་གང་བར་བྱས་ཏེ། བུམ་པ་དེའི་ནང་དུ་སྨན་ཨུཏྤ་ལ་དང་ལྡན་པའང་གཞུག་གོ་བུམ་པ་དེའང་གསེར་ལས་བྱས་ལ་འགྲོན་བུ་བཀྲམ་པ་ལས་བྱས་པའི་རྡོ་རྗེའི་སྟེང་དུ་རས་དཀར་པོ་བཞག་སྟེ། དེའི་དབུས་སུ་བུམ་པ་གཞག་པར་བྱའོ།། དེ་ནས་རིག་སྔགས་འཆང་གིས་བསམས་པ་རྒྱ་ཆེན་པོས་ལྷ་བཤོས་དང་མཆོད་པ་རྒྱས་པར་བྱ་སྟེ། གུ་གུལ་གྱི་བདུག་པའང་དབུལ་ལོ།། དེ་ནས་རིག་སྔགས་འཆང་གིས་དཔལ་གྱི་ལྷ་མོའི་རིག་སྔགས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས། དེའི་འོག་ཏུ་རྡོ་རྗེ་འབར་པ་ཁྲོ་བོ་ཆེན་པོ་ལན་བརྒྱད་སྟོང་བཟླས་བརྗེད་བྱའོ། ། དེ་ནས་ནང་པར་བུམ་པ་དེས་བདག་ཉིད་ཁྲུས་བྱའོ།། འགྲོན་བུ་ལས་བྱས་པའི་རྡོ་རྗེ་དང་གོས་དེའང་འཕགས་པ་ལག་ན་རྡོ་རྗེ་ཡ་ཕུལ་ནས་བླ་མའང་དེ་དང་འདྲ་བའི་ཕྱིར་བླ་མ་ལ་དབུལ་ལོ། ། དེ་ཕུལ་ནས་ཀྱང་ཡིད་ལ་བསམས་པ་བསླང་བར་བྱའོ།། དགེ་སློང་གི་དགེ་འདུན་རྣམས་ཀྱང་ཅི་ནུས་ཀྱིས་སྟོན་པར་བྱའོ།། དེ་ནས་ལྷ་ཐམས་ཅད་ཀྱི་ལས་མངོན་སུམ་དུ་འགྱུར་རོ།། ལས་འདི་ནི་སྐལ་བ་མེད་པས་མཐོང་བར་མི་འགྱུར་ཏེ། རིག་སྔགས་ལས་བྱུང་བའི་འབྲས་བུ་ཐོབ་པ་འམ། རིག་སྔགས་འཆང་གི་རིགས་དང་ལྡན་པ་གང་ཡིན་པ་དེ་དག་གིས་མཐོང་བར་འགྱུར་རོ། ། ལས་འདིས་དཀྱིལ་འཁོར་གྱི་ནང་དུ་གཏོགས་པའི་རིག་སྔགས་རྣམས་འགྲུབ་པར་འགྱུར་ཏེ། རིག་སྔགས་དེ་དག་དྲན་པ་ཙམ་གྱིས་བསྒྲུབ་པ་དང་གསད་པར་ཡང་ནུས་པར་འགྱུར་རོ། ། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་རྫོགས་སོ།། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་རྣམས་བཅོམ་ལྡན་འདས་མ་ཡུམ་གང་གི་སྤྱི་བོར་བཀུར་ནས་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དང་། གང་བཟུང་བ་དང་། བཀླགས་པ་དང་། བསྒྲུབས་ན་རིག་སྔགས་འཆང་གིསང་དང་འདྲ་བའི་འབྲས་བུ་ཐོབ་པར་འགྱུར་བའི་བཅོམ་ལྡན་འདས་མ་ཡུམ་དེ་བཤད་ཀྱིས། ཁྱེད་རྣམས་ཀྱིས་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག། དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་དགའ་ཞིང་མགུ་ལ་ཡི་རངས་ཏེ་བདེ་བ་དང་ཡིད་བདེ་བར་གྱུར་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་གསོལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ།། སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ལགས་སོ། ། ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་སྐྱེང་པར་བྱེད་པ་ཤོད་ཅི་མཅོཾ།། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས་རང་གི་རིག་སྔགས་ཀྱི་ཚོགས་རྣམས་ལ་གླང་པོ་ཆེའི་ལྷ་སྟངས་ཀྱིས་བལྟས་སོ། ། འཁོར་འདུས་པ་དེ་དག་ཐམས་ཅད་ལའང་བལྟས་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། སྙིང་དགའ་བར་བྱེད་པའི་ཡུམ་བཤད་དོ།། ན་མོ་རཏྣ་ཏྲ་ཡ་སྠཱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་བ་ཏི་སྱ། ན་མཿལ་ཀ་ཧྲྀ་ད་ཡེ། ན་མཿཤཾ་ཀ་རེ། ཤཱན་ཏཾ་ཀ་རེ། གྷུ་ཊ་གྷུ་ཊ་གྷུ་ཊེ་ནི། གྷཱ་ཊ་ཡ། གྷུ་ཌཱི་ནི་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འཇིག་རྟེན་གྱི་ཡུམ་བཤད་མ་ཐག་ཏུའང་སྡོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། མུན་པ་དང་། རབ་རིབ་དང་། ལིང་ཏོག་གི་མུན་ནག་ཐམས་ཅད་མེད་པར་གྱུར་ཏོ།། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་མེད་པར་གྱུར་ཏོ།། ལྷ་རྣམས་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལྷའི་ཡུམ་གྱི་ལས་རྣམས་ཤོད་ཅི་གོ་། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཡུམ་འཆང་བའི་རིག་སྔགས་འཆང་དེ་ལ་ཡོངས་སུ་དགའ་ནས་མྱུར་དུ་དངོས་གྲུབ་སྦྱིན་ཞིང་བསྲུང་བ་དང་བསྐྱབ་པར་བགྱིའོ། ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་འཛིན་གྱིས། ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། བཟོད་ལྡན་དག་དེ་དེ་བཞིན་ནོ།། དེ་དེ་བཞིན་དུ་མཱ་མ་ཀཱི་འཆང་བ་གང་ཡིན་པ་དེ་ནི་ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་རོ། ། ལྷ་དང་བདུད་དུ་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལས་གང་ཞིག་ཡུམ་དང་སྲས་གཉིས་ཀའི་མིང་ཙམ་འཆང་བ་དེ་ཅི་སྟེ་ངན་འགྲོ་ལོག་པར་ལྟུང་བར་འགྱུར་བ་ནི་ངས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེ་ནི་གནས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་ནོར་བུ་རིན་པོ་ཆེ་མགོ་ལ་ཐོགས་པ་ལ་ནད་དོ་ཅོག་མི་འབྱུང་ཞིང་གདོན་ཐམས་ཅད་འབྱེད་པར་འགྱུར་བ་བཞིན་ཏེ། འདི་ལྟར་ངན་འགྲོར་འགྲོ་བ་རྣམས་ལས་སྒྲོལ་བ་འདི་ནི་ཡུམ་དང་སྲས་སུ་བཅས་པའི་མཐུ་ཡིན་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་ཡུམ་གྱི་ལས་རྣམས་བཤད་པ། སྒྲུབ་པ་ཐམས་ཅད་ལ་ཕྱག་རྒྱ་གཅིག་བཅིངས་ལ་སྒྲུབ་པའི་རྫས་ལ་ཕྱག་རྒྱས་བཏབ་ན་མྱུར་དུ་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་རོ། ། དམ་ཚིག་མི་ཤེས་པ་ལ་ནི་ཕྱག་རྒྱ་བསྟན་པར་མི་བྱའོ།། གང་གི་ཚེ་རག་སྔགས་འཆང་གིས་རིག་སྔགས་འཆང་ལ་ཕྱག་རྒྱ་སྟོན་པ་ན། དེའི་ཚེ་བཅོམ་ལྡན་འདས་ལག་མ་མདུན་དུ་འགྲོན་བུ་བརྒྱད་བརྒྱས་རྡོ་རྗེ་བྱས་ལ། དེའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའོ།། དེའང་འབྲས་ཆན་བུ་རམ་དང་སྦྱར་བའི་མཆོད་ཡོན་རྡོ་རྗེ་ལ་ཕུལ་ནས་ཕྱག་རྒྱ་བསྟན་པར་བྱའོ།། དེ་མཐོང་ན་ལག་ནརྡོ་རྗེ་མཐོང་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ལ་བསྟོན་པར་བྱའོ།། སྡིག་པབྱེད་པ་རྣམས་ལ་བསྟན་པར་མི་བྱའོ།། སྡིག་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱའི་ཚོགས་ཀྱི་མིང་ཡང་ཐོས་པར་མི་འར་རོ། ། དགེ་བའི་རྩ་འབྱས་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱ་དེ་དག་ཐོས་པར་འགྱུར་རོ།། ངའི་གསང་བའི་ཕྱག་རྒྱའི་ཚོགས་འདི་ནི་གཙང་ཞིང་དབེན་པར་བྱས་པས་བལྟ་བར་བྱའོ།། གང་གིས་ཕྱག་རྒྱའི་ཚོགས་མཐོང་བ་དེ་ལ་ནི། རིག་པ་མཆོག་གི་ཆོ་ག་རྒྱས་པ་གསང་བ་དང་བཅས། གསང་ཆེན་དང་བཅས་པར་དེའི་ལག་ཏུ་འདུག་པར་འགྱུར་ཏེ། རིག་སྔགས་འཆང་གིས་ཀྱང་ཕྱག་རྒྱའི་ཚོགས་ཀྱི་ག་བྱིན་བསྐྱེད་པར་བྱ་བའི་ཕྱིར། བླ་མ་ལ་དཔག་ཏུ་མེད་པའི་ཡོན་དབུལ་ཞིང་བླ་མའི་ལག་ནས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ནོད་པར་བྱའོ།། བླ་མས་ཀྱང་བླ་མ་ལ་གུས་པའི་སློབ་མ་ལ་ལག་ནས་ངེས་པར་མངོན་པར་དངོས་གྲུབ་སྦྱིན་པར་བྱའོ། ། དེ་ལྟར་བྱས་ན་ལག་ན་རྡོ་རྗེས་བྱིན་པ་ཡི་ཏེ། ཆོ་ག་རྒྱས་པའང་གྲུབ་པར་འགྱུར་རོ།། ཅི་སྟེ་བླ་མའི་ལག་ནས་ཕྱག་རྒྱ་མཐོང་བཙམ་གྱིས་ལས་བྱས་ནས་ཕྱག་རྒྱ་དེ་ཉིད་ཀྱིས་ཀྱང་གནོད་པ་མེད་པར་འགྱུར་རོ། ། དེ་བཞིན་གཤེགས་པའི་གནས་སམ་སྐུ་གདུང་གི་གནས་སུ་ཕྱག་རྒྱའི་ཚོགས་གཞག་པར་བྱའོ།། ཕྱག་རྒྱ་མཐོང་བ་གང་ཡིན་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་བལྟ་བཔར་བྱ་སྟེ། དེ་དག་ཐམས་ཅད་ལྷ་རྣམས་ཀྱི་ཕྱག་བྱ་བའི་གནས་སུ་འགྱུར་རོ།། ང་གང་ན་གནས་པ་དེ་ནི་དེ་དག་གནས་ཏེ། ང་མཐོང་བས་དེ་དག་ངེས་པར་ཕྱིར་མི་ལྡོག་པའི་འབྲས་བུ་དང་ལྡན་པར་འགྱུར་ཞིང་།། ལུས་དང་བྲལ་བ་ན་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་བ་འམ། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། ཕྱག་རྒྱ་མཐུ་སྟོབས་ཆེན་པོ་ནན་ཏན་དུ་བལྟ་བར་བྱ་སྟེ། ཕྱག་རྒྱའི་རྣམ་པ་ལག་པའི་ཚུལ་གྱིས་བསྟན་པར་བྱའོ།། དཀྱིལ་འཁོར་གྱི་རྣམ་པ་བྲིས་པ་མཐོང་ནས་ཕྱག་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་དགོད་པར་བྱའོ།། བཅོམ་ལྡན་འདས་མཱ་མ་ཀཱིའི་ལས་རྣམས་འབྱུང་བར་འགྱུར་ཏེ། ཟས་སུ་འོ་མ་འམ་འདག་གུ་འམ། ལོ་མ་འམ། སློང་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་རས་མ་ཉམས་པ་དང་། ཁ་ཚར་མ་བཅད་པ་དང་། སྤུ་མེད་པ་ལ་ཚོན་རྩི་སྦྱིན་དདང་མ་སྦྱར་བས་རི་མོ་མཁན་གསོ་སྦྱོང་དང་ལྡན་པས། སངས་རྒྱས་ཀྱི་སྐུ་གཟུགས་སེང་གེའི་ཁྲི་ལ་བཞུགས་ཤིང་ཆོས་འཆད་པའི་ཚུལ་དུ་འདྲིར་གཞུག་གོ།། དེའི་གཡོན་ལོགས་སུ་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེ་དང་རྔ་ཡབ་ཐོགས་པར་དྲིའོ། ། གཡས་ལོགས་སུ་ནི་བཅོམ་ལྡན་འདས་མཱ་མ་ཀཱི་མདོག་སྔོ་བསངས་ལག་པ་གཡོན་པ་རྡོ་རྗེ་ཐོགས་ཤིང་། ལག་པ་གཡས་པ་ནནཡིད་བཞིན་གྱི་ནོར་བུ་ཐོགས་པ། རྒྱུན་ཐམས་ཅད་ཀྱིས་བརྒྱན་པ་འདྲིར་གཞུག་གོ།། དེ་ནས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་རི་མོའི་གཟུགས་བཀྲམ་ལ་ཡར་ངོའི་ཚེས་ཞག་གཅིག་ནས་བརྩམས་ཉའི་བར་དུ་བཟླས་བརྗོད་བྱས་པའི་མཇུག་ཏུ་ཞག་གསུམ་སྤྱང་པ་བྱས་ལ་མཆོད་པ་སྣ་ཚོགས་རྒྱས་པར་བྱ་སྟེ། འོ་མ་ཡོད་པའི་ཤིང་གིས་མེ་སྦར་ལ་དུད་པ་མེད་པའི་མངག་མ་ལ་ཨ་ཀ་རུ་ནག་པོའི་ཡམ་སྲེག་ཤིང་དུ་རུ་ཀའི་མར་གྱི་ནང་དུ་བསྙུགས་པ་བརྒྱ་སྟོང་ཕྲག་གསུམ་སྦྱིན་སྲེག་བྱའོ། ། དེ་ནས་ལས་ཟིན་པའི་འོག་ཏུ་འཕགས་པ་ལག་ན་རྡོ་རྗེ་འོང་བར་འགྱུར་ཏེ། དེ་འོང་བའི་རྟགས་སུ་མེ་ཏོག་གི་འཕྲེང་བ་འགུལ་བ་དང་། མར་མེའི་མེཐེ་ཆེན་པོར་འགྱུར་བ་དང་། སྔོན་མ་བྱུང་བའི་དྲི་བསུང་ཞིམ་པོའི་ངང་ལྡང་བར་འགྱུར་བ་དང་། འདི་རྣམས་འབྱུང་བར་འགྱུར་ཏེ། དེ་ལ་སྤོས་ཆུ་མེ་ཏོག་དང་ལྡན་པའི་མཆོད་ཡོན་དབུལ་བར་བྱའོ། ། ཡང་ན་ལྷ་མོ་འོང་བར་འགྱུར་ཏེ། ཕྱག་བྱས་ལ་དམ་པ་རྣམ་པ་བརྒྱད་ལ་དམ་པ་རྣམ་པ་གཅིག་བསླང་བར་བྱ་སྟེ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་དང་། བཅུད་ཀྱིས་ལ་ཆེན་པོ་དང་། གཙུག་ལག་དང་། བཟོ་ཐམས་ཅད་ཤེས་པ་ཐོབ་པ་དང་། མངོན་པར་ཤེས་པ་ལྔ་ཐོབ་པ་དང་། གཟུངས་ལ་འཇུག་པ་དང་། རིན་པོ་ཆེའི་ཆར་འབབ་པ་དང་། ལྷ་མ་ཡིན་གྱི་ཕུག་ཏུ་འཇུག་པ་དང་། བསྐལ་པར་གནས་པ་དང་། དམ་པ་བརྒྱད་འདི་དག་ལས་གཅིག་བསླང་བར་བྱའོ།། ལན་བདུན་བསྒྲུབས་པའི་ཐ་མ་ལ་མཚམས་མེད་པ་ལྔ་བྱེད་བྱེད་པས་ཀྱང་འགྲུབ་པར་འགྱུར་རོ།། དེ་ནས་སྒྲུབ་པར་འདོད་པས་ལྡོང་རོས་བླངས་ལ་བུད་མེད་ཀྱི་རུ་ཞོ་དང་བཏགས་ཏེ་རིལ་བུ་ལྔ་བྱས་ཏེ། ཡུངས་ཀར་དང་ལྷན་ཅིག་ཏུ་ཨ་ཀ་རུའི་སྒྲོམ་བུའི་ནང་དུ་བཅུག་ལ་ཟླ་བ་སྤྱང་ཀིས་ཟིན་པ་འམ་ཉི་མ་སྤྱང་ཀིས་ཟིན་པའི་ཚེ་གཏོར་མའི་ཆོ་ག་བྱ་སྟེ་བསྒྲུབ་པར་བྱའོ། ། གང་གི་ཚེ་ཡུངས་ཀར་རྣམས་ཚེག་ཚེག་ཟེར་བའི་ཚེ་ནི་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་བའི་དངོས་གྲུབ་དང་པོ་སྟེ། དེས་ན་འཇིག་རྟེན་ཐམས་ཅད་དབང་དུ་འགྱུར་ཞིང་གང་བསྒོ་བ་དེ་དག་ཐམས་ཅད་བྱེད་པར་འགྱུར་རོ། ། ཡང་ན་དུད་པ་འཐུལ་བར་འགྱུར་ན་ནི་ལུས་མི་སྣང་བར་འགྱུར་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ།། ཡང་ན་འབར་བར་འགྱུར་ན་ནི་དེའི་ཚེ་ལྷ་གཞོན་ནུར་འགྱུར་ཏེ། ཉི་མ་ཤར་ཀའི་ཀ་རི་བྱིན་དང་ལྡན་ཞིང་རིག་སྔགས་འཆང་གི་རྒྱལ་པོར་འགྱུར་ལ། བསྐལ་བ་ཆེན་པོ་གཅིག་གི་བར་དུ་འཚོ་བར་འགྱུར་རོ།། གིའུ་ཝང་དང་བ་བླ་ལ་སོགས་པའི་རྫས་རྣམས་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱའོ། ། དེ་ནས་མིག་རྩི་སྒྲུབ་པར་འདོད་ན་ལིག་བུ་མིག་དང་། ཨུཏྤ་ལ་སྔོན་པོ་དང་། རུ་རྟ་དང་། ཙན་དན་རྣམས་ལྷན་ཅིག་སྦྱར་ཏེ་ཟངས་ཀྱི་སྡོང་དུ་བཅུག་ལ་ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་དུད་པ་བྱུང་གི་བར་དུ་བཟླས་བརྗོད་བྱས་ནས། དེས་མིག་བསྐུས་ན་ལུས་མི་སྣང་བར་འགྱུར་ཞིང་འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ལ། ལུས་མི་སྣང་བར་འགྱུར་བ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། ། དེ་ནས་རལ་གྲི་སྒྲུབ་པར་འདོད་ན་རལ་གྲི་འཕན་མེད་པ་བླངས་ལ། མར་གྱི་ངོ་ཞག་བརྒྱད་དམ་ཞག་བཅུ་བཞི་ལ་རི་མོའི་གཟུགས་ལ་མཆོད་པ་རྒྱས་པར་བྱས་ཏེ། གཏོར་མའི་ག་བྱས་ནས་སྲུང་བའི་ཆོ་ག་རང་ནན་ཏན་དུ་བྱས་ལ། ལག་པ་གཡས་པས་རལ་གྲི་བཟུང་སྟེ་འགུལ་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ནས། འགུལ་བར་གྱུར་ན་ནི་གཅིག་པུ་གནས་པའི་རིག་སྔགས་འཆང་དུ་འགྱུར་རོ། ། འབར་ན་ནི་འཁོར་དང་བཅས་པར་འགྱུར་ཏེ་རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོ་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པར་གྱུར་པ་ནས། གཡས་པར་རལ་གྲི་བཟུང་སྟེ་འགུལ་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ནས་འཕགས་པར་འགྱུར་རོ། ། དེ་ནས་རྡོ་རྗེ་སྒྲུབ་པར་འདོད་ན་ལྕགས་ཞུན་མ་ལས་རྡོ་རྗེ་སོར་བཅུ་དྲུག་པ་ཐོར་ཏོ་གཉིས་ཀ་རྩེ་གསུམ་པར་བྱས་ཏེ་ཙན་དན་དམར་པོའི་ལྡེ་གུས་བླུབླགས་ལ། ཆོ་འཕྲུལ་ཆེན་པོའི་ཟླ་བ་ཚེས་ནས་བརྩམ་ཞིང་རི་མོའི་གཟུགས་ལ་མཆོད་པ་རྒྱས་པ་བྱས་ནས་བཟླས་བརྗོད་བྱེད་ཅིང་ཉིན་གཅིག་བཞིན་དུ་ཕྱིར་ཞིང་རྒྱས་པར་བྱ། དགེ་སློང་རྣམས་སྟོན་པའི་རྗེས་སུ་ཞག་གསུམ་སྨྱུང་བ་བྱས་ཏེ། རི་མོའི་གཟུགས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་བཀྲམ་ལ་མཆོད་པ་རྒྱས་པར་བྱས་ཏེ། མར་གྱི་མར་མེ་བརྒྱད་སྦར་ནས་རྩ་ཀུ་ཤ་ལས་སྟན་བྱས་པ་ལ་འདུག་ལ། རྡོ་རྗེ་ལག་པ་གཉིས་ཀས་བཟུང་སྟེ་འབར་བར་གྱུར་ཀྱི་བར་དུ་བཟླས་བརྗོད་བྱས་ན། རྡོ་རྗེ་དེ་ཐོགས་པས་འཁོར་དང་བཅས་པ་འཕགས་པར་འགྱུར་ཏེ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ལ། སྟོབས་དང་ཕ་རོལ་གནོན་པ་ལག་ན་རྡོ་རྗེ་དང་མཉམ་ཞིང་བསྐལ་པ་ཆེན་པོའི་བར་དུ་འཚོ་བར་འགྱུར་ཏེ། ལུས་དང་བྲལ་ནའང་རྡོ་རྗེའི་རིགས་སུ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་མདུང་རྩེ་གསུ་པ་དང་མདུང་ཐུང་ལ་སོགས་པ་མཚོན་ཆ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། ། རས་དང་། ཤིང་ལྷམ་དང་། མཆོད་ཕྱིར་ཐོགས་དང་། འཁར་བ་དང་། ཤིང་ལ་སོགས་པ་རྣམས་ཀྱང་ཆོ་ག་གོང་མའི་ཚུལ་གྱིས་བསྒྲུབས་ན་ཐམས་ཅད་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ། ། ཞི་བར་བྱ་བར་འདོད་ན་ཐབ་ཁུང་པདྨའི་དབྱིབས་འདྲ་བར་བྱས་ལ་མཆོད་སྦྱིན་ལ་འོས་པའི་བུད་ཤིང་དག་གིས་མེ་སྦར་ཏེ། འབྲས་བ་པོའི་ཆན་གྱི་སྲོག་ཐུགས་ཞོ་དང་། སྦྲང་རྩི་དང་། མར་དང་སྦྱར་བ་བླུགས་གཟར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཞག་གསུམ་བྱས་པས་ནི་བདག་གམ་གཞན་ཞི་བར་འགྱུར་རོ།། ཞག་བདུན་བྱས་པས་ནི་གྲོང་ངམ་གྲོང་ཁྱེར་ཞི་བར་འགྱུར་རོ། ། མི་ནད་ཆེན་པོའི་གནོད་པ་ལ་ནི་ཤྭ་མྦཱི་ཡམ་སྲེག་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྩགས་པའི་སྦྱིན་སྲེག་བྱའོ།། ཕྱུགས་ཀྱི་གོར་ལ་ནི་ཨུ་དུམ་ཝ་རའི་ཡམ་སྲེག་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་པའི་སྦྱིན་སྲེག་བྱའོ།། ཆར་མི་འབབ་པ་ལ་ནི་མངར་གསུམ་གྱི་སྦྱིན་སྲེག་བྱ་སྟེ། ཐམས་ཅད་ལ་ཡང་ལན་སྟོང་རྩ་བརྒྱད་བརྒྱད་བྱ་ཞིང་ཞག་བདུན་བདུན་བྱས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། ། དུར་བའི་ཉག་མ་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཞག་བཅུས་དུས་མ་ཡིན་པར་འཆི་བ་ཞི་བར་འགྱུར་རོ། ། ལན་འབུམ་སྦྱིན་སྲེག་བྱས་ན་འཆི་བདག་ལས་རྒྱལ་ཏེ་ཚེ་རིང་བར་འགྱུར་རོ།། སློང་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་པའི་མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ཏེཟླ་བ་སྤྱང་ཀིས་ཟིན་པའི་ཚེ་བ་ནག་མོའི་འོ་མ་ལ་ལན་བརྒྱད་བརྒྱ་བསྔགས་ཏེ་འཐུངས་ན་སྨན་བཅུད་ཀྱིས་ལེན་དུ་འགྱུར་རོ། ། རྒྱས་པར་འདོད་ན་ཞོའི་སྦྱིན་སྲེག་བརྒྱ་སྟོང་བྱས་ན་རྒྱས་པར་འགྱུརརོ།། ཕ་རོལ་གྱི་དཔུང་རེངས་པར་བྱ་ན་ལྕགས་ཀྱི་ཕྱེ་མ་ཏིལ་མར་དང་སྦྱར་བས་ལན་སུམ་སྟོང་སྦྱིན་སྲེག་བྱའོ།། རྒྱལ་མཚན་དང་དུང་ལ་སོགས་པ་ལ་བསྔགས་ནའང་དེ་མཐོང་ཞིང་ཐོས་པས་ཕ་རོལ་གྱི་དཔུང་རེངས་པར་འགྱུར་རོ། ། བུམ་པ་གསར་པ་འབྲུ་ཐམས་ཅད་དང་སྤོས་ཆུས་བཀང་སྟེ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་ལོག་འདྲེན་གྱིས་ཟིན་པ་ཁྲུས་བྱེད་དུ་བཅུག་ན་གཏོང་བར་འགྱུར་རོ།། སྦྲུམ་མ་ཁྲུས་བྱེད་དུ་བཅུག་ན་བདེ་བར་ཟ་བཅའ་བར་འགྱུར་རོ། ། བྱིས་པ་རྣམས་གདོན་ནོ་ཅོག་གིས་ཟིན་པ་ཁྲུས་བྱེད་དུ་བཅུག་ན་གཏོང་བར་འགྱུར་རོ།། དབང་བསྐུར་བ་འདིས་ནི་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། བྱུང་ངན་པོའང་དཔལ་དང་ལྡན་པར་འགྱུར་རོ།། དཀྱིལ་འཁོར་གྱི་ལས་ཀྱིས་ཀྱང་གདོན་ཐམས་ཅད་ཀྱི་ལས་བྱེད་དོ།། རྨ་བྱའི་མཇུག་མ་ལ་ལན་བརྒྱད་སྟོང་གིས་བསྔགས་པ་ནི་དུག་གོ་ཅོག་སེལ་བར་བྱེད་དེ་ཤི་ཟིན་པའང་འཚོ་བར་བྱེད་དོ། ། རིམས་དང་མི་ནད་ལ་སོགས་པའང་དེ་ཉིད་ཀྱིས་སེལ་བར་བྱེད་དོ།། སྐུད་པས་ནི་རིམས་སོ་ཅོག་མེད་པར་བྱེད་དོ།། རྡོ་རྗེ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་ནི་ལྷ་མ་ཡིན་གྱི་འཁྲུལ་འཁོར་ཐམས་ཅད་འཇོམས་པར་བྱེད་དོ། ། སེང་ལྡེང་གི་ཡམ་སྲེག་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྐྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གཏེར་ཆེན་པོ་མཐོང་བར་འགྱུར་ལ། དེའང་སྤྱད་བཞིན་དུ་ཟད་པར་མི་འགྱུར་རོ།། རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ཏེ། པདྨ་ཙན་དན་དམར་པོའི་ནང་དུ་བསྩགས་པ་འབུམ་སྦྱིན་སྲེག་བྱས་ན་པདྨའི་ཕུང་པོ་དང་མཉམ་པའི་གཏེར་སྦྱིན་པར་འགྱུར་རོ། ། བིལ་བའི་སྲེག་བླུགས་མར་གྱི་ནང་དུ་སྦྱིན་སྲེག་བྱས་ན་ལོངས་སྤྱོད་འཕེལ་བར་འགྱུར་རོ།། ཏིལ་རྣམས་ལྷན་ཅིག་ཏུ་བསྡུས་ཏེ་མར་དང་སྦྱར་བས་ལན་འབུམ་སྦྱིན་སྲེག་བྱས་ན་ཁ་ཟས་འཕེལ་ཏེ་ཟད་པར་མི་འགྱུར་རོ། ། དེ་ནས་ལྷ་རྣམས་དབང་དུ་བྱ་བར་འདོད་ན་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་དུས་གསུམ་དུ་ཨ་ཀ་རུའི་ཡམ་སྲེག་ཤིང་མར་གྱི་ནང་དུ་བསྙུགས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ལྷ་ཐམས་ཅད་དབང་དུ་འགྱུར་རོ། ། གནོད་སྦྱིན་མོ་རྣམས་ལ་ནི་ཨ་ཤོ་ཀའི་ལམ་སྲེག་ཤིང་གིས་བྱའོ།། ཀླུ་རྣམས་ལ་ནི་ཀླུ་ཤིང་གི་མེ་ཏོག་གིས་བྱའོ།། རིག་སྔགས་འཆང་རྣམས་ལ་མཁན་པའི་ཡམ་སྲེག་ཤིང་གིས་བྱའོ། ། འཕགས་པ་ལག་ན་རྡོ་རྗེ་ལ་ནི་ཨ་ཀ་རུའི་ཡམ་སྲེག་ཤིང་དུ་རུ་ཀའི་མར་གྱི་ནང་དུ་བསྩགས་པས་བྱའོ།། དྲི་ཟ་རྣམས་ལ་ནི་ཐང་ཆུའི་སྤོས་ཀྱི་སྦྱིན་སྲེག་མི་འམ་ཅི་རྣམས་ལ་ནི་པོག་གི་སྦྱིན་སྲེག་གིས་བྱའོ། ། ཡི་དགས་རྣམས་ལ་ནི་སྲུ་རྩི་པོག་གི་སྦྱིན་སྲེག་གིས་བྱའོ།། ལོག་འདྲེན་རྣམས་ལ་ནི་ཏིལ་གྱི་ཚོགས་མའི་སྦྱིན་སྲེག་གིས་བྱའོ།། འབྱུང་པོ་རྣམས་ལ་ནི་འབྱུང་པོའི་རས་ཀྱི་སྦྱིན་སྲེག་ལན་བརྒྱད་བརྒྱ་ཞག་བདུན་ནམ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ། ། མིའི་གཙོ་བོ་འམ་མི་ཆེན་པོ་དབང་དུ་བྱ་བར་འདོད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཡུངས་ཀར་གྱི་སྲ་བླུགས་ཏིལ་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ། ། མིའི་གཙོ་བོའི་བུ་མོ་ལ་ནི་སྐེ་ཚེའི་སྲེག་ཐུགས་ཀྱིས་བྱའོ།། མདུན་ན་འདོན་པ་ལ་ནི་མར་གྱི་སྲེག་བླུགས་ཀྱིས་བྱའོ།། བུ་མོ་རྣམས་ལ་ནི་སྣ་མའི་མེ་ཏོག་གིས་བྱའོ། ། བུད་མེད་ཐམས་ཅད་ལ་ནཱི་ལན་ནཱའི་སྲེག་བླུགས་ཀྱིས་བྱའོ།། བྲམ་ཟེ་ལ་ནི་འབྲས་བཟང་པོའི་ཆན་གྱི་སྲེག་ཞུགས་ཀྱིས་བྱའོ།། རྒྱལ་རིགས་ལ་ནི་ཞོའི་སྲེག་ཐུགས་ཀྱིས་བྱའོ།། རྗེའུ་རིགས་ལ་ནི་འབྲས་ཀྱི་སྦྱར་དུག་གི་སྲེག་བླུགས་ཀྱིས་བྱའོ། ། དམངས་རིགས་ལ་ནི་མོན་སྲན་གྲེའུའི་སྲེག་ཐུགས་ཀྱི་སྦྱིན་སྲེག་གིས་བྱའོ།། སེམས་ཅན་ཐམས་ཅད་ལ་ནི་མར་དང་ཏིལ་སྦྱར་བས་བྱ་སྟེ། ཐམས་ཅད་ལའང་སྦྱིན་སྲེག་ལན་བརྒྱད་བརྒྱ་ཆང་བར་བྱའོ། ། ཉི་མ་ལ་ཕྱོགས་ཏེ་ལན་འབུམ་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། ཟས་སུ་བ་གཅིན་དང་ཕྱེའི་འདག་གུ་ཟ་ཞིང་ལས་བྱའོ།། རིག་སྔགས་འཆང་ཐམས་ཅད་གསོ་བར་འདོད་ན་ཞག་བདུན་གྱི་བར་དུ་ཞོ་དང་། སྦྲང་རྩི་དང་། མར་ལ་སྦྱར་བའི་ཏིལ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ།། བཅད་པ་དང་། བཅོམ་པ་དང་། མ་རུངས་པར་གྱུར་པ་དང་། ཕུར་བུས་བཏང་བ་རྣམས་གསོ་བར་འདོད་ན་པུ་ཤེལ་ཙི་ལས་གཟུགས་བྱས་ཏེ་མེ་ཏོག་དཀར་པོས་མཆོད་པ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པའི་ལོ་མས་བཀྲུས་ཤིང་འོ་མའི་སྦྱིན་སྲེག་ཀྱང་བྱ་སྟེ། ཨ་ཀ་རུའི་བདུག་པའང་ཕུལ་ན་ཕྱིར་སོས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་མ་ཡུམ་བརྗོད་ལ་སྔགས་ཀྱིས་མཆོད་ཡོན་ཕུལ་ན་སྤྱན་དྲངས་པར་འགྱུར་ཞིང་བཟླས་བརྗོད་ཀྱང་བསྲུངས་པར་འགྱུར་རོ།། ལན་ཅིག་བརྗོད་པས་ནི་བདག་ཉིད་ལ་སྲུང་བར་བྱེད་དོ།། ལན་གཉིས་བརྗོད་པས་ནི་གཞན་ལ་སྲུང་བར་བྱེད་དོ།། ལན་གསུམ་བརྗོད་པས་ནི་རྫས་སྲུང་བར་བྱེད་དོ།། ཡུངས་ཀར་གྱི་བསྲུང་བར་བྱ་བའི་རྫས་སྔགས་ཀྱིས་གཟི་བྱིན་བསྐྱེད་ན་རྒྱས་པར་འགྱུར་ཞིང་དངོས་གྲུབ་ཏུ་འགྱུར་གིའུ་ཝང་གིས་བཅོམ་ལྡན་འདས་མའི་གསང་སྔགས་གང་འདོད་པ་བར་ཐག་ཡངས་པར་ཡི་གེ་བྲིས་ཏེ། གིའུ་ཝང་དང་སྤྱི་གུའང་དེར་བཞག་ལ་དེར་སྔགས་དེས་ལན་བརྒྱད་བརྒྱ་བཏབ་སྟེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཉལ་ན་འོང་བར་འགྱུར་ཏེ། ལྷག་ཆང་སྐོང་བར་འགྱུར་རོ།། ཡང་ན་རྨི་ལམ་དུ་སྟོན་པར་འགྱུར་རོ།། ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་རྩཝ་ཀུ་ཤའི་སྟན་ལ་ཉལ་ན་ལེགས་ཉེས་སྟོན་པར་འགྱུར་རོ། ། བཅོམ་ལྡན་འདས་མ་འདི་ནི་རིག་པ་མཆོག་གི་རྒྱུད་ཐམས་ཅད་ཀྱི་སྙིང་པོར་འགྱུར་བ་དོན་ཐམས་ཅད་སྒྲུབ་པ་སྟེ། བཅོམ་ལྡན་འདས་མ་མཱ་མ་ཀཱི་འདི་ནི་རོག་སྔགས་ཀྱི་རྒྱལ་པོ་རོག་པ་མཆོག་གི་ལས་གང་ཡིན་པ་རྣམས་དང་། ཕོ་ཉ་མོ་བཅོ་བརྒྱད་གང་ཡིན་པ་རྣམས་དང་། ཕྱག་རྒྱ་ཆེན་པོ་གང་ཡིན་པ་རྣམས་ཀྱི་སོ་སོའི་ཆོ་ག་ཤིན་ཏུ་མྱུར་བར་བྱེད་ཅིང་། གཞན་གྱིས་མི་ཚུགས་ཤིང་མྱུར་དུ་འགྲུབ་པར་འགྱུར་རོ། ། གྲོག་མཁར་གྱི་ས་དང་ཡུངས་ཀར་བསྲེས་པ་ལས་རྡོ་རྗེ་བྱས་ཏེ་ཙན་དན་དམར་པོས་བྱུགས་ལ་བླངས་ན་ལམ་མི་གཟུར་བ་དང་། མི་སྨྲ་བར་ལན་འབུམ་བཟླས་བརྗོད་བྱས་ནས་བཟླས་བརྗོད་བྱས་པའི་མཇུག་ཏུ་ཟླ་བ་སྤྱད་ཀིས་ཟིན་པའི་ཚེ་རྡོ་རྗེ་ཡུངས་ཀར་གྱི་དབུས་སུ་བཞག་སྟེ། ཡུངས་ཀར་ཚེག་ཚེག་ཟེར་གྱི་བར་དུ་བཟླས་བརྗོད་བྱས་ན་རྡོ་རྗེ་འགྲུབ་པར་འགྱུར་ཏེ། རྡོ་རྗེ་དེས་ལས་ཐམས་ཅད་བྱེད་ལ། ཟག་གི་རྩེ་མོ་ཕྱེ་མར་རློག་ཅིང་སྙིལ་བར་བྱེད་དོ། ། ཆུ་ཀླུང་གྱེན་དུ་ཟློག་པར་བྱེད་དོ།། མཚོ་སྐམ་པར་བྱེད་དོ།། ཀླུ་རྣམས་འབྱེར་བར་བྱེད་དོ།། དུག་རྣམས་ཀྱི་དུག་མེད་པར་བྱེད་དོ།། སྲོག་ཆགས་རྣམས་རེངས་བར་བྱེད་དོ། ། རྨོངས་པར་བྱེད་དོ།། སྐྱེལ་བར་བྱེད་དོ།། འཁྲུལ་འཁོར་རྣམས་ཕྱེ་མར་ཟློག་གོ་ཤིང་རྟ་ལ་སོགས་པ་རེངས་པར་བྱེད་ཅིང་ཕྱེ་མར་ཡང་རློག་སྟེ། དེ་ལ་སོགས་པའི་ལས་ཐམས་ཅད་བྱེད་དོ།། བཅོམ་ལྡན་འདས་མ་མཱ་ཀཱི་འདི་ནི་རོ་ལངས་ཐམས་ཅད་སྒྲུབ་པ་སྟེ། ལས་སྣ་ཚོགས་བྱེད་པ་ཡིན་ནོ།། རིའི་རྩེ་མོར་སོང་སྟེ་ལྕགས་ཚུན་མ་ལས་བྱས་པའི་རྡོ་རྗེ་ཐོགས་ལ། ལག་པ་གསོན་པས་བཟུང་ལ་ལ་དྲུག་འབུམ་པ་ཟླས་བརྗོད་བྱས་ན་དེ་ནས་རི་འགུལ་བར་འགྱུར་ཏེ། རི་འགུལ་ན་འཁོར་དང་བཅས་པ་འཕགས་པར་འགྱུར་རོ།། སླང་མོའི་ཟས་པ་ཞིང་རིའི་རྩེ་མོར་བྱེ་བ་གཅིག་བཟླས་བརྗོད་བྱས་ན་ཡིང་ལག་འདོད་པ་དེ་ཐམས་ཅད་ངེས་ཐོབ་པར་འགྱུར་རོ། ། ལྷ་རྣམས་བཅོམ་ལྡན་འདས་མཱ་མ་ཀཱི་འདི་ནི་ཐམས་ཅད་འགྲུབ་པ་སྟེ། ལས་སྣ་ཚོགས་བྱེད་པ་ཡིན་ནོ།། བཅོམ་ལྡན་འདས་མ་འཇིག་རྟེན་གྱི་ཡུམ་གྱི་ལས་རྣམས་ངས་བཤད་ཟིན་ཏེ། དེ་ལ་དྲག་ཏུ་འགྲུབ་པར་བྱེད་པའི་སྔགས་ཀྱང་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཛྭ་ལ་མཱ་མ་ཀི་སྥོ་ཊ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ལྷ་རྣམས་འདིའི་ལས་ཀྱང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་མའི་ལས་ངས་བཤད་པ་གང་ཡིན་པ་དེ་དག་ལས་ཉིས་འགྱུར་དུ་བསྟེན་པར་བྱས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་འཁོར་དེའི་ནང་ནས་ལངས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིག་པ་མཆོག་གི་ཆོ་ག་ཆེན་པོ་ལས་བདག་གིས་ལྷ་རྣམས་བཤད་པ་གང་ལགས་པ་དེ་དག་ཐམས་ཅད་ཀྱིས་སྒྲུབ་པ་པོ་གཙང་སྦྲ་དང་། ཆོ་ག་དང་། སྤྱོད་ཡུལ་དང་ལྡན་པ་གང་ལགས་པ་སྲུང་བ་དང་། སྒྲུབ་པ་དང་། སྦ་བར་བགྱིད་ཅིང་དངོས་གྲུབ་ཀྱང་ཐོབ་པར་འགྱུར་བ་དང་། ཚོལ་བ་རྗེས་སུ་དྲན་པར་བགྱི་བས་བགེགས་དང་ལོག་འདྲེན་དེ་དག་ཐམས་ཅད་བརླག་པར་འགྱུར་བ་དང་། གཙང་སྦྲ་བགྱིས་ཀྱང་རུང་། གཙང་སྦྲ་མ་བགྱིས་ཀྱང་རུང་བ་ན་བསྲུང་བ་དང་བསྐྱབ་པ་དང་། སྦ་བ་དང་། སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་བདག་གིས་རྡོ་རྗེ་ཁྲོ་བ་སྟོབས་པོ་ཆེ་བཤད་པར་བགྱིན། བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་དཔའ་ལེགས་སོ་ལེགས་སོ།། སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དེ་ནི་ལེགས་སོ། ། ཁྱོད་ལ་དེ་བཞིན་གཤེགས་པས་གནང་བར་མཛད་ཀྱིས། སེམས་ཅན་ལམ་དུ་ཞུགས་པ་རྣམས་དང་། ལམ་མ་ཡིན་པར་ཞུགས་པ་རྣམས་དང་། གཙང་སྦྲ་བྱས་པ་རྣམས་དང་། གཙང་སྦྲ་མ་བྱས་པ་རྣམས་སྲུང་བའི་ཕྱིར་ཤོད་ཅིག་ཤོད་ཅིག། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས་འཁོར་འདུས་པ་ལ་གླང་པོ་ཆེའི་ལྷ་སྟངས་ཀྱིས་བལྟས་ནས་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ་པ་ཙ་བི་དྷྭ་ན་ས་ཡ། ཛ་ཊི་ལ་ལ་བོ་དར། ཨུནྡྲ་ཀྲོ་དྷཱ་མ་ཧཱུ~ཾ་ཕཊ་སྭཱ་ཧཱ། དེ་ནས་ལྷ་དེ་དག་ངོ་མཚར་དུ་གྱུར་ཏེ། ལག་ན་རྡོ་རྗེའི་ཞལ་དུ་ལྟ་ཞིང་ཚིག་འདི་སྐད་ཅེས་སྨྲས་སོ།། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེའི་ལས་རྣམས་ཤོད་ཅིག་ཤོད་ཅིག་དེ་ནས་ལག་ན་རྡོ་རྗེ་གྲགས་པ་ཆེན་པོས་སྙིང་རྗེའི་སེམས་ཀྱིས་ལས་རྣམས་བཤད་པ། རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་ལམ་དུ་འཇུག་གམ། བཤང་བ་དང་གཅི་བ་ལ་སོགས་པ་བྱེད་ན་ཐོབ་མར་ལན་ཅིག་བརྗོད་ན་བསྲུང་བར་བྱས་པར་འགྱུར་རོ། ། ལམ་དུ་འཇུག་ན་ལན་གསུམ་བརྗོད་ནས་སོང་ན་ཆོམ་རྐུན་ལ་སོགས་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། དེ་བཞིན་དུ་ཆུ་ཀླུང་རྒལ་བ་ནའང་ཆུ་སྲིན་ན་བཀྲ་ལ་སོགས་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། ། དེ་ནས་སྒྲུབ་པར་འདོད་ན་ཚེས་གྲངས་དང་རྒྱུ་སྐར་གདམ་མི་འཚལ། སྨྱུང་བའང་བྱ་མི་དགོས་པར་ཁྲོ་བོ་ཉིད་བརྩོན་པར་བྱ་སྟེ། ཉིན་པར་ཡང་རུང་། མཚན་མོའང་རུང་། ཟན་ཟོས་ཀྱང་རུང་། ཅི་སྟེ་མ་ཟོས་ཀྱང་རུང་། གཙང་སྦྲ་བྱས་ཀྱང་རུང་། གཙང་སྦྲ་མ་བྱས་ཀྱང་རུང་སྟེ། ལན་སུམ་འབུམ་བཟླས་བརྗོད་བྱས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་པ་ལ་ཤའི་ཤིང་ངམ་བིལ་བའི་ཤིང་གིས་མེ་སྦར་ཏེ། འབྲས་ཡོས་སམ་ཏིལ་ཡང་རུང་། མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ།། དེ་ནས་ལས་རྣམས་འབྱུང་སྟེ། མིའི་གཙོ་བོ་འམ་མི་ཆེན་པོ་དབང་དུ་བྱ་བར་འདོད་ན་དོང་ཀའི་བུད་ཤིང་གིས་མེ་སྦར་ལ་ཡུངས་ཀར་གྱིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། དམག་དཔོན་དབང་དུ་བྱ་བར་འདོད་ན་དམག་དཔོན་གྱི་རྐང་རྗེས་ཀྱི་རྡུལ་བླངས་ལ་ལག་པ་གཡོན་པས་ལན་བརྒྱང་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། སྐྱེས་པ་དབང་དུ་བྱིན་ལན་ཚྭ་ལས་གཟུགས་བྱས་ལ་རྐང་པ་གཡས་པ་ནས་བརྩམས་ཏེ་གཅད་ཅིང་གཅད་ཅིང་ལག་པ་གཡོན་པས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་སྐྱེས་པ་དབང་དུ་འགྱུར་རོ། ། བུ་མོ་དབང་དུ་བྱ་བར་འདོད་ན་འབྲས་སཱ་ལུའི་ཕྱེ་མ་ལས་གཟུགས་བྱས་ལ་རྐང་པ་གཡོན་པ་ནས་བརྩམས་ཏེ་གཅད་ཅིང་གཅད་ཅིང་ལག་པ་གཡས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། ཡུགས་ས་མོ་དབང་དུ་བྱ་ན་དུར་ཁྲོད་དམ་གདོལ་པའི་ཁྱིམ་ནས་མེ་བསླངས་ལ་དུར་ཁྲོད་ཀྱི་ཤིང་གསེབ་ལ་ལམ་གྱི་སུམ་མདོར་མེ་སྦར་ཏེ། མོན་སྲན་གྲེའུ་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་དབང་དུ་འགྱུར་རོ།། བུ་མོ་དབང་དུ་བྱན་ལག་ན་རྡོ་རྗེའི་མདུན་དུ་བུ་མོས་སྤྱད་པའི་མེ་ཏོག་རྙིང་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། དགྲ་དབང་དུ་བྱ་ན་གིརུ་ཝང་ངམ་ལྡོང་རོས་ལ་ལན་བརྒྱད་སྟོང་སྔགས་ཏེ་བདག་ཉིད་ཀྱི་ལུས་བསྐུས་ན་དགྲའི་ནང་དུ་འཇིགས་པར་མི་འགྱུར་རོ།། ལིག་པུ་མིག་བླངས་ཏེ་ཨོཾ་ཤྭཏཱའི་ལོ་མའི་སྟེང་དུ་བཞག་ལ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་མིག་བསྐུས་ན་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། ། གིའུ་ཝང་ཡང་ཆོ་ག་དེ་དང་འདྲའོ།། སྐྱེས་པ་དབང་དུ་བྱ་ན་ཨརྨའི་ཤིང་གིས་མེ་སྦར་ལ། ནས་དང་། གྲོ་དང་། ནག་གེ་སར་ལ་སོགས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། གྲུབ་པར་མ་གྱུར་ན་ལས་འདི་དག་བྱས་ཏེ། བིལ་བའི་ཤིང་གིས་མེ་སྦར་ཏེ་ཏིལ་ནག་པོ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། ། ཕྱིན་ཆད་དབང་དུ་བྱ་བ་དང་། བསྐྲད་པ་དང་། དབྱེ་བ་དང་། གཞིག་པ་དང་། གསད་པ་དང་། སྒོ་གླེགས་བཅག་པ་དང་། འཁྲུལ་འཁོར་སྒོ་གཏན་པ་དང་། གཤག་པ་དང་། གཞོམ་པ་ལ་སོགས་པ་བྱེད་ནུས་པར་འགྱུར་རོ།། མིའི་གཙོ་བོ་དབང་དུ་བྱན་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ལ། སྐེ་ཚེ་ཡུངས་མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ། མེ་ཏོག་ལ་ལན་བདུམ་བསྔགས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། སྤོས་སམ། ཤིང་ཐོག་གམ། སོ་རྩི་རྣམས་ཀྱང་ཆོ་ག་དེ་བཞིན་དུ་བྱའོ།། མིག་སྨན་ལ་བསྔགས་ཏེ་མིག་གཉིས་བསྐུས་ནས་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། ། བསྐྲད་པར་བྱ་ན་ཨརྐའི་ཤིང་གིས་མེ་སྦར་ལ། ལུང་ཏང་གི་མེ་ཏོག་གིས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་འབྲོས་པར་འགྱུར་རོ། ། དབྱེ་བར་བྱ་ན་ཆོ་ག་དེ་དང་འདྲ་བར་བྱ་སྟེ། ཕུབ་མའི་སྦྱིན་སྲེག་བྱས་ན་དབྱེ་བར་འགྱུར་རོ།། གཞིག་པར་བྱ་ན་དུར་ཁྲོད་ནས་མེ་བླངས་པའི་ནང་དུ་དུར་ཁྲོད་ཀྱི་ཐལ་བས་སྦྱིན་སྲེག་བྱས་ན་འཇིགས་པ་འགྱུར་རོ། ། གསད་པར་བྱ་ན་ནེ་ཚེའི་ཡུངས་མར་དང་སྦྱར་བའི་སྦྱིན་སྲེག་བྱས་ན་དེ་མ་ཐག་ཏུ་འཇིག་པར་འགྱུར་རོ།། བསྐམ་པར་བྱ་ན་གོས་གཤེར་བ་བགོས་ལ་ཁྲོས་བཞིན་དུ་ཉི་མ་ལ་ཕྱོགས་ཏེ་བཟླས་བརྗོད་བྱས་ན་ཇི་ཙམ་དུ་གོས་བསྐམས་པར་འགྱུར་བ་དེ་ཙམ་དུ་དགྲའི་སྲོག་བསྐམ་པར་འགྱུར་རོ། ། ཁྲོས་བཞིན་དུ་མཚན་གཅིག་འདུག་པའི་སྟེང་དུ་ལག་པས་མནན་ཏེ་བཟླས་བརྗོད་བྱས་ན་དེ་མ་ཐག་ཏུ་དགྲ་མེད་པར་འགྱུར་རོ། ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སེ་གོལ་གཏོག་ཅིང་གསང་སྔགས་བཟླས་བརྗོད་བྱས་ན་དེ་མ་ཐག་ཏུ་དགྲ་འཆི་བར་འགྱུར་རོ།། ཆོ་ག་ཇི་ལྟར་བྱས་ཀྱང་རུང་སྟེ། ཁྲོས་བཞིན་དུ་བཟླས་བརྗོད་བྱས་ནཆོ་ག་དེས་དེ་མ་ཐག་ཏུ་དགྲ་འཇིགས་པ་དང་འཆི་བར་འགྱུར་རོ། ། ཞི་བར་བྱ་བ་དང་ཕྱིར་གསོ་བ་ཐམས་ཅད་ལ་ནི་པ་ལ་ཤའི་ཤིང་གིས་མེ་སྦར་ཏེ། འོ་མ་དང་མར་སྦྱར་བས་ལན་བརྒྱང་སྟོང་སྦྱིན་སྲེག་བྱས་ན་ཕྱིར་འཚོ་བར་འགྱུར་རོ། ། ཧཱུཾ་ཞེས་བྱས་པས་ནི་སྐེ་གླེགས་དང་སྒོ་གཏན་ཆོམས་པར་འགྱུར་རོ།། ཕཊ་ཅེས་བྱས་པས་ནི་ལྷ་མ་ཡིན་གྱི་འཁྲུལ་འཁོར་ཐམས་ཅད་ཆོམས་པར་འགྱུར་རོ། ། ནིམ་པའི་ཤིང་གིས་མེ་སྦར་བའི་ནང་དུ་སྐེ་ཚེ་ཁྲག་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་པས་དགྲ་ལ་ཇི་ལྟར་འདོད་པ་བཞིན་དུ་བྱེད་ནུས་པར་འགྱུར་རོ།། ཁྱི་ནག་པོའི་ལྕེ་བླངས་ལ་གུ་གུལ་དང་ལྷན་ཅིག་བཏགས་ཏེ་རིལ་བུར་བྱས་ཏེ་ཟངས་དང་། འཁར་བ་དང་། ར་གན་གཅིག་ཏུ་སྦྱར་བས་གཡོགས་ལ་གོ་ཕྱེའི་ཤིང་གི་ག་བ་ཙེ་བཅུག་སྟེ། མར་གྱི་ངོ་ཞག་བརྒྱད་དང་ཞག་བཅུ་བཞི་གང་ཡང་རུང་བ་ལ་ལག་ན་རྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། དེ་ནས་སྒྲ་ཏུག་ཏུགཟེར་བར་གྱུར་ནས་དེ་དག་ལས་གཅིག་ཁར་བཅུག་ན་ལུས་མི་སྣང་བར་འགྱུར་ལ། ཕྱིར་ཕྱུང་ན་སྣང་བར་འགྱུར་ཏེ་ཚེ་ལོ་ཁྲི་ཐུབ་པར་འགྱུར་རོ། ། རིའི་རྩེ་མོར་སོང་སྟེ་ལན་འབུམ་བཟླས་འཇོད་བྱས་ན་ལྷ་མ་ཡིན་གྱི་ཕུག་གི་འཁྲུལ་འཁོར་ཐམས་ཅད་ཧཱུཾ་ཞེས་བྱས་པ་འམ། ཕཊ་ཅེས་བྱས་པས་ཆོམས་པར་འགྱུར་རོ།། ལྷ་མ་ཡིན་གྱི་ཕུག་སྐོར་ཡང་ཀར་དུག་དང་ཁྲག་དང་སྦྱར་བར་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་པས་ལྷ་མ་ཡིན་གྱི་བུ་མོ་གཅིག་བཞིན་ཕྱིར་བྱུང་ནས་སྒྲུབ་པ་པོ་ནང་དུ་འཁྲིད་པར་འགྱུར་རོ། ། ལིག་བུ་མིག་གི་རྒྱུད་མ་ཆད་པར་ལན་སྐྱོད་སྦྱིན་སྲེག་བྱས་བསྤྱང་ཀོས་ཟིན་པའི་ཚེ་ཟླ་བ་མ་བཏང་གི་བར་དུ་བཟླས་བརྗོད་བྱས་ཏེ། དེས་མིག་བསླུས་ན་ལུས་མི་སྣང་བར་འགྱུར་ཞིང་ཆེ་ལོ་སྟོང་ཐུབ་པར་འགྱུར་རོ།། གང་ལ་དམིགས་ཏེ་ལན་ཁྲི་བཟླས་བརྗོད་བྱས་ན་དེ་ཐར་འགྱུར་རོ། ། ཡང་ན་འཆི་བར་འགྱུར་རོ།། དུར་ཁྲོད་ཀྱི་རས་ཁྲུ་གང་ཙམ་བླངས་ལ་དེ་ཚོན་རྩི་སྤྲིན་མེད་པས་ཁྲོ་བོའི་གཟུགས་མི་སྡུག་ཅིང་མཆེ་བ་གཙིགས་ལ། ལུས་ཀྱི་མདོག་གནག་ཅིང་མེ་ལྕེ་འབར་བས་བསྐོར་ཏེ། སྒྲ་ཁམ་པ་གྱེན་དུ་བརྫེས་ཤིང་ཁྲོས་པའི་མིག་གིས་བལྟས་ལ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས། ལག་པ་གཡས་པན་དབྱུག་པ་ཐོགས་པ་འདྲིར་གཞུག་གོ།། འོག་ལོགས་སུ་ནི་སྒྲུབ་པ་པོ་ལག་ན་པོག་པོར་ཐོགས་པ་བྲིས་ལ་མར་གྱི་ངོ་ཞག་བརྒྱད་དམ་བཅུ་བཞི་གང་ཡང་རུང་བ་ལ་དེའི་མདུན་དུ་མེ་ཏོག་དམར་པོ་ཕུལ་ཏེ་ལྡོང་རོས་དང་། ལིག་བུ་མིག་དང་། གིའུ་ཝང་དང་། དགའ་བྱེད་ཀྱི་སྲད་བུ་དང་། དོང་ཀའི་ཤིང་ལྗམ་དང་། གོས་དང་། རྡོ་རྗེ་འཁོར་ལོ་དང་། མདུང་རྩེ་གསུམ་པ་དང་། རལ་གྲི་ལ་སོགས་པ་ལས་གང་ཡང་རུང་བ་ཐངས་ནས་ཆོ་ག་བཞིན་དུ་དག་པར་བྱས་ལ། ཨ་ཤྭཏྠའི་ལོ་མ་ལ་བཞག་སྟེ་དངོས་གྲུབ་རྣམ་གསུམ་གྱུར་བར་དུ་བཟླས་བརྗོད་བྱས་ནས། དྲོ་བར་གྱུར་ན་ནི་རྐང་པས་མགྱོགས་པར་འགྱུར་རོ།། དུད་པ་འཐུལ་ན་ནི་ལུས་མི་སྣང་བར་འགྱུར་རོ།། འབར་བར་གྱུར་ན་ནི་ནམ་མཁའ་ལ་འགྲོ་བའི་རིག་སྔགས་འཆང་དུ་འགྱུར་ཏེ། བསྐལ་བར་གནས་པར་འགྱུར་རོ།། དེ་ནས་གནོད་སྦྱིན་མོ་དབང་དུ་བྱ་བར་འདོད་ན་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ཨ་ཤཏྠའི་ཤིང་གིས་མེ་སྦར་ལ། ཨ་ཤ་ཀའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གནོད་སྦྱིན་མོའི་མིང་ནས་སྨོས་པས་དབང་དུ་འགྱུར་རོ། ། ཀླུའི་བུ་མོ་དབང་དུ་བྱ་བར་འདོད་ན་ཤེས་པ་ལི་ཀའི་ཤིང་གིས་མེ་སྦར་ལ། ནག་བུས་པ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ།། དགུག་པར་བྱ་ན་མར་གྱི་ངོ་ཞག་བརྒྱད་དང་ཞག་བཅུ་བཞི་གང་ཡང་རུང་བའི་ཕྱེ་མ་རེང་ཨནའི་ཤིང་གིས་མེ་སྦར་ལ། ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་མིང་ནས་གང་སྨོས་པ་ཁུགས་པར་འགྱུར་ཏེ། གཅིག་སྨྱུང་བ་བྱས་པས་ལས་བྱའོ།། ཞག་བདུན་གྱི་བར་དུ་དུས་གསུམ་དུ་བྱས་ན་ནི་བརྒྱ་བྱིན་ཡང་ཁུགས་པར་འགྱུར་རོ།། ལན་ཚྭ་དང་བདག་གི་ཁྲག་སྦྱར་བས་སྦྱིན་སྲེག་བྱས་ན་ནི་གང་གི་མིང་ནས་སྨོས་པབ་དེ་དབང་དུ་འགྱུར་རོ། ། དེ་ནས་ལོག་འདྲེན་གཞིག་པར་འདོད་ན་མར་གྱི་ངོ་ཞིག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ཏེ། དེ་ཉིད་ཀྱིས་བསྲུང་བར་བྱས་ནས་ཞག་གསུམ་སྨྱུང་བར་བྱས་ལ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱ་སྟེ། གུ་གུལ་གྱི་རིལ་བུ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་ཞི་བར་འགྱུར་རོ།། ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ་དུས་གསུམ་དུ་གུ་གུལ་གྱི་རིལ་བུ་མར་ཀྱིགྱི་ནང་དུ་བསྐྱུགས་པ་བརྒྱད་སྡོང་སྦྱིན་སྲེག་བྱས་པའི་མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ལ། དེའི་མདུན་དུ་མཆོད་པ་ཆེན་པོ་བྱས་ཏེ། རྡོ་རྗེ་ཁྲོ་མོའི་ཁ་ནས་གློ་བུར་དུང་གྲུབ་བོ་ཞེས་ཟེར་བའི་སྒྲ་འབྱུང་གི་བར་དུབཟླས་བརྗོད་བྱས་ན། དེ་ནས་སྐྲ་ལྕང་ལོར་འཁྱིལ་ཞིང་ཉི་མ་ཤར་བའི་མདོག་འདྲ་བ་ལ། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཞིང་། བསྐལ་པར་གནས་ཤིང་ལག་ན་རྡོ་རྗེ་དང་མཧཱ་སྟོབས་མཉམ་པར་འགྱུར་རོ། ། དེ་ནས་ལིག་བུ་མིག་སྒྲུབ་པར་འདོད་ན་རི་མོའི་གཟུགས་དེ་ཉིད་ཀྱི་མདུན་དུ་ཡར་གྱི་རོ་ལས་བརྩམས་ཏེ་དུས་གསུམ་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས། དེའི་མདུན་དུ་ཞག་གསུམ་སྦྱང་བ་བྱས་ལ། ལིག་པུ་མིག་གམ་སྡོང་རོས་ཨ་ཤདྠའི་ལོ་མའི་སྟེང་དུ་བཞག་སྟེ་ལག་པ་གཡོན་པས་མནན་ལ་དྲོ་བར་གྱུར་པ་དང་། དུད་པ་འཐུལ་བ་དང་། འབར་བར་གྱུར་གྱི་དུ་བཟླས་བརྗོད་བྱས་ན། དྲོ་བར་གྱུར་ན་ནི་འགྲོ་བ་རྣམས་དབང་དུ་བྱེད་པར་འགྱུར་རོ།། དྲུད་པ་འཇལ་ནཱ་ནི་ལུས་མི་སྣང་བར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མི་འགྱུ་ཞིང་རིག་སྔགས་འཆང་གཅོད་པ་ཐམས་ཅད་ཀྱིས་མི་ཚུགས་ལ། རིག་སྔགས་འཆང་ཐམས་ཅད་ཀྱིས་བྱར་མེད་པར་འགྱུར་རོ།། འབར་བར་གྱུར་ན་ནི་ནམ་མཁའ་ལ་འགྲོ་ཞིང་འཁོར་སྟོང་དང་ལྡན་ལ་གཡོག་རྣམས་འཆང་བར་འགྱུར་རོ། ། ཅི་སྟེ་མི་འདོད་ན་ཡང་རིག་སྔགས་འཆང་རྣམས་གཡོག་ཏུ་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོང་པར་འགྱུར་རོ།། དེ་ནས་རྡོ་རྗེ་སྒྲུབ་པར་འདོད་ན་འཛམ་བུ་ཆུ་བོའི་གསེར་ལས་རྡོ་རྗེ་སོར་བཅུ་གཉིས་རྩེ་གསུམ་དུ་བྱས་ལ། ཆུ་ཀླུང་རྒྱ་མཚོར་འབབ་པའི་འགྲམ་དུ་མར་གྱི་ངོ་ཞག་གཅིག་ལས་བརྩམས་ཏེ། ཕྱི་མ་ཡར་གྱི་ངོ་ཚེས་བཅུགཅིས་ཀྱི་བར་དུ་དུས་གསུམ་དུ་བཟླས་བརྗོད་བྱའོ། ། དེ་ནས་ཞག་གསུམ་སྤྱང་བ་བྱས་ཏེ་འཕགས་པར་གྱུར་གྱི་བར་དུ་བཟླས་བརྗོད་བྱས་ན། དེ་ནས་རིག་སྔགས་འཆང་ཐམས་ཅད་ཀྱིས་ཕྱག་བྱ་བར་འགྱུར་ཞིང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཀྱང་མཆོད་དེ། ལག་ན་རྡོ་རྗེ་དང་འགྲན་པ་དང་། བསྐལ་པར་གནས་པར་འགྱུར་རོ།། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལིག་བུ་མིག་ལ་ལམ་འབུམ་བཟླས་བརྗོད་བྱས་ཏེ། དེ་ནས་ཡར་གྱི་ངོ་ཚས་བཅོ་ལྔ་ལ་ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་ཁར་བཅུག་སྟེ་ཟླ་བ་མ་བཏང་གི་བར་དུ་བཟླས་བརྗོད་བྱས་ཏེ། དེས་མིག་བསྐུས་པ་མི་སྣང་བར་འགྱུར་རོ། ། ཡང་ན་བུད་མེད་གང་སྐྱེས་པ་དང་མ་ཕྲད་པར་ཤི་བ་དེའི་མོ་མཚན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ལིག་བུ་མིག་དང་ལྡོང་རོས་བཅུག་སྟེ། ཉི་མ་ཤར་གྱི་བར་བཟླས་བརྗོད་བྱས་ཏེ་དེ་མིག་བསྐུས་པས་སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཞིང་། གཤེགས་འགྱེད་དོ་ཅོག་ལས་ལན་ཐེབས་པར་འགྱུར་རོ།། ཤུ་དག་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ།། དེ་ནས་ཕྱུང་སྟེ་མར་ཀྱིངོ་ཞག་བཅུ་བཞི་ལ་ཞག་གཅིག་སྤྱང་བ་བྱས་ལ། ལྷ་ཆེན་པོའི་གཟུགས་ཀྱི་གཡས་ལོགས་སུ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན། དེ་ལག་པ་ལ་བཏགས་པས་རྒྱན་པོ་ལས་རྒྱལ་བར་འགྱུར་ཞིང་། རྩོད་པ་དང་འཐབ་པ་ལ་ལན་ཐེབས་པར་འགྱུར་ཏེ། རྒྱལ་པོ་འམ་བློན་པོ་ལ་གང་སྨྲས་པ་ཐམས་ཅད་ཚིག་ཉན་པར་འགྱུར་ཞིང་། གང་བླངས་པ་དེའང་ཐོད་པར་འགྱུར་རོ།། ལྀག་དུ་མིག་ལ་ལན་བརྒྱད་སྟོང་བ་སྔགས་ཏེ་མིག་བསྐུས་ན་ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། ། གིའུ་ཝང་གིས་ལུས་བསྐུས་ན་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་ལ་ལས་ལིག་བུ་མིག་གམ་ལྡོང་རོས་ཕྲོགས་པར་གྱུར་ན་ཞག་གསུམ་སྤྱང་བ་བྱས་ལ། ལན་སུམ་འབུམ་བཟླས་བརྗོད་བྱས་ནས་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བ་ལས་རིག་སྔགས་འཆང་གི་གཟུགས་བྱས་ཏེ་ཁྲག་གིས་བསྐུས་ལ། ཀ་ར་ཝཱི་རའི་མེ་ཏོག་གིས་མཆོད་ནས་ལྕགས་ཞུན་མའི་མཚོན་གྱིས་བཅད་ན། རིག་སྔགས་འཆང་གིས་ལིག་བུ་མིག་གམ་ལྡོང་རོས་ཕྱིར་བྱིན་པར་འགྱུར་རོ།། དེ་ནས་རིག་སྔགས་དག་པར་འདོད་ན་དེ་བཞིན་དུ་ཞག་གསུམ་སྤྱང་བ་བྱས་ཏེ། ལན་འབུམ་བཟླས་བརྗོད་བྱས་ནས་ཕོག་གི་ཆུས་རིག་སྔགས་བྲིས་ལ་ཆུ་ཀླུང་རྒྱ་མཚོར་འབབ་པའི་ནང་དུ་བཅུག་སྟེ། ལན་བརྒྱད་སྟོང་བྱས་ནས་དེ་ཉིད་དུ་ཉལ་ན་ཕྱི་དེ་ཉིན་པར་ལྷག་ནད་དག་པར་བྱ་སྟེ་ཕྱིར་འབྱུང་བར་འགྱུར་རོ།། མིའི་གཙོ་བའམ་མི་ཆེན་པོ་དབང་དུ་བྱ་བར་འདོད་ན་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་ལ་ལུང་ཏང་གི་བུད་ཤིང་གིས་མེ་སྦར་ཏེ། རྒྱ་སྐྱེགས་ཀྱི་སྲེག་བླུགས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ན་དེ་དེའི་བྲན་བཞིན་དུ་འོང་བར་འགྱུར་རོ།། ཡང་ན་གྲོག་མཁར་གྱི་ས་ལས་གཟུགས་བྱས་ཏེ། དེའི་མདུན་དུ་བ་ལང་གི་ཤས་ལན་བརྒྱད་སྤོང་སྦྱིན་སྲེག་བྱས་ན་ནང་མིའི་གཙོ་བོ་དབང་དུ་འགྱུར་ལ། དབྱེ་བར་བྱ་བར་འདོད་ན་གཉིས་ཀའི་སེན་མོ་བཅད་པ་བླངས་ལ་ཏིལ་ནག་པོ་དང་བསྲེས་ཏེ། ཚ་བ་གསུམ་དང་ཡུངས་ཀར་མར་དང་སྦྱར་བས་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་དབྱེ་བར་འགྱུར་རོ།། གྲོང་ཁྱེར་འཕོ་བར་འདོད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཕུབ་མས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་འབྲོས་པར་འགྱུར་རོ། ། ཡང་ན་འཇིགས་པར་འདོད་ན་ཞག་གསུམ་གྱི་བར་དུ་དུས་གསུམ་དུ་ཁྱི་ཤས་ལན་སྟོང་རྩ་བརྒྱད་བརྒྱད་སྦྱིན་སྲེག་བྱས་ན་འཇིགས་པ་འགྱུར་རོ།། ཕྱིར་གསོ་བ་ཐམས་ཅད་ལ་ནི་ཨུ་དུམ་ཝ་རའི་ཡམ་སྲེག་ཤིང་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་པ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ། རྡོ་རྗེ་ཁྲོ་བོ་ལའང་མར་གྱི་བདུག་པ་བསྲེགས་ན་ཕྱིར་ཞི་བར་འགྱུར་རོ།། དེ་ནས་གདོན་གྱིས་ཟིན་པར་བྱ་བར་འདོད་དམ། ཡང་ན་གང་ལ་རིམས་ཀྱིས་འདེབས་པར་འདོད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཨརྒའི་ཤིང་གིས་མེ་སྔར་ལ། མི་རིམས་ཀྱིས་བཏབ་པ་གང་ཡིན་པ་དེའི་རྐང་རྗེས་ཀྱི་རྡུལ་བླངས་ཏེ། དུག་དང་ཁྲག་དང་སྦྱར་བའི་སྦྱིན་སྲེག་བྱས་ན་རིམས་ཀྱིས་འདེབས་པར་འགྱུར་རོ།། ཡང་ན་ཀུ་ཤ་ལ་གཟུགས་བྱས་ཏེ་སྙིང་ཁར་རྐང་པ་གཡོན་པས་མནན་ལ་ཕྱེ་མ་རེད་ནས་བརྩམས་ཏེ་ནམ་ལངས་ཀྱི་བར་དུ་བཟླས་བརྗོད་བྱའོ། ། དེ་ལྟར་བྱས་ན་ཞག་བདུན་གྱིས་རིམས་ཆེན་པོས་འདེབས་པར་འགྱུར་ཏེ། ཅིས་ཀྱང་མི་སློངས་པར་ཞག་བདུན་གྱིས་འཆི་བར་འགྱུར་རོ།། ཕྱིར་གསོ་ན་ཡུད་ཀར་ཞོ་དང་། སྦྲང་རྩི་དང་། མར་དང་སྦྱར་བས་ལན་བརྒྱ་སྟོང་སྦྱིན་སྲེག་བྱས་ལ། དུམ་པ་མི་གནག་ཅིང་རྩ་བ་མེད་པ་བླངས་ཏེ་ཆུས་བཀང་ལ་ལན་སྟོང་བསྔགས་པས་ཁྲུས་བྱེད་དུ་བཅུག་ན་གཏོང་བར་འགྱུར་རོ།། དེ་ནས་གདོན་གྱིས་ཟིན་པར་བྱ་བར་འདོད་ན་ཞག་གསུམ་སྨྱུང་བ་བྱ་ཏེ། དུར་ཁྲོད་དུ་གྲོང་ཁྱེར་གྱི་སྒོ་བཞིའི་ས་བླངས་པས་རྔ་མོའི་གཟུགས་བྱས་ཏེ། དེས་དེ་མ་ཡིན་པའི་མིའི་གཟུགས་བྱས་པའི་མགོ་བོ་ལ་འཛིན་པར་བྱས་ལ། སྙིང་ཁ་དང་སྟ་ཟུར་དུ་ལྕགས་ཞུན་མའི་ཕུར་བུ་བཏབ་སྟེ། རྐང་པ་གཡོན་པས་མནན་ལ་མཚན་རངས་པར་བཟླས་བརྗོད་བྱས་ན་གདོན་དྲག་པོས་ཟིན་པར་འགྱུར་ཏེ། ཅིས་ཀྱང་མི་སློངས་པར་ཞག་འདུན་གྱིས་འཆི་བར་འགྱུར་རོ། ། སྦྲུལ་གྱིས་འཛིན་དུ་གཞུག་ན་ཡང་ཆོ་ག་འདི་ཉིད་ཀྱིས་བྱས་ན་ཅེས་ཀྱང་མི་བཟློགས་པར་དེ་མ་ཐག་ཏུ་འཆི་བར་འགྱུར་རོ།། ཕྱིར་གསབ་ནི་འབྱུང་པོའི་གནས་སུ་དཀྱིལ་འཁོར་བྲིས་ལ་འབྱུང་པོའི་ཁ་ཟས་ལན་བརྒྱད་སྟོང་སྔགས་པ་དབུལ་ལོ། ། སྦྲུལ་གྱིས་ཟིན་པ་གསོ་བ་ན་སྦྲང་རྩི་དང་འོ་ཐུག་ཕུལ་ཏེ་བྱབ་པ་ཡང་བྱས་ན་གཏོང་བར་འགྱུར་རོ།། མཛེ་ནད་ཀྱིས་འདེབས་པར་བྱ་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་རི་བོང་གི་སྤུ་དུག་དང་ཁྲག་གི་ནང་དུ་བསྙུགས་པ་སྟོང་རྩ་བརྒྱད་བརྒྱད་སྦྱིན་སྲེག་བྱས་ན་མཛེ་ནད་ཀྱིས་འདེབས་པར་འགྱུར་རོ། ། ཆོ་ག་དེ་བཞིན་དུ་དུག་དང་ཁྲག་གི་སྦྱིན་སྲེག་བྱས་ན་ནང་ཁོང་སྐེམས་ཀྱིས་འདེབས་པར་འགྱུར་རོ། ། ཕྱིར་གསོ་བ་ནི་བུ་རམ་དང་འོ་མ་ལ་ལན་བརྒྱད་སྡོང་སྔགས་པ་སྐོམ་དུ་བླུད་ན་གཏོང་བར་འགྱུར་རོ།། བ་ལང་གི་ལྕི་བ་ས་ལ་མ་ལྷུང་བ་ལས་གཟུགས་བྱས་ཏེ། སེང་ལྡེང་གི་ཕུར་བུ་ལ་ལན་བརྒྱ་སྟོང་སྔགས་པས་བཙུགས་ན་ཟག་པར་འགྱུར་རོ།། ཕྱིར་གསོན་ཕུར་བུ་ཕྱུང་ལ་མར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ།། བུད་མེད་ཀྱི་མཚན་ཟག་པར་འདོད་ན་ཞག་གཅིག་སྨྱུང་བ་བྱས་ཏེ་ཕག་ཤ་ལས་མོ་མཚན་གྱི་གཟུགས་བྱས་ལ། ཁྱིའི་རུས་པའི་ཕུར་བུ་ལ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་པ་བཅུག་ན་ཟག་པར་འགྱུར་རོ།། ཕྱིར་གསོ་བ་ནི་འོ་མས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱའོ།། དེ་ནས་གསང་པར་འདོད་ན་མ་དའི་ཚེར་མ་དང་། སྐེ་ཚེ་དང་། ཚ་བ་གསུམ་དང་། དུག་རྣམས་ཡུངས་ཀར་མར་དང་སྦྱར་ཏེ། དུར་ཁྲོད་ནས་མེ་བླངས་པའི་ནང་དུ་དུས་གསུམ་དུ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དུས་ལ་བབ་པར་ཞག་འདུན་གྱི་འཆི་བར་འགྱུར་ཏེ། ཞག་དྲུག་གི་བར་དུ་ནི་ཕྱིར་གསོར་རུང་ངོ་།། ཞི་བར་འདོད་ན་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པའི་བུམ་པས་ཁྲུས་བྱེད་དུ་བཅུག་ལ་ངུར་བ་མར་གྱི་ནང་དུ་བསྩགས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། ། ཕ་རོལ་གྱི་དམག་གཞོམ་པར་འདོད་ན་པ་རུ་རའི་ཤིང་གིས་མེ་སྦྱར་བའི་ནང་དུ་མཚོན་ཆ་ཕྱེ་མར་བྱས་པ་ཁྲག་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ། དེའི་ཐལ་བས་བདག་གི་དམག་དང་དམག་དཔོན་རྣམས་ལ་ཐིག་ལེ་བྱས་ནས། རྒྱལ་མཚན་གྱི་རྩེ་མོ་ལའང་བྱུགས་ཏེ་བསྟན་ན་མཐོང་བ་ཙམ་གྱིས་ཕ་རོལ་གྱི་དམག་ཚོགས་དང་དམག་དཔོན་དེ་དག་ཕམ་པར་འགྱུར་རོ། ། ཡང་ན་གླང་པོ་ཆེ་དང་རྟ་ཤི་བའི་ཤ་བླངས་ཏེ་ཕུབ་མ་དང་བ་རུ་རའི་ཤིང་བསྲེགས་པའི་མེར་གཡུལ་འགྱེད་པའི་ཚེ་སྦྱིན་སྲེག་བྱས་ན་སྲེག་བླུགས་བླུགས་པ་ཙམ་གྱིས་འཕམ་པར་འགྱུར་རོ། ། ཡུངས་ཀར་དམར་པོ་བླངས་ཏེ་ལན་བརྒྱ་སྟོང་བསྔགས་པས་བདག་གི་དམག་འཁོར་བའི་ས་ལ་གཏོགས་པའི་ས་ལ་གཏོར་ཏེ་མགོ་ལའང་གཏོར་ན། བདག་གིས་དམག་དང་དམག་དཔོན་རྣམས་མཐོང་བ་ཙམ་གྱིས་ཕ་རོལ་གྱི་དམག་འཕམ་པར་འགྱུར་ཏེ། ནམ་ཡང་ཕ་རོལ་གྱི་དམག་གིས་ནོན་པར་མི་འགྱུར་རོ།། ཡང་ན་བདག་གི་ནང་དུ་འདུག་སྟེ་བཟླས་བརྗོད་བྱས་ན་ཕ་རོལ་གྱི་དམག་འཕམ་པར་འགྱུར་རོ།། དེ་ནས་རྒྱལ་སྲིད་སྒྲུབ་པར་འདོད་ན་རིའི་རྩེ་མོར་སོང་ལ་སློང་མོའི་ཟས་པ་ཞིང་ལན་བྱེ་བར་བཟླས་བརྗོད་བྱས་ན། བཟླས་བརྗོད་ཟིན་པའི་འོག་ཏུ་རྡོ་རྗེ་ཁྲོ་བོ་འོང་སྟེ་རང་གི་གཟུགས་བསྟན་ནས་དམ་པ་སྦྱིན་པར་བྱེད་དེ། འཁོར་ལོས་སྦྱར་བའི་རྒྱལ་པོ་དང་འདྲ་བར་འགྱུར་རོ། ། དེ་ནས་གཏེར་ཆེན་པོ་མཐོང་བར་འདོད་མནོར་གྱི་སྤྱན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་འབྲི་བར་བྱའོ།། ཁྲོ་གཡས་སུའང་གཏེར་དུང་དང་བཛྲ་གཉིས་བྲིས་ལ། དེའི་མདུན་དུ་རྡོ་རྗེ་ཁྲོ་བོ་ལོག་དུ་མིག་དང་སྤྲིན་གྱི་མདོག་ཅན། མཆེ་བ་གཙིགས་པ། སྐྲ་གྱེན་དུ་འགྲེང་ལས་ལ་ལྟ་ཞིང་འདུག་པ་བྲིས་ཏེ། ཡུངས་ཀར་དང་ཨ་ཀ་རུ་གཅིག་ཏུ་སྦྱར་ནས་ཡར་གྱི་ངོ་ཆེས་ཞག་གཅིག་ལ་བརྩམས་ལ། ཟས་སུ་འོ་མའི་འདག་གུ་འམ་སློང་མོའི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ཏེ། ཅི་འབྱོར་པས་མཆོད་པ་བྱས་པའི་མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ཏེ། ཟླ་བ་ཉལ་མར་གྱི་མར་མེ་བཞི་ཕུལ་ནས་གཏེར་གཅིག་ལས་ཏི་ན་རའི་ཆར་བབ་ཀྱི་བར་དུ་བཟླས་བརྗོད་བྱའོ། ། ཏི་ན་ར་དེ་དག་ཀྱང་བླང་བར་མི་བྱའོ།། དེ་ནས་ནམ་ནངས་པ་དང་སའི་འོག་ནས་གཏེར་ཆེན་པོ་མཐོང་བར་འགྱུར་ལ། དེའང་ཟད་པར་མི་འགྱུར་ཏེ། ཐོག་མར་དཀོན་མཆོག་གསུམ་གྱི་ཕྱིར་སྤྱད་པར་བྱའོ།། འབྲུ་མ་རུངས་པར་བྱ་བ་དང་འཕེལ་བར་བྱ་བར་འདོད་ན་ཞིང་གི་དབུས་སུ་བཟླས་བརྗོད་བྱས་ན་རྒྱས་པར་བྱ་བ་འམ། མ་རུངས་པར་བྱ་བའི་བསམ་པ་ཇི་ལྟ་བུས་བཟླས་བརྗོད་བྱས་པ་དེ་བཞིན་དུ་འགྱུར་རོ།། གྲོང་བཤིག་པར་འདོད་ན་གྲོང་གི་དབུས་སུ་ཞག་གཅིག་སྨྱུང་བ་བྱས་ཏེ། ཨརྐའི་ཡམ་སྲེག་ཤིང་ལ་སྦྱིན་སྲེག་བརྒྱ་སྟོང་བྱས་ན་གྲོང་འཇིག་པར་འགྱུར་རོ། ། གྲོང་ཁྱེར་བཤིག་པ་ནི་ཆོ་ག་དེ་བཞིན་དུ་ཞག་བདུན་གྱི་བར་དུ་བྱས་ན་འཇིག་པར་འགྱུར་རོ།། རྒྱལ་པོའི་གྱོད་ལ་ཐོགས་པར་བྱ་ན་ཞག་གསུམ་སྨྱུང་བ་བྱས་ཏེ་རྒྱལ་པོའི་གྱོད་ལ་ཐོག་པར་བྱའོ་སྙམ་དུ་བསམ་ལ། དེས་ལོག་འདྲེན་གྱི་གཟུགས་བྱས་ནས་ར་ཛ་ཨརྐའི་ཡམ་སྲེག་ཤིང་ཡུངས་མར་གྱི་ནང་དུ་བསྙུགས་པ་བརྒྱ་སྟོང་སྦྱིན་སྲེག་བྱའོ།། ཁ་ཟས་འདོད་ན་ཉི་མ་ཤར་ཁར་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་ཁ་ཟས་རོ་དྲུག་དང་ལྡན་པར་འགྲུབ་པར་འགྱུར་རོ། ། གོས་འདོད་ན་ཉི་མ་ཤར་བར་རས་ཀྱི་ཁ་ཚརརེ་རེ་རེ་ལ་བཟླས་བརྗོད་ལན་རེ་རེ་བྱས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་གོས་ཐོབ་པར་འགྱུར་རོ། ། བུད་མེད་དབང་དུ་བྱ་བར་འདོད་ན་རས་བལ་གྱི་འདབ་མ་རྒྱ་སྐྱེགས་ཀྱིས་ཁ་བསྒྱུར་བ་དང་། མ་ད་ནའི་ཚེར་མ་རྒྱ་སྐྱེགས་ཀྱི་ནང་དུ་བསྙུགས་པ་དུས་གསུམ་དུ་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དབང་དུ་འགྱུར་རོ། ཡུགས་ས་མོ་དབང་དུ་བྱ་བར་འདོད་ན་རྡོ་རྗེ་ཁྲོ་བོའི་མདུན་དུ་དུས་གསུམ་དུ་ཡུངས་ཀར་གྱིས་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་བྲན་བཞིན་དུ་འོང་བར་འགྱུར་རོ།། ཕུབ་མའི་སྦྱིན་སྲེག་གིས་ནི་དགྲ་མ་རུངས་པར་འགྱུར་རོ། ། རྒྱ་སྐྱེགས་ཀྱིས་ནི་གཟི་བྱིན་མེད་པར་བྱེད་དོ།། ཏིལ་བཏགས་པའི་སྦྱིན་སྲེག་གིས་ནི་ལོག་འདྲེན་གྱིས་ཟིན་པར་འགྱུར་རོ།། གང་ཞིག་ཕ་རོལ་གྱི་རིག་སྔགས་གཅད་པར་འདོད་ན་ཀུ་ཤ་ལ་གཟུག་བྱས་ཏེ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱས་ལ། ཞག་བདུན་གྱི་ཉིན་པར་ལྕགས་ཞུན་མའི་མཚན་གྱིས་གཅད་ཅིང་སྦྱིན་སྲེག་བྱས་ན་ཞག་གཅིག་གིས་རིག་སྔགས་བཅད་པར་འགྱུར་རོ། ། བོང་བུའི་རྟུག་པ་འམ་གླང་པོ་ཆེའི་རྟུག་པས་དུས་གསུམ་དུ་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་རིག་སྔགས་ཐམས་ཅད་བཅིངས་པར་འགྱུར་རོ།། ཕྱིར་གསོ་བར་འདོད་ན་དེ་ཉིད་དུ་དེ་ཉིད་ཀྱི་སྦྱིན་སྲེག་བྱས་ན་གཏོང་བར་འགྱུར་རོ། ། བདག་དང་གཞན་གྱི་ཕྱིར་ལོག་འདྲེན་གཞིག་པར་འདོད་ན་གླང་པོ་ཆེའི་མགོ་ཅན་གྱི་གཟུགས་སྔ་ནས་ཡོད་པ་དེར་སོང་ལ། བགེགས་ཀྱི་གཟུགས་བྲིས་ནས་དེར་མེ་སྦར་ཏེ་གླང་པོ་ཆེའི་ཤས་སྦྱིན་སྲེག་བྱས་ན་ལོག་འདྲེན་རྣམས་མ་རུང་བར་འགྱུར་རོ། ། ཕྱིན་ཆད་བགེགས་མེད་དོ།། གླ་ཐོགས་པར་བྱ་བར་འདོད་ན་ཆུ་སྲིན་ཀུམ་བྷི་རའི་མཆེ་བ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་ཆུའི་ནང་དུ་བཅུག་ན་གྲུ་ཐོགས་པར་འགྱུར་ལ། ཕྱུང་ན་འགྲོ་བར་འགྱུར་རོ།། ཕ་རོལ་གྱི་དམག་རེངས་པར་བྱ་ན་མདའ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ་འཕངས་ན་རེངས་པར་འགྱུར་ཏེ། མཚོན་འདེབས་ཤིང་འཕེན་མི་ནུས་པར་འགྱུར་རོ།། ཆོམ་རྐུན་རེངས་པར་བྱ་ན་ཡིད་ལ་བཟླས་བརྗོད་བྱས་ན་རེངས་པར་འགྱུར་རོ།། མི་མ་ཡིན་པ་རེངས་པར་བྱ་ན་དུར་ཁྲོད་ཀྱི་ལྕགས་ཀྱི་ཕུར་བུ་ལ་ལན་སྟོང་བསྔགས་ཏེ་བཙུགས་ན་བཅིངས་པ་དང་རེངས་པར་འགྱུར་ལ། ཕྱུང་ན་གྲོལ་བར་འགྱུར་རོ། ། དྲན་པ་ཙམ་གྱིས་ངན་འགྲོར་འགྲོ་བར་མི་འགྱུར་ཏེ་མཚམས་མེད་པ་ལས་ཐར་པར་འགྱུར་རོ།། དངོས་གྲུབ་འདི་དག་ནི་བཟླས་བརྗོད་བྱས་པ་ཙམ་གྱིས་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། དེ་དུག་ལས་གསོན་མ་ད་ན་འམ། རྨ་བྱའི་མདོངས་སམ། ཡལ་གས་བྱའོ།། རིམས་སོ་ཅོག་གསོ་བ་ནི་ཚོན་རྩི་སྣ་ལྔའི་སྐུད་པས་བྱའོ།། མཚམས་གཅད་པ་ནི་ཡུངས་ཀར་རམ། ཐལ་བའམ། ཆུས་བྱའོ།། གདོན་དབབ་པ་ནི་གུ་གུལ་གྱིས་བདུག་པར་བྱའོ།། སྦྲུལ་གྱིས་ཟིན་པ་ལ་ནི་ཤིང་ཀུན་དང་། ཤུ་དག་དང་། བྱིས་ཀུ་དང་། ལུང་ཐང་དང་། རྨ་བྱའི་མདོངས་དང་། རྨ་བྱའི་མཁྲིས་པ་དང་། ནེའུ་ལེའི་སྤུ་དང་། ཆ་གསུམ་དང་། འདི་རྣམས་སྔ་དྲོན་གཔུས་པའི་ཁུ་བ་དང་བཏག་ཅིང་གྲིབ་མར་བསྐམས་པ་ལན་བདུན་གྱི་བར་དུ་བྱས་ལ། དེ་ནས་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ཏེ་ཡར་གྱི་ངོ་ཚེས་བཅོ་ལྔ་ལ་ཞག་གཅིག་སྤང་བ་བྱས་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ལ། སྦྱིན་པའི་ཚེ་ལན་བདུན་བསྔགས་ནས་སྦྱིན་པར་བྱ་སྟེ། གསོན་པོ་ཞིག་ན་ནི་བླུད་པར་བྱའོ།། ཤི་ཟིན་པ་ཞིག་ན་ནི་སྔར་བླུགས་ཤིང་མིག་ལ་བསླུས་ན་འཇོག་པོས་ཟིན་པའང་འཚོ་བར་འགྱུར་རོ། ། སྦྲུལ་གྱིས་ཟིན་ཏོ་ཤིང་ནས་བསྲེག་ཟིན་པའང་ཐལ་བས་གཟུགས་བྱས་ལ། རྡོ་རྗེ་ཁྲོ་བོའི་རིག་པ་མཆོག་དང་ལྡན་པ་གཅིག་ཏུ་ལན་འབུམ་བཟླས་བརྗོད་བྱས་པའི་རྗེས་ལ་དེ་ཉིད་དུ་ཞག་གསུམ་སྨྱུང་བ་བྱས་ཏེ། ཡར་གྱི་ངོ་ཆེས་བཅོ་ལྔ་ལ་ཞི་བ་ལ་འོས་པའི་མེ་ཏོག་གིས་མཆོད་པ་བྱས་ནས་ན་ག་གེ་སར་གྱི་ཤིང་གི་ས་མེ་སྦར་ཏེ། མངོན་སུམ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ལ་གཟུགས་རས་དཀར་པོས་བཀའ་སྟེ། དེ་ནས་རིག་པ་མཆོག་བཟླས་བརྗོད་བྱེད་བཞིན་དུ་རས་བཤུས་ལ་ཤི་བ་དེར་ཚོད་དང་གཟུགས་ཅི་འདྲ་བ་དེ་འདྲ་བའི་ན་ཚོད་དང་གཟུགས་ཅན་གྱི་སེམས་ཅན་ལྡང་བར་འགྱུར་རོ།། དེནས་རྡོ་རྗེ་ཁྲོ་བོའི་གསང་སྔགས་རིག་པ་མཆོག་དང་ལྡན་པ་ལ་ལན་བདུན་བཟླས་བརྗོད་བྱས་ན་ལངས་ཏེ་ཁྱིམ་དུ་འགྲོ་བར་འགྱུར་རོ།། ཙི་སྟ་རས་ཀྱིས་བཀབ་ཀྱང་མིའི་གཟུགས་སུ་མ་གྱུར་ན་མ་བྱའི་སྒོ་རང་ལྷུང་བས་སྦྱིན་སྲེག་བྱས་ན་གདོན་མི་ཟ་བར་དེ་བཞིན་ཉིད་དུ་འགྱུར་ཏེ་འགྲུབ་པར་འགྱུར་རོ། ། ཆར་དབང་བར་འདོད་ན་ཐབ་ཁུང་པདྨའི་དབྱིབས་འདྲ་བར་བྱས་ལ་མངར་གསུམ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཆར་ཆེན་པོ་ཞག་བདུན་གྱི་བར་དུ་འབབ་པར་འགྱུར་རོ། ། ཙི་སྟེ་ཆར་མ་བབ་པར་གྱུར་ན་མེ་དེ་ཉིད་ཀྱི་ནང་དུ་མངར་གསུམ་དྲུག་དང་ཁྲག་དང་སྦྱར་ཏེ་སྦྱིན་སྲེག་བྱས་ན་འབབ་པར་འགྱུར་རོ།། གཅད་པར་བྱན་མངར་གསུམ་དཀར་དང་སྦྱར་བས་སྦྱིན་སྲེག་བྱས་ན་འཆད་པར་འགྱུར་རོ། ། གཏེར་འབྱུང་བར་བྱ་ན་ཡུངས་ཀར་གྱིས་འཁྲུལ་འཁོར་ཐམས་ཅད་ཆོམས་པར་འགྱུར་རོ།། བཟླས་བརྗོད་བྱས་པ་ཙམ་གྱིས་ལས་ཐམས་ཅད་བྱེད་པར་འགྱུར་ལས་བྱས་པ་ལས་ཅི་སྟེ་འགྲུབ་པར་མ་གྱུར་ན་རིག་པ་མཆོག་དང་ལྡན་པར་བྱས་ན་ལས་ཐམས་ཅད་མྱུར་དུ་ངེས་པར་འགྱུར་རོ། ། དེ་ནས་གནོད་སྦྱིན་ཆེན་པོ་རྡུགས་བྱེད་རྣམས་ལྷ་མ་ཡིན་རྣམས་ཀྱིས་གཙེས་ནས་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་གང་ན་བ་དེར་དོང་ངོ་། ། དེ་ནས་སྐྱབས་མ་རྙེད་པའི་གནོད་སྦྱིན་དེ་དག་ལག་ན་རྡོ་རྗེ་ལ་སྐྱབས་སུ་སོང་སྟེ། རྡོ་རྗེ་འཛིན་ཆེན་པོ་ལྷ་མ་ཡིན་མཆོག་ཏུ་འཇིགས་པ་ལས་སྐྱོབས་ཤིག་ཅེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། གནོད་སྦྱིན་ཆེན་པོ་རྨུགས་བྱེད་དེ་དག་ལ་བཟོད་ལྡན་དག་ཁྱེད་ནི་སྡིག་པ་མེད་པ་ཡིན་ཏེ། དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་རྒྱལ་པོ་གང་ན་བ་དེར་ཕྱིན་ལ། ལག་ན་རྡོ་རྗེ་ང་བསྟན་པར་གནས་པས་ན་མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་དབུགས་ཕྱུང་ངོ་།། དེ་ནས་དབང་ཕྱཕྱུབྱན་ཆེན་པོ་ལ་སོགས་པ་ལྷ་རྣམས་དང་དྲང་སྲོང་དེ་དག་གིས། བཅོམ་ལྡན་འདས་ལག་ན་རྡོ་རྗེ་དང་སྤྱན་ལ་མངོན་པར་བསྟོད་པ། གཟི་བརྗིད་ཆེན་པོ་ལེགས་སོ་ལེགས་སོ།། སྟོབས་པོ་ཆེ་ཕ་རོལ་གནོན་པ་ཁྱོད་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་གྱི་ཕྱིར་གང་གིས་ལྷ་ཐམས་ཅད་རྒྱལ་བར་འགྱུར་ལ། ལྷ་མ་ཡིན་རྣམས་འཕམ་པར་འགྱུར་བའི་དཔལ་ཐམས་ཅད་མངོན་པར་འབྱུང་བར་བྱེད་པའི་དཀྱིལ་འཁོར་ཆེན་པོ་བཤད་པ་ལེགས་སོ་ལེགས་སོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བཟོད་ལྡན་དག་འཇིག་རྟེན་ན་སྡང་བ་གང་ཇི་སྙེད་ཡོད་པ་དེ་དག་དེང་ཞིག་པར་བྱས་མ་འཇིགས་ཤིག་མ་འཇིགས་ཤིག། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དང་སྤྱན་ལ་ཕྱག་བྱས་ནས། ལྷ་མ་ཡིན་རྣམས་དང་ཟས་སུ་ཁྲག་འཐུང་བའི་གདོན་རྣམས་གཞིག་པའི་ཕྱིར་རྡོ་རྗེ་ཁུ་ཚུར་གྱི་རིག་སྔགས་ཆེན་མོ་བརྗོད་དོ། ། དེ་ནས་ལྷ་མ་ཡིན་དེ་དག་གིས་ཁུ་ཚུར་གྱི་མིང་ཐོས་ནས་བྲག་ལ་གནམ་ལྕགས་ཀྱིས་ཕོག་པ་བཞིན་དུ་མ་རུང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྤྱན་ལ་སྤྱི་བོས་ཕྱག་འཚལ་ཏེ་མཉམ་པར་བཞག་ནས་རྡོ་རྗེ་ཁུ་ཚུལ་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། དེ་བ་ཨ་སུ་ར་སཾ་ཀྲ་མེ། དེ་བ་ནཱ་མཱ་ཡ་ཀ་རི། བཛྲ་མུཥྚཾ། ས་མུཿ་པན་ན། ཨ་སུ་ན་ན་ཀྵ་ཡཾ་ཀ་རི་ག་ཏ་ནི་སརྦ་ཤ་ཏཱ་ཎཱན། ནཱ་གཱ་ནཱན་བ་ཤ་བ་སྟེ་ནི་བཛྲ་མུཥྚི་མ་པྲ་བྷཀྵ་མི་བྷཱུ་ཏཱ་ནཱན། མརྨ་བེ་ཏཱ་ནི་ན་ཧ་ཧ་བཛྲ་པཱ་ཎི་ཧི་ཧི་བཛྲ་པཱ་ཎི་ཧ་ན་ཧ་ན་བཛྲ་པཱ་ཎི། ཨ་བེ་རེ་ཨ་བེ་རེ་བཛྲ་པཱ་ཎི། ཨོཾ་ཀུ་ཧཱུཾ་སཱ་ཧཱ། གསང་བདག་བློ་དང་ལྡན་པ་ཡིས། གསང་སྔགས་བཤད་པ་ཙམ་གྱིས་མི།། དཀྱིལ་འཁོར་དེ་ན་སྡང་བ་གང་།། དེ་དག་ཡོངས་སུ་ཚིག་གྱུར་ནས། སྟོབས་ཆེན་ཕ་རོལ་གནོན་པ་ཡིས།། རྡོ་རྗེ་ཁུ་ཚུར་རབ་འཇིགས་ལས། བདག་ཅག་སྒྲུབ་པ་གྱིས་ཤིག་ཅེས།། ལག་ན་རྡོ་རྗེའི་སྐྱབས་སུ་སོང་།། དེ་ནས་དཀོན་མཆོག་གསུམ་པོ་ཡིས།། བརྒྱན་པར་སེམས་ནི་སྐྱེད་པར་གྱིས།། འོན་དང་ཞི་བ་ཉིད་དུ་འགྱུར།། དེ་ནས་ལྔ་དེ་དག་གིས་འཇིག་པའི་སེམས་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་མངོན་པར་བསྟོད་ནས། རིག་སྔགས་ཀྱི་རྒྱལ་པོ་རྡོ་རྗེ་དུ་ཚུར་གྱི་རིག་སྔགས་ཆེན་མོའི་ལས་རྣམས་ཤོད་ཅིག་ཤོད་ཅིག་ཅེས་སྤྲས་ནས། ལག་ན་རྡོ་རྗེ་སྟོབས་ཆེན་གྱིས། ། སྤྱན་ལ་སྤྱི་བོས་ཕྱག་འཚལ་ནས།། མཉམ་བཞག་རྡོ་རྗེ་ཁུ་ཚུར་གྱི།། ཆོ་ག་བཤད་པ་རབ་བསྟན་པ།། ཆུ་ཀླུང་གི་འགྲམ་མམ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་སྒྲ་སྐད་དྲག་པ་མེད་པའི་གནས་སུ་གཙང་སྦྲ་དང་། ཚངས་པར་སྤྱད་པ་དང་། ཟ་གཅིག་པ་དང་། སློང་མོའི་ཟས་ཟ་ཞིང་མི་སྨྲ་བར་ལན་སུམ་འབུམ་མམ་ལྔ་འབུམ་བཟླས་བརྗོད་བྱའོ།། ཆུ་ཀླུང་ངམ་པདྨའི་རྫིང་བུར་མེ་ཏོག་ལ་ལན་རེ་རེ་བཟླས་བརྗོད་བྱས་ཏེ་དོར་བར་བྱའོ། ། སློང་མོའི་ཟས་ཟ་ཞིང་རིའམ་དགོན་པར་བ་ལང་གི་ལྕི་བ་བསྲེག་པར་བྱའོ།། ཆུའི་ནང་དུ་ཟིན་ཐིག་ལེའི་ལོ་མ་གཅད་ཅིང་གཅད་ཅིང་དོར་བར་བྱའོ།། ལས་འདི་དག་བྱས་ན་ལྷ་ཉིད་རང་གི་ཆ་ལུག་ཀྱིས་འོང་བར་བྱེད་དེ། འགོག་པར་བྱེད་དོ།། སྒྲུབ་པའམ། བདག་ཉིད་སད་པར་འདོད་པའམ། ཡུལ་གྲུ་འདོད་ཀྱང་རུང་སྟེ། རས་མ་ཉམས་པ། སྐྲ་མེད་པ། ཁ་ཚར་མ་བཅད་པ་ལ་ཚོན་རྩི་སྦྱིན་དང་མ་སྦྱར་བ་སྣོད་གསར་པའི་ནང་དུ་བཅུག་སྟེ། ཕྱིས་གསར་པས་རི་མོ་མཁན་གཙང་མ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་འདྲིར་གཞུག་གོ། རྡོ་རྗེའི་སྡེའང་མིའི་གཟུགས་སུ་བྱས་ལ་མགོ་བོར་རྡོ་རྗེ་བཞག་སྟེ། འཕགས་པ་རྡོ་རྗེ་འཛིན་ལག་པ་གཡོན་པས་བརྙེས་པར་བྱའོ།། རྡོ་རྗེའི་སྡེའང་སྒྲ་ལྕང་ལོར་འཁྱིལ་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ།། བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མགོ་ལོགས་སུ་ནི་གཙུག་ནས་བྱུང་གཞོན་ནུའི་གཟུགས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསེར་གྱི་ཁ་དོག་ཅན། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདུག་པར་བྲིའོ།། བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནི་རྡོ་རྗེ་ཁུ་ཚུར་མ་གཞོན་ནུའི་གཟུགས་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། དཔུང་རྒྱན་དང་གདུ་བུའི་རྒྱན་གྱིས་བརྒྱན་ལ་གསེར་གྱི་མདོག་ཅན་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདུག་པ་བྲིའོ།། སྒྲུབ་པ་པོའང་འོག་ལོགས་སུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་གཡས་པ་ན་པོག་པོར་ཐོགས། ལག་པ་གཡོན་པ་ན་མེ་ཏོག་གི་ཟ་མ་ཏོག་ཐོགས་པར་བྲིའོ།། དེ་ནས་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ་ཚེས་བཅུ་གསུམ་གྱི་བར་དུ་ཟས་སུ་འོ་མ་དང་འབྲས་ཆན་ཟ་ཞིང་། ཟ་གཅིག་པར་བྱས་ལ་དུས་གསུམ་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱའོ།། དེ་ནས་ཞག་གཉིས་སམ་གསུམ་དུ་སྤྱང་བ་བྱས་ཏེ། དུས་གསུམ་དུ་ཁྲུས་བྱེད་ཅིང་གོས་གཙང་མ་བགོས་ལ་མཚན་མོ་ནི་སྦྱིན་སྲེག་བྱ། ཉིན་མོ་ནི་བཟླས་བརྗོད་བྱ་སྟེ། ཡུལ་གྲུ་འདོད་ན་ནི་ཤུ་ཏི་མར་གྱི་ནང་དུ་བསྩགས་པས་སྦྱིན་སྲེག་བྱའོ།། ཞག་གྲངས་དུའི་སྤྱན་སྲེག་བྱེད་པ་དེ་སྲིད་དུ་བཟླས་བརྗོད་བྱ་སྟེ། ལས་སོ་ཅོག་ལ་དུས་གསུམ་དུ་ལན་སུམ་སྟོང་བཟླས་བརྗོད་བྱའོ།། དངོས་གྲུབ་ཀྱི་མཚན་མར་རྨི་ལམ་དུ་མེ་ཏོག་གམ་འབྲས་བུ་རྙེད་པ་འམ་འཛིན་པ་རྨི་ས་ར་ལྔ་འགྲུབ་པར་འགྱུར་རོ། ། གཤགས་འགྱེད་པའི་ཆོ་ག་འདི་ཡིན་ཏེ། རྒྱ་སྐྱེགས་ཡུངས་མར་གྱི་ནང་དུ་བསྙུགས་པས་སྦྱིན་སྲེག་བྱའོ།། བུ་འདོད་པས་ནི་ཏིལ་དང་འབྲས་ཀྱིས་བྱའོ།། དགྲ་གཞིག་པ་ལ་ནི་གུ་གུལ་འབྲུ་མར་དང་སྦྱར་ཏེ་ཁྲག་དང་བསྲེས་པས་བྱའོ། ། འཇིགས་པ་ཐམས་ཅད་ལ་ནི་བིལ་བའི་ཡམ་སྲེག་ཤིང་གིས་བྱའོ།། ལྷ་བཤོས་ནི་འབྲས་ཀྱི་འོ་ཐུག་དང་འོ་མ་འབྲས་ཀྱིས་སྦྱར་བས་བྱའོ།། ཕྱོགས་བཞིར་ཡང་འཇིག་རྟེན་སྐྱོང་བ་རྣམས་ལས་འབྱུང་པོའི་ཟས་ཀྱི་གཏོར་མ་ཤ་དང་ཆང་དང་བཅས་པར་ནུབ་མོ་སྦྱིན་པར་བྱའོ། ། ལས་རྣམས་ལ་ནི་ནས་དང་། ཡུངས་ཀ་ར་དང་། འབྲས་ཡོས་དང་། སོ་སོར་སྦྱིན་སྲེག་བྱའོ།། གདོན་ལས་ཐར་པར་བྱ་ན་བ་རུ་རའི་ཡམ་སྲེག་ཤིང་སྐེ་ཚེས་བྱའོ།། ལོ་ཏོག་རྒྱས་པར་བྱ་ན་ནས་དང་ཨུ་དུམ་པ་རའི་ཡམ་སྲེག་ཤིང་གིས་བྱའོ།། དགྲ་གཞིག་པར་བྱ་ན་སྐེ་ཚེའི་འབྲུ་བཏགས་ཏེ་ཏིལ་དང་སྦྱར་བ་དང་མ་ད་ནའི་ཚེར་མའི་ཡམ་སྲེག་ཤིང་གིས་བྱའོ། ། གཏན་དུ་བསྐྲད་པར་བྱ་ན་ནི་བིལ་བའི་འབྲས་བུ་ཡུངས་མར་གྱི་ནང་དུ་བསྙུགས་པ་དང་། བིལ་བའི་ལམ་སྲེག་ཤིང་དང་། བིལ་བའི་ཕྱེ་མ་དང་རྒྱ་སྐྱེགས་ཕྱེ་མར་བྱས་ཏེ་སྦྱིན་སྲེག་བྱའོ། ། འཕགས་པ་ལག་ན་རྡོ་རྗེའི་སྐུ་གཟུགས་ཀྱང་འདྲིར་གཞུག་གོ། བུད་མེད་དབང་དུ་བྱ་བར་འདོད་ན་ཉིན་མཚན་དུ་ལན་ཚྭས་བྱའོ།། ཀ་ཀ་དང་། ཨུ་དུམྦ་རའི་ཡམ་སྲེག་ཤིང་དང་། ལན་ཚྭ་ལས་གཟུགས་བྱས་ཏེ་བུད་མེད་ལ་ནི་རྐང་པ་གཡོན་པ་ནས། སྐྱེས་པ་ལ་ནི་རྐང་པ་གཡས་པ་ནས་བརྩམ་མོ།། སྐྱེས་པ་ལ་ནི་ནིམ་པའི་ཡམ་སྲེག་ཤིང་དང་། སྐྱེས་པའི་གཟུགས་བྱས་ལ། ལན་ཚྭ་ཨ་རན་ད་འམ་ཟར་མའི་མར་དང་སྦྱར་ཏེ་སྦྱིན་སྲེག་བྱའོ།། ཆོ་ག་གཞན་ཡང་རྩིག་ངོས་སམ་ཤིང་ལེབ་ལ་འཕགས་པ་ལག་ན་རྡོ་རྗེའི་གཟུགས་བྲིས་ཏེ། མགོ་བར་ཡང་བཅོམ་ལྡན་འདས་ཀྱི་གཟུགས་བྲིའོ། ། རྡོ་རྗེ་འཛིན་གྱི་ལག་པ་གཡོན་པ་ལ་རྡོ་རྗེ་བསྟོད་དེ་འཛིན་པར་བྱ། ལག་པ་གཡས་པའི་མཛུབ་མོ་ནི་བསྡིགས་པའི་ཚུལ་དུ་བྱ་སྟེ། གཡོན་བྱོས་སུ་རྡོ་རྗེ་ཁུ་ཚུར་མ་མདོག་ནག་མོར་བྲི། གཡས་ཕྱོགས་སུ་སྒྲུབ་པ་པོ་ལག་ན་རྡོ་རྗེའི་ཞལ་དུ་ལྟ་ཞིང་པུས་མོ་གཉིས་ས་ལ་བཙུགས་ཏེ་རྡོ་རྗེ་འཛིནི་ལ་སྙིམ་པར་མེ་ཏོག་འཐོར་བར་བྱ། རྡོ་རྗེ་ཁུ་ཚུར་མའང་ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་རབ་ཏུ་འབར་བར་བྱ། ལག་པ་གཡས་པ་ནི་མཛུབ་མོར་བསྡིགས་པར་བྱ་སྟེ། ཁྲོས་ཤིང་གོས་སེར་པོ་གྱོན་པར་བྱའོ།། མར་གྱི་ངོ་ཞག་བརྒྱད་ནས་བརྩམས་ཏེ་མར་གྱི་ངོ་ཞག་བཅོ་ལྔའི་བར་ཞག་བདུན་དུ་སྔར་བསྙེན་པ་མི་སྨྲ་བར་དུས་གསུམ་དུ་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ། ཟས་སུ་འོ་མ་དང་འབྲས་ཆན་ཟ་ཞིང་། མར་གྱི་མར་མེ་དང་། དྲི་དང་། མེ་ཏོག་གི་འཕྲེང་བ་དང་། བདུག་པ་ལ་སོགས་པས་མཆོད་པ་བྱ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ། ནུབ་གཅིག་བཞིན་དུ་གཏོར་མ་རྣམ་པ་སྣ་ཚོགས་དབུལ། རྟག་ཏུ་དུས་གསུམ་དུའང་དབུལ་ལོ།། ཞག་བདུན་གྱི་བར་དུ་བཟླས་བརྗོད་བྱས་ལཡར་གྱི་ངོ་ཆེས་གཅིག་ལ་བརྩམས་ཏེ་ཀ་ར་ཝཱི་ར་དམར་པོ་ཡུངས་མར་གྱི་ནང་དུ་བསྙུགས་པ་དང་། ཨརྐའི་ཡམ་སྲེག་ཤིང་གིས་སྦྱིན་སྲེག་བྱས་ཏེ། ཆོ་ག་འདི་ནི་སྔ་མ་བཞིན་ནོ།། མེ་ཏོག་དཀར་པོས་བྱ་ནའང་ཡམ་སྲེག་ཤིང་ནི་སྔ་མ་ཉིད་དེ། མར་གྱི་ནང་དུ་བསྩགས་པས་བྱའོ།། ལས་འདི་རྣམ་གཉིས་ཏེ་དགྲ་སྡིག་ཅན་ལ་བྱའོ།། རྩོད་པའི་ས་འམ་གྲོང་གི་ལོགས་སུ་རླུང་ཕྱོགས་གང་ནས་འགྲོ་བ་དེར་ཉེའུ་ཤིང་དུམ་བུ་དུམ་བུར་གཏུངས་པ་དང་། པ་ལ་ཤའི་ཡམ་སྲེག་ཤིང་གི་སྦྱིན་སྲེག་བྱ་སྟེ། ལྷ་བཤོས་སུ་ཞོ་དང་འབྲས་ཆན་སྦྱར་བ་དབུལ་ཞིང་སྤྱང་བ་བྱས་པས་བྱ་སྟེ། སྐུ་གཟུགས་ཀྱི་ཆོ་ག་ནི་སྔ་མ་བཞིན་ནོ།། དགྲའི་བ་ལང་ངམ་མ་ཧེ་རྣམས་མ་རུང་བར་བྱན་པ་ལང་གི་ཤ་དང་མ་ཧེའི་ཤས་སྦྱིན་སྲེག་བྱའོ། ། རྡོ་རྗེ་ཁུ་ཚུར་གྱི་ཆོ་གའི་སྐབས་སུ་ལྷ་བཤོས་དབུལ་ཞེས་འབྱུང་བ་ཀུན་རྡོ་རྗེ་ཁུ་ཚུལ་ཉིད་ལ་དབུལ། མི་རྣམས་ལ་ནི་མི་ཤས་སྦྱིན་སྲེག་བྱའོ།། ཆབ་གསུམ་དང་སྐེ་ཚེ་འབྲུ་མར་དང་སྦྱར་བའི་སྦྱིན་སྲེག་ཀྱང་བྱའོ། ། མི་རྣམས་ལ་ནི་བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་གིས་བྱའོ།། བ་ལང་རྣམས་ལ་ནི་བ་ལང་གི་ལྕི་བས་བྱའོ།། མ་ཧེ་རྣམས་ལ་ནི་མ་ཧེའི་ལྕི་བས་བྱའོ།། མི་དང་། བ་ལང་དང་། མ་ཧེ་རྣམས་ཀྱི་ནད་ཀྱི་གནོད་པ་ལའང་དེ་དང་འདྲ་སྟེ། མི་རྣམས་ལ་ནི་སྐྲ་དང་། སེན་མོ་དང་། བྱི་བའི་རྟུག་པ་དང་། ལན་ཚྭ་རྣམས་ཡུངས་མར་དང་སྦྱར་ཏེ་སྦྱིན་སྲེག་བྱའོ།། བ་ལང་གི་ནད་ལ་ནི་པགས་པ་དང་། མཇུག་མ་དང་། སྤུ་དང་། རྨིག་པ་རྣམས་དང་། བེག་ཚོང་དང་ལྷན་ཅིག་ཏུ་ཕྱེ་མར་བྱས་ཏེ་ཡུངས་མར་དང་སྦྱར་བས་བ་ལང་གི་ལྷས་སམ། བ་ལང་གི་ར་བ་འམ། ཡང་ན་གང་ན་བ་ལང་གནས་པའང་རུང་སྟེ། དེར་སྦྱིན་སྲེག་བྱ་ཞིང་ཉིན་མཚན་བརྒྱད་ཀྱི་བར་བཅོམ་ལྡན་འདས་ལ་མཆོད་པ་བྱའོ།། དགེ་སློང་རྣམས་ལའང་མཆོད་སྟོན་བྱས་ཏེ། འདིར་ཡང་སྐུ་གཟུགས་ཀྱི་ཆོ་ག་སྔ་མ་བཞིན་གཏོར་མའི་ཚེ་གའང་བྱའོ། ། མི་རྣམས་ལ་ནི་གྲོང་ངམ་གྲོང་ཁྱེར་གྱི་ནང་དུ་སྒོའི་ཐེམ་པ་ནོན་པར་བྱ་སྟེ། དེ་ཉིད་དུ་ཁྱིམ་དུ་བྱས་ལ་མི་རྣམས་ལ་ནི་སེང་ལྡེང་གི་སོལ་བས་བྱའོ།། བ་ལང་རྣམས་ལ་ནི་སྤོས་ཀྱིས་བྱའོ།། མ་ཧོ་རྣམས་ལ་ནི་ནིམ་པའི་ཡམ་སྲེག་ཤིང་གིས་བྱས་ན་ཞི་བར་འགྱུར་རོ། ། ལྡོང་རོས་དང་། ལིག་བུ་མིག་དང་། གིའུ་ཝང་ལ་སོགས་པ་སྒྲུབ་པར་འདོད་ན་སྔར་བཤད་པའི་བསྙེན་པ་བྱས་ལ་ཟངས་དང་། ལྕགས་དང་། ར་གན་ལ་སོགས་པས་ཡམ་སྲེག་ཤིང་གིས་མིག་སྨན་བྱས་ཏེ། ལིག་བུ་མིག་དང་། ལྡོང་རོས་དང་། གིའུ་ཝང་ལ་སོགས་པ་ལས་གང་ཡང་རུང་བ་བླངས་ལ། བུ་མོ་གཞོན་ནུ་གསོ་སྦྱོང་དང་ལྡན་ཞིང་གོས་དཀར་པོ་གྱོན་པས་སྤོས་ཆུ་དང་སྦྱར་ཏེ་བཏགས་ནས། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་མདུན་དུ་ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ་ཚེས་བཅོ་ལྔའི་བར་དུ་ཉིན་པར་སྔར་བསྙེན་པར་བྱས་ལ་ནུབ་མོ་བསྒྲུབ་པར་བྱའོ། ། གཏོར་མའང་ནུབ་མོ་སྦྱིན་པར་བྱའོ།། དེ་ནས་ལག་པ་གཉིས་དྲི་ཆུས་བཀྲུས་ལ་མིག་སྨ་ན་དེ་བླངས་ཏེ་མཆོད་ནས། མར་གྱིའོ་ཞག་གཅིག་ལ་བུད་མེད་ཤི་བ་མཐོང་བ་དང་། དེའི་ཁར་མིག་སྔ་ན་དེ་བཅུག་ལ་རས་མ་ཉམས་པས་ཁ་བཅིང་བར་བྱའོ།། བུད་མེད་དེའང་ཐོག་མ་ཁོ་ནར་སྣུམ་གྱིས་བསྐུ་ཞིང་། དྲིལ་ཏེ་ཁྲུས་བྱས་ནས་སྤོས་ཀྱིས་བྱུགས་ལ་མིག་གཉིས་མིག་རྩིས་བསྐུའོ། ། རྐང་པ་གཉིས་ཀྱི་མཐིལ་ཡང་རྒྱ་སྐྱེགས་ཀྱིས་བསྐུས་ལ་རས་མ་ཉམས་པ་ཟུང་གཅིག་བསྐོན་ཏེ། ཀུ་ཤའི་སྟན་ལ་མགོ་ནུབ་ཕྱོགས་སུ་བསྟན་ཏེ་གཞག་གོ། ། དེ་ནས་དཀྱིལ་འཁོར་གྱི་མཚམས་གཅད་པར་བྱ་སྟེ། དང་པོར་ཚོན་སྣ་ལྔའི་སྐུད་པས་བྱའོ།། རིམ་པ་གཉིས་པ་ནི་ཐལ་བས་བྱའོ།། གསུམ་པ་ནི་ཡུངས་ཀར་གྱིས་བྱའོ།། བཞི་པ་ནི་ཆུས་བྱས་ལ་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས་བུད་མེད་དེའང་སེང་ལྡེང་གི་ཕུར་བུ་འམ་ལྕགས་ཀྱི་ཕུར་བུ་བཞི་ལ་གདགས་སོ། ། རིག་སྔགས་དག་གིས་ཀྱང་དཀྱིལ་འཁོར་གྱི་མཚམས་གཅད་པར་བྱ་སྟེ། དང་པོ་ནི་སངས་རྒྱས་བྱམས་པས་བྱའོ།། གཉིས་པ་ནི་གོས་དཀར་མོས་བྱའོ།། གསུམ་པ་ནི་གཟུགས་ཆེན་པོས་བྱའོ།། བཞི་པ་ནི་རྡོ་རྗེ་ཁྲོ་བོས་བྱ་སྟེ། རིག་སྔགས་འཆང་གིས་རྐང་པ་གཡོན་པ་ནི་ས་ལ་གཞག། གཡས་པ་ནི་སྙིང་ཁར་མནན་ལ་འབྱུང་པོའི་གཏོར་མ་ཐམས་ཅད་ཀྱང་སྦྱིན་ཞིང་། མིའི་ཐོད་པ་བཞིའི་ནང་དུ་ཕྱོགས་བཞིར་གཏོར་མ་བྱིན་ནས་ནམ་ནངས་ཀྱི་བར་དུ་བཟླས་བརྗོད་བྱའོ། ། རིག་སྔགས་འཆང་གི་གློ་གཡས་གཡོན་དུ་ནི་ལག་ན་མཚོན་ཐོགས་པའི་མི་གཉིས་གཞག་པར་བྱ་སྟེ། གཡོན་ཕྱོགས་སུའང་གཅིག། གཡས་ཕྱོགས་སུའང་གཅིག་གཞག་གོ། ཕྱོགས་སྲུང་བའང་བཞིར་མི་བཞི་གཞག་སྟེ། དཀྱིལ་འཁོར་གཉིས་པ་ལ་གཞག་གོ།། དེ་ནས་རིག་སྔགས་འཆང་གིས་བརྩོན་འགྲུས་བརྟུན་ལ་ནམ་ཤར་ཕྱོགས་སུ་ལྕེ་སྤྱང་གི་སྐད་འབྱིན་གྱི་བར་དུ་བཟླས་བརྗོད་བྱ་སྟེ། རིག་སྔགས་འཆང་གིས་འགྲུབ་པར་ཤེས་པར་བྱའོ།། བུད་མེད་ཀྱི་ཁ་ནས་ཀྱང་འོད་ཟེར་འབྱུང་བར་འགྱུར་ཏེ། འོད་ཟེར་བྱུང་བ་དང་གཏོར་མ་སྦྱིན་པར་བྱའོ།། བགེགས་བྱུང་ནའང་གཏོར་མ་བྱིན་ན་གྲུབ་པ་ཡིན། དེ་བླངས་པས་བདག་གི་གྲོགས་རྣམས་དང་བཅས་ཏེ་གྱེན་དུ་འཕགས་པར་འགྱུར་ཞིང་། སྐྲ་ལྕང་ལོར་འཁྱིལ་ལ་ཉི་མ་ཤར་ཀའི་མདོག་ཅན་དང་ལྡན་པ་དང་། རིག་སྔགས་འཆང་གི་རྒྱལ་པོར་འགྱུར་ཞིང་། ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་ཞིང་ཨིནྡྲ་ནཱི་ལའི་མདོག་ཅན་དཔག་ཚད་གཅིག་ཏུ་དྲི་བསུང་གིས་ཁྱབ་པ་དང་། བསྐལ་པར་གནས་པར་འགྱུར་ཏེ། འདིའི་རི་མོའི་སྐུ་གཟུགས་ཀྱི་ཆོ་གའང་སྤྱི་དང་འདྲའོ།། ཨ་པ་མརྒ་སྒྲུབ་པའང་འདིར་བཤད་པར་བྱ་སྟེ། རིའི་རྩེ་མོར་བཅོམ་ལྡན་འདས་བཞུགས་པར་བྱ་སྟེ་པདྨའི་གདན་ལ་བཞུགས་ལ་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པ་མི་འཇིགས་པའི་ཕྱག་རྒྱར་བྱའོ། ། འོག་གི་གཡོན་རོལ་དུ་ནི་རྡོ་རྗེ་འཛིན་མདོག་ནག་པོར་འབྲིའོ།། རྡོ་རྗེ་སྡེའང་རྡོ་རྗེ་འཛིན་དང་འདྲ་བར་བྱ་སྟེ། ལག་ན་རྡོ་རྗེ་ལ་ལྟ་ཞིང་འདུག་པར་བྲིའོ།། རྡོ་རྗེ་འཛིན་གྱི་ལག་པ་གཡོན་པའང་རྡོ་རྗེ་སྡེའི་སྟེང་དུ་བཞག་ལ། གང་གི་ཕྱིར་སྒྲུབ་པ་དེའང་པུས་མོ་གཡས་པ་ས་ལ་བཙུགས་ཏེ་མེ་ཏོག་གིས་སྙིམ་པ་བཀང་ལ་རྡོ་རྗེ་འཛིན་ལ་ལྟ་ཞིང་འདུག་པར་བྱ། རྡོ་རྗེ་འཛིན་ཡང་སྒྲུབ་པ་པོ་ལ་ལྟ་ཞིང་ལག་པ་གཡས་པས་དབུགས་འབྱིན་པར་བྱའོ།། རྡོ་རྗེ་ཁུ་ཚུར་མའང་གཞོན་ནུའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱ་སྟེ། དེའི་ལག་པ་གཡོན་པ་ན་རྡོ་རྗེ་ཐོགས། གཡས་པ་ན་པདྨ་འམ་ཨུཏྤ་ལ་ཐོགས་ཏེ་རྡོ་རྗེ་འཛིན་ལ་ལྟ་ཞིང་། པདྨ་འམ་ཨུཏྤ་ལ་དེ་རྡོ་རྗེ་འཛནི་ལ་དབུལ་བར་བལྟ་བར་བྱའོ།། རིརོམོ་མཁན་གྱི་ཆོ་ག་དང་རས་ཀྱི་ཆོ་ག་ནི་སྔར་བཤད་པ་དང་འདྲ་བར་བྱ་སྟེ། རི་མོ་མཁན་གཙང་མས་བྱའོ།། མར་གྱི་ངོ་ཟླ་བ་ཕྱེད་ཀྱི་བར་དུ་བཟླས་བརྗོད་ལན་བརྒྱད་སྟོང་བརྒྱད་སྟོང་བྱས་ལ། ཡར་གྱི་ངོ་ཚེས་གཅིག་ནས་བརྩམས་ཏེ་ཞག་གསུམ་སྤྱང་བར་བྱས་ལ། བསྒྲུབ་པར་བྱ་སྟེ། མར་གྱི་ངོ་ལ་ནི་སྔར་བསྟན་པ་ཡིན་ནོ།། ཡར་གྱི་ངོ་ཚེས་གཅིག་ལ་ཨ་པ་མནའི་ཡམ་སྲེག་ཤིང་མར་དང་སྦྲང་རྩིའི་ནང་དུ་བསྙུགས་པ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་སྦྱིན་སྲེག་བྱའོ། ། ཕྱི་རོལ་གྱི་གཏོར་མའང་ཅི་འབྱོར་པས་བྱའོ།། ནང་གི་ལྷ་བཤོས་ཀྱང་ཞོ་དང་འབྲས་ཆེན་སྦྱར་བ་འམ་འབྲས་ཀྱིའོ་ཐུག་འབུལ་བར་བྱས་ན། ཟླ་བ་ཕྱེད་ཚུན་ཆད་ཀྱིས་འདོད་པ་ཐམས་ཅད་སྦྱིན་པར་འགྱུར་རོ།། ཡང་ན་ཨ་པ་མརྒའི་ཡམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱའོ།། གྲོང་དང་གྲོང་ཁྱེར་དང་མི་ཉེ་བའི་བྱང་ཤར་གྱི་ཕྱོགས་མཚམས་ནཙ་པ་ཏིའི་ཤིང་ངམ། ཡང་ན་ཤིང་འོ་མ་ཅན་གྱི་དྲུང་དུ་སོང་ལ་ཉི་མ་གུང་གི་དུས་སུ་གྲིང་མས་ཇི་ཙམ་ཁེབས་པ་དེ་ཙམ་གྱི་ཕྱོགས་བྱི་དོར་བྱས་ཏེ། གྲོག་མ་བར་གྱི་སས་སྦྱང་ནུལ་བྱུགས་ལ་ས་དེ་ཉིད་ཀྱིས་སྔགས་བུ་གསུམ་བྱ་སྟེ། གཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི། གཅིག་ནི་རྡོ་རྗེ་འཛིན་གྱི། གཅིག་ནི་རྡོ་རྗེ་ཁུ་ཚུར་མའི་བྱའོ།། མདུན་ལོགས་དེར་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་ལ། གྲོག་མཁར་གྱི་སས་རྡོ་རྗེ་བྱས་ནས་ས་དེ་ཉིད་ཀྱིས་སྐྱང་ནུལ་བྱུགས་ཏེ། ཙན་དན་དམར་པོས་མཆོད་ལ། ཀ་ར་ཝཱི་ར་དམར་པོས་མཆོད་པ་བྱས་སོ།། ལྷ་བཤོས་ཀྱང་ཅི་འབྱོར་པས་འབྲས་ཆན་བུ་རམ་དང་སྦྱར་བ་དང་འབྲས་ཆན་ཞོ་དང་སྦྱར་བ་དབུལ་ལོ། ། དེའི་ནང་དུ་རྩཝ་ངུར་བ་རྩེ་མོ་མ་ཉམས་པའི་སྟན་བཏིང་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། གཏོར་མ་རྣམ་གསུམ་ལ་སོགས་པ་སྦྱིན་ཞིང་། བཅོམ་ལྡན་འདས་དེའི་མདུན་ལོས་ཀྱི་དཀྱིལ་འཁོར་ལ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བ། ར་བ་ཤར་ནུབ་ཏུ་དཀྱུས་རིང་བར་བྱས་པའི་ནང་དུ་ཤིང་འོ་མ་ཅན་ཚེར་མ་མེད་ཅིང་རྩ་བ་དང་བཅས་པ་བཅད་དེ་སྦྱིན་སྲེག་བྱས་ན་རྒྱལ། སྲིང་ངམ་ནོར་སྦྱིན་པར་འགྱུར་རོ།། མིའི་གཙོ་བོ་དབང་དུ་བྱ་བར་འདོད་ན་སྦྱིན་སྲེག་བྱས་ན་མིའི་གཙོ་བོ་དེའང་དེ་ཉིད་དུ་འོང་བར་འགྱུར་ཏེ། རྒྱལ་རིགས་ནི་ཞག་གསུམ་གྱིས་དབང་དུ་འགྱུར་རོ།། རྗེའུ་རིགས་ནི་ཞག་གཉིས་ཀྱིས་དབང་དུ་འགྱུར་རོ། ། དམངས་རིགས་ནི་ཞག་གཅིག་གིས་དབང་དུ་འགྱུར་རོ།། ལས་བྱེད་པའི་ཚེ་ཅི་སྟེ་ལ་ལ་ཞིག་འོངས་ཏེ་ནོར་གྱིས་འདྲིང་པར་བྱེད་ནའང་ལས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ནོར་དེ་བླང་བར་མི་བྱའོ། ། གཡོག་བྱེད་པ་མ་གཏོགས་པར་གཞན་དང་ལྷན་ཅིག་ཏུ་གཏམ་ཡང་མི་བྱའོ།། ཅི་སྟེ་རྨི་ལམ་དུ་ལྷ་མོ་ལས་འོད་ཟེར་འབྱུང་བར་རྨིས་ན་དེའང་དེའི་དངོས་གྲུབ་ཀྱི་མཚན་མ་ཡིན་ནོ།། སྒྲུབ་པར་འདོད་པ་ནི་ཅི་སྟེ་བུད་མེད་ཀུན་འོངས་ཏེ། མེ་ཏོག་གམ་འབྲས་བུ་སྦྱིན་པར་བྱེད་ན་དེས་ན་དངོས་གྲུབ་འགྲུབ་པར་ཤེས་པར་བྱོས་ཤིག། ལོ་ཏོག་མ་རུངས་པར་འདོད་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུལན་བརྒྱད་སྟོང་བཟླས་བརྗོད་བྱས་པས་འབྲུ་མ་རུང་བར་བྱ་བ་གང་ཡིན་པའི་འབྲུ་དེ་ཉིད་ཀྱི་སྦྱིན་སྲེག་བྱ་སྟེ་མཆོད་པའང་ཅི་འབྱོར་པས་བྱའོ། ། གསོ་སྦྱོང་དང་ལྡན་པས་པ་ལ་ཤའི་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། ། ཉ་བ་རྣམས་ཀྱིས་ཉ་མི་སོད་པར་བྱ་ན་ཉ་བ་ཉིད་ཀྱི་ཁྱིམ་ནས་མེ་འམ་ཤིང་བླངས་ལ། ཉ་པ་དེ་ཉིད་ཀྱི་ཁྱིམ་ནས་ཉ་བླངས་ནས་མར་གྱི་ནང་དུ་བསྩགས་ཏེ། ཉ་པ་དེ་དག་ཉིད་ཀྱི་ཁྱིམ་གྱི་གྷ་སྦྱིན་སྲེ་བྱས་ན་ཉ་མི་སོད་པར་འགྱུར་རོ། ། དེ་བཞིན་དུ་རི་དགས་དང་། ཕག་དང་། མ་ཧེ་དང་། རི་བོང་ལ་སོགས་པའི་ཆོ་གའང་དེ་དང་འདྲ་སྟེ། ལམ་གྱི་བཞི་མདོར་སྦྱིན་སྲེག་བྱས་ཀྱང་རུང་། གཏོར་མ་འ་སྦྱིན་པར་བྱའོ། ། གསོད་པ་དང་འཆིང་བར་བྱེད་པ་ལ་ནི་རྩིག་ངོས་ལ་རྡོ་རྗེ་ཁུ་ཆུར་མ་བྲིས་ཏེ། དེའི་མགོ་བོར་ཡང་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྲིས་ལ་ཟས་སུ་དཀར་གསུམ་ཟ་བ་དང་། གསོ་སྦྱོང་གི་ཡན་ལག་དང་ལྡན་པས་བྱ་ཞིང་། བཅོམ་ལྡན་འདས་ལ་དྲི་ལ་སོགས་པས་མཆོད་པར་བྱའོ།། རྡོ་རྗེ་ཁུ་ཚུར་མ་ནི་མདོག་དཀར་པོ་བྱ་སྟེ། ལག་པ་གཡོན་ཁུ་ཚུར་བཅངས་ལ། ལག་པ་གཡས་དབུགས་འབྱིན་པར་བྱའོ། ། སྒྲུབ་པ་པོའང་པུས་མོ་གཡས་པ་ས་ལ་བཙུགས་ཏེ་སྙིམ་པར་མེ་ཏོག་ཐོགས་པར་བྱའོ།། དེ་ནས་ཡམ་སྲེག་ཤིང་གང་འདོད་པ་དང་། གུ་གུལ་ཡུངས་མར་གྱི་ནང་དུ་བསྙུགས་པས་ནུབ་མོ་སྦྱིན་སྲེག་བྱས་ན་ངེས་འགྲུབ་པར་འགྱུར་རོ། ། ལས་ཐམས་ཅད་ལའང་སྤྱན་དང་ལྷན་ཅིག་སྦྱར་བར་བྱའོ།། ལྷ་རྣམས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྡོ་རྗེ་ཁུ་ཚུར་མའི་ལས་རྣམས་ནི་ངས་བཤད་ཟིན་ཏེ། དེ་ལ་དྲག་ཏུ་བསྐུལ་བའི་རིག་སྔགས་དྲན་པ་ཙམ་གྱིས་མདུན་དུ་གནས་པར་འགྱུར་བའང་ངས་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱ། རུ་ཏུ་རུ་ཏུ་མ་ཏ་སྭཱ་ཧཱ། དེ་ནས་ལྷ་དེ་དག་འཇིགས་པའི་སེམས་ཀྱི་ལག་ན་རྡོ་རྗེའི་ཞལ་དུ་ལྟ་ཞིང་ཚིག་འདི་སྐད་དུ། རིག་སྔགས་འཆང་གི་རྒྱལ་པོ་ཆེན་པོ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྡོ་རྗེ་ཁུ་ཚུར་མའི་སྙིང་པོའི་ལས་རྣམས་ཤོད་ཅིག་ཤོད་ཅིག་ཅེས་ཀྱང་སྤྲས་སོ།། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས་སྙིང་པོའི་ལས་རྣམས་བཤད་པ། རས་མ་ཉམས་པ་ཁ་ཚར་མ་བཅད་པ་ལ་ཚོན་རྩི་སྦྱིན་དང་མ་སྦྱར་བས་སངས་རྒྱས་ཀྱི་སྐུ་གཟུགས་སེང་གེའི་ཁྲི་ལ་བཞུགས་ཤིང་ཆོས་སྟོན་ཅིང་བཞུགས་པ་འདྲར་གཞུག་གོ། ། གློ་གཡོན་ལོགས་སུ་ལག་ན་རྡོ་རྗེ་ཨུཏྤ་ལ་སྔོན་པོའི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་ཚིག་གུའི་ཤམ་ཐབས་གྱོན་ཞིང་། ལག་ན་རྔ་ཡབ་ཐོགས་པ་བྲིའོ།། གཡས་ལོགས་སུ་ནི་རྡོ་རྗེ་ཁུ་ཚུར་མ་མདོག་སྔོ་བསངས་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས། གཡས་པ་ན་ཤིང་ཐོག་ཐོགས་པ་བྲིའོ།། དེ་ནས་རིག་སྔགས་འཆང་གིས་འོ་མའི་ལྡེ་གུའམ་སློང་མོའི་ཟས་ཟ་ཞིང་ཕྱོགས་གཙང་མར་ལན་དྲུག་འབུམ་བཟླས་བརྗོད་བྱའོ། ། དེའི་འོག་ཏུ་རི་མོའི་སྐུ་གཟུགས་ཕྱོགས་གཙང་མར་བཀྲམ་སྟེ། ཟས་དཀར་གསུམ་བཟའ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ། ཡར་གྱི་ངོ་ཆེས་གཅིག་ལ་བརྩམས་ཏེ་ཞག་གསུམ་སྤྱང་བ་བྱས་ཏེ་མེ་སྦར་ནས། གུ་གུལ་གྱི་རིལ་བུ་མོན་སྲན་ཙའི་འབྲུ་ཙམ་ལ་དུ་རུ་ཀའི་མར་གྱི་ནང་དུ་བསྩགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན། དེ་ནས་སྐུ་གཟུགས་འགྲུབ་པར་འགྱུར་ཏེ། ལྷ་མོ་འོངས་ནས་དམ་པ་གང་སྩོལ་བ་ཐོབ་པར་འགྱུར་རོ།། མཆོད་པའང་ཅི་འབྱོར་པར་བྱའོ།། དགེ་སློང་དག་ལའང་མཆོད་སྟོན་གསོལ་བར་བྱ་སྟེ། འདི་ནི་གཞན་གྱིས་མི་ཐུབ་པའི་དངོས་གྲུབ་ཡིན་ནོ། ། སྐུ་གཟུགས་དེ་ཉིད་ཀྱི་མདུན་དུ་ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་ལན་སུམ་འབུམ་པཟླས་བརྗོད་བྱས་ན། ཁུ་ཚུར་བཅངས་པས་ལུས་མི་སྣང་བར་འགྱུར་ཞིང་ཕྱེ་ན་སྣང་བར་འགྱུར་རོ།། ཆོག་སྔ་མ་བཞིན་དུ་ས་ཕྱོགས་གཙང་མར་ཧཱུཾ་དང་ལྡན་པར་ལན་ཉི་ཁྲི་བཟླས་བརྗོད་བྱས་ན་གླང་པོ་ཆེ་རྒྱགས་པ་དག་ཀྱང་སྐྱེལ་བར་བྱེད་ཅིང་འདྲེན་པར་བྱེད། དབང་དུ་འགུགས་པར་བྱེད། བཅིང་བར་བྱེད། འགྲོལ་བར་བྱེད་དོ།། ཁུ་ཚུར་བཅངས་པས་གང་ལ་བསྡིགས་པ་དེ་སྲོག་དང་འབྲལ་བར་འགྱུར་རོ།། ཀླུ་རྣམས་ཀྱང་རེངས་པར་བྱེད། འཁྲུལ་འཁོར་རྣམས་ཀྱང་སྐྱེལ་བར་བྱེད་དོ།། གདོན་རྣམས་ཀྱང་རེངས་པར་བྱེད་ཅིང་སྐྱེལ་བར་བྱེད་དོ།། དེ་བཞིན་དུ་གདོན་དང་ཡི་དགས་ཐམས་ཅད་རླག་པར་བྱེད་དོ། ། ནམ་མཁའ་ལ་གྱེན་དུ་བསྡིགས་ན་རིག་སྔགས་འཆང་ཐམས་ཅད་ལྟུང་བར་བྱེད་ཅིང་འཆིང་བར་བྱེད་དོ།། ཀླུ་རྣམས་རེངས་པར་བྱེད། གྲུ་རྣམས་ཐོགས་པར་བྱེད། མེ་དཔལ་གསོད་པར་བྱེད། དམག་གི་དཔུང་རེངས་པར་བྱེད། ཆུ་བརྟན་པར་བྱེད། རྒྱ་མཚོ་སྐེམས་པར་བྱེད། མཆེ་བ་ཅན་ཐམས་ཅད་ཁ་བཅིངས་པར་བྱེད། མོ་མཚན་བཅིངས་པར་བྱེད། ཁ་བཅིངས་པར་བྱེད། བྲག་སྙིལ་བར་བྱེད་ཅིང་ཕྱེ་མར་རློག་པར་བྱེད་དེ། ལས་གང་དང་གང་བྱེད་ན་བཅོམ་ལྡན་འདས་མ་དྲན་པར་བྱས་ཏེ། ཁུ་ཚུར་བཅངས་ན་ཐམས་ཅད་འགྲུབ་པར་འགྱུར་རོ།། ཕུག་གི་འཁྲུལ་འཁོར་རྣམས་ཕྱེ་མར་རློག་པར་བྱེད། འཇིག་པར་བྱེད། གནས་པར་བྱེད་དོ།། གཏེར་གྱི་འཁྲུལ་འཁོར་རྣམས་གཅོད་པར་བྱེད་དེ། དེ་བཞིན་དུ་ལས་ཐམས་ཅད་ལ་བཅོམ་ལྡན་འདས་ལ་སྦྱར་བར་བྱའོ།། མིའི་གཙོ་བོ་དང་མི་ཆེན་པོའང་དབང་དུ་འགུགས། པར་བྱེད་དོ།། སེམས་ཅན་ཐམས་ཅད་སྨྲར་འཇུག་ཅིང་འཛིན་དུ་འཇུག་ལ་རྒྱས་པར་བྱེད། འཆིང་བར་བྱེད་དོ།། དུས་གསུམ་དུ་གདུག་པས་ཟིན་པས་སྨྲར་འཇུག་སྟེ་ཁུ་ཚུར་གྱིས་ལས་བྱའོ།། སྲུང་བའི་ཆོ་ག་ལ་ནི་བཅོམ་ལྡན་འདས་མ་ལ་མཆོད་པ་བྱ་སྟེ། ལན་ཁྲི་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ།། སྒྲུབ་པའི་ཆེའང་འདིས་དཀྱིལ་འཁོར་གྱི་མཚམས་གཅད་པར་བྱ་སྟེ། ཐལ་བ་འམ། ལུང་ཀར་འམ། ཆུ་འམ། བོང་བ་འམ། གུད་པ་འམ། ཕུར་བུ་འམ། རྡོ་རྗེས་བསྐོར་བར་བྱའོ།། ཁང་བཟངས་སུ་ལན་འབུམ་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་རྡོ་རྗེ་བྲིས་ན་དག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་ལའང་བསྲུང་བར་བྱས་པར་འགྱུར་རོ།། གསོ་སྦྱོང་དང་ལྡན་པས་ལན་སུམ་འབུམ་བཟླས་བརྗོད་བྱས་ལ། ཧཱུཾ་དང་ལྡན་པས་སྐེ་ཚེའི་སྦྱིན་སྲེག་སུམ་འབུམ་བྱས་ན་མིའི་གཙོ་བོ་དང་བུད་མེད་ཀྱི་གཙོ་མོའང་དབང་དུ་ཁུགས་པར་འགྱུར་རོ། ། ལན་འབུམ་སྦྱིན་སྲེག་བྱས་ན་བྲམ་ཟེ་དང་རྒྱལ་རིགས་དབང་དུ་ཁུགས་པར་འགྱུར་རོ།། དེའི་འོག་ཏུ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་མི་ཆེན་པོ་རྣམས་དབང་དུ་ཁུགས་པར་འགྱུར་རོ། ། ལན་ཅིག་བརྗོད་པས་གསང་སྔགས་རེངས་པར་བྱེད་ཅིངས་བཅིངས་པ་གྲོལ་བར་བྱེད་དོ།། ལན་གསུམ་པས་ནི་ཕ་རོལ་གྱི་རིག་སྔགས་གཅོད་པར་བྱེད་དོ།། ཁྱེའུ་དང་བུ་མོ་ཁྲུས་བྱེད་དུ་གཞུག་པར་འདོད་ན་ནུབ་མོ་བུམ་པ་མི་ནག་ཅིང་རྩ་བ་མེད་པ་བཞི་འམ། བཅུ་གཉིས་སམ། བཅུ་དྲུག་ཀྱང་རུང་སྟེ། དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། ས་བོན་དང་སྨན་ཐམས་ཅད་བླུགས་ཏེ་མཆོད་པ་བྱས་ཏེ། ལྷ་བཤོས་ཀྱང་དབུལ་ལ། ལན་བརྒྱད་སྟོང་སྦྱིན་སྲེག་བཟླས་བརྗོད་བྱས་ཏེ། ཁྲུས་བྱེད་དུ་བཅུག་ན་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ།། བུད་མེད་བུ་འཆོལ་བའང་བུ་ཡོང་པར་འགྱུར་རོ། ། དེ་ནས་རལ་གྲི་དང་། དགྲ་སྟ་དང་། གསལ་ཤིང་དང་། དབྱུག་པ་དང་། མདུང་ཐུང་དང་། རླུང་ངུ་ན་ཤིང་ལྷམ་དང་། གོས་དང་། སྐ་རགས་དང་། སོར་གདུབ་ལ་སོགས་པ་འགྲུབ་པར་འདོད་ན་ཆོ་ག་སྔར་བཤད་པ་བཞིན་དུ་བྱས་ཏེ། ལྷ་མོའི་མདུན་དུ་ཀུ་ཤའི་སྟན་ལ་འདུག་ནས་འབར་བར་གྱུར་གྱི་བར་བཟླས་བརྗོད་བྱས་ན། དེ་ནས་འགྲུབ་པར་འགྱུར་ཏེ། དེ་བླངས་ནས་ནམ་མཁའ་ལ་འགྲོ་ཞིང་གྲུབ་པ་རྣམས་ཀྱིས་མི་སོད་པར་འགྱུར་རོ། ། ལུས་མི་སྣང་བར་སྒྲུབ་པ་ནི་ལུས་མི་སྣང་བ་གྲུབ་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ།། དྲོ་བར་གྱུར་ན་ནི་རྐང་པས་འགྲོ་བ་རྣམས་ཀྱི་བདག་པོར་འགྱུར་རོ། ། ལྷ་རྣམས་རིག་སྔགས་ཀྱི་རྒྱལ་མོ་རྡོ་རྗེ་ཁུ་ཚུལ་མའི་སྙིང་པོ་མཆོག་གི་ལས་རྣམས་ངས་བཤད་ཟིན་ཏོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྡོ་རྗེ་སྤྱན་གྱི་སྤྱི་བོ་ལ་དབང་བསྐུར་ནས་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་ལྷ་འདུས་པ་ཐམས་ཅད་ཡིད་འཇིགས་པར་གྱུར་ནས། ལྷ་ཆེན་པོ་ནི་བཅོམ་ལྡན་འདས་ཀྱི་གློ་གཡོན་ཕྱོགས་སུ་འདུག་གོ།། སྤྱན་ནི་གཡས་ཕྱོགས་སུ་འདུག་གོ། དྲུག་མ་དང་དཀའ་བཟློག་མ་ནི་རྒྱབ་ལོགས་སུ་འདུག་སྟེ། ལྷ་ཐམས་ཅད་གཅིག་ལ་གཅིག་བལྟ་ཞིང་། ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་བསྐུལ་བ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྤྱན་གྱི་ལས་རྣམས་ཤོད་ཅག་ཤོད་ཅིག། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྤྱན་གྱི་ལས་གང་དག་མཐོང་བས་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་དངོས་གྲུབ་དམ་པ་ཐོབ་པར་འགྱུར་བ་བཤད་དེ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ལ། ལག་ན་རྡོ་རྗེའི་མདུན་དུ་ཏ་ག་ར་དཀར་པོའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། ། ཟླ་བ་གཅིག་གི་བར་དུ་ཟས་སུ་འོ་མ་དང་ཕྱེའི་འདག་གུ་ཟོས་ལ། ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན། དེ་ནས་རིག་སྔགས་འཆང་གིས་ནངས་པར་དགེ་སློང་ལ་མཆོད་སྟོན་བྱིན་ཏེ་ཅི་འབྱོར་པས་མཆོད་པའང་བྱའོ།། དེའི་འོག་ཏུ་རིག་སྔགས་འཆང་གིས་རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པ་དེ་བཞིན་གཤེགས་པའི་སྐུ་གཟུགས་འདྲིར་འཇུག་སྟེ། དེ་བཞིན་གཤེགས་པའི་གཡས་ཕྱོགས་སུ་ནི་སངས་རྒྱས་ཀྱི་སྤྱན་བྲིའོ།། གཡོན་ཕྱོགས་སུ་ནི་འཕགས་པ་ལག་ན་རྡོ་རྗེ་བྲིའོ། ། དེ་བཞིན་གཤེགས་པ་ནི་གསེར་གྱི་མདོག་ཅན་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་བྱའོ།། བཅོམ་ལྡན་འདས་མ་དེའང་གསེར་གྱི་མདོག་ཅན་ལ་ཡིད་ཙམ་གྱིས་འདུད་དེ་ལོ་བཅུ་དྲུག་ལོན་པའི་གཟུགས་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་པདྨ་འཛིན་པར་བྱ་སྟེ། པདྨའང་རྡོ་རྗེའི་མཚན་མ་དང་ལྡན་པར་བྱའོ།། ལག་ན་རྡོ་རྗེ་མདོག་སྔོ་བསངས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལའི་གོས་གྱོན་ཞིང་པདྨ་ལ་འདུག་པ་བྲིའོ།། དེ་ནས་རིག་སྔགས་འཆང་གིས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། སྐུ་གཟུགས་ལ་མཆོད་པ་རྒྱས་པར་བྱ་ཞིང་། ལྷ་བཤོས་ཀྱང་རྒྱས་པར་ཕུལ་ནས། རིག་སྔགས་ཀྱི་རྒྱལ་པོ་དང་བཅས་པར་ལྷ་སྤྱན་དྲང་བར་བྱའོ།། སྤྱན་གྱིས་ནི་ལས་ཐམས་ཅད་ལ་བསྲུང་བར་བྱའོ།། དེའི་མདུན་དུ་ཕོ་དང་མོའི་མིང་དང་ལྡན་པའི་རྫས་མར་གྱི་ནང་དུ་བསྙུགས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བཅོམ་ལྡན་འདས་མའི་གཟུགས་འགུལ་བར་འགྱུར་རོ། ། ཡང་ན་མེ་ཏོག་གི་འཕྲེང་བ་འགུལ་བར་འགྱུར་ན་ལས་དེ་འགྲུབ་པ་ཡིན་ཏེ། འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་། ལུས་མི་སྣང་བར་འགྱུར་ལ། ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ།། གང་གི་ཚེ་བུད་མེད་ཀྱི་གཟུགས་སྤྲུལ་པར་བྱ་ན་དེའི་ཚེ་མོའི་མིང་དང་ལྡན་པའི་ས་བོན་རྣམས་བླངས་ལ། ལག་ན་རྡོ་རྗེའི་མདུན་དུ་ཆུའི་བུམ་པ་བཞག་པ་དེའི་ནང་དུ་བླུགས་ཏེ། དེ་ནས་རིག་སྔགས་བརྗོད་ན། དེ་དེས་བུད་མེད་དུ་འགྱུར་ཏེ། བུད་མེད་དེའང་བུད་མེད་རིན་པོ་ཆེའི་ཡོན་ཏན་དང་ལྡན་པར་འགྱུར་ལ། ཡིད་ལ་ཅི་བསམས་པ་དེ་སྤྲུལ་པར་བྱེད་དོ།། གང་གི་ཚེ་སྐྱེས་པའི་གཟུགས་སྤྲུལ་པར་བྱེད་ན་དེའི་ཚེ་ཕོའི་མིང་དང་ལྡན་པའི་ས་བོན་རྣམས་བླངས་ཏེ་བྲུག་ནས་ཡིད་ཀྱིས་བསྒྲག་ན་སྐྱེས་པའི་གཟུགས་སུ་གནས་པར་འགྱུར་ཏེ། སྐྱེས་པ་དེའང་བསྒོ་བ་བཞིན་དུ་བྱེད་ཅིང་། ཡིད་ལ་ཅི་བསམས་པ་དེ་བྱེད་པར་འགྱུར་རོ། ། འཇིམ་པས་བསྐུས་ན་མི་གཙང་བ་དང་། གླང་པོ་ཆེའི་རྟུག་པ་དང་། རྟ་དྲུག་ཀྱང་བཟར་རུང་བར་བྱེད་དོ།། ཆུའང་འོ་མར་འགྱུར་ལ། འོ་མའང་ཆུར་འགྱུར་རོ།། ཉིན་མོའང་མཚན་མོར་འགྱུར་ལ། མཚན་མོའང་ཉིན་མོར་འགྱུར་རོ།། བྱེ་མའང་ཀ་རར་འགྱུར་རོ།། ལུས་ཀྱང་སྐད་ཅིག་གིས་མི་སྡང་བར་འགྱུར་རོ།། ཚེ་ལོ་བརྒྱད་ཁྲི་ཐུབ་པར་འགྱུར་རོ། ། ཤི་ནའང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཡུངས་ཀར་གྱིས་རྡོ་རྗེའི་དབྱིབས་བྲིས་ལ། སྤྱན་གྱི་རིག་སྔགས་ཀྱི་རྒྱལ་པོ་དང་ལྡན་པར་བཟླས་བརྗོད་བྱེད་བཞིན་དུ་ཁམ་ཕོར་རམ་ལོ་མས་བཀ་བ་ལ། དེ་ནས་རིག་སྔགས་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱས་ན། ཞག་བདུན་གྱི་ཐ་མར་གོས་ཕྲུགས་གཅིག་ཐོབ་པར་འགྱུར་རོ། ། བཅོམ་ལྡན་འདས་གསང་བ་པ་རྣམས་ཀྱི་ཆོ་ག་རྒྱས་པ་སྒྲུབ་པ་དང་། ཆོ་ག་རྒྱས་པ་རྣམས་མ་རུང་བར་བགྱི་བའི་ལས་འདི་ནི་ཤིན་ཏུ་ངོ་མཚར་ཆེ་བ་ལགས་སོ།། ལས་དམ་པ་འདིས་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་རྡོ་རྗེའི་རིགས་སྤྱན་དང་བཅས་པ་འམ། གདོང་དྲུག་པ་རྡོ་རྗེ་རྩེ་གསུམ་པ་འདུག་པར་ཡིད་ཀྱིས་བསམས་ལ། བཅོམ་ལྡན་འདས་མ་རིག་སྔགས་ཀྱི་རྒྱལ་པོ་དང་ལྡན་པར་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་མིང་འགྲུབ་པར་བྱེད་དེ། བཅོམ་ལྡན་འདས་མ་མིང་དེ་ཉིད་ཀྱིས་སྨན་ལ་བསང་གཏོར་བྱས་ན་གྲོལ་བར་འགྱུར་རོ།། ཆོ་ག་རྒྱས་པར་མ་རུང་བར་བྱེད་པར་བཤད་པར་བྱ་སྟེ། མ་རུང་བར་བྱེད་པ་ལག་ན་རྡོ་རྗེས་རྣམ་པར་བསྒྱིངས་པའི་ལས་དམ་པ་འདིས་ཕྱོགས་གཙང་མར་ཆོ་ག་རྒྱས་པའི་ལྷ་བྲིས་ལ། རིག་སྔགས་ཀྱི་ལྷའི་བ་སྤུ་རྣམས་སུའང་རྡོ་རྗེ་ཕྱེད་ནུབ་པར་བྲི་སྟེ། རིག་སྔགས་ཀྱང་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། ཆོ་ག་རྒྱས་པ་ཐམས་ཅད་ཕུར་བུས་བཏབ་པ་དང་མ་རུངས་པར་བྱས་པར་འགྱུར་རོ།། ཞི་བར་བྱ་ན་སོལ་བས་རྡོ་རྗེ་བྲིས་ལ། དེ་ཉིད་ཀྱིས་སྨན་ལ་བསམས་གཏོར་བྱས་ན་གྲོལ་བར་འགྱུར་རོ།། རིག་སྔགས་སྒྲུབ་པར་འདོད་པ་ལ་རིག་སྔགས་གང་ཡིན་པ་དེ་ལས་སྒྲུབ་པར་མི་བྱེད་ན། འཕགས་པ་ལག་ན་རྡོ་རྗེ་འམ་ལྷ་ཆེན་པོའི་མདུན་དུ་མ་ཐ་མལ་པའི་ནང་དུ་སྤྱན་གྱིས་མོན་སྲན་གྲེའུས་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ནས། རིག་སྔགས་ལའང་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ན་དེས་དངོས་གྲུབ་མྱུར་དུ་སྦྱིན་པར་བྱེད་དོ། ། བུད་མེད་དབང་དུ་བྱ་ན་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ཕུབ་མའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་དབང་དུ་འགྱུར་རོ།། ལྷ་རྣམས་ལ་ནི་རིག་སྔགས་དང་། ཆོ་ག་རྒྱས་པ་གྲུབ་པ་དང་། མ་རུང་བར་བྱ་བ་དང་། རིག་སྔགས་འཆང་རྣམས་ལ་དངོས་གྲུབ་སྦྱིན་དུ་གཞུག་པར་དེ་བཞིན་གཤེགས་པས་སྣང་གི། དེ་ལ་ཕྱག་བྱས་ལ་དེ་བཞིན་གཤེགས་པའི་བཀས་ངས་བཤད་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས་འཁོར་རྣམས་ལ་བལྟས་ཏེ་སྙིང་པོ་མཆོག་བཤད་པ། ན་མཿསརྦ་བྷཱུ་ཏ་ཧྲྀ་ད་ཡ་ཡ་ཨ་ནུ་ག་ཏེ། ཨ་ཡ་ཧི་བྷ་ག་བ་ཏེ། ཨོཾ་ཀུ་རུ་གི་ནི་སྭཱ་ཧཱ། ཨོཾ་ལྀ་ནིནེ་པྲ་བ་རི་བྷྲ་མ་རི་ནི་སུཾ་བྷ། ཨོཾ་ཛྭ་ལི་ཏི་སྭཱ་ཧཱ། སྙིང་པོའོ།། ཨོཾ་བིད་དཱ་ཏེ་ཧཱུ~ཾ་བ་རི་ཎི་ཕཊ། བཅོམ་ལྡན་འདས་མ་སྤྱན་གྱི་ཉེ་བའི་སྙིང་པོའོ།། གསང་སྔགས་བཤད་པ་ན་ས་རྣམ་པ་དྲུག་ཏུ་གཡོས་སོ།། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱང་སྙིང་འདར་ཞིང་མདུན་དུ་འཁོད་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཅག་གིས་ཅི་བགྱི་བ་གསུངས་ཤིག་གསུངས་ཤིག་ཅེས་སྨྲས་སོ།། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་ཉོན་ཅིག། རིག་སྔགས་འཆང་གང་བཅོམ་ལྡན་འདས་མ་མཆོག་ལ་དྲག་ཏུ་བསྐུལ་བའི་སྙིང་པོ་དམ་པ་འཆང་བ་དེ་ལ་ཁྱེད་ཀྱིས་དངོས་གྲུབ་དམ་པ་བྱིན་ཅིག། ཅི་སྟེ་མ་བྱིན་ན་ངས་རྡོ་རྗེ་ཀུན་ཏུ་འབར་བས་སྤྱི་བོར་གཞག་གོ། དེ་ནས་ལྷ་དེ་དག་རྟ་བ་རྟབ་པོར་གྱུར་ཏེ་ལག་ན་རྡོ་རྗེའི་རྐང་པ་ལ་གཏུགས་ནས། བཅོམ་ལྡན་འདས་དྲག་ཏུ་བསྐུལ་བའི་བཅོམ་ལྡན་འདས་མའི་སྙིང་པོ་འཆང་བ་འམ། ཕྱག་འཚལ་བ་གང་ཡིན་པ་དེ་དབང་ཕྱུག་ཆེན་པོ་ལ་སོགས་པ་བདག་ཅག་ལྷ་རྣམས་ཀྱིས་རྟག་ཏུ་བསྲུང་བར་བགྱིའོ།། བཅོམ་ལྡན་འདས་མ་རྟག་ཏུ་རྗོད་པ་བྱེད་པ་འམ། སྒྲུབ་པར་བྱེད་པ་འམ། མཆོད་པར་བྱེད་པ་གང་ཡིན་པ་དེའི་མདུན་དུའང་འཁོད་པར་བྱ་སྟེ་དངོས་གྲུབ་ཀྱང་སྦྱིན་པར་བྱའོ།། རིག་སྔགས་མཆོག་འདི་ནི་བཟླས་བརྗོད་བྱས་པ་ཙམ་གྱིས་དངོས་གྲུབ་འགྲུབ་པར་བྱེད་ཅིང་མ་གྲུབ་པའང་གྲུབ་པར་བྱེད་པ་ཡིན་ཏེ། འདི་ནི་ཆོ་ག་རྒྱས་པ་རྣམས་ཀྱི་ས་བོན་ལྟ་བུར་གྱུར་པ་དངོས་གྲུབ་སྦྱིན་པར་བྱེད་པ་ཡིན་ནོ།། བཅོམ་ལྡན་འདས་མའི་སྙིང་པོ་མཆོག་ལ་དྲག་ཏུ་བསྐུལ་བ་ཆོག་རྒྱས་པ་འདི་འཆད་པ་གང་ཡིན་པ་དེ་ལ་ནི་ལག་ན་རྡོ་རྗེའི་བཀས་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་རོ། ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ནརྡོ་རྗེའི་རྐང་པ་གཡས་པའི་མཐེ་བོང་བཟུང་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས། རྐང་པའི་མཐེ་བོང་མི་ལ་རེག་པའི་ཉམས་འདྲ་བར་གྱུར་ན་དེས་གྲུབ་པར་ཤེས་པར་གྱིས་ཤིག། དེ་ནས་བགེགས་བསླང་པར་འདོད་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཀོ་ཤ་ཏའི་མེ་ཏོག་གིས་མཆོད་པ་བྱས་ཏེ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བགེགས་ལྡང་བར་འགྱུར་རོ། ། ལྷ་རྣམས་བཅོམ་ལྡན་འདས་མ་སྤྱན་གྱི་རྒྱུད་ཕྱི་མ་ངས་བཤད་དོ། ། དབང་ཕྱུག་ཆེན་པོ་དང་ཕུར་བུ་གསུམ་པས་བཤད་པའི་མ་མོ་རྣམས་ཀྱི་རྒྱུད་ཕྱི་མའང་ངས་བཤད་པར་བྱ་སྟེ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ནས། འཕགས་པ་ལག་ནརྡོ་རྗེའི་མདུན་དུ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བགེགས་ལྡང་བར་འགྱུར་རོ། ། མར་གྱི་ངོ་ཞག་བཅུ་བཞི་ཁ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་པ་ལ་ཤའི་ཤིང་གིས་མེ་སྦར་ནས། བེ་ཀང་ཀ་ཏའི་འབྲས་བུ་མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་རིག་སྔགས་ཀྱི་ལྷ་ཐམས་ཅད་དམ་པ་སྦྱིན་པར་བྱེད་དོ།། ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕག་པ་ལག་ན་རྡོ་རྗེའི་མདུན་དུ་ས་གཞི་བ་ཀོ་ཙམ་སྦྱང་ནུལ་གྱིས་བྱུགས་ནས་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ཏེ་ལྷ་བ་ཤོས་ཀྱང་རྒྱས་པར་ཕུལ་ལ། ལས་ཐམས་ཅད་བཅོམ་ལྡན་འདས་མས་བྱའོ།། དེ་ནས་རིག་སྔགས་འ་རླང་གིས་བྱིས་པ་གཞིན་ནུ་ཟླ་བ་དྲུག་ལོན་པ་བླངས་ཏེ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ནས་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ། དེ་ནས་རིག་སྔགས་འཆང་གིས་བྱིས་པའི་རྐང་པ་གཡས་ནས་བཟུང་སྟེ་རིག་སྔགས་ལན་བརྒྱད་སྟོང་པ་ཟླས་བརྗོད་བྱའོ། ། དེ་ནས་དེ་ན་རེ། ཅི་བགྱི་ཞེས་ཟེར་བ་དང་། ཡིད་ལ་གང་འདོད་པ་དེ་སྨོས་ལ། ཚེ་རིང་བ་འམ། རྒྱལ་པོའམ། རིག་སྔགས་འཆང་རྣམས་ལན་གཅིག་ཡིད་ལ་བསམས་ཏེ་བསྒྲུབ་པར་བྱའོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མེ་ཏོག་དང་། དྲི་དང་། བདུག་པ་ཕུལ་ནས་ནིམ་པའི་ཤིང་གིས་མེ་སྦར་ཏེ། མེ་ཏོག་དཀར་པོ་ཡུངས་མར་གྱི་ནང་དུ་བསྐྱུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱའོ།། དེ་ནས་རིག་སྔགས་འཆང་གིས་སྦྱིན་སྲེག་བྱས་པའི་ཐལ་བ་བླངས་ལ་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས། དྲོ་བར་གྱུར་ན་གྲུབ་པ་ཡིན་ཏེ། མཁའ་འགྲོ་མ་མཐོང་ན་ནི་བཅིངས་པར་འགྱུར་རོ།། ཞི་བར་བྱ་ན་རིག་སྔགས་ཀྱི་རྒྱལ་པོས་ཡུངས་ཀར་ལ་བསྔགས་ཏེ་བསྣུན་ན་གྲོལ་བར་འགྱུར་རོ། ། ཡར་གྱི་ངོ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་ནས་མཆོད་པ་རྒྱས་པར་བྱས་ལ། ལྷ་བཤོས་ཀྱང་རྒྱས་པར་ཕུལ་ཏེ། རིག་སྔགས་ཀྱི་རྒྱལ་པོ་དང་བཅས་པ་ས་ལས་ཐམས་ཅད་བྱའོ། ། དེ་ནས་རིག་སྔགས་འཆང་གིས་བྱང་ཆུབ་ཀྱི་ཤིང་ལག་པ་གཉིས་ཀྱིས་བཟུང་སྟེ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བྱང་ཆུབ་ཀྱི་ཤིང་ལག་པ་རྐྱོང་བར་འགྱུར་ཞིང་། རིག་སྔགས་འཆང་གི་མགོ་ལ་རེག་པར་བྱེད་དེ། རེག་མ་ཐག་ཏུ་སྒྲ་ལུང་ལོར་འཁྱིལ་ཞིང་ཉི་མ་ཤར་བའི་མདོག་དང་ལྡན་ལ། ལོ་བཅུ་དྲུག་ལོན་པའི་གཟུགས་དང་ལྡན་པར་འགྱུར་ཏེ། ཅི་འདོད་པའི་ཟས་ལ་ལོངས་སྤྱོད་ཅིང་ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ།། སྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ།། གནས་སྲུང་བ་ནི་ལན་གསུམ་བཟླས་བརྗོད་བྱས་པའི་ཆུས་བྱ་སྟེ། བཅོམ་ལྡན་འདས་མ་སྤྱན་གྱི་སྙིང་པོ་ངས་བཤད་པའི་བཅོམ་ལྡན་འདས་མ་གང་ཡིན་པ་དང་ལྡན་པ་རྟག་ཏུ་སྦྱར་བར་བྱའོ།། དེ་དང་མ་སྦྱར་བ་ཤས་ཆེར་རྨོངས་པར་འགྱུར་རོ།། བཅོམ་ལྡན་འདས་མ་སྤྱན་གྱི་རྒྱུད་ཕྱི་མ་རྫོགས་སོ།། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། ལྷ་དེ་གལ་འདི་སྐད་ཅེས་སྦས་སོ།། ཁྱེད་རྣམས་ཉོན་ཅིག། གཎྜི་དྲག་པོ་ངས་བཅོམ་ལྡན་འདས་མ་མོ་རྣམས་ཀྱི་ཆོ་ག་རྒྱས་པའི་གསང་སྔགས་བཤད་པར་བྱའོ། ། དེ་ནས་ལྷ་དེ་དག་སྙིང་འདར་བཞིན་དུ། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། རྡོ་རྗེ་འཛིན་སྙིང་པོ་ལ་དྲག་ཏུ་སྐུལ་བར་བྱེད་པའི་གསང་སྔགས་འདི་བརྗོད་ན། བཅོམ་ལྡན་འདས་མ་རྣམས་བདག་ཅག་ལ་གནོད་ཀྱིས་ཐོང་ཞིག་ཐོང་ཞིག། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་སྨྲས་པ། བཟོད་ལྡན་དག་རིག་སྔགས་འདི་ནི་གང་ཚེ་ཁྱེད་རྣམས་ཀྱིས་ཅི་སྟེ་དངོས་གྲུབ་སྐྱོང་བར་བྱེད་ན་དེའི་ཚེ་བརྗོད་དགོས་སོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེའི་གཟི་བརྗིད་དྲག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་མ་རྣམས་ཀྱི་སྙིང་པོ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བ་ཧི་པྲོ་ཏ་རི་ཎི་སྭཱ་ཧཱ། བཅོམ་ལྡན་འདས་མ་རྣམས་ཀྱི་སྙིང་པོ་ལ་དྲག་ཏུ་བསྐུལ་པའི་གསང་སྔགས་བཤད་མ་ཐག་ཏུ། དེ་ཐོས་པས་ལྷ་རྣམས་སྙིང་འདར་ཞིང་ལག་ན་རྡོ་རྗེའི་ཞལ་དུ་བལྟ་བར་འགྱུར་རོ།། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་རྣམས་རྡོ་རྗེ་འཕྲེང་བ་མའི་སྙིང་པོ་གནོད་པར་བྱེད་པ་ནི་དམ་ཚིག་ལས་འགལ་བར་བྱེད་པ་དང་། བཅོམ་ལྡན་འདས་མ་རྣམས་ཀྱི་དངོས་གྲུབ་སྦྱིན་པར་བྱེད་པ་དེ་དག་ལ་རྡོ་རྗེ་འཕྲེང་བ་མས་ཁྲག་འཐུང་བར་བྱེད་པ་འམ། ཡང་ན་རྡོ་རྗེས་གཤག་པར་བྱེད་པར་ཟད་ཀྱིས། མ་འཇིགས་ཤིག། དེའི་ལས་ཀྱང་བཤད་པར་བྱ་སྟེ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྦྱང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས། དེའི་མདུན་དུ་བཅོམ་ལྡན་འདས་མ་ཨུཏྤལ་དང་ལྡན་པ་ལྡན་ཆེན་མོ་སྟོབས་པོ་ཆེངས་བཤད་པ་གང་ཡིན་པ་དེས་དཀྱིལ་འཁོར་བྱའོ། ། དེ་ནས་རྡོ་རྗེ་འཕྲེང་བ་མ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་བཅོམ་ལྡན་འདས་མ་རྣམས་འགྲུབ་པར་འགྱུར་རོ།། རྡོ་རྗེ་འཕྲེང་བ་མཆོག་རྒྱས་པ་ལ་དྲག་ཏུ་བསྐུལ་བ་འདི་ནི་དམ་ཚིག་མི་ཤེས་པ་དང་། ཤིན་ཏུ་མི་གཟོ་བ་དང་། ལོ་གཅིག་གི་བར་དུ་མ་བསྟེན་པ་དང་། སྟོང་སྙེད་མ་བྱིན་པ་ལ་སྦྱིན་པར་མི་བྱའོ།། ལྷ་རྣམས་མ་མོ་རྣམས་ཀྱི་ཆོ་ག་རྒྱས་པའི་ལས་ངས་བཤད་ཟིན་ནོ། ། མ་མོ་འཇིག་རྟེན་གྱི་མ་རྣམས་ཀྱིའང་མདོ་ཅུང་ཟད་ཙམ་བཤད་པར་བྱ་སྟེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་མ་མོའི་གནས་སུ་སོང་ནས་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ལ། ལྷ་བཤོས་ཀྱང་རྒྱས་པར་ཕུལ་ཏེ། དེ་ཉིད་ཀྱི་སྔགས་ཀྱིས་ལས་ཐམས་ཅད་བྱའོ།། དེ་ནས་རིག་སྔགས་འཆང་གིས་ལས་གཅིག་བསམས་ལ་བསྒྲུབ་པར་བྱ་སྟེ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན། དེ་ནས་འཇིག་རྟེན་གྱི་མ་མོ་རྣམས་དམ་པ་སྦྱིན་པར་འགྱུར་རོ།། ཧཱུཾ་ཞེས་བྱ་བས་འབེབས་པར་བྱེད་དོ།། དུག་ལ་ནི་བརྙས་པས་དུག་མེད་པར་བྱེད་དོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ཕག་མོ་གཅིག་པུ་གནས་པར་སོང་ནས་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ལ་རིག་སྔགས་ལན་བརྒྱད་སྟོང་བབཟླས་ན། བཅོམ་ལྡན་འདས་མ་ཕག་མོ་ཆེན་མོ་དེ་འགུལ་ཏེ་གྲུབ་པར་འགྱུར་ཞིང་ལོངས་སྤྱོད་ཀྱི་གཞི་སྦྱིན་པར་བྱེད་དོ།། ལྷ་རྣམས་འཇིག་རྟེན་གྱི་མ་མོ་རྣམས་ཀྱི་ལས་ངས་བཤད་ཟིན་ཏོ།། སྙིང་པོ་ལ་དྲག་ཏུ་བསྐུལ་བའི་རིག་སྔགས་ཀྱང་བཤད་པར་བྱའོ། ། ན་མོ་བཛྲ་པཱ་ཎི་སྱ། ཏ་ཀི་ཏ་ཀིཾ་པུ་ཏ་ཀི་སྭཱ་ཧཱ། རིག་སྔགས་འདིས་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུསྤྱ་བ་བྱས་ཏེ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས། དྲི་ཆུ་སེར་པོ་དང་། དཀར་པོ་དང་། དམར་པོ་དང་། ནག་པོ་ལ་སོགས་པས་དཀྱིལ་འཁོར་བྱས་ཏེ། མཆོད་པའང་ཅི་རིགས་པར་བྱའོ།། དེ་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་འཇིག་རྟེན་གྱི་མ་མོ་རྣམས་དམ་པ་སྦྱིན་པར་འགྱུར་རོ། ། འཇིག་རྟེན་གྱི་མ་མོ་རྣམས་ཀྱི་ཆོ་ག་རྫོགས་སོ།། ། ལྷ་རྣམས་འཇིག་རྟེན་གྱི་ས་མོ་རྣམས་ཀྱི་ལས་རྣམས་ངས་བཤད་ཟིན་ཏོ། ། རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩི་ཐབ་སྦྱོར་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ལས་ཕྱི་མའང་བཤད་པར་བྱའོ།། མར་གྱི་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཁྲོ་བོ་བཞག་ནས་མཆོད་པ་རྒྱས་པ་བྱས་ལ། བཅོམ་ལྡན་འདས་མས་ལས་ཐམས་ཅད་བྱ་ཞིང་། མེ་ཏོག་དཀར་པོ་རེ་རེ་ལ་ལན་རེ་རེ་བཟླས་བརྗོད་བྱེ་བ་བརྐྱང་སྟོང་གིས་འཕགས་པ་རྡོ་རྗེ་ཁྲོ་བོ་བྲང་དུ་བསྣུན་ན་དམ་པ་སྦྱིན་པར་འགྱུར་རོ། ། ལན་བདུན་བཟླས་བརྗོད་བྱས་པའི་གུ་གུལ་བདུག་པས་ནི་འབེབས་པར་བྱེད་དོ།། ཆུའམ་ཡང་ན་རྣམ་པར་བཟླས་བརྗོད་བྱས་པས་ནི་རྒྱུ་འཇོམས་པར་བྱེད་དོ།། ལོ་མས་ནི་དུག་སེལ་བར་བྱེད་དོ།། སྲུང་བ་ནི་སྐུད་པ་འམ་གོས་ཀྱི་གྲཝ་མདུད་པ་བྱ་སྟེ། དེ་དག་ཐམས་ཅད་ཀྱང་ལན་བདུན་བདུན་བཟླས་བརྗོད་བྱས་པས་ནི་ལོངས་སྤྱོད་ཀྱི་གཞི་འདོད་ན་རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པས། འཕགས་པ་རྡོ་རྗེ་ཁྲོ་བོ་མདོག་གནག་ལ་མིག་དམར་བཤམ་ཐབས་སེར་པོ་གྱོན་ཞིང་སྐྲ་ཁམ་པར་འདུག་ལ། སྦྲུལ་གྱི་འཕྲེང་བས་བརྒྱན་ཏེ་པདྨ་ལ་འདུག་པ་འདྲིར་གཞུག་གོ། དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། སྐུ་གཟུགས་ཀྱི་མདུན་དུ་བྱང་ཆུབ་ཀྱི་ཤིང་གི་བུད་ཤིང་གིས་མེ་སྦར་ནས་པདྨ་དཀར་པོ་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དདྨོ་གྲུབ་འགྲུབ་པའི་མཚན་མར་མེ་ཏོག་གི་འཕྲེང་བ་འགུལ་བར་འགྱུར་ཏེ། གྲུབ་ནས་ཀྱང་ཁམས་གཅིག་གི་རྒྱལ་པོར་འགྱུར་རོ། ། མཆོད་པའང་ཅི་འབྱོར་པས་བྱའོ།། བཟླས་བརྗོད་བྱས་པ་ཙམ་གྱིས་གདོན་ཐམས་ཅད་འཇོམས་པར་བྱེད་དོ།། འོ་མ་འམ་ཆུས་ནི་དུག་སེལ་བར་བྱེད་དོ།། སས་ནི་ཁམ་ཕོར་ལག་པ་ལ་འབེབས་པར་བྱེད་དོ།། གོང་མ་དང་འདྲ། མིའི་ཐོད་པ་དང་བུམ་པ་ལའང་འབེབས་པར་བྱེད་དོ།། ཡན་ལག་ཀྱང་མ་རུང་བར་བྱེད་ནུས་སོ།། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་ལི་ཁྲི་བླངས་ལ་ཐོད་པའི་ནང་དུ་བཞག་སྟེ། ལྷ་ཆེན་པོའི་གནས་སུ་སོང་ལ་གཟུགས་ཀྱི་གཡས་ལོགས་སུ་དུར་ཁྲོད་ཀྱི་ཤིང་གིས་མེ་སྦར་ཏེ། ལི་ཁྲི་བཙོ་བར་བྱ་ཞིང་རིག་སྔགས་ཀྱི་རྒྱལ་པོས་བསྲུང་བར་བྱའོ། ། དེ་ནས་རིག་སྔགས་འཆང་གིས་ལི་ཁྲི་བླངས་ཏེ་ཁྱིམ་དུ་ཁྱེར་ལ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ནས་མར་གྱི་ངོ་ཞག་བརྒྱད་ཀྱི་བར་དུ་དུས་གསུམ་དུ་བཟླས་བརྗོད་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བྱའོ། ། དེ་ནས་རིག་སྔགས་འཆང་གིས་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ལ་དྲི་དང་། མེ་ཏོག་དང་། བདུག་པ་རྣམས་ཀྱང་བཅོམ་ལྡན་འདས་མའི་སྔགས་ཀྱིས་དབུལ་ལོ། ། རིག་སྔགས་ཀྱི་རྒྱལ་པོས་ནི་བསྲུང་བར་བྱའོ།། དེ་ནས་རིག་སྔགས་འཆང་གིས་ལི་ཁྲི་བླངས་ཏེ་ཨ་ཤྭཏྠའི་ལོ་མ་བདུན་གྱི་སྟེང་དུ་བཞག་ལ། དྲོ་བར་གྱུར་ཀྱི་བར་དུ་རིག་སྔགས་བརྗོད་ན་འགྲུབ་པར་འགྱུར་ཏེ། གྲུབ་ནས་ཀྱང་ཐིག་ལེ་བྱས་ན་ལུས་མི་སྣང་བ་དང་འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ལ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོང་ལ། ཅི་འདོད་པའི་ཁ་ཟས་རྣམས་ལོངས་སྤྱོད་ཅིང་ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། ། མར་གྱི་པོ་དག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་མཆོད་པ་རྒྱས་པར་བྱས་ལ། བཤོས་ཀྱང་རབ་ཏུ་རྒྱས་པར་ཕུལ་ཏེ། བཅོམ་ལྡན་འདས་མས་ལས་ཐམས་ཅད་བྱའོ།། དེ་ནས་རིག་སྔགས་འཆང་གིས་མཆོད་རྟེན་གྱི་མདུན་དུ་ལྡོང་རོས་ཀྱི་རལ་གྲི་བྲིས་ལ་ལག་མཐིལ་དུ་རྡོ་རྗེ་བྲིས་ཏེ། ལག་པས་རལ་གྲི་བཟུང་ནས་འཕར་ཞིང་ཀུ་ཅོའི་སྒྲ་ཐོས་པར་འགྱུར་གྱི་བར་དུ་རིག་སྔགས་ཀྱི་རྒྱལ་པོ་བརྗོད་པར་བྱའོ། ། དེ་ནས་རིག་སྔགས་འཆང་གིས་བཅོམ་ལྡན་འདས་མ་དང་སྔགས་ཀྱི་རྒྱལ་པོ་དང་བཅས་པར་དྲན་པར་བྱའོ། ། དེ་ནས་ལག་ཏུ་འོང་བར་འགྱུར་ཏེ། དེ་ལག་ཏུ་འོངས་པས་ཉི་མ་ཤར་བའི་མདོག་དང་ལྡན་ཞིང་སྒྲ་ལྕང་ལོ་འཁྱིལ་བ་ལོ་བཅུ་དྲུག་ལོན་པའི་གཟུགས་དང་ལྡན་པར་འགྱུར་ཏེ། འཁོར་ལོས་སྒྱུར་བ་མ་གཏོགས་པར་རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་པ་དང་། བུད་མེད་བདུན་གྱིས་བསྐོར་ནས་ནམ་མཁའ་ལ་འགྲོ་བར་འགྱུར་བ་དང་། སྡང་བར་སེམས་པ་གང་ཡིན་པ་དེ་དག་ཐམས་ཅད་བསམས་པ་ཙམ་གྱིས་ཆོམས་པར་འགྱུར་ཏེ། ཚེ་ལོ་ཁྲི་སུམ་སྟོང་ཐུབ་པར་འགྱུར་རོ།། ལྷ་རྣམས་རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩི་ཐབ་སྦྱོར་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པའི་ལས་རྣམས་ངས་བཤད་ཟིན་ཏོ།། འདི་ལ་། དྲག་ཏུ་བསྐུལ་བའི་སྙིང་པོ་མཆོག་རིག་སྔགས་ཀྱང་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱ། པཱུ་ཛྭ་ལཱན་ལཱ་ཡ་ཕཊ་སྭཱ་ཧཱ། གསང་སྔགས་འདི་ནི་ཆོག་རྒྱས་པ་ཐམས་ཅད་ལ་དྲག་ཏུ་བསྐུལ་བ་ཡིན་ཏེ། རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་བྱེད་དོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་དཀྱིལ་འཁོར་ཙན་དངན་དམར་པོས་སྐྱང་ནུལ་བྱུགས་ལ། ཀ་ར་ཝཱི་རའི་མེ་ཏོག་བརྒྱད་བརྒྱས་འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ན་འཕགས་པ་བདུད་རྩི་ཐབ་སྦྱོར་འགྲུབ་པར་འགྱུར་ཏེ། དེ་ཕྱིན་ཆད་ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ། ། ལྷ་རྣམས་རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩི་ཐབ་སྦྱོར་སྟོབས་དང་ལྡན་པ། ཕ་རོལ་གནོན་པ་དཔག་ཏུ་མེད་པའི་ལས་རྣམས་ངས་བཤད་ཟིན་ཏོ།། ཚངས་པས་བཤད་པའི་ལས་ཀྱང་བསྟན་པར་བྱ་སྟེ། སྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཐལ་བས་བྱའོ།། གདོན་བསྐྱོད་པ་ནི་མཐེ་བོས་བྱའོ།། ལོ་ཏོག་མ་རུང་བར་བྱ་བ་ནི་ཡིད་ཀྱིས་བྱའོ།། ཆུ་མ་རུང་བར་བྱ་བ་ནི་ལན་གསུམ་བཟླས་བརྗོད་བྱས་པའི་གསེག་མས་བྱའོ། ། དགྲ་གསད་པར་འདོད་ན་དགྲ་གང་ན་འདུག་པ་དེ་ལོགས་སུ་ཁ་བལྟས་ཏེ་ཞག་བདུན་གྱི་བར་དུ་དུས་གསུམ་དུ་ལན་བརྒྱད་བརྒྱ་བརྒྱད་བརྒྱ་བཟླས་བརྗོད་བྱས་ན་ཞག་བདུན་གྱི་ཉིན་པར་དགྲ་འཆི་བར་འགྱུར་རོ། ། བུད་མེད་དབང་དུ་བྱ་བར་འདོད་ན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཀ་ར་ཝི་རའི་མེ་ཏོག་བརྒྱད་བརྒྱས་འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ན་དབང་དུ་འགྱུར་རོ།། ཁྲག་འཛག་པར་བྱ་ན་ཞག་གསུམ་གྱི་བར་དུ་རྒྱ་སྐྱེགས་ཀྱི་སྦྱིན་སྲེག་བརྒྱད་བརྒྱ་བརྒྱད་བརྒྱ་བྱས་ན་ཁྲག་མང་དུ་འཛག་པར་འགྱུར་རོ། ། འོ་མའི་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ།། ཕ་རོལ་གྱི་ཡུལ་འཁོར་གཞོམ་ན་སྔར་ངས་ལས་བཤད་པའི་ལས་གང་ཡིན་པ་དེས་རྐང་རྗེས་ཀྱི་རྡུལ་གྱིས་ཞག་བདུན་གྱི་བར་དུ་སྦྱིན་སྲེག་བྱའོ། ། ལྷ་རྣམས་ཚངས་པའི་སྙིང་པོ་ལ་དྲག་ཏུ་བསྐུལ་བ་གསང་སྔགས་ཀྱང་བཤད་པར་བྱའོ། ། ན་མོ་བཛྲ་པཱ་ཎི་སྱ། ན་མཿཔིཏྟ་མ་ཧཱ་སྱ། ཨོཾ་སྭ་མཾ་བྷུ་བེ་ཛྭ་ལ་ཕཊ་སྭཱཧཱ། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྦྱང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་མེ་ཏོག་དཀར་པོ་བརྒྱད་སྟོང་གིས་འཕགས་པ་ལག་ན་རྡོ་རྗེ་ལ་བསྣུན་ན། དེ་ནས་ཚངས་པས་དམ་པ་སྦྱིན་པར་འགྱུར་རོ།། ལྷ་རྣམས་ཚངས་པ་ཆེན་པོས་བཤད་པའི་རིག་སྔགས་ཀྱི་ལས་རྣམས་ངས་བཤད་ཟིན་ཏོ། ། འཇིག་རྟེན་སྐྱོང་བ་བཞིས་བཤད་པའི་དགའ་བྱེད་གདོང་གི་ལས་ཀྱང་བཤད་པར་བྱ་སྟེ། སྲུང་བ་ནི་ལན་བདུན་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ། ། དཀྱིལ་འཁོར་གྱི་ཆོ་ག་ལ་ནི་ལས་ཐམས་ཅད་ལའང་སྦྱར་བར་བྱའོ།། བཅོམ་ལྡན་འདས་མས་ནི་ལྷ་རྣམས་སྤྱན་དྲང་བར་བྱའོ།། སྙིང་པོས་ནི་སླར་གཏང་བར་བྱའོ།། གདོན་ཐམས་ཅད་ཀྱི་མཚམས་གཅད་པ་ནི་ཡིད་ཀྱིས་བྱ་སྟེ། དགྲོལ་བའང་ཡིད་ལ་བྱའོ།། དགྲ་གཞིག་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་བརྩམས་ཏེ། དུས་གསུམ་དུ་ཕུབ་མའི་སྦྱིན་སྲེག་ལན་བརྐྱང་བརྒྱ་བརྐྱང་བརྒྱ་སྦྱིན་སྲེག་བྱས་ན་ནག་བདུན་གྱི་ཉིན་པར་དགྲ་འཇིག་པར་འགྱུར་རོ། ། སྐྱེས་པ་དབང་དུ་བྱ་ན་ཡར་གྱི་ངོ་ཚེས་བདུན་ལ་བརྩམས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས་ཨན་འི་ཤིང་གིས་མེ་སྔར་ལ་ཏིལ་ནག་པོས་སྦྱིན་སྲེག་ལན་བརྒྱད་སྟོང་བྱས་ན་དབང་དུ་འགྱུར་རོ། ། བུད་མེད་དབང་དུ་བྱན་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་འབྲས་ཡོས་ཀྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་བུད་མེད་དབང་དུ་འགྱུར་རོ། ། གདོན་གྱིས་ཟིན་པ་རྣམས་ལ་ནི་ལན་བདུན་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱིས་གཏོར་བས་ཞི་བར་འགྱུར་རོ།། བཟླས་བརྗོད་བྱས་པ་ཙམ་གྱིས་ནི་གདོན་ཐམས་ཅད་སྐྲག་པར་འགྱུར་རོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས་བྱང་ཆུབ་ཀྱི་ཤིང་གི་དུང་ཤིང་ལ་མེ་སྦར་ནས། ཨ་པ་རཱ་ཙི་ཏི་དཀར་པོའི་མེ་ཏོག་གིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དགའ་བྱེད་གདོང་གིས་དམ་པ་བྱིན་པར་འགྱུར་རོ། ། གདོན་གྱིས་ཟིན་པ་རྣམས་ལ་ཨ་པ་ར་ཙི་ཏའི་མེ་ཏོག་ལན་བདུན་བཟླས་བརྗོད་བྱས་ཏེ། གདོན་གྱི་ཁ་ཟས་ཀྱི་ནང་དུ་བྱིན་ན་གདོན་ལག་པ་ཕན་ཚུན་འཆིང་བར་བྱེད་ཅིང་ཀུན་ཏུ་རྒྱུག་སྟེ་ཅི་བསྒོ་བ་བཞིན་བྱེད་པར་འགྱུར་རོ།། ཆོ་ག་རྒྱས་པའི་རྒྱུད་ཕྱི་མ་དང་བཅས་པར་མཐོང་ཞིང་ལྡན་པ་དེ་ལ་ནི་གདོན་རྣམ་། ཀྱ་འབྱེར་ཞིང་དྷ་རྣམ་ཀྱང་ཡིད་དགའ་བར་འགྱུར་རོ།། གདོན་རྣམ་ཀྱི་ཀྱང་མི་འདོད་ཅིང་མཐོང་ན་འབྱེར་བར་འགྱུར་རོ།། ལྷ་རྣམས་འདི་དག་གི་སྙིང་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱང་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎཾ་སྱ། བཛྲི་བཛྲི་བ་ལོ་ཀ་པཱ་ལཱ་ཡ་སྭཱ་ཧཱ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མཆོད་པ་བྱས་ནས། ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དགའ་བྱེད་གདོང་གིས་དམ་པ་སྦྱིན་པར་བྱེད་དོ། ། རིག་སྔགས་ཐམས་ཅད་ལའང་སྒྲུབ་པའི་ཚེ་ཐོག་མ་ཁོ་ནར་སྙིང་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱིས་མར་དང་གུ་གུལ་གྱིས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱས་ལ། དེ་ནས་རིག་སྔགས་བསྒྲུབ་པར་བྱའོ།། ལས་ཀྱི་མཇུག་ཏུའང་ཡུངས་ཀར་མར་དང་སྦྱར་བས་ལན་བརྒྱད་བརྒྱ་སྦྱིན་སྲེག་བྱའོ།། དེ་ནས་བྱས་ན་ལས་དེས་དྲག་ཏུ་བསྐུལ་བའི་རིག་སྔགས་ཐམས་ཅད་ཀྱིས་དངོས་གྲུབ་སྦྱིན་པར་བྱེད་དོ། ། དེ་ནས་ལྷ་དག་ལས་འདི་ཐོས་པས་ཡིད་འཇིགས་ཤིང་སྙིང་འདར་ཏེ་ལག་ན་རྡོ་རྗེའི་ཞལ་དུ་བལྟའོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བཟོད་ལྡན་དག་ཁྱེད་སེམས་རྩེ་གཅིག་ཏུ་གྱིས་ལ་ཉོན་ཅིག། ཅི་སྟེ་དམ་ཚིག་འདི་ལས་འགལ་བར་བྱས་ཏེ་དངོས་གྲུབ་སྦྱིན་པར་མི་བྱེད་ན་ངས་རྡོ་རྗེ་ཀུན་ཏུ་འབར་བས་སྤྱི་བོ་གཤག་གོ།། དེ་ནས་རྡོ་རྗེ་ཁྲོ་བོས་ཅ་ཅོའི་སྒྲ་བཏོན་ཏེ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུག་ཏེ་ཆོ་ག་རྒྱས་པ་ཆེན་པོ་རིག་པ་མཆོག་གི་རྒྱུད་ཕྱི་མ་དང་བཅས་གསང་བ་དང་བཅས་པར་བཤད་ན། བདག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དང་། གདོན་དང་དྲག་ཤུས་ཅན་མི་རྣམས་ལ་གང་འཚེ་བ་ཡིན་པའི་གདོན་དེ་དག་ངེས་པར་བཤིག་པའི་ཕྱིར་བཅོམ་ལྡན་འདས་ལ་དྲི་བར་གྱིས། བཅོམ་ལྡན་འདས་སྙིང་རྗེའི་སེམས་ཀྱིས་གདོན་རྣམས་ཀྱི་རུས་དང་། རིགས་དང་། མིང་དེ་དག་བདག་ལ་གསུངས་ཤིག། དེ་སྐད་ཅེས་སྤྲས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ལག་ན་རྡོ་རྗེས། རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བདུད་རྩི་ཐབ་སྦྱོར་གང་ཁྱོད་སེམས་ཅན་ལ་ཕན་པའི་ཕྱིར་ཞུགས་ཏེ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གདོན་རྣམས་ཀྱི་རུས་དང་མིང་ང་ལ་དྲིས་པ་ལེགས་སོ་ལེགས་སོ།། དེ་ངས་བཤད་པ་བཞིན་དུ་ཉོན་ཅིག། འཇིག་རྟེན་དག་ན་གདོན་རྣམས་ནི།། དྲག་ཅིང་སྦྱོར་བ་སྣ་ཚོགས་ཡིད།། གདོན་ཡོད་དེ་དག་ཅི་འདྲ་བ།། གོ་རིམས་བཞིན་དུ་བཤད་པར་བྱ།། གདོན་རྣམས་སྟོང་ཕྲག་བརྒྱད་ཅུ་ནི།། མི་ཡི་འཇིག་རྟེན་དག་ན་གནས།། དེ་ལས་ས་འདིར་རྒྱུ་བ་ཡི།། གདོན་ནི་བཅོ་བརྒྱད་ཤེས་པར་བྱ།། གདོན་རྣམས་འོང་བར་འཇུག་པ་དང་།། དེ་བཞིན་མཚན་མ་དག་དང་ནི།། གསོ་རུང་མི་རུང་དཔྱད་པ་དང་།། གསོ་བའི་ཐབས་ནི་ཐ་དད་དང་།། རིགས་རྣམས་ལ་ནི་གང་བརྟེན་དང་། ། གང་གི་རུས་ནི་གང་ཡིན་དང་།། དེ་ལས་གཞན་ཡང་བཤད་བྱ་སྟེ།། ངས་བཤད་དེ་ནི་མཉན་པར་གྱིས།། གཟུགས་ཀྱང་མེད་ལ་དྲི་ཡང་མེད།། སྒྲ་ཡང་མེད་ཙང་ཁྱད་པར་དུ།། མཉན་དུ་མེད་ཅིང་ལྟར་མེད་དེ། ། མཚན་མ་ཙམ་ལས་ཤེས་པར་བྱ།། མེ་ལོང་དང་ནི་ཆུ་དག་ལས།། གྲིབ་མ་ཇི་ལྟར་སྣང་བ་བཞིན།། དེ་ལྟར་དེ་དག་རྟོགས་བྱ་ཞིང་།། དེ་ལས་གདོན་རྣམས་ཤེས་པར་བྱའོ།། ཐམས་ཅད་རླུང་དང་འདྲ་བ་སྟེ། ། མཐོང་བ་ཙམ་གྱིས་འཛིན་པར་བྱེད།། མཚན་མ་དང་ནི་ཚུལ་རྣམས་དང་།། སྤྱོད་པས་ཀྱང་ནི་རྟོགས་པར་བྱ།། གདོན་རྣམས་ལུས་ལ་ཞུགས་ན་ནི།། མི་ལས་མི་མ་ཡིན་པར་བྱེད།། གླིང་མ་དང་ནི་འགྲོས་དང་མདོག། དེ་བཞིན་ང་རོ་འགྱུར་བར་བྱེད།། གདོན་རྣམས་རིགས་བཞི་ཡན་ལག་བཞི།། རྣམ་པ་བཞི་ཡོད་ཤེས་པར་བྱ།། རིགས་བཞི་དག་ལ་སྤྱོད་པ་ཡང་།། མདོར་ན་དེ་དག་ཤེས་པར་བྱ། ། རླུང་ཅན་གྱིས་ནི་རླུང་ཅན་འཛིན།། དེ་དག་གི་ནི་མིང་དང་གཟུགས།། སོ་སོར་ཡང་ནི་བཤད་བྱ་སྟེ།། གཅིག་ནི་ལྷ་གདོན་ཤེས་པར་བྱ།། གཅིག་ནི་འབྱུང་པོའི་གདོན་ཡིན་ཏེ།། དེ་བཞིན་གཅིག་ནི་དྲི་ཟ་ཉིད། ། གཅིག་ནི་གནོད་སྦྱིན་གདོན་ཡིན་ཏེ།། གཅིག་ནི་སྲིན་པོར་ཤེས་པར་བྱ།། ཤ་ཟའི་གདོན་ནི་རྣམ་གསུམ་དང་།། ཀླུ་ཡི་ག་དོན་ནི་ཤེས་པར་བྱ།། ཚངས་པའི་སྲིན་པོ་ཉིད་དང་ནི།། ལོག་འདྲེན་གདོན་ནི་ཤེས་པར་བྱ།། དེ་བཞིན་བརྗེད་བྱེད་གདོན་དག་དང་།། གཞོན་ནུའི་གདོན་ནི་རྣམ་བཞིར་ཤེས།། གཅིག་ནི་སྨྱོ་བྱེད་ཉིད་ཡིན་ཏེ།། ལྷ་མིན་གདོན་ནི་ཤེས་པར་བྱ།། དེ་ལྟར་གདོན་རྣམས་བཅོ་བརྒྱད་དེ། ། གང་གི་ཚེ་ན་གང་རྒྱུ་དང་།། གང་གི་དུས་ནི་གང་ཡིན་དང་།། གང་གི་མདོག་ནི་ཅི་འདྲ་བ།། དེ་ནི་བདག་གི་བཤད་ཀྱིས་ཉོན།། གདོན་རྣམས་བཅོ་བརྒྱད་གང་ཡིན་པ།། དུས་ཚིགས་དག་ཏུ་འཛིན་བྱེད་དེ། ། ལོ་གྲངས་བཅུ་གཉིས་ལོན་པ་ཡི།། གདོན་རྣམས་གསོ་རུ་རུང་བར་བཤད།། དེ་ལས་འདས་པར་གནས་པ་ཡི།། གསོ་རུ་རུང་བ་མ་ཡིན་ནོ།། དེ་ལས་གཞན་ཡང་མཚན་རྣམས་ཀྱིས། ཁྱད་པར་དག་ཀྱང་བཤད་པར་བྱ།། ལྷ་གདོན་ཤེས་པར་བྱ་བ་ལ།། དེ་ནི་གཏོར་མ་འདོད་པ་སྟེ།། རིགས་བཞི་སོ་སོར་རྒྱུ་བར་བྱེད།། གཙང་ཞིང་གཙང་སྦྲ་སྤྱོད་པ་དང་།། དཀའ་ཐུབ་གནོད་པ་མཐར་ཕྱིན་དང་། ཚུལ་ཁྲིམས་ལྡན་པའི་མི་དག་ལ།། ལྷ་ཡི་གདོན་ནི་འཛིན་པར་བྱེད།། ལྷ་ཡི་གདོན་གྱིས་ཟིན་པ་ནི།། ཤེས་པས་ལེགས་པར་རྟོགས་བྱ་སྟེ།། དགའ་བར་མ་འགྱུར་འཁྲུག་མི་འགྱུར།། ཁ་ཟས་ལ་ཡང་མི་སེམས་ལ། ། ཅུང་ཟད་ཀྱང་ནི་སྨྲར་མི་བྱེད།། དེ་ནི་གཉིད་ཀྱང་མི་ལོག་སྟེ།། ཕྱི་ས་དང་ནི་གཅིན་དག་ཀྱང་།། རང་དགར་འབྱུང་བར་མི་འགྱུར་ལ།། ཁྲུས་བྱས་ཁྲུས་མ་བྱས་ཀྱང་རུང་།། དྲི་བསུང་མང་པོའི་ངད་ལྡན་ཞིང་། ། དེ་ཡི་གདོང་ནི་པདྨ་བཞིན།། ལེགས་པར་བྱས་པར་འགྱུར་བ་སྟེ།། གང་ལ་ཚུལ་ནི་འདི་དག་ཡོད།། དེ་ནི་ལྷ་ཡི་གདོན་དུ་བཤད།། གང་གི་བདེ་བར་འགྱུར་བ་ཡི།། གཏོར་མའི་ཆོ་ག་འདི་དག་བྱ། ། མེ་ཏོག་དྲི་དང་མེ་ཏོག་འཕྲེང་།། མར་མེ་ཡང་ནི་དེ་ལ་སྦྱིན།། པདྨ་ཨུཏྤལ་པུ་ཤེལ་ཙི།། ཆང་དང་འབྲས་ཆན་སྦྱིན་དུ་གཞུག། གདུགས་དཀར་དག་བྱེད་སྲང་བུ་དང་།། དེ་བཞིན་མེ་ཏོག་འཕྲེང་དཀར་དག། དེ་ནི་ལྷ་ཡི་གནས་ཀྱང་རུང་།། ལམ་གྱི་བཞི་མདོར་སྦྱིན་པར་བྱ།། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གི་གདོན་དེ་གཏོང་འགྱུར་བ། ། འདི་ནི་དེ་ལ་སྦྱར་བར་བགྱི།། ན་ག་ཏ་མ་ཤྲ་ཤ་ཡི།། མེ་ཏོག་རྩ་བ་འབྲས་བུ་དང་།། ཤུན་ཕྲགས་དང་ནི་དེ་བཞིན་དུ།། ཤུ་དག་དཀར་པོ་ཡུངས་ཀར་དང་།། ཚོགས་རྣམས་དེ་དག་སོགས་ནས་ཀྱང་། ། མེ་ནི་ཆུང་ངུས་བྱས་པ་ལ།། མར་ནི་ཕུལ་བཞི་ནང་དུ་བཙོ།། དེ་ནས་དེ་ལ་བླུད་པར་བྱ།། དེ་བཞིན་དུ་ནི་སྣར་ཡང་བླུགས།། མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར།། སྣར་ཐུགས་འཇིགས་པས་གཟིར་བ་དང་།། མར་འཐུངས་པས་ཀྱང་འཇིགས་འགྱུར་ནས།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། ལས་འདི་ཡང་ནི་ལེགས་པར་བརྩམ། ། རྒྱལ་པོའི་བློ་གྲོས་མ་སྔགས་ཀྱིས་དུར་ཁྲོད་ཀྱི་སོལ་བ་ལས་གཟུགས་བརྙན་བྱས་ལ། རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ནས་མདུན་དུ་གཟུགས་བརྙན་མཚོན་རྣོན་པོས་བཅད་ན་གདོན་གྱིས་ཀུ་ཅོ་བཏོན་ཏེ་འབྲོས་པར་འགྱུར་རོ། ། ཅི་སྟེ་དེ་ལྟར་བྱས་ཀྱང་མ་བྲོས་ན་རྒྱལ་བའི་བློ་གྲོས་མས་ལན་ཚྭ་དང་སྐེ་ཚེ་ལན་བརྒྱད་བརྒྱས་བྱས་ན་ཀུ་ཅོ་བཏོན་ཏེ་འབྲོས་པར་འགྱུར་རོ།། ལྷའི་གདོན་གྱི་སྐབས་རྫོགས་སོ།། །། སྔར་བཤད་པ་ནི་གང་ཡིན་པའི།། འབྱུང་པོའི་གདོན་ཡང་ཤེས་པར་བྱ།། བྲམ་ཟེ་དང་ནི་རྒྱལ་རིགས་ལ།། འཛིན་པར་བྱེད་དེ་དེ་བཞིན་དུ། ། དེ་ནི་གཏོར་མ་འདོད་ཕྱིར་རྒྱུ།། དེ་ཡི་ཚུལ་རྣམས་ང་ལས་ཉོན།། གཙང་ཞིང་གཙང་སྦྲར་སྤྱོད་པ་དང་།། གཟུགས་བཟང་བ་ཡི་མི་རྣམས་ལ།། འབྱུང་པོའི་གདོན་ནི་འཛིན་པར་བྱེད་དེ་ཡི་ཚུལ་རྣམས་ང་ལས་ཉོན། ། ཚེས་གྲངས་བཅུ་གསུམ་བཅུ་བཞིའང་རུང་།། གཉིས་ཀའི་ཕྱོགས་ལའང་དེ་བཞིན་ཏེ།། བཅུ་བཞི་ལ་ནི་རྟག་པ་ཡིན།། དགའ་སྟོན་དག་དང་འདུས་པ་དང་།། ལྷ་རྣམས་ཀྱི་ནི་གནས་དག་དང་། ། སྐབས་འདི་དག་ཏུ་གཟུགས་བཟང་བའི།། མི་རྣམས་ལ་ནི་འཛིན་པར་བྱེད།། གཙང་ཞིང་གཙང་སྦྲར་སྤྱོད་པ་དང་།། དཀའ་ཐུབ་གདོན་པ་མཐར་ཕྱིན་དང་།། རྟག་ཏུ་གློ་དཀར་གྱོན་པ་དང་། ། སྨྱུང་བ་དགའ་བ་དེ་བཞིན་ནོ།། འབྱུང་པོའི་གདོན་གྱིས་ཟིན་པ་ཡི།། ཚུལ་འདི་དག་ནི་ང་ལས་ཉོན།། སེམས་པ་དང་ནི་དགོད་པ་དང་།། ནམ་མཁའ་ལ་ནི་ལྟ་བར་བྱེད།། མདོག་ཀྱང་ནམ་མཁའ་འདྲ་བར་འགྱུར།། གསེར་གྱི་མདོག་ལྟར་མཛེས་པ་སྟེ།། ཟས་དང་སྐོམ་ལ་དགའ་བ་དང་།། ལྷ་དང་བྲམ་ཟེ་མཆོད་ལ་དགའ།། འབྱུང་པོའི་གདོན་གྱིས་ཟིན་པ་ཡི།། མཚན་མ་ཡང་ནི་དེ་དག་ཡིན།། དེ་ནི་གང་གིས་བདེར་འགྱུར་བའི།། གསོ་བའི་ཐབས་ཀྱང་བཤད་པར་བྱ།། ཏིལ་ཟན་དང་ནི་འབྱུང་པོའི་ཟས།། ཤ་བཙོས་རྗེན་པ་དེ་བཞིན་ཏེ།། མེ་ཏོག་དྲི་དང་གཏོར་མ་དང་། ། མེ་ཏོག་འཕྲེང་བ་སྣ་ཚོགས་པ།། གཏོར་མ་དེ་དག་བསྡུས་ནས་ནི།། ལྷོ་ཕྱོགས་སུ་ཡང་སྦྱིན་པར་བྱ།། རྡོ་རྗེ་སེར་སྐྱའི་སྔགས་ཀྱིས་ཀྱང་།། སྲེག་བླུགས་གསུམ་དང་བདུན་པ་དབུལ། ། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ། ། གན་ད་མ་ལ་དུམ་བི་དང་།། བ་ལ་ཨ་ཏི་བ་ལ་དང་།། བུ་ཤེལ་ཙི་དང་ཐལ་ཏྲེས་དང་།། ཤུ་ག་ནས་སྒོག་པ་དང་།། ཚོགས་རྣམས་དེ་དག་བསགས་ནས་ནི།། མར་ནི་ཕུལ་གང་བཞི་དག། དང་། ཁ་གཅིན་ཕུལ་བཞི་ནང་དུ་བཙོ།། མེ་ནི་ཆུང་ངུས་བཙོ་བར་བྱ།། དེ་ནས་དེ་དག་བླུད་པར་བྱ།། དེ་བཞིན་དུ་ནི་སྣར་ཡང་བླུགས།། མིག་བསྐུས་ལུས་ཕྱུགས་འཇིགས་འགྱུར་ནས།། འབྱུང་པོ་རབ་ཏུ་འབྲོས་པར་འགྱུར། ། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། རྡོ་རྗེ་སེར་སྐྱའི་སྔགས་ཀྱིས་ལས་བརྩམས་ཏེ། དཀྱིལ་འཁོར་བྲིས་ནས་ལན་ཚྭ་དང་སྐེ་ཚེའི་སྦྱིན་སྲེག་ལན་བརྒྱད་བརྒྱ་བྱས་ན་གདོན་གྱིས་ཀུ་ཅོ་བཏོན་ཏེ་འབྲོས་པར་འགྱུར་རོ།། འབྱུང་པོའི་གདོན་གྱི་སྐབས་རྫོགས་སོ།། སྔར་བཤད་པ་ནི་གང་ཡིན་པའི།། དྲི་ཟའི་གདོན་ཡང་ཤེས་པར་བྱ།། བྲམ་ཟེ་རྒྱལ་རིགས་འཛིན་པར་བྱེད།། ཡར་གྱི་ངོ་ཡི་ཚེས་བཅུ་གཉིས།། མར་གྱི་ངོ་ཡང་དེ་བཞིན་ཏེ།། དྲི་ཟ་རྟག་ཏུ་རྒྱུ་བར་བྱེད།། ལྷག་མའི་དུས་སུ་འཚེ་མི་བྱེད།། གཏོར་མ་འདོད་ཅིང་ཞི་ལ་དགའ།། གདོན་དེ་དགའ་བ་འདོད་པ་སྟེ།། གླུ་ལ་དགའ་ཞིང་དགའ་ལ་སྲེད།། གཙང་ཞིང་གཙང་སྦྲར་སྤྱོད་པ་དང་།། གཟུགས་བཟང་བ་ཡི་མི་དག་ལ། ། དྲི་ཟ་དག་ནི་སྟེན་པར་བྱེད།། དེ་ཡི་ཚུལ་ནི་ང་ལས་ཉོན།། གླུ་ལེན་ཅིང་ནི་གར་བྱེད་ཅིང་།། ཁ་ནས་རོལ་མོའི་སྒྲ་ཡང་འབྱིན།། ཟས་དང་སྐོམ་ལ་དགའ་བར་བྱེད།། དེ་བཞིན་ཁྲུས་དང་འཕྲེང་ལ་དགའ། རྒྱན་དང་གཏམ་གྱི་ཚུལ་ལ་དགའ།། ཆག་ཤིང་དྲི་ཞིམ་དད་ཀྱང་ལྡང་།། དྲི་ཟ་ཡིས་ནི་ཟིན་པ་ཡི།། མཚན་མ་རྣམས་ནི་དེ་དག་ཡིན།། གང་གིས་དེ་ནི་བདེར་འགྱུར་བ།། གསོ་བའི་ཐབས་ཀྱང་བསྟན་པར་བྱ། ། གཙང་ཞིང་གཙང་སྦྲར་སྤྱོད་པ་དང་།། དགའ་བཞིན་པས་ནི་གསོ་བར་བྱ།། མེ་ཏོག་འཕྲེང་དམར་དེ་བཞིན་ཏེ།། འབྲས་ཆན་དམར་པོའང་དེ་བཞིན་ཏེ།། བ་དན་དམར་པོ་སྦྱིན་པར་བྱེད།། ཙན་དན་དམར་པོ་ཉིད་དག་དང་།། སྐུད་པ་དམར་པོ་དག་དང་ནི།། དེ་དག་ཐམས་ཅད་སྦྱིན་པར་བྱ།། ནད་པ་གོས་དམར་བསྐོན་བྱས་ལ།། མེ་ཏོག་འཕྲེང་དམར་བྱུག་པར་ལྡན།། མེ་ཏོག་འཕྲེང་མར་ལུས་བསྐུས་པའི། ། དགེ་སློང་བྲམ་ཟེ་བཀྲ་ཤིས་གདོན།། ཁ་ཟས་དམར་པོ་བྱིན་ནས་ཀྱང་།། དེ་ནས་ནུབ་མོ་གཏོར་མ་སྦྱིན།། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན། ། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། གསོད་དང་ཚ་བ་གསུམ་པོ་དང་།། སེང་ལྡེང་གི་ནི་སྙིང་པོ་དང་།། རྩ་བ་ལྔ་པ་གཉིས་ཀྱང་འཇུག། སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ། ། དེ་ནས་ཚོགས་རྣམས་བསོགས་ནས་ཀྱང་།། མར་ནི་ཕུལ་ཏག་བཞི་དག་དང་།། བ་གཅིན་བཞི་ཆས་བཙོ་བྱ་ཞིང་།། མེ་ནི་ཆུང་ངུས་བཙོ་བར་བྱ།། དེ་ནས་དེ་ལ་བྲུད་པར་བྱ།། དེ་བཞིན་དུ་ནི་སྣར་ཡང་བླུགས། ། མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར།། སྣར་བླུགས་འཇིགས་པས་གཟིར་བ་དང་།། མར་འཐུངས་པས་ཀྱང་འཇིགས་འགྱུར་ནས།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅིསྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེས་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་མ་འམ། ཡང་ན་བདུད་རྩི་ཐབ་སྦྱོར་གྱིས་ནི་ནིམ་པའི་ཡམ་སྲེག་ཤིང་དུག་དང་ཁྲག་གི་ནང་དུ་བསྟུག་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན། དེ་ནས་གདོན་དུ་ཞིང་འབྲོས་པར་འགྱུར་ཏེ། གདོན་རྣམ་པ་གསུམ་པོ་འདི་དག་གང་གིས་མགོགས་ནས་འབྲོས་པར་འགྱུར་བའི་ངོ་ལོན་རྣམ་པ་སྣ་ཚོགས་ཀྱིས་གཞིག་པར་བྱའོ། ། གདོན་བཅོ་བརྒྱད་ལས་ཀྱང་དེ་བཞིན་དུ་གསོ་བར་བྱའོ།། དེ་ནས་རྡོ་རྗེ་འཛིན་པའི་སྔགས་ནི་པོ་ཉོམོ་རྡོ་རྗེ་མའི་སྔགས་ཏེ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ་མ་ཧཱ་ཡཀྵ་སེ་ན་པ་ཏི་སྱ། ཏདྱ་ཐཱ། ཛི་ཛཾ་རུ་རུ། ཁུ་རི་བི་ཁུ་རི། ཏིཥྛ་ཏིཥྛ། པ་ལ་ཡ་ཡ་ཏ་ཏ་ད། བཛྲ་པཱ་ཎི་སྱཱ། ཨ་གྲ་ཏོ་བ་ཤི། ཏ་ན་ཏ་ན། སྨ་ར་སྨ་ར། བནྡྷ་བནྡྷ་སཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ནམོ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཨ་མི་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། བནྡྷ་བནྡྷ་སྭཱ་ཧཱ། དྲི་ཟའི་གདོན་གྱི་སྐབས་རྫོགས་སོ།། ། སྔར་བཤད་གང་ཡིན་ཚངས་པ་ཡི། ། སྲིན་པོའི་གདོན་ཡང་ཤེས་པར་བྱ།། གཏུམ་ཞིང་དྲག་ལ་སྟོབས་པོ་ནི།། ལྕེ་ལ་ཚུགས་པར་དཀའ་བ་སྟེ།། ཡར་གྱི་ངོ་ཡི་ཚེས་བརྒྱད་དང་།། ཟླ་བ་ཉ་ལ་འཛིན་པར་བྱེད།། གདོན་དང་དཀའ་ཐུབ་ལྡན་པ་དང་། ། ཚངས་པར་སྤྱོད་ལ་གནས་པ་ལ།། ཚངས་པའི་སྲིན་པོ་འཛིན་པར་བྱེད།། ལྷ་ལ་འགྲན་ཏོར་བྱེད་པ་དང་།། གང་ཞིག་སྙིང་ནི་སྣང་བ་དང་།། བྲམ་ཟེ་མ་ཡིན་བྲམ་ཟེར་སྨྲ།། བྲམ་ཟེ་གང་དག་གཙང་སྦྲ་ཉམས། ། དཔའ་བོ་གང་དག་འགྲན་ཏོར་བྱེད།། ལྷ་གནས་དག་ཏུ་གར་རྩེ་ཞིང་།། ཚངས་པར་སྤྱོད་ལས་ཉམས་གྱུར་པ།། དེ་ལ་ཚངས་པའི་སྲིན་པོ་འཚེ།། དེ་ཡི་ཚུལ་ནི་ང་ལས་ཉོན།། གཤེ་ཞིང་འགྱོད་པར་བྱེད་པ་དང་།། གར་ཡང་བྱེད་ཅིང་གདོན་པར་བྱེད།། བསྒྲགས་པར་མི་འགྱུར་སྨྲ་མི་བྱེད།། ལྷ་རྣམས་ལ་ཡང་མཆོད་བྱེད་ཅིང་།། བྲམ་ཟེ་མཐོང་ན་མཆོད་པར་བྱེད།། རྡོ་བདག་དང་ཤིང་དག་དང་། ། དེ་བཞིན་ལག་པ་རྐང་པ་ཡིས།། རང་གི་ལུས་ལ་གནོད་པར་བྱེད།། ཚངས་པའི་སྲིན་པོས་ཟིན་པ་ནི།། སྨན་ཚིག་རིག་བྱེད་ལྷུར་ལེན་ཅིང་།། ངེས་བརྗོད་རིག་བྱེད་རྗོད་པར་བྱེད།། བསྟན་བཅོས་ཀུན་ལ་མཁས་པ་སྟེ།། དྲི་བ་དག་ཀྱང་འདྲི་བར་བྱེད།། སྔགས་འཆང་ལ་ནི་བརྙས་པར་བྱེད།། དགོད་ཅིང་རབ་ཏུ་རྒྱུག་པར་བྱེད།། ཚངས་པའི་སྲིན་པོས་ཟིན་པ་ཡི།། མཚན་མ་ཡང་ནི་དེ་དག་ཡིན། ། གང་གིས་གདོན་དེ་གཏོར་འགྱུར་བ།། དེ་ཡི་གཏོར་མ་བཤད་པར་བྱ།། ནས་ནི་བྲེ་གསུམ་བཙོས་པ་དང་།། དེ་བཞིན་འཁུར་བ་ཏིལ་ཟན་དང་།། མེ་ཏོག་འཕྲེང་དམར་བདུག་པ་དང་།། ཤིང་ཐོག་རྣམ་པ་སྣ་ཚོགས་དག། ཏིལ་ནག་དེ་བཞིན་འབྲས་ཡོས་དང་།། དེ་བཞིན་ཞོ་དང་འོ་མ་དང་།། གང་བའི་སྣོད་དང་དེ་བཞིན་གདུགས།། དེ་ཡི་བྱུག་པ་ཤུ་དག་སྟེ།། ཁྲུས་བྱས་བསྒྲིམས་ཏེ་གཙང་བྱས་པས། ། ལྷོ་ཕྱོགས་སུ་ནི་སྦྱིན་པར་བྱ།། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་ནི་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གདོན་དེ་མྱུར་དུ་གཏོང་བ་ཡི།། ཐབས་གཞན་འདི་ནི་སྦྱར་བར་བྱ། ། ནགཱ་ཏ་མ་ལ་ཤྭ་ཤ་ཡི།། འབྲས་བུ་རྩ་བ་ཤུན་གྲགས་དང་།། དེ་བཞིན་མེ་ཏོག་ཐམས་ཅད་དང་།། པ་ཏ་ལི་དང་ཨ་ཤ་ན།། བིལ་བའི་རྩ་བ་གཞུག་པར་བྱ།། དུག་མོ་ཡུངས་ཀྱང་དེ་བཞིན་ཏེ། ། ཐང་ཤིང་དང་ནི་བིལ་བ་དང་།། དེ་བཞིན་ཚ་བ་གསུམ་པོ་དང་།། རྩ་བ་ལྔ་པ་གཉིས་ཀྱང་གཞུག། སྒོག་སྐྱ་དང་ནི་ཕུལ་བདུན་མར།། པ་གཅིན་ཀྱང་ནི་ཉི་ཤུ་དང་།། སེང་ལྡེང་ཤུན་ཕྲགས་བཤུས་པ་ནི། ། སྲང་གྲངས་ཉི་ཤུ་རྩ་བཞི་དང་།། འདི་དག་ཐམས་ཅད་བསྲེས་པ་ནི།། མེ་ཆུང་གིས་ནི་དལ་ནས་བཙོ།། དེ་ནས་དེ་ལ་བླུད་པར་བྱ།། དེ་བཞིན་དུ་ནི་སྣར་ཡང་བླུགས། ། མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར།། སྣར་བླུགས་འཇིགས་པས་གཟེར་བ་དང་།། མར་འཐུངས་པས་ཀྱང་འཇིགས་གྱུར་ནས།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་ནས་མ་བཏང་ན། ། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། དཀྱིལ་འཁོར་ཟླུམ་པོ་བྲིས་ནས་ཀྱང་།། དེར་ནི་གདོན་ཡང་དགུག་པར་བྱ།། གང་གིས་གདོན་དེ་གཏོང་འགྱུར་བའི། ། ངོ་ལོན་དག་ནི་དེར་བྱ་སྟེ།། རིག་པའི་མཆོག་གམ་ཡང་ན་ནི།། དགའ་བྱེད་གདོང་གིས་གཞོམ་པར་བྱ།། གང་གིས་གདོན་དེ་གཏོང་འགྱུར་བའི།། སྔགས་གཞན་གྱིས་ཀྱང་ཡང་ན་གཞོམ།། ཚངས་པའི་སྲིན་པོའི་གདོན་གྱི་སྐབས་རྫོགས་སོ།། །། སྔར་བཤད་པ་ནི་གང་ཡིན་པའི།། སྲིན་པོའི་གདོན་ཡང་ཤེས་པར་བྱ།། གཏུམ་ཞིང་དྲག་ལ་གཟུ་ལུམས་ཅན།། ལྕི་ཞིང་ཚུགས་པར་དཀའ་བ་སྟེ། ། མར་གྱི་ངོ་ནི་ཞག་བརྒྱད་དང་།། མར་གྱི་ངོ་ནི་བཅུ་བཞི་ལ།། མི་ནི་གཏུམ་ཞིང་གཟུ་ལུམས་ཅན།། སྤྱི་བརྟོལ་ཅན་ནི་གང་ཡིན་དང་།། བརླང་ཞིང་འཐབ་ལ་སྲེད་པ་དང་། རྟག་ཏུ་ཚིག་ནི་རྩུབ་པོར་སྨྲས།། དེ་ལ་སྲིན་པོ་རྟེན་པར་བྱེད།། སྲིན་པོས་ཟིན་པ་དེ་ཡི་ནི།། མཚན་མ་རྣམས་ཀྱང་ཤེས་པར་བྱ།། སྐད་ཅིག་གིས་ནི་ངུ་བར་བྱེད།། དགའ་ཞིང་གླུ་ཡང་ལེན་པར་བྱེད།། དོན་དང་ལྡན་པའི་ཚིག་སྦས་ནིང་། ། དོན་མེད་པ་ཡི་ཚིག་ཀྱང་སྨྲ།། ཟས་དང་སྐོམ་ལ་དགའ་བ་དང་།། དེ་བཞིན་མེ་ནི་ཤ་ལ་སྲེད།། གཤེ་བར་བྱེད་ཅིང་རྨུགས་པར་བྱེད།། དེ་བཞིན་པན་པ་གླུ་ཡང་མི་ནི་གློ་བུར་དག་ཏུ་ལེན། ། ལག་པས་ས་ལ་རྐོ་བར་བྱེད།། སྲིན་པོའི་གདོན་གྱིས་ཟིན་པ་ཡི།། མཚན་མ་རྣམས་ནི་དེ་ཡིན་ཏེ།། གང་གིས་གདོན་དེ་གཏོང་འགྱུར་བའི།། དེ་ཡི་ངོ་ལོན་བཤད་པར་བྱ།། ཁྭ་བ་ཕས་དང་དེ་བཞིན་དྲི། ། དེ་བཞིན་ཤ་བཙོས་རྗེན་པ་དང་།། ཟས་དང་སྐོམ་དང་ཏིལ་ཟན་རྣམས།། སྡིག་མེད་ཁྲག་གིས་གཏོར་བ་དང་།། དྲི་ཞིམ་པ་ཡི་མེ་ཏོག་རྣམས།། ཁ་དོག་སྣ་ཚོགས་རྣམས་ཀྱིས་སྲེག། དེ་ནས་ཁྲུས་བྱས་གཙང་གྱུར་པའི།། དགེ་སློང་བྲམ་ཟེར་བཀྲ་ཤེས་གདོན།། ལྷོ་ཕྱོགས་དང་ནི་ནུང་ཕྱོགས་སུ།། གཏོར་མ་དེ་དག་སྦྱིན་པར་བྱ།། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར། ། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་བཤང་བར་བྱ།། དུག་མོ་ཡུངས་དང་ཤ་རི་ཤ།། ནག་ཏ་མ་ལའི་ལོ་མ་དང་། རྩ་བ་འབྲས་བུ་ཤུན་ལྤགས་དང་།། མེ་ཏོག་སྐམ་པོ་རྣམས་དང་ནི།། པ་ཏ་ལི་དང་ཀ་ཏ་པ།། ཚ་བ་གསུམ་པོ་རྣམས་དང་ནི།། སྐྱུ་རུ་ར་ཡི་འབྲས་བུ་དང་།། ལུང་ཏང་རྩ་བའང་གཞུག་པར་བྱ།། སྒོག་སྐྱ་དང་ནི་ཤིང་ཀུན་དང་། ། དེ་བཞིན་རྒྱ་ཚ་ཡུངས་ཀར་རྣམས།། དེ་དག་ཆ་ནི་མཉམ་བྱས་ལ།། ར་གཅིན་དང་ནི་བཏགས་པར་བྱ།། མར་ནི་ཕུལ་བཞི་ལྡན་པ་དང་།། བ་གཅིན་དག་ནི་བཞི་འགྱུར་དང་། མེ་ནི་ཆུང་ངུས་དལ་ནས་བཙོ།། དེ་ནས་དེ་ལ་བླུད་པར་བྱ།། དེ་བཞིན་དུ་ནི་སྣར་ཡང་བླུགས།། མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར།། སྣར་བླུགས་འཇིགས་པས་གཟིར་བ་དང་། ། མར་འཐུངས་པས་ཀྱང་འཇིགས་གྱུར་ནས།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ། ། སྔགས་དང་སྦྱིན་སྲེག་སྣ་ཚོགས་ཀྱིས།། དེ་ཡི་ངོ་ལོན་བྱ་བ་སྟེ།། ལྷ་མིན་གཡུལ་དུ་འཇོམས་པ་ལྟར།། རྡོ་རྗེ་མས་ཀྱང་གཞོམ་པར་བྱ།། རྡོ་རྗེ་མས་ནི་འཇིགས་སྐྲག་ནས།། གདོན་དེ་རབ་ཏུ་འབྲོས་པར་འགྱུར། ། སྲིན་པོའི་གདོན་གྱི་སྐབས་རྫོགས་སོ།། །། སྔར་བཤད་པ་ནི་གང་ཡིན་པའི།། ཤ་ཟའི་གདོན་ཡང་ཤེས་པར་བྱ།། གཏུམ་ཞིང་དྲག་ལ་གཟུ་ལུམས་ཅན། ། ལྕི་ཞིང་ཚུགས་པར་དཀའ་བ་སྟེ།། མི་རྣམས་ང་རྒྱལ་ཅན་དག་དང་།། ཕྲ་མ་ཅན་དང་བརྐམ་པ་དང་།། བདག་གི་ཕྱོགས་ནི་འཇོམས་བྱེད་དང་།། གཞན་ནོར་འཇོག་པ་འཛིན་པར་བྱེད།། ཚེས་གཉིས་དང་ནི་ཚེས་གསུམ་དང་། ། དེ་བཞིན་བརྒྱད་དང་བཅུ་བཞི་དང་།། ཚེས་གསུམ་ལ་ནི་རྟག་ཏུ་རྒྱུ།། ཤ་ཟ་ཡིས་ནི་ཟིན་པ་ཡི།། མཚན་མ་དག་ཀྱང་ཤེས་པར་བྱ།། ཚེས་གཉིས་ལ་ནི་གང་རྒྱུ་བ། དེ་ཡི་ཚུལ་རྣམས་ང་ལས་ཉོན།། སྐྱེས་པ་ཡི་ནི་མདོག་དང་ལྡན།། ཚལ་དང་རུལ་བའི་དྲི་མནམ་ཞིང་།། སྐྱེ་བོ་མཐོང་ན་དགོད་པར་བྱེད།། དྲག་ཏུ་ཡང་ནི་གཤེ་བ་དང་།། ཕྱི་སའི་དྲི་དང་ལྡན་པ་དང་།། དེ་བཞིན་ཁྲག་གི་དྲི་ཡང་མནམ།། གང་མ་ཞེས་བྱའི་ཤ་ཟ་ཡིན།། གཉིས་པའི་མཚན་ཡང་ང་ལས་ཉོན།། ལུས་ཀུན་ཡང་ནི་འདར་བ་སྟེ།། སྐད་ཅིག་རེ་རེར་རབ་ཏུ་རྒྱུག། ངུ་ཞིང་གླུ་ཡང་ལེན་པར་བྱེད། སྐད་ཅིག་རེ་རེར་གར་ཡང་བྱེད།། ཁང་སྟོང་དག་ཏུ་རྟེན་པ་དང་།། དེ་བཞིན་སྐྱེ་བོ་འཇིགས་པར་བྱེད།། ཟས་དང་སྐོམ་ལ་དགའ་བ་དང་།། དེ་བཞིན་ཤ་དང་ཆང་ལ་དགའ།། སྤྲུལ་པ་ཞེས་བྱ་ཤ་ཟ་ཡིན། ། གསུམ་པའི་མཚན་མའང་ང་ལས་ཉོན།། ནད་པ་དག་གི་མིག་ཀྱང་ནི།། ནམ་མཁའ་ལ་ཡང་ལྟ་བར་བྱེད།། ཁ་ཟས་བྱིན་པ་རྣམས་དང་ནི།། གནས་དང་གནས་མིན་རྣམས་སུ་འདོར།། ནི་ཤ་དང་ཆང་དག་གིས།། ཇི་ལྟར་བྱས་ཀྱང་ཆོག་མི་ཤེས།། ཐབ་ཁུང་དག་ཏུ་ཉལ་བར་བྱེད།། ཚུལ་ཡང་མེད་ཅིང་ལྟོ་ཆེ་ལ།། རྟག་ཏུ་ཕྱི་བ་རེག་པར་བྱེད།། བུད་མེད་ལམ་དུ་འགོག་པར་བྱེད།། ཤ་ཟ་གཟུ་ལུམས་ཅན་ཞེས་བྱ།། གསུམ་པ་ཡང་ནི་བཤད་པ་ཡིན།། དེ་ནི་གང་གིས་བདེར་འགྱུར་བའི།། གསོ་བའི་ཐབས་ཀྱང་བཤད་པར་བྱ།། ཏིལ་ཟན་ལ་ཕུག་སྒོག་སྐྱ་དང་།། ཏིལ་གྱི་ཚིགས་མ་ནས་ཀྱི་ཟས། ། ཞོ་དང་ཤ་བཙོས་རྗེན་པ་དང་།། བཏུང་བ་དང་ནི་དེ་བཞིན་ཟས།། དེ་ཡི་གཏོར་མ་སྨན་པས་བླངས།། ནུབ་ཕྱོགས་སུ་ནི་རང་བཞིན་སྦྱིན།། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གང་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱིན་པར་བྱ།། པྲི་ཡང་ཀུ་ཡི་མེ་ཏོག་དང་།། ཚ་འདི་ཡང་ནི་དེ་བཞིན་ཏེ་འབྲས་བུ་གསུམ་དང་སྒོག་སྐྱའང་གཞུག། ཤུ་དག་དང་ནི་ཤིང་ཀུན་དང་།། པ་ལ་ཏ་དང་བཅས་པར་གཞུག། ཀ་ཏ་བཀའང་དེ་བཞིན་ཏེ།། ཤྲྀ་རི་ཤ་སཱི་མེ་ཏོག་དང་། དེ་དག་ཆ་ནི་མཉམ་བྱས་ལ། ། ར་གཅིན་དང་ནི་བཏགས་པར་བྱ།། མར་ནི་ཕུལ་བཞིར་ལྡན་པ་དང་།། བ་གཅིན་དག་ནི་བཞི་འགྱུར་ནའང་།། མེ་ནི་ཆུང་ངུས་དལ་ནས་བཙོ།། མིག་ཀྱང་བསྐུས་ཤིང་སྣར་ཡང་བླུགས།། དེ་བཞིན་དུ་ནི་མར་ཡང་བཏུང་།། མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར།། སྣར་བླུགས་འཇིགས་པས་གཟིར་བ་དང་།། མར་འཐུངས་པས་ཀྱང་འཇིགས་གྱུར་ནས།། གདོན་དེར་རབ་ཏུ་འབྲོས་པར་འགྱུར། ། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། སེམས་ཅན་རྣམས་ལ་ཕན་འདོད་པས།། དཀྱིལ་འཁོར་དུ་ནི་ལེགས་པར་གཞུག། འཇིགས་པའི་ཕྱག་རྒྱ་སྦྱིན་སྲེག་ལས།། ནག་མོ་ཡིས་ནི་མྱུར་དུ་གཞོམ།། སྦྱིན་སྲེག་ལས་ཀྱིས་འཇིགས་སྐྲག་ནས།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཤ་ཟའི་གདོ།། གྱི་སྐབས་རྫོགས་སོ།། །། སྔར་བཤད་པ་ནི་གང་ཡིན་པའི།། ཀླུ་ཡི་གདོན་ཡང་བཤད་པར་བྱ།། གཏུམ་ཞིང་སྟོབས་ཆེ་ཁྲོ་བ་དང་།། དྲག་ཅིང་སོས་ཀྱང་འདེབས་པར་བྱེད།། འཇོམས་པར་བྱེད་ཅིང་སེམས་ཅན་འཚེ།། ཡར་ངོ་གཉིས་ཀྱི་ཆོས་ལྔ་དང་།། དེ་བཞིན་མར་གྱི་ཆོས་བདུན་དང་།། དུས་ཚིགས་ཀུན་དང་གུང་གི་ཚེ།། དད་པ་ཅན་གྱི་བྲམ་ཟེ་ལ།། ཀླུ་དབང་གདོན་ནི་རྒྱུ་བར་བྱེད། གདོན་གྱིས་ཟིན་པ་འདར་བ་དང་།། འཁོར་ཞིང་ས་ལ་འགྱེལ་བར་འགྱུར།། ཧ་རེར་ཡང་ནི་ལྟ་བ་དང་།། མིག་ཀྱང་དམར་བར་འགྱུར་བ་དང་།། ལྕེ་ཡང་འབྱིན་པར་བྱེད་པ་དང་།། ཡང་དང་ཡང་དུ་དབུགས་ཀྱང་གཏོང་། ། འབྲས་བུ་མེ་ཏོག་འཕྲེང་བ་དགའ།། དེ་བཞིན་འོ་མ་མར་ལ་དགའ།། རྟག་ཏུ་ཡང་ནི་ཁྲོ་བར་འགྱུར།། སོ་ཡང་འཐམས་པར་འགྱུར་བ་སྟེ།། གང་གི་མཚན་མ་དེ་དག་ནི།། ཀླུ་ཡི་གདོན་དུ་བཤད་པ་ཡིན། ། དེ་ནི་གང་གིས་བདེར་འགྱུར་བའི།། གསོ་བའི་ཐབས་ཀྱང་བསྟན་པར་བྱ།། རིག་སྔགས་འཆང་གིས་ཁྲུས་བྱས་ལ།། གཙང་ཞིང་ཡིད་ནི་དགེ་བ་ཡིས།། བསྒྲིམས་ཏེ་གཏོར་མ་སྦྱིན་པར་བྱ། བཀྲ་ཤིས་འབྲས་ཡོས་བུ་རམ་དང་།། སྣུམ་འཁུར་འབྲས་ཆན་བུ་རམ་སྦྱར།། པདྨ་ཨུཏྤལ་པུ་ཤེལ་རྩི།། དེ་བཞིན་ཨུཏྤལ་དམར་པོ་དང་།། ཟས་མཆོག་དག་ནི་འོ་མ་ཞོ།། ས་ནག་ཀྱང་ནི་དེ་བཞིན་ཏེ། མེ་ཏོག་འཕྲེང་མང་བདུག་པ་དང་།། ཀླུ་ཡི་མེ་ཏོག་སྦྱིན་པར་བྱ།། དྲི་མར་དག་ནི་དེ་བཞིན་ཏེ།། སྐུད་པ་དམར་པོ་སྦྱིན་པར་བྱ།། གུ་གུལ་དང་ནི་ཐང་ཤིང་གི། བདུག་པ་དེ་ལ་སྦྱིན་པར་བྱ།། བྱང་ཕྱོགས་དང་ནིཤར་ཕྱོགས་སུ། ། གཏོར་མ་སྲོད་ལ་སྦྱིན་པར་བྱ།། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི། ཐབས་གཞན་འདི་ནི་སྦྱིན་པར་བྱ།། ལིག་བུ་མིག་ནི་ཆུ་གྲང་དང་།། བཏགས་ནས་མིག་བསྐུས་ཡང་ན་བླུགས།། ཤེ་ཏ་བ་ལ་གསེར་ཕྲོ་མ་དང་།། རྒྱ་སྤོས་དང་ནི་ཡུངས་ཀར་དང་།། ནག་ཏ་མ་ལ་ཏུམ་ཕྱི་དང་ཐང་ཤིང་དང་ནི་རྣམ་པ་བདུན། ། ཚོགས་རྣམས་དེ་དག་བསོགས་ནས་ནི།། མེ་ནི་ཆུང་ངུས་བཙོ་བྱ་ཞིང་།། མར་ནི་ཕུལ་ཏག་བཞི་དག་དང་།། བ་ག་ཅིན་ཕུལ་བཞིའི་ནང་དུ་བཙོ།། དེ་ནས་དེ་ལ་བླུད་པར་བྱ།། དེ་བཞིན་དུ་ནི་སླར་ཡང་བླུགས།། མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར།། སྣར་བླུགས་འཇིགས་པས་གཟིར་པ་དང་།། མར་འཐུངས་པས་ཀྱང་འཇིགས་གྱུར་ནས།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། གང་གིས་གདོན་དེ་གཏོང་འགྱུར་བའི།། སྦྱིན་སྲེག་ལས་ནི་སྦྱར་བར་བྱ། ། སྦྱིན་སྲེག་ལས་ནི་མི་བཟང་དང་།། རྡོ་རྗེ་ལྟེ་བས་བཅོམ་བྱས་ན།། སྦྱིན་སྲེག་ལས་ནི་འཇིགས་ཀ་ཟིར་བས།། ཀླུ་ཡིས་མི་ནི་གཏོང་བྱེད་ཅིང་།། ཀླུ་ནི་མྱུར་དུ་འབྲོས་པར་འགྱུར།། ཀླུ་ཡི་གདོན་གྱིས་ཟིན་པ་ལ། ། གང་གིས་གཞན་དུ་འགལ་བར་བྱེད།། རིག་སྔགས་འཆང་དང་མི་དག་ལ།། བརྩེ་བའི་ཕྱིར་ནི་འོང་བྱེད་ན།། གོ་ཆ་བརྟན་པར་བགོ་བྱ་ཞིང་།། རིག་པ་མཆོག་གི་གོ་བགོས་ལ། མ་རུངས་དུག་ནི་མི་བཟད་པ།། ཕོ་ཉ་མོས་ནི་ངེས་པར་འཇོམས།། ལག་ན་རྡོ་རྗེ་རིགས་མཆོག་མ།། ཕོ་ཉ་སྟོབས་ཆེན་གང་ཡིན་པའི།། སྙིང་པོ་དྲག་ཅིང་འཇིགས་པ་ཡི།། ལས་ཀྱིས་སྤྱི་བོར་འཇོམས་པར་བྱེད། ། བཅོམ་པ་དེས་ན་དབྱེ་བྱེད་ཅིང་།། གདོན་ནི་ངེས་པར་རླག་པར་འགྱུར།། ཀླུའི་གདོན་གྱི་སྐབས་རྫོགས་སོ།། །། སྔར་བཤད་པ་ནི་གང་ཡིན་པའི། ། ལོག་འདྲེན་གདོན་ཡང་ཤེས་པར་བྱ།། གཏུམ་ཞིང་དྲག་ལ་གཟུ་ལུམས་ཅན།། ལྕི་ཞིང་འཇིག་རྟེན་འཇོམས་པ་སྟེ།། མར་གྱི་ངོ་ཡི་ཚེས་ལྔ་དང་།། ཚེས་གྲངས་བཅུ་བཞི་གནམ་སྟོང་ལ། ། སྐྱེ་བོ་གནས་དང་འགྲོ་བ་ལ།། དུས་ཀུན་ཏུ་ནི་འཚེ་བར་བྱེད།། དྲི་མ་ཅན་དང་གོས་ངན་ཅན།། དེ་བཞིན་ཁ་ཟས་ཁྱོས་མ་ཟ།། དགའ་བར་འགྱུར་དང་ཁྲོ་བ་དང་།། བུད་མེད་ཀྱིས་སྤབས་གང་ཡིན་དང་། ། ཆུ་ངོགས་བུད་མེད་བལྟས་པ་དང་།། ཤིང་ལ་འཛེག་ཅིང་བཤང་གཅི་བྱེད།། འགྲེང་ཞིང་བཤང་གཅི་བྱེད་པ་དང་།། གཅེར་བུར་རྒྱུག་པ་གང་ཡིན་དང་།། གཞན་གྱི་གྲོས་དང་འདྲེས་པ་དང་། ། གོས་ཀྱི་ཐ་མས་གཡབ་པ་ཡི།། མི་རྣམས་གང་གིས་ཟིན་པ་ཡི།། ཞུམ་ཞིང་ངུ་བར་བྱེད་པ་དང་།། ནོར་རྣམས་ཀྱང་ནི་ཆུད་ཟ་ཞིང་།། གཞན་གྱི་ཡིད་དུ་མི་འོང་དང་།། སྐྱེས་པ་ཆུང་མ་རྙེད་མི་འགྱུར། ། བུད་མེད་ན་ནི་ཁྱོ་མི་རྙེད།། ཚོང་བྱེད་ན་ཡང་ཟོང་དག་གིས།། ཁེ་སྤོགས་རྙེད་པར་མི་འགྱུར་ཞིང་།། ཞིང་གཤིན་དག་ལ་རྨོས་བཏབ་ཀྱང་།། རྨོས་པའི་འབྲས་བུ་ཐོབ་མི་འགྱུར།། མཚན་ནི་ཐམས་ཅད་རྫོགས་པ་ཡི།། རླུང་མ་ལས་ཀྱང་བུ་མི་འབྱུང་།། དོན་གཞན་བྱ་བར་བརྩམས་ཀྱང་ནི།། ལོག་པའི་བློ་ནི་གཞན་དུ་འགྱུར།། དེ་དག་གང་ལ་སྣང་གྱུར་པའི།། དེ་ཡི་གསོ་བའི་ཐམས་ཀྱང་བཤད། ། ཁང་པ་མཉམ་ཞིང་གསར་བྱས་ལ།། རིན་ཆེན་ཐམས་ཅད་བསགས་པར་བྱ།། བུམ་པ་བཞི་ཡང་དེར་གཞག་ཅིང་།། བཀྲ་ཤིས་རྣམས་ཀྱང་དབུལ་བར་བྱ།། རྫས་རྣམས་དང་ནི་འབྲས་རྣམས་དང་། ། བུམ་པ་བ་དན་སྔོན་པོ་དང་།། ཤ་བཙོས་དང་ནི་རྗེན་པ་དང་།། དེ་བཞིན་འཁུར་བ་ཟས་རྣམས་དང་།། དྲི་དང་མེ་ཏོག་དཀར་པོ་དང་།། འབྲས་ཀྱི་འོ་ཐུག་དེར་སྤྱིར་བྱ། ། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། དེ་ནི་ཁྲུས་ཀྱང་བྱེད་དུ་གཞུག། བ་ལ་ཨ་ཏི་བ་ལ་དང་།། ཀན་ཏ་ཀ་རི་འབྲི་ཧ་ཏི།། བ་ཏྲ་དང་ནི་པུ་ཤེལ་ཅི།། པྲི་ཡང་ཀུ་དང་ཤུ་ཏི་དང་།། ཕྱེ་མའི་གོང་བུ་འདི་ཡིས་ནི། ། རབ་ཏུ་མཉམ་བཞག་ཁྲུས་བྱེད་གཞུག། རིག་སྔགས་འཆང་ནི་ཤར་ཕྱོགས་ལྟ།། ནད་པ་ནུབ་ཕྱོགས་བསྟན་བྱས་ལ།། གོས་དཀར་ཅན་གྱི་སྙིང་པོ་དང་།། ལྡན་པའི་ཆུས་ནི་དབང་ཡང་བསྐུར།། དེ་ནས་བློ་ལྡན་ཡིད་གཞུངས་པས། ། བདུད་རྩི་ཐབ་སྦྱོར་ལྡན་པ་ཡི།། སྦྱར་སྨན་གྱིས་ནི་ལུས་ཀྱང་བསྐུ།། གུ་གུལ་དང་ནི་ཡུངས་ཀར་དང་།། གིའུ་ཝང་ཤུ་དག་རུ་རྟ་དང་།། སུག་སྨེལ་ཡང་ནི་དེ་བཞིན་ཏེ།། སྨོན་ཤིང་དང་ནི་ཐང་ཤིང་དང་། ། ཙན་དན་དང་ནི་ཨ་ཀ་རུ།། ཀ་ལ་ཡ་ཡི་པད་འདྲ་དང་།། གེ་སར་རྣམས་ནི་ཆ་བསྙམས་ལ།། ཆུ་དང་ལྷན་ཅིག་བཏག་པར་བྱ།། གང་ན་སྦྱར་སྨན་འདི་གནས་པ།། དེར་ནི་འཇིགས་པ་མི་འབྱུང་སྟེ། ། ཆོམ་རྐུན་མ་ཡིན་མཚོན་རྣམས་མིན།། སྦྲུལ་རྣམས་མ་ཡིན་ལྷ་མིན་མིན།། ལག་ན་རྡོ་རྗེའང་འདིས་བསྐུས་པས།། ས་སྟེངས་དག་ཏུ་བརྒྱལ་བར་འགྱུར།། འདི་ཡིས་ལུས་ལ་བསྐུས་ན་ནི།། ལོག་འདྲེན་རྣམས་ལས་ཐར་པར་འགྱུར། ། སྦྱར་སྨན་དོན་ཀུན་སྒྲུབ་པ་ནི།། སྔར་ཡང་ངས་ནི་བཤད་པ་ཡིན།། ལོག་འདྲེན་གྱི་གདོན་གྱི་སྐབས་རྫོགས་སོ།། །། སྔར་བཤད་པ་ནི་གང་ཡིན་པའི།། བརྗེད་བྱེད་གདོན་ཡང་ཤེས་པར་བྱ།། དྲག་ཅིང་ཁྲོ་ལ་གཏུམ་པ་དང་།། གཟུ་ལུམས་ཅན་དེ་ཚུགས་པར་དཀའ།། ཚེས་གཉིས་དང་ནི་ཚེས་བཞི་དང་།། དེ་བཞིན་དགུ་དང་བཅུ་གཉིས་དང་།། མར་གྱི་བཅུ་བཞི་དེ་བཞིན་ཏེ། ། བརྗེད་བྱེད་དག་ནི་འཇུག་པར་འགྱུར།། དང་པོའི་ཐུན་ནི་འདས་ནས་ཀྱང་།། ལྷག་མ་རྣམས་ལ་དེ་བཞིན་ལྡང་།། ཕྱི་ནས་རླུང་བཞིན་ཡང་དང་ཡང་།། དེ་ནས་ཡུད་ཙམ་ཉིན་ཞག་དང་།། དེ་བཞིན་ཟླ་བྱེད་ཟླ་དང་ལོར། ། དབུ་བ་སྐྱུག་ཅིང་བརྒྱལ་བར་འགྱུར།། ལུས་ལས་རྡུལ་ཡང་འབྱུང་བར་འགྱུར།། གདོན་གྱིས་ཟིན་པ་འཁོར་བ་དང་།། ས་ལ་འགྱེལ་ཞིང་འཁོར་བར་འགྱུར།། བརྗེད་བྱེད་གདོན་གྱིས་ཟིན་པ་ཡི།། དེ་ཡི་མཚན་མ་དེ་དག་ཡིན།། གང་གིས་གདོན་དེ་གཏོང་འགྱུར་བའི།། གསོ་བའི་ཐབས་ཀྱང་བཤད་པར་བྱ།། བདུག་པ་དྲི་དང་མེ་ཏོག་འཕྲེང་།། དེ་བཞིན་ཤ་བཙོས་རྗེན་པ་དང་།། ཏིལ་ཟིན་དང་ནི་འབྱུང་པོའི་ཟས། དེ་བཞིན་ཤུག་པ་པུ་ཤེལ་ཙི།། བྱུག་པ་དང་ནི་མར་ཡང་བླུད།། འབྲས་བུ་གསུམ་ལས་སྲང་གཅིག་དང་།། ཚ་བ་གསུམ་ལས་སྲང་གཅིག་གཞུག། སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ།། ཡུངས་ཀར་སྟོང་ཡང་དེ་བཞིན་ཏེ། ། ནག་ཏ་མ་ལའི་ས་བོན་དང་།། བིལ་བའི་རྩ་བ་དེ་བཞིན་ཏེ།། དེ་དག་ཆ་ནི་མཉམ་བྱས་ལ།། ར་གཅིན་དང་ནི་བཏག་པར་བྱ།། མར་དང་བ་གཅིན་བཞི་འགྱུར་གྱི།། ནང་དུ་ཡང་ནི་བཙོ་བར་བྱ།། མིག་ཀྱང་བསྐུ་ཞིང་སྣར་ཡང་བླུགས།། དེ་བཞིན་མར་ཡང་བཏུང་བར་བྱ།། མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར།། སྣར་བླུགས་འཇིགས་པས་གཟིར་བ་དང་།། ཆོ་ག་འདི་དག་རྣམས་ཀྱིས་ཀྱང་།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ཡང་བཤད་པར་བྱ།། དཀྱིལ་འཁོར་བྲིས་ཏེ་གཞུག་པར་བྱས་ལ་སྤྱན་ནམ། ཡང་ན་བདུད་རྩི་ཐབ་སྦྱོར་རམ། ཚོགས་ཆེན་པོ་ལྕགས་ཅན་གྱིས་བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་གི་སྦྱིན་སྲེག་བྱས་ན་གདོན་དེ་འབྲོས་པར་འགྱུར་རོ།། བརྗེད་བྱེད་ཀྱི་གདོན་གྱི་སྐབས་རྫོགས་སོ། ། །། སྔར་བཤད་པ་ནི་གང་ཡིན་པའི།། སྨྱོ་བྱེད་གདོན་ཡང་ཤེས་པར་བྱ།། དྲག་ཅིང་གཏུམ་ལ་གཟུ་ལུམས་ཅན།། ལྕི་ཞིང་ཚུགས་པར་དཀའ་བ། སྟེ། མར་གྱི་ངོ་ཡི་ཞག་གཉིས་དང་།། ཞག་དགུ་ལ་ནི་འཚེ་བྱེད་ཅིང་།། རླུང་དང་བད་ཀན་རང་བཞིན་གྱིས།། སྨྱོ་བྱེད་གདོན་ནི་འཇུག་པར་འགྱུར།། དེ་ཡི་ཚུལ་ནི་བཤད་པར་བྱ།། ངས་བཤད་དེ་ནི་མཉན་པར་གྱིས། ། གཟུགས་ནི་རབ་ཏུ་མཛེས་པ་ཡིན།། ཤིན་ཏུ་དགའ་ཞིང་སྤྲོ་བར་འགྱུར།། དཔའ་བོ་དང་ནི་གཟུགས་བཟང་དང་།། མི་ནི་གླུ་ལ་སྲེད་པ་ལ།། རྩེད་མོ་ལ་སོགས་གཏམ་དག་ལས། སྨྱོ་བྱེད་འཛིན་ཏེ་ཐེ་ཙོམ་མེད།། མཚན་འདི་དག་གིས་ཤེས་པར་བྱ།། ཚུལ་རྣམས་ཀྱང་ནི་འདིར་ཉོན་ཅིག། གླུ་ལེན་ཅིང་ནི་གར་བྱེད་དང་།། དགོད་པར་བྱེད་ཅིང་ངུ་བ་དང་།། དྲི་དང་མེ་ཏོག་འཕྲེང་ལ་དགའ། ། རླུང་དང་བད་ཀན་གནས་པ་ཡིན།། རབ་ཏུ་རྒྱུག་གམ་ཡང་ན་འགྲེང་།། དལ་ནས་ཀྱང་ནི་དགོད་པ་དང་།། གཉིས་ཀྱང་ཆེ་བར་མི་འགྱུར་ལ།། ཅུང་ཟད་ཀྱང་ནི་སྨྲ་མི་བྱེད།། ཁ་ཟས་ལ་ཡང་དགའ་བ་རྣམས། ། རླུང་མཁྲིས་བད་ཀན་གནས་པ་ཡིན།། ཤིན་ཏུ་དྲག་ཏུ་སྨྲ་བ་དང་།། མང་དུ་ཡང་ནི་སྨྲ་བ་དང་།། གཏམ་གྱི་ཚུལ་ལ་དགའ་བའི་རྣམས།། བད་ཀན་གནས་ལ་བརྟེན་པ་དང་། གནས་གསུམ་ལ་ནི་བརྟེན་འགྱུར་ལ།། ཚུལ་ཀུན་ཡང་ནི་བྱེད་གྱུར་ན།། དེ་ནི་གསོར་མེད་ཤེས་པར་བྱ།། དེ་ལ་སྤྱད་པར་བྱ་བ་མེད།། ལྷ་རྣམས་ལག་ན་རྡོ་རྗེ་ངའི་མཚམས་རླུང་འདི་ནི་གསོར་མི་རུང་བ་ལའང་ཚར་གཅོད་པ་ཡིན་ནོ། ། གདོན་གང་ངའི་མིང་ཐོས་ཀྱང་མི་འབྲོས་པ་དེ་ལ་ནི་ངས་རྡོ་རྗེ་དྲག་པོས་སྤྱི་བོ་གཤོག་པར་བྱའོ།། སྨན་དང་གསང་སྔགས་གང་གིས་སྨྱོ་བྱེད་ཀྱི་གདོན་སྟོབས་པོ་ཆེ་ལ་གསོ་བའང་བཤད་པར་བྱ་སྟེ། དྲི་ཀུན་དང་ནི་མེ་ཏོག་འཕྲེང་།། དེ་བཞིན་རོལ་མོའི་སྤྱད་ཀུན་དང་།། འབྲས་ཆན་དྲི་ཞིམ་གཙང་མ་དང་།། འོ་ཐུག་འབྲུ་ཆང་སྦྱར་བའི་ཆང་།། དེ་ལྟར་གཏོར་མ་རྣམས་བསོགས་ལ། ། ལམ་གྱི་བཞི་མདོར་སྦྱིན་པར་བྱ།། གཏོར་མའི་ལས་ནི་འདི་དག་གིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི། ། ཐབས་གཞན་འདི་ནི་སྦྱར་བར་བྱ།། མར་རྙིང་ལོ་ནི་སུམ་ཅུ་གཉིས།། ལོན་པའི་མར་དེ་ཕུལ་བཞི་དང་།། འོ་མ་ཕུལ་བཞི་དག་དང་ནི།། སྦྲང་རྩི་ཕུལ་བཞིར་ལྡན་པར་བྱ། རྟ་བ་ལང་ཀོ་བ་བསྲེགས་པ་ཡི།། ཕྱེ་མ་ཕུལ་བཞི་གཞུག་པར་བྱ།། སྒོག་སྐྱ་བརྒྱ་ཡང་གཞུག་པར་བྱ།། སྲང་གྲངས་སུམ་ཅུ་ཨ་རུ་ར།། སྲང་གྲངས་ཉིས་འགྱུར་ཚ་བ་གསུམ།། གསོ་བ་པོས་ནི་གཞུག་བྱ་སྟེ། ། ལྷན་ཅིག་ཕྱེ་མ་ཞིང་མོར་བྱ།། གང་ཚེ་ཐམས་ཅད་ཆོམས་གྱུར་ནས།། དེ་བཞིན་དུ་ནི་ཐམས་ཅད་ཀྱི།། ཕྱི་རུ་ཡང་ནི་དབྱུང་བར་བྱ།། མི་ཡི་འཇིག་རྟེན་གནས་པ་ཡི། ། གདོན་རྣམས་ཐམས་ཅད་ཇི་སྙེད་པ།། རླུང་ཅན་དང་ནི་མཁྲིས་པ་ཅན།། བད་ཀན་ཅན་དང་འདུས་པ་ཅན།། གདོན་གྱི་གཟུགས་ནི་ཐམས་ཅད་ཀྱི།། སྨན་རྣམས་ཀྱང་ནི་འདི་ཡིན་ཏེ།། རྡོ་རྗེ་ལྷ་ཡི་མར་ཞེས་བྱ།། གདོན་ཀུན་གཏོང་བར་འགྱུར་བ་དང་།། གདོན་ཀུན་ཞི་བར་བྱེད་པ་དང་།། གདོན་ཀུན་འཇིགས་པར་བྱེད་པ་སྟེ།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། ང་ཡིས་སུ་ནི་བ་པ་ཡིན། ། གང་ཞིག་སྨན་གྱི་རྒྱལ་པོ་ཡི།། མིང་ནི་ལེགས་པར་དྲན་བྱེད་པ།། དེ་ལ་གདོན་རྣམས་ཐམས་ཅད་ཀྱིས།། གླགས་བཙལ་ཕྱིར་ནི་བརྩོན་མི་བྱེད།། དེ་ཕྱིར་དེ་ལ་བླུད་པར་བྱ།། དེ་བཞིན་སྣར་ཡང་བླུགས་པར་བྱ། ། ཆོ་ག་འདི་དག་གིས་ཀྱང་ནི།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། དཀྱིལ་འཁོར་བྲིས་ལ་དེར་གཞུག་པར་བྱ་སྟེ། དཀྱིལ་འཁོར་དེར་རིག་སྔགས་ཀྱི་རྒྱལ་པོ་འམ། ཚོགས་ལྕགས་ཅན་ནམ། རྨུགས་བྱེད་ཀྱིས་སྦྱིན་སྲེག་བྱའོ།། ལྷ་རྣམས་འདི་ནི་ལག་ན་རྡོ་རྗེའི་ཚམ་རླུངས་ཡིན་ཏེ། གསོར་མི་རུང་བ་རྣམས་ཀྱང་ཚར་གཅོད་པར་བྱེད་དོ།། གདོན་གང་ངའི་མིང་ཐོས་ནས་མི་འབྲོས་པ་དེ་ལ་རྡོ་རྗེ་དྲག་པོས་སྤྱི་བོ་གཤག་པར་བྱའོ།། ལྷ་རྣམས་དེ་བཞིན་གཤེགས་པའི་བཀས་མ་རུང་བ་རྣམས་གཞོམ་པ་བཟང་པོ་རྣམས་ངས་བཤད་ཟིན་ཏོ། ། སྨྱོ་བྱེད་ཀྱི་གདོན་གྱི་སྐབས་རྫོགས་སོ།། ། སྔར་བཤད་པ་ནི་གང་ཡིན་གདོན།། ལྷ་མ་ཡིན་གདོན་ཤེས་པར་བྱ། གཏུམ་ཞིང་གཟུ་ལུམས་འཚེ་བ་དང་།། འཇིག་རྟེན་འཚོ་བར་བྱེད་པོའི་སྟེ།། གཟི་བརྗིད་ཅན་དང་ལུས་ཆེ་དང་།། གཟུགས་བཟང་ཡོན་ཏན་ལྡན་པ་ལ། ལྷ་མ་ཡིན་ནི་འཇུག་པར་བྱེད།། དེ་ཡི་མཚན་མ་ཚུལ་བཞིན་ཉོན། ། རིག་སྔགས་འཆང་ལ་བརྙས་པར་བྱེད།། རིག་བྱེད་ཀྱང་ནི་སྨྲ་བར་བྱེད།། སྐེམ་བྱེད་ང་ཡིན་ཁྱབ་འཇུག་པ།། ཞེས་ནི་བརྫུན་ཡང་སྨྲ་བར་བྱེད།། གདོན་ཀུན་གྱི་ནི་ཚུལ་དག་དང་།། རྣམ་པ་མང་པོར་སྒྱུར་བར་བྱེད། ། ངུ་ཞིང་རེས་འགའ་སོས་ཀྱང་འཛིན།། རེས་འགའ་ཐ་ཀྱང་ཟ་བར་བྱེད།། ལག་པས་རྩཝ་དག་བླངས་ནས་ཀྱང་།། སྐད་ཅིག་གིས་ནི་མི་ལ་འཚེ།། ཚིག་ངན་གད་རྒྱངས་སྨྲ་བར་བྱེད།། ཤིན་ཏུ་ཡང་ནི་དགོད་པར་བྱེད། ། ལྷ་མ་ཡིན་གྱི་གདོན་རྣམས་ཀྱི།། མཚན་མ་ཡང་ནི་དེ་ཡིན་ཏེ།། ཆོ་ག་ཡང་ནི་དེ་བཞིན་དུ།། དེ་ཡི་ངོ་ལོན་གང་དག་གིས།། གདོན་དེ་གཏོང་བར་འགྱུར་བའང་བྱ།། མེ་ཏོག་ཀུན་དང་དྲི་དག་དང་།། ། མེ་ཏོག་འཕྲེང་བ་སྣ་ཚོགས་དང་།། པདྨ་ཨུཏྤལ་དུ་ཤེལ་ཙི།། ཨུཏྤལ་དམར་པོའི་འདབ་མ་དང་།། ཤ་བཙོས་དང་ནི་རྗེན་པ་ཡི།། ངོ་ལོན་དག་ནི་འཇམ་པོར་བྱ།། དེ་ནས་རིག་སྔགས་འཆང་དག་གིས།། གཙང་སྠ་བྱ་སྟེ་ནུབ་ཕྱོགས་སྦྱིན། ། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། འབྲས་བུ་གསུམ་དང་ཚ་བ་དང་།། བ་ལ་ཨ་ཏི་བ་ལ་དང་།། ཐལ་དྲེས་དང་ནི་པུ་ཤེལ་ཅི།། རྩ་བ་ལྔ་རྣམས་བསོགས་ནས་ནི།། མར་ནི་ཕུལ་ཏག་བཞི་དག་དང་།། བ་གཅིན་ཕུལ་བཞིའི་ནང་དུ་བཙོ། ། མེ་ནི་ཆུང་ངུས་དལ་ནས་བཙོ།། དེ་ནས་དེ་ལ་བླུད་པར་བྱ།། དེ་བཞིན་དུ་ནི་སྣར་ཡང་བླུགས།། མིག་བསྐུས་ལུས་བྱུགས་འཇིགས་པར་འགྱུར།། སྣར་བླུགས་འཇིགས་པས་གཟིར་བ་དང་། ། མར་འཐུངས་པས་ཀྱང་འཇིགས་གྱུར་ནས།། གདོན་དེར་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། རྡོརྗེ་སེར་སྐྱས་སྦྱིན་སྲེག་བྱ།། རྡོ་རྗེ་སྒྲོག་གིས་བཅིང་བར་བྱ།། དེ་དག་སྔགས་ཀྱིས་ཚར་ཡང་གཅད།། ལྷ་མ་ཡིན་གྱི་གདོན་གྱི་སྐབས་རྫོགས་སོ།། ། དེ་ནས་ངས་ནི་སྔར་བཤད་གག། གཞོན་ནུའི་གདོན་བཞིན་ཤེས་པར་བྱ།། གཏུམ་ཞིང་ཁྲོ་ལ་གཟུ་ལུམས་ཅན།། འགྲོ་བའི་གནས་དང་མི་གནས་འཇོམས།། ཚེས་གཉིས་དང་ནི་བཅུ་གཅིག་དང་།། མར་གྱི་ངོ་ཡི་ཞག་ལྔ་དང་།། ཕལ་ཆེར་ཚེཆོས་བཅུ་དག་ལ་རྒྱུ། ། གཞོན་ནུའི་སྲོག་ནི་གཅོད་པ་ཡི།། རྟག་ཏུ་གསུམ་ཞིག་རྒྱུ་བར་བྱེད།། བྱིས་པ་གསོད་ཅིང་མི་བསྲུན་ན།། རིགས་བཞི་ལྡན་ཞིང་རྟག་ཏུ་རྒྱུ།། གཏོར་མ་འདོད་པའི་གདོན་ཆེན་ཡིན། དེ་ལས་གཞན་པའི་གང་དག་གི། རིགས་རྣམས་ཅི་འདྲ་བཤད་པར་གྱིས།། ནམ་གྲུ་བྲམ་ཟེར་ཤེས་པར་བྱ།། བྱ་ནི་རྒྱལ་རིགས་ཡིན་པར་བསྟན།། སྐེམ་བྱེད་རྗེའུ་རིགས་ཤེས་པར་བྱ།། གཞོན་ནུ་དམངས་རིགས་ཤེས་པར་བྱ།། གྱེན་དུ་ལྟ་བ་གང་ཡིན་དང་།། སྐད་ཅིག་སྐད་ཅིག་འཁོར་བར་བྱེད།། རིམས་དང་ལུད་པ་དབུགས་མི་བདེ།། དེ་ནི་ནམ་གྲུའི་གདོན་ཡིན་ནོ།། མིག་ཕབ་པ་ནི་གང་ཡིན་དང་། ། སོ་ཡང་འཆའ་བར་བྱེད་པ་དང་།། རྔམ་པ་ཅན་དང་རིམས་བཏབ་གང་།། དེ་ནི་བྱ་ཉིད་ཡིན་པར་བསྟན།། གློ་བུར་དུ་ནི་ངུ་བ་གང་།། རིམས་ཀྱིས་བཏབ་ཅིང་རབ་ཏུ་རྒྱུག། སྡང་ཞིང་དགོད་པར་བྱེད་པ་དང་། ། དེ་བཞིན་འདར་ཞིང་གླལ་བར་བྱེད།། བྱིས་པ་གང་གི་ཁ་དག་ནས།། དྲི་ང་བ་ནི་འབྱུང་བ་དང་།། ལུས་ལ་རྨ་དང་འབྲུམ་བུ་འབྱུང་།། ཚ་ཞིང་མེ་ཡི་མདོག་དང་འདྲ།། མཚན་མོ་དུས་འཚམས་ལྡང་བར་འགྱུར། ། དུས་འཚམས་དག་ཏུ་བབ་པ་ན།། འཁྲུ་ཞིང་རིམས་འདེབས་སྐྱུག་པ་དང་།། ལུས་ཀྱང་སྔོན་པོར་གྱུར་པ་དང་།། གང་ཞིག་ལུས་ནི་རྡོ་པར་བྱེད།། རིམས་ཀྱིས་ཀྱང་ནི་འཚེ་བ་དང་། ། ནུ་མ་ཤིན་ཏུ་སོས་ཀྱང་འདེབས།། ལན་གྲངས་མང་དུ་ངུ་ཞིང་འདར།། མིག་ཀྱང་དམར་པོར་གྱུར་པ་དང་།། མི་དགའ་མཆུ་ཡང་མུར་བར་བྱེད།། བྱིས་པ་སྐེམས་བྱེད་ཟིན་པ་ཡིན།། ལག་པ་དང་ནི་རྐང་པ་གཅིག། ལས་བྱས་པས་ནི་ཚོགས་ཀྱང་ན།། མིག་ནི་འཁོར་ཞིང་ལྟ་བར་བྱེད།། མིག་གཅིག་ཀྱང་ནི་འཛུམས་པར་བྱེད།། རྣག་དང་ཁྲག་གི་དྲི་ཡང་མནམ།། སྨིན་མ་ཡ་གཅིག་འདེགས་པར་བྱེད། ། སྐེམ་བྱེད་བརྗེད་བྱེད་གདོན་རྣམས་ཀྱི།། མཚན་མ་དག་ཏུ་བསྟན་པ་ཡིན།། གཞོན་ནུའི་གདོན་ལ་གཏོར་མ་བྱ།། ལེགས་པར་ཁྲུས་བྱས་གཙང་མས་སྒྲིམ།། དབྱིག་རྣམས་དང་ནི་གསེར་རྣམས་དང་། ། གོས་ཀྱང་དེ་ལ་སྦྱིན་པར་བྱ།། སྣུམ་འཁུར་བཀྲ་ཤིས་འབྲས་ཡོས་དང་།། འབྲས་ཆན་དང་ནི་ཟན་དྲོན་དང་།། ཤ་བཙོས་དང་ནི་རྗེན་པ་དང་།། ཆང་དང་ཏིལ་ཟན་རྣམས་དང་ནི། ། ཏིལ་དང་འབྲས་ཆན་བུ་ཤེལ་ཙི།། འབྲས་ཀྱི་འོ་ཐུག་ཡུངས་ཀར་ལྡན།། བ་ལང་གི་ནི་ཆུ་ཀ་འམ།། ཤིང་སྐམ་མ་མོའི་གནས་དག་ཏུ།། གཏོར་མ་མེ་མར་བཅས་པ་འདི། སྲོད་ལ་ཡང་ནི་སྦྱིན་པར་བྱ།། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་བ་ཡི།། ཐབས་གཞན་དག་ནི་སྦྱར་བར་བྱ།། བུ་ཚང་རྡོ་དང་ར་མིཉེ་བ།། གསེར་ཁྲོམ་དང་ནི་སྐྱེར་པ་ཡུང་།། ཀ་པིད་ཏ་ཡི་ཁུ་བ་དང་།། པ་ལ་ཤ་ཡི་ལོ་མ་དང་།། སྦྲང་རྩི་རན་ཙམ་གཞུག་པར་བྱ།། སེང་ལྡེང་སྙིང་པོ་ཚ་བ་གསུམ།། བཙོད་དང་ཤིང་མངར་ཐམས་ཅད་དང་། ། དེ་དག་ཆ་ནི་མཉམ་བྱས་ལ།། ར་གཅིན་དང་ནི་བཏག་པར་བྱ།། མར་ནི་ཕུལ་བ་ནི་གཞུག་པར་བྱ།། བ་གཅིན་ཡང་ནི་བཞི་འགྱུར་ཐུགས།། གོ་ཕྱེའི་ལོ་མ་དག་དང་ནི།། བ་ར་བ་ར་ཀ་རུལ་པ་དང་། ། ཏིལ་རུལ་ནས་ཀྱི་ལོ་མ་ཡི།། བླུགས་པའི་སྨན་ནི་བྱ་བ་ཡིན།། མར་ནི་ཕུལ་ཏག་ཕྱེད་ཀྱིས་ཀྱང་།། གོང་བུའི་སྨན་མཆོག་བཙོ་བར་བྱ།། དུས་འཚམས་གཉིས་སུ་མཁས་པ་ཡིས།། དེ་ནི་ཁྲུས་ཀྱང་བྱེད་དུ་གཞུག། གཞོན་ནུའི་གདོན་ནི་ཐམས་ཅད་ལས།། གསོ་བའི་ཐབས་ནི་དམ་པ་ཡིན།། ཀུན་ནས་གསོ་བའི་ཐབས་ཡོད་དེ།། ཐམས་ཅད་ཀྱང་ནི་འཚེ་བ་ཡོད།། ཆོ་ག་འདི་དག་གིས་ཀྱང་ནི།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། དགའ་བྱེད་གདོང་གིས་ཁྲུས་བྱ་ཞིང་།། གཏོར་མ་ཡང་ནི་དེ་ལ་སྦྱིན། ། ཡང་ན་རིག་པ་མཆོག་གོས་བྱ།། དེས་ནི་གདོན་དེ་གཏོང་བར་འགྱུར།། གཞོན་ནུའི་གདོན་གྱི་སྐབས་རྫོགས་སོ།། །། སྔར་བཤད་པ་ནི་གང་ཡིན་པའི།། གནོད་སྦྱིན་གདོན་ཡང་ཤེས་པར་བྱ།། གཏུམ་ཞིང་གཟུ་ལུམས་ཆེ་བ་སྟེ།། འཇིག་རྟེན་དག་ལའང་འཚོ་བར་བྱེད།། ངོ་གཉིས་ཚེས་ནི་བཅུ་གསུམ་དང་།། ཡར་གྱི་ཚེས་ལྔ་དག་ལ་རྒྱུ།། སྐྱེད་མོས་ཚལ་དང་ལྷ་གནས་སུ། ། གཙང་ཞིང་སྤྱོད་པ་གཙང་བ་དང་།། མི་རྣམས་གཟུགས་ནི་བཟང་བ་དང་།། རྒྱན་པོས་རྩེ་ལ་རབ་ཆགས་དང་།། བཞི་ན་དོ་གང་དུ་རྩེ་བ་ན།། བྲམ་ཟེ་རྒྱལ་རིགས་རྟག་ཏུ་འཛིན།། གནོད་སྦྱིན་གདོན་གྱིས་ཟིན་གྱུར་པ། ། དེ་ཡི་མཚན་མ་ཤེས་པར་བྱ།། དྲི་དང་མེ་ཏོག་འཕྲེང་ལ་དགའ།། ཟས་སྐོམ་ལ་ཡང་དེ་བཞིན་དགའ།། ཁྲུས་དང་རྒྱན་ལའང་དེ་བཞིན་དགའ།། ཁྲོ་བ་མེད་ཅིང་མི་ངུ་ལ།། ཡང་དང་ཡང་དུ་ཟས་ཀྱང་ཟ། ། དབང་ཡང་ཆེ་ཞིང་ནོར་མང་ལ།། དེ་བཞིན་རྟག་ཏུ་སྦྱིན་ལ་དགའ།། རྟག་ཏུ་ཤིན་ཏུ་གཙང་སྦྲ་ལྡན།། དེ་ནི་གསོ་བའི་ཐབས་ཀྱང་བཤད།། ཟས་ཀུན་དང་ནི་དྲི་ཀུན་དང་།། དེ་བཞིན་མེ་ཏོག་ཐམས་ཅད་དང་། ། ཤིང་ཐོག་ཀུན་དང་སྦྱར་ཐུག་དང་།། དེ་བཞིན་འབྲས་ཀྱོ་འོ་ཐུག་དང་།། ཤ་བཙོས་དང་ནི་རྗེན་པ་དང་།། ཏིལ་ཟིན་དང་ནི་འབྱུང་པོའི་ཟས།། གདུགས་སེར་དང་ནི་མཆོད་ཕྱིར་ཐོགས།། དེ་བཞིན་དུ་བ་སེར་པོ་དང་། ། དབྱིག་རྣམས་དང་ནི་གསེར་དག་དང་།། རིན་ཆེན་རྣམ་པ་སྣ་ཚོགས་རྣམས།། ཚུལ་བཞིན་དུ་ནི་སྦྱིན་པར་བྱ།། གཏོར་མ་དེ་དག་བསོགས་ནས་ཀྱང་།། བྱང་ཕྱོགས་སུ་ནི་སྦྱིན་པར་བྱ། ། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། གྲོ་རྣམས་དང་ནི་ནས་རྣམས་དང་།། མོན་སྲན་གྲེའུ་དང་རྒྱ་སྲན་དང་།། འབྲས་བུ་གསུམ་དང་ཚ་བ་གསུམ།། དེ་བཞིན་ཡུངས་ཀར་པྲི་ཡང་ཀུ།། ཤུ་དག་དང་ནི་ཤིང་ཀུན་དང་།། དེ་བཞིན་རྩ་བ་ལྔ་པ་གཉིས།། ཏིལ་རྣམས་སྒོག་སྐྱ་ལྡན་པར་གཞུག། མར་ནི་ཕུལ་བཞིའི་ནང་དུ་བཙོ།། འོ་མ་ཕུལ་བཞི་སྦྲང་རྩི་བཞི།། བ་གཅིན་ཕུལ་བཞི་བླུགས་པར་བྱ།། བ་ལང་ཀོ་བ་བསྲེགས་པ་ཡི།། ཕྱེ་མ་ཕུལ་བཞི་གཞུག་པར་བྱ།། མེ་ནི་ཆུ་དུས་དལ་ནས་བཙོ།། དེ་ནས་དེ་ལ་བླུགས་པར་བྱ།། དེ་བཞིན་དུ་ནི་སྣར་ཡང་བླུགས།། མིག་བསྐུས་ལུས་བྱུགས་འཇིགས་པ་དང་།། སྣར་བླུགས་འཇིགས་པས་གཟིར་བར་འགྱུར།། ཆོ་ག་འདི་དག་གིས་ཀྱང་ནི། ། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ཡང་སྦྱར་བར་བྱ།། དཀྱིལ་འཁོར་བྲིས་ཏེ་དེར་བཅུག་ལ།། ། སྦྱིན་སྲེག་གི་ལས་མི་བཟད་པས་མེའི་ནང་དུ་རིག་པ་མཆོག་གིས་གཞོམ་པར་བྱའོ།། ཡང་ན་རྡོ་རྗེ་ནག་མོས་གཞོམ་པར་བྱ་སྟེ། དེས་ནི་གདོན་འབྲོས་པར་འགྱུར་རོ།། གནོད་སྦྱིན་གྱི་གདོན་གྱི་སྐབས་རྫོགས་སོ།། ། དེ་ལས་གཞན་ཡང་གདོན་རྣམས་ཀྱི།། མཚན་མའི་བྱེ་བྲག་བཤད་པར་བྱ།། གདོན་རྣམས་དག་ནི་ཐམས་ཅད་ལ།། རིགས་བཞི་དག་ནི་ཡོད་པར་བཤད།། དེ་དག་ཀྱང་ནི་མིང་གཅིག་དང་། མཚན་མ་གཅིག་པུ་འཁྲུལ་པར་བྱེད།། གདོན་རྣམས་གང་དག་གང་དུ་འཛིན།། དེ་ཡང་བདག་གིས་བཤད་པར་བྱ།། ལྷ་དང་འབྱུང་པོ་གནོད་སྦྱིན་དང་།། དེ་བཞིན་དྲི་ཟ་ཚངས་པའི་སྲིན།། གདོན་རྣམས་ལྔ་པོར་ཤེས་པ་ན། ། བྲམ་ཟེ་རྒྱལ་རིགས་སྤྱོད་པར་བཤད།། ཀླུ་ཡི་གདོན་དུ་ཤེས་པ་དང་།། སྲིན་པོ་ཡིན་གདོན་ཉིད་དང་།། གདོན་དེ་གཉིས་སུ་ཤེས་པ་ནི།། རྗེའུ་རིགས་དམངས་རིགས་འཚེ། བ་ཡིན།། ལྷ་མིན་གདོན་ནི་རྒྱལ་རིགས་ཀྱིས།། ལྷག་མའི་རིགས་རྣམས་འཚེ་བ་ཡིན།། ཤ་ཟའི་གདོན་ནི་དམངས་རིགས་ཀྱིས།། ལྷག་མའི་རིགས་རྣམས་འཚེ་བ་ཡིན།། སྨྱོ་བྱེད་དང་ནི་ལོག་འདྲེན་དང་།། བྱིས་པའི་གདོན་ནི་གང་ཡིན་པ། ། གདོན་རྣམས་འདི་གསུམ་ཤེས་པ་ནི།། རིགས་བཞི་དག་ལ་སྤྱོད་པར་བཤད།། གདོན་གང་རིགས་མཐུན་གང་ལ་སྤྱོད།། དེ་ནི་གསོ་བར་སླ་བ་ཡིན།། ཅི་སྟེ་གདོན་གང་འགའ་བཙལ་ཞིང་། ། གཞན་ལ་སྟོན་པར་འགྱུར་ན་ནི།། ལག་ན་རྡོ་རྗེས་བཤད་པ་བཞིན།། དེ་ལ་གསོན་དུ་རེ་བའང་མེད།། ཉི་མ་ནུབ་མོ་སྣང་མི་བྱེད།། ཟླ་བ་ཉིན་མོ་སྣང་མི་བྱེད།། བསྟན་པ་དེ་ཡི་ཚུལ་གྱིས་ན། ། གདོན་ནི་རང་གི་རིགས་ལ་སྤྱོད།། གདོན་རྣམས་བཅོ་བརྒྱད་གང་ཡིན་པ།། ཐམས་ཅད་དུས་ཚོགས་རྣམས་སུ་རྒྱུ།། ལོ་གྲངས་བཅུ་གཉིས་ཚུན་ཆད་ཀྱི།། གདོན་རྣམས་གསོ་བའི་ཐབས་བཤད་དེ། དེ་ལས་འདས་པའི་གདོན་རྣམས་ཀྱི།། གསོ་བའི་ཐབས་ནི་ཡོང་མེད་དོ།། མཚན་གཅིག་གནས་དང་ཆུ་ཡི་ནང་།། མེ་འགྲམ་དང་ནི་ཁྲོན་པའི་དྲུང་།། དེ་བཞིན་མ་མོ་རྣམས་ཀྱི་གནས། ། བ་ལང་དབུས་དང་རྟ་ཞོན་དང་།། གླང་ཆེན་ཞོན་དང་གཡུལ་དུ་ཕམ།། རི་བོ་དང་ནི་དུར་ཁྲོད་དང་།། ཤིང་དྲུང་དང་ནི་འདྲེག་མཁན་ཁྱིམ།། གནས་འདི་དག་ནི་ཐམས་ཅད་དུ།། གདོན་ནི་གང་ཞིག་འཇུག་འགྱུར་ན། ། ལག་ན་རྡོ་རྗེས་བཤད་པ་བཞིན།། དེ་ལ་གསོན་དུ་རེ་བ་མེད།། དེ་ལས་གཞན་ཡང་མི་བཟད་གདོན།། གསོ་བའི་ཐབས་ཀྱང་བཤད་པར་བྱ།། གྲིབ་གནོན་གདོན་ནི་གཉིས་ཡོད་དེ།། མཐོང་བ་ཙམ་གྱིས་འབྲང་བར་བཤད།། དེ་ཡི་མཚན་མའང་ང་ལས་ཉོན།། གྲིབ་གནོན་གདོན་གཉིས་གང་ཡིན་དེ།། ཐམས་ཅད་དུ་ནི་འཇུག་པར་བྱེད།། གདོན་རྣམས་དག་ནི་ཐམས་ཅད་ཀྱང་།། གྲིབ་གནོན་གྱིས་ནི་ཉེ་བར་མཚོན།། སཽ་གན་དྷི་དང་ཨུཏྤལ་གྱི།། མཚན་མ་རྣམས་ཀྱང་ང་ལས་ཉོན།། དེ་ལས་སཽ་གནྡྷི་ཀ་ནི།། གཟུ་ལུམས་ཆེ་ཞིང་དྲག་པ་སྟེ།། ཚེས་གྲངས་ཉིན་ཞག་ངེས་པ་མེད།། ཤིང་དྲུང་དང་ན་སྐྱེད་མོས་ཚལ། ། ལམ་གྱི་བཞི་མདོར་འཇུག་པར་བྱེད།། གདོན་དེ་ཁུས་འདེབས་དུ་བ་དང་།། ལུས་རྣམས་ཀྱང་ནི་འཇོམས་པར་བྱེད།། ཉིན་མོ་ཐུན་གཅིག་འདས་པ་ན།། གསོད་པར་ཡང་ནི་བྱེད་པི་སྟེ། ། སཽ་གན་དྷ་ཀས་ཟིན་འགྱུར་བ།། དེ་ཡི་མཚན་མ་དེ་དག་ཡིན།། བདུད་རྩི་ཟབ་སྦྱོར་རམ་དགའ་བྱེད་གདོང་གིས་ཆུ་ལ་བསྔགས་ཏེ་ཁྲུས་བྱེད་དུ་བཅུག་ལ། འདུག་པས་བདུགས་ན་གཏོང་བར་འགྱུར་རོ། ། ཨུཏྤལ་ཡང་ང་ལས་ཉོན།། ངུ་ཞིང་དགོད་པར་བྱེད་པ་དང་།། སོ་རྣམས་ཀྱང་ནི་གཅིག་པར་བྱེད།། ནུ་མ་ཡང་ནི་མི་ཤེས་དེ།། དུས་ཚིགས་མེད་པར་རྒྱུ་བར་བྱེད།། ཨུཏྤ་ལས་ནི་ཟིན་གྱུར་པ། ། དེ་ཡི་མཚན་མ་དེ་དག་ཡིན།། གང་གིས་གདོན་དེ་གཏོང་འགྱུར་བའི།། གཏོར་མ་ཡང་ནི་དེ་ལ་སྦྱིན།། འབྲས་ཀྱི་འོ་ཐུག་སྦྱར་ཐུག་དང་།། ལག་པ་ན་འབྲས་ཆན་བུ་རམ་རླན།། ཤ་བཙོས་པ་དང་རྗེན་པ་དང་། ། ཆང་དང་ཏིལ་གྱི་ཟན་དག་དང་།། འབྲས་ཆན་ཤ་དང་སྦྱར་བ་སྦྱིན།། ཏིལ་དག་དང་ནི་དེ་བཞིན་དབྱིག། ཚང་དང་སྦྱར་བའི་ཆང་སྦྱིན་ཞིང་།། ལམ་གྱི་བཞི་མདོར་གཏོར་མ་སྦྱིན། ། གཏོར་མའི་ལས་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། ཡུངས་ཀ་རོ་ཤུ་དག་ཤིང་ཀུན་དང་། ། པི་བི་ལིང་དང་ན་ལེ་ཤམ།། འབྲས་བུ་གསུམ་ནི་ཆ་མཉ་མ་དང་།། གི་རི་ཀ་ར་ནི་དཀར་པོ་དང་།། རུ་རྟུ་དང་ནི་པྲི་ཡང་ཀུ།། དེ་བཞིན་བཅའ་སྒ་དག་དང་ནི།། ཐང་ཤིང་དང་ནི་པུ་ཤེལ་ཙི། ། ནག་ཏ་མ་ལའི་འབྲས་བུ་དང་།། ཚོགས་རྣམས་འདི་དག་བསོགས་ནས་ནི།། བ་གཅིན་དག་དང་བཏག་པར་བྱ།། མར་གྱི་ནང་དུ་བཙོ་བྱ་ཞིང་།། བ་གཅིན་བཞི་འགྱུར་བླུགས་པར་བྱ།། མིག་ཀྱང་བསྐུ་ཞིང་སྣར་ཡང་བླུགས།། བཏུང་བར་བྱ་ཞིང་ལུས་ཀྱང་བྱུག། འདི་ནི་གདོན་རྣམས་ཐམས་ཅད་ཀྱི།། སྨན་རྣམས་ཀྱི་ནི་དམ་པ་ཡིན།། གང་ན་སྦྱར་སྨན་འདི་གནས་པ།། དེ་ན་ཀིཏ་ལུ་ཏ་དང་། བྱིས་པ་ཡང་ནི་དེ་བཞིན་ཏེ།། དེ་དག་གིས་ནི་འཇིགས་པ་མེད།། ཆོ་ག་འདི་དག་གིས་ཀྱང་ནི།། གདོན་དེ་རབ་ཏུ་འབྲོས་པར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི། ། ཐབས་གཞན་འདི་ནི་སྦྱར་བར་བྱ།། བདུད་རྩི་ཐབ་སྦྱོར་རམ།། དགའ་བྱེད་གདོང་ངམ།། གོས་དཀར་ཅན་གྱིས་དཀྱིལ་འཁོར་དུ་བཞག་ན།། གདོན་ཐམས་ཅད་མ་རུང་བར་འགྱུར།། སོརུ་གན་དྷི་དང་ཨུཏྤལ་གཉིས་ཀའང་ལས་གཅིག་ཡིན་པར་ཤེས་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་བདུད་རྩི་ཐབ་སྦྱོར་གྱིས། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་དྲིས་པ། མ་རུང་གདོན་ལས་གསོ་བའི་ཐབས། ། བཅོམ་ལྡན་ཤེས་པར་བགྱི་བར་འཚལ།། གང་ལ་ཤིང་བུ་བབ་པ་དང་།། གང་དག་དཀྱིལ་འཁོར་སྤོང་བ་དང་།། གོས་ཤིང་ཞེན་པར་གྱུར་པ་དང་།། ཕྱིར་ཡང་ལྡོག་བྱེད་གང་ཡིན་དང་།། ནམས་ཀྱང་གཏོང་བར་མི་བྱེད་ལ། ། གསང་སྔགས་དང་ནི་རྩི་སྨན་དང་།། སྦྱིན་སྲེག་ལས་ཀྱིས་གཞིག་པ་ནི།། གདོན་རྣམས་གཞིག་པའི་དམ་པ་སྟེ།། མར་བཏུང་བ་ཡི་ཆོ་ག་དང་།། ཆོ་ག་ཅི་འདྲ་གཏོར་མའི་ལས།། གསང་བ་ཡི་ནི་ཐེ་ཙོམ་དང་། ། གང་གིས་གནོད་སྦྱིན་གཏང་འགྱུར་དང་།། སྲེག་པ་དང་ནི་གཅད་པ་དང་།། གསད་ཅིང་རུས་པ་གཞོམ་པ་དང་།། དེ་དག་ཆོ་ག་རབ་བཤད་པ།། དེ་ནི་སྟོངས་ཆེན་བདག་ལ་གསུངས།། དེ་ལྟར་བློ་ཅན་ཆེ་བ་ཉིད། ། བདུད་རྩི་ཐབ་སྦྱོར་གྱིས་དྲིས་ནས།། ལག་ན་རྡོ་རྗེ་སྐལ་ཆེན་གྱིས།། འདི་སྐད་ཀྱི་ནི་ཚིག་ཀྱང་སྤྲས།། བདུད་རྩི་ཐབ་སྦྱོར་ཁྱོད་ཀྱིས་སུ།། ང་ལ་གང་དྲིས་བཤད་པར་བྱ།། ལྷ་རྣམས་འཁོད་པའི་ནང་དུ་ཉོན། ། མ་རུང་བ་ཡི་གདོན་ཉིད་ནི།། གཡོ་དང་མི་གཡོ་ཞེས་བྱ་བ།། སེམས་ཅན་ཀུན་ལ་འཚེ་བ་ཡོད།། སྦྱིན་སྲེག་ལས་ནི་དུ་མས་ཀྱང་།། གཡོ་དང་མི་གཡོའི་འབྲས་མི་འགྱུར།། དེ་ཡི་མཚན་མ་ངས་བཤད་ཀྱིས།། གོ་རིམས་བཞིན་དུ་ལྷ་རྣམས་ཉོན།། དྲིས་པ་ཡི་ནི་དོན་རྣམས་ཀྱང་།། རབ་ཏུ་ཡང་ནི་སྨྲ་བར་བྱེད།། ངུ་བར་བྱེད་ཅིང་རབ་ཏུ་ཁྲོ།། དེ་ནི་མ་རུང་མཚན་མར་ཤེས།། འདུས་ཤིང་ཚོགས་པའི་ནང་དག་ཏུ།། ཤིན་ཏུ་ཡོངས་སུ་སྲུང་བ་གང་།། ཁང་སྟོང་དག་ཏུ་དགའ་བར་བྱེད།། དེ་ནི་མ་རུང་མཚན་མར་ཤེས།། གང་གིས་རྟག་ཏུ་ཕྱག་འཚལ་དང་།། སྙན་པར་ཡང་ནི་སྨྲ་བ་དང་། སྟན་དག་ཀྱང་ནི་སྟོབས་པར་བྱེད།། དེ་ནི་མ་རུང་མཚན་མར་ཤེས།། སྟན་དག་ལས་ནི་སྟན་དག་ལ།། ཅི་སྟེ་འཕོ་ཞིང་ལྡང་བར་བྱེད།། དེ་ནི་མ་རུང་མཚན་མར་ཤེས།། ང་ནི་ལྷ་མིན་ཁྱབ་འཇུག་པ།། ཚངས་པ་ང་ཡིན་དབང་ཕྱུག་ང་།། སྐྱེ་དགུའི་བདག་པོ་ང་ཡིན་ཞེས།། དེ་སྐད་ཀྱི་ནི་ཚིག་སྨྲ་ཞིང་།། གདོན་ཀུན་གྱི་ན་ཚུལ་ཡང་བྱེད།། གང་གིས་གདོན་དེ་གཏོང་འགྱུར་བ།། དེ་ཡི་གསོ་བའི་ཐབས་ཀྱང་། བཤད།། ཨ་ཤཱ་ག་ན་དྷ་ཤུ་དག་དང་།། འབྲས་བུ་གསུམ་དང་བུ་ཤེལ་ཙི།། ཀནྟ་ཀ་རི་བྷྲྀ་ཧ་ཏི།། ཀི་རི་ཀར་ནི་དཀར་པོ་དང་།། ནག་ཏ་མ་ལའི་འབྲས་བུ་དང་།། ཤི་རི་ཤ་ཡི་མེ་ཏོག་དང་།། དེ་བཞིན་གསོམ་པ་ཏ་ལི། ། པ་ལ་ཤ་ཡི་ལོ་མ་དང་།། བུ་ཚང་རྡོ་དང་ར་མཉེ་བ།། བ་ལ་ཨ་ཏི་བ་ལ་དང་།། བི་ལ་བ་ཨརྐ་གཉིས་ཀྱི་རྩེ།། དེ་བཞིན་རྩ་བ་ལྔ་པ་གཉིས།། ལོ་ནི་སུམ་ཅུ་ལོན་པ་ཡི།། མར་ནི་རྙིང་པ་གང་ཡིན་པའི།། མར་ནི་དུལ་བཞི་ལྡན་པར་བྱ།། འོ་མ་ཕུལ་བཞི་སྦྲང་རྩི་བ་ནི།། བ་ལང་ཀོ་བ་བསྲེགས་པ་ཡི།། ཕྱེ་མ་ཕུལ་བ་ཞི་གཞུག་པར་བྱ།། སྐྱོག་བརྒྱ་ཡང་གཞུག་པར་བྱ། ། སྲང་གྲངས་སུམ་ཅུའི་ཨ་རུ་ར།། ཚ་བ་གསུམ་ཡང་དེ་བཞིན་ཏེ།། དེ་བཞིན་འབྲུ་མར་བླུགས་པར་བྱ།། ཤིང་ཀུན་ཡང་ནི་སྲང་གཅིག་དང་།། ལྷན་ཅིག་ཕྱེ་མ་ཞིབ་མོར་བྱ།། གང་ཚེ་ཐམས་ཅད་ཚོགས་གྱུར་ན།། བཱ་གཅིན་ཕུལ་བཞི་བླུགས་པར་བྱ།། དེ་ནས་མེ་ནི་ཆུང་ངུས་བཙོ།། རླུང་ཅན་དང་ནི་མ་བྲིས་པ་ཅན།། བད་ཀན་ཅན་དང་འདུས་པ་ཅན།། གདོན་གྱི་གཟུགས་ནི་ཐམ་ཅད་ཀྱི། ། སྨན་རྣམས་ཀྱང་ནི་འདི་ཡིན་ཏེ།། ཆོ་ག་དག་ནི་འདི་ཉིད་ཀྱིས།། གདོན་དེ་མྱུར་དུ་གཏོང་བར་འགྱུར།། ཅི་སྟེ་དེས་ཀྱང་མ་བཏང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ། ། ལྕག་སྒྲོག་གིས་ནི་བཅིང་བྱ་ཞིང་།། སྐྲ་ཡི་ཐག་པས་བཅིང་བར་བྱ།། བདུག་པ་སྣ་ཚོགས་ཀྱིས་ཀྱང་བདུག། ལུས་ཀྱང་བསྐུ་ཞིང་བྱུག་པར་བྱ།། དེ་ནས་ཆོ་ག་སྦྱར་བྱ་ཞིང་། ། དུས་ལས་ཀྱང་ནི་བཤོལ་མི་བྱ།། དཀྱིལ་འཁོར་ཡང་ས་ལ་བཞག་ནས་ནི།། ཁོར་ཡུག་ནས་ནི་གཟིར་བར་བྱ།། གདོན་གྱིས་ཟིན་པ་དབུས་བཞག་སྟེ།། ལྕགས་ཐག་གིས་ནི་གདགོས་པར་བྱ། ། དེ་ནི་བརྟན་པོས་འཁོར་དུ་གཞུག། བདུག་པས་ལེགས་པར་བདུག་བྱ་ཞིང་།། ལན་གྲངས་བརྒྱར་ནི་ཚང་བར་བྱ།། དེ་བཞིན་ཀོ་བ་ཆུ་དྲོན་དང་།། ཤིང་ཀུན་དང་ནི་སྒོག་སྐྱ་དང་།། སྦུན་པ་དང་ནི་བཅའ་བ་དང་། ། འདི་དག་ཆུ་དང་སྦྱར་བྱ་ཞིང་།། ཆུ་ཡི་ནང་དུ་ནུབ་པར་བྱ།། མིས་ནི་གདོན་ཟིན་ང་ལ་ཡང་བསོ།། དེ་ལྟར་ནུབ་པར་བྱས་པ་ཡི།། ཆོ་ག་འདི་དག་གིས་ཀྱང་ནི།། ཅི་སྟེ་གདོན་དེ་མི་གཏོང་ན། ། ལས་ལ་མཁས་པས་རབ་བསྒྲིམས་ཏེ།། ཆོ་ག་འདི་ནི་སྦྱར་བར་བྱ།། བདུག་པ་སྦྱར་བ་འདི་དག་གིས།། མྱོས་པ་ཉིད་དུ་བྱ་བ་སྟེ།། འདིར་ནི་དྲེད་སྤུ་སེན་མོ་དང་།། དེ་བཞིན་སྟག་གི་སེན་མོ་བྲང་། ། ཤ་ལྱ་ཀ་ཡི་འབྲས་བུ་དང་།། ཁྱི་དང་དོམ་གྱི་རྟོག་པ་དང་།། བ་ལང་བྱི་བའི་པགས་པ་དང་།། བ་ཏུ་ན་ཡི་རྟུག་པ་དང་།། རྔ་མོ་བོང་བུའི་རྟུག་པ་དང་།། སྤུ་དང་རྟ་ཡི་རྨིག་པ་དང་། ། དེ་བཞིན་བ་ལང་རཱ་དག་དང་།། སྤྲེའུའི་རུས་པ་སྒོག་སྐྱ་དང་།། དེ་བཞིན་དུ་ནི་སྤེན་མ་རྣམ།། དེ་དག་ཆ་ནི་མཉམ་བྱས་ལ།། ཆུ་དང་ལྷན་ཅིག་བཏག་པར་བྱ།། ལག་ན་རྡོ་རྗེ་ཕྱག་བྱས་ལ།། བདུག་པ་འདི་ནི་སྦྱར་བྱས་ཏེ།། ཡུད་ཙམ་ངལ་ཡང་བསོ་བྱ་ཞིང་།། བདུག་པས་ཡང་དང་ཡང་དུ་བདུག། དུག་དང་འོ་མ་ཤིང་ཀུན་དང་།། དེ་བཞིན་ཀུ་ཤ་ན་ས་དང་།། ཨ་ནན་ཐལ་ཏྲེས་བུ་ཤེལ་ཅི།། ངལ་བསོ་དེ་ལ་ཕན་པོ་སྟེ། ། སྣར་ཡང་བླུགས་ཤིང་འཐུང་དུ་གཞུག། ལེགས་པར་ཡང་ནི་བླུགས་པར་བྱ།། ཕན་པར་འདོད་པས་གདོན་ཟིན་གྱི།། ལུས་ལ་ཡང་ནི་བསྐུ་བར་བྱ།། རྒྱ་ཚྭ་དང་ནི་བཅའ་སྒ་དང་།། བྱི་ཏང་ཀ་དང་ཚ་བ་གསུམ། ། བ་བླ་དང་ནི་རུ་རྟ་རྣམས།། ཆ་མཉམ་པར་ནི་སྲེག་པར་བྱ།། ར་ཡི་གཅིན་དང་བཏག་བྱ་སྟེ།། མིག་བསྐུས་ན་ནི་གདོན་ཀུན་སེལ།། སྣེར་བླུགས་ན་ཡང་གདོན་ཀུན་སེལ།། ནིར་གུན་དི་དང་བྱེའུ་རུག་དང་། ། ལུང་ཏང་ཡུངས་ཀར་པི་པི་ལིང་།། དེ་དག་མི་བཟད་གདོན་རྣམས་ཀྱིས།། ཟིན་པ་ལ་ནི་སྣར་ཡང་བླུགས།། བཀྲུ་སྨན་ཡང་ནི་གཏང་བྱ་ཞིང་།། སྔན་གྱིས་མིག་བསྐུས་ལུས་ཀྱང་བྱུག། དེ་ལྟ་བུ་ནི་བྱས་ན་ཡང་།། ཅི་སྟེ་གདོན་ནི་མི་གཏོང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། སྡོང་ཆེན་ལ་ནི་གདགས་བྱ་ཞིང་།། སྒྲེན་མོར་ཤིན་ཏུ་སྐྲག་པར་བྱ། ། ཐག་པ་སྦོམ་པོས་བཅིང་བྱ་ཞིང་།། ལུས་ནི་ཤིན་ཏུ་བསྒྲིམ་པར་བྱ།། ཁྲོན་པ་ནས་ནི་བཅུས་པའི་ཆུས།། རབ་ཏུ་ཡང་ནི་གཏོར་བར་བྱ།། གདོན་པ་དེས་ནི་རབ་ཟིན་ནས།། མི་བཟད་པས་ནི་ལུས་ཀྱང་བཀུག། བདུག་པ་སྦྱར་བའི་ལུས་རིམས་ཀྱི།། གདོན་དེ་མྱུར་དུ་མེད་པར་འགྱུར།། ངལ་བསོ་བ་ཡང་བྱ་བ་སྟེ།། ཤུ་དག་ནིམ་པའི་ལོ་མ་དང་།། པདག་དང་ནི་པུ་ཤེལ་རྩི།། ཀ་པི་ཏ་ཡི་ལོམ་དང་། ། སྒོག་སྐྱ་སྦྲུལ་ལྤགས་བརྗེན་པས་བསྲེ།། འདི་ནི་ཞི་བར་བྱེད་པར་བཤད།། ཆོ་ག་འདི་དག་གིས་ཀྱང་ནི།། གདོན་དེས་ཅི་སྟེ་མི་གཏོང་ན།། གང་གིས་གདོན་དེ་གཏོང་འགྱུར་བའི།། ཐབས་གཞན་འདི་ནི་སྦྱར་བར་བྱ། ། འདི་ལ་ཐེ་ཚོམ་མེད་པར་ནི།། མི་བཟད་གསང་སྔགས་སྦྱར་བར་བྱ།། རྨུགས་བྱེད་ལྕགས་ཅན་སོ་ཅན་དང་། མཚན་སྦྱིན་བདུད་རྩི་ཐབ་སྦྱོར་སོགས།། ཚོགས་རྣམས་སོ་སོའི་ལས་ཀྱིས་གཞོམ།། བཅིངས་ནས་ཀརྐ་ཏ་ཀ་ཡི། ། བདུག་པ་མི་བཟད་བདུག་བྱ་སྟེ།། མགོ་དང་ལྐོག་མ་དེ་བཞིན་དབུས།། ཕྲག་པ་གཉིས་ཀྱང་ངེས་པར་འདུག། དྲག་པོའི་ལས་ཀྱིས་དྲག་པོ་རྣམས།། སྐྲག་པར་བྱས་ནས་གཏོང་བར་འགྱུར།། ཡིད་ནི་འབྱུང་བར་བྱེད་པ་ཡི།། གསང་སྔགས་སྦྱར་སྔན་ལྡན་དེ་བཞིན།། ཡུངས་ཀར་རེག་བདུག་དྲག་པོ་ཡིས།། བློ་ངན་དེ་ནི་སྐྲག་པར་བྱ།། བློ་ཅན་རྒྱུད་ལ་འཇིགས་མེད་ཅིང་།། དེ་ཉིད་རྟོགས་པས་གཏོང་དུ་གཞུག། ཆོ་ག་འདི་དག་ཉིད་ཀྱིས་ཀྱང་།། ཅི་སྟེ་གདོན་དེ་མི་གཏོང་ན།། གདོན་རྣམས་རབ་ཏུ་ཚར་གཅོད་པའི།། ཐབས་གཞན་འདི་ནི་སྦྱར་བར་བྱ།། ངེས་པར་ཡང་དག་ཁྱད་པར་དུ།། གསང་སྔགས་ཀྱི་ནི་སྦྱོར་བ་བྱ། ། ལག་ན་རྡོ་རྗེས་བྱས་པ་ཡི།། གཞིག་པའི་ཐབས་ཀྱང་རབ་ཏུ་བྱ།། གཙང་སྦྲ་བྱ་ཞིང་ཞག་ལྔའི་བར།། གསོ་སྦྱོང་དག་ནི་ལྡན་པར་བྱ།། གཙང་མས་དུར་ཁྲོད་གཙང་མའི་དབུས།། དཀྱིལ་འཁོར་ཡང་ནི་བྲི་བར་བྱ། ། རྫས་བཞི་སྦྱར་བ་གང་ཡིན་པ།། དེ་ཡང་ལེགས་པར་བཤད་པར་བྱ།། ལུང་ཏང་འཕྲེང་ཡང་དེ་བཞིན་དུ།། ཤིང་ཤ་བ་དང་སེང་ལྡེང་དང་།། བ་རུ་ར་དང་རྒྱ་སྲན་དང་།། ཀ་ཀུ་བྷ་དང་ཨཛ་ན། ། ཐང་ཤིང་ཡམ་སྲེག་ཤིང་རྣམས་བསྡུ།། ཆུ་ཡི་བུམ་པ་བཞི་དག་ཀྱང་།། ཁྲག་གིས་སུ་ནི་གཏོར་བར་བྱ།། ཤ་བཙོས་པ་དང་རྗེན་པ་དང་།། ཏིལ་ཟན་ལ་ཕུག་སྦྲང་རྩི་དང་།། མར་རྙིང་དག་གི་ཚོགས་རྣམས་དང་། ། ཡུངས་ཀང་དག་ནི་བྲེ་བཞི་ཡི།། ཚོགས་རྣམས་དང་ནི་བ་བླ་དང་།། ཨ་ཏི་པ་ལའང་དེ་བཞིན་ནོ།། དྲི་ཀུན་ཡང་ནི་དེ་བཞིན་ཏེ།། སིང་ཧ་དང་ལྷའི་མེ་ཏོག་དང་།། ས་ཧ་དེ་བའང་གཞུག་པར་བྱ། རྟགསེར་དག་དང་ནི་དངུལ་རྣམས་དང་།། འབྲུ་ཀུན་ཡང་ནི་གཞུག་པར་བྱ།། ཁ་དོག་དག་ཀྱང་ངན་པར་བྱ།། ཁྲག་གིས་ཀྱང་ནི་བསྲེག་པར་བྱ།། དྲི་དང་འབྲས་བུ་མེ་ཏོག་འཕྲེང་།། ཚོན་རྩི་བཏགས་དང་མ་བཏགས་དང་། ། ཨ་ཀ་རུ་ནི་མ་ཉམས་སྤྲོས།། ཏེ་མ་རུ་དང་གུ་གུལ་མར།། པི་ཚྭ་མརྡའི་ལོ་མ་དང་།། དེ་བཞིན་སྐུད་པ་ཤིས་པ་སྟེ།། མིག་སྨན་གྱི་ནོ་རལ་བུ་དང་། དེ་བཞིན་སྣར་ཡང་བླུགས་པར་བྱ།། ལུས་ལ་ཡང་ནི་བསྐུ་བར་བྱ།། དེ་ནས་ཁྲུས་ཀྱང་བྱ་བ་སྟེ།། ཞི་བའི་ལས་ཀྱི་ཚོགས་ཀྱང་།། གདོན་རྣམས་དྲག་ཏུ་ཚར་གཅོད་པ།། དངོས་གྲུབ་མཆོག་འདོད་གང་ཡིན་པས། ། རབ་ཏུ་བསྒྲིམས་ཏེ་བྱ་བ་ཡིན།། འབྱུང་པོའི་བདག་དང་འབྱུང་པོ་ཡི།། ཆོ་ག་དེ་ལ་བཤད་པར་བྱ།། དཀྱིལ་འཁོར་ཕུན་སུམ་ཚོགས་པ་དེར།། ས་བོན་ཐམས་ཅད་བཀོད་པ་ཡི།། ། དཀྱིལ་འཁོར་ཤེས་རབ་ཅན་གྱིས་བྲི།། འབྱུང་པོའི་བདག་པོ་ཆུང་མར་བཅས།། མཁས་པ་ཡིས་ནི་གཞག་པར་བྱ།། སོ་ཅན་དང་ནི་ལྕགས་ཅན་དང་།། དེ་བཞིན་རྨུགས་བྱེད་རྫོགས་ལྡན་རྣམས།། དེ་དག་ཕྱོགས་རྣམས་གཞག་པར་བྱ།། ཀུན་ནས་ལག་ན་འདུག་པ་ཐོགས།། ལྷོ་ཕྱོགས་ཀྱི་ནི་ངོས་སུ་ཡང་།། དགའ་བྱེད་གྲོང་ཁྱེར་འོད་དང་བཅས།། དམ་པ་བརྒྱད་པོ་གང་བཤད་བྲི།། ཁོ་ར་ཁོར་ཡུག་དག་ནས་ཀྱང་། ། ཡམ་སྲེག་ཤིང་ནི་དགྲམ་པར་བྱ།། ནང་དུ་བཀོད་པ་དེ་དག་ཀྱང་།། བསམ་པ་བྱ་ཞིང་ཤེས་པར་བྱ།། ངོས་རྣམས་བཀྲ་ཤིས་འབར་བ་དང་།། མ་རུང་གདོན་ནི་མཁས་པས་བྲི།། ངེས་པར་ཡང་ནི་མཆོད་བྱས་ནས།། མེ་ཏོག་འཕྲེང་དང་དྲིས་རྒྱས་པས།། ལག་ན་རྡོ་རྗེས་ལེགས་བཤད་པའི།། ལས་རྣམས་ཀྱང་ནི་སྦྱར་བྱ་ཞིང་།། རྒྱུད་མཐོང་བ་ཡི་ལས་ཀྱིས་ནི།། མ་རུང་གདོན་རྣམས་དགུག་པར་བྱ། ། དཀྱིལ་འཁོར་འདི་ནི་འབྱུང་རྣམས་ཀྱི།། འབྱུང་པོའི་རིགས་ནི་རླག་པར་འགྱུར།། དྲག་པོ་ཆེན་པོ་མི་བཟད་པ།། ཆོས་ལུགས་མི་བཟང་གང་ཡིན་པ།། དེ་དག་ང་ཡི་དཀྱིལ་འཁོར་གཞུག། དྲག་པོ་གཡོ་དང་མི་གཡོ་བ།། དྲག་ཏུ་འཁྲུལ་ཅིང་སེམས་ཅན་རྣམས།། ང་ཡི་དཀྱིལ་འཁོར་ནང་དུ་གཞུག། དེ་མཐོང་སེམས་ཅན་འཆི་བར་འགྱུར།། གདོན་རྣམས་ཀྱི་ནི་དཀྱིལ་འཁོར་དུ། ། འཐབ་པ་དྲག་པ་དེར་གཞུག་ཅིང་།། ཤིན་ཏུ་ཚར་ཡང་གཅད་པར་བྱ།། རིག་པའི་མཆོག་གམ་སྤྱན་གྱིས་ནི།། འཇིག་རྟེན་དཀྱིལ་འཁོར་བྲི་བར་བྱ།། གདོན་གྱི་དཀྱིལ་འཁོར་རྫོགས་སོ། ། །། དེ་ནས་གདོན་སྐྲག་པའི་མཚན་མ་རྣམས་དང་།། མེད་པར་འགྱུར་བའི་མཚན་མ་རྣམས་བལྟ་བར་བྱ་སྟེ། འདི་ནི་གཏང་བར་མ་གྱུར་ཅིང་།། སྐྲག་པའི་མཚན་མར་ཤེས་པར་བྱ། ། ལུས་ཀུན་ཡང་ནི་འདྲར་བ་དང་།། མགོ་བོ་ཡང་ནི་འདར་བར་བྱེད།། དབུགས་ཀྱི་ཤུགས་ཀྱང་འབྱིན་པར་བྱེད།། དེ་ནི་སྐྲག་པའི་མཚན་མར་ཤེས།། ཤིན་ཏུ་དགོད་པར་བྱེད་པ་དང་།། ཡང་དང་ཡང་དུ་ཁྲོ་བར་བྱེད།། ཚིག་ཀྱང་ཤིན་ཏུ་འཛིན་པར་བྱེད།། དེ་ནི་སྐྲག་པའི་མཚན་མར་ཤེས།། མཐོང་ན་ཡང་ནི་ཞི་བར་འགྱུར།། ཞི་བའི་ཚུལ་གྱིས་ལྟ་བ་དང་།། བདུག་པ་ཡང་ནི་སྣོམ་པར་བྱེད།། ཧཱུཾ་ཞེས་བྱ་བས་སྡོད་པར་འགྱུར།། དེ་ནི་སྐྲག་པའི་མཚན་མར་ཤེས།། ངལ་ཞིང་རིམས་ནད་འདེབས་གྱུར་པ།། དེ་ནི་མེད་པའི་མཚན་མར་ཤེས།། སྨྲས་པས་རྟོགས་པ་གང་ཡིན་དང་།། ཐམས་ཅད་མྱུར་དུ་འཛིན་པ་དང་། ། ཡང་ན་ཤིན་ཏུ་འདར་བར་འགྱུར།། དེ་ནི་མེད་པའི་མཚན་མར་ཤེས།། གང་ཞིག་མཐོང་ན་རང་དབང་དང་།། སླར་ནི་རང་དགར་འགྱུར་བ་དང་།། མི་ཡི་ཚུལ་ནི་སྤྱོད་གྱུར་པ། དེ་ནི་མེད་པའི་མཚན་མར་ཤེས།། འཇིགས་བཞིན་བདེན་པ་གང་ཡིན་དེ།། ཞི་བའི་ཚུལ་གྱིས་ལྟ་བ་དང་།། མི་ནི་ངོ་མཚར་ལྡན་གྱུར་པ།། དེ་ནི་མེད་པའི་མཚན་མར་ཤེས།། དེ་བཞིན་མདུན་གྱིས་མི་ཕྱོགས་ལ། ། དྲིས་ན་ཡང་ནི་སྨྲ་མི་བྱེད།། རིམས་ནད་བྱང་ཞིང་རྨོངས་མེད་པ།། དེ་ནི་མེད་པའི་མཚན་མར་ཤེས།། ཁྱོད་ཀྱིས་ང་ལ་གང་དྲིས་པ།། དེ་ཀུན་ཁྱོད་ལ་བཤད་པར་བྱ།། བཅོམ་ལྡན་ཇི་ལྟར་གདོན་འབྲོས་དང་། ། མི་ནི་འབྲོས་ཚུལ་ཅི་འདྲ་དང་།། གནས་པའི་ཚུལ་ནི་ཅི་འདྲ་དང་།། བྱ་བ་སྒྲུབ་པར་ཇི་ལྟར་འགྱུར།། ཇི་ལྟར་མི་འཇོམས་མཉན་པར་འཚལ།། ལག་ན་རྡོ་རྗེ་སྟོབས་ཆེན་གྱིས།། དེ་ཡི་ཚིག་དེ་ཐོས་གྱུར་ནས། ། བདུད་རྩི་ཐབ་སྦྱོར་ཁྱོད་ཀྱིས་སུ།། ངལ་དྲིས་པ་གང་ཡིན་པ།། གདོན་རྣམས་ཉན་པར་འགྱུར་བ་ཡི།། ལས་དེ་སོ་སོ་ཅི་རིགས་ཉོན།། དཀྱིལ་འཁོར་དག་ནི་བཞི་མདོ་དང་།། དེ་བཞིན་ཁྱིམ་དང་བ་ལང་ལྷས། ། དུར་ཁྲོད་དང་ནི་ཤིང་གཅིག་དྲུང་།། དེ་ནི་མཁས་ཤོང་འཇིགས་མེད་པས།། གདོན་དེ་གཏོང་དུ་གཞུག་པར་བྱ།། ཐོག་མར་ཆོ་གར་བྱ་བ་ནི།། ཞག་གསུམ་ཡང་ན་ཞག་ལྔ་འམ།། ཞག་བདུན་བར་དུ་ཅུང་ཟད་བསྟེན། ། ཡང་ན་ཟླ་བ་ཕྱེད་ཀྱི་བར།། དེ་བཞིན་ཞག་ནི་ཉི་ཤུ་གཅིག། རིག་སྔགས་སྟོབས་ནི་ཆེ་བ་དང་།། བདག་ཉིད་རིག་སྔགས་གསང་བ་ཡི།། རིག་སྔགས་དེ་བཞིན་ཤེས་ནས་ནི།། ཅི་ནས་དེ་ནི་དབང་འགྱུར་ཞིང་། ཉན་དུ་ཡང་ནི་གཞུག་པར་བྱ།། ཕྱེ་མ་རེད་ཀྱི་ནི་དུས་འཚམས་སུ།། བབ་ན་བདུད་རྩི་ཐབ་སྦྱོར་གྱིས།། འབྱུང་པོ་རྣམས་ཀྱི་དཀྱིལ་འཁོར་ནི།། ཁྲུ་གསུམ་ཁྲུ་བཞི་མཛེས་པར་བྲི།། དེས་ནི་ཐེ་ཙོམ་མེད་པར་ཡང་། ། གསང་བ་བདག་ནི་ཉན་པར་འགྱུར།། བདག་ཉིད་འབྱོར་པ་གང་འདོད་པས།། གསང་བ་ཡང་ནི་འདིས་བྱ་ཞིང་།། གསང་སྔགས་འདི་ཡིས་འབྱུང་པོ་རྣམས།། ཉན་པར་འགྱུར་བབ་ཞེས་བྱ་བ། ། འདི་ནི་མཁས་པས་བྱེད་དུ་གཞུག། ལོ་ནི་བཅུ་གཉིས་དག་ཏུ་ཡང་།། མ་བསྙེན་པ་ལ་སྦྱིན་མི་བྱ།། སྟོང་སྙེད་མ་བྱིན་སྦྱིན་མི་བྱ།། སྡིག་པའི་ཚུལ་ཅན་སྦྱིན་མི་བྱ།། གང་གིས་གདོན་ནི་ཉན་པར་འགྱུར། ། གང་གིས་གསང་སྔགས་དབང་འགྱུར་བ།། ཕྱག་རྒྱའི་ཆོ་ག་ངེས་པ་ཡིས།། གསང་སྔགས་དཀྱིལ་འཁོར་འདི་ཡང་བཤད།། ཕྱག་རྒྱ་ཚོགས་དང་བཅས་བཏང་ཞིང་།། གསང་བའི་ཕྱག་རྒྱས་བཏང་བྱས་ནས། ། བརྟགས་ནས་རྟག་ཏུ་འཛིན་པར་བྱེད།། ཕྱག་རྒྱ་བྱས་པའི་ཕྱག་རྒྱ་ཡི།། དཀྱིལ་འཁོར་མཆོག་ཏུ་གསང་བ་འདི།། གསང་བ་པ་རྣམས་གཞིག་པ་དང་།། ཆོ་ག་སྒྲུབ་ཕྱིར་བཤད་པར་བྱ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྣལ་འབྱོར་དམ་པ་ལ་གནས་ནས། གདོན་ཉན་པར་འགྱུར་བའི་ཕྱག་རྒྱའི་དཀྱིལ་འཁོར་འདི་བཤད་དེ། ཁྲུ་གསུམ་པཚོན་སྣ་ལྔའི་ཕྱེ་མས་དབུས་སུ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་བྲིའོ། ། དེ་ནས་ཕྱག་རྒྱ་དགོད་པར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོ་ལོགས་སུ་ནི་རྒྱལ་བ་ཞེས་བྱ་བའི་ཕྱག་རྒྱ་དང་།། རྣམ་པར་རྒྱལ་བ་དང་། རྡོ་རྗེ་མཚན་མ་དང་། རྡོ་རྗེའི་རྟགས་རྣམས་དགོད་དོ།། ཕྱོགས་སུ་ནི་བཀྲ་ཤིས་དང་། ཤིན་ཏུ་བཀྲ་ཤིས་དང་། ཀླུ་ལག་དང་། པདྨའི་མཚན་རྣམས་དགོད་དོ།། བྱང་ཕྱོགས་སུ་ནི་མཆེ་བ་དང་། པདྨའི་འཕྲེང་བ་དང་། གཡུང་དྲུང་རིས་དང་། བདུད་རྩི་གསུམ་པ་དགོད་དོ།། ནུབ་ཕྱོགས་སུ་ནི་མདུང་ཐུང་དང་། རྡོ་རྗེ་དང་། ཞགས་པ་དང་། རལ་གྲི་རྣམས་དགོད་དོ།། གདོན་གྱི་དབྱུགས་པའང་གཡོན་ལོགས་སུ་གཞག་གོ།། འཁོར་ལོ་ནི་གཡས་ཕྱོགས་སུ་གཞག་གོ། ། དེ་ནས་རིག་སྔགས་འཆང་གིས་ལྷ་བཤོས་རྣམ་པ་སྣ་ཚོགས་དབུལ་ཞིང་དྲི་དང་མེ་ཏོག་ཀྱང་དབུལ་ལོ།། རིག་སྔགས་ཀྱང་ལན་བརྒྱད་བཟླས་བརྗོད་བྱའོ།། གདོན་གྱིས་ཟིན་པའང་བུམ་པའི་ཆུས་ཁྲུས་བྱེད་དུ་གཞུག་གོ། ། དེ་ནས་གདོན་གྱིས་གཏོང་བར་འགྱུར་བའི་རིག་སྔགས་བཀླག་པར་བྱའོ།། དེ་ནས་གདོན་གྱིས་རིག་སྔགས་འཆང་ཇི་སྐད་ཟེར་བ་བཞིན་བྱེད་པར་འགྱུར་ཏེ། སོང་ཞིག་སོང་ཞིག་ཅེས་བྱས་ན་འགྲོ་བར་འགྱུར་རོ། ། དེ་ནས་གདོན་བཀོལ་བར་འདོད་ན་གང་དང་གང་དུ་དགོས་པ་དེ་ཐམས་ཅད་བྱེད་པར་འགྱུར་རོ།། ལྷ་རྣམས་གསང་བ་དང་། གསང་ཆེན་དང་། གདོན་ཉན་པར་འགྱུར་བའི་ཕྱག་རྒྱའི་ཚོགས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཐམས་ཅད་ངས་བཤད་ཟིན་ཏོ། ། ཕྱག་རྒྱ་རྣམས་ཀྱི་ཅུང་ཟད་དཔེ་ཙམ་དུ་བྱ་བ་དེ་ངས་བཤད་པར་བྱ་སྟེ། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱུད་ཕྱི་མ་དང་བཅས་པ་ཕྱག་རྒྱ་རྣམས་ཀྱིས་བཏབ་པ་འདི་འཆང་བ་གང་ཡིན་པ་དང་། ཀློག་པ་དང་། ཕྱག་འཚལ་བ་གང་ཡིན་པ་དེ་ལའང་ལྷ་རྣམས་ཡིད་དགའ་བར་འགྱུར་ན། བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་སྤྱན་དང་བཅས་པ་འདི་འཆང་བ་འམ་ཕྱག་འཚལ་བ་ལྟ་ཅི་སྨོས་ཏེ། དེའི་མདུན་དུ་གདོན་ཐམས་ཅད་སྙིང་འདར་ཞིང་མྱུར་དུ་འཁོད་པར་འགྱུར་རོ།། བཅོམ་ལྡན་འདས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཅོམ་ལྡན་འདས་མ་སྤྱན་དང་བཅས་པ་གང་ཡིན་པ་ངས་བཤད་ཟིན་ཏོ། ། སྙིང་པོའི་རྒྱལ་པོའི་ལས་གང་གིས་ཆོ་ག་རྒྱས་པ་ཐམས་ཅད་འགྲུབ་པར་འགྱུར་བ་འམ། འཇོམས་པར་བྱེད་པའང་ངས་བཤད་པར་བྱ་སྟེ། སྙིང་པོའི་རྒྱལ་པོ་བཅོམ་ལྡན་འདས་མ་དང་བཅས་པ་རྒྱུད་ཕྱི་མ་དང་ལྡན་པ་ལ་གནས་པ་དང་འཆང་བ་གང་ཡིན་པ་དེ་ལ་ནི། ལག་ན་རྡོ་རྗེས་བཤད་པ་བཞིན་དུ་རིང་པོ་མི་ཐོགས་པར་དངོས་གྲུབ་འགྲུབ་པར་འགྱུར་རོ། ། གང་གིས་དངོས་གྲུབ་འགྲུབ་པར་འགྱུར་བ་དེའང་བཤད་པར་བྱ་སྟེ། ཚེས་གྲངས་གདམ་མི་དགོས། སྨྱུང་བའང་བྱ་མི་དགོས་པར་བ་ལང་གི་ལྕི་བས་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་པ་དེར་ཙན་དན་དམར་པོ་ལས་བྱས་པའི་རྡོ་རྗེ་བཞག་ནས། དེའི་མདུན་དུ་མིའི་གཟུགས་བྱས་ཏེ་སྙིང་པོའི་རྒྱལ་པོ་བཟླས་བརྗོད་བྱེད་ཅིང་། བ་ཀ་ལའི་མེ་ཏོག་གོས་བསྣུན་ན་ཆོ་ག་རྒྱས་པའི་གདོན་བཅོམ་པར་འགྱུར་རོ། ། ཆོ་ག་དེ་ཉིད་ཀྱིས་སྣ་མའི་མེ་ཏོག་གིས་བསྣུན་ན་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་ཏེ། དམ་པ་སྦྱིན་པར་འགྱུར་རོ།། ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་སམ་འོ་མ་དང་། ཕྱེ་མའི་འདག་གུ་ཟ་ཞིང་མཆོད་རྟེན་གྱི་དྲུང་དུ་སྙིང་པོའི་རྒྱལ་པོའི་བཟླ་བརྗོད་བྱས་ན་གང་སྒྲུབ་པ་དེ་ལ་འབྲས་བུ་ཡོད་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གོས་གཙང་མ་བགོས་ནས་མཆོད་རྟེན་གྱི་ཁང་བུར་སོང་ལ་དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ནས་ཀུ་ཤའི་སྟན་གཉིས་བཞག་སྟེ། རིག་སྔགས་འཆང་ཤར་ཕྱོགས་སུ་ཁ་བལྟ་ཞིང་། རིག་སྔགས་འཆང་གཅིག་ནུབ་ཕྱོགས་སུ་ཁ་བལྟས་ཏེ་འདུག་ལ། དེ་ནས་རིག་སྔགས་འཆང་གི་ལག་པ་རིག་སྔགས་འཆང་གི་ལག་པས་བཟུང་ནས། རིག་སྔག་ཀྱི་རྒྱལ་པོ་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། ། དེ་ནས་འཕགས་པ་ལག་ན་རྡོ་རྗེས་སྦྱར་བའི་ནང་ནས་འོད་ཟེར་འབྱུང་བར་འགྱུར་རོ།། འོད་ཟེར་དེའང་རྣམ་པ་གཉིས་སུ་འགྱུར་ཏེ། རིག་སྔགས་འཆང་ལ་གཡས་ཕྱོགས་སུ་བསྐོར་ནས་མི་སྣང་བར་གྱུར་པ་དང་། རིག་སྔགས་འཆང་གི་མགོ་བོ་ལ་གཙུག་གི་ནོར་བུར་འགྱུར་ཏེ། དེ་ནས་མགོ་ལ་འདུག་པས་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་གྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོང་ལ། འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་བསྐལ་པར་གནས་པ་དང་། སྲེད་མེད་ཀྱི་བུའི་སྟོབས་ཕྱེད་དང་ལྡན་པར་འགྱུར་ཏེ། གཉིས་ཀའང་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་དང་ལྡན་པར་འགྱུར་ཞིང་། དཔག་ཚད་ཉིས་སྟོང་དུ་གྱེན་དུ་འཕགས་པར་འགྱུར་རོ།། ཟླ་བ་ཕྱེད་ཀྱི་བར་དུ་ཟས་སུ་འོ་མ་དང་ཕྱེ་མའི་བདག་གུ་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱས་ལ། དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་ལྷ་ཆེན་པོའི་གནས་སུ་སོང་སྟེ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ།། དེ་ནས་རིག་སྔགས་འཆང་ཟླ་བ་ཉ་ལ་ནྱ་གྲོ་དྷའི་ཤིང་གཅིག་འགྲེང་གི་དྲུང་དུ་སོང་ལ། དེའི་དྲུང་དུ་ཁྲུ་ལྔ་ཙམ་བྱི་དོར་བྱས་ནས་ཕོའི་མིང་དང་ལྡན་པའི་ཤིང་ལས་མདུད་བྱས་ཏེ། དྲི་དང་། མེ་ཏོག་དང་། བདུག་པས་བརྒྱན་ལ། བཅོམ་ལྡན་འདས་མ་དང་རིག་སྔགས་ཀྱི་རྒྱལ་པོས་ལས་བྱས་ཏེ། དེ་ནས་རིག་སྔགས་འཆང་དེ་ནྱ་། གྲོ་དྷའི་ཤིང་ལ་འཛེགས་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། བཟླས་བརྗོད་བྱེད་བཞིན་དུ་མདུང་གི་སྟེང་དུ་བདག་ཉིད་མཆོངས་ནས། དེས་རེག་མ་ཐག་ཏུ་ལྷུང་ལོ་འཁྱིལ་ཞིང་ལོ་བཅུ་དྲུག་ལོན་པའི་གཟུགས་ཅན་དུ་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོད་ལ། ཚེ་ལོ་ཁྲི་ཉིས་སྟོང་ཐུབ་པར་འགྱུར་ཏེ། ལུས་ཞིག་པའི་ཚེའང་འཕགས་པ་ལག་ན་རྡོ་རྗེ་མཐོང་བར་འགྱུར་རོ།། ཡུམ་དང་སྙིང་པོའི་རྒྱལ་པོ་འཆང་བ་གང་ཡིན་པ་དེ་ལ་ནི་ལྷ་རྣམས་ཡིད་དགའ་བས་དངོས་གྲུབ་སྦྱིན་པར་འགྱུར་རོ། ། ཆོ་ག་རྒྱས་པ་རྒྱུད་ཕྱི་མ་དང་བཅས་པ་འདི་འཆང་བའམ་ཀློག་པ་གང་ཡིན་པ་དེ་དག་ལ་ནི་ལྷ་ཐམས་ཅད་སྲུང་བ་དང་། སྒྲུབ་པ་དང་། སྦེད་པར་འགྱུར་ཏེ། སྡིག་པ་ཐམས་ཅད་ལས་ཀྱང་གྲོལ་བར་འགྱུར་རོ།། སྙིང་པོའི་རྒྱལ་པོ་འཆང་བ་གང་ཡིན་པས་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་རིང་པོ་མི་ཐོགས་པར་དངོས་གྲུབ་འཐོབ་པར་འགྱུར་རོ། ། གདོན་ཐམས་ཅད་ཀྱང་འདི་ཉིད་ཀྱིས་དབང་དུ་བྱའོ།། གདོན་འཁྲུག་པར་བྱ་བར་འདོད་རྣན་ལེ་ཤམ་བླངས་ལ་ཀ་ན་ཀའི་འབྲས་བུའི་ནང་དུ་བཙོས་ནས། ན་ལེ་ཤམ་ངེས་གདོན་ལ་བདུགས་ན་སྨྱོ་བར་འགྱུར། གུ་གུལ་གྱི་བདུག་པ་འམ་གཏོར་མས་གཏོང་བར་འགྱུར་རོ།། མིག་འཁྲུལ་པར་བྱ་བར་འདོད་ན་བ་བླ་བླངས་ཏེ་རྩངས་པ་ཟར་བཅུག་སྟེ། བ་བླ་རྩངས་པའི་ཁ་ནས་བྱུང་བ་བླངས་ནས་མིག་སྔར་བསྟན་ན་མིག་འཁྲུལ་བར་འགྱུར་ཏེ། མར་དང་སྦྲང་རྩིས་བསྐུས་ན་སླར་འཚོ་བར་འགྱུར་རོ།། གདོན་གྱི་ཀླད་པ་ན་བར་བྱ་ན་བ་ལ་ཏ་ཀའི་འབྲས་བུ་བླངས་ལ་ཕྱེ་མར་བཏགས་ཏེ། མེ་ཏོག་དང་ལྷན་ཅིག་ཏུ་སྣོམ་དུ་བཅུག་ན་བསྣམས་མ་ཐག་ཏུ་ཀླད་པའི་ནད་ཀྱིས་འདེབས་པར་འགྱུར་རོ། ། གུ་གུལ་གྱི་བདུག་པ་འམ་གཏོར་མས་གཏོང་བར་འགྱུར་རོ།། དེ་ནས་གདོན་མཁྲིས་པའི་རིམས་ཀྱིས་འདེབས་པར་འདོད་ན་ཨགྣ་མ་སྡུ་བ་གཅིན་བགོས་ལ། བགོས་ནས་ཕྱེ་མ་ཞིབ་མོར་བཏགས་ཏེ་མེ་ཏོག་དང་ལྷན་ཅིག་ཏུ་སྣོམ་དུ་བཅུག་ན། བསྣོམས་མ་ཐག་ཏུ་མཁྲིས་པའི་རིམས་ཀྱིས་འདེབས་པར་འགྱུར་ཏེ། གུ་གུལ་གྱི་བདུག་པ་དང་གཏོར་མས་གཏོང་བར་འགྱུར་རོ། ། པྲི་ཏི་པི་པི་ཏ་དང་། ཙན་དན་དམར་པོ་དང་། མིའི་ཐོད་པ་ལྷན་ཅིག་ཏུ་སྦྱར་ཏེ་འཐུང་དུ་བཅུག་ན་གདོན་མྱོས་པར་འགྱུར་ཏེ། མར་དང་སྦྲང་རྩི་འམ་གཏོར་མས་གཏོང་བར་འགྱུར་རོ།། ཏུམ་པའི་རྩ་བ་དང་། ཀོ་ཤ་ཏ་ཀི་དང་། ཀ་ན་ཀའི་འབྲས་བུ་ལྷན་ཅིག་ཏུ་བཏགས་ཏེ་བླུད་ན་ཡང་མྱོས་པར་འགྱུར་རོ།། བུ་རམ་དང་རྩབས་སམ་གཏོར་མས་གཏོང་བར་འགྱུར་རོ།། གདོན་ནི་ཆོ་གས་གཏོང་བར་འགྱུར་བའི་བདུག་པ་བཤད་པར་བྱ་སྟེ། གཞོན་ནུ་ལ་ནི་ལྷག་པར་ཡང་།། རྨ་བྱའི་སྒྲོ་དང་དྷ་ཀ་ཏི།། གསེར་ཕྲོ་མ་ལུག་རུ་བ་ལང་རཱ།། དེ་བཞིན་མ་ཧཱ་ས་གནྡྷ།། སྦྲུལ་ལྤགས་རྗེན་པ་དག་དང་ནི།། རྒྱ་སྐྱེགས་བྱི་ལའི་པགས་པ་དང་། ། མོན་སྲན་སྡེའུ་མ་རུའི་རྩ་བ་དང་།། ན་ལེ་ཤམ་དཀར་འབྲུ་བཞི་དང་།། རས་འལ་ཚི་གུ་བིལ་བའི་རྩ།། ཐང་ཤིང་ཙན་དན་དམར་པོར་བཅས།། ཐེ་ཙོམ་མེད་པར་གནོད་སྦྱིན་མོ། བདུག་པ་འདི་དག་སྦྱིན་བྱ་ཞིང་།། བྱིས་པ་རྣམས་ལ་ཕན་འདོད་པས།། བདུག་པ་འདི་ནི་སྦྱར་བར་བྱ།། གདོན་རྣམས་ཀྱི་ནི་ངོ་ལོན་དང་།། གཏོང་བར་བྱེད་པ་དང་འཁྲུལ་པར་བྱེད་པ་དེ་དག་ངས་བཤད་ཟིན་ཏོ། ། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རིག་སྔགས་ཀྱིས་གདོན་རྣམས་གཅད་པ་དང་། གཞོམ་པ་དང་། ཕྱིར་བསླང་བར་བྱ་བ་ངས་བསྟན་པ་དེའང་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱཿཧུ་རུ་ཧུ་རུ་བ་ཧུ་མེ། ཨུཏ་ཏིཥྛ། ཨི་མེ་སྭཱ་ཧཱ། ཕྱིར་བསླང་བ་ནི་ཆུས་བྱའོ།། ལྷ་རྣམས་གདོན་རྣམས་ཀྱི་མཚན་མ་དང་གསོ་བའི་ཐབས་ངས་བཤད་ཟིན་ཏོ།། རིག་པ་མཆོག་གི་ཆོ་ག་རྒྱས་པ་མ་ལུས་པའི་དབང་དུ་བྱས་ཏེ། ལས་བྱེད་པ་གང་ཡིན་པ་འམ། ཡང་ན་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་སྤྱན་དང་བཅས་པར་འཆང་བ་གང་ཡིན་པ་དེས་ཀྱང་གདོན་རྣམས་མ་ལུས་པར་བྱ་བ་དང་གསང་པར་ནུས་སོ། ། གང་ཞིག་བཟོད་ལྡན་ཁྲོ་ཐུལ་བ།། ཚངས་པར་སྤྱོད་ཅིང་དབང་པོ་ཐུལ།། གཙང་ཞིང་སྤྱོད་པ་གཙང་བ་དང་།། བྱང་ཆུབ་ཏུ་ནི་ངེས་བྱས་དང་།། རིག་པ་མཆོག་གི་དེ་ཉིད་རྟོགས།། ཆོ་གའི་ལྷ་རྣམས་མཆོད་བྱེད་པ། ། དེ་འདྲར་སྤྱོད་པ་མཁས་པ་ཡིས།། གསང་བ་པ་རྣམས་གཞིག་པར་བྱ།། གདོན་ཐམས་ཅད་ཀྱི་ངོ་ལོན་རྫོགས་སོ།། །། དེ་ནས་སའི་ལྷ་མོས་ལག་ན་རྡོ་རྗེའི་ཞབས་གཉིས་ལ་གཏུགས་ནས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཆོ་ག་རྒྱས་པ་ལེགས་པར་གསུངས་སོ།། བདག་གིས་ཀྱང་རིག་སྔགས་འཆང་རྣམས་ཀྱི་དོན་གྱི་ཕྱིར་བཅོམ་ལྡན་འདས་རིག་སྔགས་འཆང་གིས་རིག་སྔགས་ནི་ཇི་ལྟར་བསྒྲུབ་པར་བགྱི། ཇི་ལྟར་ནི་འཇུག་པར་བགྱི། ནོར་སྒྲུབ་པའི་ལས་ཀྱི་དུས་ནི་གང་། དྲག་ཤུལ་བྱ་བ་འམ། ཞི་བ་འམ། རྒྱས་པའི་ལས་ཀྱི་དུས་ནི་གང་། རིག་སྔགས་ནི་དུས་གང་དུ་བསྒྲུབ་པར་བགྱི། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། སའི་ལྷ་མོ་ལ་འདི་སྐད་ཅེས་སྨྲས་སོ།། སའི་ལྷ་མོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་ཏེ། ང་ལ་དྲིས་པ་གང་ཡིན་པ་དེ་ལེགས་སོ་ལེགས་སོ།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ལྷ་མོ་ཁྱོད་ལ་བཤད་པར་བྱ་སྟེ། རིག་སྔགས་འཆང་རིག་སྔགས་སྒྲུབ་པ་ཟླ་བ་ཕྱེད་དམ་!ཞག་ཉི་ཤུའི་བར་དུ་རིག་སྔགས་བསྟན་པར་བྱ་སྟེ། དེའང་དོར་བར་བྱའོ།། གསུམ་པ་ནི་རོ་སྨད་དཀྲིས་ནས་ལྷའི་ཐད་དུ་འགྲོ་བར་བྱའོ།། རིག་སྔགས་འཆང་རིག་སྔགས་གང་དེ་ཉིད་ཀྱིས་ཆུ་ལ་བསྔགས་ཏེ་ཁྲུས་བྱ་ཞིང་། ཁྲུས་བྱེད་པའི་ཚེ་སུ་ལའང་སྨྲ་བར་མི་བྱ་སྟེ། རིག་སྔགས་ལ་ཕྱག་བྱས་ནས་ཁྲུས་བྱའོ།། རིག་སྔགས་སྒྲུབ་པ་ན་སྐྱིལ་མོ་ཀྲུང་བརྟན་པོར་འདུག་པར་བྱ་སྟེ། རྒྱས་པ་འམ་རིག་སྔགས་སྒྲུབ་པ་ལ་ནི་སྐྱིལ་མོ་ཀྲུང་གིས་འདུག་པར་བྱའོ། ། དྲག་ཤུལ་ལ་ནི་རྐང་པས་རྐང་པར་མནན་ཏེ་འདུག་པར་བྱའོ།། རྒྱས་པའི་ལས་དང་། ནོར་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་རྣམས་ལ་ནི་ནང་པར་ལས་བྱས་ཏེ། དེའི་ཚེ་ལྷ་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་བས་ན། དེའི་ཕྱིར་ལས་འགྲུབ་པར་འགྱུར་རོ།། དྲག་ཤུལ་གྱི་ལས་རྣམས་ལ་ནི་ཉི་མ་གུང་ངམནམ་ཕྱེད་ན་ལས་བྱ་སྟེ། དེའི་ཚེ་ཡི་དགས་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་བས་ན། དེའི་ཕྱིར་དེ་དག་མ་རུང་བར་བྱེད་པ་ལ་འཇུག་པར་འགྱུར་རོ།། ཞི་བ་དང་རིག་སྔགས་སྒྲུབ་པ་ནི་སྲོད་ཀྱི་དུས་སུ་བྱ་སྟེ། དེའི་ཚེ་གནས་གཙང་མའི་རིགས་ཀྱི་ལྷ་རྣམས་རིག་སྔགས་འཆང་ལ་ལྟ་བར་བྱེད་པས་ན། དེའི་ཕྱིར་དེ་ལ་ཞི་བ་འགྲུབ་པར་འགྱུར་རོ།། ནུབ་མོའང་ཆོ་ག་འདི་བཞིན་དུ་ལས་བྱའོ།། ལྷ་མོ་གཞན་ཡང་བཤད་པར་བྱ་སྟེ། རིག་སྔགས་གང་གི་སྦྱིན་སྲེག་ནུབ་མོ་བྱ་བར་བཤད་པ་དེའི་སྦྱིན་སྲེག་ནི་ནུབ་མོ་བྱ་སྟེ། བཟླས་པ་ཉིད་ནི་ཉིན་མོ་བྱའོ།། ལྷ་མོ་གང་གི་སྦྱིན་སྲེག་ཉིན་པར་བྱའོ།། ལྷ་མོ་གང་གི་སྦྱིན་སྲེག་ཉིན་པར་བྱ་བ་དེའི་བཟླས་བརྗོད་ནི་ནུབ་མོ་བྱའོ། ། ལྷ་མོ་ཆོ་ག་དེས་ན་རིག་སྔགས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ།། དེ་ནས་སའི་ལྷ་མོ་དེ་མགུ་ཞིང་རབ་ཏུ་དགའ་ནས། རིག་པ་མཆོག་གི་ཆོ་ག་རྒྱས་པ་མངོན་པར་འཕེལ་བར་བྱ་བའི་ཕྱིར་ལག་ན་རྡོ་རྗེའི་ཞབས་ལ་ཕྱག་བྱ་བའི་གསང་སྔགས་སྨྲས་པ། ན་མོ་བཛྲ་པཱ་ཎི་སྱ། བལ་གུ་བལ་གུ། ཧུ་ལུ་ཧུ་ལུ། ཏཾ་གི་ནི་སྭཱ་ཧཱ། དེ་ནས་སའི་ལྷ་མོ་དེས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་རིག་སྔགས་ཀྱི་ལས་རྣམས་ཤོད་ཅིག་ཤོད་ཅིག། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ལས་རྣམས་བཤད་པ། རིག་སྔགས་སྒྲུབ་པ་ན་རིག་སྔགས་འཆང་གིས་ཟླ་བ་ཕྱེད་ཀྱི་བར་དུ་ཟས་སུ་འོ་མ་དང་འདག་གུ་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱའོ། ། དེ་ནས་ཡར་གྱི་ངོ་ཚས་བརྒྱད་ལ་ཙན་དན་དཀར་པོ་ལས་སའི་ལྷ་མོའི་གཟུགས་བྱས་ལ། ཙན་དན་དམར་པོ་ལས་ལག་ན་རྡོ་རྗེའི་གཟུགས་བྱས་ཏེ། དཀྱིལ་འཁོར་སྐྱང་མུལ་གྱིས་བྱུགས་ནས་དཀྱིལ་འཁོར་གྱི་དབུས་སུ་ལག་ན་རྡོ་རྗེའི་གཟུགས་བཞག་ལ། དབུས་དེར་སའི་ལྷ་མོའང་བཞག་སྟེ། ལག་ན་རྡོ་རྗེ་དང་སའི་ལྷ་མོ་ལ་མཆོད་པ་བྱས་ལཿལྷ་བཤོས་རྒྱས་པར་ཕུལ་ནས། ལག་ན་རྡོ་རྗེའི་དྲུང་དུ་ནི་བ་དན་དམར་པོ་གཞག་གོ།། སའི་ལྷ་མོའི་དྲུང་དུ་ནི་བ་དན་དཀར་པོ་གཞག་གོ།། ཕྱོགས་བཞིར་ཡང་གོས་དམར་པོ་གྱོན་པའི་མི་རྣམས་གཞག་གོ།། རིག་སྔགས་འཆང་གིས་ཀྱང་གོས་དམར་པོ་བགོས་ལ་ངེས་པར་གནས་པར་བྱ་སྟེ། རིག་སྔགས་བསྒྲུབ་པར་བྱའོ།། དེ་ནས་ཉི་མའི་འོད་ལས་བྱུང་བའི་མེས་བིལ་བའི་ཤིང་སྦར་ཏེ། བིལ་བའི་མེ་ཏོག་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་སྦྱིན་སྲེག་བྱས་ན་སའི་ལྷ་མོ་འགུལ་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་སའི་ལྷ་མོ་དེ་ལག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་གཞག་གོ།། དེ་ནས་རིག་སྔགས་འཆང་གིས་ལག་ན་རྡོ་རྗེ་ལ་ཙན་དན་དམར་པོའི་མཆོད་ཡོན་ཕུལ་བ་ལ་ཙི་ར་ཀན་ད་ཀའི་ཕྱེ་མ་ཡུངས་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བགྱིའོ། ། དེ་ནས་ནམ་མཁའ་ལས་སའི་ལྷ་མོ་གྲུབ་བོ་ཞེས་སྒྲ་འབྱུང་བར་འགྱུར་རོ། ། དེ་ནས་རིག་སྔགས་འཆང་གིས་སའི་ལྷ་མོ་དེ་བླངས་ལ། བླངས་ནས་ཕྱེ་མ་ཞིབ་མོར་བཏགས་ན་ཕྱེ་མས་གང་ལ་རེག་པ་དེ་ལས་གྲུབ་ནས་སལ་གནས་པའི་རིག་སྔགས་འཆང་ལ། རིག་སྔགས་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་ཞིང་། རིན་པོ་ཆེ་ཐམས་ཅད་དང་སྨན་ཐམས་ཅད་མངོན་དུ་ཕྱོགས་པར་འགྱུར་རོ།། སའང་དེ་ལ་གནས་སྦྱིན་པར་འགྱུར་ཞིང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཏེ། ཚེ་ལོ་བདུན་སྟོང་ཐུབ་པར་འགྱུར་རོ།། ལས་ཐམས་ཅད་ལ་ལན་གསུམ་བཟླས་བརྗོད་བྱས་པའི་ཐལ་བས་བསྲུང་བར་བྱའོ།། བསྐྲད་པ་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ཟ་གཅིག་པར་བྱ་སྟེ། ལམ་གྱི་སུམ་མདོ་འམ། བཞི་མདོ་འམ། དུར་ཁྲོད་ཀྱི་ཐལ་བས་སའི་ལྷ་མོའི་གཟུགས་བྱས་ལ། དེའི་སྟེང་དུ་ཙན་ངན་དམར་པོས་གཏོར་བར་བྱ་སྟེ། ཐལ་བ་བླངས་ལ་དུར་ཁྲོད་ཀྱི་ཤིང་གིས་མེ་སྔར་ལ་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཞག་གསུམ་གྱིས་འབྲོས་པར་འགྱུར་རོ། ། གཟེར་ཐབས་ཀྱི་གདབ་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་རྫ་མཁན་གྱི་འཇིམ་པ་ལ་གཟུགས་བྱས་ཏེ། མདུང་རྩེ་གསུམ་པའམ། མ་ད་ནའི་ཚེར་མ་དབུལ་ནས་བླངས་པའི་མ་ད་ནའི་ཚེར་མ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་པས་བཙུགས་ན་གང་དུ་བཙུགས་པ་དེར་གཟེར་བར་འགྱུར་ཏེ། ཕྱུང་ན་གཏོང་བར་འགྱུར་རོ།། ཐིག་ལེ་སྒྲུབ་པར་འདོད་ན་ཞག་གསུམ་སྨྱུང་བ་བྱས་པས་མར་གྱི་ངོ་ཞག་བརྒྱད་དམ་ཞག་བཅུ་བཞི་ལ་ལམ་གྱི་བཞི་མདོ་འམ་དུར་ཁྲོད་དུ་བ་གླང་གི་ལྕི་བས་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ། ལྷ་བཤོས་རྣམ་པ་སྣ་ཚོགས་ཕུལ་ནས་ཙན་དན་དམར་པོའི་ཆུས་དཀྱིལ་འཁོར་བསང་གཏོར་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་དུར་ཁྲོད་ཀྱི་ཐལ་བ་བཞག་སྟེ། རིག་སྔགས་འཆང་ཀུ་ཤའི་སྟན་ལ་འདུག་པས་ཐལ་བ་ལག་པས་མནན་ནས་ལྷ་མོའི་གཟུགས་སྣང་བར་འགྱུར་གྱི་བར་དུ་རིག་སྔགས་བཟླས་བརྗོད་བྱའོ། ། དེ་ནས་འགྲུབ་པར་འགྱུར་ཏེ། ལྷ་ཐམས་ཅད་ལ་ཕྱག་བྱས་ནས། སའི་ལྷལྷོ་མོ་སྤྱན་དྲངས་ན་དེར་འདུག་པར་འགྱུར་། དེར་འདུག་པས་བགེགས་རྣམས་འབྱུང་བར་མི་འགྱུར་ཞིང་དངོས་གྲུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། ། སའི་སྟེང་ན་སྡང་བར་སེམས་པ་གང་ཡིན་པ་དེ་དག་གིས་ཀྱང་གླགས་མི་རྙེད་དོ།། ལྷ་ཐམས་ཅད་ཀྱང་མངོན་དུ་ཕྱོགས་པར་ནི་འགྱུར་ཏེ། དེ་ནས་དངོས་གྲུབ་ཐོབ་པར་འགྱུར་རོ།། དགུན་ཟླ་ཐ་ཆུང་ལ་ཟས་སུ་འོ་མ་དང་ཕྱེའི་འདག་གུ་ཟ་ཞིང་ཤིང་ཨ་ཤོ་ཀའི་དྲུང་དུ་ལན་འབུམ་བཟླས་བརྗོད་བྱ་སྟེ། ཞག་གསུམ་སྤྱང་བ་བྱས་པས་ཡར་གྱི་ངོ་ཟླ་བ་ཉལ་ཤིང་དེ་ཉིད་ཀྱི་དྲུང་དུ་ཨ་ཤོ་ཀའི་ཤིང་གིས་མ་སྦར་ལ་གུ་གུལ་གྱི་རོལ་བུ་བརྒྱད་སྟོང་གི་སྦྱིན་སྲེག་བྱས་ན། ཤིང་མི་སྣང་བར་གྱུར་ན་ལས་དེ་འགྲུབ་པ་ཡིན་ནོ། ། དེ་ནས་ནམ་མཁའ་ལ་འཕགས་པར་འགྱུར་ཏེ། འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་། ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ།། ལྷ་བཤོས་ཀྱང་རྒྱས་པར་འབུལ་ལོ།། ལྷ་མོ་ཁྱོད་ཀྱི་རིག་སྔགས་ཀྱི་ལས་རྣམས་ངས་བཤད་ཟིན་ཏོ། ། ངས་ཀྱང་ལྷ་མོ་ཁྱོད་ལ་དྲག་ཏུ་བསྐུལ་བའི་རིག་སྔགས་གང་བརྗོད་ན་ཁྱོད་ཀྱི་མདུན་དུ་མྱུར་དུ་གནས་པར་འགྱུར་བ་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་སིདྡྷི་རི་བི་ནི་སྭཱ་ཧཱ། སྒྲུབ་པའི་ཚེ་རིག་སྔགས་འདིས་མད་ནའི་ཚེར་མ་ཁྲག་གི་ནང་དུ་བསྩགས་པ་བརྒྱད་སྟོང་གིས་སྦྱིན་སྲེག་བྱས་ན་བགེགས་ཐམས་ཅད་འབྱུང་བར་མི་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྤྱང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་ཙན་དན་དམར་པོས་དཀྱིལ་འཁོར་བྱས་ནས་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་སའི་ལྷ་མོ་འགྲུབ་པར་འགྱུར་ཏེ། དེ་ཕྱིན་ཆད་ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ།། སའི་ལྷ་མོའི་ཆོ་ག་རྫོགས་སོ།། ། དེ་ནས་ལྷའི་དྲང་སྲོང་མེས་སའི་ལྷ་མོའི་མཚམ་བརླང་མཐོང་ནས། ལག་ན་རྡོ་རྗེའི་ཐད་དུ་སོང་སྟེ་སྤྲས་པ། རྡོ་རྗེ་འཛིན་ཆེན་པོ་བདག་གིས་ཀྱང་རིག་སྔགས་འཆང་ཐམས་ཅད་གང་གིས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བའི་དངོས་གྲུབ་བསྟན་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་སྟན་ལས་ལངས་ནས། ལྷའི་དྲང་སྲོང་མེ་ལ་འདི་སྐད་ཅེས་སྨྲས་སོ། ། དྲང་སྲོང་ཆེན་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་གང་ཡིན་པ་ནི་ལེགས་སོ་ལེགས་སོ།། དྲང་སྲོང་ཆེན་པོ་ཁྱོད་ནི་ལྷ་ཐམས་ཅད་ཀྱི་ཞལ་ཡིན་ནོ། ། དྲང་སྲོང་ཆེན་པོ་ཁྱོད་ནི་ལྷ་ཐམས་ཅད་ཀྱི་རྗེ་ཡིན་གྱིས། དྲང་སྲོང་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དངོས་གྲུབ་ཀྱི་རྒྱུ་ཤོད་ཅིག་ཤོད་ཅིག། དེ་ནས་ལྷའི་དྲང་སྲོང་མེ་ལག་ན་རྡོ་རྗེས་བསྟོད་པས་ཡིད་དགའ་བར་གྱུར་ནས། ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་འདི་སྐད་ཅེས་སྨྲས་སོ།། གནོད་སྦྱིན་གྱི་བདག་པོ་བདག་འོང་བ་ནི་དངོས་གྲུབ་འགྲུབ་པའི་རྒྱུར་འགྱུར་ཏེ། གང་གི་བདག་འོང་བར་འགྱུར་བའི་བདག་སྤྱན་དྲང་བའི་གསང་སྔགས་བཤད་པར་བྱའོ། ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཨ་གྣི་དེ་བ་ཏཱ་ཡ། དྷཱུ་པ་ཏ་ཡེ་ཛྭ་ལི་ནི་སྭཱ་ཧཱ། རིག་སྔགས་འདི་ནི་སྤྱན་དྲང་བའི་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ན་མོ་ཨགྣ་ཡ། ཀུཎྜི་ཀུ་ཏིཿག་ཏི་ཡེ་གཙྪ་གཙྪ། ཤོ་ཤན་ཏིལ་ལི་པུ་ཏྲ་སཱ་ཧཱ། རིག་སྔགས་དེ་སླར་གཏང་བའི་སྔགས་སོ།། རིག་སྔགས་འཆང་གང་དག་བདག་ལ་ལྟ་བ་དེ་དག་གིས་ནི་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་རོརོ།། བདག་འོང་བའི་མཚན་མ་ལྟ་བ་ནི་སྒྲུབ་པ་ཐམས་ཅད་ལའང་བདག་མདུན་དུ་བཞག་ལ། པ་ལ་ཤའི་ཤིང་གིས་མེ་སྦར་ནས་འབྲས་ཡོས་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱའོ།། དེ་ནས་མེའི་དབུས་སྔོ་བྲེང་ངེར་འདུག་པ་དང་། མཐའ་སྔོ་བ་དང་། མེའི་རྩེ་མོ་རྒྱས་པ་དང་། དྲུང་སྔོ་ཞིང་མགྱོགས་པ་ལས་བརྟག་སྟེ། དེ་ནས་རྟགས་བཤད་པ་དེ་དག་གིས་འོང་བར་ཤེས་པར་བྱའོ།། དེ་ནས་རིག་སྔགས་འཆང་གིས་ལྷ་བཤོས་ཕུལ་ཏེ། མར་གྱི་སྲེག་བླུགས་བདུན་གྱི་སྦྱིན་སྲེག་བྱའོ།། བདག་འདུག་པ་དང་བདེགས་ཐམས་ཅད་མི་འབྱུང་ཞིང་རིག་སྔགས་ཀྱང་འགྲུབ་པར་འགྱུར་རོ།། དེ་ནས་ལྷའི་དྲང་སྲོང་མེས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་རིག་སྔགས་ཀྱི་ལས་རྣམས་ཤོད་ཅིག་ཤོད་ཅིག། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཡིད་དགའ་བར་གྱུར་ནས་རིག་སྔས་ཀྱི་ཚོགས་རྣམས་ལ་བལྟས་ཏེ། རིག་སྔགས་ཀྱི་ལས་རྣམས་བཤད་པ། ལས་ཐམས་ཅད་ལའང་པ་ལ་ཤའི་ཤིང་གིས་མེ་སྦར་ལ། འབྲས་ཡོས་ཞོ་དང་། སྦྲང་རྩི་དང་། མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ལས་འགྲུབ་པར་འགྱུར་ཏེ། མེའང་དམ་པ་སྦྱིན་པར་བྱེད་ཅིང་། གང་ན་འབར་བ་སྣང་བ་དེར་སྲུང་བར་འགྱུར་རོ།། ལྷ་དབབ་ན་བྱེའུ་རུག་པའི་ལོ་མའམ་ཆུས་བྱའོ།། སྐྱེས་པ་དབང་དུ་བྱ་ན་ཡར་གྱི་ངོ་ཚེས་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། སྦྱིན་སྲེག་གི་གནས་སམ། ཁང་སྟོང་དབེན་པའི་ཕྱོགས་སུ་མེའི་སྦྱིན་སྲེག་བྱས་པའི་མེས་བིལ་བའི་ཤིང་གིས་མེ་སྦར་ཏེ། ཀུན་དའི་མེ་ཏོག་ཁ་མ་བྱེ་མར་གྱི་ནང་དུ་བསྙུགས་པ་སུམ་སྟོང་གིས་སྦྱིན་སྲེག་བྱས་ན་སྐྱེས་པ་དབང་དུ་འགྱུར་རོ། ། དེ་ནས་མེ་སྒྲུབ་པར་འདོད་ན་ཞག་བདུན་གྱི་བར་དུ་ཟས་འོ་མདང་ཕྱེའི་བདག་གུ་ཟ་ཞིང་རིག་སྔགས་བཟླས་བརྗོད་བྱས་ན། དེ་ནས་ཡར་གྱི་ངོ་ཚོས་བཅུ་གཉིས་ལ་ཞག་གཅིག་སྤྱང་བ་བྱས་ཏེ། ཁང་སྟོང་དུ་སོང་ལ་ནང་དུ་ཞུགས་ནས་གཙང་མར་བྱས་ཏེ། ཕྱོགས་བཞིར་གཏོར་མ་བྱིན་ལ་དཀྱིལ་འཁོར་གྱི་དབུས་སུ་ལག་ན་རྡོ་རྗེའི་གཟུགས་བཞག་ནས། དེའི་མདུན་དུ་མེའི་སྦྱིན་སྲེག་བྱས་པའི་མེས་བིལ་བའི་ཤིང་གིས་མེ་སྦར་ལ། དེ་ནས་མེ་ཏོག་དཀར་པོ་དང་གུ་གུལ་གྱི་བདུག་པས་མེ་སྤྱན་དྲང་ངོ་།། དེ་ནས་རིག་སྔགས་འརླང་གིས་རྩ་དུར་བའི་སྟན་བྱས་ཏེ། རྩཝ་ངུར་བའི་སྟན་ལ་འདུག་ལ། སྣ་མའི་ཡམ་སྲེག་ཤིང་ཞོ་དང་སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་པ་བརྒྱད་སྟོང་གི་སྦྱིན་སྲེག་བྱའོ།། དེ་ནས་མེ་སྟག་གིས་རྩ་གང་རོལ་བར་བྱེད་ན། རིག་སྔགས་འཆང་གིས་རིག་པ་མཆོག་དྲན་པར་བྱ་ཞིང་། རིག་པ་མཆོག་ཉིད་ཀྱི་སྲེག་བླུགས་ལན་བདུན་དུ་སྦྱིན་སྲེག་བྱས་ན་དེས་ཞི་བར་འགྱུར་རོ། ། དེ་ནས་འོད་ཟེར་ཅིག་བྱུང་སྟེ་རིག་སྔགས་འཆང་ལ་གཡས་ཕྱོགས་ནས་བསྐོར་ནས་སླར་དེ་ཉིད་དུ་ཞུགས་ན་འགྲུབ་པར་འགྱུར་ཏེ། གྲུབ་ནས་ལག་སྟངས་ཙམ་བྱས་པས་ཀྱང་སྦྱིན་སྲེག་གི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། ། དེ་ནས་རིག་སྔགས་སྒྲུབ་པར་འདོད་ན་མེའི་ཐབ་ཁུང་དེ་ཉིད་ནས་སོལ་བ་བླངས་ཏེ། ཆོ་ག་འདི་ཉིད་ཀྱིས་ལག་ན་རྡོ་རྗེའི་མདུན་དུ་བཟླས་བརྗོད་བྱས་ན་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ། ། དེ་ནས་མེ་དབྱུང་བར་འདོད་ན་མར་གྱི་ངོ་ཞག་གཅིག་སྨྱུང་བ་བྱས་ཏེ། སྦྱིན་སྲེག་གི་གནས་སུ་སོང་ནས་ཨ་མཱ་ར་ཏེ་ཀེའི་རུས་པས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་མེ་ལི་ཁ་ནས་མེ་ཐག་འབྱུང་བར་འགྱུར་ཏེ། ཆེ་གེ་མོ་ཞིག་སྲེག་ཅིང་ཡུལ་དེ་ཚིག་པར་གྱིས་ཤིག་ཅེས་ཡིད་ཀྱིས་བཟླས་ན་ཡིད་ལ་བསམས་མ་ཐག་ཏུ་ལས་ཐམས་བྱེད་པར་འགྱུར་རོ། ། དགྲ་གསད་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་དམ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། དུར་ཁྲོད་ཀྱི་ཤིང་བླངས་ནས་འབྱུང་པོའི་གཏོར་མའང་བྱིན་ལ། ཤིང་བླངས་པ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། ཆེ་གེ་མོ་ཞིག་ཆོམས་ཤིག་ཅེས་སྨྲས་ན། རིམས་ཚ་བས་བཏབ་སྟེ་ཞག་བདུན་གྱིས་འཆི་བར་འགྱུར་རོ།། ནོར་འདོད་ན་རྟག་ཏུ་མར་དང་འབྲས་ཀྱི་སྦྱིན་སྲེག་བྱས་ན་ནོར་འཕེལ་བར་འགྱུར་རོ། ། ལྷ་སྒྲུབ་པར་འདོད་ན་གང་གི་ཉིན་མོའང་རུང་སྟེ། གློ་བུར་དུ་མེ་འབར་བ་མཐོང་ན། དེ་བླངས་ལ་མར་གྱི་ངོ་ཞག་བཅུ་བཞི་བར་དུ་བཞག་སྟེ། དུས་གསུམ་དུ་ཁྲུས་བྱེད་ཅིང་ཞག་བདུན་བཟླས་བརྗོད་བྱའོ། ། དེ་ནས་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་ལག་ན་རྡོ་རྗེའི་མདུན་དུ་ཝཱ་བཤོས་རྣམ་པ་སྣ་ཚོགས་ཕུལ་ཏེ། ཀུ་ཤའི་སྟན་ལ་འདུག་ཅིང་མེ་དེ་ཉིད་ཀྱིས་ཤ་མྱའི་ཤིང་གིས་མེ་སྦར་ནས། མེ་དེའི་ནང་ནས་པདྨ་འདབ་མ་སྤྱོང་པ་དཔག་ཚད་བརྒྱ་དྲི་བསུང་གིས་ཁྱབ་པ་བྱུང་གི་བར་དུ་བཟླས་བརྗོད་བྱའོ།། དེ་ནས་རིག་སྔགས་འཆང་གིས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་བླངས་ན། དེ་བླངས་མ་ཐག་ཏུ་མཐུ་སྟོབས་ཆེ་ཞིང་ཉི་མ་ཤར་བའི་མདོག་དང་ལྡན་ལ། དཔག་ཚད་བརྒྱ་དྲི་བསུང་གོས་ཁྱབ་པ་དང་། གཞན་གྱིས་མི་ཚུགས་པའི་རྗོད་པའི་འོངས་སྤྱོད་དང་ལྡན་ལ། སྲེག་པའི་རང་བཞིན་ཅན་འདོད་དགུར་བསྒྱུར་པའི་གཟུགས་དང་ལྡན་པ་དང་། བསྐལ་བར་གནས་པར་འགྱུར་རོ།། ལྷ་རྣམས་དྲང་སྲོང་ཆེན་པོའི་ལས་རྣམས་ངས་བཤད་ཟིན་ཏོ།། དེ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱང་བཤང་བར་བྱའོ།། ན་མོ་བཛྲ་པཱ་ཨུ0f7fུ0f7f། ཧུ་ཏཱ་ཤན། ཨི་ཧ་ཨཱ་གཙྪ། པྲ་ཏི་གྲཧྞ། ཨི་མ་མཱ་ཧུ་ཏ་ནི། པྲ་ཏི་བུདྡྷ། མ་ཧཱ་བྷ་ག། ཙྱཥྚ་སྟཱཾ། པྲ་པཱུ་ར་བ་བྷ་ཡ། ཨ་ཧཱ་དུཥྚ་གྲ་ཧ་སརྦེ་པུ་ན་ར། ཨཱ་བརྟ་ཏ་ཤྩ་ཡེ། ནི་རུན་ཏི་ནི་རུན་ཏི། བཛྲ་པཱ་ཎི། སྟཱཾ་དེ་བ་དེ་བ་ན་མཿ་སྭཱ་ཧཱ། སྒྲུབ་པ་ཐམས་ཅད་ལ་རིག་སྔགས་འདིས་མར་དང་འབྲས་ཡོས་ཀྱི་སྲེག་བླུགས་ལན་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན། དེས་ཐམས་ཅད་བྱེད་ནུས་པར་འགྱུར་རོ།། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། མཆོད་པ་བྱ་ཞིང་ལྷ་བཤོས་ཀྱང་ལྷག་པར་ཕུལ་ལ། དེ་ནས་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན་མེས་དམ་པ་སྦྱིན་པར་འགྱུར་རོ།། མེའི་ཆོ་ག་རྫོགས་སོ།། ། དེ་ནས་ལྷ་མོ་ཚིག་ལྡན་མས་རབ་ཏུ་རོལ་པ་མཐོང་ནས་ལག་ན་རྡོ་རྗེ་ལ་གཡས་ཕྱོགས་ནས་བསྐོར་བ་བྱས་ཏེ། དྲི་ཟའི་འཁོར་གྱིས་བསྐོར་ནས་འཁོར་དེ་ཉིད་ཀྱི་ནང་དུ་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ལག་ན་རྡོ་རྗེ་བདག་ནི་ལྷ་ཐམས་ཅད་དང་། རིག་སྔགས་འཆང་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང་། སྒྲུབ་པར་བྱེད་པ་དང་། རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ།། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ནི་རྒྱགས་པས་མྱོས་པ་སྟེ། བདག་མེད་དུ་ཟིན་ན་དེ་དག་མ་རུང་བར་འགྱུར་རོ།། དེ་བས་ན་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པའི་དངོས་གྲུབ་སྦྱིན་པར་བྱ་སྟེ། བཅོམ་ལྡན་འདས་བདག་གི་གསང་སྔགས་འཆང་བ་གང་ཡིན་པ་དེ་དག་ལ་ནི་བདག་རྟག་ཏུ་གྲུབ་ཅིང་། དེའི་མདུན་དུ་རྟག་ཏུ་རབ་ཏུ་དགའ་བའི་སེམས་ཀྱིས་གནས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས། ལྷ་མོ་ཚིག་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ།། ལེགས་སོ་ལེགས་སོ།། ལྷ་མོ་ཆོག་ལྡན་མ་ལེགས་སོ། ། ལྷ་མོ་འཇིག་རྟེན་གྱི་མ་ཁྱོད་ངས་ཤེས་ཏེ་མཆོག་ཏུ་གྱུར་པ་དང་། སྒྲུབ་པར་བྱེད་པ་དང་། དངོས་གྲུབ་སྦྱིན་པ་ཡིན་ནོ།། ལྷ་མོ་འཇིག་རྟེན་གྱི་མ་ཁྱོད་ལེགས་ཀྱིས། རིག་པ་མཆོག་གི་ཆོ་ག་རྒྱས་པཆོ་ག་ཆེན་པོའི་གསང་སྔགས་ཤོད་ཅིག་ཤོད་ཅིག། དེ་ནས་ལྷ་མོ་ཆོག་ལྡན་མ་དེ་ལག་ན་རྡོ་རྗེས་བསྟོད་པས་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་ནས་རིག་སྔགས་ཀྱི་ཚོགས་ལའང་བསྟས། བྱང་ཆུབ་སེམས་དཔའི་། ཆེན་པོ་ལག་ན་རྡོ་རྗེ་ལའང་བསྟས་ཏེ། ཕྱག་འཚལ་ནས་རིག་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མཿས་ར་སཱ་ཏཱི་ཡེ། ལོ་ཀ་ཏཱ་ཡ། ལོ་ཀ་ཨུནཱི་ལི་ཀ་ཡ། དཱ་མ་ཡནྟི་ཀཱ་ཡ། ཙཎྜ་ཀཱ་ཡ། ས་ཀཱ་ཡ་བིདྱ་ཡ། དཾབྱ་རཱུ་པཱ་ཡ། དེ་པྱ་སྭཱ་ཧཱ། ནུན་དཱ་ཡ་སྭཱ་ཧཱ། ཀུ་རུ་ཀུ་རུ། ཀརྞི་ཀཱ་ཡ། མརྡ་ནཱ་ཡ། ལོ་ཀ་དྷ་ཡི་ཀཱ་ཡ། ས་ར་སཱཏྟི་ཡེ་སྭཱ་ཧཱ། དེ་ནས་ལྷ་མོ་ཚིག་ལྡན་མ་ཡིད་རབ་ཏུ་དགའ་ནས། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྦས་སོ། ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་འདིའི་ལས་རྣམས་ཤོད་ཅིག་ཤོད་ཙོག། དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་གཟི་བརྗིད་དྲག་པོས་འཇིག་རྟེན་གྱི་ལྷ་མོ་ཚིག་ལྡན་མའི་ལས་ཐམས་ཅད་བཤད་པ། རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པ་འཕགས་པ་ལག་ན་རྡོ་རྗེའི་གཟུགས་འདྲིར་བཅུག་སྟེ། དེའི་གཡས་ལོགས་སུ་འཇིག་རྟེན་གྱི་ལྷ་མོ་ཚིག་ལྡན་མ་མདོག་སྔོ་བསང་ལ་ལག་ན་པི་ཝང་ཐོགས་ཤིང་ཀླུ་ལེན་ཏེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་སྟོད་ཅིང་འདུག་པའི་ཚུལ་དུ་འདྲིར་གཞུག་གོ། ལྷ་བཤོས་ཀྱང་རྒྱས་པར་དབུལ་ལོ། ། དེ་ནས་རིག་སྔགས་འཆང་ཞག་གསུམ་སྨྱུང་བ་བྱས་པས། ཡར་གྱི་ངོ་ཚོས་ལྔ་ལ་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱས་པར་བྱས་ཏེ། ཀུ་ཤའི་སྟན་ལ་འདུག་ཅིང་ལྷ་ལ་མཆོད་པར་བྱའོ། ། ལྷ་བཤོས་ཀྱང་རྒྱས་པར་དབུལ་ལོ།། དེ་ནས་རིག་སྔགས་འཆང་གིས་ཙན་དན་དཀར་པོས་མེ་སྦར་ལ། ཨ་ཀ་རུའི་ཡམ་སྲེག་ཤིང་བརྒྱ་སྟོང་གིས་སྦྱིན་སྲེག་བྱས་ན་དངོས་གྲུབ་ཀྱི་མཆོག་མཚན་མར་མེ་ཏོག་གི་འཕྲེང་བ་འགུལ་བར་འགྱུར་རོ། ། གྲུབ་ནས་ཀྱང་ཚིག་གྲུབ་པ་དང་། རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ། ལས་རྣམ་པ་སྣ་ཚོགས་སྟོང་ཡང་བྱེད་ནུས་པར་འགྱུར་རོ།། འཇིག་རྟེན་གྱི་མ་རྣམས་དབབ་ནའང་ལན་བདུན་བཟླས་བརྗོད་བྱས་པའི་བྱེའུ་རུག་པའི་ལོ་མ་འམ་ཐལ་བས་བྱའོ། ། སྲུང་བ་ནི་ལན་གསུམ་དུ་བཟླས་བརྗོད་བྱས་པའི་སྐུད་པས་བྱའོ།། མཚམས་གཅད་པ་ནི་ཆུང་མ་ཡིད་ཀྱིས་བྱའོ། ། སྦྲུལ་གསད་ན་ལན་ཚྭ་དང་སྐེ་ཚེས་སྦྱིན་སྲེག་བྱའོ།། ཕྱིར་གསོ་བ་ནི་ཡིད་ཀྱིས་བྱའོ།། དུག་ལས་གསོབ་ནི་ཡལ་གས་བྱའོ།། མོ་མཚན་འཛག་པར་བྱན་སྲེད་མེད་ཀྱི་བུའི་ཆུང་མ་ལ་ཕུལ་བའི་རས་བལ་གྱི་འདབ་མ་རྒྱ་སྐྱེགས་ཀྱི་ཁུ་བས་ཁ་དོག་བསྒྱུར་བ་ལས་གཟུགས་བྱ་སྟེ། མིའི་རུས་པའི་ཕུར་བུ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་པས་མོ་མཚན་དུ་བཅུགས་ན་ཁྲག་འཛག་པར་འགྱུར་ཏེ། བྱུང་ན་གཏོང་བར་འགྱུར་རོ།། གྲོང་ཁྱེར་བཤིག་པར་བྱ་ན་བ་ཀང་ཀ་ཏའི་ཕུར་བུ་མོའི་མཁྲིས་པས་བསྒོས་ཏེ་དུག་དང་ཁྲག་གི་ནང་དུ་བསྐྱུགས་པ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། སྒོའི་ཐམ་པ་ལ་བཙུགས་ན་ཞག་གསུམ་གྱི་གྲོང་ཁྱེར་བ་རྣམས་འབྲོས་པར་འགྱུར་རོ།། ཕུར་བུ་ཕྱུང་སྟེ་མར་དང་སྦྲང་རྩི་བསྐུས་ན་དེས་ཞི་བར་འགྱུར་རོ།། ཕྱིར་ཡང་སྔ་མ་ཁོ་ན་བཞིན་དུ་གནས་པར་འགྱུར་རོ། ། ཆང་མ་རུང་བར་བྱ་བར་འདོད་ན་ཀ་ལ་ཧ་ཀ་རི་ཀ་བླངས་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། ཁྱིམ་དུ་བཙུགས་ན་ཆང་མ་རུང་བར་འགྱུར་རོ།། དེ་ནས་ལྡོང་རོས་སྒྲུབ་པར་འདོད་ན་རྒྱུ་སྐར་རྒྱལ་ལ་བབ་པའི་ཚེ་ལྡོང་རོས་ཚོང་པའི་ཁ་ཐབས་བཞིན་དུ་ཉོས་ལ་ཕག་གི་མཁྲིས་པས་བསྒོས་ཏེ་ཕྱུང་ནས་ལག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་བཞག་ལ། དེ་ནས་ཟས་སུ་འོ་མ་དང་ཕྱེའི་འདག་གུ་ཟ་ཞིང་ཞག་བཅུ་བདུན་གྱི་བར་དུ་དུས་གསུམ་དུ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ནས། མར་གྱི་ངོ་ཞག་བརྒྱད་ལ་ཁ་ཟས་མི་བཟའ་བར་ལྡོང་རོས་ལག་པ་གཡོན་པས་བཟུང་སྟེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་ཏེ། ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་ཞིང་སྒྱུ་འཕྲུལ་ཐམས་ཅད་བྱེད་པ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཏེ། ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ། ། དེ་ནས་ལྷ་མོ་ཚིག་ལྡན་མ་མཐོང་བར་འདོད་ན་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ཟ་ཞིང་དགོན་པར་རིག་སྔགས་བཟླས་བརྗོད་བྱས་ལ། ཞག་གསུམ་སྦྱང་བ་བྱས་པས་ཟླ་བ་ཉལ་ཤིང་སཱ་ལའི་དྲུང་དུ་ཅི་འབྱོར་པས་མཆོད་པ་བྱ་ཞིང་། ལྷ་བཤོས་ཀྱང་ཕུལ་ནས་རིག་སྔགས་བཟླས་བརྗོད་བྱའོ།། དེ་ནས་ན་པ་ཕྱེད་ཀྱི་དུས་སུ་གཅིག་པུ་རང་འོང་བར་འགྱུར་ཏེ། དེ་ལ་མེ་ཏོག་དཀར་པོ་དང་ལྡན་པའི་མཆོད་ཡོན་དབུལ་ཞིང་། བཅོམ་ལྡན་འདས་མ་བྱོན་པ་ལེགས་སོ་ལེགས་སོ་ཞེས་སྨྲོས་ཤིག། དེ་ནས་ལྷ་མོ་དེ་དགོད་པ་དང་། རིག་སྔགས་འཆང་གིས་དེ་ལ་འཇིགས་པར་མི་བྱ་བར་རིག་པ་མཆོག་དྲན་པར་བྱའོ། ། དེ་ནས་ལྷ་མོ་དེ་ན་རེ། བུ་ཁྱོད་ལ་དམ་པ་ཅི་ཞིག་སྦྱིན་ཟེར་བ་དང་། དམ་པ་གང་འདོད་པ་དེ་བསླང་བར་བྱ་སྟེ། རྒྱལ་རིགས་དང་། རིག་སྔགས་འཆང་དང་། ལུས་མི་སྣང་བ་དང་། གཏེར་མཐོང་བ་དང་། རིན་པོ་ཆེ་མཐོང་བ་དང་། རྒྱ་མཚོ་ཆེན་པོ་མཐོང་བ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་དང་། ཡིད་གཞུངས་པ་དང་། འདི་རྣམས་ལས་གཅིག་བསླང་བར་བྱ་ཞིང་སྔ་ནས་བསམས་ཏེ་ལས་བསྒྲུབ་པར་བྱའོ།། གང་ཡིད་ལ་བསམས་ཏེ་ལས་སྒྲུབ་པ་དེ་ཉིད་དེ་ལ་བསླང་བར་བྱའོ།། དེ་ལྟར་མ་བྱས་ན་མ་རུང་བར་འགྱུར་རོ།། དེ་ལ་རྒྱལ་སྲིད་གྲུབ་ན་ནི་དགྲ་མེད་པར་འགྱུར་རོ།། རིག་སྔགས་འཆང་དུ་གྲུབ་ན་ནི་གཞན་གྱིས་མི་ཚུགས་པའི་གནས་འཐོབ་ཅིང་ཉི་མ་ཤར་བའི་མདོག་དང་ལྡན་ལ། རིག་སྔགས་འཆང་གི་རྒྱལ་པོ་དཔག་ཚད་བརྒྱ་དྲི་བསུང་གིས་ཁྱབ་པ་ཞེས་བྱ་བར་འགྱུར་ཏེ། ཡིད་ལ་ཅི་བསམས་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་རོ། ། ལུས་མི་སྣང་ན་ནི་བསམས་པ་ཙམ་གྱིས་འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་འགྱུར་ཞིང་། ཚེ་ལོ་དགུ་སྟོང་ཐུབ་པར་འགྱུར་རོ།། གཏེར་མཐོང་བ་གྲུབ་ན་ནི་གཏེར་མི་ཟད་པར་འགྱུར་རོ། ། རིན་པོ་ཆེ་མཐོང་བ་གྲུབ་ན་ནི་ཡིད་ལ་ཅི་བསམས་པ་དེ་ཐམས་ཅད་འགྲུབ་པར་འགྱུར་ཞིང་མགོ་ལ་གཙུག་གི་ནོར་བུར་འགྱུར་ཏེ། གཙུག་གི་ནོར་བུ་མཐོང་བ་གང་ཡིན་པ་དེ་དག་ཀྱང་ནད་མེད་ཅིང་། ཚེ་ལོ་ཉེས་སྟོང་ཐུབ་པར་འགྱུར་རོ།། རིག་སྔགས་འཆང་ཉིད་ནི་ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་རོ།། རྒྱ་མཚོ་ཆེན་པོ་མཐོང་བ་གྲུབ་ན་ནི་ཇི་ལྟར་འདོད་པ་བཞིན་དུ་དེ་ཉིད་དུ་གནས་པར་འགྱུར་རོ།། མི་འདོད་ནའང་རིན་པོ་ཆེ་རྣམས་ལེན་ནུས་པར་འགྱུར་རོ། ། ཡང་ན་ལྷ་མ་ཡིན་གྱི་བུ་མོ་དང་ལྷན་ཅིག་ཏུ་གནས་ཤིང་། ལྷ་མ་ཡིན་རྣམས་ཀྱི་ལོངས་སྤྱོད་ལ་ལོངས་སྤྱོད་པར་འགྱུར་རོ།། འདོད་དགུར་བསྒྱུར་བའི་གཟུགས་ཅན་དུ་གྲུབ་ན་ནི་ཡིད་ཀྱིས་ཇི་ལྟར་འདོད་པ་དེ་ཐམས་ཅད་དུ་འགྱུར་རོ། ། ཡིད་གཞུངས་པ་གྲུབ་ན་ནི་ཐོས་པ་འཛིན་པར་འགྱུར་ཏེ། གང་ཅི་ཐོས་པ་དེ་ཐམས་ཅད་འཛིན་ནུས་པར་འགྱུར་རོ།། དེ་ནས་ཚིག་འགྲུབ་པབསྒྲུབ་པར་འདོད་ན་མར་གྱི་ངོ་ཞག་བརྒྱད་ལ་པ་བོང་གཅིག་པུ་གནས་པར་སོང་ལ། མཚན་ཐམས་ཅད་རྫོགས་པར་མཐོང་བ་དང་མཆོད་པ་རྒྱས་པར་བྱ་ཞིང་། ལྷ་བཤོས་རྒྱས་པར་ཕུལ་ནས། དེའི་སྟ་ཟུར་ཕྱོགས་སུ་མར་དང་སྦྲང་རྩི་བྱུགས་ལ་རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ་ལྕེས་དྲུད་པར་བྱའོ། ། དེ་ནས་བུད་མེད་ལ་རེག་པའི་ཉམས་འདྲ་བར་གྱུར་ན་ལས་གྲུབ་པར་ཤེས་པར་བྱ་སྟེ། དེ་ཕྱིན་ཆད་ཐོས་པ་འཛིན་པར་འགྱུར་ཞིང་། སུ་དང་གཏམ་བྱས་པ་དེ་དབང་དུ་འགྱུར་བ་དང་། ཡིད་ལ་ཅི་བསམས་པ་དེ་དེ་བཞིན་དུ་འགྱུར་བ་དང་། གླུ་མཆོག་ཏུ་སྙན་པ་ལེན་པར་འགྱུར་བ་དང་། དུག་ཀྱང་ཟ་ནུས་པར་འགྱུར་རོ། ། རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་གིས་ཚིག་ལྡན་མས་ཆུ་ལ་བསྔགས་ཏེ་གདོང་བཀྲུས་ལ་ཉེ་རེག་བྱས་ན་དེས་རིག་སྔགས་ཀྱི་ལྷ་ཐམས་ཅད་དྲན་མ་ཐག་ཏུ་འོང་བར་འགྱུར་རོ།། སྒྲུབ་པའི་ཚེའང་ཚིག་ལྡན་མ་སྤྱན་དྲང་བར་བྱ་སྟེ། མ་དང་ཡན་ཏི་ཀའི་ཤིང་གསི་མེ་སྦར་ལ་ཤི་ཀྲུའི་མེ་ཏོག་གི་སྲེག་བླུགས་ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱས་ན་གནས་གར་བཏབ་པ་དེར་གནས་པར་འགྱུར་རོ།། དེ་འོངས་པས་རིག་སྔགས་འཆང་གི་སྔོན་གྱི་བསོད་ནམས་མ་ཡིན་པ་རྣམས་བྱུང་བར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། ལག་ན་རྡོ་རྗེའི་མདུན་དུ་ཙན་དན་དམར་པོས་དཀྱིལ་འཁོར་བྱས་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན། དེས་ཆོ་ག་རྒྱས་པའི་ལྷ་ཐམས་ཅད་དམ་པ་སྦྱིན་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་འཇིག་རྟེན་གྱི་མའི་ལས་རྣམས་ངས་བཤད་ཟིན་ཏོ།། ངས་ཀྱང་དྲན་པར་བྱེད་དུ་གཞུག་པ་དང་། དམ་ཚིག་འཛིན་དུ་གཞུག་པའི་གསང་སྔགས་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱ། ན་མཿས་ར་སྭ། ཨོཾ་ས་རབ་ཏི་ཡེ་སྭཱ་ཧཱ། ལྷ་རྣམས་རིག་སྔགས་འདིའི་ལས་རྣམས་ཀྱང་འབྱུང་སྟེ། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཞག་བཅུ་བཞི་ལ་ལག་གཅིག་སྤྱང་བ་བྱས་ཏེ། རིག་སྔགས་འདིས་འོད་མའི་ཤིང་གིས་མེ་སྦར་ལ། ཡུངས་ཀར་ཞོ་དང་། སྦྲང་རྩི་དང་། མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ཚིག་ལྡན་མ་གྲུབ་པར་འགྱུར་ཏེ། ལས་ཀྱི་མཆོག་སྟོང་བྱེད་ནུས་པར་འགྱུར་རོ། ། སྒྲུབ་པའི་ཚའང་མདུན་དུ་གུ་གུལ་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན། ལྷ་མོ་ཡོངས་སུ་གཟིར་ཅིང་ཚིག་བཞིན་དུ་མྱུར་དུ་འོང་བར་འགྱུར་ཏེ། སྡིག་པའི་ལས་བྱེད་པར་མི་བྱའོ།། ཚིག་ལྡན་མའི་ཆོ་ག་རྫོགས་སོ། ། ། དེ་ནས་རྫོང་རིའི་ལྷ་མོས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེའི་གཟུགས་སུ་སྤྲུལ་ནས་ནམ་མཁའི་དཀྱིལ་འཁོར་ན་རྩེ་ཞིང་གར་བྱེད་དེ། རབ་ཏུ་འཇོམས་པའི་ཚོགས་ཀྱིས་བསྐོར་ལ། ལྷ་མོ་རྫོང་གི་འཕགས་མརྡ་འབུམ་རྡུང་ཞིང་གར་བྱེད་དེ། ལྷ་མོ་རྩེ་ཞིང་ང་ནི་ལག་ན་རྡོ་རྗེ་ཡིན་ནོ།། ང་ནི་ལག་ན་རྡོ་རྗེ་ཡིན་ནོ་ཞེས་སྐད་ཆེན་པོས་སྨྲ་ཞིང་གར་བྱེད་དེ། ལྷ་མོ་རྫོང་གི་འཕགས་མ་ཆོས་ལུགས་མི་བཟད་ཅིང་སྟོབས་དང་ཕ་རོལ་གནོན་པ། གཞན་གྱིས་མི་ཚུགས་པའི་ལྷ་མོ་རབ་ཏུ་འཇོམས་མའི་ཚོགས་ཀྱིས་བསྐོར་ཏེ་རྩེ་བར་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་མིག་ཡིད་ཙམ་བཏེག་སྟེ་བལྟས་ནས་བགྲད་དོ། ། དེ་ནས་རྒྱ་མོ་རྫོང་གི་འཕགས་མ་ཆོས་ལུགས་མི་བཟད་ཅིང་སྟོབས་དང་ཕ་རོལ་གནོན་པ། གཞན་གྱིས་མི་ཚུས་པ་རབ་ཏུ་འཇོམས་པའི་ཚོགས་ཀྱིས་བསྐོར་བ་དེ་སའི་སྟེང་དུ་ལྷུང་ངོ་། ། དེ་ནས་ལྷ་མོ་དེས་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེན་པོ་ཁྱོད་ཀྱིས་བདག་སའི་སྟེང་དུ་ལྟུང་བར་བྱེད་ནུས་ཀྱི། གྷར་བཅས་པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་བདག་ལ་ལྟ་ནུས་པའང་གཞན་སུ་ཞིག་ཡོད་ན། ལྟུང་བར་བྱེད་པ་ལྟ་ཅི་སྨོས། ཁྱོད་ནི་ལྷའི་ལྷ་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཡིན། ཁྱོད་ནི་རིག་སྔགས་ཀྱི་རྒྱལ་པོ་འཇིག་རྟེན་ཐམས་ཅད་འཇོམས་པ། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བ་ཡིན་ནོ།། ཁྱོད་ནི་འཇིག་རྟེན་ཐམས་ཅད་ཀྱི་རྗེ་ཡིན་ཏེ། དེ་བས་ན་བདག་སའི་སྟེང་དུ་ལྷུང་བར་བྱེད་ནུས་ཀྱི། ལྷར་བཅས་པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་བདག་ལ་ལྟ་བར་ནུས་པའང་གཞན་སུ་ཞིག་ཡོད་ན། ལྟུང་བར་བྱེད་པ་ལྟ་ཅི་སྨོས་ཞེས་ཚིག་དེ་སྐད་སྨྲ་ཞིང་འཁོར་འདུས་པ་དེའི་ནང་དུ་འདུག་ནས། ལྷ་གང་འཁོར་དེར་འདུས་པ་དེ་དག་སྐྲག་ཅིང་འཇིགས་ཏེ། ལག་ན་རྡོ་རྗེའི་ཞལ་དུ་ལྟ་བར་གྱུར་ཏོ།། དེ་ནས་ལྷ་མོ་ཆ་ལུགས་མི་བཟད་པ་དེས། ལྷ་མོ་ལག་ན་རྡོ་རྗེའི་གཟུགས་ཀྱི་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་ཁྱེད་ཀྱིས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ངས་བསྐལ་པ་སྟོང་ཕྲག་དགུ་བཅུ་རྩ་དགུའི་བར་དུང་བཞིན་གཤེགས་པ་མཉེས་པར་བྱས། མཆོད་པར་བྱས། བཀུར་སྟིར་བྱས། ཐ་མར་བྱས། རི་མོར་བྱས་པ་ལ་ལྟོས། ངས་ལས་གཅིག་གིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་བསྒྲུབས་པ་གང་ཡིན་པ་དང་། ལས་གཅིག་གིས་ལྷ་ཐམས་ཅད་མངོན་དུ་ཕྱོགས་པར་བྱས་ཤིང་བསྒྲུབ་པ་གང་ཡིན་པ་དེ་ངས་བཤད་ཀྱིས། བཟོད་ལྡན་དག་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག། གྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་ལས་གཅིག་ཤེས་པའང་གཞན་སུ་ཞིག་ཡོད་ན། བཤད་པ་ལྟ་ཅི་སྨོས། དེ་ནས་ལྷ་དེ་དག་རྟབ་རྟབ་པོར་གྱུར་ཏེ་མིག་ས་ལ་ཕབ་བོ། ། དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། རྫོང་གི་འཕགས་མ་ཆོས་ལུགས་མི་བཟད་པ་རབ་ཏུ་འཇོམས་པའི་ཚོགས་ཀྱིས་བསྐོར་བ་འདི་ནི་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོའི་རིག་སྔགས་བཤད་པར་བྱ་བའི་ཕྱིར་འོངས་པ་ཡིན་གྱིས། བཟོད་ལྡན་དག་མ་འཇིགས་ཤིག་མ་འཇིགས་ཤིག། ལྷ་མོ་འདིས་ནི་བསྐལ་པ་སྟོང་ཕྲག་དགུ་བཅུ་རྩ་དགུའི་བར་དུ་དེ་བཞིན་གཤེགས་པ་མཉེས་པར་བྱས། མཆོད་པར་བྱས། བཀུར་སྟིར་བྱས། རི་མོར་བྱས། བླ་མར་བྱས་ནས། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའང་བསྒྲུབས་ཏེ། དེས་ན་ལྷ་མོ་འདས་ངའི་གཟུགས་འཛིན་པར་བྱེད་ཀྱི། ལྷར་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་ངའི་གཟུགས་འཛིན་པར་ནུས་པ་གཞན་སུ་ཡོད། དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས། རྫོང་གི་ལྷ་མོ་ལ་འདི་སྐད་ཅེས་སྨྲས་སོ།། མོ་གང་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་བཤད་པར་བྱ་བའི་དོན་ལ་འོངས་པ་ལེགས་སོ་ལེགས་སོ།། ལྷ་མོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་གསང་སྔགས་དེ་ཤོད་ཅིག་ཤོད་ཅིག། དེ་ནས་ལྷ་མོ་རྫོང་གི་འཕགས་མ་ཡིད་རབ་ཏུ་དགའ་བར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རྒྱལ་པོ་གསང་སྔགས་དང་། བདག་གི་ལས་སྔོན་བདག་གིས་བསྒྲུབས་པ་བདག་གིས་བཤད་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བཟོད་ལྡན་དག་ལྷ་མོ་རྫོང་གི་འཕགས་མས་གསང་སྔགས་བཤད་པ་ཁྱེད་ཀྱིས་ཉོན་ཅིག། ལྷ་མོས་ཀྱང་ཤོད་ཅིག་ཤོད་ཅིག། དེ་ནས་ལྷ་མོ་དེས་དེ་བཞིན་གཤེག་པ་ཐམས་ཅད་ལ་ཕྱག་འཚལ་ནས་རིག་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱཿམ་ཧཱ་ཡཀྵ་སེ་ན་པཱ་ཏི་སྱ། ན་མཿཀྲོ་དྷ་གི་རི་ཀཱ་ཡ། སི་ཧ་ཤ་ཏུ་ལ་པཱ་ཧཱ་ནཱ་ཡ། ཨེ་ཧི་བྷ་ག་བ་ཏཱི། བཛྲ་པཱ་ཎི། ས་ཏྱེ་ན། སྟ་ནེ་ཤྭ་རི། ཨཱ་གཙྪ་ཨཱ་གཙྪ། ནན་ཏི་ནི། མ་མ་ཀ་ར་མ། སཱ་དྷ་ཡ། བུདྡྷ་ས་ཏྱ། ཨ་མོ་གྷ་གཱ་མི་ནི། ཡ་ཤོ་དྷ་རི། ཧུ་རུ་ཧུ་རུ། དྷུ་ན་དྷུ་ན་མཱི་ནི་ནཱ། ཀརྨཱ་ཎི་ཧུད་དྲུ་སྭཱ་ཧཱ། གསང་སྔགས་བཤད་པའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་སོ།། ལྷ་རྣམས་རྟ་བ་རྟ་བ་པོར་གྱུར་ཏེ་འབྲོས་པ་ལ་ཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བཟོད་ལྡན་དག་ཁྱེད་ཀྱིས་ལྷ་དྲན་པར་གྱིས་ཤིག། དེ་ནས་ལྷ་མོ་དེས། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྔོན་བདག་གིས་བསྒྲུབས་པ་གང་ཡིན་པའི་རིག་སྔགས་ཀྱི་ལས་ཤོང་ཅིག། ཤོད་ཅིག། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དྲེགས་པ་ཆེན་པོས་རྗེས་སུ་དྲན་པར་བྱ་བའི་རིག་སྔགས་ཀྱི་ལས་བཤད་པ། རིག་སྔགས་འདི་ཞག་བདུན་གྱི་བར་དུ་དབེན་པར་འདུག་ལ་གཅེར་བུ་འམ། ཡང་ན་ཁྱེད་རེངས་སུ་བྱས་ཏེ་རིག་སྔགས་བཟླས་བརྗོད་བྱས་ནས་ཞག་བདུན་པའི་ཉིན་པར་མཚན་མ་འབྱུང་བར་འགྱུར་ཏེ། ནམ་ཕྱེད་ཀྱི་དུས་སུ་སྐར་མདའ་ལྔས་བསྐོར་བའི་སྐར་མདའ་ལྟུང་བར་འགྱུར་རོ། ། དེ་ནས་རིག་པ་མཆོག་གི་ཆོ་ག་གྲུབ་པར་ཤེས་པར་བྱ་སྟེ། ནང་པར་གྱི་དུས་སུ་འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སིན་དུ་བ་ར་སྔོན་པོའི་ཡམ་སྲེག་ཤིང་བརྒྱད་སྟོང་གི་སྦྱིན་སྲེག་བྱས་ལ། དགེ་སློང་བདུན་ལ་མཆོད་སྟོན་བྱ་ཞིང་། བྲམ་ཟེ་དག་ཀྱང་སྟོན་ནས་ལས་དེ་གྲུབ་ན་ལག་ན་རྡོ་རྗེ་དང་མཐུ་སྟོབས་མཉམ་ཞིང་བསྐལ་པར་གནས་པ་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་དང་། སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ཐུབ་པ་དང་། རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱིས་མི་སོང་ལ་མཐུ་སྟོབས་ཆེ་བ་དང་། བདག་ནམ་འཆི་བ་ཤེས་པ་དང་། ཕ་རོལ་ནམ་འཆི་བ་ཤེས་པ་དང་། འཛམ་བུའི་གླིང་ན་ཡོད་པའི་དོན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། ལུས་ཞིག་ནས་ཀྱང་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་བར་སྐྱེ་བར་འགྱུར་རོ།། ཕོ་ཉ་མོ་རྣམས་སྒྲུབ་པའི་ཐབས་ཀྱང་དེ་བཞིན་ཏེ། ཞག་གསུམ་སྨྱུང་བ་བྱས་ལ་དངོས་གྲུབ་ཀྱི་མ་ལ་ཕྱག་བྱས་ནས་བྱའོ། ། ལྷ་ཐམས་ཅད་ཀྱི་ལས་རྣམས་ལའང་ཆོ་ག་དེ་ཉིད་ཡིན་ཏེ། ཞག་ལྔས་འགྲུབ་པར་འགྱུར་རོ།། སྦྱིན་སྲེག་ཀྱང་ལས་འདི་ཉིད་ཀྱིས་བྱས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། ། མཇུག་ཏུ་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ།། རས་མ་ཉམས་པ་ལ་རི་མོ་མཁན་གསོ་སྦྱོང་དང་ལྡན་པས་ཚོན་རྩི་སྦྱིན་མེད་པས་སངས་རྒྱས་ཀྱི་སྐུ་གཟུགས་འདྲིར་གཞུག་གོ། དེའི་གཡས་ལོགས་སུ་ལྷ་མོ་མདོག་དཀར་ཞིང་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་བྲིའོ། ། བཅོམ་ལྡན་འདས་ཀྱི་གཡོན་རོལ་དུ་འཕགས་པ་ལག་ན་རྡོ་རྗེ་མདོག་སྔོ་བསངས་སམ། ཡང་ན་དམར་པོ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་རམ་རས་ཀྱི་ཤམ་ཐབས་ཅན་བྲིའོ།། འོག་ཏུ་ནི་སྒྲུབ་པ་པོ་དྲིའོ།། མཐའ་མར་ནི་རིའི་རྩེ་མོ་རྣམས་བྲིའོ།། ལག་ན་རྡོ་རྗེ་འང་རིག་སྔགས་ཐམས་ཅད་ཀྱིས་བསྟོད་ཅིང་འདུག་པར་བྲིའོ།། སྟེང་དུ་ནི་ནམ་མཁའ་ལ་རྒྱུ་བའི་མ་མོ་བདུན་བྲིའོ། ། དེ་ནས་རིག་སྔགས་འཆང་གིས་ཞག་གསུམ་སྦྱང་བ་བྱས་ཏེ། ས་ཕྱོགས་གཙང་མར་སྐུ་གཟུགས་བཀྲམ་ལ། མར་གྱི་ངོ་ཞག་བཅུ་བཞི་ལ་སྣ་མའི་མེ་ཏོག་བརྒྱད་སྟོང་གིས་འཕགས་པ་ལག་ན་རྡོ་རྗེའི་རྐང་པ་གཡོན་པ་ལ་བསྣུན་ན། དེས་གཟུགས་འགུལ་ཞིང་སྤུ་ཟིང་ཞེས་བྱེད་པར་འགྱུར་རོ།། ལས་དེ་གྲུབ་པ་དང་དེ་ཕྱིན་ཆད་ལས་སྒྲུབ་ན་ཚེ་གརྒྱས་པའི་རིག་སྔགས་ཐམས་ཅད་དང་། རིག་སྔགས་གཞན་དག་ཀྱང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་ལྷ་མོ་ཆེན་མོ་འདི་ནི་དྲག་ཅིང་རྫུ་འཕྲུལ་ཆེ་བ་ཡིན་ནོ། ། དེ་ནས་ལྷ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། སྟོབས་པོ་ཆེ་ཁྱོད་ནི་མཆོག་སྦྱིན་པ་ཡིན། ཁྱོད་ནི་གཙོ་བོ་སྟེ་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེན་པོ་ཡིན་གྱིས། གང་གིས་མི་རྣམས་འགྲུབ་པར་འགྱུར་བའི་སྦྱིན་སྲེག་དང་། བཟླས་བརྗོད་དང་། ཡམ་སྲེག་ཤིང་རྣམས་ཀྱི་ལས་ལེགས་པར་སྦྱར་བ་ཐམས་ཅད་མ་ལུས་པར་ཤོད་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། སེམས་ཅན་ཐམས་ཅད་ལ་ཕན་པར་དགའ་བའི་ལྷ་རྣམས་ལ་སྦྱིན་སྲེག་དང་། བཟླས་བརྗོད་དང་། ཡམ་སྲེག་ཤིང་རྣམས་ཀྱི་ཆོ་གའི་རིམ་པ་བཤད་པ། ལྷ་རྣམས་ཉོན་ཅིག། ནོར་སྒྲུབ་པའི་སྦྱིན་སྲེག་རྣམས་ལ་ནི་འབྲས་མ་དྲུས་པ་དང་། ཤཱི་ཏི་དང་། ཐང་ཆུ་ལ་སོགས་པའི་རྫས་རྣམས་ཀྱིས་བྱའོ།། དྲག་ཤུལ་ལ་ནི་ཕུང་མ་དང་། ལན་ཚྭ་དང་། སྐེ་ཚེ་དང་། དུག་དང་། ཁྲག་ལ་སོགས་པའི་རྫས་རྣམས་ཀྱིས་བྱའོ།། ཞི་བ་ལ་ནི་མར་དང་། འོ་མ་དང་། སྦྲང་རྩི་དང་། ཀ་ར་ལ་སོགས་པའི་རྫས་རྣམས་ཀྱིས་བྱའོ། ། ལྷ་རྣམས་ཡམ་སྲེག་ཤིང་རྣམས་ཀྱང་ཉོན་ཅིག། བུད་མེད་དབང་དུ་བྱ་བ་ལ་ནི་མོའི་མིང་དང་ལྡན་པའི་ཡམ་སྲེག་ཤིང་རྣམས་ཀྱིས་བྱའོ།། ནོར་སྒྲུབ་པ་དང་དབང་དུ་བྱ་བ་ལ་སོགས་པ་ལ་ནི་བིལ་བ་དང་། པ་ལ་ཤ་དང་། ཨུ་དུམ་ཝར་དང་། ཨ་བ་མརྒ་དང་། བ་ས་ཀ་ལ་སོགས་པས་བྱའོ།། དྲག་ཤུལ་ལ་ནི་མདན་དང་། སེང་ལྡེང་དང་། བེའི་ཀང་ཀ་ཏ་དང་། ནིམ་པའི་ཤིང་ལ་སོགས་པས་བྱའོ། ། རྒྱས་པ་ལ་ནི་བིལ་བ་དང་། ཨ་མྲ་དང་། པ་ན་ས་ལ་སོགས་པས་བྱའོ།། ལྷ་རྣམས་མེ་ཏོག་རྣམས་ཀྱང་བཤད་ཀྱིས་ཉོན་ཅིག། ཞི་བའི་ལས་ཀྱི་ནི་པདྨ་དང་། ཨུཏྤ་ལ་དང་། སོའུ་གནྟི་ཀ་དང་། སྣ་མའི་མེ་ཏོག་དང་། ཨ་ཏི་མུག་ཏ་ཀ་དང་། ཀླུ་ཤིང་གི་མེ་ཏོག་དང་། ཨ་ཤེ་ཀ་ལ་སོགས་པ་ཡིན་ནོ།། དྲག་ཤུལ་གྱི་ལས་ཀྱི་ནི་ཀ་ར་ཝི་ར་དང་། ཏ་ཀ་ར་དང་། ཀུ་རན་ཏ་ཀ་ལ་སོགས་པ་ཡིན་ནོ། ། ལྷ་རྣམས་ཡམ་སྲེག་ཤིང་གི་མཚན་མ་སྣ་ཚོགས་ཀྱང་ཉོན་ཅིག། ནོར་སྒྲུབ་པ་ལ་ནི་མཐོ་གང་གི་ཚད་དུ་བྱའོ།། དྲག་ཤུལ་ལ་ནི་མཛུབ་གང་གི་ཚད་དུ་བྱའོ།། ལྷ་མཐོང་བར་བྱ། བ་ལ་ནི་མཐེའུ་ཆུང་གི་ཚད་དུ་བྱའོ།། དབང་དུ་བྱ་བ་ལ་བུད་མེད་ཀྱི་ནི་རྩེ་མོའི་ཡམ་སྲེག་ཤིང་གིས་བྱའོ།། སྐྱེས་པའི་ནི་དབུས་ཀྱིས་བྱའོ།། དྲག་ཤུལ་དང་མའི་གཙོ་བོ་དབང་དུ་བྱ་བ་ལ་ནི་དྲུང་པས་བྱའོ།། རྒྱས་པའི་ལས་ལ་ནི་ས་ལའི་དྲུང་བས་བྱའོ།། དབུས་ཀྱི་བྱ་བ་ལའང་དབུས་ཀྱིས་བྱའོ།། དྲུང་བས་བྱ་བ་ལའང་དྲུང་པས་བྱའོ།། རིག་སྔགས་ཐམས་ཅད་ལའང་ལས་འདི་ཉིད་ཀྱིས་སྦྱར་བར་བྱའོ།། རིག་སྔགས་གང་གིས་ཞི་བ་དང་རྒྱས་པའི་ལས་རྣམས་ལ་མེ་ཏོག་དང་ཡམ་སྲེག་ཤིང་གང་བསྟན་པ་དེ་ཉིད་ཀྱིས་ལས་བྱས་ན་འགྲུབ་པར་འགྱུར་རོ། ། ཡང་ན་རིག་སྔགས་ཀྱི་རིགས་གསང་བ་ལས་མེ་ཏོག་དང་ཡམ་སྲེག་ཤིང་ངས་བཤད་པ་གང་ཡིན་པ་དེས་ལས་བྱས་ན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། ། ལྷ་རྣམས་ཡམ་སྲེག་ཤིང་རྣམས་ཀྱི་སྦྱོར་བ་གསང་བ་འདི་དག་ངས་བཤད་ཟིན་ཏོ།། གཞན་ཡང་དོན་ཡོད་པའི་ལས་གང་གིས་གསང་སྔགས་རྣམས་འགྲུབ་པར་འགྱུར་བའི་སྐུ་གཟུགས་ཀྱི་མཚན་ཉིད་བཤད་པར་བྱའོ།། དེ་ནས་ལྷ་རྣམས་ཡིད་རབ་ཏུ་དགའ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། རྫོང་གི་འཕགས་མ་དང་བཅས་པ་ལ་བསྟོད་ཅིང་མངོན་པར་བསྟོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བཟོད་ལྡན་དག་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་གཟུགས་ཉོན་ཅིག། དེ་བཞིན་གཤེགས་པའི་གཟུགས་བརྙན་མཚན་ཐམས་ཅད་ཡོངས་སུ་རྫོགས་ཤིང་དཔལ་བེའུས་བརྒྱན་པ། ཕྱག་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་མཛད་པ་ལ་བལྟས་ཏེ། དེས་རིག་སྔགས་བསྒྲུབ་པར་བྱའོ།། ཡང་ན་དེ་བཞིན་གཤེགས་པ་ཆོས་སྟོན་ཅིང་བཞུགས་ལ་སྐྱབས་སྦྱིན་པའི་ཚུལ་དུ་མཛད་པ་ལ་བལྟས་ཏེ་དེར་བསྒྲུབ་པར་བྱའོ།། དེ་བཞིན་གཤེགས་པའི་སྤྱན་སྔར་དྲག་ཤུལ་བསྒྲུབ་པར་མི་བྱ་སྟེ། དེ་ནི་ལག་ན་རྡོ་རྗེའི་མདུན་དུ་བསྒྲུབ་པར་བྱའོ།། ལག་ན་རྡོ་རྗེའི་གཟུགས་ཀྱང་བཤད་པར་བྱ་སྟེ། མཚན་ཐམས་ཅད་ཡོངས་སུ་རྫོགས་པ་མདོག་སྡུག་ཅིང་སྔོ་བསངས་ལ་ཞི་བའི་གཟུགས་ཅན། མཆོག་སྦྱིན་པའི་ཚུལ་དུ་འདུག་པ་དེའི་མདུན་དུ་རིག་སྔགས་བསྒྲུབ་པར་བྱ་སྟེ། ཞི་བ་ནི་སྐྱིལ་མོ་ཀྲུང་བཅས་པས་བྱའོ།། དྲག་ཤུལ་ནི་འགྲེང་བས་བྱའོ།། དྲག་ཤུལ་ནི་གཟུགས་མི་སྡུག་པས་བྱའོ།། ཞི་བ་དང་རྒྱས་པ་ལ་ནི་ཞི་བའི་གཟུགས་སུ་བྱའོ།། སྐུ་གཟུགས་ལ་ཐད་ཀར་བལྟ་ཞིང་བསྒྲུབ་པར་བྱ་སྟེ། གཞན་དུ་བལྟ་ཞིང་བསྒྲུབ་པར་མི་བྱའོ།། ཡན་ལག་ཉམས་པ་དང་། ལུས་སྐྱོན་ཅན་དང་། གཟི་བྱིན་མེད་པས་བསྒྲུབ་ན་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་གནོད་པར་འགྱུར་རོ།། རིག་སྔགས་ཀྱི་སྒྲ་བྲིབ་དེ་ག་ཡིན་པ་དེ་ཅི་སྟེ་མདོག་སྔོ་བསངས་སམ། སེར་བ་འམ། དམར་བ་འམ། དཀར་ཤམ་ཞིག་ན་དེའང་དེའི་ཁ་དོག་ཏུ་བྲི་བར་བྱའོ།། བུད་མེད་གང་ཡིན་པ་དེ་ནི་བུད་མེད་ཀྱི་ཆ་བྱད་ཅན་དུ་བྱའོ།། སྐྱེས་པ་གང་ཡིན་པ་དེ་ནི་སྐྱེས་པའི་མཚན་དང་ལྡན་པར་བྱ། ཞིང་གཟུགས་གང་ཡིན་པ་དང་། ཁ་དོག་གང་ཡིན་པ་དང་། མཚོན་ཆ་དང་ལྡན་པར་བྱའོ།། ཅི་སྟེ་མཚོན་ཆ་མེད་པ་ཞིག་ནའང་མཚོན་ཆ་ཐོགས་པར་བྱའོ།། གཟུགས་ལོག་པར་བྱས་པས་ནི་དངོས་གྲུབ་འགྲུབ་པར་མི་འགྱུར་རོ། ། དྲག་ཤུལ་གྱི་ལས་རྣམས་ལ་ལྷ་དྲག་པོ་གང་ཡིན་པ་དེའི་དྲུང་དུ་དེ་བཞིན་གཤེགས་པ་གཞག་པར་བྱའོ།། མཆོད་རྟེན་ནམ་མཚན་གྱི་དྲུང་དུ་བསྒྲུབ་ན་མཆོད་རྟེན་ནི་བྱ་གག་གི་སྒོ་ང་འདྲ་བར་འདུག་ན་དངོས་གྲུབསྦྱིན་པར་འགྱུར་རོ། ། མཚན་ཡང་མཚན་ཉིད་རྟགས་དང་ལྡན་པར་བྱ་སྟེ། འདི་དག་ནི་གཟུགས་ཀྱི་མཚན་ཉིད་དོ།། དེ་ནས་ས་དེ་དག་ཡོད་དགའ་བར་གྱུར་ནས། ལག་ན་རྫོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་མཚན་ཉིད་དང་བཅས། ཆོ་ག་དང་བཅས་པར་བཤད་པ་ལེགས་སོ་ལེགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བཟོད་ལྡན་དག་ཁྱེད་ཉོན་ཅིག། གང་གིས་དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་འདི་མཐོང་ན། དེ་མཐོང་མ་ཐག་ཏུ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་དངོས་གྲུབ་སྩོལ་བར་མཛད་དོ།། རིག་པ་མཆོག་ཕོ་ཉ་མོའི་ཚོགས་ཀྱི་དཀྱིལ་འཁོར་དང་བཅས་པས་ཀྱང་དངོས་གྲུབ་སྦྱིན་པར་འགྱུར་རོ།། ཡར་གྱི་ངོ་ཚས་བརྒྱད་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་མེ་ཏོག་དཀར་པོ་ལ་ལན་རེ་བཟླས་བརྗོད་བྱས་པ་བརྒྱད་སྟོང་གིས་འཕགས་པ་ལག་ན་རྡོ་རྗེ་བསྣུན་ལ། དེ་ནས་མཆོད་རྟེན་ནམ་མཚན་ལ་བལྟས་ཏེ་རིག་སྔགས་བསྒྲུབས་ན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ།། ལྷ་རྣམས་ལྷ་མོ་རྫོང་གི་འཕགས་མའི་ལས་རྣམས་ངས་བཤད་ཟིན་ཏོ།། དེ་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་གང་དྲན་པར་བྱས་ན་མདུན་དུ་གནས་པར་འགྱུར་བའང་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཤྭེ་ཏ་རཱུ་པ་དྷ་རི་ཎི་སྭཱ་ཧཱ། མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྦྱང་བ་བྱས་ཏེ། རིག་སྔགས་འདིས་ལྷ་མོ་ཨུཏྤ་ལ་དང་ལྡན་པར་བྱས་ནས། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་བཞག་ལ་མཆོད་པ་ཆེན་པོ་བྱས་ཏེ། ལྷ་བཤོས་ཀྱང་རྒྱས་པར་ཕུལ་ནས་པ་ལ་ཤའི་ཤིང་གིས་མེ་སྦར་ལ། གུ་གུལ་སྦྲང་རྩི་དང་མར་དང་སྦྱར་བས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་ལྷ་མོ་ཆེན་མོ་རྫོང་གི་འཕགས་མ་འགྲུབ་པར་འགྱུར་ཏེ། ལས་ཐམས་ཅད་བྱེད་ནུས་པར་འགྱུར་རོ།། རྫོང་གི་འཕགས་མའི་ཆོ་ག་རྫོགས་སོ།། ། དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ལག་ན་རྡོ་རྗེ་རིག་སྔགས་ཀྱི་ཆོ་ག་རྒྱས་པ་འཆད་པ་མཐོང་ནས་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ། འདུས་ནས་ལག་ན་རྡོ་རྗེ་ལ་བསྟོད་པ། བྱང་ཆུབ་སེམས་དཔའ་ཆེན་པོ་སྟོབས་དང་ཕ་རོལ་གནོན་པ་དཔག་ཏུ་མེད་པ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་གང་ཡིན་པ་ནི་ལེགས་སོ་ལེགས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་བདག་གིས་ཀྱང་རིག་སྔགས་མཆོག་གི་ཆོ་ག་རྒྱས་པའི་ལས་རིག་སྔགས་འཆང་རྣམས་བརྒྱན་པ་དང་། འགྲུབ་པར་བྱ་བའི་ཕྱིར་གསང་སྔགས་བཤད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ།། འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་གང་ཡིན་པ་ལེགས་སོ། ལེགས་སོ།། རིག་སྔགས་འཆང་རྣམས་བརྒྱན་པའི་ཕྱིར་གསང་སྔགས་ཤོད་ཅིག་ཤོད་ཅིག། དེ་ནས་བྱང་ཆུབ་སེམ་ཆེན་པོ་སྲེད་མེད་ཀྱི་བུས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། རིག་སྔགས་ཀྱི་ཚོགས་ལ་བལྟས་ནས་གསང་སྔགས་བཤད་པ། ན་མོ་བཛྲ་པཱ་ཎིསྱ། ན་མོ་ན་ར་ཡ་རྞྞ་ས། ན་མོ་བཻ་ཤྲ་བཏྟཱ་ཡ། ཤཱ་བཏ་ས་ཙཀྲ་དྷ་རཱ་ཡ། མ་བ་དན་ཏ། 4་དྷན་བན་དྷ་མི། ནི་པ་དན་ཏན། ཙ་ཏུཥྐ་དན་ཏཱ། ཨ་ཤི་བི་ཤཱ་ན་ཤྲུ་བན་དྷ་མི། སརྦ་དུཥྚཱནཤྩ། དཱ་རུ་ཎན། ཨི་ཏི་མཾ་ཏི་ནི། མ་ཧཱ་ཤ་མི་རཱ། ན་མོ་དེ་བ་བཱ་ཡུ། ཙ་ཏུར་བྷཱུ་ཛ་ཡ། མ་སྥུ་ར། སྥུ་ན་སྭཱ་ཧཱ། དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། རྡོ་རྗེ་འཛིན་ཆེན་པོ་རིག་སྔགས་ཀྱི་ལས་ཤོད་ཅིག་ཤོད་ཅིག། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ཚིག་ལ་བལྟས་ནས་རིག་སྔགས་ཀྱི་ལས་བཤད་པ། རིག་སྔགས་འཆང་གིས་ལས་གཅིག་པུས་རིག་སྔགས་མཆོག་ལ་སོགས་པ་རིག་སྔགས་ཐམས་ཅད་སྒྲུབ་པར་འདོད་ན་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ཟ་ཞིང་། གནས་དབེན་པར་རིག་སྔགས་བཟླས་བརྗོད་བྱས་ལ་ཟླ་བ་གཅིག་ཚང་ནས་ཞག་གཅིག་སྨྱུང་བ་བྱས་ཏེ། ཡུངས་ཀར་གྱིས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་མཐོང་བར་འགྱུར་ཏེ། ཡིད་ལ་གང་འདོད་པ་དེ་དག་ཐམས་ཅད་བྱེད་པར་འགྱུར་རོ།། སྲུང་བ་ནི་ཆོས་དཀར་ཅན་གྱིས་བྱའོ།། དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། རྡོ་རྗེ་འཛིན་བདག་གིས་ཀྱང་རིག་སྔགས་འཆང་རྣམས་བརྒྱན་པར་བྱ་བའི་ལས་གང་གིས་རིག་སྔགས་འཆང་རྣམས་རིན་པོ་ཆེས་བརྒྱན་པར་གྱུར་པ་བཤད་པར་བྱའོ། ། དེ་ནས་ལག་ན་རྡོ་རྗེ་གྲགས་པ་ཆེན་པོས། འགྲོ་བའི་བདག་པོ་སྲེག་མེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ།། འགྲོ་བའི་བདག་པོ་གང་གིས་རིག་སྔགས་འཆང་རྣམས་རིན་པོ་ཆེས་བརྒྱན་པར་གྱུར་པ་ཤོད་ཅིག་ཤོད་ཅིག། དེ་ནས་འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུས་རིག་སྔགས་རྣམས་རིན་པོ་ཆེས་བརྒྱན་པར་བྱ་བའི་ལས་བཤད་པ། རོ་ཉེ་ཕ་ཝང་ལོང་བུ་དང་།། ཚོན་མོ་སྟེང་དང་ཟངས་རྣམས་དང་།། ལན་ཚ་ཆུ་ཡི་བཅུ་ཆ་རྣམས།། ཏིལ་གྱི་ཐལ་བའི་ཆུ་དང་བཏགས།། ཨགྣི་ཏིལ་མར་དག་དང་སྦྱར།། མི་ཐོད་ནང་དུ་བཙོ་བར་བྱ།། གསེར་མཆོག་དག་ཏུ་འགྱུར་བ་སྟེ།། ཡིད་གཉིས་སུ་ནི་བྱ་བ་མེད།། སྦྱོར་བ་གཅིག་ནི་ངས་བཤད་ཟིན། ། སྦྱོར་བ་གཉིས་པ་བ་ལས་ཉོན།། མཚལ་དང་དུག་བཅས་པ་བླ་དང་ནི་མུ་ཟིར་ལྡན།། ཤིང་ཐོག་ཁུ་བས་བཏགས་ཏེ་ཟངས་མ་གླེགས་ལ་བསྐུ།། དུད་པ་བཀག་སྟེ་བསྲེགས་ནས་བཏགས་ན་གསེར་དང་འདྲ། ། གསེར་ཁ་སྐྱ་བོའི་ཆ་བརྒྱད་ཆ་ཡིས་བསྒྱུར་བར་ནུས།། མཚལ་དང་དུག་བཅས་བྷུ་མི་བལ་ལི་བ་ཐར་བཅས།། ཙིན་ཚའི་ཤིང་བརྙན་ཚ་དང་ཚ་ཆུར་ལྡན་བྱས་ལ།། མི་ཐོད་གསེར་ནང་ཨགྣིའི་ཏིལ་མར་ལྡན་བྱས་ན། ། ལྷ་ཡི་རྒྱན་དུ་རུང་བའི་གསེར་གྱི་སྦྲམ་བུར་འགྱུར།། མཚལ་དང་ལྡོང་རོས་བཅས་དང་རྟ་ཁྲག་བ་བླར་ལྡན།། ཙན་ཚའི་ཤིང་བརྙན་ཚ་དང་ཚ་ཆུར་ལྡན་བྱས་ལ།། མི་ཐོད་གསེར་ནང་ཨགྣིའི་ཏིལ་མར་ལྡན་བྱས་ལ། ། ལྷ་ཡི་རྒྱན་དུ་རུང་བའི་གསེར་གྱི་སྦྲམ་བུར་གྱུར།། གསེར་དང་ར་ག་ན་དངུལ་རྣམས་ཆ་བསྒྱུར་ཏེ།། བཙོད་དང་གོ་བྱེ་དག་གི་ནང་དུ་གོས་བྱས་ལ།། མི་ཐོད་གསར་པ་དག་གི་ནང་དུ་བཙོ་བྱས་ན།། འཛམ་བུ་ཆུ་བོའི་གསེར་དག་དང་ནི་འདྲ་བར་འགྱུར།། མཚལ་ཕྱེ་ཞིབ་མོར་ཁ་ལུང་ཁུ་བས་ལན་བདུན་བསྒོ།། ཤིང་ཀུན་ཤ་ཡི་ཁུ་བས་ཀྱང་ནི་ལན་བདུན་བྱ།། མི་ཐོང་གསེར་ནང་ཨགྣི་ར་ཏིལ་མར་ལྡན་བྱས་ན། ། ལྷ་ཡི་རྒྱན་དུ་རུང་བའི་གསེར་གྱི་སྦྲམ་བུར་འགྱུར།། སྦྱོར་བ་འདི་དག་བདག་གིས་བཤད་ཟིན་གྱིས།། བཻ་ཌཱུཪྻ་སྔོན་པོའི་ཆོ་ག་ཡང་བདག་ལས་གསོན་ཅིག། མཆིང་བུ་སྔོན་པོའི་ཆ་བཞི་དང་། པདྨ་རཱ་ག་དེ་དང་མཉམ་པ་དང་། བཻ་ཌཱུཪྻ་སུམ་འགྱུར་དང་། མ་ར་ཀ་ཏའི་ཆའི་ཕྱེད་དང་བདུན་ལས་བྱི་ལའི་མིག་གི་མདོག་འདྲ་བ་སུམ་འགྱུར་དང་། ཟངས་དེའི་ཕྱེད་རྣམས་སྦྱར་ན་བཻ་ཌཱུཪྻ་སྔོན་པོ་བཟང་པོར་འགྱུར་རོ། ། མཁས་པ་དག་གིས་ལི་ཁྲི་དང་། མཚལ་དང་། བ་སོ་སྦྱར་ནས། ར་གསར་དུ་འབྲངས་པའི་འོ་མས་སྦྲུས་ལ། བློ་དང་ལྡན་པས་བྷ་རུ་བྱས་ཏེ། གྲིབ་མར་ལེགས་པར་བསྐམས་ནས་ཉའི་ཁོང་དུ་བཅུག་ལ་ཉུངས་མར་བརྔོས་ཏེ། གཏུན་གྱི་ནང་དུ་མོན་སྲན་གྲེའུ་སྐམ་པོ་བཅུག་ནས་སྣུམ་ཅུང་ཟད་ཙམ་དང་ལྡན་པར་བྱས་ལ་བྱུ་རུ་དེར་བཅུག་སྟེ། འཇམ་པོར་འགྱུར་གྱི་བར་དུ་མཁས་པས་གཏུན་བུས་བརྡུངས་ནབྷུ་རུ་བཟང་པོར་འགྱུར་རོ། ། ཆོ་ག་དེ་ལྟར་བྱས་ཏེ་ཐིང་ཤིང་བླགས་ན་ནི་ཨིནྡྲ་ནཱི་ལར་འགྱུར་རོ།། ཉ་ཕྱིས་ཀྱི་ཕྱེ་མ་བླུགས་ན་ནི་མུ་ཏིག་ཏུ་འགྱུར་རོ།། གཞན་དག་ཀྱང་ཁ་དོག་ཅི་འདྲ་བའི་བྱེ་བྲག་དང་སྦྱར་ཏེ་དེ་བཞིན་དུ་བྱའོ། ། བཅོམ་ལྡན་འདས་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་འདི་དགེ་ནི་བདག་གིས་བཤད་ཟིན་གྱིས། གསེར་གྱི་དོན་དུ་བདག་གིས་རྫས་བཤད་པ་གང་ཡིན་པའི་རྫས་དེ་དག་གིས་མཚན་ཉིད་ཀྱང་གསོན་ཅིག། བརྡར་ན་མདོག་ནི་དམར་སེར་འགྱུར།། ལྕི་ཞིང་འོད་ཀྱང་ཆགས་པ་དང་།། མཉེན་ཞིང་མདོག་ཀྱང་མི་གནས་པ།། དེ་ནི་གསེར་གྱི་མཆོག་ཏུ་བཤད།། དུལ་ཞིང་འཇམ་ཞིང་ལྕི་ལ་སྣུམ།། བསྲེགས་ན་དངས་ལ་ཤིན་ཏུ་དཀར།། འོད་བཟང་མཉེན་བག་ཡོད་པའི་དངུལ།། གང་ཡིན་དེ་ནི་རབ་ཏུ་བཟང་།། ཕྱི་རོལ་ཉི་མ་འཆར་ཀའི་མདོག། བཅག་འཕྲོ་དངུལ་ཆུའི་མདོག་དང་འདྲ།། ལྕི་ཞིང་མདོག་སྡུག་དེ་འདྲའི་ཟངས། ། གང་ཡིན་དེ་ནི་རབ་ཏུ་བཟང་།། ཕྱི་རོལ་ཕུག་རོན་མིག་འདྲ་ཞིང་།། བཅག་འབྲོ་གསེར་གྱི་ཕྱེ་མ་འདྲ།། ལྕི་ཞིང་མདོག་སྡུག་དེ་འདྲ་བ།། མཚལ་གྱི་མཆོག་ཏུ་བཤད་པ་ཡིན། ། ཕྱི་རོ་ལེན་ཙོང་སྒྲོ་མདོག་འདྲ།། བཅག་འཕྲོ་གསེར་གྱི་ཕྱེ་མ་བཞིན།། ལྕི་ཞིང་མདོག་སྡུག་དེ་འདྲ་བ།། མུ་ཟིའི་མཆོག་ཏུ་བཤད་པ་ཡིན།། ཉི་མ་འཆར་ཀའི་མདོག་འདྲ་ཞིང་།། ཀ་ར་ཝི་རའི་མེ་ཏོག་འདྲ། ། ཡང་ན་ལ་ལ་གསེར་འདྲ་བ།། ལྡོང་རོས་ཀྱི་ནི་གཙོ་བོར་བཤད།། གསེར་གྱི་གྱིམ་བག་མདོག་འདྲ་ཞིང་།། རིམ་པའི་སུལ་གྱིས་གང་བ་དང་།། མདོག་ཀྱང་སྡུག་ཅིང་ལྕི་བ་དང་། བ་བླའི་མཆོག་ཏུ་བཤད་པ་ཡིན།། རྫས་འདི་དག་ནི་བདག་གིས་བཤད།། བཟང་པོར་བཅོས་པའང་བདག་ལས་གསོན།། གསེར་གླེབས་ལ་ཁ་ལུང་གི་ཁུ་བ་དང་། ཚ་ཆུ་དང་སྣུམ་དང་ལྡན་པར་བྱས་ཏེ། བ་ལང་གི་ལྕི་བའི་མེའི་ནང་དུ་ལན་བདུན་བསྲེགས་ན་དེས་གསེར་དུལ་བར་འགྱུར་རོ།། ར་གན་གྱི་ཆོ་གའང་འདི་ཡིན་ཏེ། མཁས་པས་བུ་རམ་དང་། ཁ་ལུང་དང་། བྲམྦཱི་དང་ལན་ཚྭ་དང་། ཀིང་ཤུ་ཀ་རྣམས་སོ་སོའི་ནང་དུ་ཞག་བདུན་བདུན་གཞག་གོ།། ཐབས་དེ་ལྟ་བུར་བྱས་ན་དངུལ་དང་ཟངས་ཀྱང་དུལ་བར་འགྱུར་རོ།། ལྡོང་རོས་ནི་བ་ལང་གི་ཤའི་ནང་དུ་དཔྱད་ལ་བཏགས་ཏེ། ཁ་ལུང་གི་ཁུ་བའི་ནང་དུ་ལན་བདུན་བདུན་བཅུག་ན་དེས་དུལ་བར་འགྱུར་རོ།། མཚལ་ཡང་མུ་ཟིའི་ཆོ་གར་བསྟན་པ་བཞིན་དུ་བྱས་ན་དུལ་བར་འགྱུར་རོ།། བ་བླ་ནི་རས་ཀྱིས་དཀྲིས་ལ་ཤིང་སཱུ་ཧའི་སྦུབས་སུ་བཅུག་སྟེ། བ་ལང་གི་ལྕི་བས་གཡོགས་ནས་བདུགས་ལ་ལན་བདུན་གྱི་བར་དུ་བ་ལང་གི་གཅི་བའི་ཁུ་བའི་ནང་དུ་བཅུག་ན་བ་བླ་དུལ་བར་འགྱུར་རོ།། བྱུ་རུ་ལ་སོགས་པའི་རྫས་རྣམས་གདུལ་བའང་དེ་ལྟར་བྱས་ན་དུལ་བར་འགྱུར་རོ། ། དངུལ་ལ་སོགས་པའི་རྫས་རྣམས་སྔར་ལེགས་པར་བཏུལ་ཏེ། དྲི་མ་མེད་པར་བྱས་ནས་གདོད་སྦྱོར་བ་ཐམས་ཅད་ལ་སྦྱར་བར་བྱའི།། དེ་མ་ཡིན་པར་ཡེ་མི་བྱའོ།། བཅོམ་ལྡན་འདས་འདི་དག་ནི་བདག་གིས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བཤད་དེ། གང་ཞིག་དེ་དང་མི་མཐུན་པའི་ལས་བྱེད་ན་ལས་གྲུབ་པ་མེད་དོ།། བཅོམ་ལྡན་འདས་གཞན་ཡང་གང་དག་བདག་གི་གསང་སྔགས་འཆང་བ་དེ་དག་ལ་ཐམས་ཅད་དུ་བསྲུང་བར་འགྱུར་བ་འདའང་བཤད་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། འགྲོ་བའི་བདག་པོ་སྲེད་མེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། ། འགྲོ་བའི་བདག་པོ་ངས་ཀྱང་ཁྱོད་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་བཤད་པར་བྱའོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ལོ་ལཱ་ཙཀྲཱ་ཡ་སྭཱ་ཧཱ། གསང་སྔགས་འདིས་ལག་ན་རྡོ་རྗེའི་མདུན་དུ་མར་གྱི་ངོ་ཚེས་བཅུ་བཞི་ལ་ཞག་གཅིག་སྦྱང་བ་བྱས་ཏེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་སྲེད་མེད་ཀྱི་བུ་འགྲུབ་པར་འགྱུར་ཏེ་ལས་ཐམས་ཅད་བྱེད་པར་ནུས་སོ།། སྲེད་མེད་ཀྱི་བུའི་ཚེ་ག་རྫོགས་སོ། ། ། དེ་ནས་གངྒཱའི་ཀླུང་ལ་སོགས་པ་ཀླུང་ཆེན་པོ་བཞི་འཁོར་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་རྣམས་ལག་ན་རྡོ་རྗེའི་ཞབས་དྲུང་དུ་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་བདག་བཅག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རིག་པ་མཆོག་གོ་ཆོ་ག་རྒྱས་པ་ཆེན་པོའི་གསང་སྔགས་བཤད་པར་བགྱིའོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། གངྐའི་ཀླུང་ལ་སོགས་པ་ཀླུང་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། བཟོད་ལྡན་དག་ཁྱེད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་ལེགས་སོ་ལེགས་སོ།། བཟོད་ལྡན་དག་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་གསང་སྔགས་ཤོད་ཅིག་ཤོད་ཅིག། དེ་ནས་གངྒཱའི་ཀླུང་ལ་སོགས་པ་ཀླུང་ཆེན་པོ་བཞི་སྟོང་གིས་བསྐོར་བ་རྣམས་གཅིག་ཏུ་ཕྱོགས་པར་འགྱུར་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ་རིག་སྔགས་བཤད་པ། ན་མོ་བཛྲ་པཱ་ཎི་སྱ། ན་མ་ཤྩ་རྦར་ཎྜེ། མ་ཧཱ་ས་སུ་དྲ་ཏྟེ། གང་གན་དྭེ། པྲ་མུ་ཁ་ཎྜན། ཙ་ཏུར་ཤཱི་ཏི་ན་ད་སརྦ་སྭཎཱཾ། མ་ཡ་ཡོ་གོ་ནི་བ་སི་ནཱན། ས་ར་ཏིདྷ་རི་ཏཱན་ཤེ་བཱ་ས་ས་ནན། ཛ་ཊ་མ་ཀུ་ཊ་ད་ནི་ཏྲན་ན་མོ་སྟུ་ཏེ་ཀི་ལི་ཀི་ལི་སྭཱ་ཧཱ། ཡོ་ག་དྷ་རིཛྫ། མ་ཧཱ་ཡོ་ག་དྷ་རི་ཎི་སྭཱ་ཧཱ། དེ་ནས་གངྒཱའི་ཀླུང་ལ་སོགས་པ་ཀླུང་ཆེན་པོ་བཞི་ཀླུང་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་སྔགས་ཀྱི་ལས་རྣམས་ཤོད་ཅིག་ཤོད་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ལས་བཤད་པབཔདགུན་ཟླ་ཐ་ཆུང་ཚེས་བདུན་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། གངྒཱའི་ཀླུང་གི་ནང་དུ་ཆུ་སྟེ་བར་ཕྱིན་པ་ཙམ་དུ་ཞུགས་ལ། རིག་སྔགས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ། གངྒཱའི་ལྷ་མོ་ལ་ཟངས་ཀྱི་སྣོད་ཀྱི་ནང་ནས་ཙན་དན་དམར་པོ་དང་། མེ་ཏོག་དམར་པོ་དང་ལྡན་པའི་མཆོད་ཡོན་དབུལ་ལོ།། དེ་ནས་འགྲུབ་པར་འགྱུར་ཏེ། ཀླུང་ཆེན་པོ་བཞི་དང་ཀླུང་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། ཀླུང་གི་ཆུ་གངྒཱའི་ནང་དུ་ཞུགས་ཏེ་བསྒྲུབས་ནའང་དེ་དག་མྱུར་དུ་འགྲུབ་པར་འགྱུར་རོ། ། ལྷ་རྣམས་ཀླུང་ཆེན་པོ་རྣམས་ཀྱི་ལས་ངས་བཤད་ཟིན་ཏོ།། དེ་དག་ལ་དྲག་ཏུ་བསྐུལ་བའི་གསང་སྔགས་ཀྱང་བཤད་པར་བྱ་སྟེ། ཡར་གྱི་ངོ་ཆོས་བརྒྱད་ལ་ཞག་གཅིག་སྦྱང་བ་བྱས་ནུས། འཕགས་པ་ལག་ན་རྡོ་རྗེའི་མདུན་དུ་སྣ་མའི་མེ་ཏོག་བརྒྱད་སྟོང་ཕུལ་ན་ཀླུང་ཆེན་པོ་རྣམ་བཞི་འགྲུབ་པར་འགྱུར་རོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཤྭ་ཏ་ཛ་ཊི་ཀྲྀཏྟ་རུ་བ་དྷར་ཎི་སྭཱ་ཧཱ། ཀླུང་ཆེན་པོ་བཞིའི་ཆོ་ག་རྫོགས་སོ།། ། དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་འཁོར་དེ་ཉིད་ཀྱི་ནང་ནས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ། རིག་སྔགས་ཀྱི་བདག་པོ་ཆེན་པོ། རིག་སྔགས་ཐམས་ཅད་ཀྱི་བདག་པོ། རིག་སྔགས་ཐམས་ཅད་སྒྲུབ་པ་དང་། ཕུར་བུས་འདེབས་པ་དང་གཅོད་པར་བགྱིད་པ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་བཤད་པ་ལགས་སོ། ། བཅོམ་ལྡན་འདས་སེམས་ཅན་རྣམས་ལ་སྨན་པར་འཚལ་བའི་སླད་དུ། ལྷ་ཐམས་ཅད་ཀྱིས་མ་འཚལ་བ་དང་མ་ཐོས་པ་གང་ལགས་པ་དེའང་བཤད་པར་འཚལ་ལོ།། བཅོམ་ལྡན་འདས་འདི་ནི་རིག་པ་མཆོག་གི་ཆོ་ག་རྒྱས་པའི་སྙིང་པོར་གྱུར་པ་ལགས་སོ། ། འདི་ནི་ཡང་དག་པའི་ལེགས་སོ།། བཅོམ་ལྡན་འདས་འདི་ནི་བདག་གི་རླབས་ཆེན་པོ་ལགས་ཏེ། ཐབས་འདི་འབའ་ཞིག་གིས་རིག་སྔགས་ཐམས་ཅད་བསྒྲུབ་པར་འཚལ་ལོ། ། ཐབས་འདི་བབའ་ཞིག་གིས་གསང་སྔགས་ཐམས་ཅད་ཕུར་བུས་གདབ་པར་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ལག་ནརྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིག་སྔགས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་རྣམས་འགྲུབ་པར་འགྱུར་བའི་ཉེ་བར་བསྒྲུབ་པའི་ལས་རྣམས་ཤོད་ཅིག་ཤོད་ཅིག། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་སྙིང་རྗེའི་སེམས་ཀྱིས་རིག་སྔགས་ཀྱི་ཚོགས་ལ་བལྟས་ནས། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རིག་སྔགས་འཆང་གི་གསང་སྔགས་བཤད་པ། མི་གང་མདོག་སྡུག་པ་དང་། ལག་པ་རིང་བ་དང་། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། རྐང་པ་རུས་སྦལ་འདྲ་བའི་རིག་སྔགས་འཆང་དེ་ལ་ནི། རིག་སྔགས་འཆང་དེ་དག་གི་རོག་སྔགས་འཆང་གི་ལས་རྣམས་འགྲུབ་པར་འགྱུར་རོ། ། མི་གང་མདོག་གནག་པ་དང་། མིག་དམར་བ་དང་། སྣ་ཡོ་བ་དང་། སེན་མོ་སེར་བ་དང་། སེན་མོ་སྔོ་བ་དང་། མཛེ་ཅན་དང་། ཤ་གཟིག་གུ་དང་། ཤུ་བ་དང་། འབྲུམ་བུ་ཕྲ་མོས་ཡོག་པ་དང་། མ་རུངས་པའི་ལས་བྱེད་པ་གང་ཡིན་པ་དེ་དག་ལ་ནི་ལས་དྲག་པོ་འགྲུབ་པར་འགྱུར་རོ།། མི་གང་མདོག་སྔོ་བ་སངས་དང་། ལག་པ་རིང་བ་དང་། མདོག་སྡུག་པ་དང་། མིག་རྩ་དམར་བ་དང་། སེན་མོ་རུས་སྦལ་ལྟ་བུ་དང་། རྐང་པ་རུས་སྦལ་ལྟ་བུ་དང་། ཤ་བཀྲའི་མིག་ལྟ་བུའི་རོག་སྔགས་འཆང་དེ་དག་ལ་ནི་རིག་སྔགས་འཆང་གི་སང་སྔགས་འགྲུབ་པར་འགྱུར་རོ། ། མི་གང་སྐྲ་དམར་བ་དང་། མིག་སེར་བ་དང་། སེན་མོ་སྔོ་བ་དག་ནི་མ་རུང་བའི་ལས་བྱེད་པ་ཡིན་ཏེ། དེ་དག་ལ་ནི་དྲག་ཤུལ་གྱི་ལས་རྣམས་འགྲུབ་པར་འགྱུར་རོ།། མི་གང་མདོག་སྔོ་བསངས་དང་། སྐྲ་འཇམ་པ་དང་། ཤ་བཀྲའི་མིག་ལྟ་བུ་དང་། མགོ་གདུགས་ལྟ་བུ་དང་། ཤིང་ནྱ་གྲོ་དྷ་ལྟ་དུར་ཆུ་ཞེང་གབ་པ་དང་། བྱིན་པ་རི་དགས་ཨེ་ནྱ་ཡ་ལྟ་བུའི་རིག་སྔགས་འཆང་རྣམས་ལ་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། ། མི་གང་སོར་མོ་ཟླུམ་པ་དང་། ལག་པ་རྡུམ་པ་དང་། སྒུར་པོ་དང་། ཞར་བ་དང་། མགཡོ་བ་དང་། ཤེལ་མིག་ཅན་དང་། ཁ་རོག་གཅིག་གི་ཤས་ཆེ་བ་དེ་དག་ལ་ནི་ལས་ཕྲན་ཚེགས་འགྲུབ་པར་འགྱུར་ཏེ། དེ་དག་ལ་གཞན་ཅིརིང་འགྲུབ་པར་མི་འགྱུར་རོ།། མི་གང་ལག་པ་རིང་བ་དང་། པྲི་ཡང་ཀུའི་མདོག་ལྟ་བུར་འདུག་པ་དང་། སྐྲ་དང་། ལུས་དག་རྐང་པ་མདོག་སྡུས་པ་དེ་དག་ནི་རིག་སྔགས་འཆང་གི་རྒྱལ་པོ་ཡིན་ཏེ། དེས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། ལྷ་རྣམས་མི་གང་དག་གིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འགྲུབ་པར་འགྱུར་བའི་མིའི་མཚན་མ་ངས་བཤད་ཟིན་ཏོ། ། མི་མཆོག་དེ་དག་ལ་གསང་བ་གང་གིས་བདེ་བླག་ཏུ་ལྷ་རྣམ་དགའ་བར་འགྱུར་བའི་གསང་བ་ངས་བཤད་པར་བྱའོ།། སྟེང་ན་རྒྱུ་བའི་རིག་སྔགས་ཀྱི་ལྷ་གང་ཡིན་པ་དེ་དག་ལ་ནི་སྣ་མའི་མེ་ཏོག་གིས་ཞག་བརྒྱད་ཀྱི་བར་དུ་ལྷ་དེ་དག་ལ་མཆོད་པ་བྱས་ཏེ། ག་པུར་དང་གུ་གུལ་གྱི་བདུག་པའང་ཕུལ་ན་དེ་དག་འགྲུབ་པར་འགྱུར་རོ།། ཅི་སྟེ་སྟེང་ན་རྒྱུ་བའི་རིག་སྔགས་ཀྱི་ལྷ་མོ་དགུག་པར་འདོད་ན་དཀྱིལ་འཁོར་བྱས་ཏེ། ཞག་གསུམ་གྱི་བར་དུ་ལྷ་དེ་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་མཆོད་པ་བྱས་ཏེ། ཀ་ར་ཝི་རེ་ཁ་འབུས་པའི་བདུག་པའང་ཕུལ་ན་དེས་ལྷ་མཐོང་བར་ཡང་མི་འགྱུར་ན། དངོས་གྲུབ་ལྟ་ཅི་སྨོས། རིག་སྔགས་ཀྱི་ལྷ་ས་འོག་ན་རྒྱུ་བའི་ལྷ་གང་ཡིན་པ་དེ་དག་ནི་ཅིས་དགའ་བར་འགྱུར་བ་དེའང་བཤད་པར་བྱ་སྟེ། དཀྱིལ་འཁོར་བྱས་ལ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་པྲི་ཡང་ཀུའི་མེ་ཏོག་གིས་མཆོད་དུ། ཨ་ཀ་རུ་དང་པོག་གི་བདུག་པའང་དབུལ་བར་བྱའོ།། ཅི་སྟེ་དཀྲུག་པར་འདོད་ན་ཞག་གསུམ་གྱི་བར་དུ་ཀུ་རན་ཏ་ཀ་སྔོན་པོའི་མེ་ཏོག་གིས་མཆོད་དེ། དེ་ཉིད་ཀྱི་རྩ་བའི་བདུག་པའང་དེ་ལ་ཕུལ་ན་དེས་ལྷའང་མཐོང་བར་མི་འགྱུར་ན་དངོས་གྲུབ་ལྟ་ཅི་སྨོས། རིག་སྔགས་ཀྱི་ལྷ་དུར་ཁྲོད་དུ་དགའ་བ་གང་ཡིན་པ་དེ་དག་ཅིས་དགའ་བར་འགྱུར་བ་དེའང་བཤད་པར་བྱ་སྟེ། ཞག་བདུན་གྱི་བར་དུ་བ་རུ་རའི་མེ་ཏོག་གིས་མཆོད་དེ། ཉ་ཤ་དང་ཤའི་བདུག་པའང་དབུལ་ལོ།། ཅི་སྟེ་དཀྲུག་པར་འདོད་ན་ཞག་གསུམ་གྱི་བར་དུ་པདྨའི་མེ་ཏོག་གིས་མཆོད་དེ། ཙན་དན་དང་ག་པུར་གྱི་བདུག་བཕུལ་ནས་དེ་ནས་ལྷའང་མཐོང་བར་མི་འགྱུར་ན། དངོས་གྲུབ་ལྟ་ཅི་སྨོས། ལྷ་ཕལ་པ་རྣམས་ལ་ནི་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ། ཞག་བཅུའི་བར་དུ་མེ་ཏོག་དཀར་པོ་དང་། གུ་གུལ་གྱི་བདུག་པའང་དབུལ་ལོ། ། ཅི་སྟེ་དཀྲུག་པར་འདོད་ན་དཀྱིལ་འཁོར་བྱས་ལ་ཞག་གཅིག་གི་བར་དུ་དུག་ཏི་ཀའི་མེ་ཏོག་གི་མཆོད་དེ། གནྡྷ་ཧཱ་སྟིའི་རྩ་བའི་བདུག་པ་ཕུལ་ན་དེས་ལྷའང་མཐོང་བར་མི་འགྱུར་ན། དངོས་གྲུབ་ལྟ་ཅི་སྨོས། ལྷ་རྣམས་ཀྱི་མཆོག་ཏུ་གསང་བ་འདིས་ནི་ལས་ཐམས་ཅད་ཀྱང་ལས་གོཅིག་གིས་འགྲུབ་པར་འགྱུར་ཏེ། རིག་སྔགས་ཀྱི་རིག་སྔགས་ཀྱི་རིམ་པ་བཞིན་དུ་ལས་བྱའོ།། དེ་ནས་ཆོ་ག་རྒྱས་པ་གཞིག་པར་འདོད་ན། རིག་སྔགས་ཀྱི་ཆོ་ག་ཐམས་ཅད་ལའང་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ལ། ཞག་གསུམ་གྱི་བར་དུ་དེས་དེ་བཞིན་དུ་ལྟ་བ་ཤོས་དང་། མེ་ཏོག་དང་། བདུག་པཔ་ཐམས་ཅད་བླངས་ཏེ། ཆོ་ག་རྒྱས་པ་མིང་ནས་སྤོས་ཤིང་མཆོད་པ་བྱས་ན་ཆོག་རྒྱས་པའི་ལྷའང་མཐོང་བར་མི་འགྱུར་ན། དངོས་གྲུབ་ལྟ་ཅི་སྨོས། རབ་ཏུ་གྲུབ་པར་བྱ་ནའང་ཆོ་ག་དེ་ཉིད་ཡིན་ནོ།། བཅོམ་ལྡན་འདས་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་གསང་བ་དང་། གསང་ཆེན་བདག་གིས་བཤད་ལགས་ཏེ། ལྷར་བཅས་པའི་འཇིག་རྟེན་བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོར་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་གཞན་ལྟ་སུ་ཞིག་གིས་འཚལ་བར་མི་ནུས་ན། བཤད་པ་ལྟ་སྨོས་ཀྱང་ཅི་འཚལ། བདག་གིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཤད་པ། རིག་པ་མཆོག་གོ་སྙིང་པོར་གྱུར་པ། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྙིང་པོ་གསང་བའི་ལས་འདི་ནི་དཀོན་མཆོག་གསུམ་ལ་དང་བ་ལ་སྩལ་བར་བགྱིའོ།། སྡིག་པའི་ལས་ཅན་དག་ལ་ནི་གསང་བ་འདི་སྩལ་བར་མི་བགྱིའོ།། རྣམས་མཆོད་པར་བྱ་བ་དང་། དཀྲུག་པར་བྱ་བའི་ཆོ་ག་རྫོགས་སོ།། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ཚོགས་ཐམས་ཅད་ལ་བལྟས་ནས། སྒྲ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། བཟོད་ལྡན་དག་ཁྱེད་རྒྱགས་པ་མེད་པའི་སེམས་ཀྱིས་ཉོན་ཅིག། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ངས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཤད་པ་དང་། རིག་སྔགས་ཀྱི་རྣམས་ཀྱི་རིག་སྔགས་གསང་བ་བཤད་པ་དང་། ཆོ་ག་རྒྱས་པའི་ལྷ་རྣམས་བཤད་པ་འདི་ནི་ཆོ་ག་རྒྱས་པ་ཆེན་པོའི་སྙིང་པོ་ཡིན་ཏེ། ཆོ་ག་རྒྱས་པ་གསང་བའི་དཀྱིལ་འཁོར་དང་ལྡན་པ་འདི་དང་། དཔལ་ཐམས་ཅད་མངོན་པར་འབྱུང་བ་གང་གིས་མཐོང་བའི་རིག་སྔགས་འཆང་དེ་དག་ནི་རིང་པོར་མི་ཐོགས་པར་དངོས་གྲུབ་འགྲུབ་པར་འགྱུར་ཏེ། ཆོ་ག་རྒྱས་པ་ཆེན་པོ་གསང་སྔགས་དང་ལྡན་པ་གང་གིས་མཐོང་བའི་རིག་སྔགས་འཆང་དེ་དག་ནི་རིང་པོར་མི་ཐོགས་པར་དངོས་གྲུབ་འགྲུབ་པར་འགྱུར་བར་ལག་ན་རྡོ་རྗེ་ངས་བཤད་དོ། ། ཆོ་ག་རྒྱས་པ་འདི་གང་གིས་མཐོང་བ་དང་། ལྷ་ཐམས་ཅད་ལ་བརྟེན་པ་བྱས་པ་དེ་ལ་དགའ་བ་དང་། ཡིད་རབ་ཏུ་དགའ་བས་དངོས་གྲུབ་བྱིན་ཅིག། གསང་བའི་དཀྱིལ་འཁོར་གྱི་ཆོ་ག་དམ་པ་འདི་གང་གིས་མཐོང་བ་དེ་ལ་ནི་དངོས་གྲུབ་སྦྱིན་པའི་ཕྱིར་ང་རྟག་ཏུ་ཕྱི་བཞིན་འབྲང་ངོ་།། རིག་སྔགས་འཆང་གསོ་སྦྱོང་འཛིན་ཅིང་སྤྱང་པ་བྱས་པ་དང་། གཙང་བ་དང་གོས་གཙང་མ་བགོས་པས་ཕྱོགས་གཙང་ཞིང་དབེན་པའི་ས་འམ། ཁྱིམ་གཙང་མར་དཀྱིལ་འཁོར་ཁྲུ་བཞི་པའམ་ཁྲུ་བཅུ་གཉིས་པ་བྱས་ལ་ཅི་འབྱོར་པའི་ཚོན་རྩི་སྣ་གསུམ་གྱི་ཚོན་བསྐྱེ་སྟེ། ཐོག་མར་སངས་རྒྱས་བཅོམ་ལྡན་འདས་གཞག་གོ།། དེའི་གཡོན་ལོགས་སུ་འཕགས་པ་ལག་ན་རྡོ་རྗེ་ཕོ་ཉ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་གཞག་གོ།། དེའི་དྲུང་དུ་འཕགས་པ་རྡོ་རྗེ་སྡེ་ལག་པ་ན་པདྨ་ཐོགས་པ་གཞག་གོ།། དེའི་གཡོན་ལོགས་སུ་འཕགས་པ་གཙུག་ནས་འབྱུང་བ་གཞག་གོ།། དེའི་དྲུང་དུ་ལྷ་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། མ་མོ་བདུན་གཞག་གོ།། དེའི་དྲུང་དུ་ཚོགས་དྲུག་ཅུ་རྩ་བཞི་དང་། ལོག་འདྲེན་སུམ་ཅུ་རྩ་གཉིས་གཞག་གོ།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནི་སྤྱན་གསུམ་གཞག་པར་བྱའོ།། བཅོམ་ལྡན་འདས་ཀྱི་གམས་ལོགས་སུ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོས་དཀར་ཅན་དང་ལྷན་ཅིག་ཏུ་གཞག་གོ། ། དེའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དཔུང་དང་བཅས་པར་གཞག་གོ།། ལྷ་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་དུ་མཚོན་ཆ་ཐོགས་པར་བྱའོ། ། ནང་དུའང་ཀླུང་ཆེན་པོ་བཞི་འདབ་ཆགས་སུ་གཞག་གོ། གང་གི་བུམ་པ་ནི་མགྲིན་ཆིངས་དཀྲི་བར་བྱའོ།། བུམ་པའི་ནང་དུ་སྙིང་པོ་གསུམ་གཞུག་པར་བྱའོ།། སྒོ་དང་པོའི་ནང་དུ་ནི་རྫོང་གི་འཕགས་མ་དང་ཚིག་ལྡན་མ་གཞག་པར་བྱའོ།། བྱང་ཕྱོགས་སུ་ནི་ལྕགས་ཅན་གཞག་གོ།། ནུབ་ཕྱོགས་སུ་ནི་རྒྱལ་བའི་བློ་གྲོས་མ་གཞག་གོ།། ལྷོ་ཕྱོགས་སུ་ནི་བདུད་རྩི་ཐབ་སྦྱོར་གཞག་གོ། ། བུམ་པའི་མདུན་དུ་ནི་ལྷའི་དྲང་སྲོང་མེ་འབར་བ་དང་ལྡན་པར་གཞག་གོ། སྒོ་བཞིར་ཡང་བུམ་པ་མགྲིན་བཅིངས་དང་བཅས་པ་བཞི་གཞག་གོ། སྒོ་རེ་རེར་ཡང་སྒྲའི་སྐུད་པ་མཚོན་ཆ་དང་བཅས་པ་གཞག་གོ། ། དབུས་སུའང་ཚོགས་རྣམས་ཀྱི་ཏ་ལའི་ཐོ་བ་གཅིག་དང་སྒྲའི་སྐུད་པ་གཞག་གོ།། ཐོག་མར་ཐིག་གདབ་པ་ནི་རོག་པ་མཆོག་གིས་བྱའོ།། ལྷ་ཐམས་ཅད་བྲི་བ་ནི་སྙིང་པོས་བྱའོ།། ལྷ་ཐམས་ཅད་སྤྱན་དྲང་བ་ནི་བཅོམ་ལྡན་འདས་མས་བྱའོ།། དྲི་དང་། མེ་ཏོག་དང་། བདུག་པ་དབུལ་བའང་དེས་བྱའོ།། དཀྱིལ་འཁོར་གྱི་བགེགས་བྱེད་པ་གང་ཡིན་པ་དེ་དག་ཀྱང་སྙིང་པོས་སྦྱིན་སྲེག་བྱ་སྟེ། ཡུངས་ཀ་ར་དང་། ཞོ་དང་། སྦྲང་རྩི་དང་། མར་དང་ལྡན་པས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ།། དེ་ནས་རིག་སྔགས་འཆང་གིས་རིག་སྔགས་འཆང་ཞག་གཅིག་སྨྱུང་བ་བྱེད་དུ་བཅུག་ལ་བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་མའི་སྙིང་པོ་མགོ་བོར་བསྔགས་ལ་ཉེ་བའི་སྙིང་པོ་རྣ་བར་བཞག་སྟེ། ནག་མོའི་སྔགས་བཟླས་བརྗོད་བྱེད་དུ་གཞུག་ཅིང་། ཤར་ཕྱོགས་ཀྱི་སྒོའི་བྱང་སྟོང་དུ་བབ་པའི་ལྷ་རྣམས་ལ་ཕྱག་འཚལ་དུ་བཅུག་ལ། མེ་ཏོག་གམ་འགྲོན་བུའི་ཕུར་མ་འདོར་དུ་བཅུག་ན། གང་ལ་བབ་པ་དེ་དག་གི་རིགས་ཡིན་ཏེ། དེ་དག་ནི་སྲུང་བའི་རིགས་ཞེས་བཤད་དོ། ། གསང་བ་དང་ལྷ་ཐམས་ཅད་ཀྱི་གསང་བའི་ཕྱག་རྒྱའང་དེར་བསྟན་པར་བྱའོ།། གདོན་ཉན་དུ་གཞུག་པའི་སྐབས་ནས་ངས་བཤད་པའི་ཕྱག་རྒྱ་དང་ལྷ་གང་ཡིན་པ་དེ་དག་ཀྱང་རིག་སྔགས་འཆང་རྣམས་ལ་བསྟན་པར་བྱའོ། ། ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་མདུང་རྩེ་གསུམ་པ་ཡིན་ནོ།། ལག་ན་རྡོ་རྗེའི་ན་རྡོ་རྗེ་ཡིན་ཏེ། རྡོ་རྗེ་གང་ཡིན་པ་དེ་ནི་མདུང་རྩེ་གསུམ་པ་ཡིན་ལ། མདུང་རྩེ་གསུམ་པ་གང་ཡིན་པ་དེའང་རྡོ་རྗེ་ཡིན་པར་བལྟ་བར་བྱའོ། ། གསང་བ་འདི་དག་རྟོགས་ནས་གསང་བ་པ་རྣམས་ལའང་མཆོད་པར་བྱའོ།། གསང་བའི་ཕྱག་རྒྱ་ལྷ་ཐམས་ཅད་ཀྱི་གསང་ཆེན་འདི་གང་གིས་མཐོང་བ་དེ་ལ་ནི་ལྷ་ཐམས་ཅད་ཡིད་དགའ་ནས་དངོས་གྲུབ་སྦྱིན་པར་བྱེད་དེ། དེའི་ལས་རྣམས་ལ་རིག་སྔགས་བདེ་བླག་ཏུ་འགྲུབ་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་ལག་ན་རྡོ་རྗེ་དང་འདྲ་བར་བླ་མ་ལ་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་ཡོན་དབུལ་ལོ།། དེའི་འོག་ཏུ་བྱང་ཕྱོགས་སུ་སོང་ནས། དེ་ནས་རིག་སྔགས་འཆང་རྣམས་ལ་ཕྱག་འཚལ་དུ་གཞུག་གོ། གསང་བའི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདི་སུས་མཐོང་བ་དེ་ནི་སངས་རྒྱས་ཀྱི་བསམ་པ་དང་འབྲལ་བར་མི་འགྱུར་ཏེ། བདེ་བ་ཅན་དུའང་སྐྱེ་བར་འགྱུར་རོ།། ཆོ་ག་རྒྱུ་པ་འདི་སུ་འཆང་བདེ་ནི་ལག་ན་རྡོ་རྗེ་དང་འདྲའོ།། དཀྱིལ་འཁོར་འདི་མཐོང་ན་ཆོ་ག་རྒྱས་པ་ཆེན་པོ་བརྒྱད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། ། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱང་རྟག་ཏུ་སྲུང་བར་བྱེད་དོ།། རིག་པ་མཆོག་གི་ཆོ་ག་རྒྱས་པ་རྒྱུད་ཕྱི་མ་དང་བཅས་པ། ཕོ་ཉ་མོའི་ཚོགས་ཀྱི་འཁོར་དང་བཅས་པ། ཕྱག་རྒྱའི་རྒྱན་དང་@#་པ། གསང་ཆེན་དང་བཅས་པ། གང་བ་དང་བཅས་པ། ལག་ན་རྡོ་རྗེ་ངས་བཤད་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འདི་ཐམས་ཅད་མ་ལུས་པར་སུས་འཆང་བ་དེའི་ལུས་ཀྱི་སྤྱི་བོར་ནི་དཔལ་དང་ལྡན་པ་རྡོ་རྗེ་འཛན་རྟག་ཏུ་གནས་པར་འགྱུར་རོ། ། གསང་བའི་དཀྱིལ་འཁོར་རྫོགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་རྗེཅེས་བཀའ་སྩལ་ཏོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་ལེགས་སོ་ལེགས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བའི་ཕྱིར་བརྩོན་པ་ཡིན་ཏེ། ཆོ་ག་རྒྱས་པ་ཆེན་པོ་བཤད་པ་གང་ཡིན་པ་དེ་ནི་ལེགས་སོ།། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་གནང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ་ཡིན་ནོ།། རིག་སྔག་འཆང་གང་སྤྱན་གྱི་སྙིང་པོ་དང་བཅས་པ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དང་བཅས་པ་དྲན་པར་བྱེད་དམ། དུས་གསུམ་དུ་ཕྱག་འཚལ་བ་དེ་དག་ལ་ནི་ངན་འགྲོ་ལོག་པར་ལྟུང་བར་འགྱུར་བ་དེ་དག་མེད་དོ།། འཆི་བའི་ཚེའང་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་ཕྱོགས་པར་འགྱུར་ཏེ། དེས་ན་དེ་དག་ལ་ངན་འགྲོ་ལོག་པར་ལྷུང་བར་འགྱུར་བ་མེད་དོ།། སེམས་ཅན་མཚམས་མེད་པ་ལྔ་དང་ལྡན་པ་དག་ཀྱང་མནར་མེད་པར་སྐྱེ་བར་མི་འགྱུར་རོ། ། འདི་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་མཐུ་ཡིན་ནོ།། དཔེར་ན་ནོར་བུ་རིན་པོ་ཆེ་གཙུག་པུད་ཅན་ཞེས་བྱ་བ་མཐོང་མ་ཐག་ཏུ་ནད་ཐམས་ཅད་ཞི་བར་འགྱུར་ཞིང་། གདོན་ཐམས་ཅད་ཀྱང་འབྱེར་བར་འགྱུར་བ་དེ་བཞིན་དུ། རིག་སྔགས་ཀྱི་རྒྱལ་པོ་འདི་སྤྱན་དང་སྙིང་པོ་དང་བཅས་པར་དྲན་པ་ཙམ་གྱིས་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་དོ།། འདི་ནི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་རྒྱུ་དང་མཐུན་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཞན་དུ་གསུང་བ་མ་ཡིན་ནོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའམ། འཇིག་རྟེན་གྱི་སྣ་ཚོགས་བྱེད་པར་འདོད་ན་དེས་རིག་སྔགས་ཀྱི་རྒྱལ་པོ་བཙལ་བར་བྱ་ཞིང་བསྒྲུབ་པར་བྱའོ།། སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་གང་ཡིན་པ་དེ་དག་གི་ལག་ཏུ་ནི་ཐམས་ཅད་མ་ལུས་པར་འོང་བར་འགྱུར་རོ། ། སེམས་ཅན་བསོད་ནམས་མ་བྱས་པ་དག་གི་ལག་ཏུ་འོང་བར་མི་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་གང་གི་ལག་ཏུ་འོངས་པར་གྱུར་པ་དེ་དག་ལ་ནི་ལྷར་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འགྱུར་རོ། ། དེ་ནས་ལྔ་དེ་དག་སྙིང་འདར་ཞིང་དེ་བཞིན་གཤེགས་པ་ལ་བལྟ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཆེན་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་འདི་ནི་ཐོགས་པ་མེད་པའི་ལས་ཡིན་ཏེ། ལས་ཐམས་ཅད་ལ་དོན་ཡོད་པ་ཡིན་ནོ།། སེམས་ཅན་མ་རུང་བའི་ལས་བྱེད་པ་གང་ཡིན་པ་དེ་དག་གིས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ལས་སྣ་ཚོགས་བྱེད་ནུས་ཤིང་ལྷ་རྣམས་ལའང་འཚེ་བར་ནུས་ཏེ། དགེ་བའི་རྩ་བ་བསྐྱེད་ཅིང་དགེ་བ་བཅུའི་ལས་དང་ལྡན་པའི་ལྷ་དེ་དག་ལའང་གནོད་པར་བྱེད་ནུས་སོ། ། བརྟུལ་ཕོད་པའི་མི་དེ་དག་ལ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་གསང་བ་བསྟན་པར་བྱ་སྟེ། སེམས་ཅན་དེ་དག་གིས་དེ་མཐོང་ན་ཇི་ལྟར་འདོད་པ་བཞིན་དུ་བྱེད་པར་འགྱུར་རོ། ། སེམས་ཅན་ངའི་གསང་བའི་ཕྱག་རྒྱའི་ཚོགས་མཐོང་བ་གང་ཡིན་པ་དེ་དག་གིས་ནི་དོན་ཡོད་པའི་ལས་ཀྱི་མཆོག་གིས་ལྷ་ཐམས་ཅད་དང་ང་ལ་གཙེ་བར་ནུས་སོ།། ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷ་རྣམས་ལ་སྨན་པའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་གསང་བ། རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་མཱ་མ་ཀཱིའི་ཕྱག་རྒྱས་བཏབ་པ་བདག་གིས་བཤད་པར་འཚལ་ལོ།། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་རིག་པ་མཆོག་གི་རིག་སྔགས་ཆོག་རྒྱས་པ་ཆེན་པོ་དོན་ཡོད་པར་སྒྲུབ་པ་བཤད་དོ།། བཅོམ་ལྡན་འདས་ལྷ་ཐམས་ཅད་ཀྱི་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོའི་རིག་སྔགས་བཤད་པ་གང་ལག་པའི་རིག་སྔགས་དེ་དག་སྒྲུབ་པའི་སླད་དུ། ཡང་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་གང་ཐོས་ན་རིག་སྔགས་ཐམས་ཅད་དངོས་གྲུབ་ཏུ་འགྱུར་བ་བཤད་པར་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་བཤད་པ་ན་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཏདྱ་ཐཱ། ཨུ་ཊི་རི་ལི། མཾ་གུ་ལྱེ། སཾ་ཧ་རི་བ་ལ་ན་རི་སྭཱ་ཧཱ། རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་ཐོས་མ་ཐག་ཏུ་དུས་རྣམ་པ་དྲུག་ཏུ་གཡོས། གཡོ་བ་དང་མི་གཡོ་བའི་རྒྱུ་སྐར་དང་གཟའ་ཆེན་པོ་རྣམས་འཁྲུགས་སོ།། བཅོམ་ལྡན་འདས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་འདི་ནི་བདག་གི་རིག་པ་མཆོག་ལགས་ཏེམཉམ་པ་མ་མཆིས་ལ་སྟོབས་ཆེ་ཞིང་རྨད་དུ་བྱུང་བ་ལགས་སོ། ། འདི་ནི་བདག་གི་གསང་བ་ལགས་ཏེ། སུ་འདི་ཆོ་ག་དང་ལྡན་པར་འདོད་པ་དེས་དེ་བཞིན་གཤེགས་པའི་སྤྱན་སྔར་དྲི་དང་མེ་ཏོག་དང་། བདུག་པ་ཕུལ་ལ། ལག་ན་རྡོ་རྗེལའང་མེ་ཏོག་དམར་པོ་ཕུལ་ཏེ་ཞག་གཅིག་སྨྱུང་བ་བགྱིས་ཏེ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་ལ། བླ་མ་ལའང་མཆོད་ཅིང་ཡོན་ཕུལ་ནས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་དང་། རིག་པ་མཆོག་གདོན་པར་བགྱིའོ།། དེ་ནས་ལྷ་ཐམས་ཅད་ཡིད་རབ་ཏུ་དགའ་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ།། རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་འཛིན་པའི་རོག་སྔགས་འཆང་དེ་ལ་མྱུར་དུ་དངོས་གྲུབ་སྩོལ་ཅིག། དེ་ནས་ལག་ན་རྡོ་རྗེས། ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། བཟོད་ལྡན་དག་ཁྱེད་ཉོན་ཅིག། ངས་གསང་བའི་དཀྱིལ་འཁོར་བཤད་པ་ལས་གསང་བ་དང་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་བསྟན་པ་གང་ཡིན་པ་འདི་དང་། རིག་པ་མཆོག་སུ་འདོན་པ་འམ་མཆོད་པར་བྱེད་པ་དེ་ལ་ནི་རེག་སྔགས་ཀྱི་རྒྱལ་པོ་ཆེན་པོས་དམ་པ་སྦྱིན་པར་འགྱུར་རོ།། ཅི་སྟེ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་དང་། རིག་སྔགས་ཀྱི་རིགས་མ་མཐོང་བ་ཞིག་ཡིན་ན་ནི་མྱོས་པར་འགྱུར་རོ། ། འདི་མཐོང་ན་ནི་ཆོ་ག་རྒྱས་པ་ཆེན་པོ་བརྒྱད་ཀྱང་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་བདག་གི་གསང་བའི་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་འདི་ནི་སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་དད་པ་དང་། འཕགས་པ་ལག་ན་རྡོ་རྗེའི་རིགས་ལ་དང་བར་བགྱིད་པ་དང་། བླ་མ་ལ་ཕན་འདོགས་པར་བགྱིད་པ་དེ་ལ་སྩལ་བར་བགྱིའོ།། དེ་ལྟར་མ་བགྱིས་ན་མ་རུང་བར་འགྱུར་རོ།། བདག་གི་རིག་སྔགས་ཀྱི་རྒྱལ་པོའི་ཆོ་ག་རྒྱས་པ་འདི་ནི་དེ་ལ་གནས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞགས་གཉིས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོའི་ལས་བདག་གིས་བཤད་པར་འཚལ་ལོ།། དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་དཀྱིལ་འཁོར་དེར་ལྷ་འདུས་པ་རྣམས་ཀྱིས་རྡོ་རྗེ་འཛིན་གྱི་ཚིག་དེ་ཐོས་ཏེ་ཐོས་ནས་དེ་དག་འབྲོས་པ་ལ་ཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གསང་བ་བའི་བདག་པོ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོའི་ལས་འདི་ནི་ལྷ་རྣམས་ལ་གནོད་ཀྱིས་ཐོང་ཞིག། དེ་ནས་རིག་སྔགས་ཀྱི་བདག་པོ་ལག་ན་རྡོ་རྗེ་སྟན་དེ་ལས་ལངས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལྷ་རྣམས་ལྷ་གར་མཆིར་ཡང་མ་མཆིས་ཀྱིས། དེ་བཞིན་གཤེགས་པས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་ལས་གནང་བར་མཛད་དུ་གསོལ། བདེ་བར་གཤེགས་པ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་སྔགས་ཐམས་ཅད་ཀྱི་སྙིང་པོའི་ལས་བདག་གིས་བཤད་པར་འཚལ་ན། དེ་བཞིན་གཤེགས་པས་གནང་བར་མཛད་དུ་གསོལ། བདེ་བར་གཤེགས་པས་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གསང་བ་པའི་བདག་པོ་ལྷ་རྣམས་ལ་གནོད་ཀྱིས་ཐོང་ཞིག་ཐོང་ཞིག། དེ་ནས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷ་རྣམས་དམ་ཚིག་སྲུང་ན་བདག་གིས་བསྐྱང་བར་བགྱིའོ། ། བཅོམ་ལྡན་འདས་ལྷ་གང་རིག་སྔགས་ཐམས་ཅད་ཀྱི་སྙིང་པོའི་མིང་ཐོས་ནའང་དངོས་གྲུབ་སྩོལ་བར་མི་བགྱིད་པ་དེ་ལ་ནི་བདག་གིས་དགུམ་པའི་སླད་དུ། ཕྱག་རྒྱའི་ཚོགས་མི་བཟད་པ་བཏང་བར་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྣལ་འབྱོར་དམ་པ་ལ་གནས་ནས་ཕྱག་རྒྱའི་ཚོགས་རྗེས་སུ་དྲན་པར་བྱས་སོ།། བཅོམ་ལྡན་འདས་མ་ཕྱག་རྒྱའི་རྒྱལ་མོ་ཕྱག་རྒྱ་ལ་འཚེ་བ། ཕྱག་རྒྱ་ལ་ཕུར་བུ་འདེབས་པ། ལྷ་ཐམས་ཅད་སྐྲག་པར་བྱེད་པ། གནོད་སྦྱིན་གྱི་ཚོགས་ཐམས་ཅད་ཚར་གཅོད་པ། གསོད་པ། གནོད་པར་བྱེད་པ། པུར་བུས་འདེབས་པ། སྐྲག་པར་བྱེད་པ། ཞི་བར་བྱེད་པ། རྒྱས་པར་བྱེད་པ། བདེ་བར་བྱེད་པ། ཕྱག་རྒྱ་བཞིའི་བདག་མོའི་རྒྱལ་མོ་མཱ་མ་ཀཱིའང་རྗེས་སུ་དྲན་པར་བྱས་སོ།། དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱའི་ཚོགས་བརྒྱད་ཅུས་བསྐོར་བ་འབར་བ་དང་བཅས་པ། མེ་སྟག་འཕྲོ་བ་དང་བཅས་པ་སྲེག་པའི་རང་བཞིན་ཅན་གྱིས་ལག་ན་རྡོ་རྗེ་གཙོ་བོར་བྱས་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་འདུག་གོ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡ་སྱ། ཨོཾ་ཀུ་ལན་དྷཱ་ར་སྭཱ་ཧཱ། དེ་ནས་གསང་བའི་བདག་པོ་བློ་དང་ལྡན་པས་འདི་སྨྲས་མ་ཐག་ཏུ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་དེ་དག་ཕྱག་རྒྱ་རྣམས་ཀྱིས་བཅོམ་ནས་ལག་ན་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་སོ།། གདོན་དྲག་པོ་དང་སྲིན་པོ་མ་རུང་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཕྱག་རྒྱ་རྣམས་ཀྱིས་ཞེ་བཅིལ་ནུས་ཁྲག་སྡུག་བཞིན་དུ་ལག་ན་རྡོ་རྗེའི་ཞབས་དྲུང་དུ་གཞག་གོ།། དེ་ནས་ལྷ་དེ་དག་རྟབ་རྟབ་ཏུ་གྱུར་ཏེ་ཕྱག་རྒྱ་རྣམས་ཀྱིས་བཅོམ་ནས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྤྲས་སོ།། རྡོ་རྗེ་འཛིན་ཆེན་པོ་ཕྱག་རྒྱའི་ཚོགས་ཀྱིས་ཤིན་ཏུ་འཇིགས་ཀྱིས། བདག་ཅག་ཡོངས་སུ་བསྐྱབ་པར་གསོལ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། ལྷ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་མ་འཇིགས་ཤིག་མ་འཇིགས་ཤིག། ཕྱག་རྒྱའི་ཚོགས་དེ་ཉིད་དྲན་པར་གྱིས་ཤིག་དང་དེས་ཞི་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་འཛིན་ཆེན་པོ་ལྷ་འདི་དག་ཡང་དག་པར་དབུགས་ཕྱུང་ཞིག། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་གསང་བའི་དཀྱིལ་འཁོར་ལས་ལྷ་རྣམས་དང་། རིག་སྔགས་འཆང་རྣམས་དང་། གདོན་རྣམས་ཀྱི་གསང་བ་བཤད་པ་དེ་ནི་བཅོམ་ལྡན་འདས་འགལ་བར་བགྱིར་མི་རུང་ལགས་ཏེ། སུ་འགལ་བར་བགྱིད་པ་དེ་ལ་བདག་ཁྲོས་ཏེ་ཕྱག་རྒྱའི་ཚོགས་འཇིག་པར་གཏང་བར་འཚལ་ལོ། ། དེ་ནས་བདུད་རྩི་ཐབ་སྦྱོར་དེའི་ནང་ནས་ལངས་ཏེ་འདི་སྐད་ཅེས་སྨྲས་སོ།། གདོན་རྣམས་ཆོས་ལུགས་མི་བཟད་པ།། མདའ་དང་གསང་སྔགས་གང་དག་དང་། སྨན་དང་ནི་སྦྱིན་སྲེག་གི། ལས་ཀྱི་ཆོ་ག་གཏོང་འགྱུར་བ།། ཤོད་ཅིག་ཤོད་ཅིག་རིག་རྒྱལ་ཆེ།། མར་བཏུང་བ་ཡི་ཆོ་ག་དང་།། གཏོར་མའི་ལས་ནི་ཚུལ་བཞིན་དང་།། གསང་བ་དང་ནི་ཐེ་ཚོམ་དང་།། གང་གིས་གསང་བ་གཏོང་འགྱུར་བའི།། བསྲེག་པ་དང་ནི་བཅག་པ་དང་།། གསད་ཅིང་རུས་པ་གཞོམ་བྱ་བ།། དེ་དག་ཆོ་གར་གང་བཤད་པ།། དེ་ནི་སྟོབས་ཆེན་བདག་ལ་གསུངས།། བདུད་རྩིའི་བདག་ཉིད་ཆེན་པོ་ཡིས། ། འདོད་པ་དེ་སྐད་དྲིས་ནས་ནི།། དཔལ་དང་ལྡན་པ་རྡོ་རྗེ་འཛིན།། དཔའ་བོས་ཚིག་ནི་འདི་སྐད་སྨྲས།། མ་རུང་གདོན་ལས་གསོ་བ་ཡི།། གསང་སྔགས་སྦྱོར་བའི་ཆོ་གའི་རིམ། ང་ལ་སྟོབས་ཆེན་ཁྱོད་ཀྱིས་དྲིས།། དྲིས་པ་གང་ཡིན་བཤད་པར་བྱ།། ལྷ་ཀུན་འཁོད་པའི་ནང་དུ་ཉོན།། གདོན་རྣམས་ཚར་ནི་གཅད་པ་དང་།། དེ་བཞིན་ལྷ་རྣམས་བསྐྱོད་པ་དང་།། ལྷ་རྣམས་ཕྱག་རྒྱས་གདབ་པ་དང་། ། དེ་བཞིན་འཛིན་བྱེད་གསལ་བ་དང་།། རིག་སྔགས་རྣམས་ཀྱང་བསྒྲུབ་པ་དང་།། རིག་སྔགས་ཆོ་ག་རྒྱས་གདབ་དང་།། དེ་བཞིན་གདོན་རྣམས་དཀྲུག་པ་དང་།། རིག་སྔགས་འཆང་ལ་བརྩེ་བ་དང་། ། ཤིན་ཏུ་བྱིན་རླབས་དཀྱིལ་འཁོར་དང་།། ཕྱག་རྒྱའི་ཆོ་ག་འདིར་བཤད་དེ།། དཔའ་བོ་ལ་ནི་ཕྱག་འཚལ་ནས།། སྙིང་པོ་དགའ་བར་བྱེད་པའི་ཡུམ།། འབྱུང་པོ་རྣམས་ནི་སྐྲག་བྱེད་ཅིང་། ། ཆོ་གའི་དངོས་གྲུབ་སྩོལ་བ་བཤད།། སངས་རྒྱས་དཔའ་བོས་གསུངས་པ་ཡི།། གདོན་ཀུན་འགུགས་པའི་ལྕགས་ཀྱུ་མ།། དེ་ཡང་མགོ་བོས་ཕྱག་འཚལ་ནས།། གདོན་ཀུན་ལྕགས་ཀྱུ་། བཤད་པར་བྱ།། ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་རཱ་ཛྙཱ་བ་ཡ་ཏི་སྭཱ་ཧཱ། མཱ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཏདྱ་ཐཱ། བཛྲེ་བཛྲཱི་ཎཱི། བཛྲ་ལི། བཛྲ་ཨཾ་ཀུ་ཤི། ཧི་རི་ཧི་རི། བཛྲ་མུཥྞཱི། ཨོཾ་བཛྲ་ཛྭ་ལ། ཨཾ་ཀུ་ཤ་ཡང་ཕཊ། སིདྡྷཤྩ་ཎྚ། བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གསང་བའི་དབང་པོ་བློ་ལྡན་གྱིས།། རིག་སྔགས་འདྲི་ནི་བཤད་ནས་ཀྱང་།། དེ་ནས་ཟས་སུ་ལྷ་རྣམས་དང་གདོན་རྣམས་ཀྱི་ནི་ཁྲག་འཐུང་བའི། ། ཕྱག་རྒྱ་དེ་དག་ལྷགས་པར་གྱུར།། དེ་ནས་ཅ་ཅོའི་སྒྲ་བཏོན་ནས།། གསང་བའི་དབང་པོ་སྟོབས་ཆེན་གྱིས།། གདོན་རྣམས་ཀྱི་ནི་གསང་བའི་མཆོག། རབ་ཏུ་གསང་བ་འདི་བཤད་དེ།། ཕྱག་རྒྱ་དག་ནི་བཅོ་བརྒྱད་རྣམས།། ཆོ་གའི་དངོས་གྲུབ་སྦྱིན་བྱེད་པ། ཕྱག་རྒྱ་འབར་བ་སྟོབས་པོ་ཆེ།། གདོན་རྣམས་བསལ་བ་འདི་བཤད་དོ།། གསང་བ་པ་ཡང་འཇིག་བྱེད་པའི།། ཕྱག་རྒྱ་རྒྱལ་དང་རྣམ་རྒྱལ་བ།། རྡོ་རྗེ་མཚན་དང་རྡོ་རྗེ་རྟགས།། བཀྲ་ཤིས་ཤིན་ཏུ་བཀྲ་ཤིས་དང་།། པདྨ་དང་ནི་པདྨ་འཕྲེང་།། གཡུང་དྲུང་རིས་ཀྱང་དེ་བཞིན་ཏེ། ། མདུང་རྩེ་གསུམ་པ་རྡོ་རྗེ་དང་།། མཆེ་བ་དང་ནི་མདུང་ཐུང་དང་།། ཀླུ་ལག་དང་ནི་ཞགས་པ་དང་།། རལ་གྲི་དབྱིག་པ་འཁོར་ལོ་རྣམས།། དྲག་ཅིང་ཕ་རོལ་གནོན་པ་ཡི།། ཕྱག་རྒྱ་འདི་དག་བདག་གིས་བཤད། ། དེ་ནས་ལྷ་ཚོགས་དེ་དག་དང་།། འབྱུང་པོ་དང་ནི་ཟ་བ་དང་།། དེ་བཞིན་སྲིན་པོ་རྣམས་སྐྲག་ནས།། གཅིག་ལ་གཅིག་བལྟས་མགོ་བོ་ཡིས།། ལག་ན་རྡོ་རྗེར་ཕྱག་འཚལ་ནས། ། འདི་སྐད་ཀྱི་ནི་ཚིག་སྨྲས་པ།། རབ་འཇིགས་ཕྱག་རྒྱའི་ཚོགས་རྣམས་ལས།། གསང་བའི་དབང་པོས་སྒྲུབ་པར་གསོལ།། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེས།། ལྟ་དག་ལ་འདི་སྐད་ཅེས་སྨྲས་སོ། ། མ་འཇིགས་མ་འཇིགས་བཟོད་ལྡན་དག། མངའ་བདག་རིག་སྔགས་ཀུན་དབང་པོ།། ཕྱག་རྒྱ་བཅོ་བརྒྱད་གོ་ཆ་ཅན།། ཕོ་ཉ་མོར་བཅས་བལྟས་པའི་མཆོག། རས་ཀུན་གྱིས་ནི་བསྐོར་བའི་རྗེ། ། རིག་སྔགས་རྒྱལ་པོ་དྲན་པར་གྱིས།། བཅོམ་ལྡན་འདས་མས་གྲུབ་བསྟན་དང་།། རིག་སྔགས་ཀུན་གྱི་སྙིང་པོ་ལས།། བཤད་པ་དག་ཀྱང་དྲན་པར་གྱིས།། དེ་དག་དྲན་པས་འཇིགས་མེད་ཅིང་། ། ཕྱག་རྒྱ་རྣམས་ཀྱིས་གསང་བར་མཐོང་།། སྤྱོད་གཟུགས་སྣ་ཚོགས་གདོན་རྣམས་ལ།། རྡོ་རྗེའི་ཕྱག་རྒྱ་གང་བཏབ་ན།། གདོན་རྣམས་ཕྱོགས་བཅུར་འབྱེར་བ་ཡི། ཕྱག་རྒྱའི་ཚོགས་ཀྱང་བསྟན་པར་གྱིས།། དེ་ནས་ལྷའི་ཚོགས་དེ་དག་གིས།། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་གང་ན་ཕྱག་རྒྱ་འདི་དག་གི་མིང་ཙམ་གནས་པ་དེར་ཡང་དཔག་ཚད་ལྔའི་ནང་ཚུན་ཆད་དུ་བདག་ཅག་ཡོངས་སུ་མི་གནས་སོ། ། བཟོད་ལྡན་དག་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ།། ངའང་རིག་སྔགས་ཀྱིས་བསྐོར་བའི་ཕྱག་རྒྱ་འདི་དག་གང་ན་གནས་པ་དེ་ན་གནས་གདོན་རྣམས་ལ་ནི་རྟག་ཏུ་ཕྱག་རྒྱའི་མཚན་ཉིད་བསྟན་པར་སྦྱར་བར་བྱའོ། ། གདོན་ཐམས་ཅད་ལ་རྡོ་རྗེ་སྨོས་པའི་ལྕགས་ཀྱུ་མ་རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱ་དང་ལྡན་པས་ཀྱང་སྦྱར་བར་བྱའོ།། དེ་ལ་ཕྱག་རྒྱ་རྣམས་ཀྱི་རྟགས་དང་མཚན་ཉིད་ངས་བཤད་པར་བྱ་སྟེ། ལག་པ་གཡས་པའི་མཐེ་བོས་སོར་མོ་རྣམས་ཀྱི་སེན་མོ་མནན་ཏེ། ཁུ་ཚུར་བཅངས་ལ་མཛུབ་མོ་བརྐྱང་སྟེ་རྡོ་རྗེ་ལྟར་བྱས་པ་ནི་རྒྱལ་བའི་འོ། ། གུང་མོའང་བརྐྱང་ལ་སོར་མོའི་བར་ནས་གང་ཙམ་གྱིས་ཕྱེ་བ་ནི་རྣམ་པར་རྒྱལ་བའི་འོ།། སྲིན་ལག་དང་བཅས་པར་བརྐྱང་ལ་སོར་མོ་དེ་དག་གི་བར་ནས་གཉིས་ཙམ་གྱིས་ཕྱེ་བ་ནི་རྡོ་རྗེ་མཚན་གྱིའོ། ། དེ་ཉིད་ལས་སོར་མོ་བར་ཕྲལ་ཏེ་བྲང་གི་དཀྱིལ་དུ་བཞག་པ་ནི་རྡོ་རྗེ་རྟགས་ཀྱིའོ།། ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་ཀྱི་བར་དུ་སོར་མོ་ཐམས་ཅད་བཅུག་ནས་ལག་པའི་རྒྱབ་ཏུ་ལེགས་པར་སྦྱར་ལ། གུང་མོ་དང་མཐེའུ་ཆུང་གཉིས་གཤིབས་ཏེ་བཞག་ནས་བྲང་གི་དཀྱིལ་དུ་བཞག་པ་ནི་བཀྲ་ཤིས་ཀྱིའོ།། དེ་ཉིད་ལྟེ་བའི་གནས་སུ་བཟུང་བ་ནི་ཤིན་ཏུ་བཀྲ་ཤིས་ཀྱིའོ། ། ཕྱག་འཚལ་བའི་ཐལ་མོ་ལས་པདྨའི་སྦུབས་འདྲ་བར་བྱས་ལ། གུང་མོ་གཉིས་སྤྲད་དེ་ལྷག་མ་རྣམས་ཡིད་ཙམ་གྱིས་མ་ཕྲད་པར་བྱས་པ་ནི་པདྨ་མཚན་གྱིའོ།། དེ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་སྤྲད་པ་ལ་ལྷག་མ་རྣམས་མི་སྤྲད་པ་ནི་པདྨ་འཕྲེང་བའི་འོ། ། ལག་པ་གཉིས་བཀན་ཏེ་མཛུབ་མོ་དང་སྲིན་ལག་རྣམས་བསྣོལ་བར་དཀྲིས་ལ། མཐེ་བོང་གཉིས་ལག་པའི་ནང་དུ་བཀུག་ནས་སོར་མོ་ལྷག་མ་རྣམས་ནི་ཐམས་ཅད་ཀྱང་འདྲ་བར་སོ་སོ་ནས་ལག་པའི་གཏིང་དུ་གདུ་བུ་ལྟར་བཀུག་པ་ནི་གཡུང་དྲུང་རིས་ཀྱིའོ། ། སོར་མོ་ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅངས་ལ་ལག་ངར་ཡ་གཅིག་ཏུ་སྦྱར་ནས་གུང་མོ་བསྒྲེངས་ཏེ་གཤིབས་ལ་མཛུབ་མོ་གཉིས་བརྐྱང་སྟེ་ནང་དུའང་མི་དགུ། ཕྱི་རོལ་དུའང་མི་དགྱེ་བར་ཐ་མལ་པར་བསྒྲེངས་ནས་མཐེ་བོང་གཉིས་ནང་དུ་གཞུག་པ་ནི་མདུང་རྩེ་གསུམ་པའི་འོ། ། ཕྱག་འཚལ་བའི་ཐལ་མོ་ལས་སྲིན་ལག་ལུ་གུ་རྒྱུད་ལྟར་དཀྲིས་ལ་མཐེ་བོས་སྲིན་ལག་གི་སེན་མོ་གཉིས་མནན་ནས་མཛུབ་མོ་དང་། གུང་མོ་དང་། མཐེའུ་ཆུང་རྣམས་གཞིབས་ཏེ་བཞག་ལ། སོར་མོ་དེ་རྣམས་ཀྱི་བར་ནས་གཉིས་ཙམ་གྱི་ཚད་ཙམ་དུ་བྱས་ཏེ་དྲུང་དུ་ཁོང་སྟོང་དུ་བྱ་བ་འདི་ནི་རྡོ་རྗེའི་འོ།། ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་ནང་དུ་བསྣོལ་ཏེ། ཁུ་ཚུར་བཅངས་པ་ལག་པ་གཡས་པའི་གུང་མོའི་སྟེང་དུ་ཕྱུང་སྟེ་བརྐྱང་བ་མཆོད་སྟོང་གི་དབྱིབས་ལྟར་བྱས་ཏེ་བཞག་པ་ནི་མཆེ་བའིའོ། ། ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་ཕྱི་རོལ་དུ་བསྣོལ་ཏེ་ཁུ་ཚུར་བཅངས་ལ་སོར་མོ་ལག་པའི་རྒྱབ་ཏུ་གཞར། ལག་ངར་གཉིས་གཞིབས་ཏེ་གཅིག་ལ་གཅིག་སྦྱར་ཏེ། ལག་པའི་རྟང་སྤྲད་ལ་གུང་མོ་བརྐྱང་སྟེ་གཤིབས་པ་ནི་མདུང་ཐུང་གིའོ།། ཕན་ཚུན་བསྣོལ་མར་དཀྲིས་ལ་ལག་པ་གཉིས་ཀྱི་མཐེ་བོང་དང་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས། སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་ལས་ཀླུ་མགོའི་གདེངས་ཀ་ལྟར་བྱས་ཏེ། བར་རྣམས་ནས་གང་ཙམ་དུ་བྱ་བ་ནི་ཀླུའི་ལག་གིའོ།། ལག་པ་གཉིས་ཀའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ཏེ་ཞགས་མིག་གི་དབྱིབས་ལྟར་བྱས་ལ། ལག་པ་གཡོན་པ་བཀན་ནས་ལག་པ་གཡས་པ་ཁས་ཕུབ་སྟེ་སྦྱར་ལ། སོར་མོ་རྣམས་ཀྱི་ངོས་སོ་སོར་ལེགས་པར་ཕྲད་པར་བྱ་བ་ནི་ཞགས་པའི་འོ། ། སོར་མོ་རྣམས་ཕན་ཚུན་ནང་དུ་བསྣོལ་ལ་ལག་པ་གཉིས་ཀྱི་གྲུ་མོ་སྦྱར་ཏེ་གུང་མོ་གཉིས་གཤིབས་ནས་མཐེ་བོང་གཉིས་གུང་མོ་གཉིས་ཀྱི་ནང་དུ་བཅུག་ནས། ལག་པ་གཡས་པའི་གུང་མོ་དྲང་པོར་བསྒྲེངས་ལ། གཡོན་པའི་གུང་མོ་བཀུག་པའི་རྩེ་མོ་མཐེ་བོང་དང་ཕྲད་པ་ནི་རལ་གྲིའོ་འོ།། དེ་ཉིད་ལས་གཡས་པའི་གུང་མོ་རང་གི་གནས་སུ་ནང་དུ་བཅུག་ལ་ལག་པ་གཡོན་པའི་གུང་མོ་གྱེན་དུ་དྲང་པོར་བསྲང་བ་ནི་དེབྱུག་པའིའོ། ། ལག་པ་གཡོན་པ་བཀན་ལ་ལག་པ་གཡས་ཁས་ཕུབ་སྟེ། གཅིག་ལ་གཅིག་ངོས་སྦྱར་ནས་གཡོན་པའི་མཐེའུ་ཆུང་སྟེང་ན་འདུག་པའི་ཚོགས་ཀྱི་སྲུབས་བཞག་སྟེ། ཚགས་གཅིག་ཙམ་ཕྱིར་ལྷག་པར་བྱས། གཡོན་པའི་མཐེའུ་ཆུང་གི་རྩེ་མོར་གཡས་པའི་མཐེ་བོའི་ཚོགས་ཀྱི་སྲུབས་བཞག་སྟེ། ཚགས་གཅིག་ཙམ་བྱར་ལྷག་པར་བྱ་སྟེ། སེན་མོ་ལྷག་མ་རྣམས་ནི་མདུང་རྩེ་གསུམ་པའི་ཚུལ་དུ་བཞག་སྟེ་འཁོར་ལོའི་མཚན་ཉིད་བྱས་ལ། སོར་མོ་རྣམས་ཀྱི་ཐོར་ཏོ་ལག་པའི་རྟིང་དུ་དམར་པོར་བཀྲམ་པ་ནི་འཁོར་ལོའི་ལོ།། དེ་ལ་དེ་དག་གསང་སྔགས་རྣམས།། བདག་གིས་སུ་ནི་མདོར་བཤད་དེ།། རིམ་བཞིན་དུ་ནི་ངེས་བཤད་པ།། ཅི་རིགས་པར་ནི་མཉམ་པར་གྱིས།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཛ་ཡེ་ཛ་ཡ་བ་ཧེ་སྭཱ་ཧཱ། རྒྱལ་བའི་གསང་སྔགས་སོ། ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བི་ཛ་ཡེ་བི་ཀྲ་མེ། ཏྲཻ་ལོ་ཀྱ་བི་ཀྲ་མེ་སྭཱ་ཧཱ། རྣམ་པར་རྒྱལ་བའི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲ་ཨཾ་ཀེ་སྭཱ་ཧཱ། རྡོ་རྗེ་མཚན་གྱི་གསང་སྔགས་སོ། ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བཛྲ་ཙིནྡེ་སྭཱ་ཧཱ། རྡོ་རྗེ་རྟགས་ཀྱི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་སྭ་སྟི་ཀ་བི་ཤུད་དྷ་རཏྣེ་སྭཱ་ཧཱ། བཀྲ་ཤིས་ཀྱི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཏཱི་ཤཾ་ཀུ་སྭཱ་ཧཱ། ཤིན་ཏུ་བཀྲ་ཤིས་ཀྱི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཤྲཱི་བ་དེ་སྭཱ་ཧཱ། པདྨ་མཚན་གྱི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎཱི་སྱ། ཨོཾ་བི་ཤུདྡྷེ་སྭཱ་ཧཱ། པདྨ་འཕྲེང་གི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་པྲ་མརྟི་ནི་སྭཱ་ཧཱ། གཡུང་དྲུང་རིས་ཀྱི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱཱ། ཨོཾ་བ་ཏྲ་ས་ནི་པྲ་མརྡ་ནི་ཙྪནྡ་བྷིནྡ་ནི་སྭཱ་ཧཱ། མདུང་རྩེ་གསུམ་པའི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བི་ནཱ་ཡ་ཀ་ནཱ་ཤ་ནཻ་སྭཱ་ཧཱ། རྡོ་རྗེའི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་སརྦ་དུཿཔྲ་མརྡ་ནི་ཡེ་སྭཱ་ཧཱ། མཆེ་བའི་གསང་སྔགས་སོ། ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཨ་ཏི་ཤཱ་ཡ་བི་ཀྲ་མེ་སྭཱ་ཧཱ། མདུང་ཐུང་གི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཀླུ་ལག་གི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་པཱ་ཤེ་སྭཱ་ཧཱ། ཞགས་པའི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་བིདི་ཏྲ་ས་ནི་སྭཱ་ཧཱ། རལ་གྲིའི་གསང་སྔགས་སོ།། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་མ་ཧཱ་དཎྜ་སཱ་ཧཱ། དབྱུག་པའི་གསང་སྔགས་སོ། ན་མོ་བཛྲ་པཱ་ཎི་སྱ། ཨོཾ་ཙཀྲ་ཨ་སཱུ་ཏཾ་ཀེ་སྭཱ་ཧཱ། འཁོར་ལོའི་གསང་སྔགས་སོ།། ཕྱག་རྒྱའི་ལས་རྣམས་མཐུ་བསྐྱེད་ཕྱིར།། གསང་སྔགས་འདི་དག་བཤད་པ་ཡིན།། ཕྱག་རྒྱ་ཡི་ནི་ལས་རྣམས་ཀྱི། ། མཚན་ཉིད་བདག་གིས་བཤད་པར་བྱ།། དེ་ལ་རྒྱལ་བའི་ཕྱག་རྒྱ་ནི་ལྷའི་གདོན་ལ་བསྟན་པར་བྱའོ།། རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་དྲི་ཟ་ལ་བསྟན་པར་བྱའོ། ། རྡོ་རྗེ་མཚན་གྱི་ནི་འབྱུང་པོ་ལ་བསྟན་པར་བྱའོ།། རྡོ་རྗེ་རྟགས་ཀྱི་ནི་ལྷ་མ་ཡིན་རྣམས་ལ་བསྟན་པར་བྱའོ།། བཀྲ་ཤིས་ཀྱི་ནི་ཚངས་པའི་སྲིན་པོ་རྣམས་ལ་བསྟན་པར་བྱའོ།། ཤིན་ཏུ་བཀྲ་ཤིས་ཀྱི་ནི་གདོན་སྦྱིན་རྣམས་ལ་བསྟན་པར་བྱའོ།། པདྨ་མཚན་གྱི་ནི་སྲིན་པོ་རྣམས་ལ་བསྟན་པར་བྱའོ།། པདྨ་འཕྲེང་གི་ནི་གཟུ་ལུམས་ཅན་རྣམས་ལ་བསྟན་པར་བྱའོ།། གཡུང་དྲུང་རིས་ཀྱི་ནི་བེ་སར་ལ་བསྟན་པར་བྱའོ། ། མདུང་རྩེ་གསུམ་པའི་ནི་སྨྱོ་བྱེད་རྣམས་ལ་བསྟན་པར་བྱའོ།། རྡོ་རྗེའི་ནི་ལོག་འདྲེན་རྣམས་ལ་བསྟན་པར་བྱའོ།། མཆེ་བའི་ནི་ཤ་ཟ་རྣམས་ལ་བསྟན་པར་བྱ་སྟེ། ལྷག་པར་ཡང་ཙཾ་བིན་ལ་བསྟན་པར་བྱའོ།། མདུང་ཐུང་གི་ནི་བརྗེད་བྱེད་རྣམས་ལ་བསྟན་པར་བྱའོ།། ཀླུ་ལག་གི་ནི་དུག་རྒྱུས་པར་བྱེད་པའི་ཀླུ་རྣམས་ལ་བསྟན་པར་བྱའོ།། ཞགས་པའི་ནི་ནམ་གྲུ་ལ་བསྟན་པར་བྱའོ། ། རལ་གྲའོ་ནི་བྱེད་ལ་བསྟན་པར་བྱའོ།། དབྱུག་པའི་ནི་སྐེམ་བྱེད་ལ་བསྟན་པར་བྱའོ།། འཁོར་ལོའི་ནི་གཞོན་ནུ་ལ་བསྟན་པར་བྱའོ།། མཱ་མ་ཀཱིའི་ནི་ཐམས་ཅད་ལ་བསྟན་པར་བྱའོ། ། རྟགས་བཅས་མཚན་ཉིད་བཅས་པ་ཡི།། ཕྱག་རྒྱ་འདི་དག་བདག་གིས་བཤད།། གདོན་རྣམས་རྣམ་པར་འཕྲུལ་པ་ལ།། རྡོ་རྗེ་ལྕགས་ཀྱུ་བསྟན་བྱ་ཞིང་།། རྡོ་རྗེ་འཛིན་པ་བཟླས་བརྗོད་བྱ། ། ལག་ན་རྡོ་རྗེས་བཤད་པ་ཡི།། ཕྱག་རྒྱ་འདི་ནི་གཅོད་བྱེད་པ།། གང་ཡིན་དེ་ལ་བདག་གིས་སུ།། རྡོ་རྗེ་འབར་བ་རབ་འབར་གྱིས།། སྤྱི་བོ་ཡང་ནི་གཞོམ་པར་བྱ།། ལག་ན་རྡོ་རྗེ་སྔགས་སྟེན་པ། ། གདོན་རྣམས་འཇིག་པར་བྱེད་པ་འདི།། རིག་སྔགས་རྣམས་ནི་བསྒྲུབ་པའི་ཕྱིར།། ལག་ན་རྡོ་རྗེའི་བཀའ་མཆོག་གིས།། རང་གི་མཚན་ནི་བསྟན་ན་འགྲུབ།། མཱ་མ་ཀཱི་ཡི་ཕྱག་རྒྱ་ཡི།། རྟགས་བཅས་མཚན་མ་གར་གནས་པ།། ལྷ་རྣམས་ཀུན་གྱིས་ཚུགས་མི་འགྱུར།། ཕྱག་རྒྱ་ཀུན་ལྡན་མཱ་མ་ཀཱིའི།། ཕྱག་རྒྱ་འདི་ནི་བདག་གིས་བཤད།། མདུང་རྩེ་གསུམ་པ་ཕྱེད་མཚན་ཅན།། མཱ་མ་ཀཱི་ཡི་ཕྱག་རྒྱ་ནི། ། གང་དུ་བསྟན་པ་དེ་དག་ཏུ།། ལྷ་དང་དྲི་ཟ་སྲིན་མི་གནས།། ལག་ན་རྡོ་རྗེའི་བཀའ་མཆོག་གིས།། གདོན་རྣམས་ཐམས་ཅད་མ་རུངས་འགྱུར།། མཱ་མ་ཀཱི་ཡི་རྒྱས་བཏབ་པའི།། ཆོ་ག་རྒྱས་པ་འདི་སྒྲུབ་ཅིང་། ། དངོས་གྲུབ་འདོད་པ་གང་ཡིན་དེས།། གསང་བ་འདི་ནི་བསྟན་པར་བྱེད།། མཱ་མ་ཀཱི་ཡི་རྒྱས་བཏབ་པའི།། ཕྱག་རྒྱ་འདི་ནི་མཐོང་བ་དང་།། མཱ་མ་ཀཱི་ཡི་གསང་མཐོང་བས།། ཆོག་ཚུལ་བཞིན་བསྒྲུབ་པར་བྱ།། སྒྲུབ་པ་གང་གིས་མཱ་མ་ཀཱི།། མཐོང་ན་རིང་པོ་མི་ཐོགས་པ།། དངོས་གྲུབ་མཆོག་ཐོབ་ཙོམ་མེད།། མཱ་མ་ཀཱི་ཡི་ཕྱག་རྒྱའི་མཚན།། གསང་བ་བདག་གིས་བཤད་པ་ཡི། ། ཕྱག་རྒྱ་འདི་ནི་གང་དག་ཏུ།། བཞག་ནས་དངོས་གྲུབ་ཕྱིར་བསྒྲུབས་ན།། མཱ་མ་ཀཱི་ཡི་རྒྱ་མཐོང་བས།། རིང་པོར་མི་ཐོགས་དངོས་གྲུབ་ཐོབ།། ཕྱག་རྒྱ་ལྕགས་ཀྱུ་ལྷན་ཅིག་ཏུ།། གདོན་རྣམས་ཀུན་ལ་སྦྱར་བར་བྱ། ། རིག་སྔགས་རྣམས་དང་སྦྱིན་སྲེག་ལས།། གཏོར་མ་བྱས་ཤིང་མར་འཐུངས་ཀྱང་།། དྲག་ཅིང་མི་བཟད་ཕ་རོལ་གནོན།། གདོན་རྣམས་གང་དུ་མི་འགྲོ་དེར། ། ཕྱག་རྒྱ་མཐོང་ན་མི་བཟད་རྣམས།། ལྕགས་ཀྱུ་མ་དང་ལྷན་ཅིག་སྦྱར།། སོ་སོར་བསྟན་ཀྱང་གདོན་རྣམས་གང་།། འགྲོ་བར་མི་བྱེད་གང་ཡིན་པ།། དེ་ལ་ལག་ན་རྡོ་རྗེ་ཡི།། བཀའ་མཆོག་གིས་ནི་ཕྱག་རྒྱའི་ཚོགས། ། མི་བཟད་རྣམས་ཀྱང་བསྟན་པར་བྱ།། གཏུམ་པའི་གཟུགས་ཅན་མཱ་མ་ཀཱི།། གཅིག་པུ་མི་བཟད་བསྟན་པར་བྱ།། མཐོང་ནས་སེམས་ནི་མཱ་མ་ཀཱིས།། འཇིགས་ནས་གདོན་རྣམས་འབྱེར་བར་བྱེད།། ཕྱག་རྒྱའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱང་བཤད་པར་བྱ་སྟེ། གྲིདོན་གང་ཆོས་ལུགས་མི་བཟད་པ། རིག་སྔགས་ལ་འདའ་བར་བྱེད་པ་གང་ཡིན་པའི་གདོན་ཐམས་ཅད་གང་ཡིན་པ་དེ་ལ་ནི་ལས་འདི་བྱ་སྟེ། ས་ཕྱོགས་གཙང་མར་བརྟགས་ནས། རིག་སྔགས་ཀྱི་རྒྱལ་པོས་ཡོངས་སུ་སྦྱང་བར་བྱས་ལ། དེར་རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱ་མིང་དང་ལྡན་པར་གཞག་གོ། ། ཚོན་རྩི་སྣ་གསུམ་གྱི་ཕྱེ་མས་རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། རྡོ་རྗེའི་མཚན་ནི་ཤར་ཕྱོགས་སུ་དགོད་དོ།། རྡོ་རྗེ་རྟགས་དང་། བཀྲ་ཤིས་དང་། ཤིན་ཏུ་བཀྲ་ཤོས་ནི་བྱང་ཕྱོགས་སུ་དགོད་དོ། ། པདྨ་མཚན་དང་། པདྨ་འཕྲེང་དང་། གཡུང་དྲུང་རིས་ནི་སྒོ་ཕྱོགས་སུ་དགོད་དོ།། མདུང་རྩེ་གསུམ་པ་དང་། རྡོ་རྗེ་དང་། མཆེ་བ་ནི་ནུབ་ཕྱོགས་སུ་དགོད་དོ།། དཀྱིལ་འཁོར་གྱི་ནང་དུ་སོང་ལ་མདུང་ཐུང་ནི་ཤར་ཕྱོགས་སུ་གཞག་གོ། ། ཀླུ་ལག་ནི་བྱང་ཕྱོགས་སུ་གཞག་གོ།། རལ་གྲི་ནི་ནུབ་ཕྱོགས་སུ་གཞག་གོ།། ཕྱག་རྒྱ་བཞིས་ནི་བསྐོར་ནས་ཀྱང་།། བློ་ངན་དེ་ནི་སྐྲག་པར་བྱ།། དེ་ནས་དུག་བཞིན་དུ་དབྱུག་པའི་ཚུལ་དུ་བསྟན་ན་གདོན་དེ་ངུ་ཞིང་ཚིག་བཞིན་དུ་དཀྱིལ་འཁོར་དེར་འོང་བར་འགྱུར་ཏེ། དེར་རྡོ་རྗེ་ལྕགས་ཀྱུ་མས་བཟླས་བརྗོད་བྱས་ནས་ཕྱག་རྒྱའི་ཚུལ་བསྟན་ན་དེ་མཐོང་བས་དེ་ཉིད་དུ་འགྱེལ་ཏེ། གདོན་གྱི་རིགས་ཀྱང་བཅོམ་པར་འགྱུར་རོ།། རིག་སྔགས་རྣམས་ཀྱི་གསང་བ་ཡི།། དཀྱིལ་འཁོར་འདྲི་ན་གསང་མཆོག་ཡིན།། རིག་པ་མཆོག་གི་གསང་བའི་རྒྱུ།། གསང་བ་འདི་ནི་གང་མཐོང་དང་། ། གང་གིས་ཕྱག་རྒྱ་འདི་མཐོང་བ།། དེ་ལ་ང་ནི་གནས་པ་ཡིན།། ཕྱག་རྒྱའི་གོ་ཆ་བགོས་ནས་ནི།། ལག་ན་རྡོ་རྗེའི་བཀའ་མཆོག་གིས།། ཕྱག་རྒྱ་དྲང་ཞིང་མཐོང་བྱེད་གང་།། དེ་ལ་ང་ནི་རྟག་ཏུ་ཡང་། ། ཕྱག་རྒྱ་བཅིངས་པས་དངོས་གྲུབ་སྦྱིན།། དངོས་གྲུབ་མཆོག་ཕྱིར་བསྟན་པ་ཡི།། ཆོ་ག་ཇི་ལྟར་མཐོང་བ་བཞིན།། སྒྲུབ་པ་ཀུན་ལ་ཕྱག་རྒྱ་དགོད།། དེ་ནས་ལས་རྣམ་བརྩམ་པར་བྱ། ། སྒྲུབ་པ་རྣམས་ཀྱི་དངོས་གྲུབ་ཕྱིར།། གོང་གིས་མི་རྣམས་བསྒྲུབ་འགྱུར་བ།། མཱ་མ་ཀཱི་ནི་རྟག་པར་གཞག། ཕྱོགས་གང་དུ་རིག་སྔགས་སྒྲུབ་པ་དེར་མཱ་མ་ཀཱིའི་ཕྱག་རྒྱ་བྲི་བར་བྱའོ། ། གང་དུ་བཅོམ་ལྡན་འདས་མཱ་མ་ཀཱིའི་དྲག་ཏུ་བསྐུལ་བའི་མཆོག་སྤངས་པ་དེར་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་དངོས་གྲུབ་མེད་དོ།། མཱ་མ་ཀཱི་བསྟན་པས་ནི་གདོན་རྣམས་ལ་རྒྱས་འདེབས་པར་འགྱུར་ཏེ། སྨྲས་པས་ལས་ཐམས་ཅད་བྱེད་དོ།། བཅོམ་ལྡན་འདས་གང་ལག་ན་རྡོ་རྗེ་གང་དུ་སྤྱན་དྲང་བ་དེར་ནི་མཱ་མ་ཀཱིའི་ཕྱག་རྒྱ་གཞག་པར་བྱ་སྟེ། གང་ན་མཱ་མ་ཀཱི་གནས་པ་དེ་ན་ང་གནས་སོ། ། གང་ན་ཕྱག་རྒྱའི་ཚོགས་གནས་པ་དེ་དག་ན་ང་རིག་སྔགས་ཀྱི་རྒྱལ་པོ་དང་ལྷན་ཅིག་ཏུ་རིག་སྔགས་ཐམས་ཅད་དང་ལྡན་པ་དང་། ཕོ་ཉ་མོའི་ཚོགས་ཀྱི་འཁོར་དང་གནས་སོ།། དུས་གསུམ་དུ་ནི་ཕྱག་རྒྱ་ལ།། ཕྱག་བྱས་དངོས་གྲུབ་དམ་པ་བསྒྲུབ།། ང་ཡི་རྡོ་རྗེ་ཕྱག་རྒྱ་ཡིས།། བཏབ་པས་དེ་ལ་དངོས་གྲུབ་སྦྱིན།། མཱ་མ་ཀཱི་ནི་དེར་བཞག་ན།། རིག་སྔགས་ངེས་པར་འགྲུབ་འགྱུར་ཏེ། ། དེ་ལ་ཡིད་གཉིས་མི་བྱའོ།། གང་ཞིག་ཕྱག་རྒྱ་འདི་དག་དང་།། མཱ་མ་ཀཱི་ཡི་ཕྱག་རྒྱར་ལྡན།། དེ་ནི་རིགས་མཆོག་ཆོ་ག་ཡི།། གསང་དང་གསང་ཆེན་ལྡན་པ་ཡིན།། དེ་ལ་ལྷ་རྣམས་མགུ་བ་ཡི། ། ཡིད་ཀྱིས་དངོས་གྲུབ་སྦྱིན་པར་བྱེད།། ཕྱག་རྒྱ་འདི་དག་དྲན་བྱེད་དང་།། ལྷག་པར་ཡང་ནི་སྟོན་བྱེད་པ།། དེ་ལ་ལྷ་རྣམས་དགའ་བའོ།། སེམས་ཀྱིས་དངོས་གྲུབ་སྦྱིན་པར་བྱེད། ། ལྷ་རྣམས་བྱེ་བས་བཤད་པ་ཡི།། ཕྱག་རྒྱ་འདི་དག་གར་གནས་པ།། དེར་ནི་དངོས་གྲུབ་སྦྱིན་པའི་ཕྱིར།། ང་ནི་རྟག་ཏུ་གནས་པར་འགྱུར།། མཱ་མ་ཀཱི་ཡི་ཕྱག་རྒྱའི་མཚན།། ཕྱག་རྒྱ་ཀུན་གྱི་མཆོག་ཡིན་ཏེ། ། ཕྱག་རྒྱ་ཐམས་ཅད་སྟོན་པ་ན།། མཱ་མ་ཀཱི་ཡི་ཕྱག་རྒྱ་ཡང་།། བསྟན་པར་བྱས་ན་དོན་ཡོད་འགྱུར།། གང་དུ་ཕྱག་རྒྱའི་ཚོགས་བཤད་ཅིང་།། མཱ་མ་ཀཱི་ཡི་གསང་མཆོག་བསྟན། ། དེར་ནི་ང་ཡང་གནས་པར་འགྱུར།། ཕྱག་རྒྱ་འདི་དག་གིས་ནི་ཆར་ཡང་འབེབས་པར་བྱེད་དོ།། ལྷ་རྣམས་ལའང་རྒྱས་འདེབས་པར་བྱེད་དོ།། མདོར་ན་ཡིད་ལ་ཇི་ལྟར་འདོད་པ་བཞིན་དུ་ཆོ་ག་སྣ་ཚོགས་ཀྱི་ལས་བྱེད་དེ། ཕྱག་རྒྱའི་ཚུལ་བསྟན་པས་ལས་བྱེད་པར་འགྱུར་རོ།། ཕྱག་རྒྱ་ཐམས་ཅད་ལའང་རྡོ་རྗེ་ལྕགས་ཀྱུ་མ་དང་སྦྱོར་བར་བྱ་སྟེ། ཕྱག་རྒྱ་འདི་རྣམས་ནི་གདོན་ལ་བསྟན་པར་མི་བྱའོ། ། ཕྱག་རྒྱ་རྣམས་བསྟན་ན་ལྷ་རྣམས་འཇིགས་ཤིང་སྐྲག་པར་འགྱུར་ལ། རིག་སྔགས་འཆང་ཡང་རླག་པར་འགྱུར་རོ།། མཱ་མ་ཀཱིས་ཕུར་བུས་བཏབ་ན་རྟག་ཏུ་ཞི་བར་བྱེད་པར་འགྱུར་རོ། ། སྐྲག་པས་དངོས་གྲུབ་སྦྱིན་པར་བྱེད་དོ།། ཕྱག་རྒྱའི་ཚུལ་ནི་ལག་པའི་སྟ་སྟས་ཀྱིས་བསྟན་པར་མི་བྱའོ།། དཀྱིལ་འཁོར་དུའང་མིང་དང་ཕྱག་རྒྱའི་ཚུལ་བྲིའོ།། མཱ་མ་ཀཱི་ནི་ལས་ཐམས་ཅད་ལའང་བསྟན་པར་བྱའོ། ། གང་ན་མཱ་མ་ཀཱི་གནས་པ་དེ་ན་ང་གནས་ལ། གང་ན་མཱ་མ་ཀཱི་གནས་པ་དེ་ན་ལག་པས་ཇི་ལྟར་བསྟན་པར་བྱ་བ་དེ་བཞིན་དུ་ས་ལའང་བྲིའོ།། ཕྱག་རྒྱ་གང་དག་གི་ཚུལ་གྱིས་བསྐུལ་བས་ཀྱང་མི་རྣམས་དངོས་གྲུབ་འགྲུབ་པར་འགྱུར་བ་བསྟན་ན། དེས་ཆོ་ག་དང་། ལས་དང་། གནས་རྣམས་ཀྱིས་ཀྱང་ལས་སུ་རུང་བར་བྱེད་དོ།། དེ་ནས་ཕྱག་རྒྱའི་ཚོགས་བསྟན་ནས་ལས་རྣམས་བྱ་སྟེ། མཐུ་སྟོབས་ཆེན་པོ་སྣ་ཚོགས་རྣམས་བསྟན་པར་བྱའོ།། དཀྱིལ་འཁོར་འདི་ནི་གསང་བའི་མཆོག་ཡིན་ནོ།། ང་ལ་བལྟ་བར་འདོད་པ་གང་ཡིན་པ་དེས་ནི་མཱ་མ་ཀཱི་ལ་སོགས་པ་ཕྱག་རྒྱའི་ཚོགས་རྣམས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བལྟ་བར་བྱའོ། ། ཕྱག་རྒྱའི་ཚོགས་ཀྱི་མིང་ཐོས་ནས་ཕྱག་འཚལ་བ་གང་ཡིན་པ་དེ་ནི་འཇིགས་པར་བྱ་བ་རྣམས་ཀྱིས་འཇིགས་པར་མི་འགྱུར་རོ། ། ཅི་སྟེ་ཕྱག་རྒྱའི་ཚོགས་མ་མཐོང་བ་དེ་ལ་དམ་ཚིག་གི་དངོས་གྲུབ་སྦྱིན་པར་མི་འགྱུར་རོ།། གང་གིས་མཱ་མ་ཀཱིའི་ཕྱག་རྒྱ་མཐོང་བ་དེའི་མདུན་དུ་ངས་དངོས་གྲུབ་སྦྱིན་པར་བྱའོ། ། ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བའི་མཱ་མ་ཀཱིའི་ཕྱག་རྒྱས་བསྐོར་ལ། མཱ་མ་ཀཱིའི་གཟུགས་ཀྱང་གཞག་པར་བྱ་སྟེ། དེ་ནས་རིག་སྔགས་འཆང་གིས་མཱ་མ་ཀཱིའི་ཕྱག་རྒྱ་བསྟ་བར་བྱའོ། ། དེ་ནས་མཱ་མ་ཀཱིའི་ལས་ཞི་བ་དང་། རྒྱུས་པ་དང་། དྲག་ཤུལ་ལ་སོགས་པའི་ལས་བྱ་སྟེ། མཱ་མ་ཀཱིའི་མདུན་དུ་བཟླས་བརྗོད་བྱས་པ་དེས་བསྲུང་བར་བྱའོ།། མཱ་མ་ཀཱིའི་ཕྱག་རྒྱའི་ཚོགས་བྲིས་པ་གང་ན་འདུག་པ་དེ་ན་ང་ཕོ་ཉ་མོ་རྣམས་ཀྱི་ཚོགས་ཀྱིས་བསྐོར་བའང་གནས་སོ། ། མཆོད་རྟེན་གྱི་དྲུང་ངམ་སྐུ་གཟུགས་ཀྱི་གནས་སུ་ཕྱག་རྒྱའི་ཚོགས་དགོད་པར་བྱའོ།། ཡང་ན་གླེགས་བམ་ལ་བྲིས་ཏེ་གླེགས་བམ་དེའང་དེ་བཞིན་གཤེགས་པའི་གནས་སུ་གཞག་གོ། གཞན་དུ་བཞག་ན་བརྟག་པ་འམ་གནོད་པ་བྱེད་པར་འགྱུར་རོ།། ཕྱག་རྒྱའི་ཚོགས་ལ་བྲིས་ནས་དེར་སྤྱད་སྤྱད་པ་མཚོར་གནས་པའི་ཆུ་ཀླུང་དུ་དོར་བར་བྱའོ། ། ལྕགས་ཀྱུ་མས་ཡོངས་སུ་སྦྱང་བ་བྱས་ལ། གྱོ་མོ་དང་གསེག་མ་མེད་པའི་ས་ཕྱོགས་སུ་ལྕགས་ཀྱུ་མས་ཕྱག་རྒྱའི་ཚོགས་བྲི་བར་བྱའོ།། མཱ་མ་ཀཱིའི་ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བའང་གཞག་པར་བྱ་སྟེ་གཟུགས་སུ་གཞག་པར་བྱའོ།། ཟུག་རྔུ་ཡོད་པའི་སར་བྲིས་ན་ནི་གནོད་པ་བྱེད་པར་འགྱུར་ཏེ། ཡུལ་དང་། གྲོང་ཁྱེར་དང་། རྒྱལ་པོ་ལའང་མི་དགེ་བ་བསྐྱེད་པར་འགྱུར་རོ།། མཱ་མ་ཀཱིའང་ངས་རིག་པ་མཆོག་གི་ཆོ་ག་རྒྱལ་པོ་ཆེན་པོའི་དངོས་གྲུབ་སྟོན་དུ་གཞུག་གོ།། ཕྱག་རྒྱའི་ཚོགས་སྟོབས་ཆེན་མོ་མི་བཟད་པ་འདི་བཤད་ཟིན་ཏོ། ། རྟགས་དང་མཚན་མའི་ཚུལ་བསྟན་པ་དེ་དག་ཀྱང་བཤད་ཟིན་ཏོ།། དེ་ནས་མཱ་མ་ཀཱི་བལྟ་བར་འདོད་པས་ནི་ང་ལ་བལྟ་བར་བྱའོ།། ང་ལ་བལྟ་བར་འདོད་པས་ནི་མཱ་མ་ཀཱི་སྨན་བརྒྱད་ཀྱིས་བསྐོར་པ་ཚང་བ་དང་། སྨན་བརྒྱད་དང་བཅས་པའི་ཨུཏྤ་ལ་དང་ལྡན་པ་ཡིད་དུ་འོང་བ་བལྟ་བར་བྱའོ།། དེ་ནས་རིག་སྔགས་འཆང་ང་ལ་བལྟ་བར་འདོད་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ་དང་། ཞག་གཅིག་སྨྱུང་བ་བྱས་པའི་ཉི་མ་བཟང་པོ་ལ་རིག་པའི་རྒྱལ་པོས་བསྲུང་བའི་ཆོ་ག་བྱས་ཏེ། དྲི་དང་། མེ་ཏོག་དང་། བདུག་པ་ཕུལ་ནས་སྨན་གྱིས་ལུས་ཀྱི་ཡན་ལག་རྣམ་དབྱུང་བར་བྱ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་སྨན། ས་མ་ཛི་ནི་དབྱུང་བར་བྱ།། ལྷ་ཆེན་གྱིས་བྱིན་གཉིས་པ་སྟེ།། འབམ་པོ་ཡང་ནི་དབྱུང་བར་བྱ།། དེ་བཞིན་སྲེད་མེད་བུས་བྱིན་པ། ། ནི་ལ་སུ་སྲིད་དབྱུང་བར་བྱ།། དེ་བཞིན་ཚངས་པས་བཤད་པ་ཡི།། བྲཧྨ་ནི་ཡང་དབྱུང་བར་བྱ།། འཇིག་རྟེན་སྐྱོང་གིས་བཤད་པ་ཡི།། རམ་ཉེ་བ་ཡང་དབྱུང་བར་བྱ།། རྫོང་གི་འཕགས་མས་བྱིན་པ་ཡི།། ཤེ་ཏ་ཛཱ་ཡང་དེ་བཞིན་དབྱུང་།། ཚིག་ལྡན་མས་ནི་བྱིན་པ་ཡི།། ནཱི་ལ་ཛཱ་ཡང་དབྱུང་བར་བྱ།། ཡན་ལག་ཀུན་གྱི་ཨུཏྤལ་ལྡན་ལག་ན་རྡོ་རྗེས་བཤད་པ་དགེ། དེ་ནས་སྨན་གྱིས་ལུས་ཐམས་ཅད་ཕྱུང་ནས་ལྷན་ཅིག་ཏུ་གཞག་གོ། དེ་ནས་རིག་སྔགས་འཆང་གིས་བསྲུང་བའི་ཆོ་ག་བྱས་ནས་གཏོར་མའི་ཆོ་ག་བྱས་ལ། ཤའི་སྟན་ལ་འདུག་སྟེ་རྡོ་ལེབ་ཤིན་ཏུ་བཀྲུས་པ་ལ་དབྱིག་དང་གསེར་བཀྲམ་ནས། རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་སྨན་རྣམས་བཅོམ་ལྡན་འདས་མ་ཙན་དན་དམར་པོའི་ཆུས་བཀྲུས་པའི་རླུ་ལ་སྔགས་ཀྱིས་བཏབ་པ་དེ་དང་བཏགས་ཏེ། སྨན་གྱི་ལུས་ཐམས་ཅད་བླངས་ལ། གསེར་རམ། རྡོའི་སྣོད་དམ། ཀམ་པའི་སྣོད་ཀྱི་ནང་དུ་བཞག་ནས། ཀར་ཤ་པ་ཎ་བརྒྱ་རྩ་བརྒྱད་ཀྱིས་རྡོ་རྗེ་རྫོགས་པར་བྱས་ཏེ། ཤིན་ཏུ་མཉམ་པར་བཞག་པས་ཙན་དན་དམར་པོའི་ཆུས་བསང་གཏོར་བྱས་ལ། ལག་པས་མནན་ནས་རིག་སྔགས་ཐམས་ཅད་ཀྱི་སྙིང་པོ་ལན་བརྒྱད་བརྒྱད་བཟླས་བརྗོད་བྱས་ཏེ། རྡོ་རྗེའི་དབུས་སུ་ལྷ་མོའི་གཟུགས་རྣམས་བཞག་ལ་གཟུགས་བཟང་མ་ལན་བརྒྱད་བཟླས་བརྗོད་བྱའོ།། དེ་ནས་མཱ་མ་ཀཱིའི་གཟུགས་སུ་བྱས་ལ། དེ་ནས་རིག་སྔགས་འཆང་གིས་རས་དཀར་པོའི་སྟེང་དུ་གཞག་སྟེ། མཱ་མ་ཀཱིའི་རིག་སྔགས་ཀྱིས་བརྗོད་པར་བྱའོ།། གདུ་བུ་ལའང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པར་བྱའོ།། དེར་ཡང་ལས་རྣམས་སྦྱར་བར་བྱ། ། དེ་རིན་པོ་ཆེ་ཐམས་ཅད་དང་། ས་བོན་ཐམས་ཅད་ཀྱི་མཆོད་ཡོན་དབུལ་བར་བྱའོ།། གཏོར་མའི་ཆོ་གའང་རྒྱས་པར་བྱའོ།། རིག་སྔགས་ཀྱི་རྒྱལ་པོའང་མཱ་མ་ཀཱིའི་དྲུང་དུ་གཞག་པར་བྱའོ། ། ལྷ་ཐམས་ཅད་ཀྱི་གཟུགས་ཀྱང་སྤྱན་དྲངས་ལ། མཱ་མ་ཀཱིའི་མདུན་དུ་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ།། དེ་ནས་མེ་ཏོག་གི་འཕྲེང་བ་འགུལ་བ་དང་། མར་མེའི་མེ་ལྕེ་ཆེན་པོར་འགྱུར་བ་དང་། སྤུ་ཟིང་ཞེས་བྱེད་པ་དང་། སེམས་དགའ་བ་འབྱུང་བར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གི་ཚོགས་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། ། དེ་ནས་ནང་པར་བླ་མ་ལ་མཆོད་པ་བྱ་སྟེ། རིན་ཐང་མེད་པའི་རིན་པོ་ཆེའི་ཡོན་ཕུལ་ལ། དེ་ནས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་དངོས་གྲུབ་གསོལ་དུ་བཅུག་ན་ཆོ་ག་རྒྱས་པའི་དངོས་གྲུབ་སྦྱིན་པར་བྱེད་དམ། ཡང་ན་ལས་གཅིག་གི་དངོས་གྲུབ་སྦྱིན་པར་བྱེད་དེ། བླ་མས་ཇི་སྐད་སྨྲས་པ་དེ་ཡོད་ལ་བཞག་ནས་ཚིག་དེའང་མཉན་པར་བྱའོ།། དེ་ནས་རིག་སྔགས་འཆང་གིས་བླ་མ་ལ་མཱ་མ་ཀཱི་བསྟན་པར་བྱ་སྟེ། མཐོང་ན་ཇི་སྐད་སྨྲས་པ་དེ་དེ་ལ་འགྲུབ་པར་འགྱུར་ཏེ། ཅི་སྟེ་ཁྲོ་བའི་སེམས་ཀྱིས་སྨྲས་ན་ནི་ལས་དྲག་པོར་འགྲུབ་པར་འགྱུར་རོ།། ཅི་སྟེ་དགའ་བའི་སེམ་ཀྱིས་སྤྲས་ན་ནི་དངོས་གྲུབ་མཆོག་འགྲུབ་པར་འགྱུར་ཏེ། བླ་མས་མཱ་མ་ཀཱི་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་བཏང་ལ། བླ་མའི་ལག་པས་མཱ་མ་ཀཱ་བཙལ་བར་བྱ་སྟེ། ལག་ཏུ་ཐོབ་ན་མཱ་མ་ཀཱིའི་མེ་ག་རྒྱས་པའི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། ། རིག་སྔགས་འཆང་གིས་ཀྱང་ཆོ་གའི་གཟུགས་རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་གཏང་བར་བྱའོ།། སྒྲུབ་པའི་ཚེ་སྤྱན་གྱི་མཱ་མ་ཀཱི་གཞག་པར་བྱའོ། ། ཨུཏྤ་ལ་དང་ལྡན་པས་ཀྱང་མཱ་མ་ཀཱི་གཞག་པར་བྱའོ།། ཨོཾ་ཧ་རན་ཛྙཱ་ན་བེ་ཏ་རན་ཛ་ན་བེ་སྭཱ་ཧཱ། ཆོ་ག་འདི་ཉིད་ཀྱིས་མར་གྱི་ངོ་ཞག་བརྒྱད་ལ་མཱ་མ་ཀཱའི་མདུན་དུ་རྡོ་རྗེ། དབུས་སུ་པདྨ་བརྒྱད་སྟོང་གིས་སྦྱིན་དོར་བྱའོ།། དེ་ནས་ཆོ་ག་རྒྱས་པ་འགྲུབ་པར་འགྱུར་ཏེ། ནང་པར་གྱི་དུས་སུ་བླ་མ་ལ་མཆོད་པ་བྱས་ནས་དངོས་གྲུབ་གསོལ་དུ་གཞུག་གོ།། དངོས་གྲུབ་བྱིན་ནས་ཀྱང་ཞག་བདུན་པའི་ཉིན་པར་གློ་བུར་དུ་མི་ནག་པོ་མཐོང་བར་འགྱུར་ཏེ། མཐོང་ན་ཆོག་རྒྱས་པ་འགྲུབ་པར་ཤེས་པར་བྱའོ།། སྡིག་པའི་ལས་ནི་བྱེད་པ་དང་།། བྲམ་ཟེ་གསོད་དང་མི་གསོད་དང་། ། ཚུལ་ཁྲིམས་འཚལ་ལ་སྦྱིན་མི་བྱ།། མི་བཟད་པ་ནི་གང་ཡིན་པའི།། མི་རྣམས་ཀྱིས་ནི་ཐོབ་མི་འགྱུར།། རྡོ་རྗེ་རིགས་མཆོག་གང་དད་པ།། མཱ་མ་ཀཱི་ནི་དེ་མངན་གནས།། ཚུལ་ཁྲིམས་འཚལ་དང་སྡིག་པ་ཅན། ། དེ་དག་གིས་ནི་གཟུགས་མི་མཐོང་།། གང་ན་མི་བཟད་སྡིག་བྱེད་པ།། དེ་ན་བདག་གི་མིང་ཡང་མེད།། དེར་ནི་མི་མཐོང་ཅི་ཞིག་སྨོས།། གང་དག་དགེ་བ་བཅུ་པོ་ཡི།། ལས་ཀྱི་ལམ་དང་ལྡན་པའི་མི།། དེ་དག་གིས་ནི་ང་ཡང་མཐོང་།། གང་དག་ཚུལ་ཁྲིམས་ལྡན་པ་དང་།། རྡོ་རྗེའི་རིགས་ལ་དད་པའི་མི།། དེ་དག་གིས་ནི་ང་མཐོང་ཞིང་། རིག་འགྱུར་སེམས་ཅན་དག་ནི། ། ང་ཡི་རིགས་སུ་གཏོགས་པ་ཡིན།། མཱ་མ་ཀཱི་ནི་གང་གིས་མཐོང་།། སྟོབས་ཆེན་དེ་དག་དུ་ཡི་གནས།། ཡིད་དུ་འོང་བར་སྐྱེ་བར་འགྱུར།། གང་གི་ཚེ་ཆོ་ག་རྒྱས་པ་དེའི་ཚེ་ཐ་མ་ལ་ཡོན་ཕུལ་ནས་མཱ་མ་ཀཱི་བསླང་བར་བྱའོ། ། བླ་མས་ཀྱང་ཨུཏྤ་ལ་ནི་མཚན་དང་ལྡན་པའི་སྔགས་ཀྱིས་མཱ་མ་ཀཱིའི་གཟུགས་སོར་བཞི་བྱས་ལ། དེ་ནས་བླ་མས་སྦྱིན་པར་བྱ་སྟེ། དངོས་གྲུབ་ཀྱང་གསོལ་དུ་གཞུག་གོ། ། ཕོ་ཉ་མོ་རྣམས་དང་། ཚོགས་རྣམས་ལའང་གཏོར་མ་སྦྱིན་པར་བྱའོ།། ས་ཡོངས་སུ་སྦྱང་བ་དང་། དཀྱིལ་འཁོར་གྱི་བགེགས་ཀྱི་སྦྱིན་སྲེག་ཀྱང་བྱའོ།། ཕོ་ཉ་མོ་རྣམས་ཀྱི་ལས་རྣམས་ལ་ནི་ལན་འབུམ་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། ། ཞི་བའི་ལས་རྣམས་ལ་ནི་རི་མོ་ལ་ལྷ་མོ་མདོག་གནག་པ་གཅིག་བྲིས་ཏེ། སྤྱི་བོ་ན་དེ་བཞིན་གཤེགས་པ་བཞུགས་ལ་སྐྱབས་སྦྱིན་པའི་ཕྱག་རྒྱ་དང་། ལག་པ་གཡོན་པ་ལ་རྡོ་རྗེ་འབར་བ་ཐོགས་པར་བྲིའོ།། དེ་ནས་མར་གྱི་ངོ་ཞག་བཅུ་བཞི་ལ་བརྩམས་ཏེ་ཞག་བདུན་གྱི་བར་དུ་གུ་གུལ་ཡུངས་མར་དང་སྦྱར་བའི་སྦྱིན་སྲེག་བྱའོ།། ཚོགས་རྣམས་ལའང་གཏོར་མའི་ཆོ་ག་བྱའོ། ། ཚོགས་རྣམས་ཀྱི་ལས་ལའང་བདུད་རྩི་ཐབ་སྦྱོར་གྱི་སྐབས་སུ་ངས་ལས་བཤད་པ་གང་ཡིན་པའི་ལས་དེས་སྦྱར་བར་བྱའོ།། ཕྱག་རྒྱ་དེ་དག་གི་སོ་སོའི་རྟག་ཀྱང་བཤད་པར་བྱ་སྟེ། མཱ་མ་ཀཱིའི་རྟགས་ནི་སྟེགས་བུ་ལ་རྡོ་རྗེ་རྩེ་གསུམ་པ་ཁ་གཅིག་པ་བྲིའོ།། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་དབྱུག་པ་ལ་བཙུགས་པ་བྲིའོ།། གཡས་ལོགས་@སུ་རྡོ་རྗེ་རྩེ་གསུམ་པ་ཁ་གཉིས་པ་དབུས་ཀྱི་ཆུང་ཟུང་དྲང་པོར་འདུག་པ་ལ་ཆུང་ཟུང་ནས་དགྲ་སྟ་སྲབ་མོའི་སོ་ཕྱི་རོལ་ཏུ་བལྟས་པ་བྲིའོ། ། རྒྱལ་བའི་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ཀྱི་ཆང་ཟུང་དྲང་པོར་འདུག་པར་བྱའོ། ། རྣམ་པར་རྒྱལ་བའི་ནི་དེ་ཉིད་ལས་དབུས་ནས་འབྲས་བུ་བྱས་ལ། གཡས་ཕྱོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཅིག་པ་མེ་ལྕེ་འབར་བ་གསུམ་དང་ལྡན་པ་དབྱུག་པ་ལ་བཙུགས་པ་ཡིན་ནོ། ། རྡོ་རྗེ་མཚན་གྱི་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་དྲང་པོར་བྱས་པའོ།། རྡོ་རྗེ་རྟགས་ཀྱི་ནི་དེ་ཉིད་ལ་དབུས་ནས་འབྲས་བུ་འདུག་པ་ཡིན་ནོ། ། བཀྲ་ཤིས་ཀྱི་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གཅིག་པ་ཁ་གཉིས་པ་རྩེ་མོ་ཀ་ཎྱའི་དབྱིབས་འདྲ་བར་བྱས་པ། དེའི་གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཅིག་པ་དབུས་དྲང་པོར་འདུག་པར་བྱའོ། ། ཤིན་ཏུ་བཀྲ་ཤིས་ཀྱི་ན་སྟེགས་བུའི་སྟེང་དུ་ཐོར་ཙུགས་ཀྱི་ཕུང་པོ་བཅིངས་པ་བཞག་སྟེ། ཐོར་ཙུགས་ཀྱི་མཐའ་འབར་བའི་འཕྲེང་བས་བསྐོར་ལ། དེའི་གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་ཁ་གཉིས་པ་དབུས་དྲང་པོར་བྱས་ལ་པདྨའི་སྟེང་ན་འདུག་པར་བྲིའོ། ། པདྨ་མཚན་གྱི་ནི་སྟེགས་བུའི་སྟེང་དུ་པདྨ་ཡིད་ཙམ་གྱི་འབྱེ་བ་རྩ་བ་དང་སྡོང་བུ་དང་བཅས་པར་འདུག་པར་བྱས་ལ། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་པ་ཁ་གཉིས་པ་དབུས་དྲང་པོར་འདུག་པར་བྲིའོ།། གཡས་ལོགས་སུ་རྩེ་གསུམ་ཁ་གདེངས་མདུང་རྩེ་གསུམ་པ་འདྲ་བར་བྱའོ།། པདྨ་འཕྲེང་གི་ནི་པདྨ་ཁབྱེ་བ་བཅུ་གཅིག་ལ་གཅིག་འཁྲིལ་བ་བྲིས་ལ། དྲིའི་དབུས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པ་གཞག་གོ།། གཡུང་དྲུང་རིས་ཀྱི་ནནི་དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཉིས་རིམ་དུ་བྲིས་ཏེ་ངོས་བཞི་ནས་ཤད་བཞི་དྲངས་ལ་ཚག་བཅག་སྟེ། གཡས་ཕྱོགས་སུ་འཁྱིལ་བ་བྲིའོ།། ཤད་བཞི་པ་དེ་དག་ཀྱང་རིན་པོ་ཆེའི་འཕྲེང་བས་བསྐོར་བར་བྱའོ།། དེ་དག་གི་སྟེང་དུ་རྡོ་རྗེ་རྩེ་གཅིག་པ་མར་གྱི་མེ་ལྕེ་འདྲ་བ་རྣམས་བྲིའོ།། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གདེངས་པ་བྲིའོ།། གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་དྲང་པོར་བྱའོ། ། མདུད་རྩེ་གསུམ་པའི་ནོ་སྟེགས་བུའི་སྟེང་དུ་མདུང་རྩེ་གསུམ་པ་ཁ་གཉིས་པ་དབུས་དྲང་པོར་བྱས་ལ། དེའི་གཡས་ལོགས་སུ་རྩེ་གསུམ་ཁ་གདེངས་རྡོ་རྗེ་འདྲ་བར་བྱའོ།། རྡོ་རྗེའི་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་རྩེ་མོ་དབུས་མ་ཀ་ན་ཡའི་རྩེ་མོའི་དབྱིབས་ལྟར་འདུག་པར་བྱས་ལ། དེའི་གཡས་ལོགས་སུ་རྩེ་གསུམ་ཁ་གདེངས་པ་མདུང་རྩེ་གསུམ་པ་འདྲ་བར་བྱའོ།། མཆེ་བའི་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ཀྱི་ཆང་ཟུང་དྲང་པོར་འདུག་པར་བྲིས་ལ། དེའི་གཡས་ལོགས་སུ་པདྨ་ཁ་བྱེ་བ་ལ་མཆེ་བའི་ཕྱིར་དགུ་བོར་འདུག་པར་བྲིའོ།། མདུང་ཐུང་གི་ནི་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པ་བྲིས་ལ། དེའི་གཡས་ལོགས་སུ་མདུང་ཡུ་བ་ཅན་རྩེ་མོ་ཀ་ན་ཡའི་དབྱིབས་འདྲ་བར་བྲིའོ།། ཀླུ་ལག་གི་ནི་སྦྲུལ་གཉིས་གཅིག་ལ་གཅིག་མཇུག་མ་སྦྲེལ་ཏེ་ཚམ་རྔམ་བྱེད་ཅིང་དམིག་རྩ་བསྒྲིམས་ལ་ལྕེ་འབྱིན་ཅིང་གཅིག་ལ་གཅིག་བལྟ་བར་བྲིས་ཏེ། དེ་གཉིས་ཀྱི་མགོ་བོ་ལ་འབར་བ་གསུམ་དང་ལྡན་པའི་ནོར་བུ་ཐོགས་ལ། དེ་གཉིས་ཀྱི་བར་ན་རྡོ་རྗེ་རྩེ་གསུམ་པ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པ་སྦྲུལ་གྱི་མཇུག་མའི་སྟེང་ན་འདུག་པར་བྱའོ།། ཞགས་པའི་རྡོ་སྟེགས་བུའི་སྟེང་དུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་ལྟར་འདུག་པར་བྱའོ། ། དེའི་གཡས་ལོགས་སུ་མདུང་རྩེ་གསུམ་པ་ཡུ་བ་ཅན་རྩེ་གསུམ་ཁ་གདེངས་པ་འདྲ་བར་བྲིའོ།། གཡོན་ལོགས་སུ་ཀླུའི་ཞགས་པ་ཚམ་རྔམ་བྱེད་པ་བྲིའོ། ། རལ་གྲིའི་ནི་སྟེགས་བུའི་སྟེང་དུ་རལ་གྲི་བྲིས་ལ། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པར་བྱའོ།། དབྱུག་པའི་ནི་སྟེགས་བུའི་སྟེང་དུ་དབྱུག་པ་གླ་གོར་ཞོ་ཤའི་ཤིང་ལྟར་འདུག་ཅིང་སྙེ་མ་ལྔ་པོ་ཡོད་པར་བྲིས་ལ། མགོར་ནི་ཆང་ཟུང་བྱ། དྲུང་དུ་ནི་སྐྱུ་རུ་རའི་འབྲས་བུ་འདྲ་བར་བྱ། དེའི་གཡོན་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་ལ་རྩེ་མོ་དབུས་མ་ཀ་ན་ཡའི་རྩེ་མོའི་དབྱིབ་ལྟར་བྱ། གཡོན་ལོགས་སུ་མདུང་རྩེ་གསུམ་པ་རྡོ་རྗེ་འདྲ་བ་དབྱུག་པ་ལ་བཙུགས་པ་བྲིའོ།། འཁོར་ལོའི་ནི་སྟེགས་བུའི་སྟེང་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་འབར་བས་བསྐོར་བར་བྲིས་ལ། དེའི་གཡས་ལོགས་སུ་རྡོ་རྗེ་རྩེ་གསུམ་ཁ་གཉིས་པ་དབུས་ནས་འབྲས་བུ་འདུག་པར་བྱའོ།། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར།། ཕྱག་རྒྱ་འདི་དག་བདག་གིས་བཤད། ། ཕྱག་རྒྱ་འདི་དག་སོ་སོར་མཐོང་བའི་ལས་ཀྱང་བཤད་པར་བྱའོ།། ཕྱག་རྒྱ་སྣ་ཚོགས་སོ་སོར་མཐོང་བའི་ལས་ཀྱང་བཤད་པར་བྱའོ།། ཕྱག་རྒྱ་སྣ་ཚོགས་དག་གི་ལྷ་རྣམས་ཀྱང་བསྟན་པར་བྱའོ། ། རྒྱལ་བའི་ཕྱག་རྒྱ་ནི་ཕོ་ཉ་མོ་ཐམས་ཅད་ཀྱིའོ།། རྣམ་པར་རྒྱལ་བའི་ནི་ཚངས་པའི་འོ།། རྡོ་རྗེ་མཚན་ནི་ལྷ་ཆེན་པོའིའོ།། རྡོ་རྗེ་རྟགས་ནི་ལོག་འདྲེན་རྣམས་ཀྱིའོ།། བཀྲ་ཤིས་ནི་རྡོ་རྗེ་སྡེའི་འོ།། ཤིན་ཏུ་བཀྲ་ཤིས་ནི་ཕུར་བུ་གསུམ་པའི་འོ།། པདྨ་མཚན་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ།། པདྨ་འཕྲེང་ནི་དཔལ་ཆེན་པོའི་ཡིན་པར་བཤད་དོ།། དེ་བཞིན་དུ་གཡུང་དྲུང་རིས་རྣམས་ནི་ཚོགས་ས་རྣམས་ཀྱིའོ།། མདུང་རྩེ་གསུམ་པ་ནི་རྫོང་གི་འཕགས་མའི་འོ།། རྡོ་རྗེ་ནི་ཁྲོ་བོ་ཡིན་པར་བཤད་དོ།། མཆེ་བ་ནི་མཱ་མ་ཀཱི་རྣམས་ཀྱིའོ།། དེ་བཞིན་དུ་མདུང་ཐུང་ནི་དྲུག་མ་རྣམས་ཀྱིའོ། ། ཀླུ་ལག་ནི་རྒྱ་མཚོ་ཆེན་པོའིའོ།། དེ་བཞིན་དུ་ཞགས་པ་ནི་འཇོག་རྟེན་སྐྱོང་བ་རྣམས་ཀྱིའོ།། རལ་གྲི་ནི་མེའི་ཡིན་པར་བཤད་དོ།། དབྱུག་པ་ནི་སའི་ལྷ་མོའི་འོ། ། འཁོར་ལོ་ནི་ནོར་ལྷའི་བུའི་འོ།། ལྷ་རྣམས་ཀུན་གྱི་ཕྱག་རྒྱ་འདི་དག་དང་ལས་སྣ་ཚོགས་བསྟན་པ་རྣམས་ངས་བཤད་ཟིན་ཏེ། ཕྱག་རྒྱ་རྣམས་ནི་ཕྱག་རྒྱའི་མཚན་ཉིད་འདིར་མཆོག་ཏུ་གསང་བ་ཡིན་ནོ། ། ཕྱག་རྒྱ་འདི་དག་སྒྲུབ་པ་གང་ཡིན་པ་དེས་ནི་མཱ་མ་ཀཱིའི་ཕྱག་རྒྱའི་མཚན་ཉིད་ནི་གཟུང་བར་བྱའོ།། གང་གི་ཕྱིར་ང་རྡོ་རྗེ་འཛིན་ཡིན་པས་ན།། དེའི་ཕྱིར་ངས་ཕྱག་རྒྱའི་ལས་ཀྱི་མཆོག། བཤད་པར་བྱའོ།། མཱ་མ་ཀཱིའི་ལས་ངས་བཤད་པ་གང་ཡིན་པ་དེ་ལའང་ཞི་བ་དང་། རྒྱས་པ་དང་། དྲག་ཤུལ་རྣམ་པ་གསུམ་དུ་བཤང་པའི་ལས་གང་ཡིན་པ་དེ་དག་གི་རིམ་པ་སྣ་ཚོགས་ཀྱང་བཤད་པར་བྱའོ། ། དྲག་ཤུལ་གྱི་ལས་རྣམས་ལ་ནི་མཱ་མ་ཀཱིའི་མཚན་ཉིད་ཇི་ལྟ་བ་བཞིན་བཞག་ལ། རྡོ་རྗེ་མཚན་དང་། རྡོ་རྗེ་རྟགས་དང་། འཁོར་ལོ་དང་། མཆེ་བ་དང་། གཡུང་དྲུང་རིས་དང་། མདུང་རྩེ་གསུམ་པ་དང་། ཕྱག་རྒྱ་འདི་དག་གིས་བསྐོར་བར་བྱ་སྟེ།། དེའི་མདུན་དུ་སྦྱིན་སྲེག་གི་ཆོ་གར་བསྟན་པ་གང་ཡིན་པ་དེ་ལའང་དེ་བཞིན་དུ་བྱའོ།། བཟླས་བརྗོད་ཀྱི་སྒྲུབ་པ་ལའང་བཟླས་བརྗོད་བྱའོ། ། དེ་ནས་རྒྱས་པ་བྱེད་ན་རྒྱལ་བ་དང་། བཀྲ་ཤིས་དང་། ཤིན་ཏུ་བཀྲ་ཤིས་དང་། ཀླུ་ལག་དང་། པདྨ་འཕྲེང་དང་། རྡོ་རྗེ་དང་། འདི་རྣམས་གཞག་པར་བྱའོ།། མཱ་མ་ཀཱིའི་ཡང་མཚན་ཉིད་ཇི་ལྟ་བ་བཞིན་གཞག་པར་བྱ་སྟེ། དེའི་མདུན་དུ་སྦྱིན་སྲེག་གི་ཆོ་གའི་ལས་གང་ཡིན་པ་བ་ཤ་ཀའི་ཡམ་སྲེག་ཤིང་ངམ་འབྲས་ཅན་གྱིས་བྱའོ།། མཱ་མ་ཀཱིའི་མདུན་དུ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་ཉི་མ་དང་ཟླ་བ་སྟོབས་དང་ཕ་རོལ་གནོན་པོ་གཞན་གྱིས་མི་ཐུབ་པ་དང་། གཞོན་ནུ་མཆོག་གི་ཕྱག་རྒྱ་ངས་བཤད་པ་གང་ཡིན་པ་དེ་དག་ཀྱང་གཞག་པར་བྱ་སྟེ། ཉི་མ་དང་ཟླ་བ་ནི་གཡོན་ལོགས་སུ་ནི་གཞུག་ཞག་གོ། གཡས་ལོགས་སུ་ནི་གཞོན་ནུའི་མདུང་རྩེ་གསུམ་པ་གཞག་སྟེ། འདི་དག་ཐམས་ཅད་ཀྱང་གཟུགས་སུ་གཞག་པར་བྱའོ།། ཡང་ན་ཡོད་ཀྱིས་གཞག་གོ། དྲི་ཆབ་ཀྱི་རི་མོས་གཞག་པར་བྱ་སྟེ། དེའི་མདུན་དུ་གཡས་ལོགས་སུ་སྲེག་བླུགས་བདུན་བདུན་སྦྱིན་སྲེག་བྱའོ།། དེ་ནས་བཟླས་བརྗོད་བྱས་ན་ལས་གྲུབ་པར་འགྱུར་རོ།། ལིག་བུ་མིག་དང་ལྡོང་རོས་ལ་སོགས་པའི་ལས་ཀྱང་དེ་བཞིན་དུ་བྱའོ། ། དེ་ནས་ཞི་བའི་ལས་བྱེད་ན་རྣམ་པར་རྒྱལ་བ་དང་། པདྨ་མཚན་དང་། མདུང་ཐུང་དང་། ཞགས་པ་དང་། རལ་གྲི་དང་། དབྱུག་པ་རྣམས་མཱ་མ་ཀཱི་དང་ལྷན་ཅིག་ཏུ་གཞག་པར་བྱ་སྟེ། མཱ་མ་ཀཱིའང་མཚན་ཉིད་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ།། དེའི་མདུན་དུ་རབ་ཏུ་འགྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་ལྷ་མོ་འཇིག་རྟེན་གྱི་མ་རྣམས་ཀྱི་ཕྱག་རྒྱའི་ཚོགས་ངས་བཤད་པ་གང་ཡིན་པ་རྣམས་ཀྱང་གཞག་པར་བྱའོ། ། དེའི་མདུན་དུ་སྲེག་བླུགས་བདུན་གྱིས་སྦྱིན་སྲེག་ཀྱང་བྱའོ།། དེ་ནས་ལས་བརྩམ་པར་བྱའོ།། དེ་ནས་བཟླས་བརྗོད་བྱས་ན་ལས་འགྲུབ་པར་འགྱུར་རོ། ། ལྷ་གང་སྒྲུབ་པར་འདོད་པའི་ལྷ་དེའི་མདུན་དུ་བདག་གི་ཕྱག་རྒྱ་དང་མཱ་མ་ཀཱིའི་གཟུགས་དྲི་ཆབ་ཀྱིས་རི་མོར་བྲིས་ཏེ་གཞག་གོ།། དེའི་མདུན་དུ་གཏོར་མའི་ཆོ་ག་བྱས་ཏེ། དེ་ནས་ལས་བརྩམ་པར་བྱའོ།། ཕྱག་རྒྱ་འདི་དག་གི་གཏོར་མའི་ཆོ་ག་བཤད་པར་བྱ་སྟེ། རྒྱལ་བ་ལ་ནི་མོན་སྲན་གྲེའུ་དང་པེན་ཙེ་སྦྱིན་པར་བྱའོ།། རྣམ་པར་རྒྱལ་བ་ལ་ནི་མར་དང་འབྲས་ཀྱིའོ།། རྡོ་རྗེ་མཚན་ལ་ནི་འབྱུང་པོའི་ཟས་སྦྱིན་ནོ།། རྡོ་རྗེ་རྟགས་ལ་ནི་ཏིལ་མར་གྱི་རྩིགས་མ་དང་འབྲས་ཆན་བསྲེས་པ་སྦྱིན་ནོ།། བཀྲ་ཤིས་ལ་ནི་གཏོར་མ་སྣ་ཚོགས་སྦྱིན་ནོ།། ཤིན་ཏུ་བཀྲ་ཤིས་ལ་ནི་ཤ་སྦྱིན་མོནོ།། པདྨ་མཚན་ལ་ནི་འབྲས་ཆན་འོ་མ་དང་སྦྱར་བ་སྦྱིན་ནོ།། པདྨ་འཕྲེང་ལ་ནི་ཁུ་བ་ལ་སོགས་པ་གཏོར་མ་སྣ་ཚོགས་སྦྱིན་ནོ།། གཡུང་དྲུང་རིས་ལ་ནི་མོན་སྲན་གྲིའུའི་ཆན་དང་འབྲས་དྲུས་བརྡུངས་པ་ལ་སོགས་པ་སྦྱིན་ནོ། ། མདུང་རྩེ་གསུམ་པ་ལ་ནི་འབྲས་ཆན་ཞོ་དང་སྦྱར་བ་སྦྱིན་ནོ།། རྡོ་རྗེ་ལ་ནི་གཏོར་མ་སྣ་ཚོགས་སྦྱིན་ནོ།། མཆེ་བ་ལ་ནི་མོན་སྲན་གྲེའུ་དང་ཟན་དྲོན་སྦྱིན་ནོ།། མདུང་ཐུང་ལ་ནི་འབྲས་ཀྱིའོ་ཐུག་སྦྱིན་ནོ། ། ཀླུ་ལག་ལ་ནི་མངར་གསུམ་གྱི་གཏོར་མ་སྦྱིན་ནོ།། ཞགས་པ་ལ་ནི་མོན་སྲན་གྲེའུའི་ཆན་དང་། འབྲས་དྲུས་བརྡུངས་པ་དང་། སྦྱར་ཐུག་དང་། སྦྲང་རྩི་སྦྱིན་ནོ།། རལ་གྲི་ལ་ནི་མར་དང་། ཞོ་དང་། འབྲས་ཡོས་སྦྱིན་ནོ།། དབྱུག་པ་ལ་ནི་འབྱུང་པོའི་ཟས་ཐམས་ཅད་ཀྱི་གཏོར་མ་སྦྱིན་ནོ།། འཁོར་ལོ་ལ་ནི་འཁུར་བ་བཀྲ་ཤིས་ལྡན་དང་པན་ཙེ་སྦྱིན་ནོ།། ཕྱག་རྒྱ་རྣམས་གསང་སྟེ་བལྟ་བའི་གཏོར་མ་འདི་དག་བདག་གིས་བཤད་ཟིན་ཏོ། ། ཕྱག་རྒྱ་ཐམས་ཅད་ཀྱི་གཏོར་མར་བསྟན་པ་གང་ཡིན་པ་འདི་དག་ནི་བཅོམ་ལྡན་འདས་མཱ་མ་ཀཱི་ལའང་དབུལ་བར་བྱའོ།། དེ་ནས་ཕྱག་རྒྱ་སྒྲུབ་ན་ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་བཟའ་ཞིང་མཱ་མ་ཀཱི་ལའང་བསྙེན་བཀུར་བྱས་ན་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། ། རིག་པ་མཆོག་གི་ལས་སྔར་ངས་བཤད་པ་གང་ཡིན་པའི་སྔགས་ཀྱི་རྒྱལ་པོ་ནི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། ། སྙིང་པོའང་ཉེ་བའི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ།། རིག་སྔགས་ཀྱི་རྒྱལ་པོ་ནི་སྤྱན་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ།། སྤྱན་ཡང་སྙིང་པོའི་རྒྱལ་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ།། ལྷ་རྣམས་འདིའང་ངས་བཤད་པར་བྱའོ།། སེམས་རྩེ་གཅིག་ཏུ་གྱིས་ལ་ཉོན་ཅིག། ཞི་བའི་ལས་རྣམས་ལ་ནི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ། ། རྒྱས་པ་རྣམས་ལ་ནི་སྤྱན་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ།། དྲག་ཤུལ་རྣམས་ལ་ནི་ཉེ་བའི་སྙིང་པོ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ།། བཅོམ་ལྡན་འདས་མའི་དྲག་ཤུལ་ལ་ནི་རིག་སྔགས་ཀྱི་རྒྱལ་པོ་དང་ལྷན་ཅིག་ཏུ་བཟླས་བརྗོད་བྱའོ། ། རྒྱལ་བའི་ལས་ལ་ནི་མཱ་མ་ཀཱི་བཞག་ལ་གཟུགས་པ་ཟང་བ་དང་ལྷན་ཅིག་ཏུ་བཟླས་བརྗོད་བྱའོ།། མཱ་མ་ཀཱི་ཉིད་ཀྱི་རྒྱས་པའི་ལས་ལ་ནི་མཱ་མ་ཀཱིའི་སྙིང་པོའི་རྒྱལ་པོ་དང་ལྷན་ཅིག་ཏུ་བཟླས་བརྗོད་བྱའོ། ། ཕོ་ཉ་མོ་རྣམས་ལ་ནི་ལྕགས་ཅན་དྲན་པར་བྱ་སྟེ་བཟླས་བརྗོད་བྱའོ།། ཡང་ན་ཚོགས་ཀྱི་ཕྱག་རྒྱ་རྣམས་བཀོད་ལ་བསྒྲུབ་པར་བྱའོ། ། ཆོ་ག་རྒྱས་པའི་ལྷ་ཐམས་ཅད་ཀྱང་རང་རང་གི་ཕྱག་རྒྱའི་གཟུགས་བཞག་ནས་བསྒྲུབ་པར་བྱའོ།། ཕྱག་རྒྱ་བྲིས་ནས་སྦྱིན། བསྙེན་བཀུར་བྱའོ།། དེ་ནས་ལྷ་རྣམས་ཀྱིས། བཅོམ་ལྡན་འདས་ལག་ནི་རྡོ་རྗེ་ལ་བསྟོད་དེ་སྨྲས་པ། རྡོ་རྗེ་འཛིན་ཆེན་པོ་བདག་ཅག་སྙིང་དགའ་བར་བྱེད་པའི་གཟུགས་བཟང་མའི་ཕྱག་རྒྱའི་མཆོག་རྣམས་ཀྱི་ལས་གང་རྗེས་སུ་དྲན་པར་བྱས་ན། མི་རྣམས་ལ་བདག་ཅག་དངོས་གྲུབ་སྩོལ་བར་འགྱུར་བའི་ལས་རྣམས་ཤོད་ཅིག། ལྷ་རྣམས་དེ་དེ་ལྟར་བྱའོ།། དེ་དེ་ལྟར་བྱ་སྟེ། སྙིང་དགའ་བར་བྱེད་པའི་ལས་རྣམ་@། བཤད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྣལ་འབྱོར་དམ་པ་ལ་གནས་ནས་གཟུགས་བཟང་མ་བཤད་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཀཱ་ལ་ཀྲྀ་ཏན། ཏཱ་རུ་ཏི་ནཱི་ཤཾ་ཀ་རེ། གྷ་ཊ་གྷ་ཊ། གྷུ་ཊི་ནི། པཱ་ཏ་ནི་སྭཱ་ཧཱ། རྣམ་པར་རྒྱལ་བའི་རྒྱུད་ཆེན་པོའི་སྙིང་པོ་བདུན་གྱིས་བརྒྱན་པ། གང་ལས་སངས་རྒྱས་ཀྱི་སྙིང་པོ་དཔའ་བོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། སོག་མ་མེད་གཏུམ་པོ་དང་། དེ་བཞིན་དུ་ལུས་དམར་དྲག་པོ་དང་། སྟོབས་ཆེན་རྒྱས་པ་དང་། དེ་བཞིན་དུ་དཔལ་བྱེད་ཞི་བར་གྲགས་པ་དང་། ལས་སྣ་ཚོགས་ཀྱིས་བརྩེ་བ་དང་། ལྷ་རྣམས་འགྱེལ་པར་བྱེད་པ་དང་། དྲག་པོའི་འཕྲེང་བ་འཛིན་པ་རྣམས་ངས་བཤད་པ་གང་ཡིན་པའི་སྙིང་པོ་སྟོང་པོ་ཆེ་འདི་དག་ནི་རྣམ་པར་རྒྱལ་བ་དེ་ལས་འབྱུང་སྟེ། སྟོབས་ཆེ་ཞིང་ཕ་རོལ་གནོན་པ་ཡིན་ནོ། ། དེ་ལ་ངས་བཤད་པ་གང་ཡིན་པ་དེ་དག་གི་ནང་ན་ནི་ཕྱག་རྒྱ་སྟོབས་ཆེ་བ་ཕ་རོལ་གནོན་པ་ཀླུ་མགོ་ཅན་དང་། འཕྲེང་བ་འཛིན་དང་། ཕྱག་རྒྱ་འདི་ཉིད་གྲུབ་པ་ཡིན་ཏེ། གྲུབ་པས་ཕ་རོལ་གནོན་པ་ཡིན་ནོ།། རབ་ཏུ་འགྲུབ་པར་བྱེད་པའི་རྒྱུད་ཆེན་པོ་སྙིང་པོ་གསུམ་གྱིས་བརྒྱན་པ་ལས་འགྲོ་ལྡིང་དང་། རྩེད་མོ་ཅན་དང་། གྲུབ་པ་གཏུམ་མོ་རྩེད་མོ་ཅན་ངས་བཤད་པ་གང་ཡིན་པ་དང་། དེ་བཞིན་དུ་དེས་ཕྱག་རྒྱ་འདི་འཇིག་རྟེན་གྱི་མ་མ་ངས་བཤད་པ་དང་། དེ་ལས་སྙིང་པོའི་རྒྱལ་པོ་སྟོབས་པོ་ཆེ་བཤང་བ་འདི་དག་གི་ནང་ན་ནི་གདོང་དམར་བསྟན་པའི་ཕྱག་རྒྱ་སྟོབས་པོ་ཆེ་དེ་ཆོ་ག་རྒྱས་པ་དེའི་དངོས་གྲུབ་སྦྱིན་པར་བྱེད་པ་ཡིན་ནོ། ། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཅོམ་ལྡན་འདས་མ་ལ་དྲག་ཏུ་སྐུལ་བར་བྱེད་པ་ངས་བཤད་པ་གང་ཡིན་པ་དང་། ཆོ་ག་རྒྱས་པ་ཆེན་པོ་འདི་དག་གི་ནང་ན་ནི་རིག་པ་མཆོག་གཙོ་བོ་ཡིན་པར་ངས་བཤད་དོ། ། དེའི་ནང་ནས་ངས་བཤད་པའི་མཱ་མ་ཀཱི་ཕྱག་རྒྱའི་མཚན་ཉིད་གདོང་དམར་དང་། ཀླུ་མགོ་ཅན་དང་། འཕྲེང་བ་འཛིན་དང་། མཱ་མ་ཀཱི་ལ་དྲག་ཏུ་བསྐུལ་བའི་མཆོག་གི་ཕྱག་རྒྱ་འདི་རྣམས་དང་ལྡན་པར་མཁས་པ་གང་ཞིག་ཟླ་བ་གཅིག་གི་བར་དུ་འཛིན་པར་བྱེད་ལ། སློང་མོའི་ཟས་ཟ་ཞིང་ཚངས་པར་སྤྱོད་པ་དེས་ནི་དེ་བཞིན་དུ་དུས་གསུམ་དུ་མཆོད་པ་བྱས་ཏེ། དེར་མཱ་མ་ཀཱིའི་མིང་བསྒྲགས་པའང་བརྗོད་ན། ཟླ་བ་ཚང་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕྱག་རྒྱའི་ལྷ་དང་ཐབས་ཅིག་ཏུ་མཐོང་བར་འགྱུར་ཏེ། ཡིད་ལ་སྨོན་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ།། དེ་ནས་ཟླ་བ་ཕྱེད་ཀྱི་བར་དུ་སློང་མོའི་ཟས་བཟའ་ཞིང་ཁང་པ་སྟོང་པར་དུས་གསུམ་དུ་རིག་སྔགས་ཀྱི་རྒྱལ་པོ་སྟོང་དང་ལྡན་པར་མིང་ཡང་དག་པར་བརྗོད་པར་བྱའོ།། ཡང་ན་ཏ་ལའི་ལོ་མ་འམ་གྲོ་ག་ལ་བྲིས་ཏེ་མཚོ་ནའང་ཟླ་བ་ཕྱེད་ཀྱིས་ཕྱག་རྒྱའི་ལྷ་མཐོང་བར་འགྱུར་ཏེ། ཅི་འདོད་པ་བཞིན་དུ་ལྷ་དེས་བྱེད་པར་འགྱུར་རོ།། ཕྱག་རྒྱ་དེ་དག་ལས་གང་ཡང་རུང་བ་བཞག་ནས་བསྙེན་བཀུར་བྱས་ན་ཕྱག་རྒྱ་རྣམས་འགྲུབ་པར་འགྱུར་ཏེ། དེ་ཕྱིན་ཆད་ལས་ཐམས་ཅད་ལ་ཕྱག་རྒྱ་བཞག་ནས་ལས་བསྒྲུབ་པར་བྱའོ།། ཟླ་བ་གཅིག་གི་བར་དུ་སློང་མོའི་ཟས་ཟ་ཞིང་ཁང་པ་སྟོང་པར་རིག་སྔགས་ཀྱི་རྒྱལ་པོས་མཱ་མ་ཀཱི་དང་། གདོང་དམར་དང་། ཀླུ་མགོ་ཅན་དང་། འཕྲེང་བ་འཛནི་དང་། ཕྱག་རྒྱའི་རྒྱལ་མོ་འདི་དག་ལ་བསྙེན་བཀུར་བྱས་ཏེ། མཇུག་ཞག་གསུམ་གྱི་བར་དུ་སྨྱུང་བ་བྱས་ནས། དབེན་པའི་ཕྱོགས་སུ་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ནས། མར་གྱི་ངོ་ཞག་བཅུ་བཞི་ལ་རྫས་དེ་དག་གིས་མཱ་མ་ཀཱིའི་གཟུགས་བྱས་ཏེ་གཞག་གོ།། གདོང་དམར་གྱི་གཟུགས་ཙན་དན་དཀར་པོའི་ཕྱེ་མ་ལས་བྱས་ཏེ་གཡས་ཕྱོགས་སུ་གཞག་གོ། ཀླུ་མགོ་ཅན་དང་འཕྲེང་བ་འཛིན་ནི་ཙན་དན་དམར་པོའི་ཕྱེ་མ་ལས་བྱས་ཏེ་གཞག་གོ། དེ་ནས་རིག་སྔགས་འཆང་གོས་ཕྱག་རྒྱ་དེ་དག་གི་མིང་བརྗོད་པར་བྱ་སྟེ། ལྷ་བཤས་གཙང་མ་སྣ་ཚོགས་ཅི་འདོད་པའང་དབུལ་ལོ། ། དེ་ནས་རིག་སྔགས་འཆང་གིས་གློ་ཕྱོགས་སུ་བུམ་པ་བཞག་ལ། དེའི་ནང་དུ་ལུས་ཀྱི་ཡན་ལག་གི་གཟུགས་གཞུག་པར་བྱའོ།། དེ་ནས་རིག་སྔགས་འཆང་གི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་ཆུ་སྦྱོར་བ་རེ་རེ་ནས་ལན་བརྒྱད་སྟོང་ཚང་བའི་བར་དུ་ཕྱག་རྒྱ་མཆོག་དེ་དག་ལ་བསྣུན་པར་བྱ། དེ་ནས་ལྷ་དེ་དེར་འོང་བར་འགྱུར་རོ།། དེ་ནས་གང་འདོད་པ་དེ་ཉིད་བསླང་བར་བྱའོ། ། དེ་ནས་ཡིད་ལ་ཅི་བསམས་པ་དེ་ལྷ་དེས་བྱེད་པར་འགྱུར་རོ།། ཅི་སྟེ་ལས་འདི་བྱས་ཀྱང་མ་འོངས་ན་མཱ་མ་ཀཱིའི་ཕྱག་རྒྱ་རྣམས་ཀྱིས་སྦྱིན་སྲེག་ལན་བརྒྱ་བྱས་ན་ལྷ་དེ་ཚིག་བཞིན་དུ་དེ་ཉིད་དུ་འོང་བར་འགྱུར་རོ། ། དེ་ནས་ལྷའི་ཚོགས་དེ་དག་སྐྲག་ཅིང་སྒྱིད་ལུག་ནས། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། སྟོབས་པོ་ཆེ་ལས་འདི་ནི་དྲག་ཅིང་མི་བཟད་ལ་གཏུམ་པ་ཡིན་གྱིས། མིང་བརྗོད་པ་ཙམ་གྱིས་ཀྱང་དངོས་གྲུབ་ཆེན་པོ་སྦྱིན་པར་བྱ་ན། འཆང་བ་དང་མཆོད་པ་བྱེད་པ་གང་ཡིན་པ་ལྟ་ཅི་སྨོས།། དུས་གསུམ་དུ་ཁྲུས་བྱེད་ལ་སློང་མོའི་ཟས་ཟ་ཞིང་ཟླ་བ་གཅིག་གི། བར་དུ་བཅོམ་ལྡན་འདས་མ་རྣམས་ཀྱི་མིང་རྗོད་པར་བྱེད་པ། སྙིང་དགའ་བར་བྱེད་པ། སྟོབས་པོ་ཆེས་བཤད་པ་དེ་ནང་པར་ལངས་ནས་དྲན་པར་བྱེད་ཅིང་ཀློག་པ་གང་ཡིན་པ་དེ་ལ་ནི་ལས་འགྲུབ་པ་སྦྱིན་ཞིང་རྟག་ཏུ་བསྲུང་བར་ཡང་བགྱིའོ། ། ལྷ་རྣམས་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། སྙིང་དགའ་བར་བྱེད་པའི་ལས་ཀློག་ཅིང་རྗོད་པར་བྱེད་པ་དང་། མཱ་མ་ཀཱིའི་ལས་ལ་སོགས་པའི་ཕྱག་རྒྱའི་ཚོགས་རྣམས་ཆོ་ག་འདི་བཞིན་དུ་ཏ་ལའི་ལོ་མ་ལ་བྲིས་ཏེ་མཆོད་ཅིང་རི་མོར་བྱེད་པ་གང་ཡིན་པ་དེ་ལ་ངའི་བཀས་ཁྱེད་ཀྱིས་དངོས་གྲུབ་སྦྱིན་པར་གྱིས་ཤིག། སུ་ངའི་བཀའ་གཅོག་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙིང་རིང་བ་ཡིན་ཏེ། དེའི་མགོ་བོ་ངས་རྡོ་རྗེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བས་གཞོམ་པར་བྱའོ།། གང་ཞག་བདུན་གྱི་བར་དུ་མཱ་མ་ཀཱི་དང་བཅས་པའི་ཕྱག་རྒྱའི་ཚོགས་ཀྱི་ལས་ནང་པར་ཞིང་ཀློག་པར་བྱེད་པ་དེ་ལ་ནི་དེ་དག་གིས་དགའ་བའི་སེམས་ཀྱིས་མྱུར་དུ་དངོས་གྲུབ་སྩོལ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མངོན་དུ་ཕྱོགས་པར་འགྱུར་ཏེ། རྨི་ལམ་དུའང་སྟོན་པར་མཛད་དོ།། བཅོམ་ལྡན་འདས་ལག་ན་རྡོ་རྗེའང་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། རྡོ་རྗེའི་རིགས་ཀྱང་རྟག་ཏུ་སྟོན་པར་བྱེད་དོ།། ཆོ་ག་འདི་དག་ལྟར་ཕྱག་རྒྱའི་ཚོགས་ཀྱི་མིང་བརྗོད་ནའང་སེམས་ཅན་དམྱལ་བར་འགྲོ་བར་མི་འགྱུར་ན། མཱ་མ་ཀཱི་འཆང་བ་དང་། ཀླུ་མགོ་ཅན་ཆེན་མོ་དང་། འཕྲེང་བ་འཛིན་དང་། གདོང་དམར་རྣམས་འཆང་བ་དང་། དྲན་པ་དང་། མཆོད་པར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྐྱེ་བར་འགྱུར་བ་ནི་གནས་མེད་དོ།། སྐལ་བ་མེད་ཅིང་བསོད་ནམས་མ་བྱས་པ་གང་ཡིན་པ་དེ་དག་གིས་ནི་མིང་ཡང་མི་ཤེས་སོ།། བསོད་ནམ་བྱས་པ་གང་ཡིན་པ་དེ་ནི་ལག་ན་རྡོ་རྗེས་ཡོངས་སུ་བཟུང་བ་དང་། ལག་ན་རྡོ་རྗེའི་བུ་ཡིན་ཏེ། དེ་དག་གིས་ནི་མཱ་མ་ཀཱི་དང་། ཀླུ་མགོ་ཅན་ཆེན་མོ་དང་། གདོང་དམར་དང་། འཕྲེང་བ་འཛིན་རྣམས་ཀྱི་མིང་ཐོས་པར་འགྱུར་རོ། ། རྡོ་རྗེའི་རིགས་ཙོ་བོར་གཏོགས་པ་དེ་ལས་ཤི་འཕོས་ནས་འདིར་སྐྱེས་པ་གང་ཡིན་པ་དེ་དག་གིས་ནི་དེ་དག་མཐོང་བར་འགྱུར་ཏེ། མིང་བརྗོད་པ་དང་ལྷག་པར་ཡང་སྒྲུབ་པར་འདོད་པ་གང་ཡིན་པ་ལ་རིག་སྔགས་ཀྱི་རྒྱལ་པོ་ཚོགས་དང་བཅས་པ་དེ་དག་གིས་དངོས་གྲུབ་སྦྱིན་པར་འགྱུར་རོ། ། གང་གི་ཉན་པར་ཡང་རུང་སྟེ། ཟས་སུ་འོ་མ་དང་འབྲས་ཆེན་བཟའ་ཞིང་། བཅོམ་ལྡན་འདས་མ་ལག་ན་རྡོ་རྗེ་དང་བཅས་པ་ལ་མཆོད་པ་བྱ་དེ་ཉིན་པར་སྨྱུང་བ་བྱས་ཏེ། དེ་ནས་རིག་སྔགས་འཆང་དུས་གསུམ་དུ་ཁྲུས་བྱས་པས་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ། བཅོམ་ལྡན་འདས་མ་ལ་མཆོད་པ་བྱའོ། ། དེ་ནས་ཕྱེ་མ་རེང་ལག་ན་པོག་པོར་ཐོགས་ལ། གཙོ་བོ་ལག་ན་རྡོ་རྗེ་དང་བཅོམ་ལྡན་འདས་མ་སྤྱན་དྲང་བར་བྱའོ།། དེ་ནས་ནུབ་མོ་རྨི་ལམ་དུ་ལྷ་མོ་མཐོང་བར་འགྱུར་རོ།། དེ་ནས་ནུང་པར་ལངས་ཏེ་ཁྲུས་བྱས་ལ། གཙོ་བོ་ལག་ན་རྡོ་རྗེ་དང་བཅོམ་ལྡན་འདས་མ་ལ་མཆོད་པ་བྱས་ནས། བླ་མ་དང་དགེ་སློང་གང་ཡང་རུང་བ་གཅིག་དང་། བདག་དང་མི་གསུམ་ལ་མཆོད་སྟོན་བྱས་ཏེ། བླ་མ་ནི་རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་བླ་མའི་སྟན་ལ་ལྷོ་ཕྱོགས་སུ་ཁ་བལྟས་ཏེ་འདུག་ཏུ་གཞུག་གོ། དགེ་སློང་ཅིག་ཤོས་ནི་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ཏུ་གཞུག་ཅིང་གཟུགས་བཟང་མ་བཟླས་བརྗོད་བྱེད་བཞིན་དུ་གཞུག་པར་བྱའོ། ། བདག་ནི་སྤྱན་བཟླས་བརྗོད་བྱེད་བཞིན་དུ་ནུབ་ཕྱོགས་སུ་ཁ་བལྟས་ཏེ་འདུག་ལ། བླ་མའི་མདུན་དུ་དྲི་དང་། མེ་ཏོག་དང་། བདུག་པ་དབུལ་བར་བྱའོ།། དགེ་སློང་དེ་ལའང་དབུལ་བར་བྱའོ།། བདག་གི་རྐང་པ་ལའང་དབུལ་བར་བྱའོ།། བླ་མ་ལ་ནི་ས་མི་ཏའི་འཁུར་བ་ལ་སོགས་པ་ཟས་སྣ་ཚོགས་སྦྱིན་པར་བྱའོ།། དགེ་སློང་དེ་ལ་ནི་འོ་མའི་ཐུག་པ་དང་། ཞོའི་ཐུག་པ་དང་། སྦྱར་ཐུག་གི་ཟས་སྦྱིན་པར་བྱའོ།། བདག་གིས་ཀྱང་དེ་བཞིན་དུ་ཞོ་དང་། འོ་མ་དང་། མར་ལ་སོགས་པ་དང་ལྡན་པའི་ཟས་གནང་བ་གང་ཡིན་པ་རྣམས་བཟའ་བར་བྱ་སྟེ། མགོ་མཉམ་དུ་ཟས་བཟའ་ཞིང་ཟས་སློང་བ་ལ་གང་གིས་ཀྱང་ཟས་སྦྱིན་པར་མི་བྱའོ། ། བླ་མའི་སྣོད་ནི་རིག་སྔགས་ཀྱི་རྒྱལ་པོས་གདབ་པར་བྱའོ།། དགེ་སློང་དེའི་ཡང་གཟུགས་བཟང་མས་གདབ་བོ།། བདག་གི་ནི་བཅོམ་ལྡན་འདས་མས་བཏབ་སྟེ་བཟའ་བར་བྱའོ། ། དེ་ནས་ཟོས་ཟིན་ནས་བླ་མ་ལ་རྡོ་རྗེའི་རིགས་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲོས་ཤིག། དགེ་སློང་ལའང་ཕྱག་རྒྱའི་ཚོགས་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲོས་ཤིག། བདག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་པོ་གཟུགས་བཟང་མ་དང་སྤྱན་བཟླས་བརྗོད་བྱེད་བཞིན་དུ་ཆོ་ག་རྒྱས་པའི་ལྷ་རྡོ་རྗེའི་རིགས་དང་བཅས་པ་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲ་བར་བྱ་སྟེ། བླ་མའི་ལག་པ་གཡས་པ་ནས་བཟུང་ནས་ལན་གསུམ་དུ་སྨྲོས་ཤིག། དེ་ནས་ཆོ་ག་རྒྱས་པའི་ལྷ་ཐམས་ཅད་རྡོ་རྗེའི་རིགས་དང་བཅས་པ་རྣམས་གྲུབ་པར་འགྱུར་ཏེ། དེ་ནས་ནུབ་མོ་ནམ་ཕྱེད་ཀྱི་དུས་སུ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལྷ་ཐམས་ཅད་ཀྱིས་བསྐོར་བ་མཐོང་བར་འགྱུར་ཏེ་ནང་པར་མཆོད་པར་བྱའོ།། འདི་ནི་ལས་ཐམས་ཅད་ཀྱི་ནང་ནས་ལས་དམ་པ་དེ་མཆོག་ཏུ་གསང་བ་ཡིན་ནོ། ། ཇི་ལྟར་ཚོགས་ཐམས་ཅད་ཀྱི་ནང་ན་རིག་སྔགས་ཀྱི་རྒྱལ་པོ་མཆོག་ཡིན་པ་བཞིན་དུ། མཱ་མ་ཀཱི་དང་། ཀླུ་མགོ་ཅན་དང་། འཕྲེང་བ་འཛིན་དང་། གདོང་དམར་རྣམས་ཀྱང་དེ་དང་འདྲ་བར་བསྟན་ཏེ། དེ་ལྟར་ན་འདི་ནི་ལས་ཐམས་ཅད་དུ་ལྷ་ཐམས་ཅད་ལ་དྲག་ཏུ་སྐུལ་བ་ཞེས་བྱ་བ་དང་། ལྷ་རྣམས་དབང་དུ་བྱེད་པ་ཞེས་བྱ་བ་ཡིན་ཏེ། ཆོ་ག་རྒྱས་པ་འདི་ཁང་སྟོང་གཙང་མར་གདོན་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ལག་ན་རྡོ་རྗེས་བཤད་པ་བཞིན་དུ་མཱ་མ་ཀཱིའི་ཚོགས་དང་བཅས་པ་ངེས་པར་འགྲུབ་པར་འགྱུར་རོ། ། ནང་པ་ལངས་ནས་ཚོགས་རྣམས་དང་། མཱ་མ་ཀཱི་དང་བཅས་པའི་མིང་ཡང་དག་པར་དྲན་པར་བྱེད་པ་གང་ཡིན་པ་དེའི་ནི་མཚམས་མེད་པའང་གྲོལ་བར་འགྱུར་ཏེ། དེའི་ཕ་རོལ་ཏུ་ཕྱིན་པ་རྣམས་འཕེལ་བར་འགྱུར་རོ།། དེ་ནས་མཱ་མ་ཀཱི་བསྒྲུབ་པར་བྱ་སྟེ། ཐོག་མར་གཟུགས་བཟང་མས་ལས་བྱས་ལ། དེ་ནས་མཱ་མ་ཀཱི་བཟླས་བརྗོད་བྱ་སྟེ། དེར་མཱ་མ་ཀཱིས་བསྟན་ན་ལྷ་ཐམས་ཅད་འོང་བར་འགྱུར་ཏེ། དེ་དག་ལ་གཟུགས་བཟང་མས་དྲི་དང་། མེ་ཏོག་དང་། བདུག་པ་དབུལ་བར་བྱའོ། ། ཇི་ལྟར་བསྟན་པ་བཞིན་དུ་རིག་སྔགས་འཆང་གིས་བླ་མ་ལ་མཆོད་པ་བྱས་ནས་མཱ་མ་ཀཱི་བསླང་བར་བྱའོ།། བླ་མས་ཀྱང་སེམས་མཉམ་པར་བཞག་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། རིག་སྔགས་ཀྱི་རྒྱལ་པོ་བཟླས་བརྗོད་བྱེད་བཞིན་དུ་སྦྱིན་པར་བྱའོ།། དེ་ནས་རིག་སྔགས་འཆང་གིས་མཱ་མ་ཀཱི་བླངས་ནས་དངོས་གྲུབ་བསླང་བར་བྱ་སྟེ། བླ་མས་གང་སྨྲས་པ་དེ་དེ་ལ་འགྲུབ་པར་འགྱུར་རོ། ། ལྷ་རྣམས་ངས་ཀྱང་མཱ་མ་ཀཱི་བླངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་སོ།། རིག་སྔགས་འཆང་མཱ་མ་ཀཱི་མཆོད་དམ་འཆང་བར་བྱེད་པ་གང་ཡིན་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་དུ་ཕྱོགས་པར་འགྱུར་རོ། ། ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་དུ་ཕྱོགས་པར་གྱུར་པས་རིག་སྔགས་འགྲུབ་པར་འགྱུར་ཏེ། ངན་འགྲོའི་འཇིགས་པའང་མེད་པར་འགྱུར་རོ།། མཱ་མ་ཀཱི་ལ་ཕྱག་འཚལ་ཞིང་མེ་ཏོག་གིས་མཆོད་པ་བྱེད་པ་དང་། དྲི་དང་། བདུག་པ་དང་། གསེར་གྱིས་མཆོད་པ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པའི་རང་བཞིན་ལ་བཀུར་སྟི་བྱས་པ་དང་། བླ་མར་བྱས་པ་དང་། རྗེད་པ་དང་། མཆོད་པ་བྱས་པར་འགྱུར་རོ།། གང་གིས་མཱ་མ་ཀཱིའི་སྐུ་གཟུགས་བྱས་ལ་ཆོ་ག་སྔ་མ་བཞིན་དུ་བཞག་ནས་ཀུ་ཤའི་སྟན་ལ་འདུག་སྟེ། ཉི་མ་བཟང་བ་ལ་པདྨ་སྟོང་གིས་བསྣུན་ནམ་མ་ཀཱིའི་ཁོང་ནས་འོད་ཟེར་གཅིག་འབྱུང་སྟེ། རིག་སྔགས་འཆང་དེ་ལ་གཡས་ཕྱོགས་སུ་བསྐོར་ནས་རྣ་བ་གཡས་པའི་ནང་དུ་འཇུག་པར་འགྱུར་རོ།། དེ་ནས་རིག་སྔགས་འཆང་གིས་མངོན་པར་ཤེས་པ་ཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཐོང་བར་འགྱུར། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕོ་ཉ་མོའི་ཚོགས་ཀྱི་འཁོར་དང་བཅས་པའང་མཐོང་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རིག་སྔགས་དེ་བླངས་ནས་དགའ་ལྡན་གྱི་གནས་སུ་འཇོག་པར་བྱེད་དོ།། འཕགས་པ་བྱམས་པ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ། ། མཱ་མ་ཀཱི་སྨན་བརྒྱད་དང་ལྡན་པ་མཐོང་བ་གང་ཡིན་པ་དེ་ནི་དེ་མཐོང་བས་ཆོ་ག་རྒྱས་པར་འགྲུབ་པར་འགྱུར་ཏེ། རིག་སྔགས་འགྲུབ་པར་འགྱུར་བའི་མཚན་མ་དག་ཀྱང་འབྱུང་བར་འགྱུར་ཞིང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་གྱི་བར་དུའང་འགྱུར་རོ།། བཅོམ་ལྡན་འདས་མའི་ཆོ་གའང་བཤད་པར་བྱ་སྟེ། སྒྲུབ་པ་ཐམས་ཅད་ལ་ཕྱག་རྒྱ་གཅིག་གཞག་པར་བྱའོ། ། ཕྱག་རྒྱས་བཏབ་ན་སྒྲུབ་པ་ལ་མྱུར་དུ་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་རོ།། དམ་ཚིག་མི་ཤེས་པ་ལ་ནི་ཕྱག་རྒྱ་བསྟན་པར་མི་བྱའོ།། གང་གི་ཚེ་རིག་སྔགས་འཆང་གིས་རིག་སྔགས་འཆང་ལ་ཕྱག་རྒྱ་བསྟན་པ་དེའི་ཚེ། བཅོམ་ལྡན་འདས་ལག་ན་རྡོ་རྗེའི་མདུན་དུ་འགྲོན་བུ་བརྒྱད་བརྒྱས་རྡོ་རྗེ་བྱས་ལ། རྡོ་རྗེ་དེའི་མདུན་དུ་ཕྱག་རྒྱ་བསྟན་པར་བྱའོ།། བླ་མ་ལ་དད་པས་ཀྱང་རྡོ་རྗེ་ལ་མཆོད་ཡོན་ཕུལ་ནས་ཐ་མ་ལ་ཡོན་ཕུལ་ཏེ་ཕྱག་རྒྱ་བལྟ་བར་བྱའོ། ། མཐོང་ན་ལག་ན་རྡོ་རྗེ་མཐོང་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ལ་བསྟན་པར་བྱའོ།། སྡིག་པ་བྱེད་པ་རྣམས་ལ་བསྟན་པར་མི་བྱའོ། ། སྡིག་པ་བྱེད་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱའི་ཚོགས་ཀྱི་མིང་ཡང་མི་ཤེས་ཏེ། དགེ་བའི་རྩ་བ་བསགས་པ་གང་ཡིན་པ་དེ་དག་གིས་ནི་ཕྱག་རྒྱ་འདི་ཐོབ་པར་འགྱུར་རོ། ། ངའི་ཕྱག་རྒྱའི་ཚོགས་གསང་བ་འདི་ནི་གཙང་བ་དང་དབེན་པར་བལྟ་བར་བྱ་སྟེ། ཕྱག་རྒྱ་མཐོང་བ་གང་ཡིན་པ་དེ་དག་ལ་ནི་རིག་པ་མཆོག་གི་ཆོ་ག་རྒྱས་པ་གསང་བ་དང་བཅས་པ། གསང་ཆེན་དང་བཅས་པ་ལག་ཏུ་སོན་པ་ཡིན་ནོ། ། རིག་སྔགས་འརླུང་གིས་ཀྱང་ཕྱག་རྒྱའི་ཚོགས་ཀྱི་དྲུང་དུ་ཐ་མ་ལ་དཔག་ཏུ་མེད་པའི་ཡོན་ཕུལ་ལ། བླ་མའི་ལག་ནས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ནོད་པར་བྱ་སྟེ། བླ་མ་ལ་དད་པ་དེ་ལ་མངོན་པར་དགའ་བའི་དངོས་གྲུབ་སྦྱིན་པར་བྱའོ།། དེ་ལྟར་བྱས་ན་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བྱིན་པ་ཡིན་ཏེ། ཆོ་ག་རྒྱས་པའང་འགྲུབ་པར་འགྱུར་རོ།། དེ་ནས་བླ་མའི་ལག་ནས་ཕྱག་རྒྱ་མཐོང་བ་ཙམ་གྱིས་སྦྱོར་བ་བྱས་ན་ནི་ཕྱག་རྒྱ་མ་རུང་བར་བྱེད་པར་འགྱུར་རོ། ། དེ་བཞིན་གཤེགས་པའི་གནས་སམ། སྐུ་གདུང་གི་གནས་སུ་ཕྱག་རྒྱའི་ཚོགས་བཀོད་ནས་ཕྱག་རྒྱ་ལ་ལྟ་བ་གང་ཡིན་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཡིན་པར་བལྟ་བར་བྱ་སྟེ། དེ་ནི་ལྷ་ཐམས་ཅད་ཀྱིས་ཕྱག་བྱ་བ་ཡིན་ནོ།། ང་གང་ན་འདུག་པ་དེ་ན་ཕྱག་རྒྱ་གནས་ལ། ཕྱག་རྒྱ་གང་ན་གནས་པ་དེ་ནང་འདུག་སྟེ། ང་མཐོང་བས་དེ་དག་ངེས་པར་ཕྱིར་མི་ལྡོག་པའི་འབྲས་བུ་དང་ལྡན་པར་འགྱུར་རོ། ། ལུས་ཞིག་པའི་ཚེའང་ལག་ན་རྡོ་རྗེའི་གནས་ཡིད་དུ་འོང་བ་འམ། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། གང་གི་ཕྱིར་ཕྱག་རྒྱ་ལྟ་བར་བྱེད་ན་ཕྱག་རྒྱའི་དབྱིབས་ལག་པའི་ཚུལ་གྱིས་བསྟན་པར་བྱའོ། ། དཀྱིལ་འཁོར་དུའང་དབྱིབས་སུ་བྲི་བར་བྱ་སྟེ། དེ་མཐོང་ནས་ཆོ་ག་བཞིན་དུ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་གསང་བ་དང་བཅས། གསང་ཆེན་དང་བཅས་པ་བདག་གིས་བཤད་ལགས་ཀྱི། བཅོམ་ལྡན་འདས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ལ་སེམས་ཅན་རྣམས་གདུལ་བར་འཚལ་ལོ། ། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་གང་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བཤད་པ་ནི་ཁྱོད་གཏུམ་པ་ཡིན། བསྟེན་པར་དཀའ་བ་ཡིན། ཤིན་ཏུ་ཐུབ་པར་དཀའ་བ་ཡིན། འཕགས་པའི་ཚུལ་མེད་པ་ཡིན་ཏེ། ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་བཤད་གང་ཡིན་པ་དེ་དག་ཐམས་ཅད་ནི་གསང་བ་མེད་པར་ལས་མི་བྱེད་དོ།། ལག་ན་རྡོ་རྗེ་དེ་བས་ན་རྡོ་རྗེའི་རིགས་འདི་དང་། རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་འདི་བདེ་བྲག་ཏུ་འགྲུབ་པར་བྱ་བའི་ཕྱིར། ཁྱོད་ཀྱི་མིང་བརྒྱད་པ་གསང་སྔགས་ཀྱི་འཁོར་དང་བཅས་པ་གང་ཐོས་ན་མཚམས་མེད་པ་ལྔ་བྱེད་པ་འང་སྡིག་པ་འབྱུང་བར་འགྱུར་བ་དང་། ལག་ན་རྡོ་རྗེ་ཁྱོད་ཀྱང་མཐོང་བར་འགྱུར་བ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་འབྱེར་བར་འགྱུར་བ་དང་། ལོག་འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོ་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱང་ཕྱོགས་བཅུར་འབྱེར་བར་འགྱུར་བ་དང་། གང་ཐོས་ན་ཚངས་པར་མ་སྤྱད་པའང་ཚངས་པར་སྤྱད་པར་འགྱུར་བ་དང་། ཐུབ་པར་མ་བྱས་པའང་ཐུབ་པར་བྱས་པར་འགྱུར་བ་དང་། སྨྱུང་བར་མ་བྱས་པའང་སྦྱང་བར་བྱས་པར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པའང་དགེ་སྦྱོང་གི་འབྲས་བུ་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་ལ་བསྲུང་བ་མཛད་པ་དང་། ལས་ཀྱི་དངོས་གྲུབ་ཀྱང་སྩོལ་བ་བཤད་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་མིང་བརྒྱད་པ་གསང་བ་གསང་སྔགས་ཀྱི་དཀྱིལ་འཁོར་དང་བཅས་པ་རྣམས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་བཤད་ཀྱིས་ཉོན་ཅིག། འདི་ལྟ་ཁྱོད་ནི་གླང་པོ་ཆེའི་རྣ་བ་ཅན་ཡིན། ཁྱོད་ནི་རྒྱན་བཟང་པོ་དང་ལྡན་པ་ཡིན། ཁྱོད་ནི་རྣམ་པར་གནོན་པ་ཡིན། ཁྱོད་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་ཡིན། ཁྱོད་ནི་བདེན་པའི་སྤྲིན་ཡིན།། ཁྱོད་ནི་གཟུགས་སྡུག་པའི་རྒྱན་དང་ལྡན་པ་ཡིན། ཁྱོད་ནི་འབར་བའི་མེ་ལྕེ་དང་ལྡན་པ་ཡིན། ཁྱོད་ནི་གཟུགས་མཛེས་པ་ཡིན། ཁྱོད་ཀྱི་མིང་འདི་དག་མཁས་པ་གང་གིས་ཐོས་ན། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་འཆེ་བའི་དུས་ཀྱི་ཚེ་མདུན་ན་བཞུགས་ཤིང་། དེ་དག་གིས་དེ་ལ་ཆོས་སྟོན་པར་མཛད་དོ།། ཆོས་བསྟན་པ་དེས་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་གནས་པར་འགྱུར་རོ། ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾགྷཱ་ཡ། ན་མོ་བཛྲ་པཱ་ཎ་ཡེ། ཏདྱ་ཐཱ། ཨརྡྷེ་མནྟེ་ཁ་རནྟེ། སཽ་མེ་ས་མ་མུ་ཁི་ཧི་རི། ཐི་རོ་མི་རི་ཀི་རི། བྷི་བྷི་དྷི། སི་མི་སིད་དྷྱནྟ་སརྦ་ཀཱཪྱ་ཏཱ་མནྟྲ་པ་དཱཿསྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། ། འདི་ལྟར་གསང་ཆེན་བཀའ་སྩལ་པ་གང་ལགས་པ་ནི་བདག་ལགས་ཏེ། བཅོམ་ལྡན་འདས་དེ་དེ་ལགས་སོ།། དེ་དེ་ལགས་ཏེ། བཅོམ་ལྡན་འདས་རིག་པ་མཆོག་གི་སྒྲུབ་པས་བཟླས་བརྗོད་བགྱིས་པ་དང་། སྒྲུབ་པའི་ཚེ་མཆོད་པ་བགྱིས་པས་མིང་བརྒྱད་པ་བཀླག་པར་བགྱིའོ།། བཀླགས་ན་བདག་བསྟོད་པར་འགྱུར་ཏེ། དགའ་ནས་དངོས་གྲུབ་སྩལ་བར་འཚལ་ལོ་བགེགས་ཀྱང་འབྱུང་བར་མི་འགྱུར་ལ། ལྷ་རྣམས་ཀྱང་དགའ་ནས་མྱུར་དུ་དངོས་གྲུབ་སྩོལ་བར་བགྱིད་དོ།། ཉལ་བའི་ཚེ་བཀླགས་ན་རྨི་ལམ་ངན་པ་མཐོང་བར་མི་འགྱུར་རོ།། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ལན་འབུམ་བཟླས་བརྗོད་བགྱིས་ན་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། ། མཚམས་མེད་པ་ལྔ་བགྱིས་པའང་བསྐལ་པ་བཟང་པོར་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་བདག་མཆིའོ། ། དེ་ནས་ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་སློབ་དཔོན་དུ་འགྱུར་ཏེ། དེའི་འོག་ཏུ་རིག་པ་ཆོག་གི་དཀྱིལ་འཁོར་རྣམས་བྲི་བར་བགྱིའོ།། དེ་ནས་ཡང་ལན་འབུམ་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་གི་ལུས་ཁོ་ནས་མཚན་རྣམས་འབྱུང་བར་འགྱུར་རོ། ། དེའི་འོག་ཏུ་རིག་པ་མཆོག་ཀྱང་ལན་འབུམ་པཟླས་བརྗོད་བགྱིས་ན། ལག་ན་རྡོ་རྗེ་བདག་ཉིད་མཆིས་ནས་ལག་པས་བླངས་ཏེ་གང་དང་གང་དུ་མཆི་བ་དེ་དང་དེར་ཁྲིད་ཅིང་། ལག་ན་རྡོ་རྗེ་དང་འདྲ་བར་སེམས་ཅན་རྣམས་ཀྱིས་བསམས་པ་འཚལ་བར་འགྱུར་ལ། གདུལ་བའི་སེམས་ཅན་རྣམས་ཇི་ལྟ་བུས་དབང་དུ་འགྱུར་བ་དེ་ལྟ་བུས་དབང་དུ་འགྱུར་བ་དེ་ལྟ་བུར་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་གནས་ཤིང་། བདག་ཉིད་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བར་འགྱུར་བ་དང་། འཆི་བའི་ཚེའང་བདག་ཉིད་གཟུགས་སྣ་ཚོགས་སུ་མཐོང་བར་འགྱུར་བ་དང་། བསྡུ་བ་རྣམ་བཞིས་སེམས་ཅན་རྣམས་ཡོངས་སུ་འཛིན་པ་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་བསྐུལ་བ་དང་། ཡོངས་སུ་བསྲུང་བར་བགྱི་བ་དང་། བདུད་བཞི་ལས་རྣམ་པར་རྒྱལ་བར་འགྱུར་རོ། ། དེའི་ལས་རྣམས་འབྱུང་སྟེ། རིག་པ་མཆོག་སྒྲུབ་པའི་རིག་སྔགས་འཆང་དམ་ཚིག་ཉམས་པས་བག་མེད་པའི་དབང་གིས་མི་གསད་པ་ལ་སོགས་པ་བྱས་སམ། ཉ་ཤ་དང་ཤ་ཟོས་སམ། གྲོང་གི་ཆོས་བྱས་ན་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱ་ཏེ། འཕགས་པ་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན། དམ་ཚིག་བསྐོངས་པར་འགྱུར་རོ།། དཀྱིལ་འཁོར་དུ་མ་ཞུགས་པས་ཀྱང་དེ་ལྟར་བྱས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་ཏེ། དེའི་འོག་ཏུ་རིག་པ་མཆོག་སྒྲུབ་པ་ན་རིག་སྔགས་འཆང་གིས་ཟན་ཟ་བའི་ཚེ་སློང་མོའི་ཟས་ལ་ལན་གསུམ་བཟླས་བརྗོད་བྱས་ནས། མིང་བརྒྱད་པ་ལན་ཅིག་བཏོན་ཏེ་ཟོས་ན་ཁ་ཟས་ངན་པ་དག་པར་འགྱུར་ལ། སྦྱར་བའི་དུག་གི་ཀྱང་མི་ཚུགས་པར་འགྱུར་རོ།། དེ་ལྟར་མ་བྱས་ན་ཤ་བསྟེན་པས་ལོག་འདྲེན་རྣམས་ཀྱིས་ཚུགས་པར་འགྱུར་ཏེ། ལོག་འདྲེན་རྣམས་ཀྱིས་གཙེས་པ་ལ་ནི་རིག་པ་མཆོག་འགྲུབ་པར་མི་འགྱུར་རོ།། ལས་རྣམས་ལ་རིག་པ་མཆོག་གིས་བྱས་ན་ཐམས་ཅད་བྱེད་པར་འགྱུར། རོ།། དེ་ནས་གཞོན་ནུ་རྡོ་རྗེ་སྡེས། བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེའི་རྐང་པ་གཉིས་ལ་གཏུགས་ནས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་འགེགས་རྣམས་དང་གདོན་རྣམས་ནི་མི་བཟད་པ་སྟེ། སྒྲུབ་པ་པོ་རྣམས་ལ་རྟག་ཏུ་གླགས་ཚོལ་ལོ།། སེམས་ཅན་སྣ་ཚོགས་དང་། སྒྲུབ་པ་པོ་རིག་སྔགས་དང་གསང་སྔགས་ལ་བཙོན་པ་གང་ཡིན་པ་དེ་དག་གི་ཆོ་ག་ཉམས་པ་ལའང་གདོན་རྣམས་དང་རིམས་ལ་སོགས་པའི་གནོད་པས་འཚེ་བར་བགྱིད་དེ། བཅོམ་ལྡན་འདས་དེ་དག་ལ་ཕན་པའི་ཕྱིར་བདེ་བླག་ཏུ་འགྲུབ་པར་འགྱུར་བའི་ཐབས་གང་གིས་ལོག་འདྲེན་རྣམས་བསལ་ནས་བདེ་བླག་ཏུ་གསང་སྔགས་འགྲུབ་པར་འགྱུར་བ་དང་། ཇི་ལྟར་འདོད་པ་བཞིན་བདེ་བར་གནས་པར་འགྱུར་བའི་གསང་ཆེན་བསྡུས་པའི་ཆོ་ག་འགའ་ཞིག་བཤད་པར་གསོལ། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས། གཞོན་ནུ་རྡོ་རྗེ་སྡེ་ལ་འདི་སྐད་ཅེས་སྨྲས་སོ།། གཞོན་ནུ་གང་ཁྱོད་སྒྲུབ་པ་པོ་རྣམས་ལ་ཕན་པའི་ཕྱིར་བརྩོན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པ་ལེགས་སོ་ལེགས་སོ།། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་པར་བྱའོ། ། རྡོ་རྗེ་སྡེ་ཕྱག་རྒྱ་ཆེན་པོ་འབར་བ་སྟོབས་པོ་ཆེ་དོན་ཐམས་ཅད་སྒྲུབ་པ། ཆོ་ག་བཞིན་དུ་ཚུལ་བསྟན་པ་ཙམ་གྱིས་དེ་མ་ཐག་ཏུ་ལས་ཐམས་ཅད་བྱེད་པ་དང་། གདོན་ཐམས་ཅད་ཀྱང་སྐྲག་པར་བྱེད་པ། བགེགས་རྣམས་ཀྱང་འཇིགས་པར་བྱེད་པ་དང་། ལྷ་རྣམས་ཀྱང་འགྲུབ་པར་བྱེད་པ། ཀླུ་རྣམས་ཀྱང་འདྲེན་པར་བྱེད་པ། འབྱུང་པོ་རྣམས་ཀྱང་སློང་པར་བྱེད་པ་དང་། སྟག་ལ་སོགས་པ་མཆེ་བ་ཅན་རྣམས་ཀྱང་འབྱེར་བར་བྱེད་པ་དང་། དེ་ལ་སོགས་པའི་ལས་རྣམས་བྱེད་པ་ཡོད་དོ།། དེ་དག་ཀུན་གྱི་མིང་རྣམས་དང་། མཚན་ཉིད་དང་ནི་དབྱིབས་རྣམས་དང་། ། སོ་སོ་ཡི་ནི་ལས་རྣམས་ཀྱང་།། མདོ་ཙམ་རབ་ཏུ་བཤད་པར་བྱ།། བགེགས་རྣམས་དང་ནི་གསང་བ་དང་།། འཁྲུལ་འཁོར་གཞོམ་པར་བསྟན་པ་ལ་སྔགས་རྣམས་ཕྱག་རྒྱར་སྦྱར་ན་ནི། ། མྱུར་དུ་ལས་རྣམས་ངེས་པར་བྱེད།། ལྷ་ལ་སོགས་པ་གཟི་ཆེན་རྣམས།། སྔོན་གྱི་དཀྱིལ་འཁོར་འདུས་པ་ཡི།། ལྷ་རྣམས་ཀུན་ལ་བདག་གིས་ནི།། ཕྱག་རྒྱུ་དམ་ཚིག་བཅས་པས་ནོ། ། ཕྱག་རྒྱ་དག་གིས་ལྷ་རྣམས་ཀུན།། བྱམས་པ་ཡི་ནི་སེམས་སུ་འགྱུར།། འགལ་བར་བྱེད་པ་གང་དེ་དག། རྡོ་རྗེ་འཛིན་པས་གསད་པར་འགྱུར།། སྟོབས་ཆེན་ཕ་རོལ་གནོན་པ་དང་། ། རྫུ་འཕྲུལ་ཆེ་བའི་ལྷ་དེ་དག། རིག་མཆོག་རྒྱུད་ཀྱི་གཡོག་འཁོར་དུ།། བྱ་བའི་ཕྱིར་ན་བཤད་པ་ཡིན།། རིག་སྔགས་ཁྲོ་བོ་ཕོ་ཉ་མོ།། རིགས་དང་ཉེ་བའི་རིགས་ཀྱི་ལྷ།། རྣལ་འབྱོར་མ་ནི་གང་བསྟན་པ། ། དེ་དག་ཕྱག་རྒྱ་བཤད་པ་ཡིན།། རིག་མཆོག་རྩ་བའི་ཕྱག་རྒྱ་རྣམས།། ཐོག་མར་རབ་ཏུ་བསྟན་པ་ཡིན།། དེ་ནི་སྙིང་པོའི་ཕྱག་རྒྱ་དང་།། ཉེ་བའི་སྙིང་པོ་རབ་ཏུ་བཤད། ། རིགྲོ་སྔགས་རྒྱལ་པོ་གནོད་མཛེས་ཀྱི།། ཕྱག་རྒྱ་ལས་ཀུན་བྱེད་པ་དང་།། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ནི།། བཀུག་པའི་ལས་ལ་སྦྱོར་བར་བྱ།། དེ་བཞིན་ཕྱག་རྒྱ་ཆེན་པོ་བརྒྱད།། བརྩོན་འགྲུས་ཆེ་ཞིང་གཟི་བརྗོད་ཆེ།། རབ་ཏུ་གཏུམ་ཞིང་ལས་ཀུན་ལ།། ལག་ན་རྡོ་རྗེའི་མཐུ་དང་ལྡན།། རྒྱལ་པོ་དང་ནི་རྣམ་པར་རྒྱལ།། མཱ་མ~ཾ་ཀཱི་དང་གདོང་དམར་དང་།། འཕྲེང་བ་འཛིན་དང་ཀླུ་མགོ་ཅན། ། རྣ་ཆ་གདོང་དང་འོད་ཟེར་འཕྲེང་།། ཕྱག་རྒྱ་ཆེན་པོ་བརྒྱད་བཤད་པ།། ལག་ན་རྡོ་རྗེ་གཟི་ཆེན་གྱི།། ཡན་ལག་ཀུན་ལ་འབྱུང་བ་ཡིན།། བདག་གིས་བཤད་པ་གང་ཡིན། པའི། གདོན་གྱི་དཀྱིལ་འཁོར་ལས་བཤད་པ།། བཅོ་བརྒྱད་པོ་ནི་བརྩོན་འགྲུས་ཆེ།། མེ་ལྕེ་འབར་བའི་དེ་དག་དང་།། ཕྱག་རྒྱ་དྲུག་ཅུ་རྩ་བཞི་གང་།། ལས་ཀྱི་དཀྱིལ་འཁོར་ལས་བཤད་དང་། རྡོ་རྗེ་འཕགས་བྱེད་དཀྱིལ་འཁོར་ལས།། ཕྱག་རྒྱ་བསྟན་པ་གང་ཡིན་དང་།། དེ་དག་གི་ནི་གཙོ་བོ་ཡི།། ཕྱག་རྒྱ་མདོར་བཤད་གང་ཡིན་པ།། དེ་དག་གི་ནི་ཚུལ་དང་རྟགས།། ལས་རྣམས་ཀྱང་ནི་བསྟན་པར་བྱ། ། དེ་ནས་བཅོམ་ལྡན་འདས་རིག་སྔགས་ཐམས་ཅད་ཀྱི་བདག་པོ་རིག་པ་མཆོག་སྟོབས་དང་ཕ་རོལ་གནོན་པ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའི་མཚན་ཉིད་འབྱུང་སྟེ། མདུན་དུ་ལག་ངར་ལྷན་ཅིག་ཏུ་སྦྱར་ལ་སོར་མོ་ཕན་ཚུན་བསྣོལ་ཏེ། ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེངས་ལ་གཞིབས་ལ། དེའི་ཕྱི་རོལ་གྱི་གློ་གཉིས་ནས་མཛུབ་མོ་གཉིས་རྡོ་རྗེའི་དབྱིབསུ་བྱས་ནས། མཐེ་ག་གཉིས་རྡོ་རྗེའི་དབྱིབས་ལྟར་རབ་ཏུ་བཞག་པོ་ནི་བཅོམ་ལྡན་འདས་རིག་པ་མཆོག་གི་རྩ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་གཉིས་སྤྲད་དེ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་མོའི་ཕྱག་རྒྱའོ།། སྤྱན་དྲང་བ་ནི་རིག་སྔགས་ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་གུང་མོ་གཉིས་ཀྱི་དབུས་བཀུག་ལ་གུང་མོ་བཞིབས་པའི་ཕྱི་རོལ་གྱི་ཚོགས་དྲང་པོར་བསྟན་པར་བྱ་སྟེ། རྒྱལ་བའི་བློ་གྲོས་ཀྱི་ཕྱག་རྒྱ་ཡིན་ནོ།། སླར་གཏང་བ་ནི་དེ་ཉིད་ལྔས་མཛུབ་མོ་གཉིས་ཅུང་ཟད་བརྐྱང་བར་བྱ་སྟེ་ཤུགས་ལྡན་གྱི་ཡིན་ནོ། ། རྩ་བའི་ཕྱག་རྒྱ་ལས་གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚོགས་དྲང་པོར་མཛུབ་མོ་གདུ་བུ་ལྟར་བཀུག་སྟེ་བཞག་པ་ནི་སྙིང་པོའི་ཕྱག་རྒྱའོ། ། ཚིགས་དབུ་མར་གཞར་བ་ནི་ཉེ་བའི་སྙིང་པོའི་ཕྱག་རྒྱའོ།། མཛུབ་མོའི་ཐོར་ཏོ་མཉམ་དུ་གཞིབས་པ་ནི་བློ་གྲོས་རྡོ་རྗེའི་ཕྱག་རྒྱའོ།། དེ་ཉིད་ལས་རྒྱབ་ཏུ་བསྡམས་ཏེ་གཞར་བ་ནི་དགའ་བྱེད་གདོང་གི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱི་སེན་མོ་ཕན་ཚུན་སྤྲད་དེ་བཞག་པས་མཐེ་བོང་གཉིས་མནན་པ་ནི་རལ་གྲིའི་ཕྱག་རྒྱའོ།། རལ་གྲིའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཚོགས་རེ་རེ་བཀུག་སྟེ། མཐེ་བོང་གཉིས་ཀྱི་ཕྱི་རོལ་དུ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་པོ་རབ་ཏུ་གྲུབ་པར་བྱེད་པའི་རྩ་བའི་ཕྱག་རྒྱའོ།། དེ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་དབང་ཕྱུག་ཆེན་པོའི་འོ། ། དེ་ཉིད་ལས་མཐེ་བོང་ཅུང་ཟད་བཀུག་པ་ནི་ལྷ་མོ་རྩེ་གསུམ་ཀ་གདེང་གི་ཕྱག་རྒྱའོ།། སྙིང་པོའི་ཕྱག་རྒྱ་ལས་གུང་མོ་གཤིབས་པའི་ཚིགས་དང་པོ་བཀུག་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཛུབ་མོ་གཉིས་བཏང་སྟེ་ཚོགས་རེ་རེ་བཀུག་ལ་འོག་ཏུ་ཕན་ཚུན་སྤྲད་པ་ནི་གཙུག་ཏོར་གྱི་ཕྱག་རྒྱའོ།། མཛུབ་མོ་གཉིས་ཕྱི་རོལ་ཏུ་མ་ཕྲད་པར་བཟུང་བ་ནི་པདྨ་འཛིན་གྱི་ཕྱག་རྒྱའོ།། གཏུམ་སེལ་གྱི་ཕྱག་རྒྱའང་དེ་ཉིད་ཡིན་ནོ།། ཅུང་ཟད་བརྐྱང་བ་ནི་དཔལ་ཆེན་མོའི་ཕྱག་རྒྱའོ།། དེ་ཉིད་ལས་ཚོགས་དང་པོའི་སྟེང་དུ་བཞག་པ་ནི་རྡོ་རྗེ་མི་གཡོ་བའི་ཕྱག་རྒྱའོ། ། ཚིགས་རེ་རེ་བཀུག་སྐྱེ་མཐེ་བོང་གཉིས་ཀྱི་ཕྱི་རོལ་དུ་གཞར་བ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ།། སེན་མོ་གཉིས་ལ་གཞར་བ་ནི་རྡོ་རྗེ་སྙིང་པོའི་ཕྱག་རྒྱའོ། ། དེ་བཞིན་དུ་རལ་གྲིའི་ཕྱག་རྒྱ་ལས་ལས་མཛུབ་མོ་གཉིས་ཀྱི་ཚོགས་རེ་རེ་བཀུག་པ་ནི་རྫོང་གི་འཕགས་མའི་ཕྱག་རྒྱའོ།། དེ་ཉིད་ལས་མཐེ་བོང་གཉིས་སོ་སོར་སྦས་པ་ནི་རལ་པ་གཅིག་པའི་ཕྱག་རྒྱའོ། ། རལ་པ་གཅིག་པའི་ཕྱག་རྒྱ་ཉིད་ལས་ཚིགས་གཅིག་བཀུག་པ་ལས་གཤིབས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱའོ།། རྫོང་གི་འཕགས་མའི་ཕྱག་རྒྱ་ལས་བཀུག་པ་ནི་གནོད་སྦྱིན་ཐམས་ཅད་ཀྱི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་ལས་གུང་མོ་གཤིངས་པ་ཡིད་ཙམ་གྱིས་བཀུག་པ་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ།། རིག་སྔགས་ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ཡིད་ཙམ་ཕྱིར་བཀྱེ་བ་ནི་འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། ། རྒྱལ་བའི་བློ་གྲོས་ཀྱི་ཕྱག་རྒྱ་ལས་ཕྱེ་སྟེ་མཐེ་བོང་བསྒྲེང་བ་ནི་རྡོ་རྗེ་སེར་སྣའི་ཕྱག་རྒྱའོ།། དེ་བཞིན་དུ་རྡོ་རྗེའི་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱ་ནི་ཤུགས་ལྡན་མའི་ཡང་ཡིན་ནོ། ། སྙིང་པོའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཀུག་པ་ནི་ལག་ན་རྡོ་རྗེའི་ཕྱག་རྒྱའོ།། མེ་ཏོག་གི་ཕྱག་རྒྱའང་དེ་ཉིད་ཡིན་ནོ།། བའི་སྙིང་པོའི་ཕྱག་རྒྱ་ལོས་དེ་བཞིན་དུ་མཛུབ་མོ་གཉིས་མཐེ་བོང་ལ་རེག་པར་བྱས་པ་ནི་རྡོ་རྗེ་ཁྲོ་བོ་མཛེས་པའི་ཕྱག་རྒྱའོ།། འདོད་པའི་རྡོ་རྗེ་མའི་ཕྱག་རྒྱའང་དེ་ཉིད་ཡིན་ནོ།། མཛུང་མོ་གཉིས་ཅུང་ཟད་རྩེ་བ་ནི་ཚངས་པའི་མིག་གི་ཕྱག་རྒྱའོ། ། བློ་གྲོས་རྡོ་རྗེའི་ཕྱག་རྒྱ་ལས་མཐེ་བོང་གཉིས་སྨྲས་པ་ནི་རིག་སྔགས་ཀྱི་རྒྱལ་པོ་ཡི་གེ་འབྲུ་བཞི་པའི་ཕྱག་རྒྱུའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དབུ་བཞི་པའི་ཕྱག་རྒྱའང་དེ་ཉིད་ཡིན་ནོ། ། མཛུབ་མོ་ཅུང་ཟད་ཕྱེ་བ་ནི་བརྒྱ་བྱིན་གྱི་ཕྱག་རྒྱའོ།། དགའ་བྱེད་གདོང་གིའང་དེ་ཉིད་ཡིན་ནོ།། མཐེ་བོང་གཉིས་སྤྲོས་པ་ནི་གཙུག་ཏོར་ཐུབ་མེད་ཀྱི་ཕྱག་རྒྱའོ། ། མཛུབ་མོ་གཉིས་བཀུག་ལ་གུང་མོ་གཤེབས་པའི་ཕྱི་རོལ་ཚོགས་དྲང་པོར་བསྟན་པ་ནི་འོད་ཟེར་འཕྲེང་གི་ཕྱག་རྒྱའོ།། ཚགས་དབུ་མར་བསྟན་པ་ནི་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། ། ཐུར་དུ་བསྟན་པ་ནི་ཕུར་བུ་གསུམ་པའི་ཕྱག་རྒྱའོ།། རལ་གྲིའི་ཕྱག་རྒྱ་ལ་གཤིབས་པའི་རྩེ་མོ་བཀུག་པ་ནི་དབང་ཕྱུག་ཆེན་པོའི་མཚན་གྱི་ཕྱག་རྒྱལ་དེ་ཉིད་ལས་མཛུབ་མོ་དང་སྦྱར་བ་ནི་ཉི་མའི་ནམ་མཁའི་ཕྱག་རྒྱའོ། ། རབ་ཏུ་འགྲུབ་པར་བྱེད་པའི་མཛུབ་མོའི་ཚོགས་གཉིས་བཀུག་པ་ནི་རིག་སྔགས་འཆང་ཐམས་ཅད་འགྲུབ་པའི་ཕྱག་རྒྱའོ།། རྒྱལ་བའི་རྒྱུད་ལས་དབང་བསྐུར་བའི་ཕྱག་རྒྱའང་དེ་ཉིད་ཡིན་ནོ།། རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སྲིན་པོའི་ཕྱག་རྒྱའོ།། རྩེ་གསུམ་ཁ་གདེང་གི་ཕྱག་རྒྱ་ལས་མཐེ་བོང་སྦྱར་བ་ནི་མ་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ། ། དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཞིབས་པའི་ཕྱི་རོལ་ནས་གདུ་བུ་ལྟར་དཀྲིས་པ་ནི་རྡོ་རྗེ་སྒྲོག་གི་ཕྱག་རྒྱའོ།། དེ་ལྟར་འདུག་བཞིན་དུ་བཀུག་པ་ནི་རྡོ་རྗེ་གདུ་བུའི་ཕྱག་རྒྱས་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་བྱེ་སྟེ་གདུ་བུ་ལྟར་བྱས་ལ། གུང་མོ་གཤིབས་པའི་ཕྱི་རོལ་གྱི་ཚོགས་དང་པོར་བསྟན་པ་ནི་ཀླུ་ཆེན་པོའི་ཕྱག་རྒྱའོ།། དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་མདོར་བསྡུས་ཏེ་རིག་མཆོག་གི་ཕྱག་རྒྱའི་ཁྱད་པར་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། ། ཕྱག་འཚལ་བའི་ཐལ་མོ་སྦྱར་ལ་སྲིན་ལག་བསྣོལ་ཏེ་ནང་དུ་བཅུག་ནས་མཐེ་བོང་གཉིས་ཀྱི་དྲུང་དུ་བཞག་ལ། དེ་གཉིས་ཀྱི་བར་དུ་མཐེ་བོང་གཉིས་དམ་དུ་གཤིབས་ཏེ་གཞག། གུང་མོ་གཤིབས་པའི་གློ་གཉིས་ནས་མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བྱས། མཐེའུ་རླུང་གཉིས་ཀྱང་གཤིབས་ཏེ་བཞག་པ་ནི་རིག་སྔགས་ཀྱི་རྒྱལ་པོའི་རྩ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་གཉིས་གཤིབས་ཏེ་བསྟོད་པ་ནི་རྡོ་རྗེ་རྩེ་ལྔ་པའི་ཡིན་ནོ།། དེ་ཉིད་ལས་གུང་མོ་གཤོབས་པ་ནས་གང་ཙམ་གྱིས་ཕྱེ་བ་ནི་ཇི་རྗེ་འཇོམས་པའི་ཕྱག་རྒྱའོ། ། མཐེ་བོང་དང་མཐེའུ་ཆུང་གཉིས་གཤིབས་ལ་གུང་མོ་གཤིབས་པ་དང་ལྷན་ཅིག་ཏུ་སྦྱར་བ་ནི་ལག་ན་རྡོ་རྗེའི་རྡོ་རྗེའི་སྙིང་པོ་ཐམས་ཅད་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་འབར་བའི་ཕྱག་རྒྱའོ། ། མཛུབ་མོ་ཚིགས་དབུ་མ་བཀུག་ལ་གུང་མོ་གཤིབས་པའི་ཚོགས་དང་པོར་བཞག་པ་ནི་བློན་མོ་བདུན་གྱི་སྤྱིའི་ཕྱག་རྒྱའོ།། དེ་ཉིད་ལས་མཐེ་བོང་གཉིས་གཤིབས་ལ་མཐེའུ་ཆུང་གཉིས་གཤིབས་པ་ལས་བསྣོལ་བ་ནི་ཕོ་ཉ་མོ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱའོ། ། རིག་སྔགས་ཀྱི་རྒྱལ་པོའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་རལ་གྲིའི་ཕྱག་རྒྱ་ལྟར་བྱས་ལ། སྲིན་ལག་གཉིས་ཀྱང་མཐེ་བོང་གཉིས་ཀྱི་རྩེ་མོའི་གློ་ཕྱོགས་སུ་བསྟོད་དེ་གཞར་བ་ནི་རྡོ་རྗེ་འཇིགས་བྱེ་ཆེན་པོའི་ཕྱག་རྒྱའོ།། དེ་ལ་སྲིན་ལག་གཉིས་སྔ་མ་ལོ་ན་བཞིན་བཞག་པ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་སུ་རུ་སུ་རུའི་ཕྱག་རྒྱའོ། ། དེ་ལ་མཛུབ་མོའི་ཚོགས་གཅིག་བཀུག་པ་ནི་ཁྲོ་བོ་མའི་ཕྱག་རྒྱའོ།། དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་མདོར་བསྡུས་ཏེ་རིག་སྔགས་ཀྱི་རྒྱལ་པོ་གནོད་མཛེས་ཀྱི་ཕྱག་རྒྱ་ལས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། ། ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ་སྲིན་ལག་དང་མཛུབ་མོ་གཤིབས་པ་ནང་དུ་སྦས་ལ། སོར་མོ་རྣམས་ཀྱི་བར་ཕྱེ་བ་ནི་ནམ་མཁའི་རྩ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་སོར་མོ་རྣམས་གཞུམ་པ་ནི་འཕགས་པ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱའོ།། དེ་ཉིད་ལས་ལག་པ་གཡོན་པའི་མཛུབ་མོ་བརྐྱང་བ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། ། གཡས་པ་བརྐྱང་བ་ནི་རྡོ་རྗེ་སྙིང་པོའི་ཕྱག་རྒྱའོ།། མཱ་མ་ཀཱིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཚགས་གཅིག་བཀུག་པ་ནི་མཱ་མ་ཀཱི་སྤྱན་དྲང་བའི་ཕྱག་རྒྱའོ།། བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ། ། ཁྲོ་བོ་རྣམ་པར་མི་བཟད་པའི་ཕྱག་རྒྱའང་དེ་ཉིད་ཡིན་ནོ།། གུང་མོ་གཤིབས་པ་ལས་རྡོ་རྗེའི་ཚུལ་དུ་བྱ་བ་ནི་ཁྲོ་བོ་རྩེ་གཅིག་ལྡན་གྱི་ཕྱག་རྒྱའོ།། གཡས་པའི་མཛུབ་མོ་བཀུག་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་གཉིས་རབ་ཏུ་བཞག་སྟེ་ཚོགས་གཅིག་བཀུག་ལ་མཛུབ་མོའི་ངོས་ལ་གཞར་བ་ནི་རྡོ་རྗེ་མི་གཡོ་བའི་ཕྱག་རྒྱའོ།། དེ་ཉིད་ལས་མཛུབ་མམ་ཐོར་ཏོ་སྤྱད་པ་ན་རྡོ་རྗེ་ནགས་པའི་པའི་བྱུག་རྒྱའོ། ། ཚིགས་གཉིས་བཀུག་པ་ནི་ལོག་འདྲེན་གྱི་ཕྱག་རྒྱག། རྡོ་རྗེའི་རྡུལ་དུ་བྱས་པ་ནི་གཙུག་ནས་ཟུང་བའི་ཕྱག་རྒྱུའོ།། སུ་མ། ཀཱིའི་ཕྱག་རྒྱའི་མཛུབ་མོ་གཉིས་ཕྱེ་སྟེ། གུང་མོ་གཤིབས་པའི་ཚིགས་དང་པོར་བཞག་ལ་མཐེ་བོང་གཉིས་ཀྱང་བཅུམ་པ་ནི་རྡོ་རྗེ་སྡེའི་ཕྱག་རྒྱའོ།། ཚོགས་དབུ་མར་བཞག་པ་ནི་ལག་བཟངས་ཀྱི་ཕྱག་རྒྱའོ། ། དྲུང་དུ་བཞག་པ་ནི་གཙུག་ནས་འབྱུང་གི་ཕྱག་རྒྱའོ།། དེ་གཉིས་གུང་མོ་གཤིབས་པའི་རྒྱབ་ཏུ་གདུ་བུ་ལྟར་སྦྱར་བ་ནི་ལོག་འདྲེན་ཐམས་ཅད་བཅིངས་པའི་ཕྱག་རྒྱའོ།། མཱ་མ་ཀཱིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཕྱེ་སྟེ་གུང་མོ་གཤིབས་པའི་ཕྱི་རོལ་ནས་རྡོ་རྗེའི་ཚུལ་དུ་བཟུང་། མཐེ་བོང་གཉིས་གཤིབས་ཏེ་བསྟོད་པ་ནི་རྡོ་རྗེ་རྩེ་ལྔ་པ་སྟེ། བཅོམ་ལྡན་འདས་ལག་ན་རྡོ་རྗེ་རྩེ་བའི་རྡོ་རྗེ་ཡིན་ནོ། ། དེ་བཞིན་དུ་མཛུབ་མོའི་དབུས་བཀུག་སྟེ་ཚོགས་དང་པོར་བཞག་པ་ནི་ཆུ་སྲིན་མ་ཀ་རའི་ཕྱག་རྒྱ་ཡིན་ནོ།། མཱ་མ་ཀཱིའི་ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཤིབས་པ་མཐེ་བོང་གཤིངས་པ་དང་། གུང་མོག་ཤིབས་པ་རྣམས་བཅུམ་པ་ནི་རྡོ་རྗེ་ནག་མོའི་ཕྱག་རྒྱའོ།། མཐེའུ་ཆུང་དང་མཐེ་བོང་གཤིབས་པ་ཕན་ཚུན་བསྣོལ་ལ་གྱེན་དུ་རྡོ་རྗེ་རྩཝ་གསུམ་པར་བྱ་བ་ནི་མཱ་མ་ཀཱིའི་སྙིང་པོའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་བྱེད་པ་དང་ཤིན་ཏུ་དྲག་པོ་ཡིན་ནོ།། དེ་ཉིད་ལས་སོར་མོ་རྣམས་བཅུམ་པ་ནི་རྡོ་རྗེ་འབྱིན་མའི་ཕྱག་རྒྱའོ།། མཐེ་བོང་གཤིབས་པ་བཅུམ་སྟེ་བཞག་པ་ནི་རྡོ་རྗེ་ལྟེ་བའི་ཕྱག་རྒྱའོ། ། མཐེ་བོང་ནང་དུ་སྦས་པ་ལ་མཐེའུ་ཆུང་གཤིབས་པ་ཕྱེ་བ་ནི་གདོང་དཀར་མའི་ཕྱག་རྒྱའོ།། དེ་ནས་འཕགས་པ་མཱ་མ་ཀཱིའི་ཕྱག་རྒྱ་ཐ་དད་པ་གདོན་ཐམས་ཅད་འཇིགས་པར་བྱེད་པ་འབྱུང་སྟེ། གཡས་བརྐྱང་གི་ཚུལ་གྱིས་གནས་པར་བྱས་ལ། ལག་པ་གཡོན་པ་ནི་རྡོ་རྗེ་མཚན་མ་བལྟ་བའི་དམིགས་སུ་གཏད་པར་བྱ། གཡས་པ་སྟ་ཟུར་ཕྱོགས་སུ་གཞག། བཅོམ་ལྡན་འདས་མཱ་མ་ཀཱིའི་ལས་ཀུན་བྱེད་པའི་ཕྱག་རྒྱ་གཞན་འདི་ནི་གདོན་རྣམས་ལ་སོགས་པ་དང་། སྣ་ཚོགས་པའི་བགེགས་ལ་སྦྱར་བར་བྱའོ།། དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། ། ལག་པ་གཡས་པའི་སོར་མོ་རྣམས་བཅངས་ཏེ་ཁུ་ཚུར་ཐ་མལ་པར་བྱས་ནས་མཛུབ་མོ་བརྐྱང་བའི་གློར་མཐེ་བོང་གཞར་བ་ནི་རྒྱལ་བའི་ཕྱག་རྒྱའོ།། དེ་ཉིད་ལས་གུང་མོ་དང་བཅས་པར་བརྐྱང་བ་ནི་རྣམས་པར་རྒྱལ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་རིལ་ནང་དུ་བཅུག་སྟེ་སོར་མོ་ཐམས་ཅད་ཀྱིས་མནན་པ་ནི་ལག་ན་རྡོ་རྗེའི་ཁྲུ་ཚུར་གྱི་ཕྱག་རྒྱའོ།། སོར་མོ་ཕན་ཚུན་ཡིད་ཙམ་ལྷག་པར་བྱས་པ་ནི་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། ། གུང་མོ་དང་སྲིན་ལག་གཉིས་ཀྱི་བར་དུ་མཐེ་བོའི་ཐོར་ཏོ་ཚིགས་གཅིག་ཙམ་གྱི་ཕྱི་རོལ་དུ་བྱུང་བར་བྱས་པ་ནི་རྡོ་རྗེ་ཁུ་ཚུ་གྱི་ཕྱག་རྒྱའོ། ། ལག་ན་རྡོ་རྗེའི་ཁུ་ཚུར་གྱི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱའོ།། དེ་ལྟར་དེ་ལྟ་བུའི་ཚུལ་དུ་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་།། སྙིམ་པ་བཀན་ཏེ་གུང་མོ་གཉིས་ལུ་གུ་རྒྱུད་ཀྱི་ཚུར་དུ་འཁྱུད་ནས་སོར་མོ་ལྷག་མ་རྣམས་བཀུག་པ་ལ་མཐེ་བོས་མནན་པ་ནི་གདོང་དམར་གྱི་ཕྱག་རྒྱའོ། ། དེ་ཉིད་ལས་སྙིམ་པ་ཕྱེ་སྟེ་སྲིན་ལག་གཉིས་འཁྱུད་ལ་མཛུབ་མོ་གུང་མོའི་རྩེ་མོར་གཞར་བི་ནི་འོད་ཟེར་འཕྲེང་གི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེའུ་ཆུང་དང་སྲིན་ལག་འཁྱུད་དེ་ལག་པའི་ནང་དུ་བཅུག་ལཱ། ཕྱི་རོལ་ནས་མཛུབ་མོ་གཉིས་ཀྱི་ཐོར་ཏོའི་སྟེང་ནས་གུང་མོ་བཀུག་པའི་རྩེ་མོ་མཐེ་བོང་གཉིས་ཀྱི་རྩེ་མོ་དང་སྤྲད་པ་ནི་རྣ་ཆ་གདོང་གི་ཕྱག་རྒྱའོ། ། དེ་ཉིད་ལས་གུང་མོ་མཐེ་བོའི་ཐོར་ཏོ་ལ་གཞར་བ་ནི་དགའ་བྱེད་གདོང་གི་ཕྱག་རྒྱའོ།། དེ་ཉིད་ལས་ལག་པ་གཡོན་པའི་སྲིན་ལག་བརྐྱང་བ་ནི་རྡོ་རྗེ་སྡེའི་ཕྱག་རྒྱའོ། ། དེ་ཉིད་ལས་གཡས་པའི་སྲིན་ལག་ཕྱིར་བརྐྱང་བ་ནི་ལག་བཟངས་ཀྱི་ཕྱག་རྒྱའོ།། དེ་ཉིས་ལས་སྙིམ་པ་ཕྱེ་སྟེ་གཉིས་ཀ་ཕན་ཚུན་འཁྱུད་ནས་མཐེའུ་ཆུང་གཉིས་སྲིན་ལག་དང་གུང་མོ་མནན་ལ། མཛུབ་མོ་གཉིས་ཀྱི་ཐོར་ཏོ་སྤྲད་དེ་མཐེ་བོང་གཉིས་ཀྱིས་སྲིན་ལག་དང་གུང་མོ་མནན་པ་ནི་ཁྲོ་བོ་ཐམས་ཅད་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་གཡས་པ་བརྐྱང་བ་ནི་ཁྲོ་བོ་རྡོ་རྗེ་རྩེ་གཅིག་ལྡན་གྱི་ཕྱག་རྒྱའོ། ། དེ་ཉིད་ལས་ཟློག་པ་ནི་སྙིང་པོའི་རྒྱལ་པོའི་ཕྱག་རྒྱའོ།། དེ་ལས་སྙིམ་པ་ཕྱེ་ལ་མཐེའུ་ཆུང་དང་། སྲིན་ལག་དང་། གུང་མོ་རྣམས་འཁྱུད་ནས་མཛུབ་མོ་གཉིས་བཀུག་སྟེ་སྤྲད་ལ་སྲིན་ལག་གཉིས་ཀྱི་དྲུང་དུ་མཐེ་བོང་བཞག་པ་ནི་ལུས་དམར་གྱི་ཕྱག་རྒྱའོ། ། དེ་ཉིད་ལས་སྲིན་ལག་བསྣོལ་བའི་རྩེ་མོར་མཐེ་བོང་གཉིས་བཞག་ལ། མཐེའུ་རླུང་དང་གུང་མོ་ཐ་མལ་པར་བཀུག་པ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱའོ། ། དེ་ཉིད་ལས་སྙིམ་པ་ཕྱེ་སོ་མོ་ཐམས་ཅད་ཀྱི་ཐོར་ཏོ་བསྣོལ་མར་ཕུན་ཚུན་འཁྱུད་དེ་མཐེ་བོང་དང་མཛུབ་མོའི་ཐོར་ཏོ་སྤྲད་ལ། མཐེའུ་ཆུང་རང་རང་མཐེ་བོའི་དྲུང་དུ་གཞར་བ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་ཟློག་སྟེ་བཀུག་པ་ནི་རྡོ་རྗེ་འོག་པག་ཅན་གྱི་ཕྱག་རྒྱའོ།། དེ་ལྟར་དེ་ལྟ་བུའི་ཚུལ་གྱི་ཕྱག་རྒྱ་གྲངས་མེད་པ་འབྱུང་ངོ་། ། སྙིམ་པ་བཀན་ལ་མཐེའུ་ཆུང་གཤིབས་ནས་དེའི་རྒྱབ་ནས་སྲིན་ལག་གཤིབ་པར་བྱ། དེ་གཉིས་ཀྱི་གློའི་ཚིགས་དང་པོར་གུང་མོ་གཉིས་བཞག་ལ་མཛུབ་མོ་གཉིས་སོ་སོ་ནས་བཀུག་སྟེ། མཐེ་བོང་གཉིས་གྲོ་ལ་གནྡྷར་བ་ནི་ཀླུ་མགོ་ཅན་གྱི་རྩེ་བའི་ཕྱག་རྒྱའོ།། དེ་ཉིད་ལས་གུད་མོ་དང་། མཛུབ་མོ་དང་། མཐེ་བོང་ཀླུ་མགོ་གདངས་ཀ་སྦྱར་དགུག་པ་ནི་ཀླུ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། ། མཐེ་བོང་གཉིས་གཅིག་ཏུ་སྦྱར་ཏེ་ཀླུ་མགོའི་གདེངས་ཀ་ལྟར་བྱས་པ་ནི་ནམ་མཁའི་ལྡིང་གི་ཕྱག་རྒྱའོ།། གུང་མོ་དང་མཛུབ་མོ་སྔོན་དུ་སྦྱར་བ་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་བཅུག་ལ་དེའི་ངོས་སྒྲ་གུང་མོ་གཉིས་ཀྱི་ཚོགས་གཅིག་བཀུག་སྟེ་བཞག་ནས་མཛུབ་མོ་གཉིས་ཕྱི་རོལ་དུ་རྡོ་རྗེ་ལྟར་བཟུང་བ་ནི་རྔ་རྗེ་ཡངས་པ་ཆེན་པོའི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་དང་གུང་མོ་བཀུག་ལ་དེའི་ནང་དུ་མཐེ་བོང་གཞུག་པ་ནི་དེ་ཉིད་ཀྱི་སྤྱན་དྲང་བའི་ཕྱག་རྒྱའོ།། མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱས་རྩུ་བའི་ཕྱག་རྒྱ་ལས་གུང་མོ་ཅུང་ཟད་ཙམ་ཕྱེ་ལ་མཛུབ་མོའི་ཚིགས་དང་པོའི་ངོས་ལ་བཞག་པ་འདིའང་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཡིན་ནོ། ། རྩ་བའི་ཕྱག་རྒྱ་ལས་མཛུབ་མོའི་དབུས་བཀུག་ལ་གུང་མོ་གཉིས་ཀྱི་ཚིགས་དང་པོར་ངོས་སུ་གཟུང་བ་འདི་ནི་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཐ་དད་པ་ཡིན་ནོ། ། དེ་ཉིད་ལས་མཐེ་བོའི་བར་དུ་གདུ་བུ་ལྟར་བཀུག་པ་ནི་ཀླུ་ཆེན་པོའི་ཕྱག་རྒྱའོ།། དེ་བཞིན་དུ་གཅིག་ཏུ་སྤྲད་དེ་ཅེ་གཅིག་པའི་ཚུལ་དུ་བཞག་པ་ནི་འཕྲོག་མའི་ཕྱག་རྒྱའོ། ། དགའ་བོ་དང་ཉེ་དགའ་བོའི་ཕྱག་རྒྱའང་དེ་ཉིད་ཡིན་ནོ།། ཚོགས་དང་པོ་གཉིས་བཀུག་པ་ནི་ཁ་འབར་མའི་ཕྱག་རྒྱའོ།། ཚོགས་གཉིས་བཀུག་པ་ནི་ཁྲོ་བོ་ཐུབ་དཀའི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཚོགས་དང་པོའི་ཕྱི་རོལ་དུ་སྦྱར་ཏེ་བཞག་པ་འདི་ནི་ཀླུ་མགོ་ཅན་གྱི་ཕྱག་རྒྱ་ཐ་དད་པ་ཡིན་ནོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཁྲུས་ཀྱི་ཆོ་གའང་དེ་ཉིད་ཡིན་ནོ། ། དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པོར་འབྱུང་ངོ་།། ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྣོལ་ཏེ་མཐེ་བོང་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་གཞིབས་པའི་ཐོར་ཏོ་བཀུག་པ་ནི་འཕྲེང་བ་འཛིན་གྱི་རྩ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཛུབ་མོའི་དབུས་བཀུག་སྟེ་ཕན་ཚུན་ཐོར་ཏོ་སྤྱད་པ་ནི་རྡོ་རྗེ་ཁང་པའི་ཕྱག་རྒྱའོ།། རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་བཀུག་པ་ནི་འོད་ཟེར་གྱི་འཕྲེང་གི་ཕྱག་རྒྱའོ།། དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་དབུས་བཀུག་ལ་གུང་མོ་གཉིས་བསྣོལ་ལ་གཞར། མཐེ་བོང་གཉིས་བསྟོད་དེ་རྩེ་གཅིག་པའི་ཚུལ་དུ་བྱས་པ་ནི་གདོན་ཐམས་ཅད་སྐྲག་པར་བྱ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་གཉིས་ཀྱི་ཐོར་ཏོག་ཤིབས་ཏེ་ནང་དུ་བཅུག་པ་ནི་གདོན་ཐམས་ཅད་བཅིང་བ་ཡིན་ནོ། ། དེ་གདོན་ཐམས་ཅད་སྐྲག་པར་བྱ་བ་དེ་ཉིད་ནི་ལག་ན་རྡོ་རྗེ་དང་དབང་ཕྱུག་ཆེན་པོའི་ཕྱག་རྒྱའོ།། གདོན་བཅིང་བ་ནི་ཁྲོ་བོ་འགྲོ་བའི་ཕྱག་རྒྱའོ།། རྩ་བའི་ཕྱག་རྒྱ་ལས་གུང་མོ་མཐེ་བོའི་ཐོར་ཏོ་ལ་གཞར་བ་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། ། དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་།། ཕྱག་འཚལ་བའི་ཐལ་མོ་ལས་སྲིན་ལག་གཉིས་བསྣོལ་བ་མཐེ་བོང་དྲུང་དུ་བཞག་པའི་བར་དུ་མཐེ་བོང་གཉིས་བཞག་སྟེ། མཛུབ་མོ་གཉིས་ཀྱི་དབུས་བཀུག་ནས་གུང་མོ་གཤིབས་པའི་སྟེང་དུ་བཞག་ལ། མཐེའུ་ཆུང་གཉིས་གཞིབས་པའི་འོད་ཟེར་འཕྲེང་བའི་རྩ་བའི་ཕྱག་རྒྱའོ། ། མཛུབ་མོ་གཉིས་ཀྱི་ཚིགས་དབུས་མ་བཀུག་པ་ནི་སྤྱན་དྲང་བའི་ཕྱག་རྒྱའོ།། བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཚོགས་གཅིག་བཀུག་ལ་མཐེ་བོའི་ངོས་ལ་གཞར་བ་ནཱི་རིག་པ་མཆོག་གི་ཕྱོག་རྒྱ་ཐ་དད་པ་ཡིན་ནོ། ། མཐེ་བོང་གཉིས་བཀུག་པ་ནི་གནོད་མཛེས་ཀྱི་ཕྱག་རྒྱའོ།། སྟེང་ནས་གདུ་བུ་སྐར་བྱས་པ་ནི་རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱའོ། ། ཕྱི་རོལ་ནས་དཀྲི་བ་ནི་གདོན་བཅིང་བའི་ཡིན་ནོ།། རྩ་བའི་ཕྱག་རྒྱ་ལས་མཛུབ་མོ་རྡོ་རྗེའི་ཚུལ་དུ་བཟུང་བ་ནི་འོད་ཟེར་འཕྲེང་གི་ཕྱག་རྒྱ་གཉིས་པ་ཡིན་ནོ། ། དེ་ཉིད་ལས་མཛུབ་མོ་གཉིས་དྲུང་ནས་བཀུག་སྡེག་པུའུ་ལྟར་བསྣོལ་བ་འདི་ནི་འོད་ཟེར་འཕྲེང་གི་ཕྱག་རྒྱ་ཐ་དད་པ་ཡིན་ནོ།། དེ་ཉིད་ལས་མཐེ་བོང་གཉིས་བཀུག་པ་ནི་དབང་བསྐུར་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་རྩེ་གཅིག་པའི་ཚུལ་དུ་བཞག་པ་ནི་གདོན་བསྐྲད་པར་བྱ་བ་ཡིན་ནོ།། དེ་ཉིད་ལེགས་པར་སྙམས་པ་ནི་དཔལ་མོའི་བློ་གྲོས་མའི་ཕྱག་རྒྱའོ།། རྩེ་བའི་ཕྱག་རྒྱུརྒྱ་ལས་མཛུབ་མོ་གཉིས་དབུས་བཀུག་སྟེ་མཐེ་བོང་གཉིས་ཀྱི་སྟེང་དུ་རལ་གྲི་ལྷུར་བྱས་པ་ནི་ཁྲོ་བོ་ཀི་ལི་ཀི་ལིའི་ཕྱག་རྒྱའོ། ། མཱ་མ་ཀཱིའི་ཕྱག་རྒྱ་གཞིབས་པའི་ཚུལ་དེ་ཉིད་ལས་ཕྱེ་བ་ནི་རྡོ་རྗེ་ཁྲོ་བྲོ་སུ་རུ་སུ་རུའི་ཕྱག་རྒྱའོ། ། མཛུབ་མོ་གཉིས་རལ་གྲི་ལྟར་དུ་བྱས་ཏེ་སྲིན་ལག་གཉིས་ཡིད་ཙམ་གྱིས་བསྟོད་པ་ནི་ཉི་མའི་ཕྱག་རྒྱའོ།། རྩ་བའི་ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཞིབས་པའི་ཚོགས་བཀུག་པ་ནི་འཕགས་པ་མཱ་མ་ཀཱིའི་སྙིང་པོའི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཚིགས་དང་པོར་བཞག་ལ། སྲིན་ལག་གཉིས་ཀྱི་རྩེ་མོར་མཐེ་བོང་གཉིས་ཀྱི་ཐོར་ཏོ་ལ་སོ་སོར་བཞག་པ་ནི་དཔལ་གྱི་རྒྱུད་ཀྱི་དབང་བསྐུར་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་གཉིས་ཀྱི་དྲུང་དུ་བཀུག་སྟེ་ཅུང་ཟད་སྦྱར་བ་ནི་མ་ཏང་གི་མིག་གི་ཕྱག་རྒྱའོ།། མཐེ་བོང་གཉིས་གཞིབས་པའི་ཕྱི་རོལ་གྱི་ངོས་ལ་མཛུབ་མོ་གཉིས་བཞག་པ་ནི་གྲུབ་པའི་ཕྱག་རྒྱའོ།། དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་།། ཕྱག་འཚལ་བའི་ཐལ་མོ་ལས་མཐེའུ་ཆུང་དང་སྲིན་ལག་གཉིས་བསྣོལ་ཏེ་མཐེ་བོའི་དྲུང་དུ་བཞག་ལ། གུང་མོ་གཉིས་ཀྱིས་མཛུབ་མོ་གཞིབས་པར་དཀྲིས་ནས་མཐེ་བོང་གཉིས་ནང་དུ་བཅུག་པ་ནི་རྣམ་གདོང་གི་རྩ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་ཐ་མལ་པར་སྦྱར་བ་ནི་རྣ་ཆ་གདོང་གི་ཕྱག་རྒྱ་གཉིས་པའོ།། རྩ་བའི་ཕྱག་རྒྱ་ལས་གཤིབས་པའི་ཁ་ཕྱེ་བ་ནི་དགའ་བྱེད་གདོང་གི་ཕྱག་རྒྱའོ།། སོར་གཉིས་ཙམ་གྱི་ཕྱེ་བ་ནི་ཁྲོ་བོ་ཆེར་བཞད་ཀྱི་ཕྱག་རྒྱའོ། ། གུང་མོ་གཉིས་ཀྱི་རྩེ་མོ་སྲིན་ལག་གཉིས་ཀྱི་རྩེ་མོར་སྦྱར་བ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ།། མཐེ་བོའི་ཚོགས་བསྟོད་དེ་ཀླུ་མགོ་ལྔར་བྱས་པ་ནི་སྐྲག་བྱེད་ཆེན་པོའི་ཕྱག་རྒྱའོ། ། དེ་ཉིད་ལས་སྙིམ་པའི་ཚུལ་དུ་བྱས་ལ་མཐེ་བོང་གཉིས་ཀྱི་རྩེ་མོ་སྡུད་དེ་ཁ་སྦྱར་བ་ནི་སྤྱན་དྲང་བའི་ཕྱག་རྒྱའོ།། མཐེ་བོང་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། མཐེ་བོང་གཉིས་བཀུག་པའི་ཐོར་ཏོ་ནང་དུ་བཅུག་པ་ནི་རྡོ་རྗེ་དྷྲྀ་གི་རི་ཏིའི་ཕྱག་རྒྱའོ། ། རྣ་ཆ་གདོང་གི་ཕྱག་རྒྱ་གཉིས་པ་ལས་མཐེ་བོང་གཉིས་སྦས་པ་ནི་རྡོ་རྗེ་སེར་སྐྱའི་ཕྱག་རྒྱའོ།། གཞིབས་པ་ལས་སོར་གཉིས་ཙམ་གྱིས་ཕྱེ་སྟེ་མཐེ་བོང་བསྟོད་པ་ནི་གདོན་སྐྲག་པར་བྱེད་པ་དང་བཅིང་བར་བྱ་བ་ཡིན་ནོ། ། གཞིབས་པའི་རྩེ་མོར་གུང་མོ་གཉིས་ཀྱིས་བཀབ་སྟེ་བསྡམས་པ་ནི་གཙུག་ནས་འབྱུང་གི་ཕྱག་རྒྱའོ།། དེ་བཞིན་དུ་མཛུབ་མོ་ཕྱེ་སྟེ་དབུས་སུ་བཀུག་ནས་གུང་མོ་གཞིབས་པ་ལ་གཞར་བ་ནི་དེ་བཞིན་གཤེགས་པའི་སྤྱན་གྱི་ཕྱག་རྒྱའོ། ། གུང་མོ་སྦས་པ་མཛུབ་མོ་གཉིས་རྩེ་གཅིག་པའི་ཚུལ་དུ་བྱ་བ་ནི་སྒྲོལ་མའི་ཕྱག་རྒྱའོ།། དེ་ཉིད་ལས་མཛུབ་མོ་བཀུག་པ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ།། ཅུང་ཟད་ཕྱེ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ།། མཐེ་བོང་གཉིས་སྦས་པ་ནི་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱའོ།། ཅུང་ཟད་བརྐྱང་བ་ནི་རྡོ་རྗེ་སྒྲོག་གི་ཕྱག་རྒྱའོ། ། མཐེ་བོང་ཡང་གཞིབས་ལ་མཐེའུ་ཆུང་ཡང་གཤབས་པ་ནི་རྡོ་རྗེ་གདོང་གི་ཕྱག་རྒྱའོ།། དེ་ཉིད་ལས་ཕྱེ་བ་ནི་རྡོ་རྗེ་སེལ་གྱི་ཕྱག་རྒྱའོ།། གུང་མོ་གཅིག་བསྒྲེང་བ་ནི་གཙུག་པུད་ཀྱི་ཕྱག་རྒྱའོ། ། མཐེ་བོང་གཉིས་བསྒྲེང་བ་ནི་རྡོ་རྗེ་གདོང་གི་ཕྱག་རྒྱའོ།། དེ་ཉིད་ལས་ཐུར་དུ་བསྟན་ཏེ་མཐེའུ་རླུང་དང་ལྷན་ཅིག་སྤྲད་པ་ནི་རྡོ་རྗེ་ན་མཁའ་ལྡིང་གི་ཕྱག་རྒྱའོ།། སྲིན་ལག་གཉིས་སྦྱར་བ་ནི་ཁྲོ་བོ་འཆོལ་པའི་ཕྱག་རྒྱའོ། ། དེ་ལྟར་དེ་ལྟ་བུའི་ཚུལ་དུ་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་།། རྣ་ཆ་གདོང་གི་ཕྱག་རྒྱ་ཉིད་ལས་གུང་མོ་གཉིས་གཞབས་པ་ལ་མཛུབ་མོ་གཉིས་ཀྱིས་དཀྲིས་པ་ནི་གདོང་དམར་གྱི་རྩ་བའི་ཕྱག་རྒྱའོ། ། མཛུབ་མོ་གཉིས་རྡོ་རྗེ་ལྟར་བྱས་པ་ནི་སྤྱན་དྲང་བའི་ཕྱག་རྒྱའོ།། གཏང་ནས་གྱེན་དུ་གློད་དེ་བཞག་པ་ནི་སླར་གཏང་བའི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་གཉིས་བསྟོད་དེ་བཞག་པ་ནི་གདོན་འཇོམས་པའི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་ལས་མཐེའུ་རླུང་དང་སྲིན་ལག་གཉིས་སྤྲད་དེ་སྦྱར་བ་ནི་རྡོ་རྗེ་རིགས་ཀྱི་མཛེས་མའི་ཕྱག་རྒྱའོ།། དེ་ཉིད་ལས་མཐེ་བོང་གཉིས་སྦས་པའི་ནི་དབང་ཕྱུག་ཆེན་པོའི་མིག་གི་ཕྱག་རྒྱའོ། ། མཛུབ་མོ་གཉིས་བཀུག་པ་ལས་བཏང་བས་གུང་མོ་གཞིབས་པའི་སེན་མོ་གཉིས་ཀྱི་ཕྱི་རོལ་ནས་བསྟན་པ་ནི་རིགས་གསུམ་སྤྱིའི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། རིག་སྔགས་ཐམས་ཅད་སྲུང་བ་དང་། དབང་བསྐུར་བ་ཐམས་ཅད་དང་། ལས་ཐམས་ཅད་ལ་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་ཡིན་ནོ།། སྤྱན་དྲང་བའི་ཕྱིར་ཡང་སྦྱར་བར་བྱའོ། ། དེ་ལས་མཐེའུ་ཆུང་བཏང་བ་ནི་མེ་ལྕེ་འབར་བའི་ཕྱག་རྒྱ་སྟེ། རིག་སྔགས་ཐམས་ཅད་བཅིང་བ་དང་གྲོལ་བར་བྱེད་པ་ཡིན་ནོ།། དེ་ལྟར་དེ་ལྟ་བུའི་ཚུལ་གྱིས་ཕྱག་རྒྱ་གྲངས་མེད་པར་འབྱུང་ངོ་། ། རྐང་པ་གཡས་པ་བརྐྱང་བའི་ཚུལ་དུ་བཞག་ནས་མཛུབ་མོ་གཅིག་དྲང་པོར་བསྲངས་ཏེ་ལྟ་བའི་དམིགས་སུ་གཏད་ལ། ལག་པ་གཡས་པའི་རྡོ་རྗེ་མདུན་ལོགས་སུ་བཞག་ནས་སྟ་ཟུར་གྱི་ཕྱོགས་སུ་བསྟན་པ་ནི་རྒྱལ་བ་རྩ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་དཔུང་པ་བརྐྱང་ལ་ཁྲོ་བོའི་ལྟ་བ་བྱས་ཏེ་བསྡིགས་པ་ནི་ཁྲོ་བོ་སྲོག་མེད་ཀྱི་ཕྱག་རྒྱའོ།། དེ་ལས་མཐེ་བོང་དང་གཞིབས་པ་ནི་ཁྲོ་བོ་རབ་ཏུ་གཏུམ་པའི་ཕྱག་རྒྱའོ། ། དེ་ཉིད་ལས་གཡོན་བརྐྱང་གི་ཚུལ་དུ་བྱས་པ་ནི་རྡོ་རྗེ་དབྱུག་སྔོན་གྱི་ཕྱག་རྒྱའོ།། ཁྲོ་བོ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་སྔ་མ་ལས་མཐེ་བོང་བརྐྱང་བ་ནི་ཞབས་ལས་བྱུང་གི་ཕྱག་རྒྱའོ། ། རྡོ་རྗེ་དེ་ཉིད་བསྟོད་དེ་བསྟན་པ་ནི་རྡོ་རྗེ་ཕོ་ཉ་མོའི་ཚོགས་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱའོ།། དེ་ཉིད་ལས་སྙིང་ཁར་རྡོ་རྗེ་བྱས་པ་ནི་ཁྲོ་བོ་གཏུམ་པོའི་ཕྱག་རྒྱའོ།། ལག་པ་གཡོན་བའི་སོར་མོ་གསུམ་བཅུམ་ལ་མཐེ་བོང་གཉིས་ཀྱིས་མཛུབ་མོའི་སེན་མོ་མནན་ཏེ་སྙིང་ཁའི་ཕྱོགས་སུ་བཟུང་ལ། ལག་པ་གཡས་པའི་རྡོ་རྗེ་བསྟོད་པ་ནི་ཁྲོ་བོ་ལྷའི་ཡན་ལག་གི་ཕྱག་རྒྱའོ།། དེ་ཉིད་ལས་ལག་པ་གཡོན་པའི་མཛུབ་མོ་བཏང་སྟེ། དེ་བཞིན་དུ་བཟུང་བ་ནི་གདོན་ཞི་བར་བྱ་བའི་ཕྱིར་ཕོ་ཉ་མོ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་ཡིན་ནོ།། དེ་བཞིན་དུ་མཛུབ་མོ་དང་གུང་མོ་བརྐྱང་བ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཛུབ་མོ་ཅུང་ཟད་བཀུག་སྟེ་གཡོན་བརྐྱང་བའི་ཚུལ་དུ་བྱས་པ་ནི་སྤྱན་དྲང་བའི་ཕྱག་རྒྱའོ།། གུང་མོའི་རྩེ་མོས་མཐེ་བོང་བཀབ་སྟེ་མཛུབ་མོ་བརྐྱང་བ་ནི་གདོན་འཇོམས་པའི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་གཉིས་ཀྱིས་ཕྱི་རོལ་ནས་དཀྲིས་ལ་གཡས་བརྐྱང་བའི་ཚུལ་དུ་བྱས་པ་ནི་མི་བཟད་པའི་ཕྱག་རྒྱའོ།། དེ་ཉིད་ལས་གཡོན་བརྐྱང་བའི་ཚུལ་དུ་བྱས་པ་ནི་རྣམ་པར་རྒྱལ་བ་མི་བཟད་པའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་མགོ་བོར་བཞག་པ་ནི་འཇིག་པའི་ཕྱག་རྒྱའོ།། རྐང་པ་གཡས་བརྐྱང་གི་ཚུལ་དུ་བྱས་ལ་ལག་པ་གཡོན་པ་སྟ་ཟུར་གྱི་ཕྱོགས་སུ་བཞག་ནས། གཡས་པའི་མཐེ་བོང་གི་ངོས་ཀྱིས་མཐེའུ་ཆུང་དང་སྲིན་ལག་བསྣོལ་བ་མནན་ཏེ། གུ་མོ་བསྒྲེངས་ལ་མཛུབ་མོ་ཅུང་ཟད་བཀུག་ནས་རྣ་བའི་ཕྱོགས་སུ་བཞག་པ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ལྕགས་ཀྱུ་མའི་རྩ་བའི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་བཏང་བ་ནི་ལྷག་ཀྱུ་མའི་ཕྱག་རྒྱ་ཐ་དད་པ་ཡིན་ནོ།། གཡོན་བརྐྱང་གི་ཚུལ་དུ་བྱས་ལ་ལ་པ་གཡོན་པས་དེ་བཞིན་དུ་བྱས་པ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། ། རྩ་བའི་ཕྱག་རྒྱ་ཉིད་ལས་རྐང་པ་བསྙམས་ཏེ་བསྒྲེང་བ་ནི་སའི་ལྷ་མོའི་ཕྱག་རྒྱའོ།། རྩ་བའི་ཕྱག་རྒྱ་ལས་རྐང་པ་གཉིས་བསྐུམ་ལ་མཛུབ་མོ་བརྐྱང་སྟེ་བསྟན་པ་ནི་རྡོ་རྗེ་ལྕགས་ཀྱུ་མའི་གདོན་ཞི་བར་བྱ་བའི་ཕྱག་རྒྱའོ། ། མདུན་ལོགས་སུ་མཛུབ་མོ་གཅིག་གི་དབུས་བཀུག་སྟེ་བཞག་ལ་གུང་མོ་བརྐྱང་སྟེ་བསྟན་པ་ནིརྡོ་རྗེ་གདན་གྱི་ཕྱག་རྒྱའོ། ། གཡོན་པའི་སོར་མོ་གཉིས་ཀྱང་དེ་བཞིན་དུ་བྱས་པ་ནི་ལྷའི་ཕྱག་རྒྱའོ།། མཛུབ་མོ་གཅིག་པུ་ནི་འཇམ་དཔལ་གྱི་ཕྱག་རྒྱའོ།། གུང་མོ་ནི་རྡོ་རྗེ་མཛེས་མའི་ཕྱག་རྒྱའོ་གཡས་བརྐྱང་གི་ཚུལ་དུ་གནས་ལ་ལག་པ་གཡོན་པའི་སེན་མོ་རྣམས་སྦས་ཏེ། ཁུ་ཚུར་བཅད་ནས་དེ་བཞིན་དུ་ལག་པ་གཡས་པའི་རྡོ་རྗེ་བརྐྱང་སྟེ་བལྟ་བའི་དམིགས་སུ་གཏང་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། ། མཛུབ་མོ་སྟེང་དུ་བཞག་པ་ནི་སྙིང་པོའི་ཕྱག་རྒྱའོ།། གུང་མོའང་དེ་ལྟར་བྱས་པ་ནི་ཉེ་བའི་སྙིང་པོའི་ཕྱག་རྒྱའོ།། གུང་མོ་དང་མཐེ་བོང་གཉིས་སྦྱར་ལ་སོར་མོ་གཞན་རྒྱབ་ཏུ་བ་པ་ནི་རྡོ་རྗེ་འཇོམས་མའི་ཡིན་ཏེ། ཕྱོགས་བཞི་སྲུང་བ་ཡིན་ནོ།། གཡས་བརྐྱང་གི་ཚུལ་གྱིས་ལག་པ་གཡོན་པའི་རྡོ་རྗེ་གཡས་པའི་དཔུང་མགོར་བཞག་ལ། ལག་པ་གཡས་པའི་རྡོ་རྗེ་བསྟོད་ན་དཔུང་པ་གཡོན་པ་རྣ་ཐབས་སུ་བཞག་སྟེ་བལྟ་བའི་དམིགས་སུ་གཏད་པ་ནི་རྡོ་རྗེ་ཕག་མོའི་ཕྱག་རྒྱའོ། ། གཡོན་བརྐྱང་གི་ཚུལ་གྱིས་ལག་པ་གཡོན་པ་བཀན་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་བཀུག་སྟེ་པདྨའི་རྩ་བ་ལྟར་བྱས་ལ། གཡས་པའང་དེ་ཉིད་དང་འདྲ་བར་བཞག་པ་ནི་ལུས་དམར་གྱི་ཕྱག་རྒྱའོ།། འབར་བའི་ཕྱག་རྒྱའང་དེ་ཉིད་ཡིན་ནོ།། སྙིང་པོ་གང་ནས་འབྱུང་བའི་ཕྱག་རྒྱའང་དེ་ཉིད་ཡིན་ནོ། ། རྡོ་རྗེ་བྷྲྀ་གི་རི་ཏིའི་ཕྱག་རྒྱའང་དེ་ཉིད་ཡིན་ནོ།། གཡས་བརྐྱང་གི་ཚུལ་གྱིས་ལག་པ་གཡོན་པ་བཀན་ཏེ་བརྐྱང་ལ་མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྐྱེད་ནས་སོར་མོ་ལྷག་མ་རྣམས་ཀླུ་མགོའི་གདེངས་ཀ་ཝཱར་གཞག། གཡས་པའང་མཚན་ཉིད་དེ་དང་འདྲ་བར་བྱས་ལ། གཞུ་གེངས་པ་ལྟར་གྲུ་མོ་རྣ་བའི་ཕྱོགས་སུ་བཟུང་བ་ནི་ཀླུ་ཆེན་པོའི་ཕྱག་རྒྱའོ།། ཁྱབ་འཇུག་གི་འདུག་སྟངས་ཀྱིས་མཐེ་བོའི་སེན་མོ་རྐང་པ་གཡོན་པའི་འོག་ཏུ་སྦྱར་ཏེ། ལག་པ་སྟེངས་དང་བཅས་པར་སྦྱར་བའི་མཐིལ་གྱིས་བརྡེག་ཅིང་ལག་པ་བསྣོལ་བས་བཟུང་ལ། ཕོ་ལོང་གི་ཐབས་སུ་གྱེན་དུ་སྦར་ཞིང་ལག་པ་བསྐོར་ཏེ་བཀན་པས་ནུ་མའི་བར་དུ་བརྡེག་ཅིང་བསྐོར་ལ། ལག་པ་གཉིས་ཀའི་མཐིལ་ལོགས་ཀྱི་སོར་མོ་ལ་བལྟས་ནས། མིག་གྱེན་ཁར་བསྒྱུར་ཏེ་བཏེག་ལ་གློག་སྒྱུར་བའི་ཕྱག་རྒྱའང་བཅིངས་ནས་གཡོན་པའི་སོར་མོ་རྡོ་རྗེ་ཆེན་པོ་བསྟོད་པ་བྱས་ན། དེས་ལྷ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ཀླུ་དང་། སྲིན་པོ་རྣམས་དང་། ལོག་འདྲེན་རྣམས་དང་། འགྲམ་ན་གནས་པ་ཐམས་ཅད་དང་། ཚངས་པ་དང་། སྐེམ་བྱེད་དང་། དབང་ཆེན་དང་། དྲག་པོ་ལ་སོགས་པའི་སྙིང་ལ་གློག་འགྱུ་བའི་ཤུགས་འདི་བབ་པས་འོང་བར་འགྱུར་ཏེ། མཐུ་སྟོབས་བཅོམ་ནས་རྡོ་རྗེའི་རྗེས་སུ་མཐུན་པ་དང་དུལ་ཞིང་རྡོ་རྗེ་ལ་འདུད་པར་འགྱུར་རོ། ། དེ་དག་གི་ཕྱིར་ཞི་བར་བྱས་ན་དེའི་ཚེ་ཕྱག་རྒྱ་དེ་སྙིང་ཁར་བཀྲོལ་བ་དེ་དག་དེའི་མོད་ལས་མཐུན་པར་བདེ་བར་འགྱུར་བའི་ཕྱིར་དང་ཞིང་བྱམས་པའི་སེམས་དང་ལྡན་པར་བཟླས་བརྗོད་བྱའོ། ། དེ་ནས་བཅོམ་ལྡན་འདས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱའི་མཚན་ཉིད་འབྱུང་སྟེ། ལག་པ་གཡོན་པ་ཕྱིར་བསྟན་གཡས་པ་ནང་དུ་བསྟན་ཏེ་གཅིག་ཏུ་སྦྱར་ནས། ལག་པའི་སོར་མོ་རྣམས་ཀྱི་གཡོན་པའི་མཐེའུ་ཆུང་ནས་བརྩམས་ཏེ་རེ་རེ་ནས་བཟུང་སྟེ་དཀྲིས་ལ། གྲུ་མོ་བསྣམས་ནས་ཕྱག་རྒྱ་སྙིང་ཁར་བཞག་སྟེ་མཐེ་བོང་གཉིས་ཀྱིས་སོ་སོའི་སྲིན་ལག་མནན་ལ། ལག་པ་གཉིས་ཕྱིར་བསྟན་པ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྩ་བའི་ཕྱག་རྒྱའོ།། ཐབས་དེ་ཉིད་ལས་ལག་པ་གཉིས་བཀན་པ་ནི་བཅིངས་པའི་ཕྱག་རྒྱའོ། ། ལག་པ་གཉིས་ཀའི་མཛུབ་མོ་དང་མཐེ་བོང་གདུ་བུ་ལྟར་ཕན་ཚུན་སྤྲད་པ་འདི་ནི་རྡོ་རྗེ་ལུ་གུ་རྒྱུད་ཐ་དད་པ་ཡིན་ནོ།། མཐེ་བོང་གཉིས་བཀྱེད་པ་ནི་རྡོ་རྗེ་སྒྲོག་གི་ཕྱག་རྒྱའོ། ། གཡོན་པ་བཀན་ལ་གཡས་པ་ཁས་ཕུབ་སྟེ་སོར་མོ་རྣམས་གཅིག་ལ་གཅིག་བསྡམས་པ་འདིའང་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་ཡིན་ནོ།། དེ་ལས་ཁུ་ཚུར་བཅངས་ཏེ་མཐེ་བོང་གཉིས་བརྐྱང་བ་ནི་རྡོ་རྗེ་ཐོག་གི་ཕྱག་རྒྱའོ། ། སོར་མོ་རྣམས་ཕྱེ་སྟེ་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་ཀྱིས་མནན་ཏེ་སྒྲ་དང་བཅས་པར་བརྡང་པ་ནི་དགྲོལ་བའི་ཕྱག་རྒྱའོ།། ཕྱག་འཚལ་བའི་ཐལ་མོའི་སོར་མོ་བསྙམས་ལ་མཛུབ་མོ་གཉིས་སོ་སོར་བཀུག་སྟེ་གུང་མོ་གཉིས་ངོས་ལ་བསྟན་པ་ནི་སངས་རྒྱས་ཀྱི་སྤྱན་གྱི་ཕྱག་རྒྱའོ། ། ཕན་ཚུན་བསྣོལ་ཏེ་སྙིམ་པ་བཟེད་ལ་མཛུབ་མོ་གཉིས་ཀྱི་སེན་མོ་གཅིག་གིས་གཅིག་བཀབ་པ་ནི་སྤྱན་དྲང་བ་ཡིན་ནོ། ། དེ་ལས་བཟློས་པ་ནི་སླར་གཏང་བ་ཡིན་ནོ།། དེ་བཞིན་དུ་ལག་པ་གཡས་པའི་ཁུ་ཚུར་གྱི་རྡོ་རྗེ་ཐོ་བ་ཕྲག་པ་ལོགས་སུ་བཞག་སྟེ་ལྟ་སྟངས་ཀྱིས་སྙིང་ལ་བསྡིགས་པ་ནི་ཁྲོ་བོའི་ཕྱག་རྒྱའོ། ། ཡིག་འབྲུ་བཅུ་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་དབྱུག་པའི་ཡིན་ནོ།། དེ་ཉིད་ལས་བསྟོད་པ་ཁྲོ་བོ་འགྲོ་བའི་ཕྱག་རྒྱའོ།། མཐེ་བོང་བཀྱེད་པ་ནི་གཞོམ་པའི་ཕྱག་རྒྱའོ། ། གཡས་པའི་མཐེ་བོང་དང་མཐེའུ་ཆུང་གཉིས་ཀྱིས་གཡོན་པའི་ཁུ་ཚུར་བཟུང་ལ། མཛུབ་མོ་དང་། གུང་མོ་དང་། སྲིན་ལག་རྣམས་བརྐྱང་སྟེ་མདུང་རྩེ་གསུམ་པའི་དབྱིབས་ལྟར་བྱས་པ་ནི་གཙུག་ནས་བྱུང་གི་ཕྱག་རྒྱའོ། ། མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའང་དེ་ཉིད་ཡིན་ནོ།། གཡོན་པའི་སྲིན་ལག་དང་གུང་མོ་སྦས་པ་ནི་གཙུག་ནས་བྱུང་གི་ཕྱག་རྒྱ་ཐ་དད་པ་ཡིན་ནོ།། ལག་པ་གཡོན་པའི་སྲིན་ལག་དང་གུང་མོ་བཀུག་པ་ནི་མཐེ་བོས་བཟུང་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་བརྐྱང་བ་ནི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཕྱག་རྒྱའོ། ། དེ་ཉིད་མཛུབ་མོའི་ཐོར་ཏོ་མཐེ་བོའི་རྩེ་མོ་ལོགས་སུ་བཏུད་པ་འདི་ནི་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཕྱག་རྒྱ་ཐ་དད་པ་སྟེ་རྡོ་རྗེ་རྩེ་གཅིག་པ་ཡིན་ནོ། ། གཞན་ཡང་ནམ་མཁའ་ལྡིང་དང་དཔལ་གྱི་བེའུའི་དབྱིབས་དེ་ལས་མཐེའུ་ཆུང་དང་སྲིན་ལག་གཉིས་ཀྱི་ཐོར་ཏོ་བཀུག་པ་ནི་མིག་གི་ཕྱག་རྒྱ་ཞེས་གྲགས་སོ། ། མཐེའུ་ཆུང་དང་། སྲིན་ལག་དང་། གུང་མོ་རྣམས་ཀྱི་ཐོར་ཏོ་ལེགས་པར་བཀུག་པ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ།། མིང་མེད་དང་། གུང་མོ་དང་། སྲིན་ལག་དང་། གུང་མོ་རྣམས་ཀྱི་ཐོར་ཏོ་ལེགས་པར་བཀུག་པ་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། ། མཛུབ་མོ་དང་། གུང་མོ་དང་། སྤྲིན་ལག་དང་། མཐེའུ་ཆུང་རྣམས་སྤྲད་ལ། མཐེ་བོང་གཉིས་ཀྱི་ཐོར་ཏོ་གུང་མོ་དང་སྲིན་ལག་གི་མཚམས་སུ་བཞག་པ་ནི་རྟ་མགྲིན་གྱི་ཕྱག་རྒྱའོ། ། དེ་ཉིད་ལས་སྲིན་ལག་དང་གུང་མོ་གཉིས་ཀྱི་ཚགས་ནང་དུ་བཀུག་སྟེ། མཐེའུ་ཆུང་གཉིས་བརྐྱང་བ་ནི་རུས་སྦལ་གྱི་ཕྱག་རྒྱ་གཉིས་པ་ཡིན་ནོ། ། ལག་པ་གཉིས་བླ་འོག་ཏུ་བསྟན་ཏེ་བསྣོལ་ལ། སོར་མོ་རྣམས་གཅིག་ལ་གཅིག་དཀྲིས་ནས་མཐེ་བོང་དང་མཐེའུ་ཆུང་རྣམས་སྤྲད་པ་ནི་རུས་སྦྲུལ་དང་རྡོ་རྗེས་འོག་གི་ཕྱག་རྒྱའོ། ། ལག་པ་གཉིས་ཀ་ཁུ་ཚུར་བཅངས་ལ་གུང་མོ་བརྐྱང་སྟེ་རྡོ་རྗེ་ལྟར་བྱས་ནས་གཡོན་པའི་མཛུབ་མོ་བརྐྱང་བ་ནི་རྡོ་རྗེ་དབྱུག་པའི་ཕྱག་རྒྱའོ།། སྒྲོལ་མའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཐོར་ཏོ་ནས་གང་ཙམ་གྱིས་ཕྱེ་བ་ནི་རྡོ་རྗེ་ཡང་པའི་ཕྱག་རྒྱའོ། ། ནས་གཉིས་ཙམ་གྱིས་ཕྱེ་བ་ནི་བདུད་རྩི་ཐལ་སྦྱོར་གྱི་ཕྱག་རྒྱའོ།། མཛུབ་མོ་གཉིས་བརྐྱང་བ་ནི་ཀུན་ཏུ་ཡངས་པའི་ཕྱག་རྒྱའོ། ། དེ་ནས་མཛུབ་མོ་གཉིས་བརྐྱང་སྟེ་སྤྲད་པ་ནི་པདྨ་ཡངས་པའི་ཕྱག་རྒྱའོ།། མཛུབ་མོ་གཉིས་བརྐྱང་མར་བརྗོད་པ་ནི་རྡོ་རྗེ་ས་འོག་གི་ཕྱག་རྒྱའོ།། དེ་ཉིད་ལས་གུང་མོ་གཉིས་ཀྱི་ཐོར་ཏོའི་ཚོགས་དང་པོ་གདུ་བུ་ལྟར་བཀུག་ལ། མཛུབ་མོ་གཉིས་ཀྱི་རྩེ་མོ་སྤྲད་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱའོ།། གཡོན་པའི་མཛུབ་མོ་བརྐྱང་བ་ནི་རལ་གྲི་དང་དགྲ་སྟའི་ཕྱག་རྒྱའོ།། དེ་ཉིད་ལས་གུང་མོ་དང་སྲིན་ལག་གཉིས་ཐོར་ཏོ་བསྣོལ་ཏེ་སྦྱར་ལ། མཛུབ་མོ་དང་མཐེའུ་ཆུང་བརྐྱང་སྟེ་གུང་མོ་དང་མཐེ་བོང་གཉིས་ཀྱི་རྩེ་མོ་སྦྱར་བ་ནི་རྡོ་རྗེ་སེང་གེའི་ཁྲིའི་ཕྱག་རྒྱའོ།། འཛུབ་མོ་དང་གུང་མོ་གཅིག་ལ་གཅིག་བསྟན་ལ། མཐེ་བོང་བརྐྱང་སྟེ་སྦྱར་ནས་མཐེའུ་ཆུང་ཡང་བརྐྱང་སྟེ་སྦྱར་བ་ནི་རྡོ་རྗེ་ལྕགས་མདའི་ཕྱག་རྒྱའོ།། ལག་པ་གཉིས་བསྣོལ་ལ་མཐེ་བོང་གཉིས་བསྒྲེང་སྟེ་སོར་གཉིས་ཙམ་གྱིས་ཕྱེ་བ་ནི་རུས་སྦྲུལ་གྱི་ཕྱག་རྒྱ་དང་ཕུར་བུ་དབྱུང་བའི་ཕྱག་རྒྱའོ། ། ལག་པ་གཉིས་བསྣོལ་ཏེ་སོར་མོ་ཐམས་ཅད་སྦྱར་བར་བྱ་བ་ནི་རྡོ་རྗེ་ར་བའི་ཕྱག་རྒྱའོ།། ལག་པ་གཉིས་བཀན་ལ་མཐེའུ་ཆུང་ནང་དུ་སྦྱར་ཏེ་མཛུབ་མོ་དང་། གུང་མོ་དང་། སྲིན་ལག་རྣམས་རྒྱབ་ཏུ་བསྒྲེངས་ནས་མཛུབ་མོ་དང་། གུང་མོ་དང་། སྲིན་ལག་རྣམས་ཀྱིས་མནན་ཏེ། མཐེ་བོང་གཉིས་རུས་སྦལ་གྱི་ཕྱག་རྒྱ་བཞིན་དུ་བྱས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱའོ། ། སྲིན་ལག་ནང་དུ་བཀུག་ལ་མཐེ་བོང་གཉིས་ཀྱི་ཚགས་དྲང་པོར་མནན། མཛུབ་མོ་གཉིས་ཀྱི་རྩེ་མོ་གུང་མོ་གཉིས་ཀྱི་ཚོགས་དང་པོར་སྦྱར་ནས་མཐེའུ་ཆུང་གཉིས་དྲང་པོར་སྦྱར་བ་ནི་མཚོན་ཆ་ཆེན་པོའི་ཕྱག་རྒྱའོ། ། དེ་ཉིད་ལས་མཛུབ་མོ་གུང་མོ་གཉིས་ཀྱི་སེན་མོ་ལ་བརྟེན་པ་ནི་མཚོན་ཆ་མཆོག་གི་ཕྱག་རྒྱའོ།། མཚོན་ཆ་ཆེན་པོའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་ཚོགས་དང་པོའི་བསྲུབས་ཀྱི་གློར་བཞར་བ་ནི་མཚོན་ཆའི་ཤུགས་ཀྱི་ཕྱག་རྒྱའོ། ། དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཐོར་ཏོ་གུང་མོའི་ཚོགས་དང་པོ་ནས་ཅུང་ཟད་བཀུག་སྟེ་གུང་མོ་གཉིས་ཀྱི་ཚོགས་དབུ་མར་སྦྱར་བ་ནི་མཚོན་ཆའི་སྙིང་པོ་ཡིན་ནོ། ། མཚོན་ཆ་ཆེན་པོ་དེ་ཉིད་ལས་སྤྲིན་ལག་དང་མཐེ་བོང་ངོས་སྦྱར་བ་ནི་ཚོལ་བའི་མཚོན་ཆའོ།། ལག་པའི་ཕྱག་རྒྱ་དྲང་ཐབས་སུ་སྦྱར་བ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིན་ཏེ་ཕྱག་འཚལ་བའི་ཕྱག་རྒྱ་དང་འདྲའོ།། ནམ་མཁའ་ལྡིང་གི་དཔལ་བེའུའི་ཕྱག་རྒྱ་ལྟར་སྲིན་ལག་ཕྱེ་སྟེ་མཐེ་བོང་གཉིས་དྲང་པོར་གཞིབས་པའང་རྡོ་རྗེ་དབྱུག་སྔོན་གྱི་ཕྱག་རྒྱའོ། ། དེ་ཉིད་ལས་མཐེ་བོང་གཉིས་ཀྱི་ཚོགས་དང་པོ་ལེགས་པར་བཀུག་སྟེ་སྲིན་ལག་གཉིས་ཀྱི་དྲུང་དུ་བརྟེན་པ་ནི་རྡོ་རྗེ་དབྱུག་པའི་ཕྱག་རྒྱའོ།། མདའ་བོ་ཆེའི་དབྱིབས་ལྟར་གུང་མོ་གཉིས་ཀྱི་དྲུང་དུ་མཐེ་བོང་གཉིས་གཞིབས་པའི་རྩེ་མོ་བཀུག་པ་ནི་གཙུག་ཏོར་གྱི་ཕྱག་རྒྱའོ། ། པདྨའི་གདན་གྱི་དབྱིབས་ལྟར་བྱས་ཏེ་གུང་མོ་གཉིས་ཀྱི་ཐོར་ཏོ་སྤྲད་པ་ནི་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའོ། ། མཐེའུ་ཆུང་དང་སྲིན་ལག་གདུ་བུ་ལྟར་བཀུག་ལ་དེ་བཞིན་དུ་སྤྱད། གུང་མོ་གཉིས་གཞིབས་པ་མནན་ནས་གཞིབས་པའི་ཚོགས་དང་པོར་མཛུབ་མོ་གཉིས་གཞར་བ་ནི་འདོད་པའི་རྡོ་རྗེ་མའོའོ། ། དེ་ཉིད་ལས་མཐེ་བོང་གཉིས་སྲིན་མོ་སྤང་བ་དེ་ལ་སྲིན་ལག་གཉིས་སྦྱར་བ་ནི་ལུས་ལས་བྱུང་གི་ཕྱག་རྒྱའོ།། ཐལ་བའི་ཁུ་ཚུར་ནི་འཇོམས་བྱེད་ལྔ་ཕྱག་རྒྱའོ། ། ལག་པ་གཉིས་བཀན་ཏེ་སོར་མོའི་ཕྱི་རོལ་དུ་བསྣོལ་མར་བརྐྱང་ལ། མཛུབ་མོ་བསྲང་སྟེ་ཐོར་ཏོ་སྦྱར་ནས་མཐེ་བོང་བརྐྱང་ནས་མདུང་རྩེ་གསུམ་པའི་དབྱིབས་ལྟར་བྱས་པ་ནི་ལྷ་མུའི་ཕྱག་རྒྱུའོ། ། མཐེའུ་རླུང་དང་སྲིན་ལག་གི་ཐོར་ཏོ་མཐེ་བོས་མནན་ལ་སོར་མོ་ལྷག་མ་རྣམས་བརྐྱང་སྟེ་མདུང་རྩེ་གསུམ་པའི་ཕྱག་རྒྱའོ།། ལག་པ་གཉིས་བ་ཀན་ཏེ་སོར་མོའི་དབྱིབས་ལྟར་བྱས་པ་ནི་ལུས་དཔག་མེད་ཀྱི་ཕྱག་རྒྱའོ། ། ལག་པ་གཉིས་ཀྱི་གླང་པོ་ཆེའི་སྣའི་དབྱིབས་ལྟར་བྱས་པ་ནི་འཇིགས་བྱེད་ཀྱི་ཕྱག་རྒྱའོ།། སྨིན་མའང་བཀུག་པ་ནི་ཁྲོ་བོ་དབང་ཕྱུག་གི་ཡིན་ཏེ། འདི་དག་ནི་རིག་སྔགས་ཀྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཕྱག་རྒྱ་ཡིན་ནོ། ། མཛུབ་མོ་གཉིས་སོ་སོའི་གུང་མོའི་དྲུང་དུ་བཀུག་པ་ནི་ལོག་འདྲེན་རྣམས་ཀྱི་ཕྱག་རྒྱའོ།། ལག་པའི་ཁུ་ཚུར་ནམ་མཁའ་ལྟར།། ཁོང་སྟོང་སྦྱར་ནས་དེ་བཞིན་དུ། ། མཐེ་བོང་གཉིས་ཀྱང་བསྟོད་པ་ནི།། ཚངས་པ་ཞེས་ནི་བྱ་བར་བཤད།། མཐེ་བོང་གཉིས་ནི་བཏུད་ནས་ཀྱང་།། ཅུང་ཟད་བསྟོད་པ་ཁྱབ་འཇུག་གི། གུང་མོ་གྱེན་དུ་བསྒྲེང་བྱས་ལ། ། དེ་ཡི་སྟེང་དུ་མཛུབ་མོ་དང་།། མཐེ་བོང་ལྷན་ཅིག་བཞག་པ་ནི།། ཉི་མ་ཡི་ནི་ཡིན་པར་བཤད།། གཡོན་པའི་སོར་མོ་བཞི་པོ་རྣམས།། གཡས་པ་ཡིས་ནི་བཙུམ་པར་བྱ།། དེ་ལྟར་ཁུ་ཚུར་བཅང་བྱས་ནས།། མཐེ་བོང་གཉིས་ནི་བསྐྱེད་དེ་སྦྱར།། གཡོན་པ་མཐོང་བར་བྱས་པ་ནི།། མིག་གཡོན་གྱི་ནི་ཕྱག་རྒྱ་ཡིན།། ལག་པ་གཡས་པའི་མཐེ་བོང་དང་།། མཛུབ་མོ་ཡང་ནི་དེ་བཞིན་སྦྱར། ། སོར་མོ་གསུམ་པོ་རྣམས་ཀྱང་ནི།། མཐེ་བོང་ལྷན་ཅིག་སྦྱར་བྱ་ཞིང་།། བྱི་ལའི་སྡེར་མོའི་དབྱིབས་འདྲ་བ།། ཞབས་ཀྱི་སྙིང་པོའི་ཕྱག་རྒྱ་འདི།། འཇིག་རྟེན་གསུམ་གྱི་མཆོད་པ་ཡིན། ། སོར་མོ་དག་ནི་བཞི་པོ་རྣམས།། ལག་པ་གཡོན་པས་བཅང་བར་བྱ།། གཡོན་པའི་མཐེ་བོང་བསྐྱེད་ནས་ནི།། གཡས་པ་ཡང་ནི་བསྟོད་པར་བྱ།། དྲག་པ་གཉིས་ཀྱི་རྒྱབ་ཏུ་ནི། ། རྟག་ཏུ་འདུག་པར་བྱ་བ་ཡིན།། སོར་མོ་ཡི་ནི་མཛུབ་མོ་དང་།། གུང་མོའི་ཚོགས་ཀྱི་བར་དུ་ནི།། མཐེ་བོང་གཉིས་ཀྱི་ཐ་མའི་ཚིགས།། སྦྱར་ཞིང་ལེགས་པར་གཞག་པར་བྱ། ། གཡོན་པའི་མཁྲིག་མའི་ཕྱོགས་སུ་ནི།། གཡས་པའི་མཐེ་བོང་བརྟེན་བྱས་པ།། སེང་གེའི་རྣ་བ་འདྲ་བ་སྟེ།། ཕྱག་རྒྱ་དཔལ་ལྡན་སྙིང་པོ་ཡིན།། ཕྱག་རྒྱ་གསུམ་པོ་འདི་དག་ནི།། འཁྲུལ་འཁོར་རྣམས་ཀྱི་སྙིང་པོར་བཤད།། འདི་དག་གིས་ནི་སྦྱར་བྱས་ཤིང་།། གསང་སྔགས་ལྡན་པར་བྱས་ན་ནི།། འཁྲུལ་འཁོར་འོད་འབར་གང་ཡིན་དང་།། འཁྲུལ་འཁོར་རྩེ་མོ་མི་བཟད་གང་། སྣང་བ་དང་ནི་མི་སྣང་དང་།། ཆེ་ཆུང་དང་ནི་དཀར་ནག་རྣམས།། ཐམས་ཅད་ཀྱང་ནི་འཇིགས་འགྱུར་ཏེ།། འདི་ལ་སྤྱད་པར་མི་བྱའོ།། འཁྲུལ་འཁོར་ཕྱག་རྒྱ་གསུམ་བཤད་པ། བྷྱོ་ཙུགས་གསུམ་པ་ཡིན་པར་བཤད།། དེ་ལ་གཉིས་ཀའི་སོར་མོ་ལྡན།། འོག་གི་ཕྱོགས་སུ་བརྟེན་བྱ་ང་།། མཐེ་བོང་འདིཛི་ནི་དེ་བཞིན་ནོ།། ཀླུང་མོ་གྱེན་དུ་བསྒྲེངས་ནས་ནི།། གཉིས་ཀ་ཝཱན་ཅིག་སྦྱར་བྱ་བ། ། ནམ་མཁའ་ཕྱག་རྒྱར་བརྟེན་པ་སྟེ།། ལྷ་ཆེན་གྱི་ནི་ཡིན་པར་ཤེས།། བདག་ཉིད་དང་ནི་ལྡན་པ་ཡིན།། གཡོན་པའི་གུང་མོ་གང་ཡིན་པ།། གཉིས་ཀ་ཡིནི་བར་དུ་བཞུག་ལག་པ་གཉིས་ཀའི་སོར་མོ་ཡི། ། ལྷག་མ་ཡང་ནི་དབྱེད་པར་བྱེད།། མཐེ་བོང་གཉིས་ཀྱང་བཀྱེད་བྱ་སྟེ།། ལྷ་མོའི་ཕྱག་རྒྱ་ཡིན་པར་བཤད།། མདོར་ན་ཕྱག་རྒྱ་འདི་དག་ནི།། བྱས་རྣམས་རྣམས་གྲུབ་པ་སྟེ། ། བགེགས་རྣམས་ཞི་བར་འདོད་པ་བཞིན།། རབ་ཏུ་བསྒྲིམས་ཏེ་སྦྱར་བར་བྱ།། དེ་ལས་གཞན་པ་རྒྱུད་ཀུན་གྱི།། དོན་ཀུན་སྒྲུབ་པར་བྱེད་པ་ཡི།། ཕྱག་རྒྱ་སྤྱི་ཡི་སྒྲུབ་པའི་ཐབས། ། འདི་དག་ཀྱང་ནི་བཤད་པར་བྱ།། སྤྱན་དྲང་ལ་སོགས་དོན་རྣམས་ལ།། སྲུང་བ་ལ་སོགས་ལས་རྣམས་ལས།། སྒྲུབ་པ་པོས་ནི་རིམ་བཞིན་དུ།། ཕྱག་རྒྱ་འདི་དག་སྦྱར་བར་བྱ།། ཕྱག་རྒྱ་ཀུན་གྱི་ཆོ་ག་ཡི།། གཏང་བ་དང་ནི་དགུག་པ་ལ།། ཤིན་ཏུ་བཟླས་པའི་སྒྲུབ་པ་པོ།། བགེགས་རྣམས་དང་ནི་ལོག་འདྲེན་གྱིས།། རིང་དུ་ཡོངས་སུ་སྤོང་བར་བྱེད།། ཐོག་མར་ལས་ནི་ཐམས་ཅད་ལ། ། བགེགས་ཀུན་ཞི་བར་བྱ་བའི་ཕྱིར།། བགེགས་རྣམས་ཀུན་གྱི་དགྲར་གྱུར་པ།། བདུད་རྩི་ཐབ་སྦྱོར་བཤད་པར་བྱ།། ལག་པ་གཉིས་ཀའི་མཐེ་བོང་གཉིས་ཀྱིས་མཐེའུ་ཆུང་གི་སེན་མོ་མནན་ལ། སོར་མོ་ལྷག་མ་རྣམས་ཀྱི་བར་ནས་གང་ཙམ་གྱིས་ཕྱེ་སྟེ་རྡོ་རྗེའི་མཚན་ཉིད་དུ་བྱས་ལ། དེ་ཉིད་ལས་བསྣོལ་ཏེ་དཔུང་མགོར་བཞག་ནས་མཆེ་བ་མནན་ལ་དྲག་ཏུ་ལྟ་ཞིང་ཁུར་བ་བུས་ཏེ་རྐང་པ་ཕྲལ་ལ་འགྲེང་ཞིང་། གཡས་བརྐྱང་གི་ཚུལ་གྱིས་ལུས་བཏུད་བ་ནི་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་རྩ་བའི་ཕྱག་རྒྱའོ།། འདི་མངོན་སུམ་དུ་བསྟན་ཏེ། ལོག་འདྲེན་རྣམས་དང་གདོན་གཞན་རྣམས་ཆིངས་ཤིག་ཅེས་བྱས་ན་བཅིངས་པར་འགྱུར་རོ། ། ལག་པ་གཡོན་པའི་རྡོ་རྗེ་གང་ཡིན་པ་དེ་ནི་ལས་ཀྱི་རྡོ་རྗེ་ཞེས་བྱའོ།། གཡས་པ་ནི་དམ་ཚིག་གི་རྡོ་རྗེ་ཡིན་ནོ།། སྙམ་བབ་ཀན་ལ་མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཞག་ནས་མཛུབ་མོ་གཉིས་དབུས་བཀུག་ལ་གུང་མོ་གཉིས་གཞིབས་པ་དེའི་ཚོགས་དང་པོར་བསྟན་ཏེ། མཐེ་བོང་གཉིས་གློལ་བཅར་ནས་སྙིམ་པའི་ཐབས་སུ་བྱས་པ་ནི་ཁྲུས་ཀྱི་ཕྱག་རྒྱ་སྟེ། ཁྲུས་བྱེད་པའི་ཚེ་དེ་ལ་ལན་བདུན་བཟླས་བརྗོད་བྱས་ནས་ཕྱག་རྒྱའི་ཆུ་མགོ་བོར་བླུགས་ན། བགེགས་རྣམས་ལས་གྲོལ་ཞིང་ཁྲུས་བྱས་ནས་ཀྱང་འཇུག་པར་མི་འགྱུར་རོ། ། དེ་ཉིད་ལས་མཐེ་བོང་གཉིས་བར་དུ་བཅུག་ལ་གཞན་ཐམས་ཅད་སྔ་མ་བཞིན་དུ་བྱས་པ་ནི་སྲུང་བའི་ཕྱག་རྒྱ་སྟེ། མགོ་བོ་དང་། ལག་པ་གཉིས་དང་། སྙིང་ཁ་དང་ལྐོག་མ་དང་། གནས་ལྔར་རིམ་པ་བཞིན་གཏུག་པར་བྱའོ།། དེ་ཉིད་ལས་མཛུབ་མོ་གཉིས་བཀུག་མཐེ་བོང་གཉིས་ཚིག་དང་པོའང་ནང་དུ་བཏུད་པ་ནི་ལྷ་ཐམས་ཅད་ཀྱི་སྤྱིའི་ཁྲུས་ཀྱི་ཕྱག་རྒྱའོ།། སྲུང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཏང་སྟེ་རྡོ་རྗེའི་ཚུལ་དུ་བྱས་པ་ནི་སྲུང་བ་ཆེན་པོ་ལོག་འདྲེན་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ཏེ། སྙིང་ཁར་བཞག་ལ་ཉི་མ་གཅིག་བཟླས་བརྗོད་བྱས་ན་ལོག་འདྲེན་གྱིས་ཟིན་པ་ལས་གྲོལ་བར་འགྱུར་ཏེ། གདོན་ཐམས་ཅད་ལའང་དེ་བཞིན་དུ་སྦྱར་བར་བྱའོ།། གཡོན་པའི་སོར་མོ་གཉིས་ཀྱིས་མཐེ་བོང་སྦས་ཏེ་གདུ་བུ་ལྟར་འདུག་པའི་ནང་དུ་མཐེའུ་ཆུང་དང་མཛུབ་མོ་གཉིས་དབུས་བཀུག་པའི་ཐོར་ཏོ་བཅུག་ལ། ལག་པ་གཡས་པ་སྟ་ཟུར་ཕྱོགས་སུ་རྡོ་རྗེར་བྱ་སྟེ། ལས་ཐམས་ཅད་ལ་དྲི་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་ཐམས་ཅད་ལ་སྦྱར་ན་བགེགས་འོང་བར་མི་འགྱུར་རོ།། རྡོ་རྗེ་དེ་ཉིད་གཡོན་པའི་གུང་མོ་ཕྱོགས་སུ་བཟུང་ན་གཟི་བྱིན་སྟེར་བར་འགྱུར་རོ།། གཡོན་པའི་སྲིན་ལག་བསྒྲེངས་པའི་ངོས་ལ་མཐེའུ་ཆུང་དང་གུང་མོ་བསྣོལ་བ་བསྟན་ཏེ། མཛུབ་མོས་མཐེའུ་ཆུང་གི་ཐོར་ཏོ་དམ་དུ་བཟུང་ནས་མཛུབ་མོ་དང་གུང་མོ་ཐོར་ཏོ་མཐེ་བོས་མནན་པ་ནི་བཅོམ་ལྡན་འདས་དེ་ཉིད་ཀྱི་མཆེ་བའི་ཕྱག་རྒྱ་སྟེ། གདོན་ཐམས་ཅད་དང་བགེགས་ཆེན་པོ་རྣམས་ལ་སྦྱར་བར་བྱའོ།། སོར་མོ་རྣམས་ཕན་ཚུན་བསྣོལ་ལ་མཐེ་བོང་གཉིས་ནང་དུ་བཅུག་པའི་སྟེང་དུ་མཛུབ་མོའི་ཚོགས་གཅིག་བཀུག་སྟེ། གདུ་བུའི་ཐབས་སུ་སྤྲད་པ་ནི་ཆུ་བསལ་བའི་ཕྱག་རྒྱ་སྟེ། ཆུ་ལ་བསྐོར་ནས་ཅི་དགའ་བར་ཁྲུས་བྱའོ། ། རྡོ་རྗེའི་ཕྱག་རྒྱ་ལ་མཛུབ་མོ་བཀུག་པ་ནི་དེ་ཉིད་སྤྱན་དྲང་བའི་འོ།། གཉིས་ཀ་བརྐྱང་བ་ནི་སླར་གཏང་བ་ཡིན་ཏེ། བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱ་ཡིན་ནོ།། ལག་པ་གཡོན་པའི་རྡོ་རྗེ་གང་ཡིན་པ་ནི་ཁྲོ་བོ་ཆེན་པོའི་ཕྱག་རྒྱ་སྟེ། བཅིང་བ་དང་དཀྱིལ་འཁོར་གྱི་སྐབས་སུ་བཤད་པའི་ལས་གང་དང་གང་ཡིན་པ་དེ་དང་དེ་ལ་ཁྲོ་བོ་ཆེན་པོ་སྦྱར་བར་བྱའོ།། སྤྱན་དྲང་བ་དང་སླར་གཏང་བ་ལའང་ཕྱག་རྒྱ་རྣམས་ཇི་ལྟ་བ་བཞིན་དུ་སྔགས་དང་སྦྱར་བར་བྱའོ། ། རིགས་ཀྱི་ཕྱག་རྒྱ་ཐམས་ཅད་ལའང་དེ་དག་ཉིད་ཀྱིས་སྦྱར་བར་བྱའོ།། སྙིམ་པ་ལས་མཐེའུ་ཆུང་དང་སྲིན་ལག་པན་ཚུན་བསྣོལ་ཏེ་མཐེ་བོང་གཉིས་གློ་ལ་གཞར། མཛུབ་མོ་གློང་དེ་དབུས་བཀུག་ལ་གུང་མོ་གཞིབས་པའི་ཚོགས་དང་པོར་བཞག་པ་ནི་རིག་གསུམ་ཆར་གྱི་སྤྱིའི་མཆོད་ཡོན་གྱི་ཕྱག་རྒྱའོ། ། དེ་བཞིན་དུ་སོར་མོ་ཕྲུག་གསུམ་ཕན་ཚུན་བསྣོལ་ལ་མཛུབ་མོ་བརྐྱང་བའི་ཐོར་ཏོ་སྤྲད་ནས་མཐེ་བོང་གཉིས་ཀྱི་སྦྱོར་བཞག་སྟེ་སྙིམ་པའི་ཐབས་སུ་བྱས་པ་ནི་མེ་ཏོག་གི་ཕྱག་རྒྱའོ།། ཨུ0f7f་པ་བཀན་ལ་མཐེའུ་ཆུང་གཞབས་ཏེ། དེའི་རྒྱབ་ཏུ་སྲིན་ལག་གཞིབས་ཏེ་གཞར། དེའི་རྒྱབ་ཏུ་གུང་མོ་གཞིབས་ལ་མཛུབ་མོ་གཉིས་ལོགས་ཤིག་ཏུ་བརྐྱང་སྟེ། གཞིབས་ནས་མཐེ་བོང་གཉིས་གློ་ལ་གཞར་ཏེ་སྙིམ་པའི་ཐབས་སུ་བྱས་པ་ནི་བདུག་པའི་ཕྱག་རྒྱའོ། ། སྙིམ་པ་བཟེད་མཛུབ་མོ་གཉིས་ཅུང་ཟད་བཀུག་པ་ནི་སྤྱིའི་ལྷ་བཤོས་ཀྱི་ཕྱག་རྒྱ་སྟེ་ནང་དུ་མེ་ཏོག་གཞག་པར་བྱའོ།། ལག་པ་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱར་བྱས་ལ་གཡོན་པ་མཁྲིག་མ་ནས་གདུ་བུ་ལྟར་བཟང་བ་ནི་དྲིའི་ཕྱག་རྒྱའོ། ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཐེ་བོང་དང་གུང་མོ་གཞིབས་པ་ནི་སྤྱིའི་མར་མེའི་ཕྱག་རྒྱའོ།། མཐེ་བོང་དང་སྲིན་ལག་གཉིས་ཀྱིས་སྔགས་ཀྱི་ནོར་བུ་བཟུང་ལ་མཐེའུ་ཆུང་དང་གུང་མོ་བརྐྱང་སྟེ། མཛུབ་མོའི་དབུས་བཀུག་ནས་གུང་མོའི་རྒྱབ་ཀྱི་ཚིགས་དང་པོར་བཞག་པ་འདི་ནི་རིག་སྔགས་ཀྱི་ནོར་བུའི་ཕྱག་རྒྱའོ། ། སྙིམ་པའི་ནང་དུ་སྔགས་ཀྱི་ནོར་བུ་བླངས་ལ་གསང་སྔགས་བཟླས་བརྗོད་བྱས་ན་དག་པར་བྱས་པར་འགྱུར་རོ།། ལག་པ་གཡས་སྐྱབས་སྦྱིན་གྱི་ཚུལ་དུ་བྱས་ཏེ་བསྟན་ལ་མཛུབ་མོ་བཀུག་ནས་མཐེ་བོང་ཡང་ལག་པའི་མཐིལ་དུ་བཀུག་པ་ནི་མེ་སྤྱན་དྲང་བའི་འོ། ། མཛུབ་མོ་དང་མཐེ་བོའི་ཐོར་ཏོ་བཀུག་སྟེ་ལྷན་ཅིག་སྦྱར་བ་ནི་མེ་སླར་གཏང་བའི་འོ།། གཡས་པའི་རྡོ་རྗེ་གང་ཡིན་པ་དེ་ནི་སེམས་དཔའ་ཡིན་ནོ། ། ལག་པ་གཉིས་གུང་མོ་གཉིས་དང་སྤྲད་དེ་སྦྱར་ལ་གཞན་བསྣོལ་ནས་བླ་འོག་ཏུ་བསྟན་ཏེ་དྲ་བའི་ཐབས་སུ་བྱ་བ་ནི་རྡོ་རྗེ་དྲ་བའི་འོ།། མཛུབ་མོ་དང་མཐེའུ་ཆུང་གཞིབས་ལ་མཐེ་བོང་གཉིས་བཀྱེད་ནས་འོག་དང་ཐད་ཀར་ས་ལ་བཞག་སྟེ། གསང་སྔགས་བཟླས་བརྗོད་བྱས་ན་ལས་ཐམས་ཅད་ལས་གཞི་བསལ་བ་དང་ཡོངས་སུ་བཟུང་བ་བྱས་པར་འགྱུར་ཏེ། རིགས་ཀྱི་སྤྱིའི་སྙིང་པོའི་ཕྱག་རྒྱ་ཡིན་ནོ། ། ལྷ་རྣམས་ལ་བསྟན་ནའང་ལྷ་རྣམས་དགའ་བར་བྱས་པ་དང་། བསྐུལ་བར་བྱས་པར་འགྱུར་རོ།། ཁྲོ་བོ་ཀི་ལི་ཀི་ལའི་ཕྱག་རྒྱ་བཅིངས་ལ་ཕྱག་འཚལ་བའི་ཐལ་མོ་ལས་སོར་མོ་རྣམས་སྦྱར་བ་ནི་མཆོད་པའི་ཕྱག་རྒྱའོ། ། བསྣོལ་མར་སྦྱར་བ་ནི་ཕྱག་འཚལ་བའི་ཕྱག་རྒྱའོ།། མེ་ཏོག་ལ་སོགས་པ་མ་འབྱོར་ནའང་ཕྱག་རྒྱ་བཅིངས་པས་འབྱོར་པ་བྱས་པར་འགྱུར་རོ།། ལས་ཐམས་ཅད་ལའང་བསྐྲད་པ་ནི་ལས་ཀྱི་རྡོ་རྗེས་བྱའོ། ། སངས་རྒྱས་སྤྱན་གྱི་ཕྱག་རྒྱ་ནི་ཐམས་ཅད་དུ་རིག་སྔགས་བསྲུང་བར་བྱའོ།། སོར་མོ་ཕན་ཚུན་སྦྱར་ཏེ་ཁུ་ཚུར་བཅངས་ལ་གུང་མོ་གཞིབས་པའི་ཕྱི་རོལ་དུ་མཛུབ་མོ་རྡོ་རྗེ་ལྟར་བྱས་ནས་མཐེ་བོང་གཉིས་གློ་ལ་གཞར་བ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་སྟེ། ངན་དུ་བྱས་པ་དག་ལའང་སྲུང་བ་ཆེན་པོ་ཡིན་ལ། ཉེ་འཁོར་དུ་མཚམས་བཅད་དེ་འཁོར་ལོས་སྒྱུར་བ་བཟླས་བརྗོད་བྱས་སུ་ཟིན་ཀྱང་སུས་ཀྱང་རིག་སྔགས་ཀྱི་མཐུ་ཉམས་པར་བྱེད་མི་ནུས་སོ། ། ཁྲོ་བོ་འཆོལ་པའི་སྦས་པའི་ཕྱག་རྒྱ་ལའང་བསྲུང་བར་འགྱུར་ཏེ། འདི་དག་ནི་སྒྲུབ་པ་རྣམས་ཀྱི་སྤྱིའི་ཕྱག་རྒྱ་ཡིན་ནོ། ། དེ་ལས་གཞན་ཡང་སྦྱིན་སྲེག་གི་གསང་སྔགས་ལས་གང་གི་སྐབས་སུ་བསྟན་པ་ལུང་ལས་ཇི་སྐད་འབྱུང་བ་དེ་དག་ལའང་ལས་ཀྱི་ཕྱག་རྒྱ་སྦྱར་བར་བྱའོ།། རྡོ་རྗེའི་ཕྱག་རྒྱ་ནི་རྡོ་རྗེའི་རིགས་ཐམས་ཅད་སྤྱིའི་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་བཤད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་དྷ་ར་སྱ། ན་མོ་བིདྱཱ་ག་ན་སྱ་སྟྭཾ། འདི་ནི་སྙིང་པོ་ཡིན་ཏེ་དེ་བཞིན་དུ། ། རྡོ་རྗེ་རིགས་ཆེན་དེ་དང་ནི།། རིག་སྔགས་རིགས་ནི་ཐམས་ཅད་ཀྱི།། རིག་སྔགས་བློན་མོ་བདུན་རིག་དང་།། རིག་སྔགས་ཡན་ལག་བདུན་དང་བཅས།། འདོད་པའི་རྡོ་རྗེ་འཛིན་གྱིས་བཤད། ། དང་པོ་འདོད་པའི་རྡོ་རྗེ་མ།། རིག་སྔགས་རྡོ་རྗེ་མེ་ཏོག་བཞིན།། ལས་མཆོག་ལ་ནི་གཉིས་པ་ཡིན།། རྫུ་འཕྲུལ་དང་ནི་སྟོབས་ལྡན་པ།། རྡོ་རྗེ་སྒྲོག་ཅེས་བྱ་བ་དང་།། འོག་པག་སེར་མོ་གཏུམ་མོ་དང་། ། དེ་བཞིན་རྡོ་རྗེ་ཚུགས་པར་དཀའ།། རིག་སྔགས་ཆེན་མོ་བདུན་དེ་དག། ཉི་མ་བདུན་དང་སྟོབས་མཉམ་ཞིང་།། སེམས་ཅན་ཚོགས་ཀུན་མཆོག་རྣམས་ལ།། ཐལ་མོ་སྦྱར་ཏེ་ཕྱག་ཀྱང་བྱ། ། གཞན་ཡང་ཡ་མཚན་ལས་འདས་ཤིང་།། དུས་ཀྱི་མཐའ་ཡི་མི་འདྲ་བ།། རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ།། དེ་ལ་ཡང་དང་ཡང་དུ་འདུད།། དེ་བཞིན་རྡོ་རྗེ་ཐོག་ཐག་ནི།། འབྱུང་པོ་རྣམས་ལ་ཐོག་ཐོག་བཞིན། ། གཟུང་དཀའ་རིག་སྔགས་ལས་ཀུན་བྱེད།། ལྷོ་ཕྱོགས་སྒོ་ནི་སྲུང་བ་དང་།། རྡོ་རྗེ་ཁུ་ཚུར་མཆོག་སྦྱིན་དང་།། གཏུམ་པོ་ཆེན་པོ་སྟོབས་པོ་ཆེ།། བདག་དང་གཞན་ཀུན་སྲུང་བའི་མཆོག། བྱང་ཕྱོགས་སྒོ་ནི་སྲུང་བ་དང་།། ཕོ་ཉ་ཆེན་མོ་གྲུབ་པ་བཅུ།། དེ་བཞིན་དེ་དག་གཡོག་མོ་རྣམས།། ཕོ་ཉ་མ་ནི་དྲུག་ཅུ་བཞི།། རིག་སྔགས་ཚོགས་ནི་སྣ་ཚོགས་དང་། ། རྡོ་རྗེ་དབྱུག་པ་ཉི་མ་ལ།། རྡོ་རྗེ་རིགས་ཀྱི་སློབ་དཔོན་གྱིས།། གྲུབ་པའི་རྡོ་རྗེ་ཆོ་ག་ཡིས།། སྙིང་ནས་ཀྱང་ནི་ཕྱག་བྱས་ནས།། དེ་ལས་གཞན་རྣམས་བཤད་པར་བྱ།། ལས་ཀྱི་དཀྱིལ་འཁོར་གཙོ་བོ་ནི། ། ཇི་བཞིན་དུ་ནི་བྲིས་ནས་ཀྱང་།། གདོན་གྱི་ལས་རྣམས་བསྒྲུབ་པར་བྱ།། གང་གི་མིང་ནི་སྤོས་ཙམ་གྱིས།། མ་བཅོས་པར་ཡང་གདོན་རྣམས་འཇིག། དབང་པོའི་རྒྱལ་མཚན་བསྟན་པ་ཡིས། ། མ་བཅོས་ལྷ་མིན་འཕམ་པ་བཞིན།། འབྱུང་པོ་ཀུན་ལས་གྲོལ་བའི་ཐབས།། འཇིག་རྟེན་ཀུན་ཏུ་མཆོག་གྱུར་གྲང་།། ཐམས་ཅད་ཞི་བར་བྱེད་པ་ཡི།། དམ་པ་གང་ཡིན་བཤད་པར་བྱ། ། གང་ཞིག་ཚུལ་བཞིནི་དྲན་བྱས་ཤིང་།། བསྒྲིམས་ཏེ་མཆོད་པ་བྱས་ན་ནི།། འབྱུང་པོ་ཀུན་གྱིས་མི་ཚུགས་ལ།། འཇིགས་མེད་བདེ་བར་གནས་པར་འགྱུར།། འཇིག་རྟེན་འཇིག་རྟེན་སློབ་དཔོན་འདྲ། ། འཇིག་རྟེན་གྱི་ནི་སྣང་བྱེད་མཆོག། འབྱུང་པོའི་ཚོགས་ནི་ཐམས་ཅད་ཀྱིས།། རྟག་ཏུ་ལྷ་ཆེན་བཞིན་དུ་མཆོད།། མཆོག་གྱུར་མཆོག་གིས་མཆོད་པ་དེས།། ཆོ་ག་བཞིན་དུ་རྒྱས་པར་ནི། ། གདོན་གྱི་མཚན་ཉིད་བར་དུ་ཡང་།། ལེགས་པར་རབ་ཏུ་བཤད་པར་བྱ།། ཟླ་ཕྱེད་ཡུད་ཙམ་ཉིན་མོ་དང་།། རྒྱུ་སྐར་དག་ནི་བཟང་བ་ལ།། གཙང་ཞིང་གོས་གཙང་བགོས་པ་དང་། ། བསྡམས་ཤིང་ངེས་པར་གནས་པ་དང་།། གཙང་མའི་གྲོགས་དང་ལྡན་པ་དང་།། གཙང་མའི་ལམ་དུ་ཞུགས་པ་ཡིས།། ཡར་གྱི་ངོ་ནི་ཚེས་གཅིག་གམ།། ཚེས་གཉིས་དེ་བཞིན་ལྔ་ཡང་རུང་། ། ཚེས་དྲུག་གམ་ནི་བརྒྱད་དམ་བཅུ།། བཅུ་གསུམ་ཡང་ན་ཉ་དག་གི། ཉིན་པར་ཡོངས་སུ་གཟུང་བར་བྱ།། བ་པ་དང་ནི་བ་ལ་པ།། བེ་ཤྭ་དེ་བདེ་བཞིན་ཏེ།། ཡང་ན་ཏེའུ་ཏུ་ལའང་རུང་།། ཞག་ཕྱེད་ཡོངས་སུ་གཟུང་བར་བྱ།། ཤྭ་ཏ་མེ་ཏྲ་བ་ལ་དང་།། ཤ་ར་མ་ཐ་ཨ་བི་ཙི།། ཛ་ཡ་སེའུ་མེའི་ཡུད་ཙམ་ལ།། དཀྱིལ་འཁོར་དམ་པ་བྱ་བ་ཡི།། བསྒྲིམས་ཏེ་ལག་ན་རྡོ་རྗེ་དང་། ། རྒྱལ་དབང་ལ་ནི་ཕྱག་བྱས་ནས།། ཞི་ཞིང་སྔན་ཆད་ལས་བྱས་པའི།། ས་ཕྱོགས་མཁས་པས་འགྲོ་བར་བྱ།། ཀུན་དགའ་ཚོང་དུས་གཙུག་ལག་ཁང་།། གྲོང་དང་གྲོང་ཁྱེར་བྱང་ཤར་མཚམས། ། དེ་བཞིན་ལྷོ་ནུང་མཚམས་ཀྱང་རུང་།། མཉམ་ཞིང་མདངས་དགའ་མདོག་སྡུག་དང་།། ཚད་ལྡན་ཚྭ་སྒོ་མེད་པ་དང་།། རྡོ་དང་གསེག་མ་རུས་པ་དང་།། སྐྱོན་ཀུན་མེད་པ་དེས་མཐོང་ནས། ། དེ་འདྲའི་ས་དེ་རྙེད་ནས་ནི།། རྡོ་རྗེ་ལྕགས་ཀྱུ་དྲན་བྱ་ཞིང་།། ཤར་ཕྱོགས་ནས་ནི་གོམ་པ་དོར།། ཧ་ཅང་མི་དྲག་ནོད་མི་བྱ།། རིག་སྔགས་གང་ལ་དད་པ་ཡིས།། བདག་ཉིད་དེ་ནས་བསྲུང་བར་བྱ། ། ཡན་ལག་གསུམ་པོ་ནས་དང་ནི།། ཡུངས་ཀར་འབྲས་ཀྱང་གཞག་པར་བྱ།། དེ་ནས་དཀྱིལ་འཁོར་གནས་དེར་ཡང་།། དགེ་ལྟས་དག་ཀྱང་བལྟ་བར་བྱ།། སྔགས་ཀྱིས་དག་པར་བྱས་པའི་ཆུས། ། ཐམས་ཅད་ལེགས་པར་གཏོར་བར་བྱ།། བ་ལང་ལྕི་བས་ལེགས་པར་སྦྱར།། ཀུ་ཤ་དག་ཀྱང་གདིང་བར་བྱ།། ཁྲུ་ནི་བཞི་འམ་དྲུག་གམ་བརྒྱད།། ས་ཡི་ཕྱོགས་ཆར་ཐིག་ཀྱང་གདབ།། ཐིག་སྤུད་གསར་ཞིང་གྲིམས་པ་དང་།། རན་པ་དང་ནི་མཛེས་པ་དང་།། དྲི་ཞིམ་དང་ནི་བལྟ་ན་སྡུག། གཟབས་པ་དང་ནི་ལེགས་པ་དང་།། ཐུང་ངུ་དང་ནི་སྦོམ་ལ་སོགས།། མ་ལེགས་མདུད་པ་རྣམས་མེད་ན། ། དྲི་དང་མེ་ཏོག་མཆོད་པ་ཡིས།། ཤེས་རབ་ཅན་གྱིས་ཐིག་ཀྱང་གདབ།། བུ་དག་ཆོག་ཤེས་དབེན་པ་བདེ།། ཆོས་ལ་མི་སྤོང་བདེ་བ་ཡིན།། འཚེ་བ་སྤངས་པ་འཇིག་རྟེན་བདེ།། སྲོག་ཆགས་རྣམས་ལ་སྡོམ་པ་དང་། ། འདོད་ཆགས་བྲལ་བ་འཇིག་རྟེན་བདེ།། འདོད་པ་རྣམས་ལས་འདས་པ་དང་།། ང་སྙམ་ང་རྒྱལ་ཞི་བ་དང་།། དུལ་བ་འདིར་ནི་མཆོག་ཏུ་བདེ།། བུ་དག་རྒྱུན་ལས་ཟློག་པ་ཡིས།། ལམ་བགྲོད་ཟབ་ཅིང་བལྟ་དཀའ་བ།། མུན་ནག་ཐིབས་པོས་བསྒྲིབས་པ་དང་།། འདོད་ལ་ཆགས་པས་རྟོགས་མི་འགྱུར།། ངས་ནི་དཀའ་བ་རྟོགས་བྱས་ནས།། སྐྱེ་བོ་རྒྱུན་བཞིན་འཁྱམ་པ་དང་།། འདོད་པ་དག་གི་འདུན་པ་ཡིས།། བཅིངས་པའི་བར་དུ་བཤད་པ་སྟེ།། འདི་ནི་ལག་ན་རྡོ་རྗེ་ཡི།། ཡིད་འོང་ཆེད་དུ་བརྗོད་པ་བརྒྱད།། ཀི་ལི་ཀི་ལིས་བསྲུངས་བྱས་ནས།། ངེས་པར་ཀུན་ཏུ་འཇིགས་པ་མེད། ། བྱང་ཕྱོགས་ཡང་ན་ནུབ་ཕྱོགས་སུ།། ཚོན་རྩི་ལ་སོགས་དེ་དག་གཞག། ཤར་བལྟས་ལག་པ་གཡོན་པ་ཡིས།། དྲི་དང་མེ་ཏོག་འཕྲེང་བས་མཆོད།། མཚོན་ཆ་བསྔགས་ཤིང་ཕྱོགས་བཅིངས་ལ། ། ཐིག་གིས་གྲཝ་ཡང་བཙལ་བར་བྱ།། དེ་ལྟར་མཉམ་པར་བཀོད་ནས་ནི།། ཁང་པ་གྲུ་བཞི་བྲི་བར་བྱ།། ཇི་ལྟར་ཐིག་ནི་གདབ་པ་བཞིན།། ཐིག་དང་མཐུན་པར་བསྒྲུབ་པར་བྱ། ། རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ།། ཡ་མཚན་དེ་ཉིད་དྲན་པར་བྱ།། ནང་གི་ཁང་པ་མཉམ་པ་དང་།། གྲཝ་བཞི་ལེགས་པར་གནས་པར་བྱ།། གྲཝ་ཡི་ཕྱོགས་ནི་ཐམས་ཅད་དུ།། དེ་ཡི་ཚད་དང་མཐུན་པར་ནི། ། རྡོ་རྗེ་ཁང་གནས་རྡོ་རྗེ་ཡི།། དབུས་དང་ཐོག་མ་དབྱིབས་ལེགས་ཤིང་།། རྩེ་མཐོ་ཤིན་ཏུ་རྒྱ་ཆེ་བ།། ཤར་དུ་བརྟེན་ཏེ་གཞག་པར་བྱ།། རྡོ་རྗེ་ཡི་ནི་བྱང་ཕྱོགས་སུ། རྡོ་རྗེ་རིག་སྔགས་གདབ་ཅིང་བྱ།། དབུས་དང་རྩེ་མོ་ལེགས་པ་ཡི།། རྒྱལ་མཚན་རྩེ་མོ་ནང་དུ་བསྒྲེང་།། ནུབ་བྱུང་གྲཝར་ནི་གཞག་པར་བྱ།། རྡོ་རྗེ་སྒོ་ནི་ནུབ་ཏུ་འདོད།། འདི་ནི་གསང་བའི་སྒོར་བཤད་དེ། ། འབྱུང་པོ་ཐམས་ཅད་འཇིགས་པར་བྱེད།། དཀྱིལ་འཁོར་འདོད་པས་སྒོ་དེ་ཡི།། བྱང་ཕྱོགས་ཀྱི་ནི་ཉེ་འཁོར་དང་།། ལྷོ་ཕྱོགས་སུ་ནི་གང་བཤད་པ།། བསྙེན་ཏེ་ལེགས་པར་གཞག་པར་བྱ། ། གུར་ཀུམ་དག་ནི་ཡི་བོང་བ།། རྒྱ་སྐྱེགས་ཁུ་བས་སྦྱར་བའམ།། ལེ་བརྒན་རྩིས་ནི་དམར་བྱས་པའི།། དར་ནི་ཡིད་ཀུན་འཕྲོག་བྱེད་པ།། དེས་ནི་བ་དན་བྱས་ནས་ཀྱང་།། ཤིང་ང་དག་ལ་གདགས་པར་བྱ། ། སྒོ་ཡི་ལྷོ་ཕྱོགས་ངོས་སུ་ཡང་།། དེ་དག་ལས་གཞན་གང་འདོད་པའི།། ཀུ་རན་ད་ཡི་འཕྲེང་བ་དག། རྡོ་རྗེ་རྩེ་མོར་གདགས་པར་བྱ།། ཡང་ན་མེ་ཏོག་དམར་པོ་ཡི། འཕྲེང་བ་སྣ་ཚོགས་བཟང་པོ་གདགས།། རྡོ་རྗེའི་སྒོ་ནི་དོན་གྲུབ་པ།། འགྲོ་དང་མི་འགྲོ་འཇིག་རྟེན་གསུམ།། འདི་དག་འཇོམས་ནུས་གང་ཡིན་པ།། སྒོ་སྲུངས་གཉིས་ཀྱང་གཞག་བྱ་ཞིང་།། ཡང་རིག་སྔགས་བཞིན་དུ་བྱ།། གྲགས་པ་གཞན་ཡང་གང་འདོད་པ།། རྡོ་རྗེ་ཐོག་ཐོག་ལྷོ་ཕྱོགས་སུ།། རྡོ་རྗེ་ཁུ་ཚུར་བྱང་ཕྱོགས་གཞག། རྡོ་རྗེ་ཐོག་ཐོག་ལྷོ་ཕྱོགས་སུ།། མེ་ཏོག་ཡུངས་ཀར་སྟེང་དག་ཏུ། ། དྲི་སུང་ཞིམ་པོས་ཆེར་བསྒོས་ཤིང་།། དྲི་དང་མེ་ཏོག་རྒྱས་པའང་གཞག། རྡོ་རྗེ་ཁུ་ཚུར་སྟོབས་པོ་ཆེ།། དཔལ་ལྡན་དེ་བཞིན་བྱང་ཕྱོགས་སུ།། རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཡིས། བཞག་ན་གླགས་ནི་རྙེད་མི་འགྱུར།། འཇིག་རྟེན་གསུམ་རྒྱལ་གང་གང་ལས།། རྡོ་རྗེ་འཛིན་པ་ཡིད་ཀྱིས་བཀུག། རྡོ་རྗེ་ཁུ་ཚུར་ཁུ་ཚུར་གྱིས།། བསྣུན་ན་རྣམ་པར་འཇིག་པར་འགྱུར། རྡོརྗེ་སྙིང་པོའི་ཁང་པ་དེར། ། གཡོན་ལོགས་ནས་ནི་འཇུག་པར་བྱ།། དེ་ནི་གཡས་ལོགས་བསྐོར་བ་ཡང་།། འཇིག་རྟེན་དག་ཏུ་བཤད་པར་བྱ།། འཁོར་ཀུན་དང་ནི་ལྷན་ཅིག་ཏུ།། རྡོ་རྗེ་སྒྲོག་ཀྱང་གཞག་པར་བྱ། ། ཀླུ་ཡི་གཙོ་བོ་ནོར་རྒྱས་བུ།། གཟི་ཅན་གཉིས་ཀྱང་གྲཝ་རུ་གཞག། འདི་གཉིས་ཀླུ་ཀུན་བདག་པོ་སྟེ།། ཀླུ་ཀུན་གྱི་ནི་གནས་ཀྱང་ཡིན།། བྲམ་ཟེ་ལས་བྱུང་དུག་ཅན་དེ། གཉིས་སྔགས་དང་ཕྱག་རྒྱར་ལྡན།། འདི་གཉིས་ཀྱི་ནི་མདུན་ལོགས་སུ།། མཁའ་ལྡིང་རྣམ་པར་འདུད་པའི་དུ།། མཁའ་ལྡིང་གི་ནི་ཆོ་ག་བཞིན།། རྐང་དང་བྱིས་པ་ལ་སོགས་བསྐོར། ། དེ་ནས་འབྱུང་པོའི་ཚོགས་བདུན་དག། ཆོ་ག་བཞིན་དུ་གཞག་པར་བྱ།། གནོད་སྦྱིན་ཀུན་དང་ཀུ་བེ་ར།། དེ་ཡི་བེ་ཅོན་བྱང་ཕྱོགས་གཞག། དེ་ནས་ཀླུ་ཆེན་ཚོགས་རྣམས་དང་། ། བྱ་བ་སྒྲུབ་པོ་གཡོག་དང་བཅས།། ཀླུ་ཡི་གཡོག་རྣམས་མཐུ་སྟོབས་ལྡན།། དེ་དག་ཤར་ཕྱོགས་ངོས་སུ་དགོད།། དེ་ནས་ཕྱི་རོལ་རིག་སྔགས་ཚོགས།། ཐམས་ཅད་གཞག་སྟེ། དབང་ཕྱུག་ཆེ།། ཆོས་ཀྱི་ངང་ཅན་གྲགགས་ལྡན་མ།། ལྷ་མོ་དཀའ་བཟློག་ཞ་འབྲིང་ལྡན།། ལག་ན་རྡོ་རྗེ་ལྷ་ཆེན་དང་།། དཀའ་བཟློག་གཉིས་ཀྱི་བར་དག་ཏུ།། རིག་སྔགས་རིགས་དག་གཞན་པར་བྱ། ། དེར་ནི་ལག་ན་རྡོ་རྗེ་ཡི།། རྡོ་རྗེ་འབར་བས་རབ་ཏུ་གཟིར།། དེ་ནས་གྲ་ལོགས་ལྷ་མོ་ནི།། ཀ་ཏ་ཡ་ན་ལོག་འདྲེན་དང་།། སྣ་ཡོན་སུམ་ཅུ་རྩ་གཉིས་པོ།། དེ་དག་ལས་ནི་གང་འདོད་དང་།། དེ་ཡི་འོག་ཏུ་དྲི་ཟ་ནི།། སྐལ་ཆེན་བརྩོན་འགྲུས་ཆེ་བ་རྣམས།། ཤར་དུ་དབང་པོ་རྡོ་རྗེ་དང་།། དེ་བཞིན་དབང་པོ་ལྷ་ཡི་ཚོགས།། དེ་ཡི་འོག་ཏུ་ལྷ་ཡི་བཟའ།། དེ་ནས་ཁྱབ་འཇུག་འཁོར་ལོར་བཅས།། མེ་དང་དྲུག་མ་བསྟན་པ་ཡི།། མེ་དང་མདུང་ཐུང་གྲཝ་རུ་གཞག། ལྷོ་ཕྱོགས་དང་པོར་ལྷོ་ཕྱོགས་ཀྱི།། འབྱུང་པོའི་བྱ་བ་བསྒྲུབ་པ་གཞག། དེ་ཡི་འོག་ཏུ་གཤིན་རྗེ་དང་།། གཤིན་རྗེའི་དབྱུག་པ་གྲུལ་དུམ་རྣམས། ། གྲུལ་བུམ་ལ་སོགས་ཚོགས་ཀུན་དང་།། མ་མོ་རྣམས་དང་འཇིག་རྟེན་མ།། བདེན་བྲལ་གྲཝ་ནི་འཕགས་མའི་མདུན།། འབྱུང་པོའི་ཚོགས་ཀྱིས་བསྐོར་བར་བྱ།། ནུབ་ཕྱོགས་དང་པོར་སྐེམ་བྱེད་ནི། ། དྲག་མོ་ཚོགས་ནི་མང་པོར་བཅས།། ཀླུ་དང་མཁའ་ལྡིང་གྲགས་མ་རྣམས།། དེ་ཡི་འོག་ཏུ་གཏོར་མའི་གནས།། ཚོ་ལི་ཞེས་བྱ་རྒྱ་ཆེན་ཡང་།། དེར་ནི་ངེས་པར་གཞག་པར་བྱ། ། དེ་ལྟར་དེ་དག་ཐམས་ཅད་དུ།། ཚོགས་རྣམས་ཐམས་ཅད་བཀོད་པའི་དབུས།། རྡོ་རྗེ་དཀྱིལ་འཁོར་ནང་དག་ཏུ།། རྡོ་རྗེ་དབྱིབས་ཀྱི་སྟེགས་བུ་ནི།། ཤར་ནུབ་ཕྱོགས་སུ་ལྟ་བའི་དབྱིངས་དེཡི་དབྱིངས་ལེགས་གཞག་པར་བྱ། ། དེ་ཡི་ནུབ་ཕྱོགས་གནས་སུ་ཡང་།། རིག་སྔགས་འཆང་ནི་གུས་གནས་ཤིང་།། ལག་ན་རྡོ་རྗེའི་སྙིང་པོ་ནི།། རབ་ཏུ་བསྒྲིམས་ཏེ་བཟླས་བརྗོད་བྱ། ཙན་དན་ཕྱེ་མ་ལ་སོགས་སྤོས།། ནས་དང་ཡུངས་ཀར་ལ་སོགས་དང་།། ཡང་ན་དེ་དག་རེ་རེ་ཡིས།། ལག་ན་རྡོ་རྗེ་ཐོག་མར་བྲིས།། བདག་ཉིད་གཡོན་ཕྱོགས་ངོས་ལ་འདུག། ལྷ་མོ་ལྷོ་ནུབ་མཚམས་སུ་གཞག། གཡས་པས་དྲི་དང་འཕྲེང་བས་མཆོད།། བདུག་པ་སྣ་ཚོགས་དག་ཀྱི་སྲེག། ཤིན་ཏུ་བཀྲ་ཤིས་ཚིགས་བཅད་ཀུན།། ཆོས་ཀྱི་འཁོར་ལོ་བསྐོར་བ་འམ།། ཡང་ན་འདུས་པ་ཆེན་པོའི་མདོ། ། ཐེ་ཚོམ་མེད་པར་གདོན་པར་བྱ།། དེ་ནས་ཆོས་ཀྱི་རྒྱལ་པོ་ཡི།། ཆོས་ཀྱི་འཁོར་ལོ་མཁས་པས་བྲི།། དཔལ་དང་ལྡན་པ་ལྷ་ཡི་ལྷ།། སངས་རྒྱས་སྐུ་གཟུགས་འོད་ཅན་བྲི། ། དེ་ནས་རྡོ་རྗེ་ལྕགས་ཀྱུ་ཡིས།། རིག་སྔགས་གུས་པས་མཆོད་ཅིང་བཟླས།། ལྷ་མོ་སྟོབས་ཆེན་དེ་ཉིད་དང་།། རྡོ་རྗེ་རི་བོ་བྲི་བར་བྱ།། སྙིང་པོ་ལག་ན་རྡོ་རྗེ་ནི། ། མཚོན་རྩེ་གསུམ་གྱི་བདག་ཉིད་ཀྱི།། ཚུལ་བཞིན་བྲི་ཞིང་རིགས་རྣམས་ཀྱི།། བློན་མོ་བདུན་གྱིས་བསྐོར་བར་བྱ།། ཕོ་ཉ་མོ་བཅུ་དཔུང་གི་མཆོག། དྲུག་ཅུ་རྩ་བཞིས་རྗེས་འབྲས་དང་། རིག་སྔགས་ཚོགས་ནི་ཐམས་ཅད་དང་།། རྡོ་རྗེ་ཁྲོ་བོ་ཡན་ཆད་བྲི།། ཡིད་བཞིན་ནོར་བུ་འདྲ་བ་དང་།། སྐལ་ལྡན་མཆོག་སྦྱིན་གཟུགས་བཟང་འདྲ།། འཇིག་རྟེན་ཀུན་གྱི་ཐབས་སུ་ནི།། དུས་ཀུན་ཏུ་ནི་ཕྱག་བྱ་བ།། ལྷ་ཀུན་རིག་སྔགས་ཆེན་མོ་སྟེ།། གནོད་སྦྱིན་འབྱུང་པོ་ཀླུ་འཇིགས་བྱེད།། གདོན་ཆེན་དག་ནི་སྟོང་ཕྲག་རྣམས།། གཅིག་པུས་གསོད་པར་བྱེད་པ་སྟེ།། དེ་ཡི་མིང་ནི་བརྗོད་བྱས་ཤིང་། ། མེ་ཏོག་བདུག་པས་མཆོད་བྱས་ན།། གདོན་རྣམས་བྱེ་བ་སྟོང་ཕྲག་དག། འཁྱམ་པར་འགྱུར་ཞིང་གཡོ་བར་འགྱུར།། དེ་ཡི་དངོས་གྲུབ་གཟུགས་བཟང་བཞིན།། དཔལ་དང་ལྡན་པར་མངོན་སུམ་གནས། ། ཐམས་ཅད་དོན་ནི་སྒྲུབ་པ་པོས།། འདི་ལ་ཐེ་ཚོམ་མེད་པར་སྒྲུབ།། སྒྲུབ་པས་རབ་དང་འབྲིང་ལ་སོགས།། བཤོས་དང་བདུག་པ་ལ་སོགས་མཆོད།། ཨ་ཀ་རུ་སྤོས་དུ་རུ་ཀ། ཡུངས་ཀར་གུ་གུལ་ཤུ་དག་དང་།། ནིར་ཀུན་དི་དང་ཤུ་ལ་སི།། པད་འདྲ་མ་དང་སྦྲང་རྩི་མར།། མ་ཧཱ་བི་ཤ་ལ་དང་བཅས།། འདིར་ནི་ལས་ཀྱང་བྱ་བ་ཡིན།། ཐམས་ཅད་འཇུག་པའི་སྒོ་དག་ཏུ། ། ཐམས་ཅད་ཀྱང་ནི་འབྱུང་བར་བྱ།། སྒོ་མ་ཡིན་པ་གཞན་དག་ཏུ།། འདིར་ནི་ཅི་ཡང་མི་བྱའོ།། ཞེ་སྡང་གཏི་མུག་རྒྱགས་དང་མྱོས།། འདོད་ཆགས་མི་ཤེས་དབང་གི་ཀྱང་། ། འདི་ལ་འཇུག་དང་འབྱུང་བྱས་ན།། མི་རྣམས་མྱུར་དུ་ནད་ཀྱིས་འདེབས།། གདོན་རྣམས་མྱོས་ཤིང་རྒྱུགས་པ་ཡིས།། རྡོ་རྗེ་དགལ་རྫི་བྱེད་དམ།། རྐང་པས་རྡོ་རྗེར་མོ་བརྫིས།། མྱུར་དུ་དམ་ཚིག་ཉམས་འགྱུར་ཏེ། ། དེ་དག་རྡོ་རྗེ་འཛིན་པ་ཡིས།། མྱུར་དུ་རྡོ་རྗེ་ཆེན་པོས་འཇོམས།། དེ་དག་གི་ནི་རིགས་རྣམས་ཀྱང་།། རྡོ་རྗེ་རིག་སྔགས་ཚོགས་ཀྱིས་གཞག། སློབ་དཔོན་ཡང་ན་དམ་ཚིག་ཤེས། ། གདོན་གང་དག་གིས་བརྙས་བྱེད་ན།། རྡོ་རྗེ་ལྕགས་ཀྱུའི་བཟླས་བརྗོད་དང་།། སྦྱིན་སྲེག་དག་གིས་དེ་ཡི་རིགས།། སྐད་ཅིག་གིས་ནི་བཅོམ་པར་འགྱུར།། གཞན་ཡང་རྡོ་རྗེ་རིགས་ཆེན་ལས། ། རིག་སྔགས་འདོད་གྱུར་གང་ཡིན་པ།། དེ་ཡང་སྔར་ནི་བསྒྲུབ་བྱས་ལ།། མྱོས་ལ་སོགས་པས་གདོན་རྣམས་བསྐྲད།། གང་ཕྱིར་སྒོར་ཡང་འགྲུབ་པའི་ཕྱིར།། རྟག་ཏུ་འདི་ནི་ནང་དག་ཏུ། ། མཆོད་པའི་ཚོགས་ནི་བརྗོད་པ་དང་།། བརྡེག་པ་ལ་སོགས་ལས་མི་བྱ།། གཞན་ཡང་ནད་གཏང་མང་པོ་དང་།། ཡི་དགས་འབྱུང་པོ་ཤ་ཟ་དག། དཀྱིལ་འཁོར་སྤོང་བར་བྱེད་པ་དག། དེ་དག་འདིར་ནི་གཤིབས་པ་ཡི།། དྲག་པོའི་ལས་ལ་འཇུག་པར་བྱ།། གཞིག་པར་བྱ་བ་གང་ཡང་རུང་།། ཐམས་ཅད་ལྷོ་ཕྱོགས་ནང་དུ་བྱ།། ཀུན་ལ་མེ་ནི་འབར་བར་བྱ། བདུག་པའི་སྣོད་ནི་ཕྱི་རོལ་གཞག། ལྷ་བཤོས་སྣ་ཚོགས་མཛེས་པ་དག། ཅི་འདོད་ཀུན་ནི་ཐམས་ཅད་དུ།། ཐམས་ཅད་ཟད་མི་ཤེས་པར་བྱ།། གདོན་གྱི་དཀྱིལ་འཁོར་ཕ་རོལ་གྱི། ། བྱང་ཤར་མཚམས་སུ་གང་འདོད་པའི།། ལྷ་ཡི་ཕྱག་རྒྱའི་ཚོགས་ཀྱང་བྲི།། པདྨ་འཁོར་ལོ་རྒྱལ་མཚན་མདུང་།། མདུང་ཐུང་དབྱུག་པ་བེ་ཅོན་རི།། ཞགས་པ་རྩེ་གསུམ་ཁ་གདེང་དུང་། ། གདོན་དྲག་རྣམས་ལ་གནས་པར་བྱ།། གང་ན་རིག་སྔགས་གདོན་དྲག་པ།། མཐུ་དྲག་གནས་པ་དེ་དག་ནི།། མཐུ་ཉིད་ཀྱིས་ནི་བསྒྲུབ་བྱ་ཞིང་།། འདི་ལ་དཔྱད་པར་མི་བྱའོ། ། དཀྱིལ་འཁོར་དེ་ཡི་ཕྱོགས་ཀུན་ཏུ།། འབྱུང་པོའི་ཚོགས་ཀུན་གནས་ཀྱང་བྱ།། གཏོར་མ་དང་ནི་བདུག་པ་རྣམས།། རབ་ཏུ་རྒྱས་པས་མཆོད་པར་བྱ།། དེ་ནས་གདོན་ནི་དུལ་བ་ཡིས།། ། ཐེམས་པར་གྱུར་ན་མཆོད་པར་བྱ།། མི་བཟད་ལ་ནི་སྣར་བླུགས་དང་།། མིག་བསྐུ་བ་དང་བཏུང་བ་དང་།། སྦྱིན་སྲེག་སོགས་པས་གཞིག་པར་བྱ།། གདོན་གྱིས་དྲུག་ཏུ་བཏབ་པ་ལ།། དལ་ནས་བཟུང་བས་ཡོངས་མི་བྱ། ། དལ་ནས་བྱས་པ་སྨན་པ་ཉིད།། མི་བཟད་གདོན་གྱིས་བཅོམ་པར་འགྱུར།། དེ་ཕྱིར་སྨན་པ་མི་བཟད་པ།། གཏུམ་ཞིང་སྤྱོད་པ་རིག་པ་དང་།། བརྟན་མཆོག་དགའ་ཞིང་སྤོ་བ་དང་། ། སྙིང་སྙོམས་རིག་སྔགས་བརྩོན་པ་ཡིས།། ཁྲོས་ནས་མཐུ་ནི་སྙོམས་བྱ་ཞིང་།། བརྡེག་པའམ་ཡང་ནི་བསྡིགས་པར་བྱ།། དུལ་བའི་གདོན་ནི་དང་བ་ཡིས།། དེ་མ་ཐག་ཏུ་འགྲུབ་པར་འགྱུར།། དཀྱིལ་འཁོར་ཕྱི་ནང་བཅས་པར་ཡང་།། གཏོར་མའི་ལས་ནི་བྱ་བ་དང་།། འཁུར་བ་དང་ནི་གཞིབས་པ་དང་།། ཁྭ་ཟས་ཅི་འབྱོར་རིམ་བཞིན་དབུལ། དམ་ཚིག་ཅི་རིགས་སྦྱིན་པར་བྱ།། རིག་སྔགས་འབྱུང་པོ་ལ་སོགས་ཀྱི།། གཏོར་མཱ་ཀུན་ནི་ཅི་རྙེད་སྦྱིན།། གདོན་ཀུན་ལ་ནི་མཆོད་པ་བྱ།། བཅོམ་ལྡན་ཉིད་ཀྱིས་བཤད་པ་བཞིན།། བདེན་པར་སྨྲ་ཞིང་དམ་ཚིག་ཤེས། ། སློང་དཔོན་ཕྱིར་ནི་འདིར་བརྩོན་པའི།། སྐྱོབ་མ་དམ་ཚིག་འཛིན་དུ་གཞུག། ཐམས་ཅད་ཀྱི་ནི་ཕྱག་རྒྱའི་ཚོགས།། སྐྲག་པར་བྱ་དང་མཆོད་བྱ་བ།། དེ་དག་ཐམས་ཅད་གཡོན་པ་ཡིས། ། རྣམ་པ་ཐམས་ཅད་བསྟན་པར་བྱ།། རྡོ་རྗེ་གོམ་པར་འདོར་དང་འཇིག། ཅིག་ཅར་ཡོངས་སུ་བསྒྱུར་བ་དང་།། གཡོན་པས་བརྡབ་པར་བྱ་བ་དང་།། རྒྱགས་པའི་སེང་གེ་སྒྲ་བསྒྲགས་དང་། ། མཛུབ་མོ་བསྟན་ཏེ་ཧཱུཾ་ཞེས་བྱ།། ཤིན་ཏུ་སྒྲ་ཡང་རབ་ཏུ་བཀྱེད།། རྡོ་རྗེ་རིགས་ཅན་སྐྱེས་པ་ཡི།། སློབ་དཔོན་གྱིས་ནི་བསྟན་པར་བྱ།། ལྷ་ཡི་གདོན་ནི་ཐམས་ཅད་ཀྱི།། ནགས་ཀྱི་ཕྱག་རྒྱའི་ཚོགས་བཤད་པ།། རྐྱེན་དུ་བབ་པ་གང་ཡིན་པའི།། སོ་སོའི་ཕྱག་རྒྱའི་ཚོགས་འདི་ཡིན།། ཚངས་པའི་པདྨ་ལྷ་ཆེན་མདུང་།། གཤིན་རྗེའི་དབྱུག་ཆེན་དམ་པ་ཡིན།། ཁྱབ་འཇུག་འཁོར་ལོ་སྨན་པའི་མི། ། ནམ་མཁའ་ལྡིང་གི་སྣ་དང་འད་།། དབང་པོ་རྡོ་རྗེ་མེ་ཡི་ལྕེ།། ཆུ་ལྷ་ཡི་ནི་ཞགས་པ་བསྟན།། རླུང་ནི་དར་གྱི་ཤུགས་ཅན་ཏེ།། ཏན་ཏ་ཡི་བེ་ཅོན་སོགས།། འབྱུང་པོའི་གདོན་རྣམས་ཐམས་ཅད་ཀྱི། ། ལག་པ་གཡོན་པས་དེ་དག་གཟུང་།། འཇུག་བྱེད་ཀྱི་ནི་འཁོར་ལོ་རྫིང་།། ལྟ་བ་དང་ནི་དོར་རོ།། དྲི་བ་དག་ནི་ཐམས་ཅད་ཀྱི།། གླེང་བུ་པི་ཝང་ལ་སོགས་བསྟན། ། གར་མཁན་དག་ནི་ལྷག་པར་ཡང་།། གར་དང་རོལ་མོའི་ཆ་བྱད་བསྟན།། གནོད་སྦྱིན་རྣམས་ཀྱིས་ཆེར་བགད་པ།། རབ་གཏུམ་གྱི་ནི་སྒྲ་ཆེན་ཏེ།། ཀུ་བེ་ར་ཡི་མཚན་མང་དང་། ། ཡང་ན་ཕྱག་རྒྱའི་ཚོགས་ཀུན་ཡིན།། ཀླུ་ཆེན་གདེངས་ཀ་ཆས་པ་སྟེ།། ལག་པ་གཡོན་པས་མགོ་བོར་གཞག། དབུགས་ནི་རྒྱུན་རིངས་རྒྱུ་བ་དང་།། མིག་དམར་དུག་དང་བཅས་པ་ཡིན།། ཀླུ་རྣམས་གདེངས་ཀ་མང་པོ་དག། གཅིག་ཏུ་གཞིབས་ནས་ཅི་དགར་གཞག། བྱ་བ་སྒྲུབ་པ་ཐམས་ཅད་ནི།། སྦྲུལ་ཡོད་པ་ཡི་གདེངས་ཀའི་དབྱིབས།། ཚངས་པ་སྲིན་པོ་གཉིས་ཀྱི་ནི།། སྔགས་ཀྱི་རིལ་བ་ནོར་བུ་དང་། ། ཨོཾ་བརྗོད་པ་ཡི་དབྱུག་པ་དང་།། མཆོད་ཕྱིར་ཐོགས་ལ་སོགས་པར་བསྟན།། སྲིན་པོ་རྣམས་ཀྱི་སོ་གཙིགས་དང་།། རྫུ་འཕྲུལ་དག་ཀྱང་རབ་ཏུ་བསྟན།། བཟའ་བ་དང་ནི་བཅའ་བ་དང་། ། མཚོན་ཆ་དག་ཀྱང་འདྲ་བ་ཡིན།། ཤ་ཟ་རྣམས་ནི་འཚེ་བ་དང་།། ཧ་རེར་ལྟ་ཞིང་ཤ་ལ་སྐེད།། འཇིགས་པ་སྣ་ཚོགས་སྟོན་པ་དང་།། ཀུན་ཏུ་ཡང་ནི་ལྟ་བར་བྱེད།། སྐེམ་བྱེད་ཀྱི་ནི་རང་བཞིན་ཚུལ། ། མདུང་ཐུང་ལ་སོགས་དཔུང་ལ་བརྟེན།། མ་མོའི་གདོན་ནི་ཐམས་ཅད་ནི།། རང་གི་ལྷ་ཡི་མཚོན་མཆོག་བྱེད།། པདྨ་ཕྱིར་དང་ཐོར་ཙུག་དབྱུག། སྔགས་ནི་ནོར་དུ་བསྐོར་བར་བྱ། ། རིག་པ་འཛིན་པ་འཕགས་པ་རྣམས།། ཚངས་པའི་ཕྱག་རྒྱ་བདུན་པ་ཡིན།། མདུང་རྩེ་གསུམ་པ་ཟླ་ཕྱེད་དང་།། ཐོར་ཙུགས་མིག་དང་རྒྱལ་མཚན་དང་།། ཁྱུ་མཆོག་སྨད་འབྱིན་རལ་གྲི་རྣམས། ། དབང་ཕྱུག་ཆེན་པོའི་ཕྱག་རྒྱ་བདུན།། མདུང་ཐུང་དྲིལ་བུ་བ་དན་དང་།། དེ་བཞིན་ར་དང་བྱ་གག་དང་།། རྨ་བྱ་ཡི་ནི་མཇུག་མ་རྣམས།། གཞོན་ནུའི་ཕྱག་རྒྱ་བདུན་པོ་ཡིན།། འཁོར་ལོ་དུང་དང་བེ་ཅོན་དང་།། རལ་གྲི་དང་ནི་ཕུབ་ཟླུམ་དང་།། ནམ་མཁའ་ལྡིང་དང་ཕག་རྣམས་ནི།། ཁྱབ་འཇུག་ཕྱག་རྒྱ་བདུན་པོ་ཡིན།། མཆེ་བ་དང་ནི་སྤྲིན་དང་ས།། དེ་བཞིན་བུམ་པ་གཏུ་ཤིང་དང་། ། གཤོལ་དང་རྐང་པ་གཡོན་པ་རྣམས།། ཕག་མོ་ཡི་ནི་ཕྱག་རྒྱ་བདུན།། ནམ་གྲུ་དག་གི་གཉེར་མ་གདོང་།། རྒྱན་སྐད་ལ་སོགས་སྟོན་པ་དང་།། སྐེམ་པ་ནམ་གྲུའི་ཕྱག་རྒྱ་སྟེ། རང་བཞིན་ཉིད་དུ་བསྟན་པ་ཡིན།། ཟས་སུ་མདངས་ཟ་རྣམས་ཀྱི་ནི།། ལྷུང་བཟེད་རལ་གྲི་ལག་གཡོན་བཅོམ།། ལྷ་མིན་རྣམས་ཀྱི་མི་ཡི་གཟུགས།། ཧཱུཾ་དང་བཅས་པར་བསྟན་པར་བྱ།། འཕགས་པ་རྣམས་ནི་འཁོར་དང་བཅས། ། ཀུན་ལ་མདུང་རྩེ་གསུམ་པ་ཡིན།། དྲི་བ་བྱས་ན་ལྷག་པར་ཡང་།། གདོན་རྣམས་མཚན་ཉིད་གསལ་བར་ཤེས།། ལོག་འདྲེན་སྣ་ཚོགས་བརྗོད་པ་གང་།། དེ་དག་ཚུལ་རྣས་པར་བསྟན་པར་བྱ། དེ་དག་ལ་རང་གི་ལག་པ་བསྐུམ་པ་དང་།། བརྐྱང་བ་དང་། རྐང་པ་ཐ་མལ་པར་བརྐྱང་བ་དང་།། སྤུར་གཞུག་པ་དེ་དག་ལས་གསང་སྔགས་ཀྱི་ལས་བསྟན་ཏེ། དྲི་བ་དང་བརྡེག་པ་དང་། དགྲོལ་བའི་ཚུལ་རྣམ་པ་གསུམ་བྱའོ།། ལས་རྒྱ་ཆེ་བ་རིག་སྔགས་ཀྱི་ཚོགས་ཀྱིས་བཤད་པ་ཕྱག་རྒྱའི་ཚོགས་ཀྱི་དཀྱིལ་འཁོར་གྱི་ལས་གྲུབ་པ་འདི་ནི་ཤིན་ཏུ་ངོ་མཚར་ཆེ་བ་སྟེ། སྡེབས་སུ་བྱ་བའི་མདོ་བསྟན་པ་དང་། སྔགས་ཀྱི་ཚོགས་རྣམས་ཀྱང་བཤད་དོ།། འདུས་པ་ཆེན་པོའི་མདོ་ལས་ཤིན་ཏུ་བཀྲ་ཤིས་པའི་ཚོགས་སུ་བཅད་པ་བསྟན་པ་དང་། རྡོ་རྗེའི་རིགས་ལས་རིག་སྔགས་ཀྱི་ཚོགས་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱང་བཤད་དོ།། ལག་ན་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས། ལག་ན་རྡོ་རྗེ་དང་། ལྷ་ཆེན་པོ་དང་། དཀའ་བཟློག་མས་བཤད་པའི་ལས་ཀྱི་དཀྱིལ་འཁོར་ཕྱག་རྒྱ་དང་བཅས་པར་བཤད་པ་རྫོགས་སོ། ། །། དཀྱིལ་འཁོར་ཆེན་པོ་འདི་དག་ལས།། ལས་ཀྱི་དཀྱིལ་འཁོར་ཅི་བསྟན་དང་།། རིག་སྔགས་ཀྱི་ནི་དཀྱིལ་འཁོར་རྣམས།། སོ་སོར་རྒྱས་པར་བསྟན་པ་དང་།། གདོན་གྱི་ལས་ཀྱི་ཕྱག་རྒྱ་དང་།། ཕྱག་རྒྱ་ཉི་ཚེ་བྱེད་པ་དང་།། རིག་སྔགས་སྒྲུབ་པའི་ས་རྣམས་དང་།། ཁྲུས་ཀྱི་དཀྱིལ་འཁོར་དག་ཏུ་ཡང་། ། དྲི་དང་མེ་ཏོག་འཕྲེང་བ་དང་།། བདུག་པ་དང་ནི་མཆོད་པ་དང་།། གཏོར་མ་སྣ་ཚོགས་དེ་དག་ཀུན།། དབུལ་བས་ཀུན་ཏུ་རྣམ་ཀུན་གྱིས།། དོན་ཀུན་རབ་ཏུ་བསྒྲུབ་པར། ཕྱིར།། སྤྱན་དྲང་འདི་ནི་ངེས་པར་བྱ།། འབྱུང་པོ་ཐམས་ཅད་བདེར་འགྱུར་བ།། འབྱུང་པོ་ཀུན་དགའ་ཞེས་བྱ་བའི།། གཏོར་མ་རིག་སྔགས་ལྡན་བྱ་ཞིང་།། གམས་གཡོན་ནས་ནི་སྦྱིན་པར་བྱ།། དྷག་ཏུ་འདི་ག་ཐམས་ཅ་བྱུ་། ཕྱོགས་ཅན་བཟླས་པས་འདི་སྐད་བརྗོད།། དཀོན་མ་རྫོགགསམྱ་ལ་དྲུག་འཚལ་ལོ།། རྡོ་རྗེ་འཛིན་པ་ཕྱག་འཚལ་ལོ།། རིག་ཏུགས་ཚོགས་ལ་གྱུ་འཚལ་ལོ། ། ཕྱག་རྒྱའི་ཚོགས་ལ་ཕྱག་འཚལ་ལོ།། རིག་སྔགས་བརྒྱད་བརྒྱར་སྐྱེས་པ་ཡི།། གདོན་གྱི་སྲོག་གི་རྟེན་གྱུར་དང་།། རྒྱུ་བ་རབ་ཏུ་བཤད་པར་བྱ།། དཀྱིལ་འཁོར་སྤྱན་དྲང་མཆོད་པ་དང་། ། དཀྱིལ་འཁོར་རིས་གསུམ་མཆོད་པ་ལ།། གདོན་རྣམས་ཀྱི་ནི་གདོན་ལས་མཆོག། གདོན་གྱི་སྟོབས་ནི་རྨུགས་བྱ་དང་།། ངེས་པར་རྟག་ཏུ་བཟླས་བྱ་བཤད།། བྱེ་བ་ཕྲག་སྟོང་གདོན་རྣམས་ནི། ། ས་སྟེང་དག་ན་རྒྱུ་བ་ཡོད།། དུས་ཚོགས་སྣ་ཚོགས་བབ་པ་ན།། དེ་དག་རྒྱུ་བ་སྣ་ཚོགས་པ།། གདོན་མཆོག་དམ་པ་འགྲུབ་པའི་ཕྱིར།། དེ་དག་བདག་གིས་བཤད་པར་བྱ།། གདོན་རྣམས་ཉན་པར་བྱེད་པ་དང་། ། གཏོར་མ་ལེན་ཅིང་གྲུབ་སྦྱིན་པ།། དེ་དག་ཚུལ་དང་གནས་བྱས་པ།། དབེན་པ་དག་ཏུ་རྒྱུ་བར་བྱེད།། རི་བོ་ཡིད་དུ་འོང་རྣམས་དང་།། རྩེ་མོ་རྣམས་དང་ཁྱིམ་རྣམས་དང་། ། འབྲས་བུ་མེ་ཏོག་རྒྱས་རྣམས་དང་།། དྲང་སྲོང་དག་གི་གནས་རྣམས་དང་།། དཀའ་ཐུབ་ཚལ་དང་གཞལ་མེད་ཁང་།། རིག་བྱེ་རྗེས་སུ་སློབ་པ་དང་།། མེ་ཏོག་སྣ་ཚོགས་མཆོད་ལྡན་དང་།། གནས་དང་ཀུན་དགའ་ཡིད་འོང་དང་།། བྱ་རྣམས་སྐད་ཆེན་འབྱིན་པ་དང་།། འཇིག་རྟེན་མར་མེ་བྱེད་ཀུན་དང་།། ཉི་མའི་གནས་ནས་དགའ་བྱེད་ཅིང་།། ཉི་མ་ལྷན་ཅིག་འགྲོ་བར་བྱེད།། ཉི་མའི་འོད་དཔའ་དོག་མཉམ། ། གཟའ་དང་རྒྱུ་སྐར་སྐར་མ་ལ།། དེ་དག་རྟག་ཏུ་རྒྱུ་བར་བྱེད།། རྣ་བ་ཉ་བའི་འོད་ཟེར་གྱིས།། ཕུང་པོ་རྒྱས་པ་དག་ལ་གནས།། རིན་ཆེན་ཀུན་གྱིས་རབ་བརྒྱན་ཅིང་། ། རྩེ་ནས་ངོས་ནི་ལྷ་ལྡི་དང་།། ཕུག་བརྒྱ་དག་གིས་གང་བ་ཡི།། ལྷུན་པོ་རིལ་དེ་དག་གནས།། གངས་རི་རོ་བོའི་རྩེ་མོ་དང་།། གངས་ཀྱི་སུལ་ནི་སྟོང་པ་དང་སྨན་ཀུན་གྱིས་ནི་རྒྱས་པ་ཡི། ། གསང་རྣམས་དང་ནི་ནགས་ཚལ་དང་།། སྨན་པ་རྒྱས་ཡོངས་སུ་གང་བ་ཡི།། སྤོས་དང་ལྡན་ལ་དེ་དག་གནས།། སྤོས་ཀྱི་ངད་ནི་ཞིམ་པ་ཡི།། ཕྱོགས་རྣམས་དང་ནི་རྒྱས་བྱེད་དང་། ། དཔག་བསྡམ་ཤིང་གིས་བརྒྱན་པ་ཡི།། སྐྱེད་མོས་ཚལ་ཆེན་དགའ་བྱེད་དང་།། ལྷ་རྣམས་གཞལ་མེད་ཁང་རྣམས་སུ།། ལྷ་ཡི་གཟུགས་ཀྱིས་གནས་པར་བྱེད།། དེ་དག་ལྗིན་ཕུང་གསེང་ན་གནས།། སྤྱན་ཕུང་གི་ནི་སྒྲ་དག་འདྲ།། སྤྲིན་ཕུང་དག་དང་འགྲོགས་བྱེད་ཅིང་།། སྤྲིན་ཕུང་ལྷན་ཅིག་དགའ་བར་བྱེད།། རྒྱ་མཚོའི་ནང་གི་ཆུ་ལ་གནས།། ཆུ་ཡི་ཤུས་ཀྱིས་རྗེས་འབྲང་ཞིང་། ། དེ་དག་རྒྱ་མཚོའི་ཆུ་ཀླུང་དང་།། ལྷན་ཅིག་ཏུ་ནི་རྒྱུ་བར་བྱེད།། མུན་ནག་གི་ནི་གློང་ཆེན་དང་།། རྒྱ་མཚོ་ཡི་ནི་སྒྲ་རྣམས་དང་།། རྒྱ་མཚོ་ཆེན་པོ་འཁྲུགས་པ་ལ།། དེ་དག་རྟག་ཏུ་འཁྲུགས་པར་བྱེད། ། དཔྱིད་ཟླའི་དུས་ལ་བབ་པ་ན།། ཤིང་རྣམས་ཀུན་ལགདོན་དེ་དག། ཁུ་བྱུག་བུང་བའི་གཟུགས་སུ་གནས།། ཆུ་ཀླུང་ཆེན་པོའི་འགྲམ་དག་ན།། གླིང་མ་རྣམས་དང་རྫོང་རྣམས་དང་། ། ཆུ་དམར་དག་གིས་རྒྱས་པ་ཡི།། འཇིང་རྣམས་ན་ནི་གནས་པར་བྱེད།། ཆུ་རྒྱུན་ཡིད་དུ་འོང་བ་དང་།། ཆུ་རྣམས་རབ་ཏུ་འབྱུང་བ་དང་།། ཁྲོན་པ་རྣམ་པ་སྣ་ཚོགས་དང་།། རི་བོ་དག་དྲང་ཅུ་རྣམས་དང་།། སྦྲུལ་གྱི་ཚོགས་ཀྱིས་གང་བ་ཡི།། ནགས་ཁྲུང་ཆེན་པོ་དག་ན་ཡང་།། དེ་དག་སྦྲུལ་དུ་གཟུགས་བསྒྱུར་ནས།། སྦྲུལ་དང་ལྷན་ཅིག་དགའ་བར་བྱེད།། ལྗོན་ཤིང་ཆེན་པོ་མི་བི་ཟད་དང་། ། འབྱུང་པོ་དག་ནི་ཚོགས་ཆེན་དང་།། ཁང་སྟོང་དང་ནི་ཡུལ་སྟོང་དང་།། བ་ལང་གནས་ནི་གང་བ་དང་།། རྒྱལ་པོ་དག་གི་དཀོར་ཁང་དང་།། པདྨ་རྣམས་དང་གཞན་དག་ཀྱང་།། གླང་ཆེན་གནས་ནི་ཡིད་འོང་དང་།། རྟ་རྣམས་ཀྱི་ནི་བྲིས་ངག་དང་།། གཞན་ཡང་གྲོང་ཁྱེར་རྣམས་དང་གཞན།། ཚོང་དུས་དག་ན་གནས་པར་བྱེད།། ཆང་འཐུང་གནས་དང་ཁྱིམ་དང་གཞན།། སྲང་དང་ལམ་དང་ཤིང་རྟ་དང་། ། རྒྱུ་བ་དག་གི་གནས་རྣམས་དང་།། བུ་མོ་ལ་སོགས་ལྟ་བའི་རྣམས།། སྐྱེད་མོས་ཚལ་རྙིང་མི་བཟད་དང་།། ལྷ་ཡི་གནས་ནི་ཞིབས་པ་དང་།། བུ་བཙའ་བ་ཡི་གནས་གཞན་དང་། འཆི་ལ་ཐུག་པའི་ཁྱིམ་དག་དང་།། དགའ་སྟོན་ས་དང་འདུས་པ་དང་།། འདུས་སྟོནས་དང་འཐབ་མོའི་ས།། གཡུལ་གྱིས་ནི་ཐམས་ཅད་ནི།། གདོན་རྣམས་རྟག་ཏུ་གནས་པར་བྱེད་དྲུག་ཅུ་རྩ་བཞིའི་གདོན་བཤད་པ། ། ཡིད་ལྟར་མགྱོགས་ཤིང་འདོད་དགུར་བགྲོ།། འདོད་དགུར་འགྱུར་བའི་གཟུགས་ཅན་དེ།། ཐམས་ཅད་རང་དགར་རྩེན་པར་བྱེད།། ལྷ་ཚོགས་མ་མོའི་གདོན་དྲུག་བཅས། ཚངས་པ་སྲུང་བར་བྱེད་པ་སྟེ།། བར་སྣང་གཟའ་ནི་ཉི་མ་ཡང་།། གདོན་རྣམས་ཀྱི་ནི་གཙོ་བོར་བཤད།། སྐེམ་བྱེད་ལ་སོགས་སྲིན་པོའི་བར།། རྫོང་ལྡན་མ་དང་གླུ་གཉིས་དང་། ། སྲིན་པོ་བཅུ་དང་ལྷ་མོ་དང་།། ནོར་བུ་འགུལ་ནི་བར་མ་ཡིན།། གྲུལ་བུམ་ལ་སོགས་ཡི་དགས་དང་།། བརྗེད་བྱེད་བཅས་དང་སྲུལ་པོར་བཅས།། མངང་འཕྲོག་དེ་བཞིན་སྐྱོ་བྱེད་དང་། ། ཐམས་ཅད་གདོན་གྱི་ཐ་མར་བཤད།། དེ་དག་གི་ནི་ཁྱད་པར་བཞིན།། དཀྱིལ་འཁོར་མངོན་པར་མཆོད་བྱས་ནས།། མངོན་པར་དགའ་བར་བྱ་བ་ཡི།། བསྟོད་པས་མཆོད་པ་དག་ཀྱང་བྱ། ། དབང་པོ་རྡོ་རྗེ་འཆང་བའི་ལྷ།། ལྷ་ཡི་རྒྱལ་པོ་གདོན་གྱི་བདག། ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ།། མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ།། མེ་སྡེ་བསྲེག་བྱ་བ་ཞེས་པའི་ལྷ། འབྱུང་པོའི་རྒྱལ་པོ་གདོར་གྱི་བདག། ཕྱོགས་མཚམས་གདོན་གྱི་ཚོགས་བཅས་ལ།། མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ།། གཤིན་རྗེ་དབྱུག་པ་འཆང་བའི་ལྷ།། ས་ཡི་བདག་པོ་གདོན་གྱི་བདག། བརྣབ་སེམས་བདག་ཉིད་གདོན་བཅས་ལ།། མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ།། བདེན་དང་བྲལ་བ་ལེགས་ལྡན་ལྷ།། སྲིན་པོའི་བདག་པོ་གདོན་གྱི་བདག། སྣ་ཚོགས་གདོན་གྱི་ཚོགས་བཅས་ལ། ། མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ།། ཞགས་པ་ཐོགས་པ་ཆུ་ཡི་ལྷ།། བདེན་པ་སྲུང་བ་གདོན་གྱི་བདག། ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ།། མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ། ། རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ།། ཚག་སྲུང་གདོན་གྱི་བདག་པོ་སྟེ།། རླུང་གི་ཚོགས་ཀྱི་གདོན་བཅས་ལ།། མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ།། གནོད་སྦྱིན་ལག་ན་བེ་ཅོན་ཐོགས། ། ནོར་སྲུང་གདོན་གྱི་བདག་པོ་སྟེ།། བྱང་ཕྱོགས་གདོན་དང་བཅས་པ་ལ།། མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ།། དབང་དང་ལྡན་པ་འདྲེན་པའི་ལྷ།། བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག། དབང་ལྡན་ཕྱོགས་ཀྱི་གདོན་བཅས་ལ།། མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ།། འོག་གི་ཀླུ་དང་ཆེ་བའི་ལྷ།། རྒྱལ་པོ་ཆེན་པོ་གླང་པོ་ཆེ།། དམ་ཚིག་ཤེས་པའི་གདོན་བཅས་ལ། ། མཆོད་པར་བྱས་ཏེ་ཕྱག་ཀྱང་འཚལ།། སྟེང་གི་ལྷ་ཚོགས་ཐམས་ཅད་དང་།། ཟླ་བ་ཉི་མ་གཟའ་ཆེན་དང་།། གཟའ་སྐར་རྒྱུ་སྐར་བཅས་པ་དང་།། སྐར་མའི་འཁོར་ལོའི་དཀྱིལ་འཁོར་དང་། ། རིག་སྔགས་ཚོགས་དང་གསང་སྔགས་དང་།། དེ་བཞིན་ཕྱག་རྒྱའི་ཚོགས་ཀུན་དང་།། དམ་ཚིག་ཤེས་དང་སློབ་དཔོན་དང་།། ཚངས་པ་ལ་སོགས་ལྷ་ཆེན་དང་། རྡོ་རྗེ་འཛིན་པ་ཚེ་ཡི་ལྷ། ། ལག་ན་རྡོ་རྗེ་སྟོབས་པོ་ཆེ།། གཏུམ་པོ་འཇིག་རྟེན་གསུམ་གྱི་བདག། འཇིགས་བྱེད་ལག་ན་རྡོ་རྗེ་ཐོགས།། ཐམས་ཅད་ཞི་བར་བྱེད་པ་སྟེ།། འབྱུང་པོའི་ཚོགས་ནི་ཀུན་གྱིས་མཆོད། ། རྣམ་པ་ཀུན་གྱིས་འབྱུང་པོ་ཀུན།། དུས་ཀུན་ཏུ་ནི་སྲུང་བ་པོ།། རིག་སྔགས་བཅས་པ་དེ་དག་དང་།། འབྱུང་པོའི་ཚོགས་ནི་ཐམས་ཅད་ལ།། བཤོས་དང་དྲི་སོགས་སྔ་ཚོགས་རྣམས། ། དེས་ནི་དགའ་ཞིང་དབུལ་བར་བྱ།། དམ་ཚིག་ཤེས་པ་རྣམས་དང་ནི།། འབྱུང་པོའི་ཚོགས་ཀྱིས་བདག་ལ་སྲུངས།། དེ་ཡི་རྒྱས་པ་འཕེལ་བ་ཡང་། བཅོམ་ལྡན་འདས་ཀྱིས་མཛད་པར་གསོལ།། སྣ་ཚོགས་ཚིག་གིས་སྨྲ་བར་བྱ།། ཞི་བའི་ཚིག་ནི་ཡང་དང་ཡང་།། བདག་གི་བླ་མའམ་ཡང་ན་གཞན།། དམ་ཚིག་ཤེས་པ་གཞན། གྱིས་བྱས།། འདི་ནི་འབྱུང་པོ་ཀུན་ལ་ཕན་ཕྱིར་བཤད་པ་སྟེ།། འབྱུང་པོའི་ཚོགས་ཀུན་འདུས་ལ་རྟག་ཏུ་མཆོད་པར་བྱ།། དཀྱིལ་འཁོར་དག་ལས་གཏོར་མའི་ལས་ནི་རྒྱས་པ་འདི།། རྒྱ་བ་དག་གི་གནས་དང་རྟེན་གྱུར་དཔལ་བསྐྱེད་ཕྱིར། ། འདིར་ནི་ཐམས་ཅད་དུས་སུ་ཕྱོགས་རྣམས་ཐམས་ཅད་དུ།། ཡོངས་སུ་དག་པའི་ཡིད་དང་རྣམ་པ་ཐམས་ཅད་ཀྱིས།། ཐམས་ཅད་ཞི་བར་བྱེད་པ་གསུམ་དུ་རབ་བཤད་པ། ། དོན་རྣམས་བསྒྲུབ་པའི་ཕྱིར་ནི་བླ་མས་བྱ་བ་ཡིན།། ལས་ཀྱི་དཀྱིལ་འཁོར་རྫོགས་སོ།། །། ཀུན་རིག་སེམས་ཅན་ཀུན་གྱིས་མཆོད།། རིག་སྔགས་བདག་པོ་ཀུན་གྱིས་རྗེད།། མཚུངས་པ་མེད་པའི་སངས་རྒྱས་ནི།། རྣམ་གསུམ་ཉི་མའི་འོད་དང་ལྡན།། མཚན་ཆེན་མང་པོ་མངའ་བ་སྟེ།། འདོམ་གང་འོད་ཆེན་འཆང་བ་དང་། རིག་སྔགས་སྟོན་པ་ཆེན་པོ་སྟེ།། མཆོག་ཆེན་འཆང་ཞིང་སྦྱིན་བྱེད་དང་།། དག་པའི་ཆོས་ནི་དེས་གསུངས་པ།། ཞི་བའི་གྲོ་ཁྱེར་ཞི་བའི་ལམ།། གང་གིས་ཐུབ་རྣམས་ཤེས་པ་དང་།། གཞན་ཡང་སྔོན་གཤེགས་གཤེགས་གྱུར་དང་། ། ཡ་མཚན་གནས་ལྡན་དགེ་འདུན་རྣམས།། མྱ་ངན་འདས་པའི་གྲོང་འཇུག་པ།། ཤིན་ཏུ་རྒྱས་པ་དེ་ཀུན་ལ།། ཡང་དང་ཡང་དུ་ཕྱག་འཚལ་ཞིང་ཐུབ་པ་སངས་རྒྱས་གཉིས་པ་ནི། ། འཕགས་པ་ཤཱ་ར་དྭ་ཏིའི་བུ།། ལྷ་དང་ལྷ་མིན་དྲི་ཟར་བཅས།། ཀླུ་དང་གནོད་སྦྱིན་ཚོགས་ཀྱིས་མཆོད།། དེ་བཞིན་དམ་པ་གྲུབ་པ་སྟེ།། རིག་སྔགས་འཆང་ཀུན་དབང་ཕྱུག་རྗེ། ། དཔའ་བོ་གཅིག་པུ་དགྲ་ཐུལ་བ།། ལག་ན་རྡོ་རྗེ་ཕྱག་འཚལ་ལོ།། དེ་བཞིན་རྡོ་རྗེ་ལྕགས་ཀྱུ་ཡུམ།། རྡོ་རྗེ་ཐོག་ཐོག་བཟང་མོ་དང་།། དེ་ནས་ལག་ན་རྡོ་རྗེའི་མཐུས། ། ཀི་ལི་ཀི་ལི་གཏུམ་པོ་དང་།། རྡོ་རྗེ་སྒྲོག་གི་ཉི་མ་བཞིན།། བློ་གྲོས་རྡོ་རྗེ་ཕས་མི་ཐུབ།། འོག་པག་ཁྲོ་བོ་དྲིལ་བུ་ཅན།། དེ་བཞིན་རྡོ་རྗེ་ནག་མོ་ལ།། ཅི་སྟེ་ཤེས་རབ་ཅན་དག་གིས། ། གཞན་དོན་གྲུབ་པར་འདོད་པ་ན།། མཆོད་ཅིང་ཕྱག་ཀྱང་བྱས་ནས་ནི།། དཀྱིལ་འཁོར་གཟུང་བྱ་ལེགས་པར་བཤད།། གྲུབ་པ་ལག་ན་རྡོ་རྗེ་ཡི།། དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཅིང་། ། དངོས་གྲུབ་ཐམས་ཅད་རབ་རྫོགས་པ།། ཇི་སྐད་དུ་ནི་རབ་བསྟན་པའི།། དཀྱིལ་འཁོར་ཅི་འདྲ་གང་ཡིན་དང་།། དེ་ཡི་ཡོན་ཏན་སྣ་ཚོགས་གང་།། ཚོགས་ཀྱང་ཇི་ལྟར་བསྟན་པ་དང་། ། དཀྱིལ་འཁོར་གྱི་ནི་དམ་ཚིག་དང་།། ཆོ་ག་དམ་པ་གྲུབ་པ་དང་།། ཕན་དང་མི་ཕན་དོན་རྣམས་དང་།། དམ་ཚིག་ཤེས་པའི་ཡོན་ཏན་དང་།། ཉམས་པའི་གནས་ནི་གང་ཡིན་པ། དེ་དང་གཞན་ཡང་གང་མཐོང་བ།། དེ་དག་ཐམས་ཅད་ལེགས་པར་བཤད།། ལག་ན་རྡོ་རྗེའི་སྲས་གཏུམ་པ།། རྡོ་རྗེ་སྡེ་ལ་ཕྱག་བྱས་ནས།། ཟླ་ཕྱེད་ཡུད་ཙམ་ཞག་གཅིག་དང་། ། རྒྱུ་སྐར་དག་ནི་བཟང་བ་ལ།། གཙང་ཞིང་གོས་གཙང་བགོས་པ་དང་།། བསྡམས་ཤིང་ངེས་པར་གནས་པ་དང་།། གྲོགས་པོ་གཙང་མར་ལྡན་པ་དང་།། གཙང་མའི་ལས་ཀྱི་རྗེས་འབྲང་བས། ། ཡར་གྱི་ངོ་ཡི་ཚེས་གཅིག་གམ།། ཚེས་གཉིས་དེ་བཞིན་ལྔ་ཡང་རུང་།། ཚེས་དྲུག་དང་ནི་བརྒྱད་དང་བཅུ།། བཅུ་གཉིས་ཡང་ནི་བཅུ་གསུམ་མམ།། ཡང་ན་ཉ་ཡི་ཉོན་པར་ནི།། ཡོངས་སུ་གཟུང་བར་བྱ་བ་སྟེ།། དེ་དག་བརྩམ་གྱིས་གཞན་ལ་མིན།། དཀྱིལ་འཁོར་གནས་ནི་སྦྱངས་བྱས་ལ།། ཟླ་བ་ཉ་ཡི་ནུབ་མོ་ནི།། དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། ། བསྒྲིམས་ཏེ་ལག་ན་རྡོ་རྗེ་དང་།། རྒྱལ་དབང་ལ་ནི་ཕྱག་བྱས་ནས།། ཞི་ཞིང་སྔན་ཆད་ལས་བྱས་པའི།། སར་ནི་མཁས་པས་འགྲོ་བར་བྱ།། ཚོང་དུས་ཀུན་དགའ་གཙུག་ལག་ཁང་། ། གྲོང་ངམ་ཡང་ན་གྲོང་ཁྱེར་གྱི།། བྱང་ཤར་མཚམས་ནི་གང་མཐོང་བ།། དེ་ཡི་ལྷོ་ནུབ་མཚམས་དག་ཏུ།། ཟླ་བ་རེ་རེ་བརྟུལ་ཞུགས་བྱ།། མདང་དགའ་ཚལ་ལྡན་གཙང་མ་དང་།། རོ་སྒོ་རྡོ་གསེག་རུས་པ་དང་།། མཐོ་དམན་སྐྱོན་རྣམས་རྣམ་སྤངས་པ།། དེ་འདྲའི་ས་དེ་རྙེད་ན་ནི།། རྡོ་རྗེ་ལྕགས་ཀྱུ་དྲན་བྱས་ལ།། ཤར་ཕྱོགས་ནས་ནི་གོམ་པ་འདོར།། ཧ་ཅང་མི་དྲག་དགོད་མི་བྱ། ། དེ་ནས་རིག་སྔགས་གང་འདོད་པས།། བདག་ཉིད་ཀྱང་ནི་བསྲུང་བར་བྱ།། དེ་ནས་དཀྱིལ་འཁོར་གནས་དེར་ཡང་།། དགེ་བའི་ལྷས་རྣམས་བལྟ་བར་བྱ།། སྔགས་ཀྱིས་བཏབ་པའི་ཆུ་དག་གིས། ། ཐམས་ཅད་ལེགས་པར་གཏོར་བར་བྱ།། བ་ལང་ལྕི་བས་ལེགས་པར་སྦྱང་།། ཀུ་ཤ་དག་ཀྱང་གདིང་བར་བྱ།། མཉམ་པའི་དབུས་ཀྱི་དཀྱིལ་དག་ཏུ།། དཀྱིལ་འཁོར་བྱེད་པ་འདུག་ནས་ནི། ། ཕྱོགས་མཚམས་སྟེང་དང་ཐད་ཀར་ཡང་།། ཁོ་ར་ཁོར་ཡུག་བལྟ་བར་བྱ།། སྲུང་ཞིང་ཡིད་དགའི་དྲི་དག་གིས།། ཁྲུས་བྱས་ཞག་གསུམ་སྤུང་བར་བྱ།། སྤོས་དང་ལྡན་པའི་བཞིན་དུ། ། སྤོས་ཀྱིས་ཕྱོགས་ཀུན་རྒྱས་པར་བྱ།། ཐིག་སྐུད་གསར་ཞིང་རབ་གཙང་དང་།། ཚད་དང་ལྡན་ཞིང་མཛེས་པ་དང་།། དྲི་ཞིམ་རེག་ན་འཇམ་པ་དང་།། སྲ་ཞིང་ལེགས་པར་གཟབས་པ་དང་། ། ཐུང་དང་སྦོམ་སོགས་མ་ལེགས་དང་།། མདུད་པ་རྣམས་ནི་མེད་པ་ཡིས།། ཐིག་ནི་ཤེས་རབ་ཅན་གྱིས་གདབ།། དེ་ཡི་ཚད་ཀྱང་བཤད་པར་བྱ།། རྡོ་རྗེ་འཛིན་ཆེན་དགའ་བ་ཡི།། དང་པོའི་གནས་ནི་རྫོགས་གྱུར་ནས། ། དེ་ལས་གཞན་པའི་དཀྱིལ་འཁོར་ཆེ།། གྲངས་རྣམས་ཀྱང་ནི་བཤད་པར་བྱ།། ལག་ན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་རྒྱལ་པོ་སྟེ་གནས་དང་པོའོ།། བུ་དག་ཆོག་ཤེས་དབེན་པ་བདེ།། ཆོས་ལ་མི་སྤོང་བདེ་བ་ཡིན།། འཚེ་བ་སྤངས་པས་འཇིག་རྟེན་བདེ།། སྲོག་ཆགས་རྣམས་ལ་སྡོམ་པ་དང་།། འདོད་ཆགས་བྲལ་བ་འཇིག་རྟེན་བདེ།། འདོད་ཆགས་རྣམས་ལས་འདས་པ་དང་།། ང་སྙམ་ང་རྒྱལ་ཞིབ་དང་།། དུལ་བ་འདི་ནི་མཆོག་ཏུ་བདེ།། བུ་དག་རྒྱུན་ལས་ཟློག་པ་ཡི།། ལམ་བགྲོད་ཟབ་ཅིང་བལྟ་དཀའ་བ། མུན་ནག་ཐིབས་པོས་བསྒྲིབས་པ་དང་འདོད་ལ་ཆགས་པས་རྟོགས་མའི་གྱུར།། ངས་ནི་དཀའ་བས་རྟོགས་བྱས་ནས།། སྐྱེ་བོ་རྒྱུན་བཞིན་འཁྱམ་པ་དང་།། འདོད་པ་དག་གི་འདུན་པ་ཡིས།། བཅིངས་པའི་བར་དུ་བཤད་པ་སྟེ།། འདི་ནི་ལག་ན་རྡོ་རྗེ་ཡི།། ཡིད་འོང་ཆེད་དུ་བརྗོད་པ་བརྗོད།། རྩེ་མོ་ཅན་གྱིས་བསྲུང་བྱས་ནས།། ངེས་པར་ཀུན་ཏུ་འཇིགས་པ་མེད།། དཀྱིལ་འཁོར་ཁྲུ་ནི་བཅུ་དྲུག་ཏུ། ། ཅི་ནས་རབ་ཏུ་ཚང་བར་བྱ།། སྲིད་དུ་ཡང་ནི་ཅི་ནས་ཀྱང་།། སུམ་ཅུ་རྩ་གཉིས་ཡོད་པ་དང་།། གཙང་མས་གཙང་མའི་གོས་བགོས་ལ།། ཐིག་སྐུད་དེ་ནི་བདག་གིས་གཟུང་།། ཝཱལྷ་ལ་དགའ་བའི་གྲོགས་པོ་ཡིས།། ཁོ་ར་ཁོར་ཡུག་དྲང་བར་བྱ།། ཐིག་གྲངས་དེ་ཡི་སྟེང་དག་ཏུ།། ཐིག་ནི་སྙོམས་པར་ལེགས་པར་བྲི།། རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ།། རྨད་དུ་བྱུང་བ་དེ་ཉིད་བརྗོད། ། ཐུབ་ཆེན་གནས་པར་གྱུར་པ་ཡི།། ཁོར་ཡུག་བྲག་ནི་རྒྱ་ཆེ་བ།། རང་བྱུང་གིས་ནི་བསྟན་པ་བཞིན།། བློ་ཅན་དག་གིས་ཟླུམ་པོར་བྱ།། ཐུང་སྦོམ་ལ་སོགས་སྐྱོན་བྲལ་ཞིང་།། ཐིག་ནི་ལེགས་ཤིང་སྙོམས་པར་བྱ། ། སྦོམ་ཆེས་པ་ནི་སྔར་བཤད་ཟིན།། ཐུང་ཆེས་པས་ནི་ནད་ཀྱིས་བདེབས།། གང་ཞིག་དངོས་གྲུབ་མཆོག་འདོད་པས།། དེ་ནི་ཡུངས་ཀར་དག་གིས་བྲི།། གང་ཞིག་ཙན་དན་ཕྱེ་མས་འདྲི། ། དེས་ནི་འཇིག་རྟེན་ངེས་པར་འཇོམས།། ནས་རྣམས་ཀྱི་ནི་མ་འདྲེས་པའི།། སཱ་ལུ་བཟང་པོར་བྱས་ན་ནི།། དེ་ཡི་ནོར་དང་འབྲུ་རྣམས་དང་།། དབྱིག་རྣམས་རྟག་ཏུ་འཕེལ་བར་འགྱུར། ། གང་ཞིག་དངོས་གྲུབ་མཆོག་འདོད་པས།། དེར་ནི་གསུམ་ཆར་གྱིས་ཀྱང་བྲི།། ཡང་ན་དེ་དག་གཅིག་པུ་ཡིས།། ཤེས་རབ་ཅན་གྱིས་བྲི་བར་བྱ།། དེ་ནས་རི་ཡི་རྒྱལ་པོ་ནི།། རིན་ཆེན་ཀུན་ནས་གྲུབ་པ་སྟེ།། ཉི་མ་བཞིན་དུ་རྟག་ཏུ་ཡང་།། རང་གི་འོད་ཀྱིས་རབ་འབར་ཞིང་།། བང་རིམ་ཡོད་པའི་རི་རབ་དེ།། ཐོག་མ་ཉིད་དུ་གཞག་པར་བྱ།། སྔར་བསྟན་པ་ཡི་ཁོར་ཡུག་ནི། ། གྲུབ་བཞི་ཚད་དུ་བྱ་བ་ཡིན།། དེ་ཉིད་ཁོངས་སུ་རིམ་པ་གསུམ།། ཁྲུ་རེ་ཙམ་དུ་བྲི་བར་བྱ།། གཞན་ཡང་མཐོ་ནི་དོ་དོ་དང་།། སོར་བཞི་བཅས་པར་བྲི་བར་བྱ།། གཉིས་པ་དང་ནི་ལྷག་མ་རྣམས། ། ཆ་དྲུག་མཛེས་དང་ལྡན་པར་བྱ།། གཞན་ནི་མཚམས་ལ་ཐུག་པའི་བར།། ཅི་རིགས་པར་ནི་བྲི་བར་བྱ།། ངུ་འབོད་ཆེན་པོ་ཞེས་བྱ་བའི།། དམྱལ་བ་བདེན་བྲལ་ཕྱོགས་སུ་གཞག། བསྟན་པ་བཞིན་དུ་དེ་བྱས་ནས།། གཞན་ཡང་བཤད་པ་བཞིན་དུ་བྱ།། རས་གསར་པ་ནི་སཱ་ལུ་འམ།། ཙམ་དན་བཟང་པོའི་ཕྱེ་མ་ཡིས།། རྡོ་རྗེ་སྲིད་དུ་ཁྲུ་གང་བ།། རྩེ་དྲུག་ཡང་ན་རྩེ་གསུམ་བྲི། ། དེ་ཡང་ཅི་སྙམ་འབྱོར་ན།། གྲོག་མཁར་གྱི་ནི་ས་དག་གིས།། སོར་བཞི་ཙམ་དུ་བྱ་བ་ཡིན།། གང་གིས་གདོན་ནི་སྟོང་དྲག་རྣམས།། ཁྱད་པར་འདིར་ནི་སྒྲུབ་བྱེད་པ། ། དེ་ཉིད་འཇིག་རྟེན་གསུམ་དག་གི། འཇིགས་བྱེད་དྲག་པོ་ཡིན་པར་ངེས།། དེ་ཉིད་ངོ་མཚར་བྱེ་བ་སྙེད།། ཡ་མཚན་རྣམས་ཀྱང་སྟོན་པ་ཡིན།། གཅིག་བུ་རྡོ་རྗེ་གཉིས་ལྡན་པ། ། དེ་ཉིད་ཀྱི་ནི་དྲུང་དག་ཏུ།། དཀྱིལ་འཁོར་རྣམ་པ་བཞི་པོ་དག། བྱིན་གྱིས་བརླབས་པའི་ཆོ་ག་བྱ།། བདེན་དང་གཏོར་མ་རྒྱ་ཆེ་བ།། ཏིང་འཛིན་ཞི་བ་ཡ་མཚན་ལྡན། ། ཡང་ན་གང་གིས་འདི་དག་ཀུན།། ཐུབ་པའི་ཤེས་རབ་བྱིན་བརླབས་བྱ།། བདེན་དང་ངེས་པར་གནས་བྱས་ནས།། བདེན་བྲལ་ཕྱོགས་སུ་བྲི་བ་དང་།། ཆུ་ལྷའི་ཕྱོགས་སུ་སོང་ནས་ཀྱང་། རྒྱལ་ཆེན་དོན་རྣམས་བྱ་བ་ནི།། སི་ཏ་ཀུ་ནི་བུ་དང་བཅས།། བཞི་པ་དེ་ནི་ལེགས་པར་གནས།། གྲོང་ཁྱེར་མཆོག་གི་དྲུང་དག་ཏུ།། གྲུ་ནི་བྱང་ཕྱོགས་བལྟ་བར་བྱ།། དེ་ནས་འཇུག་པར་རབ་བསྟན་ཏེ།། དཀྱིལ་འཁོར་དག་པ་གཞན་མི་བྱ།། གཟུགས་གནས་སྒོ་མཆོག་དེ་ཉིད་ནི།། རྡོ་རྗེ་འཛིན་པ་དགྱེས་པ་ཡིན།། དཀྱིལ་འཁོར་འདོད་པ་གང་ཡིན་པ། དེ་ཡི་སྒོ་ཡི་བྱང་ཕྱོགས་དྲུང་།། ལྷོ་ཕྱོགས་ཀྱི་ནི་དྲུང་དག་ཏུ།། བསྟན་པ་གང་ཡིན་གཞག་པར་བྱ།། གུར་ཀུམ་ཡིད་དུ་འོང་བ་དང་།། ལྡན་པའི་རྒྱུ་སྐྱེགས་ཁུ་བ་དང་།། ལེ་བརྒན་རྩི་ཡིས་བསྒྱུར་བ་ཡི། ། སར་ནི་དམར་ཞིང་ཡིད་བོང་བ།། བུག་རྡོལ་མེད་ཅིང་མ་ཉམས་ལ།། དྲི་ང་བདག་མེད་པ་ཡི།། གདན་དག་ཀྱང་ནི་ངེས་བྱས་ཤིང་།། ཤིང་རིང་ལ་ནི་ལེགས་པར་གདགས། ། དེ་ནས་ལོགས་ཤིག་རྩེ་མོ་ཡི།། ཆུ་བྱད་སྣ་ཚོགས་ཁྱད་པར་དུ།། རྣམ་པར་མཛེས་པ་གཞག་བྱ་སྟེ།། རྒྱ་སྐྱེགས་ལས་ནི་ལེགས་བྱས་པའི།། པོ་ལོང་ཆེན་པོ་རི་མོ་ཅན། གཞན་ཡང་དྲིལ་དང་སྒོ་ངའི་དབྱིབས།། སྟེའུ་འཁོར་གྱི་ཚོགས་རྣམས་དང་།། གཞན་ཡང་རྣམ་པ་སྣ་ཚོགས་གཞག། ཀུ་ར་ན་ཏ་ཀའི་མེ་ཏོག་འཕྲེང་།། རྒྱལ་མཚན་རྩེ་མོར་འཕྱང་དུ་གཞུག། ཡང་ན་མེ་ཏོག་དམར་བ་ཡི།། འཕྲེང་བ་བཟང་པོ་སྣ་ཚོགས་གདགས།། དེ་དག་བསྟན་བཅོས་ཤེས་པ་ཡིས།། དཀྱིལ་འཁོར་དེ་ཡི་ཕྱི་རོལ་གཞག། དེ་ནས་རི་དབང་ཁོར་ཡུག་གི། ནང་དུ་ཡང་ནི་འགྲོ་བར་བྱ། ། དེ་ལྟར་མཚུངས་མེད་ཅེས་བྱ་བའི།། དཀྱིལ་འཁོར་གྱི་ནི་ཐིག་གདབ་པ།། གནས་གཉིས་པ་ནི་རྒྱས་པར་བསྟན།། ལག་ན་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་གནས་གཉིས་པ་རྫོགས་སོ། ། །། རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ།། རྨད་དུ་བྱུང་བ་དེ་དྲན་ཞིང་།། གཡོན་ཕྱོགས་དག་ཏུ་གོ་རིམས་བཞིན།། ལྷ་རྣམས་ཀྱང་ནི་དགོད་པར་བྱ། ཆུ་ལྷའི་ཕྱོགས་ཀྱི་སྒོ་དག་ནས།། ཀར་ཤ་པ་ཎ་བརྒྱད་དག་གི། འགྲོན་བུ་རྣམས་ནི་ཤར་ནུབ་ཏུ།། མཉམ་ཞིང་མཛེས་པར་དགོད་པར་བྱ།། དེ་ཡི་ལྷོ་ཕྱོགས་རྡོ་རྗེ་ཡི།། རིག་སྔགས་བླ་མའི་རིགས་རྣམས་དགོད། ། དེ་ནི་རྡོ་རྗེ་ལྕགས་ཀྱུ་མ།། རིག་སྔགས་རྒྱལ་པོ་དབུས་སུ་གཞག། དྲེགས་ཤིང་སྟོབས་ཀྱིས་རྒྱགས་པ་ཡི།། སྔོན་པོ་ཆེན་པོ་སྔོན་པོ་གཉིས།། དེར་ནི་རིག་སྔགས་རིགས་རྣམས་ཀྱི། ། སྒོ་སྲུང་དག་ཏུ་གཞག་པར་བྱ།། རིག་སྔགས་རྡོ་རྗེའི་རིགས་སྐྱེས་རྣམས།། ཤར་ཕྱོགས་སུ་ནི་བལྟ་བར་བྱ།། འདོད་པའི་རྡོ་རྗེ་དང་པོར་བཤད། ། རྡོ་རྗེ་ཁྲོ་བོ་མཇུག་ཏུ་གཞག། མེ་ཏོག་ཡིད་འོང་རྩེ་མོ་ཅན།། ལུག་རྒྱུད་གཏུམ་མོ་སེར་མོ་རྣམས།། ཕོ་ཉ་མོ་དག་གྲངས་བཞན་དུ།། ཐམས་ཅད་དེ་ཡི་ཕ་རོལ་དགོད།། བུང་བ་མ་དང་ལྟ་བ་མ།། དགའ་མ་ཐུབ་དཀའ་བྱང་ཕྱོགས་གཞག། རྡོ་རྗེ་ཀ་ཏ་ཡ་ན་དང་།། འདི་དག་གཡས་ཕྱོགས་བྲི་བར་བྱ།། རྡོ་རྗེ་སྡེ་ཡི་འཁོར་རྣམས་ཀྱང་།། དེ་ཡི་ལྷོ་ཕྱོགས་དགོད་པར་བྱ། ། དེ་ནས་ཀླུ་རྒྱལ་ནོར་རྒྱས་བུ།། བཞི་པ་དག་ལ་གཞག་པར་བྱ།། འབྱུང་པོ་སྣ་ཚོགས་བསྐོར་བ་ཡི།། གཞོན་ནུ་ཚོགས་དང་བཅས་པ་ཡང་།། དཀྱིལ་འཁོར་ལྔ་པར་གཞག་པར་བྱ།། མདུང་ཐུང་ཡང་ནི་མདུན་དུ་གཞག། དེ་ནས་དྲུག་ལ་བདེན་བྲལ་ཕྱོགས།། འབྱུང་པོ་རངས་བྱེད་མི་བཟད་པ།། འཕགས་པ་ཡིན་མདུང་བྲིས་ལ།། འཕགས་མ་ཡི་ནི་མདུན་དུ་གཞག། མ་མོ་རྣམས་ཀྱི་རིགས་ལྔ་པོ། ། ཚངས་མ་དང་ནི་དབང་ཕྱུག་མ།། སྐེམ་བྱེད་ཁྱབ་འཇུག་ཕག་མོ་ཞེས།། བྱ་བ་དཀྱིལ་འཁོར་བདུན་པར་གཞག། གྲོང་ཁྱེར་དེ་ཡི་ནང་དག་ཏུ། ཆུ་ཀླུང་འགྲམ་དང་ལྡན་པར་བྲི། ། གྲཝ་རྣམས་ཤར་བྱང་གྲཝ་དག་དང་།། ལྷོ་དང་ནུབ་ཕྱོགས་ཕྱིན་པར་བྱ།། སྡིག་ཅན་ཆུ་ན་གནས་པའི་ནང་།། ངོམས་མི་ཤེས་པའི་རི་དགས་ཤིག། ནང་དུ་མཆུ་བཙུགས་ཕྱོགས་གཅིག་ནས། ། དེ་ནང་ཁྱུ་མཆོག་འགྲོ་བར་བྱ།། རླུང་ལྔའི་ཕྱོགས་ཀྱི་གནས་གཅིག་ཏུ།། བདེ་བྱེད་ལྷ་མོ་ཁྱུ་མཆོག་དང་།། དེ་བཞིན་ར་དང་བུམ་རྣ་གཉིས།། གྲོང་ཁྱེར་གྱི་ནི་སྒོ་སྲུང་གཞག། ཀླུ་གི་གཡས་རོལ་འགྲམ་དག་ཏུ།། རིག་སྔགས་ཆེན་མོ་བུ་སྨད་བཅས།། དབང་ལྡན་ཕྱོགས་སུ་གཞག་བྱ་སྟེ།། དཀྱིལ་འཁོར་བདུན་པ་འདས་པ་ཡིན།། དཀྱིལ་འཁོར་བརྒྱད་པ་སྔར་བཤད་པའི། ། འབྱུང་པོའི་བྱ་བ་སྒྲུབ་པ་བདུན།། འབྱུང་པོ་སྣ་ཚོགས་བསྐོར་བ་གཞག། དགུ་པར་ཡང་ནི་རིམ་བཞིན་བྲི།། དེ་ནས་དཀྱིལ་འཁོར་བཅུ་པར་ནི།། ཚངས་པའི་དྲང་སྲོང་རྣམས་ཀྱང་གཞག། དེ་ནས་གཤིན་རྗེ་ཚོགས་མང་བཅས།། བཅུ་གཅིག་པར་ནི་གཞག་པར་བྱ།། མེ་ལྕེ་འབར་བས་བསྐོར་བ་ཡི།། མེ་ལྷ་མེ་ཡི་ཚོགས་ཀྱིས་བསྐོར།། མེ་དེ་མཐུ་ལས་སྐྱེས་པ་སྟེ། ། དེ་ནི་བཅུ་གཉིས་ཤེས་པར་བྱ།། ཡི་དགས་རྣམས་ཀྱི་འཁོར་དང་བཅས།། རི་དགས་དག་ཀྱང་གཞག་པར་བྱ།། ལག་ན་རྡོ་རྗེས་བཤད་པ་བཞིན།། དེ་ནི་བཅུ་གསུམ་ཤེས་པར་བྱ། ། ཟླ་བ་ཕྱོགས་བཟང་སྟོབས་པོ་ཆེ།། ཁྱབ་འཇུག་དབང་པོ་ཉེ་དབང་གཉིས།། རྒྱལ་བའི་དབང་པོ་སངས་རྒྱས་ཀྱི།། བློ་གྲོས་ལྷ་མོ་གཉིས་ཀྱང་གཞག། གང་ན་ལྷ་དབང་གཉིས་གནས་། དེ་ནི་བཅུ་བཞིར་ཤེས་པར་བྱ།། བཅོ་ལྔ་པ་ཡི་དཀྱིལ་འཁོར་དུ།། ཀླུ་ཆེན་རིགས་བརྒྱད་དགོད་པར་བྱ།། བཀའ་སྩོལ་པ་ཞེས་བྱ་བ་ཡི།། ཚངས་པའི་སྲིན་རྣམས་བཅུ་དྲུག་ཏུ། བཅུ་བདུན་པ་ཡི་དཀྱིལ་འཁོར་དུ།། ཀ་ཏ་ཡ་ན་གཞག་པར་བྱ།། དེ་ཡི་འཁོར་ནི་གྲང་ཡིན་པ།། དེ་ཡང་དྲུང་དུ་གཞག་པར་བྱ།། དབང་ཕྱུག་ཆེན་པོ་རླུང་མར་བཅས། དབང་ལྡན་ཕྱོགས་སུ་གཞག་བྱ་སྟེ།། དེ་ནི་བཅོ་བརྒྱད་ཤེས་པར་བྱ།། དེ་ནས་ཕྱི་རོལ་རིག་སྔགས་རིགས།། རིག་སྔགས་ཀྱི་ནི་སྣ་ཚོགས་དགེ། བཅུ་དགུ་པར་ནི་གཞག་པར་བྱ།། དེ་ནས་ཀྱང་ནི་རིག་སྔགས་རྣམས། ། མང་སྨོས་འདི་དག་ལ་སོགས་བྲི།། དྲི་གཤེད་ཐབས་ཀྱི་དྲི་གཤེད་དང་།། རོ་ལངས་མར་ནི་གྲགས་པ་དང་།། དཀར་མོ་ཆེན་མོ་དཀར་མོ་དང་།། གཞན་ཡང་ས་སྟེངས་གནས་རྣམས་གཞག། རྡོ་རྗེའི་མངའ་བདག་དགོས་པ་ཡི།། གཞན་གྱི་རིག་སྔགས་མཆོག་འཆིང་བ།། རབ་ཏུ་གསལ་ཞིང་འབར་བ་དེ།། དབུས་དེར་མཁས་པས་གཞག་པར་བྱ། ། དེ་ནས་རྡོ་རྗེ་འཛིན་ཆེན་རྗེ།། ཉི་ཤུ་པར་ནི་གཞག་པར་བྱ།། གང་ན་རྡོ་རྗེ་འཛིན་གནས་ཏེ།། མིང་ནི་རྡོ་རྗེ་ཕོ་བྲང་ཡིན།། ཉི་ཤུ་གཅིག་པའི་བྱང་ཕྱོགས་སུ།། ཀུ་བེ་ར་ནི་ཚོགས་བཅས་བྲི། ། ཀུ་བེ་ར་ནི་གར་གནས་པ།། གྲོང་ཁྱེར་ལྷུང་ལོ་ཅན་ཞེས་བྱ།། ཀླུ་ཡི་བྱེ་བ་སྒྲུབ་པ་བརྒྱད།། གྲོང་ཁྱེར་ཉི་ཤུ་གཉིས་པ་གཞག། བྱ་བ་སྒྲུབ་བཅས་ཀླུ་ཆེན་རྣམས།། ལྔ་པོ་ཉི་ཤུ་གསུམ་པར་གཞག། དཀྱིལ་འཁོར་ཉི་ཤུ་རྩ་བཞིར་ནི།། ཀླུ་ནི་དཀྱིལ་འཁོར་གཞག་པར་བྱ།། ཀླུ་མགོ་ཡི་ནི་གདེངས་ཀ་ཅན།། ཀླུ་ཆེན་གྱིས་ནི་གཡས་སུ་བསྐོར། དཀྱིལ་འཁོར་དེ་ཡི་ནང་དག་ཏུ།། ཀླུ་ཆེན་ཁ་དོག་སྣ་ཚོགས་པ།། མཐའ་ཡས་ནོར་རྒྱས་པདྨ་དང་།། དེ་བཞིན་ནོར་བུ་ལ་སོགས་ཀླུ།། ཀ་ལ་བ་ལ་དང་རབ་མགྱོགས་གཉིས།། དེ་བཞིན་གཞན་ཡང་ཀླུ་རྣམས་ཀྱི། ། མ་དང་རྒྱལ་ཚབ་འཇོག་པོ་ཡང་།། དཀྱིལ་འཁོར་ནང་དུ་གཞག་པར་བྱ།། ཤར་སྒྲོ་འོད་མའི་རྩེ་མོ་གཞག། དགའ་བསྐྱེད་པ་ནི་ལྷོ་ཕྱོགས་སུ།། ནུབ་ཕྱོགས་སུ་ནི་ལེགས་མཐོང་གཞག། བྱང་ཕྱོགས་སུ་ནི་སྟོབས་ཀྱི་རྒྱུ།། དེ་ནས་ཆུ་ལྷའི་ཕྱོགས་དག་ཏུ།། འབྱུང་པོའི་ཚོགས་ནི་བདུན་རྣམས་དགོད།། དེ་ནི་ཉི་ཤུ་ལྔ་པ་ཡི།། དཀྱིལ་འཁོར་དུ་ཡང་གྲགས་པ་ཡིན། ། དཀྱིལ་འཁོར་ཉི་ཤུ་རྩ་ལྔ་པ།། འདི་དག་ཀྱང་ནི་མཁས་པ་ཡིས།། ཅི་རིགས་པར་ནི་བྲི་བྱ་ཞིང་།། རྫོགས་བྱེད་རྣམས་ཀྱང་ལེགས་པར་བྲི།། ཆུ་ལྷའི་ཕྱོགས་སུ་ཉི་མ་བྲི། ། ཤར་ཕྱོགས་སུ་ནི་ཟླ་བ་གཞག། ཀ་རུ་ན་ནི་གླིང་བཞིར་ནི།། ཕྱོགས་མཚམས་དག་ཏུ་གཞག་པར་བྱ།། ལྷག་མ་དག་ནི་བྱང་ཕྱོགས་སུ།། ངེས་པར་ཡང་ནི་དགོད་པ་བསྟན། ། འདི་དག་རྣམས་ནི་མདོར་བསྡུ་ན།། ཁོར་ཡུག་གི་ནི་ཁོང་ནས་དབྱུང་།། དེ་ནས་རྡོ་རྗེ་ཤུགས་ཀྱིས་ནི།། དེར་ནི་སྟོབས་ཆེན་འགྲོ་བར་བྱ།། བང་རིམ་ལ་ནི་སོང་ནས་ཀྱང་།། དང་པོར་ལེགས་པར་དགོད་པར་བྱ། ། རྫོང་གི་འཕགས་མ་དོན་སྒྲུབ་པ།། དུར་ཁྲོད་གནས་ན་དྲག་མོ་ནི།། བདེན་བྲལ་ཕྱོགས་སུ་གཞག་བྱ་ཞིང་།། མ་ཡང་དྲུང་དུ་གཞག་པར་བྱ།། ཕྱོགས་ཀྱི་ལྷ་ནི་བྱེད་པ་རྣམས། ། དབང་ལྡན་ཕྱོགས་སུ་དགོད་པར་བྱ།། ལོག་འདྲེན་དྲག་པོ་ཆེན་པོ་ཡང་།། དཀྱིལ་འཁོར་དུ་ནི་ལེགས་པར་དགོད།། རླུང་ལྷའི་ཕྱོགས་སུ་མཁའ་ལྡིང་གཞག། དེ་ནས་དང་པོ་སྐྱོང་བ་ཡི།། རྫོང་གི་འཕགས་མ་གཉིས་པ་ཡང་།། ཡོངས་སུ་རྫོགས་པར་གཞག་པར་བྱ།། བང་རིམ་དག་ནི་གཉིས་པ་ལ།། རྡོ་རྗེ་ཤུགས་ཀྱི་བསྒོམ་བྱ་ཞིང་། ། ཀླུ་རིགས་ནོར་བུ་གཞག་པར་བྱ།། མཐའ་ཡས་བདེན་བྲལ་ཕྱོགས་སུ་གཞག། དེ་ནས་ཕྱོགས་ཀྱི་ལྷ་ཉིད་ནི།། གཤིན་རྗེའི་ཕྱོག་སུ་ལེགས་པར་གཞག། དེ་ནས་ཡི་དྭག་ཚོགས་རྣམས་ཀྱང་། ། མེ་ཡི་ཕྱོགས་སུ་གཞག་པར་བྱ།། དེ་ནས་ཆོག་ཤེས་པ་ཡིས།། ཡི་དགས་ཀྱི་ནི་རིགས་རྣམས་དགོད།། བརྗེད་བྱེད་ཀྱི་ནི་རིགས་རྣམས་དང་།། ནམ་གྲུ་དག་གི་རིགས་ཀྱང་གཞན། ། དབང་ལྡན་འབྱུང་པོ་རྣམས་དང་ནི།། འབྱུང་པོའི་ཆང་ཁྱུ་རྣམས་ཀྱང་གཞག། ཚུངས་པའི་སྲིན་པོ་ཞེས་བྱ་རྣམས།། དཀྱིལ་འཁོར་བྱང་ཕྱོགས་དགོད་པར་བྱ།། ཕྱི་རོལ་ཀླུ་ཡི་རིགས་རྣམས་ཀྱང་། ། རླུང་ལྷའི་ཕྱོགས་སུ་ལེགས་པར་དགོད།། དཀྱིལ་འཁོར་དམ་པ་གཉིས་པ་ལས།། བང་རིམ་འདི་ནི་ཡོངས་སུ་རྫོགས།། རྡོ་རྗེ་རིམ་གྱིས་བསྒོམས་ནས་ནི། གསུམ་པ་ཡང་ནི་བདེན་བྲལ་ཕྱོགས།། ཤ་ཟ་བཞག་སྟེ་སོང་ན་ཡང་།། རྣལ་འབྱོར་མཁའ་འགྲོའི་དཀྱིལ་འཁོར་གཞག། ཡི་དགས་ཀྱི་ནི་ཁྱིམ་རྣམས་ཀྱང་།། གཤིན་རྗེའི་ཕྱོགས་སུ་ལེགས་པར་དགོད། ། མེ་ཡི་ཕྱོགས་སུ་དཀྱིལ་འཁོར་དུ།། སྟོབས་ཆེན་ལྷ་མ་ཡིན་རྣམས་གཞག། དེ་ནས་དཔལ་ལྡན་འཇིག་རྟེན་སྐྱོང་།། འཇིག་རྟེན་ཆོས་ལས་ཕྱིར་ཕྱོགས་པ།། ཡུལ་འཁོར་སྲུང་ནི་དཔག་མེད་པའི། ། དྲི་ཟར་ལྷན་ཅིག་ཀུན་ཏུ་དགོད།། དབང་ཕྱུག་ཆེན་མོར་བཅས་པ་ཡི།། དབང་ལྡན་ཕྱོགས་སུ་གནས་པར་བྱ།། དེ་ནས་རིག་སྔགས་རྣམས་ཀྱི་བདག། ལག་ན་རྡོ་རྗེ་རྣལ་འབྱོར་ཆེ། ། གྲོགས་བཅས་རྡོ་རྗེ་འཛིན་པ་ཡི།། རྡོ་རྗེ་ཕོ་བྲང་དགའ་བར་གཞག། དེ་ནས་སྟོབས་ཆེན་འཇིག་རྟེན་སྐྱོང་།། དཔལ་ལྡན་འཇིག་རྟེན་ཆོས་སྤངས་པ།། ལག་ན་རྡོ་རྗེ་འཛིན་པ་ཡི། ། དབང་ལྡན་བྱང་གི་ཕྱོགས་སུ་གཞག། དེ་བཞིན་ལྕང་ལོ་ཅན་དག་ཏུ།། ནོར་སྦྱིན་ཚོགས་དང་བཅས་པར་བྲི།། ཀླུ་རྣམས་མ་ནི་སུ་ར་ས།། རླུང་ལྷའི་ཕྱོགས་སུ་གནས་པར་བྱ། ། དེ་དག་བུ་དང་བཅས་པར་ནོ།། དེ་ཡི་དྲུང་དུ་དགོད་པར་བཤད།། མཁའ་ལྡིང་རྣམ་པར་འདུད་པའི་བུ།། མཐུ་རྩལ་ཤིན་ཏུ་རྫོགས་པའང་གཞག། དེ་ནས་འབྱུང་པོའི་ཚོགས་རྣམས་དགོད། ། ཆུ་ལྷ་ཡང་ནི་ནུབ་ཕྱོགས་གཞག། གསུམ་པ་དག་ཀྱང་འདས་པ་ཡི།། བཞི་པ་དག་གིས་བཤད་པར་བྱ།། བང་རིམ་བཞི་པའི་སྟེང་དག་ཏུ།། རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། ། ཉི་མ་རྣམས་ནི་གཡོག་དང་བཅས།། ཆུ་ལྷའི་ཕྱོགས་སུ་གནས་པར་བྱ།། བདེན་བྲལ་ཕྱོགས་སུ་སྲིན་རྣམས་དགོད།། དེ་ཡི་ཕ་རོལ་གྲུལ་བུམ་གཞག། དེ་ནས་གྲུལ་བུམ་ལྕགས་ཅན་ཡང་། ། ལྷོ་ཕྱོགས་སུ་ནི་གཞག་པར་བྱ།། མེ་ཡི་ཕྱོགས་སུ་རླུང་ལྷ་གཞག། ཤར་ཕྱོགས་ཟླ་བ་འཁོར་དང་བཅས།། ཐག་བཟངས་རིགས་ཀྱང་དེ་བཞིན་ཏེ། ། དེ་གཉིས་ཀྱི་ནི་བཞི་པ་དགང་།། དེ་ནས་བང་རིམ་ལྔ་པ་ལ།། རྡོ་རྗེ་ཤུགས་ཀྱིས་འགྲོ་བར་བྱ།། ལྷ་བསྲུང་ཕྱིར་ནི་ཀླུ་རྣམས་ཀྱང་།། ཆུ་ལྷའི་ཕྱོགསུ་དགོད་པར་བྱ།། དབང་ལྡན་དང་ནི་ཤར་མཚམས་སུ།། ལྷ་ཡི་མཛོད་ཀྱང་གཞག་པར་བྱ།། གཞན་གྱིས་མི་ཐུབ་རྡོ་རྗེ་ཆེ།། དབང་ལྡན་ཕྱོགས་སུ་གཞག་པར་བྱ།། དེ་ནས་རྡོ་རྗེའི་དྲུང་དག་ཏུ།། གནས་གཙང་རིགས་ཀྱི་ལྷ་ཆེན་གཞག། ལྷ་ཡི་སྲུང་མ་གནོད་སྦྱིན་ཆེ།། བྱང་ཕྱོགས་དག་ཏུ་གནས་པར་བྱ།། རྡོ་རྗེ་ཤུགས་ཀྱིས་དྲུག་པ་ལ།། སོང་ནས་ཆུ་ལྷའི་ཕྱོགས་དག་ཏུ།། ཀླུ་རྒྱལ་རྒྱ་མཚོ་ཆེན་པོའི་བུ། ། དྲག་ཅིང་ཤུགས་དང་ལྡན་པ་གཞག། དེར་ནི་གཡོག་དང་བཅས་པར་བྱ།། གཞན་དག་གིས་ནི་སྤྲུལ་པ་ལ།། དབང་བྱེད་ལ་ནི་གང་ཡིན་རྣམས།། བདེན་བྲལ་ཕྱོགས་སུ་གནས་པར་བྱ། ། ཚངས་རིས་ཀྱི་ནི་ཚོགས་རྣམས་ཀྱང་།། མེ་ཡི་ཕྱོགས་སུ་དགོད་པར་བྱ།། ཚངས་པའི་མདུན་ན་འདོན་པ་ཡི།། ལྷ་རྣམས་ཤར་ཕྱོགས་གཞག་པར་བྱ།། ཤིན་ཏུ་མཐོང་ལྷ་དབང་ལྡན་དུ། ། སྲིད་རྩེ་དེ་ཡི་ཕ་རོལ་དགོད།། དེ་བཞིན་དཀའ་བཟློག་བྱང་ཕྱོགས་གཞག། དྲུག་པ་དག་ཀྱང་འདས་པ་ཡིན།། བང་རིམ་དག་ནི་བདུན་པ་ལ།། རྡོ་རྗེ་ཤུགས་ཀྱིས་རྡོ་རྗེ་འཆང་། ། སོང་ནས་ཀླུ་ཡི་གཙོ་བོ་ནི།། རྒྱ་མཚོ་ཆེན་པོ་རྨད་བྱུང་གཞག། བྱང་ཕྱོགས་བྱ་བ་ཟིན་ནས་ནི།། གྲགས་ཤིང་བསོད་ནམས་ཆེ་བ་ཡི།། འཕྲུལ་དགའ་བ་ཡི་ལྷ་ཆེན་རྣམས།། གཤིན་རྗེའི་ཕྱོགས་སུ་གནས་པར་བྱ།། དེ་ནས་རྡོ་རྗེ་ཤར་ཕྱོགས་ཀྱི།། གནས་ཀྱི་གཙོ་བོར་གཞག་པར་བྱ།། སུམ་ཅུ་གསུམ་པའང་ཤར་ཕྱོགས་སུ།། གཞག་ཅིང་བདུན་པ་ཡོངས་སུ་དགང་། ལྷ་རྣམས་སྣ་ཚོགས་རྒྱས་པ་ཡི།། རི་ཡི་དབང་པོ་དམ་པ་ཡི།། བང་རིམ་དག་ནི་ཡོངས་སུ་རྫོགས།། དེ་ཡི་འོག་ཏུ་བྱ་བ་བཤད།། རི་རབ་སྟེང་དུ་ཐམས་ཅད་མཁྱེན།། རིག་སྔགས་སྙིང་པོ་འཆང་བ་པོ། ། སངས་རྒྱས་འཇིག་རྟེན་རྟོགས་མཛད་པ།། ཐར་པའི་གྲོང་ཁྱེར་དབང་ཕྱུག་གཞག། གང་གིས་འོད་ཟེར་དེ་དག་གིས།། ཕྱོགས་རྣམས་ཐམས་ཅད་རྒྱས་མཛད་དང་།། གང་གི་སྐུ་ལ་མཚན་ཀུན་གྱི། ། མཛོད་རྣམས་ཐམས་ཅད་འབྱུང་བ་དང་།། མཚན་དང་གཞོན་དང་བརྩོན་འགྲུས་དང་།། གཞན་ཡང་ཞི་བར་ལྡན་པ་དང་།། མཆོག་རྣམས་མཆོག་སྦྱིན་བྱེད་པ་ལ།། གང་གི་མཆོག་གི་མཆོག་སྦྱིན་དང་། ། ཐུགས་རྗེ་ཚེ་དང་ལྡན་པའི་མགོན།། ཉི་མ་འཆར་ཀའི་འོད་དང་འདྲ།། འོད་ཟེར་ཉི་མ་བྱེ་བ་ཡིས།། གང་གི་མུན་པ་བསལ་བ་དང་།། ཆོས་དང་མཚན་ཉིད་རིགས་པ་ཡི།། ཡིད་བཞིན་ནོར་བུའི་ཐུགས་མངའ་གང་།། གང་གིས་བསྐལ་པ་གྲངས་མེད་པར།། སེམས་ཅན་རྣམས་ནི་རབ་ཏུ་བསྲུངས།། རིན་ཆེན་ཨིནྡྲ་ནི་ལ་ལྟར།། གང་གི་གཙུག་ཏོར་མཛེས་པ་དང་།། ནོར་བུ་ཡི་ནི་རྒྱལ་པོ་བཞིན། ། བླ་མདོན་བྱ་ཅད་མཛོད་སྲུངས་སྣ།། གང་གི་བདུད་རྩི་གཏོང་བའི་ཞལ།། པདྨ་རཱ་གའི་མདོག་འདྲ་དང་།། དུས་འཚམས་གསེར་གྱིས་བསྒྱུར་བ་ཡི།། གསེར་གྱི་རི་ལྟར་སྐུ་མདོག་མཛེས། ། འཁོར་ལོ་ཆེན་པོ་རྩིབས་སྟོང་པས།། ཕྱག་དང་ཞབས་ནི་ལེགས་སྤྲས་པ།། སྐྱིལ་མོ་ཀྲུང་ནི་མཛེས་པ་ཡིས།། ཐུབ་པ་ཆེན་པོ་ལེགས་པར་བཞུགས།། ཆོས་ཀྱི་ཆུ་ཀླུང་ཆེན་པོའི་མཆོག། དེ་ཡི་ཞལ་ནས་ཀུན་ཏུ་འབབ།། རྨད་དུ་བྱུང་བར་འབབ་པ་སྟེ།། བདག་གི་ཁ་ནི་སྟོང་ཕྲག་རྣམས།། སྟོང་སྙེད་ཀྱིས་ནི་བརྗོད་པའམ།། ཁོང་དུ་ཆུད་པར་ནུས་མི་འགྱུར།། དེ་ནི་རྒྱས་པར་འགེངས་པ་དང་། ། ཡེ་ཤེས་པ་མཐའ་བླ་ན་མེད།། ཤིན་ཏུ་རྨད་བྱུང་གསང་བར་བཤད།། ཚིག་ལྡན་གྱི་ནི་ལྷ་མོ་དེ།། འཇིག་རྟེན་མགོན་པོ་སངས་རྒྱས་ཀྱི།། གསུང་ལ་རབ་ཏུ་གནས་པ་ཡིན།། འཇིག་རྟེན་གསུམ་མ་བདག་མཆོག་སྦྱིན། ། འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ།། འདི་ནི་གནས་དང་འགྲོ་བ་ཡི།། འཇིག་རྟེན་ཐམས་ཅད་འཛིན་པ་ཡིན།། ཆེ་བའི་རེ་མཆོག་སྟོབས་ཆེན་ཏེ།། དགའ་ཞིང་ཀུན་གྱི་ཚིག་ལ་གནས། ། གཞན་གཅིག་སངས་རྒྱས་འདྲ་བ་མེད།། གུད་ན་ཡང་ནི་གནས་མ་ཡིན།། དེ་ཡི་བསྔགས་པ་སངས་རྒྱས་སམ།། ལྷ་རྣམས་ཉིད་ཀྱིས་བརྗོད་པར་ནུས།། མཆོག་སྦྱིན་འཇིག་རྟེན་གསུམ་གྱི་མ། ། ཉེས་པ་ཐམས་ཅད་རྣམ་པར་སྤངས།། མདོར་ན་འགྲོ་བ་འདི་ཀུན་ནི།། ཁྱོད་ཀྱི་རང་བཞིན་ཉིད་ཡིན་ཏེ།། ལྷ་དང་དྲི་ཟ་ཀླུ་དབང་དང་།། གནོད་སྦྱིན་ལྷ་མིན་ཚོགས་བསྐོར་བའི།། རྒྱུ་དང་མི་རྒྱུ་རྣམས་ཀྱི་གཏེར། ། ཡ་མཚན་ལས་ཀྱི་དཀྱིལ་འཁོར་ནི།། དེར་གཏོགས་དེར་ནི་བརྩོན་ཞིང་སྤྲོ།། དེ་དང་འབྲེལ་བར་ཐེ་ཚོམ་མེད།། ཆོས་ཀྲུང་བསོད་ནམས་ལྡན་པ་དེ།། བསོད་ནམས་རིན་ཆེན་དག་གིས་རྒྱས། ། ལག་ན་རྡོ་རྗེའི་བསོད་ནམས་ཀྱི།། ལས་ཀྱི་རྒྱ་མཚོ་དག་ལས་འབྱུང་།། ཆུ་ཀླུང་རྒྱ་མཚོར་འབབ་པ་ན།། སྐྱེ་བོས་བརྟེན་ནས་འབབ་པར་འགྱུར།། དེ་བཞིན་ཆོས་ཀྱི་ཆུ་ཀླུང་འདི།། འདི་དག་གིས་བསྟེན་བྱས་ནས་ཀྱང་། ། ལག་ན་རྡོ་རྗེའི་མགོ་བོ་དང་།། རྣ་གཉིས་དང་ནི་གསུམ་དུ་དབབ།། ཟེར་མ་འཕྲོས་པས་ལྷ་མོ་དང་།། དབང་ཕྱུག་ཚོགས་བཅས་ཕོག་པར་འགྱུར།། དེ་ཕྱིར་ཆོས་ཀྱི་ཆུ་ཀླུང་འདི། ། སངས་རྒྱས་ལས་ནི་འབྱུང་བྱས་ལ།། ལག་ན་རྡོ་རྗེའི་མགོ་བོར་ཡང་།། རབ་ཏུ་དབབ་ཅིང་བདུག་པར་བྱ།། བསོད་ནམས་ལྡན་པའི་ཆུ་ཀླུང་རྒྱ་ཆེན་དེ་ཉིད་ལས།། སྐྱེ་བོ་མཐའ་དག་གཅིག་ཏུ་སེམས་བཏུད་ཉན་པར་བྱེད། ། དེ་ཉིད་ལ་ནི་ལྷ་རྣམས་ཐམས་ཅད་མངོན་པར་དགའ།། དེ་ཉིད་ལ་ནི་རོག་སྔགས་གྲུབ་པའི་ཚོགས་ཀུན་བརྟེན།། གནས་རྣམས་གསུམ་པ་འདི་ནི་ལྷ་ཡི་གནས་ཡིན་ཏེ། ། རྡོ་རྗེ་འཛིན་པ་ང་ཡི་དགོངས་པ་བཞིན་དུ་རྫོགས།། དེ་ནས་དམ་ཚིག་མཁྱེན་པས་དཀྱིལ་འཁོར་རྒྱལ་པོ་ཡི།། གསང་བ་གང་དང་གང་གསུངས་དགའ་རྒྱས་བདག་གིས་བཤད།། ལག་ནརྡོ་རྗེའི་དཀྱིལ་འཁོར་ཆེན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་གནས་གསུམ་པ་རྫོགས་སོ། ། ། རི་རབ་ཀྱི་ནི་བྱང་ཕྱོགས་སུ། ཆོས་ཀྱི་ཀླུང་ཆེན་འཛིན་པ་ཡི། རྡོ་རྗེ་འཛིན་ཆེན་རབ་གཏུམ་པ།། སྟོབ་ཆེན་ལག་ན་རྡོ་རྗེ་གཞག། དེ་ཡི་རྐང་པ་གཡོན་པ་ཡིས།། དབང་ཕྱུག་ཆེན་པོ་གནན་པར་བྱ།། གཡས་པ་ཡི་ནི་རྐང་པ་ཡིས།། ལྷ་མོ་དཀའ་བཟློག་གནན་པར་བྱ། ། རི་ཡི་དབང་པོ་ཁོར་ཡུག་དང་།། བཱང་རིམ་དག་གི་བར་དག་ཏུ།། གླིང་ཆེན་རྣམ་པ་བཞི་པོ་དང་།། གནས་རྣམས་ཇི་བཞིན་གཞག་པར་བྱ།། དེ་ནས་ཆུ་ཀླུང་བདུན་ཡང་གཞག། ལྷོ་ཕྱོགས་སུ་ནི་དབྱིབས་ལེགས་པའི།། འཛམ་བུ་གླིང་ནི་གཞག་པར་བྱ།། ཆུ་ཀླུང་དང་ནི་ཤིང་དང་ཡུལ།། སྣ་ཚོགས་ཀྱིས་ནི་ཤིན་ཏུ་རྒྱས།། དེ་ཡི་མངོན་མཚན་ཆེན་པོ་ནི།། འཛམ་བུའི་ཤིང་མཆོག་སྐྱེས་པ་དེ།། འཕང་དུ་དཔག་ཚད་བརྒྱ་ཡོད་དོ།། འོག་ལོགས་སུ་ནི་གཞག་པར་བྱ།། དེ་ནས་ཆུ་ཀླུང་བདུན་ཡང་གཞག། ནགས་ཚལ་ཡང་ནི་བདུན་དག་དང་།། ཡིད་དུ་འོང་། བའི་རི་བདུན་དང་།། ཡུལ་བདུན་དག་ཀྱང་གཞག་པར་བྱ།། དང་པོ་བྱང་ནས་བརྩམ་བྱ་ཞིང་།། ལྷོ་ཕྱོགས་ལོགས་སུ་ཐུར་དུ་དྲང་།། ཤར་ནས་ནུབ་ཏུ་དྲང་བྱ་ཞིང་།། ཁོ་ར་ཁོར་ཡུག་བསྒྲུབས་ནས་ནི།། རྒྱལ་བའི་གསུང་རབ་ཡིད་འོང་བ།། ཆོས་ཀྱི་འཁོར་ལོ་རྗེས་བསྒྲུབ་པ།། འཕགས་པ་ཤཱ་ར་དྭ་ཏིའི་བུ།། སྙིང་རྗེའི་བདག་ཉིད་པདྨའི་མཆོག། དགེ་སློང་དགེ་སློང་མ་རྣམས་དང་།། རྒྱལ་པོ་དག་གིས་བསྟེན་པ་གཞག། འཛམ་བུའི་གླིང་གི་སྒོ་ཕྱོགས་སུ།། འཁྲི་ཤིང་དག་ཀྱང་བྲི་བར་བྱ།། ནུབ་ཕྱོགས་སུ་ནི་བ་ལང་སྤྱོད།། ཆུ་བོ་བརྒྱས་ནི་གང་བ་དང་།། ཡུལ་དང་སྐྱེ་བོ་སྟོང་དག་དང་།། བ་ལང་ཁྲུ་ནི་སྟོ་གིས་རྒྱས། ། དེ་བཞིན་ཤར་གྱི་ལུས་འཕགས་ཀྱང་།། ཤར་ཕྱོགས་སུ་ནི་གཞག་པར་བྱ།། ཡུལ་རྣམས་དང་ནི་རི་དག་གིས།། ཀུན་ཏུ་རབ་ཏུ་རྒྱས་པར་གནང་།། དེ་ནས་གནས་བརྟན་ཆོས་སྐྱོང་། ། བཅུ་གཉིས་དག་དང་ལྷན་ཅིག་ཏུ།། སྐུ་གཅན་ཟིན་ཞེས་གྲགས་པ་སྟེ།། སངས་རྒྱས་སྲས་ནི་མངོན་སུམ་གནས།། གནོད་སྦྱིན་ལྷ་མིན་སྟོབ་བྱ་རྣམས།། ཉིན་མཚན་དུ་ནི་དེར་སོང་ནས། དྲིདང་འཕྲེང་བ་དཔེ་མེད་པས།། མཆོད་པ་བྱེད་ཅིང་ཕྱག་ཀྱང་འཚལ།། དེ་ནས་བྱང་གི་སྒྲ་མི་སྙན།། ལྷུན་པོ་ཡི་ནི་བྱང་ཕྱོགས་གཞག། གཙང་ཞིང་གྲུ་བཞི་ལྷམ་པ་སྟེ།། ཆུ་ཀླུང་དག་གིས་རབ་ཏུ་བརྒྱན།། གང་དག་གི་ནི་ཚེ་ཡི་ཚད། ། ཚིག་སྡོང་ཚང་བར་བརྗོད་པ་དང་།། སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི།། སེམས་ཅན་ཡ་མཚན་དེ་ན་གནས།། རྒྱ་མཚོའི་ས་ན་བསྐོར་བ་ཡི།། རི་ཡི་དམ་པ་རི་རབ་ལ།། ཕྱོགས་ཀྱི་ལྷ་ནི་བཞི་པོ་རྣམས། ། ཀུན་ནས་ངེས་པར་གཞག་པར་བྱ།། ཀར་ཤ་པ་ཎ་བརྒྱད་དག་གིས།། དཀྱིལ་འཁོར་དང་པོར་རྡོ་རྗེ་བྲི།། དེ་ཡི་གནས་རྣམས་དེ་དག་ཏུ།། གསེར་གྱི་གདུ་བུ་དག་ཀྱང་བྱ།། སྒོ་རྣམས་རེ་རེར་དོན་གྲུབ་པ། ། རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ།། ཐུབ་པར་ནུས་པ་གང་ཡིན་པའི།། སྒོ་སྲུངས་གཉིས་ཀྱང་གཞག་པར་བྱ།། དེ་ཡང་སྔགས་དང་ལྡན་བྱ་ཞིང་།། ཀུན་ཏུ་གཞལ་ཡས་རྒྱས་པར་བྱ།། རྡོ་རྗེ་ཐོག་ཐོག་ལྷོ་ཕྱོགས་བྲི། ། རྡོ་རྗེ་ཁུ་ཚུར་བྱང་ཕྱོགས་གཞག། དེ་ནས་དེར་ནི་ལྷ་བཤོས་རྣམས།། རྣམ་པ་སྣ་ཚོགས་བཀྲ་བ་དང་།། བླ་མེད་རབ་མཛེས་རྒྱས་པར་བྱ།། དྲི་དང་མེ་ཏོག་འཕྲེང་བས་མཆོད།། ཞི་དེའི་ཐུ་ལུ་སྣ་ཚོགས་པ།། སྦྲང་རྩིས་བྱུགས་ཤིང་གཟབས་པ་དང་།། ལེགས་བྱས་ཨ་ཤ་ཀ་བར་ཏི།། དེ་བཞིན་བེ་རེག་ནས་འཁུར་དབུལ།། ཇི་ཙམ་དུ་ནི་རྒྱས་པ་ཕུལ།། དེ་ཙམ་དུནི་འགྲུབ་པར་བཤད། ། འབྲས་ཀྱི་འོ་ཐུག་ཚུལ་ཀ། ཐུག་པ་སྦྱར་ཐུགས་མི་ཏ།། འབྲས་ཆན་ཚོད་མ་སྣ་ཚོགས་པ།། ཁ་དོག་སྣ་ཚོགས་སོར་ལྔར་ལྡན།། དེ་ལ་སོགས་པ་གང་འདོད་པ།། ལོ་མ་སྣ་ཚོགས་སྐྱོན་མེད་པ། ། ཡང་ན་ཁམ་ཕོར་གསར་པ་འམ།། པདྨའི་ལོ་མ་དག་ལ་གཞག། ནས་དང་གྲོ་དང་མོན་སྲན་གྲེའུ།། སཱ་ལུ་དང་ནི་ཏིལ་འབྲུ་རྣམས།། སྣོད་གསར་དག་གི་ནང་དུ་གཞག། ཡང་ན་གཞན་དུ་དེ་བཞིན་གཞག། ཧྭགས་དང་ཁ་རས་གང་བ་དང་།། བཏུང་བ་བསིལ་ཞིང་ཞིམ་པ་དག། སྣོད་གསར་དག་གི་ནང་དག་ཏུ།། བཞག་ནས་རབ་ཏུ་དབུལ་བར་བྱ།། དེས་ན་སུ་ཡང་འཚེ་མི་འགྱུར། ། དགའ་བའི་སེམས་ཀྱིས་ཟ་འདོད་ལ།། ཁ་ཟས་དག་ཀྱང་སྦྱིན་པར་བྱ།། དེ་ནས་དགའ་བར་བྱ་བའི་ཕྱིར།། ཏ་ལའི་ལོ་མ་བསིལ་ཡབ་དབུལ།། དྲི་ཞིམ་པ་ཡི་དྲི་ཀུན་གྱིས།། དཀྱིལ་འཁོར་ལ་ནི་མཆོད་པར་བྱ། ། སྤོས་ཀྱི་ཕྱེ་མ་སྣ་ཚོགས་པ།། མཆོག་རྣམས་ཀྱིས་ཀྱང་དེ་བཞིན་མཆོད།། ཛ་ཡ་མུ་ས་ན་ལ་སོགས།། དྲི་ཞིམ་ཐམས་ཅད་སྦྱར་བས་མཆོད།། ཨ་ཀ་རུ་དང་དུ་རུ་ཀ་ཤིང་གི་ཐང་ཆུ་གསར་སྦྱར་རྣམས། ། བདུག་པའི་རྒྱུར་ནི་བསྔགས་པ་ཡིན།། དངོས་གྲུབ་སྒོ་དྲུང་འདུག་པར་བྱ།། ཡང་ན་ནང་དུ་སོང་ནས་ནི།། དེ་ནི་བྱང་ཕྱོགས་ཁ་བལྟ་ཞིང་།། ལག་ན་རྡོ་རྗེ་ཚུལ་བཞིན་བོད། ། ཤིན་ཏུ་བཀྲ་ཤིས་ཚོགས་བཅད་དང་།། དེ་བཞིན་བདེ་ལེགས་རྫོགས་པ་གདོན།། དེ་ནས་དེར་ནི་རིག་སྔགས་མ།། རྡོ་རྗེ་ལྕགས་ཀྱུ་རྩེ་མོ་ཅན།། རྡོ་རྗེའི་རིགས་ལས་བྱུང་བ་ཡི།། རིག་སྔགས་བསྟན་པ་གང་ཡིན་པ། ། དེས་ནི་བདག་ཉིད་བསྲུང་བར་བྱ།། དེ་ནས་ཐོག་མར་སྤྱན་དྲང་བ།། རི་རབ་དེ་ཡི་རྩེ་མོར་ནི།། འདུག་ནས་སྒྲ་ཆེན་གདོན་པར་བྱ།། ཆོས་ཀྱི་ཆུ་ཀླུང་སྤྱན་དྲང་བ། ། དམ་པ་འདི་ནི་བརྗོད་པར་བྱ།། བཀྲ་ཤིས་ཚོགས་བཅད་བརྗོད་པ་དང་།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། འདུས་པ་ཆེན་པོའི་མདོ་དག་དང་།། འཕགས་པའི་བདེན་པ་བཞི་དག་དང་།། རྟེན་ཅིང་འབྲེལ་པར་འབྱུང་བ་དེ། ། མ་ཉམས་ཐེ་ཚོམ་མེད་པ་དང་།། འཕགས་པ་ཤཱ་ར་དྭ་ཏིའི་བུའི།། སེང་གེའི་སྒྲ་ནི་དཔེ་མེད་གདོན།། དེ་ནས་རྡོ་རྗེ་རིགས་ཀྱི་ཡུམ།། རིག་སྔགས་རྡོ་རྗེ་ལྕགས་ཀྱུ་བཟླས།། དེ་ནས་ཀྱང་ནི་རྩེ་མོ་ཅན།། དེ་ནས་རྡོ་རྗེ་རིགས་སྐྱེས་ཀྱི།། རིག་སྔགས་དག་ནི་གང་འདོད་དང་།། སྙིང་པོ་འགྲོ་ལྡིང་གཏུམ་པོ་དང་།། དེ་ཡི་སྟེང་དང་འདོད་པ་ཡི།། རྡོ་རྗེ་མ་དང་འོག་པག་ཅན།། ལུ་གུ་རྒྱུད་དང་གཏུམ་མོ་དང་། ། གསེར་གཏུམ་རྡོ་རྗེ་ཐོག་ཐོག་མ།། དེ་བཞིན་རྡོ་རྗེ་ཁུ་ཚུར་མ།། རྡོ་རྗེ་ཐུབ་དཀའ་ཕོ་ཉ་མོ།། ཆེན་མོ་བཅུ་དང་དྲུག་ཅུ་བཞི།། དང་པོ་བློ་གྲོས་རྡོ་རྗེ་མ།། གཉིས་པ་རྡོ་རྗེ་དྲིལ་བུམ། གསུམ་པ་རྡོ་རྗེ་ནག་མོ་དང་།། བཞི་པ་གཞན་གྱིས་མི་ཐུབ་པ།། ལྔ་པ་རྡོ་རྗེ་རོལ་མོ་དང་།། དྲུག་པ་ཡང་ནི་འོག་པག་ཅན།། བདུན་པ་རྡོ་རྗེ་ཤུགས་ཡིན་ཏེ།། བརྒྱད་པ་རྡོ་རྗེ་ཉི་མ་ཡིན།། དགུ་པ་རྡོ་རྗེ་དབྱུག་པ་སྟེ། ། དེ་ནི་སྣ་ཚོགས་གཟུགས་ཞེས་གྲགས།། བཅུ་པ་རྡོ་རྗེ་བདེན་པ་སྟེ།། ཅི་དགའ་བར་ནི་བཟླས་བརྗོད་བྱ།། རྡོ་རྗེ་དབྱུག་པ་བལྟ་བར་བྱ།། རྡོ་རྗེ་ཁྲོ་བོ་འཇོམ་བྱེད་དང་། ། བུང་བ་བལྟ་བ་ཆུ་ཀླུང་དང་།། རྡོ་རྗེ་ཀ་ཏ་ཡ་ན་དང་།། བདུག་པས་འཛལ་དང་སྲུང་མ་དང་།། ཡོན་ཏན་ཆེན་མོ་དེ་ལ་སོགས།། ངེས་པ་ཉིད་དུ་བཟླས་བརྗེད་བྱ།། དེས་ན་དཀྱིལ་འཁོར་འགྲུབ་པར་འགྱུར། ། ངེས་པར་གནས་པས་རིག་སྔགས་ནི།། མཆོག་འགྱུར་རྡོ་རྗེ་ལྕགས་ཀྱུ་མ།། བདུག་པ་ཀུན་གྱིས་རྒྱས་པ་ཡིས།། དཀྱིལ་འཁོར་དུ་ནི་བརྒྱད་བརྒྱུད་བཟླས།། དེས་ན་ལས་སུ་སྒྲུབ་པ་ཡི། ། རིག་སྔགས་དེས་ནི་གྲུབ་པར་གྱུར།། རིག་སྔགས་གང་ལ་དགའ་བ་དེས།། དཀྱིལ་འཁོར་དུ་ནི་བཟླས་བརྗོད་བྱ།། ལག་ན་རྡོ་རྗེས་བཤད་པ་ཡི།། རོག་སྔགས་མང་པོ་དེ་ཉི་ནི། ། མཆོག་འདོད་དངོས་གྲུབ་འདོད་པ་ཡིས།། ཅི་ནས་སྐྱོ་བར་མི་འགྱུར་སྤྱད།། དེ་ནས་རྫོགས་པར་སྤྱན་དྲངས་ཤིང་།། གསང་སྔགས་རྒྱས་པར་བྱས་ནས་ནི།། དེ་ནས་དཀྱིལ་འཁོར་འདོད་པ་ཀུན། ། གཟུད་པ་ཡང་ནི་བཤད་པར་བྱ།། སངས་རྒྱས་ཆོས་དང་དགེ་འདུན་དང་།། དཀོན་མཆོག་གསུམ་ལ་གཙོ་བོར་འཛིན།། དད་ཅིང་མཉམ་པར་བཞག་པ་ཡི།། མི་ནི་དམ་ཚིག་འཛིན་དུ་གཞུག་དེས་ན་དེ་ལ་མཁས་པ་ཡིས། ། བསླབ་གཞི་ལྔ་ནི་སྦྱིན་པར་བྱ།། མིང་འདི་ཞེས་ནི་བྱ་བ་བདག། ཕྱིན་ཆད་ནམ་འཚོའི་བར་དག་ཏུ།། སྲོག་གཅོད་ལོག་པར་གཡེམ་པ་དང་།། རྐུ་དང་བརྫུན་དུ་སྨྲ་བ་དང་། འབྲུ་དང་སྦྱར་བའི་ཆང་འཐུང་བ།། རྟག་ཏུ་བདག་གིས་སྤངས་ཞེས་སྨྲོས།། བསླབ་གཞི་མཆོག་དང་ལྡན་པ་དེ།། བློ་གྲོས་རྡོ་རྗེས་བསྲུང་བར་བྱ།། འབོགས་པར་འགྱུར་བར་བྱ་བའི་ཕྱིར།། བྱིན་གྱིས་བརླབས་ཀྱི་ཆོ་གའང་བྱ། ། དེ་ནས་དེར་ནི་བུམ་པ་བདུན།། ཆུ་ནི་རབ་ཏུ་བླུགས་ནས་ཀྱང་།། བློ་གྲོས་རྡོ་རྗེས་བསྔགས་པ་དེས།། བདུད་རྩི་ཞེས་ནི་བརྗོད་པ་ཡིན།། རྡོ་རྗེ་འཛིན་པའི་ཕྱག་རྒྱ་ནི།། དྲིལ་བུར་བཅས་པས་དྲན་བྱེད་བརྗོད། ། ལག་པ་གཉིས་ཀ་བླ་འོག་སྦྱར།། མཐེའུ་ཆུང་མཐེ་བོང་སྦྲེལ་བྱ་ཞིང་།། བདུད་རྩིའི་རླུ་ནི་བླུགས་པར་བྱ།། གོས་གཙང་བགོས་ཤིང་རབ་བསྡམས་པ།། སྐྲབ་ཤིག་པ་ལ་ངུ་འབོད་ཆེ། ། མི་བཟད་རྣམས་ནི་བསྒོ་བར་བྱ།། འདི་ནི་ངུ་འབོད་ཆེན་པོ་སྟེ།། འཁྲུག་ཅིང་སྡུག་བསྔལ་ཆེན་པོའི་གནས།། འདི་ཡིས་ཁྱོད་ནི་དམ་ཚིག་ལས།། ཉམས་ན་མྱུར་དུ་གདུངས་པར་འགྱུར། ། ཁྱོད་ནི་དམ་ཚིག་ཤེས་གྱུར་ན།། རྐྱེན་དུ་བབ་པར་མ་ལུས་སྦྱིན།། དེས་ན་ཁྱེད་ལས་མཁས་པ་འདི།། འཁྲུགས་པའི་སྡུག་བསྔལ་བྱེད་མི་འགྱུར།། དམ་ཚིག་སྤངས་པ་གང་ཡིན་དང་།། དཀྱིལ་འཁོར་དུ་ནི་མ་ཞུགས་པ།། དེ་ལ་དམ་ཚིག་གཞན་མེད་པ།། བསྟན་བཅོས་ཀྱི་ནི་གཞུང་ལུགས་ཡིན།། དམྱལ་བ་ཡོད་པ་འདི་ལ་ལྟོས།། ནད་རྣམས་ཐམས་ཅད་ཚོགས་པ་དང་།། འབྱུང་པོ་ལ་སོག་རྣམས་ཀྱིས་རྒྱས། ། ཁྱོད་ནི་དེ་ཉིད་ལྟུང་བར་བྱེད།། གདོན་མི་ཟ་བའི་སྡིག་པའི་ལས།། འདི་ལ་དཔྱད་པར་བྱ་བ་མེད།། རྟག་ཏུ་ཁྱོད་ཀྱིས་དམ་ཚིག་སྲུངས།། རྟག་ཏུ་དཀྱིལ་འཁོར་མཆོད་པར་གྱིས།། འོན་དང་འབྱུང་པོ་ཤ་ཟ་སོགས།། སྡིག་བྱེད་དེ་དག་འཇུག་མི་འགྱུར།། སློབ་དཔོན་ལ་ནི་གུས་པར་བྱ།། ད་ནི་རྡོ་རྗེ་འཛིན་ཉིད་ཡིན།། ད་ནི་ཁྱོད་ཚེ་འབྲས་བུར་བཅས།། ཁྱེད་ཀྱི་འཚོ་ང་འབྲས་བུ་ཡོད། ། ད་ནི་དམ་ཚིག་ལྷ་རྣམས་དང་།། ཁྱོད་ནི་མཚུངས་པ་ཉིད་དུ་འགྱུར།། རྡོ་རྗེ་འཛིན་པའི་རྒྱལ་མཚན་འདི།། ཇི་ལྟར་རྟག་ཏུ་མཛེས་པ་བཞིན།། དེ་ལྟར་ཁྱོད་ནི་ཡོན་ཏན་གྱིས།། དམ་ཚིག་ངེས་པར་གནས་པར་འགྱུར། ། དེ་ནས་རྡོ་རྗེ་དེ་བླངས་ལ།། ལག་པ་གཡོན་པས་དྲིལ་བུ་བཟུང་།། ལག་པ་གཡས་པས་དེ་ཡི་གཡས།། བཟུང་ནས་ཀྱང་ནི་སྤྲོ་བར་བྱ།། འདི་སྐད་རྟག་ཏུ་གྲུབ་པ་འདི།། སྡུག་བསྔལ་དག་ལས་སྒྲོལ་བ་སྟེ།། རྡོ་རྗེ་འཛིན་ཆེན་ཉིད་དང་ནི།། ལྷན་ཅིག་ཏུ་ནི་འཇུག་པར་འགྱུར།། དེ་ནས་གྲུར་ནི་ཞུགས་ནས་ཀྱང་།། ཁོར་ཡུག་ལས་ནི་བརྒལ་བར་བྱ།། ལག་པ་བཏང་ནས་དེ་ལ་ནི།། དཀྱིལ་འཁོར་ཐམས་ཅད་བསྟན་པར་བྱ། ། འཁྲུལ་པ་མེད་པར་མེ་ཏོག་གིས།། མདུན་བཞུགས་བདེ་གཤེགས་མན་ཆད་དང་།། དཀྱིལ་འཁོར་གང་དང་གང་མཐོང་བ།། དེ་དང་དེ་ལ་བདེ་བར་མཆོད།། དེ་ནས་ཐམས་ཅད་མཐོང་ནས་ཀྱང་། ། ཡོན་གྱི་བུམ་པར་དབུལ་བར་བྱ།། བློ་ཅན་གྱིས་ནི་མཚན་ཡང་གཟུང་།། དམ་པ་གཞན་ཡང་བདག་གིས་བཤད།། རྡོ་རྗེ་སྟང་སྟབས་འགྲོ་བ་དང་།། གད་མོ་བཅས་པར་བསྒྱུར་བ་དང་།། གཡོ་པས་ཀྱང་ནི་གདབ་པར་བྱ། ། སེང་གེའི་སྒྲ་སྒྲོགས་འགྱིང་བ་དང་།། མཛུབ་མོས་ཧཱུཾ་ཡང་བསྒྲོགས་བྱས་ཏེ།། ཐམས་ཅད་ཤིན་ཏུ་བྱེད་པའི་མཆོག། དེ་ནས་གཞན་ཡང་མི་ཤེས་པ།། ཆོ་ག་བཞིན་དུ་ནོད་པར་བྱ།། སློབ་དཔོན་གུས་པར་ལེགས་བྱ་ཞིང་།། དམ་ཚིག་ཀྱང་ནི་ངེས་པར་བསྟན།། ཏིལ་ཟན་ལ་སོགས་མོན་སྲན་གྲེའུ།། བདག་ཉིད་ཀྱིས་ནི་ལེགས་པར་བཟའ།། ལྷག་པར་བླ་མར་གུས་བྱས་དང་།། དེ་ལ་དགའ་བར་བྱས་ནས་ནི། ། རྡོ་རྗེ་འཛིན་པ་ཆེན་པོ་དང་།། རིག་སྔགས་རྣམས་ལ་སྡུག་པར་གྱུར།། དེ་ནས་རིག་སྔགས་ཚོགས་རྣམས་ལ།། དེ་ཡིས་རིག་སྔགས་གང་འདོད་པ།། དེ་ནི་བསྒྲིམས་ཏེ་བཀླག་བྱ་ཞིང་།། དངོས་གྲུབ་འདོད་པས་རྟག་ཏུ་མཆོད། ། དེ་ལྟར་སློབ་དཔོན་རྒྱ་ཆེན་ཚོགས་རྣམས་དང་།། ལྷ་དང་ལྷ་མིན་མཆོག་གཟུགས་དུ་མ་ཡིས།། མཐོང་ཞིང་ཐོས་ལ་འབྲང་བར་འགྱུར་བ་དང་།། རྟག་ཏུ་ལེགས་མཆོད་རྗེས་སུ་བསྟན་པ་ཡིན། ། རྡོ་རྗེའི་རིགས་དཔལ་དང་ལྡན་པ་ལས་མཉེས་པ་དཀའ་ཞིང་མེད་དང་ཉི་མ་ལས་ལྷག་པ་དེ་ཁོ་ན་ཉིད་ཀྱི་མི་དང་དམ་པའི་ཡོན་ཏན་དང་ལྡན་པ་མཆོག་ཏུ་གྱུར་པ་གང་དང་གང་ཡིན་པ་དེ་དག་ནི། དཀྱིལ་འཁོར་དང་དམ་ཚིག་རབ་ཏུ་རྟོགས་པས་རྟག་ཏུ་མཐོང་ཞིང་ཐོས་པ་འམ། སྒྲུབ་པའི་ཚུལ་དང་ལྡན་པར་བྱས་ན་དངོས་གྲུབ་འགྲུབ་པའམ་ཕན་པའང་ཐོབ་པར་འགྱུར་རོ།། རྡོ་རྗེ་ཆེན་པོ་ཐོགས་བཞིན་དུ་རྟག་ཏུ་བདུག་པ་དང་། མེ་ཏོག་དང་། དྲི་དང་། ལྦུ་བཤོས་རྒྱས་པར་དབུལ་ཞིང་སྦྱིན་སྲེག་བྱའོ།། དེ་ལྟར་གནས་བཞི་པ་ཚུལ་འཛིན་ཅིང་ཉི་མའི་གཟི་བརྗིད་དང་ལྡན་པའི་དཀྱིལ་འཁོར་དམ་པ་འདི་ནི་དཔལ་སྐྱེད་ཅིང་མཆོག་ཏུ་མྱུར་བའི་ཆོ་ག་ཡིན་པས་ན། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ཉིད་ཡིན་ནོ།། ལག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་དབང་ཕྱུག་ཆེན་པོ་གཉིས་ཀྱི་དམ་ཚིག་བཤད་པ་ལས་གནས་བཞི་རྫོགས་སོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་མ།། རྡོ་རྗེ་ཡིནི་རིགས་ཀྱི་ཡུམ།། སྒྲུབ་པ་སཱི་ནི་དོན་རྣམས་ཀུན།། སྒྲུབ་པ་བྱེད་པ་གང་ཡིན་བཤད།། ན་མོ་རཏྣ་ཏྲ་ཡཱུ་སྱ། ནམ་ཤྩཿབཛྲ་པཱ་ཎ་ཡེ། མཧཱ་། ཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་སྟེ་བཛྲ་དྷ་ར་བཛྲ་པཱ་ཎི་བཛྲཱ་ཡ། ན་མཿསུ་བཛྲཱ་ཡ། ན་མོ་བཛྲ་དཱ་ཏཱི་ཡེ། ན་མོ་བཛྲ་ཤཱ་ན་ཡེ། ན་མོ་བཛྲ་ཧྲྀ་ད་ཡ་ཡ། ན་མོ་བཛྲ་ཀུ་ཤཱི་ཡེ། ན་མོ་བཛྲ་ད་ཀུ་ཤཱ་ཡ། ན་མོ་བཛྲ་ཀོ་ཥཱ་ཡ། ན་མོ་བཛྲ་བི་ཛ་ཡཱ་ཡ། ན་མོ་བཛྲཱི་ཀུ་ཤ། ཀོ་ཥ་པཱ་ཤ་བི་ཛ་ཡཱ་ཡ། ན་མཿཔྲ་བརྟ་ཨ་བརྟ། བཛྲ་ཀུ་ཤི། མི་ལི་མི་ལི། ཧི་ལི་ཧི་ལི། ཧི་རི་ཧི་རི། ཀི་རོ་ཀ་རི། ཨཱ་ཀཌྜྷྱ་ཨཱ་ཀརྞྞ། གི་རི་གི་རི། ཁི་རི་ཁི་རི། བྷི་རི་བྷི་རི། ཀི་ལི་ཀི་ལི། བཛྲ་ཀུ་ལེ་སཾ་སྨཱ་ར། གི་རི་གི་རི། ཏི་རི་ཏི་རི། བྷི་རི་བྷི་རི། ཨཱ་གཙྪ་ཨཱ་གཙྪ། ཨཱ་ན་ཡ་མེ་ཧི་རཏྣ་སུ་བརྟ་དྷ་ན་དྷཱ་ནྱཱ་ནཱ། ཨ་ཏ་པ་ཡ་མ། བ་རུ་ཎ་ཀྲོ་བེ་ར། ཨིནྡྲ་མུ། ཀརྟཱ་ཡནྟ་ད་མ་ན~ཾ། གྲཧྞ་ཀུ་ཤ་ནཱ། ཏ་ཏ་ཏཱཾ། ཀི་ལི་ཀི་ལི། ཙུ་རུ་ཙུ་རུ། ཙནྡྲ་ཙརྟྟི། ཀི་རི་ནི་བྲུཧྨ་ས་པ་དེ་ཧིམྦིཥྚཱ་ན་བ་དེ་ཧི་མ་ཀ་ལོ། ཀྲྀ་ཀཱ་ཀལླི། ནི་ལི་བི་ལ་ནི་ལིལླི་ཀུ་མ་རམ་ཨད་དྷ་རུ་དྲི་མ་དེ་ཧཾ་ཙརྟྟི་བ་དེ་ཧི་མ་ཙྪིརྨྨ་བདེ་ཧིམ། སཱུརྱཾ་བ་དེ་ཧི་མ། ཡ་མཾ་བ་དེ་ཧི་མ། ཏ་ཏ་ཏེ་བ་དེ་ཧིམ། ཙཽ་རྀ་ཙཽ་རི། བཱི་རི་བཱི་རི། ཨ་ཀྲམྦྷེ། ཨཱ་ན་ཡ་ཨ་ཀམྦྷེ། ཨོཾ་ཧི་ཏུ་རཱ་ཧི། ཏུ་རུ་ཏུ་རུ། སརྦ་ཀཱ་ལནཱ་སུ། དི་གྲ་བཱི་ར། ཀི་ལི་ཀི་ལི། མི་ལ་མི་ལི། ཏི་རི་ཏི་རི། མི་ལི་མི་ལི། ཙ་ཀ་ཙཀ། ཀི་ནི་ཀི་ནི། བི་རི་བི་རི། ཤ་ཐ་ཀུ་ཤིས་ཧ་སྲ། མི་ལ་བི་ཤ་ཙང་ཀུ་ཤི་བཛྲ་བ་ཧེ་བཛྲི་ཎི་བྲྀ་ཡ། མ་ཏི་མ་ཏི། ཏི་རི་ཏི་རི། ཀི་རི་ཀི་རི། ཨ་ཀྲྀ་མྱ། ཨ་ནྱ་ཀར་མཾ་ནྱ། བར་ཀ་ན་མ་ན་ཡ། ཡ་ཤེ་ཡ་ཤི་ན། ཀུ་རུ་ཀུ་རུ། ཀཱི་རི་ཀི་རི། གྷི་ན་གྷོ་ནརི། ཁི་རི་ཁི་རི། བི་ཙ་ར་བི་ཙ་ར། ཀོ་ཤཾ་ཀོ་ཤི་ནི། ཀུ་བེ་རཱ་མ་ཀྲ། ཏྲཱུཾ་ཀྶཾ་ཀརྟྟ། ལ་ལ་ལ་ལ། ཧ་སི་ནི་པྲི་ཡེ། པྲི་ཡཾ་ཀ་རི། ཙཀྵུ་ར་མ་ཏི་ཙཀྵུ་པྲ་བི་ཤ། མ་ན་མ་ཀ་རི། ཤ་ཡ་སྟྲཻ་ཙདྷ་ནི། བྷི་ལཱ་བྷཱི་ལ~ཾ། པ་ཤཱིཤྭེ་བྱཱ་ད། ཙཀྵཱ་དེ། ཧ་ར་ཧ་རཱ། བསུབ་སུ། སི་མི་སི་མི། ཧེ་ཧེ་ཧོ་ཧ~ཾ། 66། ཀི་རི་ཀ་ལ་ཀཱ་ལ། བ་ལ་བ་ལ། ཙཀྵུ་ཙཀྵཱཿཏ་མེ་ཀ་ཡ་སརྦ་སརྦྦེ་ཤཾ། ཀུ་རུ་ཀུ་རུ། བ་ཀི་མེ་ཀ་ཏ་ཡ། མི་ལི་མི་ལི། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། པྲི་ཡ་མཱི་ཡེ་ན། ས་ར་ས་ར། ཀ་ར་ཀ་ར། ཙ་ར་ཙ་ར། བི་རི་བཱི་རི། བི་མི་ཡ་ཤཾ་ཡ་ཤེ་ན། ལ་བྷཻ་ལ་བྷཱུ། ཀི་རི་ཀི་རི། མི་ཏི་མྲི་ཏི། ལོ་ཀེ། ར་མ་ར་མ། ར་ཏི་ཀ་རི་བྷཱི་ཏི་ཀ་རི། མ་མ་སུ་ཁ་ཀ་རི། ནིར་བྷྲྀ་ཏི་ཀ་ར། ཀིང་ཀཱ་རི་ཀི་ཀ་རི། ཀ་ར་མ་རི། བི་ཏི་བི་ཏི། མི་རི་མི་རི། ཙི་རི་ཙི་རི། ཧི་རི་ཧི་རི། བི་རི་བི་རི། གཱི་རི་གྷ་རི། བྷི་རི་བྷ་རི། ཧི་ར་ཧི་རི། བཛྲ་ཎི་བཛྲ་ཀུ་ཤི་བ་ར་མཱཾ་ཀུ་ཤི་ཧ་རེ་བཛྲེ་ཀྵི་པ་ནི་ཀ་ལ་ཤི་བ་ནི། བྷཀྵ་པཱ་ཎི། ཙཀྵུ་རཱཾ་ཀུ་ཤི་པ་ནི། བྷུ་ར་བྷ་ར། མ་མ་པི་རི་པི་རི། ཀུ་རུ་ཀུ་རུཀི་རི་ཀི་རི། ཏུ་རུ་ཏུ་རུ། ཏ་ར་ཏ་ར། བཛྲ་ཀུ་ཤཱཾ་ཡེ་སྭཱ་ཧཱ། ཀོ་ཤཱཾ་ཀུ་ཤཱི་ལི་སྭཱ་ཧཱ། བ་ཤཱཾ་ཀུ་ཤཱི་ཡེ་སྭཱ་ཧཱ། བི་ཛ་ཡཱཾ་ཀུ་ཤཱི་ཡེ་སྭཱ་ཧཱ། ཀཱ་མཱཾ་ཀུ་ཤཱི་ཡེ་སྭཱ་ཧཱ། ཨ་ཛཱ་ཡཱཾ་ཀུ་ཤཱི་ཡེ་སྭཱ་ཧཱ། སརྦྦཾ་ཀུ་ཤ་ཨ་ཀརཱ་ཎི་ཡེ་སྭཱ་ཧཱ། དེ་བཱཾ་ཀུ་ཤཱི་ཡེ་སྭཱ་ཧཱ། སྤྱི་བུ་རུ་ཥཱཾ་ཀུ་ཤཱི་ཡེ་སྭཱ་ཧཱ། ཧྲྀ་ད་ཡཱཾ་ཀུ་ཤཱི་ཡཻ་སྭཱ་ཧཱ། དྷརྨཾ་ཀུ་ཤཱི་ཡེ་སཱ་ཧཱ། སརྦ་ལོ་ཀ་ཛ་ཡཱཾ་ཙུ་ནཱི་ཡེ་སྭཱ་ཧཱ། སརྦ་ས་ཏྭ་ནཱ་མཱ་ཀཪྵ་ཎེ་བ་ཤི་ཀ་རཎཱཾ་ཀུ་ཤཱི་ཡེསྭཱཧཱ། རྡོ་རྗེ་ལྕགས་ཀྱུ་དེ་ཉིད་ནི།། འདི་ལྟར་རྣམ་པ་གཞན་དུ་ཡང་།། རྡོ་རྗེ་རིགས་ཆེན་གཙོ་མོ་སྟེ།། འབར་བ་ཆེན་མོ་མཆོག་སྦྱིན་མཆོག། རིགས་ཀྱི་ཡུམ་སྟེ་རིགས་ཀྱི་མཆོག། ལས་མཆོག་ཀུན་གྱིས་བྱེད་པ་མོ།། བཅིང་དང་གྲོལ་བ་ཐམས་ཅད་ཀྱི།། ལས་ཀུན་ལ་ནི་ཐུབ་མེད་པ།། དམ་པ་ཅི་འདྲ་དེ་བཞིན་འདྲ།། བླ་མ་ཅི་འདྲ་དེ་བཞིན་འགྱུར།། སྙིང་པོ་དང་ནི་མིང་འདི་ཡང་།། གཙོ་བོ་དང་ནི་མཆོག་ཏུ་བཤད།། ལག་ན་རྡོ་རྗེ་ཉིད་ཀྱང་ནི།། སྐད་ཅིག་གིས་ནི་འདིས་བཀུག་ན།། ཕྱི་རོལ་རྒྱལ་པོ་ཕོ་ཉ་སོགས།། ཚོགས་རྣམས་ལྷ་ན་ཅི་ཞིག། སྤོས།། ལྷ་ཡི་རིགས་ནི་མཐོང་བ་ཡི།། རིག་སྔགས་འཆང་བ་དེ་ལ་ནི།། འགྲུབ་པར་མི་འགྱུར་གང་ཡང་མེད།། གང་ཞིག་རབ་ཏུ་བསྒྲིམས་ནས་ནི།། ཡུམ་འདི་རྟག་ཏུ་འཆང་བྱེད་པ།། དེ་ལ་མཆོག་ཀུན་འགྲུབ་པར་འགྱུར། ། བཅིང་བ་དང་ནི་གྲོལ་བ་ལ།། རིག་སྔགས་གསང་སྔགས་ཀུན་བདག་འགྱུར།། ནང་དང་ཕྱི་རོལ་བཅས་པ་ཡི།། འཁོར་དང་ལྡན་པར་བྱས་ན་ནི།། གཅིག་པུ་འཇིག་རྟེན་གསུམ་མཆོག་དང་། ། རྣམ་པ་གསུམ་དུ་འགྱུར་བར་བཤད།། དེ་དག་ཐམས་ཅད་ཁྱད་པར་དུ།། སྟོབས་དང་ལྡན་པར་སྐྱེ་བོས་བརྗོད།། མདོར་ན་ཡུམ་འདི་ཐམས་ཅད་ཀྱི།། མཆོག་གི་དམ་པར་བཤད་བ་ཡིན། ། དེ་དག་བསྒྲུབ་པའི་དུས་དང་ནི།། ཐ་མ་ལ་དུས་སུ་རྟག་ཏུ་ཡང་།། ཇི་སྐད་བཤད་པ་དེ་བཞིན་དུ།། རིག་སྔགས་འདི་ནི་སྦྱར་བར་བྱ།། ནམཿཙུ་རུ་ཀྲྀད། ཙུརྱ་ཀུཾ་ད་བཛྲ་པཱ་ཎི་ན་མོ་བུདྡྷ་སྱ་སྭཱ་ཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་ཡུངས་ཀར་གྱི་ཕྱེ་མ་གཞག་པར་བྱ། ན་མཿཀུ་རུ་ཙུ་རུ་བཛྲ་པཱ་ཎི། ན་མོ་བུདྡྷ་སྱ་སྭཱ་ཧཱ། འདིས་ནི་མེ་ཏོག་དང་། བདུག་པ་དབུལ་བར་བྱའོ།། ན་མོ་དྲྀ་མེ་ཨུ་མ་མེ་དུས་ས་དྲྀ་མེ། ཙུ་རུ་ཙུ་རུ་སྭཱ་ཧཱ། འདིས་ལྷ་བཤོས་དབུལ་ལོ།། ན་མོ་བཛྲ་བཛྲ། བཛྲོ་ཎི་བཛྲ་ཎི། ཧ་ན་ཧ་ན། དཾ་ཧ་ད་ཧ། པ་ཙ་པ་ཙ། ཨེ་ཧཾ་སརྦ་བིགྷྣཱན་དི་ནཱ་ཡ་ཀཾ། ས་མ་མཱ་ར་ཡ། ཧ་ན་ཧ་ན། ཨུཏ་སཱ་ད་ཡ། ནཱ་ཤ་ཡཾ། བི་དྷྭཾ་ས་ཡ། སརྦ་དུཥྚ་ཙཏ་ཏཤྩ་མ་མ། ཧུ་རུ་ཧུ་རུ། སིདྡྷ་ཤྩཎྜ་བཛྲ་པཱ་ཎི། རཱ་ཛྙཱ་པ་ཡ་ཏི་སཱ་ཧཱ། མེ་སྦར་ལ་སྔག་འདིས་ཤིང་པོ་མ་ཅན་གྱི་ཡམ་སྲེག་ཤིང་ངམ། ཀ་རི་མཱ་ལ་ཀ་རིའི་ཡམ་སྲེག་ཤིང་དང་། སྐེ་ཚེ་དང་། ལན་ཚྭ་དང་། ཚ་བ་གསུམ་རྣམས་ལྷན་ཅིག་ཏུ་སྦྱར་ཏེ་སྦྱིན་སྲེག་བྱས་ན། བགེགས་དང་ལོག་འདྲེན་གྱི་གནོད་པ་ཐམས་ཅད་སེལ་བར་བྱེད་དོ། ། དེ་ནས་དེ་ཡི་སྒྲུབ་པ་ནི།། རིག་སྔགས་འཆང་བ་ཀུན་གྱིས་མཆོད།། སྒྲུབ་པའི་ཐབས་ནི་གང་གིས་སུ།། སྟོབས་ཆེན་འདི་ནི་གྲུབ་པ་བཤད།། ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས། ། སངས་རྒྱས་འགྲུབ་བྱེད་མགོན་པོ་དང་།། འཇིག་རྟེན་དག་ན་ཡ་མཚན་གསང་།། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས།། ལྷ་རྣམས་དང་ནི་དྲི་ཟ་དང་།། རིག་སྔགས་འཆང་དང་ལྟོ་འཕྱེ་ཆེ།། ཤིན་ཏུ་ཡ་མཚན་གསང་བ་འདི། ། དོན་ཀུན་འགྲུབ་བྱེད་མཉན་པར་གྱིས།། གང་ཞིག་གསང་བའི་རྒྱལ་པོའི་མཆོག། འདི་ནི་སོ་སོར་འཆང་བྱེད་པ།། དེ་ལ་འཇིག་རྟེན་ཐམས་ཅད་ན།། བཀའ་ལས་འགལ་བར་བྱེད་པ་མེད།། ཅི་སྟེ་སྒྲུབ་པའི་དེ་ཉིད་ཤེས། ། ཡང་ན་དངོས་གྲུབ་འདོད་པ་ཡིས།། ཆོ་ག་གཞིན་དུ་ཀུན་བྱས་ན།། སྒྲུབ་པ་པོས་ནི་ཐམས་ཅད་འཐོབ།། ལྷ་འམ་ལྷ་མ་ཡིན་རྣམས་དང་།། གནོད་སྦྱིན་ཡང་ན་རིག་རྫོགས་འཆང་། ། གཞན་ཡང་གང་དག་སུ་ཡང་རུང་།། འགལ་བར་བྱེད་པ་གང་ཡང་མེད།། སངས་རྒྱས་ཤཱར་དྭ་ཏིའོ་དུ།། རྡོ་རྗེ་འཛིན་པ་ཆེན་པོ་དང་།། རིག་སྔགས་བདག་གི་རྫམ་ལ།། ཙཾ་སྡེ་མཆོག་ཏུ་ད་བྱེད་ན། ། དེ་ནི་ཀུན་ལས་ལྷག་པ་དང་།། སེམས་ཅན་ཀུན་གྱིས་མཆོད་པ་དང་།། རྟག་ཏུ་དངོས་གྲུབ་ཀུན་བྱེད་དང་།། གཞན་གྱི་དངོས་གྲུབ་འཇིག་པར་ནུས།། དུས་ཀུན་ཏུ་ནི་གཙང་བ་དང་།། གསང་བ་ཐམས་ཅད་འཆང་བྱེད་ལ།། རིག་སྔགས་འཆང་གི་གོ་འཕང་མཆོག། ཤིན་ཏུ་སེམས་པར་བྱེད་པ་ཡི།། ཆོ་གར་ལྡན་ཞིང་རྒྱས་པར་བཅས།། དེ་ནི་མ་ལུས་བཤད་པར་བྱ།། དེ་ནས་ལྷ་དང་ལྷ་མ་ཡིན།། མི་དང་རིག་སྔགས་འཆང་རྣམས་དང་།། འབྱུང་པོའི་ཚོགས་དང་ཀླུ་རྣམས་དང་།། གནོད་སྦྱིན་རྣམས་དང་སྲིན་པོར་བཅས། གསང་བའི་མཆོག་ནི་མཉན་པའི་ཕྱིར།། ཐམས་ཅད་ཐལ་མོ་སྦྱར་ནས་འཁོད།། དེས་ན་ཚིག་དོན་རྟོགས་པ་ཡི།། རྡོ་རྗེ་འཛིན་པས་དེ་དག་ལ།། གསལ་བར་བྱ་ཕྱིར་ཚིག་འདི་སྤྲས།། ང་ནི་དཀྱིལ་འཁོར་དམ་པ་དང་།། བླ་མའི་རིགས་ནི་སྔོན་མཐོང་ལ།། རྡོ་རྗེ་དང་ནི་རྡོ་རྗེ་འཛིན།། རིག་སྔགས་སྒྲུབ་པ་རྟོགས་བྱས་ནས། ། ཟླ་བ་ཕྱེད་གསུམ་བར་དུ་ནི།། ཟླ་གཅིག་པས་ནི་བསྒྲུབ་པར་བྱ།། སངས་རྒྱས་གཟུགས་ནི་རྫོགས་པ་འམ།། སྐུ་གདུང་ལྡན་པའི་མཆོད་རྟེན་དེར།། རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། ། རིག་སྔགས་རིགས་ཀྱི་ཚོགས་བསྐོར་བ།། ཆོ་ག་བཞིན་དུ་བྱས་ནས་ནི།། ཡིད་དང་འཐད་པས་མཆོད་པར་བྱ།། མཚམས་བཅད་དང་ནི་ཕྱོགས་བཅིང་དང་།། རླུས་ནི་ཀུན་ནས་གཅད་པ་དང་། ། ཐམས་ཅད་དུ་ནི་སྲུང་བ་རྣམས།། ཆོ་ག་བཞིན་དུ་ལེགས་པར་དགོད།། སྣ་གསུམ་རྡོ་རྗེ་བཀྲ་ཤིས་དང་།། ལྕགས་ཀྱུ་ཁ་གདེངས་ཡུངས་ཀར་གྱིས།། ཚུལ་བཞིན་དང་པོར་མདུན་དག་ཏུ།། རྡོ་རྗེ་ལྕག་ཀླུའི་གཟུགས་སུ་བྲི། ། ཁ་ཟས་ཀྱང་ནི་དཀར་གསུམ་གྱིས།། ཆོ་ག་བཞིན་བྱས་བཟའ་བར་བྱ།། དུས་གསུམ་ཡང་ན་ནུབ་བདུན་དུ།། བཟླས་བརྗོད་མཆོག་གིས་བརྒྱད་བརྒྱ་བྱ།། དེ་ནས་དེར་ནི་རྡོ་རྗེ་དང་། ལྕགས་ཀྱུ་འབར་བ་མཐོང་བར་འགྱུར།། དེར་ནི་གཟུགས་ལས་གྲུབ་པ་པོ།། ལྷ་ཡི་རིག་སྔགས་འཆང་བཞིན་འགྱུར།། འཇིག་རྟེན་གསུམ་ཡང་སྣང་བར་བྱེད།། ས་སྟེང་དག་ཀྱང་འབར་བ་དང་།། འཇིག་རྟེན་གསུམ་ཡང་གཡོ་བར་ནི། ། བདག་ཉིད་ཀྱིས་ནི་དེར་མཐོང་འགྱུར།། རིག་སྔགས་རྡོ་རྗེ་ལྕགས་ཀྱུ་དགེ། དེ་ནས་དེ་ལ་འགྲུབ་པར་འགྱུར།། རི་དགས་ཀྱིས་བསྐོར་གཞོན་ནུ་མའི།། ཐད་དེ་དགའ་བ་རྩེན་པར་འགྱུར། ། དེ་ནས་ལྷ་དང་འབྱུང་པོ་དག། རྒྱ་མཚོ་ནམ་མཁའ་ས་གནས་པ།། དང་བ་མེད་ཅིང་མ་གྲུབ་རྣམས།། དེ་ལྟ་དགའ་བར་གྱུར་ནས་ནི།། དོན་རྣམས་ཀུན་ཡང་བྱེད་པར་འགྱུར།། དེ་བཞིན་དུ་ནི་ཇི་ལྟར་ཡང་། ། ཀུན་ཏུ་དངོས་གྲུབ་ཡ་མཚན་ཅན།། མཁའ་ལ་དེ་བཞིན་བྱེད་པར་འགྱུར།། དེ་ནས་ཅི་དག་རྒྱུ་བ་དང་།། དེ་ཡི་དགའ་མགུར་དེ་བཞིན་བྱེད།། རྩེ་དགའ་མཆོག་ཏུ་ཤེས་པར་བྱ།། དེ་ནི། @ཡུན་དུ་འཚོ་བར་འགྱུར།། དེ་ནི་དགའ་བཞིན་མཁའ་ལ་འགྲོ།། ལྷ་ཡི་རོག་སྔགས་འཆང་གིས་བསྐོར།། དེ་ནི་གཅིག་པུ་ཅི་དགའ་བར།། རྡོ་རྗེ་འཛིན་པ་ཡིན་བཞིན་དུ།། ལྷག་པར་དགའ་བའི་གནས་རྣམས་སུ། ། རིག་སྔགས་འཆང་བས་བསྐོར་བར་འགྱུར།། དེ་ནི་ན་དཀུ་བེར་བཞིན།། དགའ་བར་ཡང་ཡང་རྩེ་བར་འགྱུར།། དུས་མིན་པར་ནི་ཤིང་རྣམས་དང་།། མེ་ཏོག་ཚལ་དང་འབྲས་བུའི་ཚལ། ། ཁང་བཟང་ཡིད་དུ་འོང་བ་རྣམས།། ཐམས་ཅད་ཀྱང་ནི་སྤྲུལ་པར་བྱེད།། འོན་ཀྱང་འདི་ནི་མདོ་ཙམ་སྟེ།། འདིར་ནི་དེ་ལས་བཤད་མི་བྱ།། རྡོ་རྗེ་ལྕགས་ཀྱུ་གྲུབ་ན་ནི།། ཚིག་ཏུ་བརྗོད་པ་ཐམས་ཅད་འགྲུབ།། ལས་ཀྱི་དམ་པ་འདི་ཉིད་ཀྱིས།། ཐམས་ཅད་ཀྱང་ནི་འགྲུབ་པར་བཤད།། དམ་ཚིག་ཚུལ་བཞིན་མཐོང་ནས་ནི།། དམ་ཚིག་དག་ལ་མཁས་པ་ཡིས།། སངས་རྒྱས་རིག་སྔགས་རྡོ་རྗེ་འཛིན། ། བླ་མ་ཚུལ་བཞིན་མཆོད་པར་བྱ།། བསྒྲིམས་ཏེ་མཆོད་པ་བྱས་ནས་ནི།། ལྷ་བཤོས་དག་ཀྱང་ཚུལ་བཞིན་དབུལ།། དེ་ནས་འདོད་པ་ཀུན་སྦྱིན་པ།། རྡོ་རྗེ་ལྕགས་ཀྱུ་རིག་སྔགས་གདོན། ། ལྷ་བཤོས་དེ་ཡི་ཆོ་ག་དང་།། མེ་ཏོག་བདུག་པས་མཆོད་བྱས་ནས།། སྒྲུབ་པ་པོས་ནི་ཅི་ནུས་ཀྱིས།། དུས་གསུམ་བཟླས་བརྗོད་བྱས་ནས་ནི།། ཉི་ཤུ་རྩ་གཅིག་བཟླས་པས་ཀྱང་།། གདོན་གྱི་ལས་རྣམས་འགྲུབ་པར་འགྱུར། ། དེས་ན་གདོན་ནི་སྟོང་ཕྲག་རྣམས།། དགའ་མགུར་ཡང་ནི་གཞོག་པར་ནུས།། ཡང་ན་གཡུལ་ངོར་མི་བཟད་འཇིག། གདོན་དག་གི་ནི་དཀྱིལ་འཁོར་དུ།། མྱུར་དུ་གདོན་ནི་འབེབས་པ་དང་། ། དེ་བཞིན་གཞིག་དང་གསད་པ་དང་།། བཅིང་དང་བརྡེག་དང་གཟིར་བ་དང་།། ཀུ་ཅོ་འདོན་དུ་འཇུག་ཀྱང་རུང་།། གྲོང་ཁྱེར་དང་ནི་གནས་རྣམས་དང་།། སྨས་པའི་རྨ་ནི་སྤྲོ་བ་དང་།། རིག་སྔགས་དམ་པ་བཤད་པ་འདིས། ། ཐམས་ཅད་ཀྱང་ནི་བྱེད་པར་འགྱུར།། བབས་པ་དེ་དག་ཐམས་ཅད་ང་།། པི་ཝང་དག་ཀྱང་ལེན་དུ་གཞུག། དེ་བཞིན་གར་གྱི་ཆོ་ག་རྣམས།། ཡིད་འོང་ཡ་མཚན་བྱེད་དུ་གཞུག། དགུག་དང་རྨི་ལམ་ཆོ་ག་དང་།། དེ་བཞིན་ལྕགས་སྒྲོག་གཞོམ་པ་དང་།། རྒྱལ་པོའི་ཕོ་བྲང་དག་ན་ནི།། རྩོད་པ་དག་ལས་ལྷག་པར་རྒྱལ།། གཟུགས་དང་སྟོབས་ཆེན་ལྡན་པ་ཡི།། རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། ། གང་གི་སྙིང་ལ་ཚུལ་བཞིན་རྟག། དེ་ཡི་དོན་ཀུན་འགྲུབ་པར་འགྱུར།། སྐྱེས་པའམ་ཡང་ན་བུད་མེད་དམ།། ཀླུ་འམ་ལྷ་ཡང་དགའ་བ་ཡོད།། དེར་ནི་ཀུན་ཏུ་ཐམས་ཅད་ལ།། དོན་རྣམས་། ཐམས་ཅད་འགྲུབ་པར་འགྱུར།། རྒྱལ་པོ་དང་ནི་བློན་པོ་དང་།། བློན་པོ་ཆེན་པོ་མདུན་ན་འདོན།། ཞག་བདུན་ཡང་ན་ལྔ་ཡི་བར།། བརྒྱ་རྩ་བརྒྱད་བཟླས་དབང་དུ་འགྱུར།། གང་ཞིག་འཆི་བར་བྱ་འདོད་ན།། དེ་ཡི་གཟུགས་དེ་དེར་བྲིས་ལ། ། ལག་པས་མནན་ལ་བཟླས་བརྗོད་བྱ།། གདོན་དང་ཀླུ་ཡི་གདོན་ཡང་རུང་།། འབྱུང་པོ་འབྱུང་པོའི་གདོན་དང་ནི།། ཁར་ནི་རྡོ་རྗེ་གཟེར་བྱས་ན།། ཞག་བདུན་གྱིས་ན་རླག་པར་འགྱུར། ། བྲན་མོ་དང་ནི་མི་རྣམས་ཀྱང་།། ཞག་གསུམ་གྱིས་ནི་རླག་པར་འགྱུར།། དབང་དུ་བྱ་བར་འདོད་ན་ནི།། དེར་ཡང་ཉི་ཤུ་རྩ་གཅིག་བཟླས།། བརྒྱད་བརྒྱར་བཟླས་བརྗོད་བྱས་ན་ནི།། བུ་དང་བུ་མོ་ཆུང་མ་དང་། ཁྱིམ་ཐབས་དང་ནི་ནོར་འཇོག་དང་།། ཁྱིམ་དང་བཞོན་པ་གླང་ཆེན་རྟ།། མ་ཧེ་དང་ནི་གྲོང་ཡང་རུང་།། ཞག་བདུན་གྱིས་ནི་མྱུར་བར་འཐོབ།། གཞན་གྱི་རིག་རིགས་ཀུན་དང་། ། གདོན་རྣམས་ཀྱང་ནི་རླག་པར་འགྱུར།། ཁྱེའུ་དག་དང་ནི་བུ་མོ་རྣམས།། ནད་ཀྱིས་ཀྱང་ནི་མ་རུང་འགྱུར།། རོ་བསྲེགས་སོལ་བའི་རོ་མོ་ཡིས།། དགྲ་ཡི་གཟུགས་ནི་དེར་བྲིས་ལ།། དེ་ཡི་སྟེང་དུ་འདུག་ནས་ནི། ། གང་དུ་གཞོམ་པར་འདོད་པ་དེར།། གཟིར་བར་བྱས་ཏེ་ཞག་བདུན་དུ།། བཟླས་བརྗོད་དང་ནི་སྦྱིན་སྲེག་བྱ།། དེ་ལྟར་བྱས་ན་གཟིར་བར་འགྱུར།། ཅི་སྟེ་བུ་མོ་ཐོབ་འདོད་ན།། དེས་ནི་ཞག་བདུན་བྱ་བར་བསྟན། ། ཞག་བདུན་འབུམ་དུ་བཟླས་ན་ནི།། བུ་མོའི་མཆོག་ཀྱང་ཐོབ་པར་འགྱུར།། རིག་སྔགས་འཆང་བ་བདག་ཉིད་ཀྱིས།། ཁྲོས་ནས་བཟླས་བརྗོད་བྱས་ན་ནི།། གྲོང་ཁྱེར་དག་ནི་འབར་བ་དང་།། གསེར་དང་དེ་བཞིན་འཇིགས་པ་དང་།། གདོན་དག་གིས་ནི་འདེབས་པར་འགྱུར།། གང་ལས་རྒྱལ་འདོད་དམག་གི་ནང་།། འདུག་ནས་ཀྱང་ན་བཟླས་བརྗོད་བྱ།། གྲོང་ཁྱེར་དབུས་འདུག་བཟླས་ན་ནི།། ནད་ཀྱིས་གྲོང་ཁྱེར་དཀྲུགས་པར་འགྱུར། ། གྲོང་གི་དབུས་འདུག་བཟླས་ན་ནི།། གྲོང་མི་ནད་ཀྱིས་དཀྲུགས་པར་འགྱུར།། དགོན་པར་འདུག་ནས་བཟླས་ན་ནི།། གདུག་པ་ཀུན་ལས་ཐར་པར་འགྱུར།། དེ་ནས་ཡིད་ནི་ཞི་བ་ཡིས།། ཞི་བའི་རིག་སྔགས་བརྗོད་པར་བྱ། ། ཞི་ཕྱིར་རིག་སྔགས་བརྗོད་ན་ནི།། ཐམས་ཅད་དུ་ནི་ཞི་བར་འགྱུར།། གསད་ཕྱིར་རིག་སྔགས་བཟླས་ན་ནི།། ཕན་ཚུན་དུ་ཡང་གསོད་པར་འགྱུར།། འཐབ་ཏུ་གཟུང་ཕྱིར་རི། སྔགས་བཟླས།། འཐབ་མོ་མངོན་དུ་འབྱུང་བར་འགྱུར།། ཤིང་སྐམ་ཕྱིར་ནི་ཆུ་ལ་བཟླས།། ཟླ་བ་གཅིག་གིས་ལོ་མ་འབྱུང་།། ཀུན་དགའ་ར་བ་ཡིད་འོང་ཡང་།། ཟླ་བ་གཅིག་གིས་བཤིག་པར་འགྱུར།། ཅི་སྟེ་ཉི་མ་རངས་པར་བཟླས།། ཆུ་དང་ཟས་དང་བག་ཆོས་དང་།། འབྲས་བུ་རྣམ་པ་སྣ་ཚོགས་ཀྱང་།། དེ་མ་ཐག་ཏུ་སྒྱུར་བར་བྱེད།། གཞན་གྱིས་བཞོན་དང་དེ་བཞིན་དུ།། ཤིང་རྟའི་བཞོན་པ་འཇོམས་པར་བྱེད། ། ཅི་སྟེ་ཆུ་ཀླུང་ཆེན་པོ་ཡི།། འགྲམ་དུ་སོང་ནས་བཟླས་བརྗོད་བྱས།། ལས་རྣམས་གང་དང་གང་འདོད་དང་།། གང་གང་ཆོ་ག་ཇི་བཞིན་གང་།། དེ་བཞིན་ཆོ་ག་གཏོར་མ་དང་།། བཟླས་བརྗོད་སྦྱིན་སྲེག་གཙང་བྱས་ན། ། དེས་ན་དོན་རྣམས་ཐམས་ཅད་ཀྱང་།། བྱེད་འགྱུར་དེ་ལ་ཐེ་ཙོམ་མེད།། རྟག་ཏུ་བདེན་སྤ་བསླབ་ལ་དགའ།། དངོས་གྲུབ་མཆོག་ཆེན་ཐམས་ཅད་ལྡན།། འབྱུང་པོ་སྒྲུབ་པར་འདོད་ན་ནི། ། ཞག་གསུམ་སྤྱད་བྱས་མར་གྱི་ངོ་།། བཅུ་བཞི་ལ་ནི་གཏོར་མ་སྦྱིན།། ཟླ་བ་དྲུག་གམ་ཟླ་བ་ཕྱེད།། ཤིང་དྲུང་ཡང་ན་དགོན་པར་གནས།། གཅིག་པུ་སྲུང་བ་མཆོག་བྱས་ལ།། སློང་མོ་ཡི་ནི་ཟས་ཀྱང་བཟླལ། ། ཟླ་དྲུག་ཡང་ན་ཟླ་བ་གཅིག། ལྷའམ་གདོན་ཀྱང་གནས་ཀྱང་རུང་།། ཟླ་གཅིག་ཕྱུགས་ཀྱི་ལྷས་སུ་གནས།། ཞོ་དང་འོ་མ་མར་ཡང་བཟའ།། སྐུ་དུང་ལྡན་པའི་མཆོད་རྟེན་དྲུང་།། ཟླ་གཅིག་སྣ་ཚོགས་ཟས་ཀྱིས་མཆོད།། ཟླ་བ་གཉིས་ནི་དུར་ཁྲོད་དུ།། གཏོར་མ་བདུག་པ་གཙང་སོགས་མཆོད།། ཐང་ངམ་མཆོད་རྟེན་དྲུང་དུ་བཟླས།། དེས་ན་འབྱུང་པོ་རླག་པར་འགྱུར།། དེར་ནི་འབྱུང་པོ་དམ་པ་གང་། ། ཡང་ན་ཐོག་མར་གང་འོངས་དང་།། གང་ཚེ་དེ་ལ་ཉེ་བར་འགྱུར།། གང་ན་གང་ཞིག་སེམས་ཀྱིས་འདོད།། དེ་ཚེ་ཤིན་ཏུ་བསྙེན་ནས་ནི།། རྡོ་རྗེ་ལྕགས་ཀྱུ་རྟག་ཏུ་བཟླས། དེ་ཡི་མིང་ནི་དྲིས་ནས་ཀྱང་།། དེ་ཉིད་མིང་ནི་གཟུང་བར་བྱ།། གཅིག་པུས་དཀྱིལ་འཁོར་བྱས་ན་ནི།། རིག་སྔགས་རྡོ་རྗེ་ལྕགས་ཀྱུའི་ཚོགས།། དྲི་ལ་སོགས་པས་ལེགས་མཆོད་ནས།། དེས་ན་འབྱུང་པོ་དེ་དག་དགུག། དེ་ཡིས་མིང་བརྗོད་འབྱུང་པོ་རྣམས།། དགའ་ནས་དེར་ནི་འོང་བར་འགྱུར།། དེ་ནས་དེས་ནི་ལེགས་པར་མཆོད།། གཞན་ཡང་འོངས་ནས་མཆོད་པར་བྱ།། མིང་ནི་ལེགས་པར་བརྗོད་བྱ་ཞིང་།། སྐྲག་བྱེད་མིང་ལ་བརྟེན་ནས་ནི།། འབྱུང་པོ་སྒྲུབ་ཏུ་འགྲུབ་འགྱུར་ན།། མི་ནི་འགྲུབ་པར་འགྱུར་བ་ཡིན།། དེ་ནས་དེ་ལ་འབྱུང་པོ་རྣམས།། ཀུན་ནས་ཉེ་བར་འཁོར་བར་འགྱུར།། རྒྱལ་པོའི་ཞམ་འབྲིང་མཐུན་བྱེད་བཞིན། ། ལས་ཀུན་ཡང་ནི་བྱེད་པར་འགྱུར།། དེ་ནི་རྒྱལ་པོའི་དམག་རྣམས་ལ།། རྒྱལ་པོ་ཆེན་པོས་བྱས་པ་བཞིན།། སྟོབས་ཆེན་འབྱུང་པོའི་སྡེ་དག་ལ།། བཀའ་ནི་ཀུན་ཏུ་སྩོལ་བར་བྱེད། ། ས་སྟེངས་ཀུན་ཏུ་རྩེ་བྱེད་ཅིང་།། འབྱུང་ངོའི་བདག་པོ་ཀུན་གྱིས་མཆོད།། འབྱུང་པོ་དག་གིས་ཕུལ་བ་ཡི།། ཁ་ཟས་ལ་སོགས་ཐམས་ཅད་ཟ།། གྲོང་ནི་གང་ལ་རྒྱལ་འདོད་ཅིང་།། ཡང་ན་ཕན་པར་འདོད་ཀྱང་རུང་། ། སྒྲུབ་ཕྱིར་ཡང་ན་གཞིག་པའི་ཕྱིར།། དེར་ནི་འབྱུང་པོ་རྣམས་ཀྱང་གཏོང་།། དེས་ནི་མིང་གང་མ་བཀུག་པའི།། འབྱུང་ངོའམ་འབྱུང་པོའི་ཚོགས་ཀྱང་རུང་།། དེ་ཡི་ལས་མཆོག་འདོད་ན་ནི།། དེ་ཡི་མིང་ཡང་སྤྲོས་པར་བྱ།། མིང་ནི་སྨོས་པ་དེ་ཡིས་ན།། སྐྱེམས་པ་མེད་པའི་འབྱུང་པོ་ཡང་།། བཀུག་པ་མེད་པར་མྱུར་དུ་ནི།། བཀའ་བཞིན་བྱེང་པར་འགྱུར་བ་བསྟན།། དེ་ནི་མོ་ཡི་འཁོར་དག་ཏུ། སྒྱུ་འཕྲུལ་དུ་མ་བྱེད་པར་འགྱུར།། ལྷག་པར་འབྱུང་པོའི་འཁོར་དག་ཏུ།། སྤྱོད་པ་སྣ་ཚོགས་བྱེད་པར་འགྱུར།། སྲོག་ཆགས་མི་ལ་སོགས་རྣམས་ཀྱི།། སྲོག་ལ་དབང་བར་དེས་འགྱུར་རོ།། འབྱོར་པར་བྱ་བའི་ཕྱིར་ཡང་རུང་། ། ཡང་ན་ལུས་ནི་གཞིག་ཕྱིར་དེས།། མིང་གིས་བཀུག་པའི་འབྱུང་པོ་ལ།། དགའ་བཞིན་བག་ཀྱང་སྨྲ་བར་བྱ།། མིང་ལ་སོགས་པ་འདི་དག་གི། སྣ་ནི་ཤིན་ཏུ་ཆེ་བ་དང་།། ཤིན་ཏུ་རིང་བར་བྱོས་ཤིག་ཅེས། ། བསྒོ་ན་དེ་བཞིན་བྱེད་པར་འགྱུར།། དེ་བཞིན་རྐང་ལག་བཞིན་མདོག་བསྒྱུར།། རོད་པ་དང་ནི་སྐམ་པ་དང་།། མ་རུང་བར་ནི་བྱོས་ཤིག་ཅེས།། བསྒོ་ན་དེ་ཚེ་དེ་བཞིན་བྱེད།། དེ་བཞིན་རྣམ་པ་མང་པོ་དང་།། ཤིན་ཏུ་འཇིགས་པ་སྣ་ཚོགས་རྣམས།། དེ་བཞིན་ཞི་བྱེད་སྣ་ཚོགས་ཀྱིས།། འབྱུང་པོ་སྒྲུབ་པ་རྩེ་བར་འགྱུར།། མི་འདོད་ན་ཡང་མི་རྣམས་དང་།། འབྱུང་པོ་མང་པོས་མཐོང་མི་འགྱུར། ། རིག་སྔགས་འཆང་ཆེན་བཞིན་དུ་འགྱུར།། གང་ཞིག་རིག་སྔགས་རྟག་ཏུ་ཟློས།། ལྷ་ལ་ཡང་ནི་ཕྱག་འཚལ་ཞིང་།། རྟག་ཏུ་འབྱུང་པོ་རྣམས་ལ་ཡང་།། ཁ་ཟས་ཅི་འདོད་སྦྱིན་བྱེད་པོ། ། དེ་ནི་ལྷག་པར་བདེ་འགྱུར་ཞིང་།། ཚེ་ཡང་ལྷག་པར་བསྐལ་པར་ཐུབ།། འབྱུང་པོ་མང་པོའི་རྒྱལ་པོའི་མཆོག། གཙོ་བོར་ཡང་ནི་འགྱུར་བ་དང་།། ལྷ་ཡི་རྒྱལ་པོ་འདྲ་བ་ཡང་།། རྐྱེན་དུ་བབ་པར་བཤད་པ་ཡིན། ། རྡོ་རྗེ་ལྕགས་ཀྱུ་མའི་སྒྲུབ་པ་རྫོགས་སོ།། ། རྡོ་རྗེ་ལྕགས་ཀྱུའི་རིགས་ལ་ནི།། རིག་སྔགས་དོན་ཀུན་གྲུབ་བྱེད་པ།། ལྷ་མོ་མཆོ་འགྲོར་གྲགས་པ་འདི། ། སེམས་ཅན་རྣམས་ཀྱིས་བསྟེན་པར་བཤད།། ཟླ་བ་དྲུག་གིས་འགྲུབ་འགྱུར་ཏེ།། ཚིག་གིས་དོན་ཀུན་བྱེད་པར་བསྟན།། རྩི་སྨན་ཐམས་ཅད་བླངས་ནས་ནི།། སྲང་གཅིག་ངེས་པར་གཞག་པར་བྱ། ། ན་མོ་རཏྣ་ཏྲ་ཨཱསྱ། ན་མོ་འཛུ་བ་ཎིཿ། བ་ཏི་གྱུར་ཏོ།། བར་ཊཱི་ཀྴི་ཤས་སྟན་མ་ནས། ཨཏྟརྱཏྟེ། བ9། ཡས་ཙནྟ་ཏེ། ཨཱཎྜོ། དྲུམ་ཀྱི་ས་སྡོམས་ས། སྐུག་དྲུང་རྫུན་པའི་མཆོད་རྟེན་དྲུང་། ། དུས་གསུམ་བཟླས་བརྗོད་བརྒྱད་བརྒྱ་བྱ།། གཙང་ཞིང་ཚངས་པར་སྤྱོད་པ་ཡིས།། ལྷ་བཤོས་མེ་ཏོག་བདུག་པ་དང་།། དེ་བཞིན་མཚན་མོ་མར་མེ་དང་།། མཆོད་པ་ཅི་ནུས་ཅི་། དགའ་བྱ།། མཚམས་གཅད་ཕྱོགས་བཅིང་བསྲུང་བ་རྣམས།། རྟག་ཏུ་རྡོ་རྗེ་ལྕགས་ཀྱུས་བྱ།། དེ་ལྟར་རྟག་ཏུ་བརྩོན་པ་ལ།། དེ་ནི་ཟླ་བ་དྲུག་གིས་འགྲུབ།། དེ་ནས་འདོད་ཆགས་ལ་སོགས་དང་།། སྤྱན་ཆེན་མཉམ་པར་འཇོག་པར་འགྱུར། ། ནད་དང་སྨན་ཀུན་སྟོན་པ་དང་།། གཏམ་རྒྱུད་ཐམས་ཅད་སྨྲ་བར་འགྱུར།། སྒྲུབ་པ་པོ་ལ་ལེགས་ཉེས་རྣམས།། ཚིག་གིས་སྟོན་ཅིང་སྨྲ་བར་བྱེད།། གསང་སྔགས་དེའི་ཆོ་ག་ནི་འདི་ཡིན་ཏེ། ། རས་མ་ཉམས་པ་ལ་ཚོན་རྩི་སྦྱིན་མེད་པས་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེའི་སྐུ་གཟུགས་བྲིས་ཏེ། ལྷ་མོའང་བཅོམ་ལྡན་འདས་ཀྱི་ཞབས་ལ་འདུད་པར་བྱས་ནས། ཡར་གྱི་ངོ་ཚེས་གཅིག་ལ་བརྩམ་ཏེ་ཟས་སུ་འོ་མ་དང་ཕྱེའི་འདག་གུ་བ་ཞིང་། དུས་གསུམ་དུ་སྔ་མའི་མེ་ཏོག་བརྒྱད་བརྒྱ་ལ་ལན་རེ་རེ་བཟླས་བརྗོད་བྱས་པས་ལག་ན་རྡོ་རྗེ་ལ་བསྣུན་པར་བྱའོ།། བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་མཆོད་པའང་རྟག་ཏུ་བྱས་ཏེ་མཇུག་ཏུ་ཞག་གསུམ་སྨྱུང་བ་བྱས་ནས། ཟླ་བ་ཉའི་ནུབ་མོ་བརྒྱད་སྟོང་གིས་བསྣུན་ལ་ཅི་འབྱོར་པས་མཆོད་ན་འགྲུབ་པར་འགྱུར་ཏེ་དོན་ཐམས་ཅད་སྟོན་པར་བྱེད་དོ།། གཞན་ཡང་ཚེས་བཅུ་གཉིས་ནས་བརྩམས་ཏེ་ཉའི་བར་དུ་གཙང་ཞིང་ངེས་པ་དང་ལྡན་པར་བྱས་ཏེ། རས་ལ་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེ་དང་། ལྷ་མོ་དང་། སྒྲུབ་པ་པོ་རྣམས་དགེ་བསྙེན་ལ་འདྲིར་བཅུག་སྟེ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པ་བྱས་ནས་སྣ་མའི་མེ་ཏོག་བརྒྱད་བརྒྱལ་ལན་བརྒྱད་བརྒྱ་སྔགས་ཀྱིས་བཏབ་ནས་ཕུང་པོ་ལྔར་བཅད་དེ། དེ་རྣམས་ལས་ཆ་གཅིག་བཅོམ་ལྡན་འདས་ལ་དབུལ་བར་བྱའོ།། ལྷག་མ་རྣམས་ནི་ཕྱོགས་བཞིར་གཏོར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ཕུལ་བ་དེ་དག་ལས་ཁ་གཅིག་བླངས་ཏེ་རས་དཀར་པོའི་ནང་དུ་ཕུར་ནས་སྔས་སུ་བཅུག་སྟེ་ཉལ་བར་བྱའོ།། འོ་མ་དང་། ཕྱེའི་འདག་གུ་དང་། ། ཟས་དཀར་པོ་ཟ་ཞིང་མེ་ཏོག་དཀར་པོ་དང་དྲི་དཀར་པོ་ཕུལ་ན་ཟླ་བ་ཉ་ལ་འགྲུབ་པར་འགྱུར་རོ།། དེ་ནས་གང་གི་ཉིན་པར་ཡང་རུང་སྟེ། ཆོ་ག་དེ་བཞིན་དུ་སྣ་མའི་མེ་ཏོག་བརྒྱད་བརྒྱ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་མཆོད་པ་བྱས་ལ། ལྷག་མའང་དེ་བཞིན་དུ་གཏོར་ནས་ཉལ་ན་རྨི་ལམ་དུ་ཐམས་ཅད་སྟོན་པར་བྱེད་དོ།། ཆོ་ག་གསུམ་པ་ནི་མེ་ལོང་ལ་བསྒྲུབ་པར་བྱའོ།། མཆོག་འགྲོ་མའི་རིག་སྔགས་ཀྱི་ཆོ་ག་རྫོགས་སོ། ། ། ན་མོ་རཏྣ་ཏྲ་ཡཱ་སྱ། ནམ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པཱ་ཏི་སྱཱ། ཨེ་ཧྱེ་ཧི་བཛྲ་པཱ་ཎི། ཨི་དཾ་བཱ་ཧ་ན། མ་ནུ་སྐཱ་ར་ཤཱིགྷྲ~ཾ་མན་ཙ་བ་ལ་ལ་ཏི་ག་ཏི། མ་ཧཱ་ཡཀྵ་སྱ་ནཱ་པ་ཏི་བཛྲཱ་པཱ་ཎཱི། ཧི་ཧི་ཧེ་ཧི་ཧེ་ཧི་ཧི་ཧི། ཧེ་ཀུ་རུ་ཧེ་ཀྲཱུ་རུ། ཀུ་ཀུ་ཀུ་ཀུ། ཀྲུ་བཛྲ་པཱ་ཎི། སར་ས་ར། བེ་རི་བཻ་རི། ཧེ་ཧི་ཧ་ཧི་ཧ་ཧེ། ཀུ་ཀུ་པླ་ཀུ་ཀུ་དྷ། བཛྲ་པཱ་ཎི་སྭཱཧཱུ~ཾ། འདི་ནི་སྙིང་། པོ་སྤྱན་དྲང་བའོ།། དེ་ལ་འདི་ནི་ལག་ན་རྡོ་རྗེའི་སྙིང་པོ་ཡིན་ནོ།། སརྦྦ་ཏྲ་ཨ་པར་ཛི་ཏཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཾ། སརྦ་ཏྲ་ཨརྠ་སཱ་དྷ་ནན་ཨོཾ་ཛ་སྟེ་ཛོ་གྲཱ་མ་ཎཾ། སྭ་རཱུ་བ་མུ་པ་དཪྴ་ནཾ། ཀི་ལི་ཀི་ལི། མོ་ཀུ་ལ་ཤཤྨ་རུ་ཏི་བཛྲ་ཏྱཱ་ཏ་ཀ་ར་ཀྲྀ་ཏུ་ཀ་རན་ར་ཎ་ཛ་ནཾ། ཨད་བྷཱ་ན་སིདྡྷ་པར་མ་སིདྡྷི། བཙ་ལ་ཙཏྟཱ་བ་ཏྲི། བ་ཀཾ་ས་ཀཾ་ར་ཀཱ་ར་ཏ་ཀར་ཤཾ་ཏྱཻ་ཀ་རཾ། པུཥྚི་ཀ་རཾ། ས་པ་ནོ་པ་ར་དཪྻཱ། ཙ་ར་དཾ། སརྦྦ་ཀརྨྨ་ཨཿསཱདྡྷ་ཀ་ཨཱ་ཀཪྵ་ཎཱཾ། བཛྲ་པཱ་ཎི་སྱཱ། བོ་ལ་ལཱ་པ་ནཾ། བཛྲ་པཱ་ཎི་སྱ། ཧཱ་ས་པ་ནཾ། བཛྲ་པཱ་ཎི་སྱ། པ་ར་མ་ཧྲྀ་ད་ཡ་ཨི་དཾ། བཛྲ་པཱ་ཎི་སྱ། བཛྲ་པཱ་ནི་རི་མ་ཧཱཧཱ་ཡ་ཀཱ་སེ་ནཱ་པ་ཏཱི་རཱ་ཛྙཱ་པ་ཡ་ཏི་བཛྲེ་ཎ། ཧ་ན་ཏི། ད་ཧ་ཏི། པ་ཙ་ཏི། ཙྪིནྡ་ཏི། ཙྪནྡ་ཏི། བི་དྲ་པ་ཡ་ཏི། ཨཱ་ལོ་ཀ་བི་ལོ་ཀཾ་ཀ་རོ་ཏི། ཧི་ལི་ནི། ལི་མི་ལི། ཨོ་ཨུ་ཧོ་ཨུ་བྷ་བཛྲ་པཱ་ཎི། སུ་རུ་ཧུ་རུ། སཾ་བྷྲྀ་བཛྲ་བྷཉྫ་ཡེ་དུཥྚཱ་ནཱ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། བཾ་ཤྱཾ་ཀ་རོ་ཧི་ཧ་ལ་ཧ་ལཱ་ཡ་སྭཱ་ཧཱ། ཧུ་ལུ་ཧུ་ལཱུ་ཡ་སྭཱ་ཧཱ། ཧི་ལི་ཧི་ལཱི་ཡེ་སྭཱ་ཧཱ། ཀ་ལ་ཀ་ལཱ་ཡ་སྭཱ་ཧཱ། ཀུ་ལུ་ཀུ་ལཱ་ཡེ་སྭཱ་ཧཱ། ཀཱི་ལི་ཀི་ལི་ཡེ་སྭཱ་ཧཱ། ཀེ་ལི་ཀེ་ལཱི་མ་སྭཱཧཱ། ད་ཡ་མྦྷ་ནཱ་ཐཱ་ར་བཛྲ་པཱ་ཎི། མ་སྟུ་ཡཀྟཱ་སྟེ་ནཱ་པ་ཏི་སཱ་མ་ཡཱ་པྲཱ་ཏི་གྷཱཧྞཱ་སྱ་ཏེ་གུཏྟི་དྦྷ་པ་ད་ཤཀྲཱནྡྷ་མཱ་ཤྩ་ཙཱར་སཱ་མ་ཏུ་ཏྲཱ་ས་མ་སཾ་བྷཱུཏྲཱི་ཀླེ་མཱ་མཱ་མ། ས་མ་མཛ་ཤུདྡྷེ། ཙི་ལི་སྲི་རིན་ཨི་ལ། ཀུནྡུ་པྲ་ད་ཤཱཀྵོ་ཀྵིནྡུ་རུ་མེ་ཧ་ར་བ་རཱ་ཧི་རཱི་ལི~ཾ། ན~ཾ་ལི་བཛྙཱ་པཱ་ཎཱི། ཏི་ལི། ཏི་ལྀ། བ་ཤི་མ་ནུ་བརྷ་ཧི་རྀ་ཎི། ནི་རི་ཎི་ས་མ་ཡེ་ནུབཏ་ཧི་རི་མི་རི་ཨི་བཱཾ་ཧ་ཡ་ནི། སཏྭཾ་བཛྲ་པཱ་ཎི་མ་མ་ཧི། སཱ་ཡཱ་མུ་པ་སྭཱ་ཧཱུ~ཾ། འདི་ནི་དེའི་བདུག་པའི་སྔགས་སོ།། ལི་ཧི་ལི་ཧི་པི་ལི་ཏུ་ཨུ་བྷྱོ། ཨུ་བྷ། ཧུ་རུརྠ། བྷཱཉྫ་བྷཱུཉྫ་པཱ་ཤྱེ་མེ་ཀ་རོ་ཧྲྀ་དི་སྭཱ་ཧཱུ~ཾ། ལག་ན་རྡོ་རྗེ་ཕྱག་འཚལ་བཅས།། རྩེད་མོ་ཅན་ཞེས་བྱ་བ་ཡི། སྙིང་པོ་འདི་ནི་འཇིག་རྟེན་གྲགས།། དེ་ན་འདོད་དགུར་སྒྲུབ་པ་ཡི།། གང་ཞིག་དངོས་གྲུབ་མཆོག་འདོད་ཅིང་།། འདི་ཡི་སྒྲུབ་པའི་དོན་ཤེས་པ།། དེས་ནི་རྡོ་རྗེ་སྒྲུབ་པའི་མཆོག། ཡ་མཚན་འདི་ནི་བསྒྲུབ་པར་བྱ། ། དེ་ནས་རིམ་པ་ཇི་བཞིན་དུ།། བདག་གིས་ལེགས་པར་བཤད་པར་བྱ།། དམ་པའི་དོན་གྱི་རྗེས་མཐུན་པ།། ཐུབ་ལ་སྤྱི་བོས་ཕྱག་འཚལ་བ།། གསེར་རམ་རཱ་གན་ཟངས་ལ་སོ།། ཡང་ན་ཙན་དན་དམར་པོ་ལས།། རྡོ་རྗེ་རྩེ་མོ་བརྒྱད་པ་འམ།། ཡང་ན་རྩེ་མོ་བཞི་པར་བྱ།། སོར་གསུམ་ཡང་ན་དྲུག་གམ་བརྒྱད།། ཡང་ན་སོར་ནི་བཅུ་གཉིས་པ།། ཕུར་བརྒྱད་ཤིན་ཏུ་རྫོགས་པ་འམ། ། ཡང་ན་ཟུར་ནི་དྲུག་ཏུ་བྱ།། དེ་ནས་དགོན་པའམ་རང་གི་ཁྱིམ།། གཙང་ཞིང་མཉམ་པའི་ས་ཕྱོགས་སུ།། བ་ལང་ལྕི་བས་དཀྱིལ་འཁོར་ཕྱུག། སྐུ་གདུང་མཆོག་དགའ་གཙང་མ་ཡིས།། དེ་ཡི་སྟེང་དུ་དྲི་ཞིམ་པའི། ། སྤོས་ཀྱི་དཀྱིལ་འཁོར་བྱུག་པར་བྱ།། ཡུངས་ཀར་ཕུལ་ཐག་བཞི་རྣམས་ཀྱང་།། དབུས་དག་ཏུ་ནི་གཞག་པར་བྱ།། དེ་ཡི་སྟེང་དུ་རྡོ་རྗེ་དེ།། དྲི་དང་མེ་ཏོག་འཕྲེང་བས་བརྒྱན། ། རྟག་ཏུ་ཡང་ནི་དུས་གསུམ་དུ།། མཆོད་པ་རྣམ་པ་སྣ་ཚོགས་བྱ།། ཙམ་པ་ཀ་དང་ཙམ་པ་ཀྭའི།། མེ་ཏོག་སྒྱུ་མའི་མེ་ཏོག་རྣམས།། ཡིད་དུ་འོང་བས་སངས་རྒྱས་དང་། རྔོ་རྗེ་འཛིན་པ་ངེས་པར་མཆོད། ། དུ་རུ་ཀ་དང་ཨ་ཀ་རུ།། བདུག་པའི་མཆོག་ན་རྟག་ཏུ་སྲེག། སྐུ་གཟུགས་ཆོ་ག་བཞིན་བྲིས་ལ།། ཆོ་ག་འདི་ནི་བྱ་བ་སྟེ།། སངས་རྒྱས་གསར་གྱི་ཁ་དོག་འདྲ།། སངས་རྒྱས་ཐད་ན་གནས་པ་ཡི། ། ལག་ན་རྡོ་རྗེ་གཡོན་ཕྱོགས་བྲི།། རྒྱལ་པོ་བཞིན་དུ་བརྒྱན་བྱ་ཞིང་།། ཧ་ཅང་དམར་བར་མི་བྱ་སྟེ།། སྐུ་གཟུགས་ནུང་ཕྱོགས་ལོགས་སུ་བསྟན།། ཤེས་རབ་ཅན་གྱིས་ཆོ་ག་འདི།། བྱ་སྟེ་དེ་ནི་རིམ་བཞིན་བཤད།། དང་པོ་ཡང་ནི་ཚེས་གཅིག་བརྩམས།། ངེས་པར་གནས་ཤིང་གཙང་བ་ཡིས།། ཁྲུས་ནི་བ་ལང་ལྕི་བ་དང་།། བ་གཅིན་བཙགས་པས་དུས་གསུམ་བྱ། མདུན་དུ་རྟག་ཏུ་གོས་ཕྲུགས་ནི། ། བདུག་པས་རབ་ཏུ་བདུགས་པ་བགོ། ཙམ་པ་ཀ་དང་ཙམ་ཀ་ཡི།། མེ་ཏོག་རྣམས་ཀྱིས་རྟག་ཏུ་མཆོད།། སྣ་ཚོགས་དྲི་དང་མེ་ཏོག་འཕྲེང་།། མཛེས་ཤིང་ཡིད་དུ་འོང་བས་མཆོད།། ལན་གྲངས་བརྒྱད་བརྒྱར་བཟླས་བརྗོད་བྱ།། དུ་རུ་ཀ་དང་ཨ་ཀ་རུ།། སྲེག་ཅིང་མར་མེ་གཉིས་ཀྱང་དབུལ།། རྟག་ཏུ་འཆི་བར་མི་བྱ་སྟེ།། དེ་བཞིན་མར་གྱི་མར་མེ་གཞན།། ཉིན་གཅིག་བཞིན་དུ་བསྐྱེད་པར་བྱ། ། དེ་ཚེ་འོ་མའི་བདག་གུ་རྣམས།། ཟ་ཞིང་མཉམ་པར་གཞག་པ་དང་།། གསོ་སྦྱོང་ཡན་ལག་བརྒྱད་ལྡན་པས།། ཚེས་ནི་བཅུ་གཉིས་བར་དུ་ཡང་།། རྟག་ཏུ་ཀུ་ཤའི་མལ་སྤྱན་འདུག་དེ་ནས་ཞག་གསུམ་སྤྱད་བྱས་ནས། ། ཟླ་བ་ཉ་ལ་ཆོ་ག་གཞིན།། དཔེ་མེད་པ་ཡི་མཆོད་པ་བྱ།། དེར་ནི་ཚོན་རྩི་སྣ་གསུམ་གྱིས།། གྲོང་ཁྱེར་དག་ཀྱང་བྲི་བར་བྱ།། གྲུ་བཞི་སྙམ་པ་སྒོ་བཞིར་ལྡན། ། ཕྱོགས་ཆ་ལེགས་པར་གཅད་བྱ་ཞིང་།། མཉམ་བྱས་དེ་ཡི་ནང་དག་ཏུ།། ལྷ་བཤོས་དཀར་པོ་དཔེ་མེད་དབུལ།། ཕྱི་རོལ་དུ་ཡང་སྣ་ཚོགས་པ།། ཅི་འདོད་ཐམས་ཅད་གཞག་པར་བྱ།། དེ་ནས་ཀུ་ཤའི་སྟན་འདུག་ཅིང་། ། བསྲུང་བྱས་ཆོ་ག་ཤེས་པ་དེས།། རྡོ་རྗེ་འབར་བར་གྱུར་ཀྱི་བར།། ཨ་ཀ་རུ་དང་དུ་རུ་ཀ།། སྲེག་ཅིང་དགའ་བཞིན་བཟླས་བརྗོད་བྱ།། ཉི་མ་ལས་ལྷག་དེ་ཡི་གཟི།། རྡོ་རྗེ་དེ་ནཱི་ལེགས་པར་བླངས། ། ཅིས་ཀྱང་མི་འཇིགས་མཁའ་ལ་འགྲོ།། རིག་སྔགས་གྲུབ་པའི་སྟོབས་དང་ལྡན།། རིག་སྔགས་བདག་པོ་ཐམས་ཅད་དང་།། ལག་ན་རྡོ་རྗེ་རིགས་སྐྱེས་པའི།། རིག་སྔགས་ཚོགས་ནི་ཀུན་གྱིས་མཆོད། ། དོན་མང་དག་ལ་བརྟེན་བྱ་ཞིང་།། རྣམ་པ་མང་དུ་ཅི་ཞིག་སྨོས།། ལག་ན་རྡོ་རྗེ་མཉམ་འགྱུར་ཏེ།། འདི་ལ་ཐེ་ཚོམ་ཅི་ཡང་མེད།། དེ་ནས་དགའ་བ་མ་ཡིན་པའི།། ལས་དེ་དག་ཀྱང་འདིར་བྱ་སྟེ། ། དེ་དག་གི་ནི་མདོར་བསྟན་པ།། སྙིང་པོ་བསྡུས་པ་བཤད་པར་བྱ།། གང་ཞིག་མི་ཡི་གཙོ་བོ་འམ།། བློན་པོ་དབང་དུ་བྱ་འདོད་དེས།། དེ་ཡི་སྒྲུབ་པ་གང་ཡིན་པ།། འདི་ཡང་རབ་ཏུ་བཤད་པར་བྱ།། ཞག་བདུན་གཙང་མར་བྱས་ནས་ནི།། ནས་ཀྱི་ཟས་ནི་དུས་སུ་བཟའ།། དེ་ནས་སེང་ལྡེང་མེ་བསངས་ལ།། ཡམ་སྲེག་ཤིང་དང་སྦྲང་རྩི་ནོ།། མར་བླངས་བརྒྱད་བརྒྱ་ཚང་བར་ནི། དུས་གསུམ་དུ་ཡང་སྦྱིན་སྲེག་བྱ།། དུས་ཀྱི་ལྷག་མ་རྟག་ཏུ་བཟླས།། ལན་གསུམ་ཁྲུས་བྱས་ངེས་པར་གནས།། དབང་དུ་བྱ་འདོད་གང་ཡིན་པ།། དེ་དང་ཡང་ནི་བྲང་བར་བྱ།། དེ་ཡི་མིང་ནི་སྤོས་པས་ཀྱང་། ། དེ་ནི་བྲན་བཞིན་དབང་དུ་འགྱུར།། མི་ནི་གང་ཞིག་བྲན་ནོར་འདོད།། དེས་ནི་ནོར་གྱི་ཚད་བསམས་ལ།། དེ་ཡི་སྒྲུབ་མཆོག་འདི་བྱ་ཞིང་།། ལན་གསུམ་ཁྲུས་བྱ་བ་ལ་བ་ཡི།། བདུག་པ་མར་དང་ལྡན་པ་སྲེག། དེ་ནས་ལག་ན་རྡོ་རྗེའི་མདུན།། དེར་ནི་བ་ལང་ལྕི་བའོ་མེར།། སྔར་བཤད་པ་ནི་གང་ཡིན་པའི།། སྦྱིན་སྲེག་མཉམ་པར་བཞག་པས་བྱ།། ཡང་ན་བིལ་བའི་སྦྱིན་སྲེག་ནི།། མར་དང་ཡུངས་ཀར་ལྡན་པའམ། ། ཡུངས་ཀར་མར་དང་ལྡན་པའང་རུང་།། ཡང་ན་མར་ལྡན་བིལ་བ་འམ།། མར་དང་ཡུངས་ཀར་ལྡན་པ་ཡི།། སྦྲང་རྩི་བཟང་པོ་བིལ་བར་ལྡན།། ཡང་ན་རེ་རེ་སྦྱིན་སྲེག་མཆོག། བརྒྱ་རྩ་བརྒྱད་དུ་བྱ་བ་སྟེ།། སེང་ལྡེང་ཡམ་སྲེག་ཤིང་བཟང་གིས།། དུས་གསུམ་དུ་ནི་རྣམ་གསུམ་བྱས།། ཕྱེ་དང་བ་གཅིན་འདག་གུ་དང་།། ཕྱེ་དང་འོ་མའི་འདག་གུའང་རུང་།། དུས་གསུམ་བཟའ་ཞིང་ཡང་ན་ནི། ། ཨོཾ་སྥ་མི་བཔའ་རིག་སྔགས་བཟླས།། ཡང་ན་སྦྱིན་སྲེག་མེད་ཀྱིས་བྱ།། གཙང་ཞིང་བརྩོན་པར་གནས་པ་དེས།། ནོར་ནི་ཡིད་ལ་གང་འདོད་པ།། ཞག་བདུན་གྱིས་ནི་ཐོབ་པར་འགྱུར། སྭཱ་ཕྱེད་ཡང་ན་ཟླ་བ་གཅིག། ཡང་ན་ཟླ་བ་ཕྱེད་གསུམ་གྱིས།། རྣམ་པ་ཀུན་གྱི་ཐབས་རྣམས་ཀྱི།། འདོད་པ་ཐམས་ཅད་མ་ལུས་སྦྱིན།། ཡང་ན་གདོན་གྱི་ལས་རྣམས་འདིར།། སྤྱན་སྲེག་བཟླས་བརྗོད་བརྩོན་པ་དང་། ། གཙང་ཞིང་དམ་ཚིག་མཁས་པ་ཡིས།། ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར།། རྩེད་མོ་ཅན་གྱི་སྙིང་པོ་རྫོགས་སོ།། །། དེ་ནས་གཏུམ་པོའི་སྙིང་པོའི་ཚེ་ག་རྒྱས་པར་བཤད་པར་བྱའོ། ། ན་མཿཙི་ལི་ཙི་རི་ཎི། ཨི་ལི་ཀུ་རུ་ཧ་ད་ཏི་པྲ་སིདྡྷ་བྷ་ག་ཏོ་སཱཾ་ཀུ་རུ་མེ་ཧ་བ་ར་ཀི་ལི་བི་ལི། ཧི་རི་ཎི་སུ་རུ་ཀུ་རུ། ས་མ་ཡ་མ་ནུ་བརྟ་ཧྲྀ་ད་ཡ་ན་སཱ་ཧཱ། སྙིང་པོ་དྲན་པར་བྱེད་པའི་། ཚིག་འདི་དག་གང་དུ་བརྗོད་པ་དེར་དགའ་བར་གྱུར་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ན་མཿཀི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། མ་ཧཱ་ཀི་ལཱ་ཡ་སྭཱ་ཧཱ། ཀྲོ་དྷ་ཀི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཙནྟ་ཀཻ་ལི་ཀཱི་ལ་ཡ་སྭཱ་ཧཱ། དེ་བ་ཏི་ཀཱི། ལི་ཀཱི་ལ་ཡ་སྭཱ་ཧཱ། བཛྲ་ཀི་ལི་ཀི་ལ་ཡ་སྭཱ་ཧཱ། བཛྲ་དྷ་ར་ཡ་སྭཱ་ཧཱ། བཛྲ་མོ་ཏ་ན་ཡ་སྭཱ་ཧཱ། བཛྲ་སྟཾ་བྷ་ནཱ་ཡ་སྭཱ་ཧཱ། བཛྲ་པྲ་བཾ་དྷ་ན་ཡ་སྭཱ་ཧཱ། ཨོཾ་ཧི་སྟི་བཛྲ། ཨེ་ཧི་སུ་སྟི་བཛྲ། ཨེ་ཧི་པྲ་ཏི་ར་བཛྲ། ཨེ་ཧི་ཨ་པྲ་ཏིཏ་ཧ་བཛྲེ། ཨེ་ཧི་ཨ་མོ་གྷ་བཛྲ། ཨོཾ་ཧི་ཤཱི་གྷྲ་ནི་ལ་བེ་གེ་བཛྲ། མ་ཧཱ་ཡཀྵ་ས~ཾ་ནཱ་པ་ཏི། བཛྲ་པཱ་ཎི། མུ་ནེ་མུ་ནེ་མུ་ནེ། རེ་མེ་ཏ~ཾ། མཉྫུ་མ་ཏི། སུ་མུ་ཏི། ཨེ་ཧྲི་པ་ནི་ཏི་ལི། ཨོཾ་ཧཾ་དི་ལི་པི་ཏཱཏམ་ཏི་ཏོ་ནི་ར་ཏི་ར་ཏི་ཏི། ཀུ་ལ་ཏི་ལི། ཤི་ལི། ཙ་ར་དི་མོ་ཏཾ་ཀུ་ཙད་ཐ་མར་ཏེ། སུ་བུ་རུ་བུ་རུ། ཁུ་ཁུ་ཏི། ཁུ་ཁུ་ཏི། ཁུ་ད་ལི་ཏ་ལི་ཏི་རི། ཨེ་ཧི་ཤཱ་གྷྲཾ་བཛྲ་པཱ་ཎི། མ་ཧཱ་ཡཀྵ་སེ་ནཱ་པ་ཏི། ཨིན་གནྡྷ་མཱ་ལེ། ཨ་ནུ་ལེ་བ་ན་མཿཔྲ་ཏིཙྪ་ཀུ་དི་ཀུ་དི་ཀུ་ཏྲི་སྭཱ་ཧཱ། ཀུ་དི་བི་ར་བོ་རཱ་ཏི་སྭཱཧཱུ། བི་ཏི་མ་ཀུ་ཏི་ལ་སྭཱ་ཧཱ། ཨ་ར་ལི་ས་ར་ཤི་ལི། ཙ་རཱ་ལི་སཱི་ར་ལི་གཱི་རི་ནཱི། བརྨ་ལི་ནི་སི་ལི་ཏི་པུན་ཀུཪྵ། ཤརྦ་དུརྦ་ཏུརྦ་ཀཱིཏྟཱ། མུཏྟ། ནརྦ་བརྦ་བ་ལཱ་ར་མཱ་ཧི་ཧཱ། ཨེ་ཧྲཱི་ཨེ་རྦ~ཾ། ཤཱི་གྷྲཾ་བཛྲ་པཱ་ཎི། ཙེ་ཧི་ཧེ་ཧྭེ་ཧེ། ཏུ་རུ་ཏུ་རུ། ལ་ཤཱུ་ལ་ཧཱུ་སྭཱ་ཧཱ། སྨ་ར་ཧ་ན་མི་ཏི་རི་ཏི། དི་རི་རི་ཏི་ལི་པུ་སྭཱ་ཧཱ། ཀུ་ཁྲུ་ལུ་ཏུ་ཀ་ཏི་ལུ་ཏི་ལི་རི་སཱ་ཧཱ། ཨེ་ཧི་ཏྲི་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ཧཽ་རི། ཏི་ལི་བི་ཏི། རི་ལི་གི་ནི། ན་ར་ཛནྟུ་བི་རི་ཛ་ཡནྟ་རི་ཀནྟ་རངྠ་ཙུ་རུ་ཙུ་རུ། ཙི་རི་ཏི་སྭཱ་ཧཱ། ནརྦ་ཤརྦ་བ་ཀུ་ཀུ་ལུ། ཁུ་ཁུ་ཏ་རུ་ཏ་རུ། སྨི་རི་ཏམ། པྲ་ཏི་ཛཱ་ཡ་སྭཱ་ཧཱ། ལག་ན་རྡོ་རྗེ་གཏུམ་རབ་གཏུམ།། ང་ཡི་སྙིང་པོ་གཉིས་པ་ནི།། གཏུམ་ཞིང་རབ་གཏམ་ལས་ཡིན་ཏེ།། མིང་ཡང་གཏུམ་པོ་ཞེས་པར་གྲགས།། གཏུམ་པོ་རྡོ་རྗེ་འཛིན་པ་ཡི།། སྙིང་པོ་གཏུམ་པོ་འདི་དག་ནི།། གཉིས་པ་ཞེས་ནི་བྱ་བ་བསྟན།། ལས་རྣམས་ལ་ནི་རྩཝ་ཕྱེད་དེ།། དམ་པ་རྣམས་ཀྱི་ལས་ཀུན་མཆོག། གདོན་ལ་སོགས་དང་སེམས་ཅན་རྣམས།། འགུགས་པའི་མཆོག་ལ་སོགས་པ་དང་། ། སྲུང་བ་ལ་སོགས་དཔེ་མེད་པ།། འདི་ཡི་ལས་ནི་སྟོང་རྣམས་དང་།། ཆོ་ག་ཆེན་པོ་བརྒྱད་རྣམས་ཀྱང་།། ལྷ་གནས་མཐོང་བར་ངེས་པར་ནི།། བཟླས་བརྗོད་སྦྱིན་སྲེག་རྣམས་ཀྱིས་བྱ།། ལ་གང་ཞིག་རྡོ་རྗེ་འཛིམ། མངོན་སུམ་མཐོང་བར་འདོད་ན་ནི།། ང་ཡི་སྒྲུབ་པའི་ཐབས་འདི་དག། སྤྱན་འདྲེན་མཆོག་འདི་དེ་ཡིས་བྱ།། དུས་གསུམ་པ་ལང་ལྕིབས་བསླུས་ལས་ཀྱང་དག་ཅིང་སེམས་དག་དང་། འཛིན་ལ་གུས་པ་དང་།། རྐང་ལག་ལ་སོགས་བཀྲུས་ནས་ཀྱང་།། དགོན་པའམ་རང་གི་ཁྱིམ་ཡང་རུང་།། གཙང་མའི་ཕྱོགས་སུ་མཆོད་རྟེན་ནམ།། སྐུ་གཟུགས་ཡང་ན་སྐུ་གདུང་གི། མདུན་དུ་རྟག་ཏུ་མཉམ་པར་གཞག། མི་ནི་གཙང་སྦྲར་སྤྱོད་པ་ཡིས།། བདུག་པ་མེ་ཏོག་ལ་སོགས་པ།། མཆོག་དང་ཁྱད་པར་འཕགས་པ་ཡིས།། དུས་གསུམ་རྟག་ཏུ་མཆོད་པར་བྱ།། དེ་ལ་རབ་སྤྲོ་དེ་ལ་གུས།། སྲོག་ཀྱང་དེ་ལ་བསྟན་བྱས་ནས།། ལེག་ན་རྡོ་རྗེའི་གཟུགས་ཀྱང་རུང་།། ཇི་སྐད་བསྟན་བཞིན་རི་མོར་བྲི།། དྲི་དང་འགྲེང་བ་བྱུག་པ་ཡིས།། རྟག་ཏུ་དེ་ལ་མཆོད་པར་བྱ།། མར་དང་ལྡན་པས་དུས་སུ་བཟའ། སྦྲང་རྩི་བོ་ཐུག་བཟའ་བར་བྱ།། རི་མོའི་སྐུ་གཟུགས་ནུབ་ཕྱོགས་བསྟེན།། རྟག་ཏུ་ཤར་ཕྱོགས་ཁ་བལྟས་འདུག། མར་གྱི་མར་མེ་མི་འདྲི་བས།། ཉིན་པར་མཆོད་པ་ལེགས་པར་བྱ།། རློ་འཕྲུལ་གྱི་ནི་ཟླ་ཕྱེད་དམ། ། ཡར་གྱི་ངོ་ཡི་ཚེས་བརྒྱད་ལ།། བརྩམས་ཏེ་བརྒྱད་སྟོང་བཟླས་བརྗོད་བྱ།། ཡང་ན་ཉིན་རེ་དུས་གསུམ་དུ།། ལན་གྲངས་བརྒྱད་བརྒྱར་བཟླས་བརྗོད་བྱ།། ཐང་ཆུ་ཡང་ནི་བསྲེག་པར་བྱ། ། དང་ཞིང་རྩེ་གཅིག་སེམས་ཀྱིས་ནི།། སྲུང་བའི་མཆོག་བྱས་བརྫས་བརྗོད་བྱ།། ཟླ་བ་ཕྱེད་ནི་ལོན་ནས་ཀྱང་།། དེས་ནི་ཞག་གསུམ་སྨྱུང་བ་བྱས།། མཆོད་པ་ལ་སོགས་ཀུན་རྒྱས་ཤིང་།། ཤིན་ཏུ་མང་པོར་བྱས་ནས་ཀྱང་།། འདོད་པ་ཡིད་ལ་གཞག་བྱ་ཞིང་།། དེ་ནས་གུས་པ་མཆོག་གིས་སུ།། ཨོཾ་ནི་ཚིག་སྟོང་བཟླས་བརྗོད་བྱ།། དེ་ནས་རྡོ་རྗེ་ཅན་ཡང་མཐོང་།། དེ་ལ་མཆོད་སྦྱིན་གཙོ་@བོ་དེ། ། དམ་པའི་མཆོག་ནི་སྦྱིན་པར་བྱེད།། སྒྲུབ་པའི་ཆོ་གས་སྤྱན་དྲངས་ནས།། མཆོད་སྦྱིན་མཆོག་ལ་ཅི་འདོད་སྤྲོས།། ཚིག་གིས་གང་དང་གང་བརྗོད་པའི། སྒྲུབ་པའི་དམ་པ་ཐོབ་པར་འགྱུར།། དེ་ཡི་སླར་གཏང་ཆོ་ག་དེ།། རྣམ་པ་ཐམས་ཅད་བཤད་པར་བྱ།། དེས་ནི་ཕྱག་དང་མཆོད་པ་དང་།། མཆོད་ཡོན་མེ་ཏོག་ལ་སོགས་དབུལ།། འདོད་པའི་རག་སྔགས་ལན་ཅིག་བརྗོད། ། དེས་ནི་རྡོ་རྗེ་འཛིན་པ་འགྲོ།། ན་མཿཧི་ལི་ཧུ་ལ་ནི། ལི་ཧུ་ལ། ཨ་ཧ་ཧ་ཧ་ཧ་ཧ། ས་པྲ་ཏི་གཙྪ་ཏུ་བྷ་ག་ཝཾ་བཛྲ་པཱ་ཎི་རེ་ཐ་སུ་ཁཾ་ཙུ་ལུ་ཙུ་ལུ་སྭཱ་ཧཱ། འདི་ནི་གཅིག་གམ་གསུམ་དུ་བརྗོད། ། ལྔ་འམ་བདུན་ནམ་ཉི་ཤུ་གཅིག། བརྒྱ་འམ་ཡང་ན་བརྒྱད་བརྒྱ་འམ།། ལན་སྡོང་ཆོ་ག་བཞིན་དུ་བརྗོད།། འབྱུང་པོའི་གནས་སམ་གཞན་དག་ཏུ།། རྡོ་རྗེ་དང་ནི་ལྷ་ཡི་མདུན།། དྲི་ཀུན་གྱིས་ནི་སྦྱར་བ་དང་།། བཅིང་དང་གྲོལ་ལ་བཟླས་བརྗོད་བྱ།། དགུག་དང་སླར་གཏང་ཐམས་ཅད་དང་།། བཅིང་དང་གྲོལ་བ་ཐམས་ཅད་ལ།། དེར་ནི་ལན་ཅིག་བརྗོད་པར་བྱ།། དེས་ན་རྡོ་རྗེ་འཛིན་པ་འགྲོ།། འདི་ནི་རྩེད་མོ་ལྡན་པ་ཡི།། སྒྲུབ་དང་སླར་གཏང་བ་ཡང་ཡིན།། འདི་གཉིས་ལ་ནི་ཁྱད་པར་དུ།། དབྱེ་བར་བྱ་བ་མང་པོ་ཡོད།། གང་གིས་རྟག་ཏུ་གཙང་བྱས་ལ།། ལོ་གཅིག་བར་དུ་དུས་གསུམ་དུ།། བཟླས་བརྗོད་རྣམ་པ་གསུམ་བྱས་ན།། དེ་ཡིས་བདེ་བར་འདོད་པ་འཐོབ།། གང་ཞིག་ཟླ་དྲུག་སྒྲུབ་བྱེད་ཅིང་།། བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱེད།། ལེགས་བྱས་དེ་ནི་མཁའ་ལ་རྒྱུ།། འབྲིང་དང་ལྷག་མ་ཉིད་དུ་འགྱུར། ། གང་ཞིག་ཟླ་གསུམ་བཟླས་བརྗོད་བྱེད།། ཡང་ན་ཡིད་ཀྱིས་སྦྱིན་སྲེག་ལས།། བྱས་ན་ཆོ་ག་འདི་དག་གིས།། དེ་ལྟར་དེ་ཡང་འགྲུབ་པར་འགྱུར།། ཟླ་བ་ཕྱེད་གསུམ་ཟ་གཅིག་ཟོས། ། དེས་ནི་དངོས་གྲུབ་ཐ་མ་འམ།། འབྲིང་དང་ཁྱད་པར་འཕགས་པ་ཐོབ།། ཁྱིམ་གྱི་དོན་རྣམས་གྲུབ་བྱེད་ཅིང་།། ནད་རྣམས་ཀྱང་ནི་སེལ་བར་བྱེད།། དོན་རྣམས་ཇི་སྐད་བཤད་པ་བཞིན།། དེ་དག་ཐམས་ཅད་རབ་ཏུ་འགྲུབ། ། ཟླ་བ་གཅིག་ཏུ་བཟླས་བརྗོད་བྱེད།། འོ་ཐུག་སྦྲང་རྩི་མར་བཅས་བཟའ།། དུས་གསུམ་བརྒྱད་བརྒྱ་བཟླས་པས་ནི།། གསུམ་བརྗོད་མཁའ་ལ་འགྲོ་བར་འགྱུར།། ལེགས་པར་མ་བྱས་གདོན་ལ་སོགས། ། དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར།། བཅིང་དང་འགྲོལ་བ་ཐམས་ཅད་དམ།། སྒྲུབ་པའམ་གཞིག་པ་གཅོད་པར་བྱེད།། ཟླ་ཕྱེད་ནས་ཀྱི་ཁ་ཟས་ཟོས།། གདོན་གྱི་ལས་རྣམས་བྱེད་པར་ནུས། ། བ་གཅིན་ནས་ཀྱི་ཁ་ཟས་ཟོས།། དོན་རྣམས་ཐམས་ཅད་འགྲུབ་པར་ནུས།། ཞག་བདུན་དུ་ནི་དུས་གསུམ་དུ།། དེ་བཞིན་བརྒྱད་བརྒྱ་བཟླས་བརྗོད་བྱས།། དབང་དུ་བྱ་དང་བཅིངས་ལ་སོལ། གསང་བར་ཡང་ནི་ནུས་པར་འགྱུར།། གང་ཞིག་ཞག་ལྔར་ཟས་མི་ཟ།། ཉིན་གཅིག་བཞིན་དུ་བཟླས་བརྗོད་བྱེད།། དེས་ན་མོ་རྣམས་གཞིག་པའམ།། དགྲོལ་དང་དབང་དུ་བྱ་བར་ནུས།། ཞག་གསུམ་པར་དུ་དུས་གསུམ་དུ། ། གང་ཞིག་སྦྱིན་སྲེག་རྣམ་གསུམ་བྱེད།། ལྷག་མའི་དུས་སུ་ཁྲོས་ནས་བཟླས།། དེས་ནི་གཞན་ཡང་གཞིག་པར་ནུས།། དྲག་པོ་ཡི་ནི་ལས་བྱེད་ན།། ཞག་གཅོག་སྤྱད་བྱས་དུར་ཁྲོད་དུ།། ཁྲག་གི་སྦྱིན་སྲེག་བྱས་ན་ནི།། དེས་ནི་གདོན་དང་མི་རྣམས་གཞིག། དེ་དག་བསྒྲུབ་པར་བྱ་བའི་ཕྱིར།། དང་པོར་ཞག་གསུང་སྤྱད་བྱས་ནས།། མར་གྱི་དོན་བཅུ་བཞི་ལ། སུམ་བརྒྱ་ལྔ་བཅུ་གཙང་མས་བཟླས།། སྦྱར་བསྟན་འདི་དག་བྱས་ན་ནི།། དེ་ནས་ངེས་པར་གཉིས་ཀས་ཀྱང་།། ཚིག་གིས་གང་དང་གང་སྨྲས་པ།། བསམ་པའི་ལས་ནི་བྱེད་པར་འགྱུར།། དེ་ལྟར་རྩེ་མོ་ལྡན་པ་ཡི། ། དཀྱིལ་འཁོར་སྙིང་པོ་མཆོག་ཀྱང་བཤད།། འགྲོ་ལྡིང་སྙིང་པོ་གསུམ་པ་ཡང་།། ཆོ་ག་དག་དང་བཅས་པར་ནི།། ལས་ཀྱི་དམ་པ་ཐམས་ཅད་དང་།། དེ་བཞིན་འབྲིང་དང་ཐ་མ་ལ། ། རྡོ་རྗེ་རྫོགས་པར་ཁྲུ་གང་སྲིད།། རྩེ་གསུམ་ཡོངས་སུ་དག་པའི་མཆོག། ཡང་ན་རྩེ་དྲུག་དམ་པ་ནི།། དེ་ཀུན་གྱིས་ནི་བྲི་བར་བྱ།། གུས་མཆོད་རྡོ་རྗེ་རིག་སྔགས་ཀྱིས།། རྡོ་རྗེ་དེ་ནི་སྤྱན་ཡང་དྲང་།། མེ་ཏོག་དམ་པ་མ་ཉམས་པ།། ལག་པ་གཡོན་ཐོགས་ལེགས་པར་མརློད།། ལག་ན་བདུག་ཐོགས་པུས་མོ་བཙུགས།། དེས་ནི་རིག་སྔགས་འདི་ཡང་བཟླས།། ན་མོ་རེ་རྀ་གྲཾ་གྲཾ། ཙ་རི་ཎེ་བི་ནཱཾ། ཏྲ་པ་རུ་ཎི། བཛྲ་མ་ཡ། ཏུ་པི་ཏ་ཡེ་བཛྲ་པཱ་ཎི་མ་ཧཱ་བཱ་ཧཱ་ཡ་སྭཱ་ཧཱ། བྲིས་པ་དེ་ནི་ལག་གཡོན་ཐོགས།། མཆོད་གནས་ཀྱང་ནི་མཆོད་པར་བྱ།། བྱ་བ་ཟིན་ནས་སླར་གཏང་ཕྱིར།། མཆོད་གནས་སླར་ནི་གཏུང་བར་བྱ། ། གཏུམ་པོ་དང་རྩེད་མོ་ཅན་གྱི་སྒྲུབ་པ་རྫོགས་སོ།། ། འགྲོ་ལྡིང་གི་སྙིང་པོ་བཤད་པར་བྱ་སྟེ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ།། དེ་ནས་གནོད་སྦྱིན་གྱི་སྡེའི་བདག་པོ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་དུལ་བ་མཆོག་གས་གནས་ཤིང་།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུ་ནས་མགོ་བོ་བཏུད་ཅིང་ཐལ་མོ་རབ་ཏུ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་སླད་དུ་བདག་ཉིད་ཀྱི་སྙིང་པོ་འཇིག་རྟེན་དག་ལ་བཤད་ལགས་སོ། ། བདག་གི་སྙིང་པོ་ནི་འདི་ལགས་ཏེ། བཅོམ་ལྡན་འདས་གང་གིས་བདག་ཉིད་ཀྱི་སྙིང་པོ་འདིས་བདག་བཀུག་ན་དེའི་ཐད་དུ་བདག་མྱུར་དུ་མཆི་བར་འཚལ་ལོ། ། བཅོམ་ལྡན་འདས་ཅི་སྟེ་བདག་ཉིད་ཀྱི་སྙིང་པོ་འདིས་བདག་བཀུག་པ་ལས་མ་མཆིས་ན་འཇིག་རྟེན་པ་ལ་ལ་དགྲ་བཅོམ་པ་གསོད་པ་འམ། དགེ་འདུན་གྱི་དབྱེན་བགྱིད་པ་གང་ལགས་པ་དག་གི་སྐྱེ་གནས་སུ་མཆི་བར་འགྱུར་རོ། ། བཅོམ་ལྡན་འདས་དེ་བས་ན་ཞག་གཅིག་སྨྱུང་བར་བགྱིས་པས་བདག་བཀུག་ན་དེ་ལས་བཅོམ་ལྡན་འདས་ཀྱི་སླར་གཏང་བར་གསོལ། དེ་སྐད་ཅེས་གསོལ་ནས།། བཅོམ་ལྡན་འདས་ཡིད་ཙམ་འཛུམ་པ་མཛད་དེ། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་འཇིག་རྟེན་དག་ལ་ཁས་བླངས་པས་ཁྱོད་ལང་མཉེས་ཀྱིས། གནོད་སྦྱིན་གྱི་སྡེའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་སོང་ལ་དད་པ་དང་ལྡན་པ་ཡི་ཆད་པར་མ་བྱེད་ཅིག། དེ་ལྷ་མོད་ཀྱི་དའང་ཁྱོད་ཀྱི་སྙིང་པོ་ཉན་པར་ནི་འདོད་ངོ་དོ།། དེ་སྐད་ཅེས་བཀའ་སྩལ་ནས། གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ལག་ནོརྡོ་རྗེས་གདོང་ཆུང་ཟད་ཙམ་པའ་ནས་འཛེམ་བཞིན་དུ། བཅོམ་ལྡན་འདས་པ་འདྲི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལགསན་དུ་གསོལ། ཏཱདྲཱ་ཛཱ། ཨེ་ཧྲཱི་ཧཱུ~ཾ་བཛྲ། ཨེ་ཧི་སུ་སྠི་ར་བཛྲ། ཨེ་ཧི་མ་ཏུ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨེ་ཧི་ཨི་མ་ཀ་བཛྲ། ཨེ་ཧི་ཤཱི་གྷྲཾ་ནཱི་ལ་བེ་ག་བཛྲ། བེ་ག་བཛྲ། མ་ཧཱ་བཛྲ། བཛྲ་པཱ་ཎི་མ་ཧཱ་ཡཀྵ་སེ་ན་པ་ཏི་མུ་ནེ་མུ་ནེ། ཨ་ནཻ་རི་མ་ཏི། ཨ་ནཻ་རི་མ་ཏི་མ་ཧཱ་མ་ཏི་སུ་མི་ཏ། ཨེ་རིནྟི་ལི། དྷུ་རི་ཏི་མེ་དེ་པུ་ལི་རི་ཏོ། ཛི་རི་ཏི་ཀུ་ལ་ཏི་ཤི་ལི་ཤི་བེ་ལི་ཏི་མ་ཏི་པུ་ཚོད་ཏ་མ་ར་ཏེ་ཙིཏྟཾ་ཙིཏྟ་མར་ཏེ། དུ་རུ་དུ་རུ། ཁུ་ཁུ་ཏི་ཁུ་ལུ་ཏི་ཧ་ལ་ཧི་ལི་ཏི་རི་ཨ་ཧི་ཤཱི་གྷྲཾ་བཛྲ་པཱ་ཎི་ཨི་དཾ་གཾ་དྷ་མཱ་ལེ་ནུ་ལེ་པ་ནན། པྲ་ཏཱིཙྪ། ཨུཏྟ་ལི་ཨུཏྟཱ་ཨུཏྟ་ལི་སཱ་ཧཱ། ཀུ་ཏི་བི་རི་ཏི་སཱ་ཧཱ། ཙི་ཏི་བི་ཏི་ཧ་ཏི་སཱ་ཧཱ། ན་མོ་བཛྲ་པཱ་ཎི་སྱ། ཨ་ལ་ལ་མི་ལ་རི་བི་ལི་ནཱི། བཱ་ར་མ་ལི་ནི་ཤཱི་ལི། རི་པི་བ་ལོ། ལོ་ཏི་པུརྞ་གརྦ་ཤན་ནཿ། ཏརྦ་ཨུཏྟ་བུདྡྷ་ནརྦ་ཙརྦེ་ཤརྦ་མ་ལཱ་ཛྭ་ལཱ་ར་ལཱ་སྭཱ་ཧཱ། ཨེ་ཧཱི་ཤཱི་གྲཱྀ་བཛྲ་པཱ་ཎི་ཧེ་ཧི་ཧེ་ཧི། ཏུ་རི་ཏུ་རི་ལ་སྭཾ་ལ་ཧཱུཾ་སྭཱ་ཧཱ། སཱ་ར་ཏནྟ་ཀ་རཱནྟ། ཏི་ཛཱ་ཏཾ་མི་ཏི་རི་ཏི་མི་ཏི་རི་ཏི། མི་ད་ཏི་ལི། རི་རི་རི། ལུ་ལུ་ལུ་ཁུ་ཁུ་ཏི་ལ་ཙུ་ར་ཏི་ཨི་ཧི་ཏཱན། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ལི་རི་ལི་རི། བ་སི་རི་རི་ཀ་རི་ཏི་སྥ་རི་མ་སྟཱ་ཧཱ་ར~ཾ་ཨུ་ཛུ་རི། གེ་ཙུ་རུ་ཙུ་རུ་ཏི་སྭཱ་ཧཱ། ཏརྦ་བྷརྦ་མརྠ་ལུ་ཁུ་ལ་ཁུ་ཏི་ལི། ཧུ་རུ་ཏུ་རུ། སྨ་ར་ཏཾ་པྲ་། ཛྷཻཾ་སྭཱ་ཧཱ། འགྲོ་ལྡིང་ཞེས་བྱའི་སྙིང་པོ་འདི།། འཇིག་རྟེན་གསུམ་གྲགས་འཇིག་རྟེན་གྱི།། རབ་ཀྱི་མཆོག་གི་གཙོ་བོ་སྟེ།། ལན་ན་རྡོ་རྗེ་གསུམ་པ་ཡིན།། འཇིག་རྟེན་གསུམ་མཆོག་གཙོ་བོས་ཀྱང་། འདི་ལས་འགལ་བར་བྱེད་མ་ནུས།། འཇིག་རྟེན་གསུམ་མཆོག་འཇིག་གསུམ་དབང་།། ཚངས་པ་ལ་སོགས་སྙིང་པོའི་བར།། དེ་ཡི་སྒྲུབ་པ་དེ་ཉིད་དེ།། དེ་ཡི་ལས་རྣམས་རྒྱས་པ་ཡང་།། རྩེད་མོ་ཅན་དང་གཏུམ་པོ་བཞིན། ། འདི་ཡང་དེ་ལྟར་བྱ་བར་བྱ།། སྒྲུབ་པའི་མདོ་ཙམ་བཤད་བྱ་ན།། གཙང་མའི་མིས་ནི་གཙང་མའི་ཕྱོགས།། དྲི་དང་འཕྲེང་བ་བྱུག་པ་རྣམས།། མཆོད་དང་ཁྱད་པར་འཕགས་པ་ཡིས།། མཆོད་རྟེན་ཡང་ན་སྐུ་གཟུགས་རྣམས།། སྐུ་གདུང་ལྡན་པ་མཆོད་པར་བྱ།། རྡོ་རྗེ་བྲིས་པ་ལེགས་མཆོད་ནས།། རི་མོའི་སྐུ་གཟུགས་ནུབ་ཕྱོགས་བསྟན།། ཡར་གྱི་ཚེས་བརྒྱད་ལ་བརྩམས་ནས།། སྦྲང་རྩི་འོ་ཐུག་མར་དང་བཅས།། དུས་གསུམ་ཟ་ཞིང་རིག་སྔགས་བཟླས།། ཐང་ཆུ་བཟང་པོ་བསྲེག་པར་བྱ།། ལྕི་བ་སོགས་པས་ལེགས་པར་བཀྲུ།། དག་པས་ཤར་ཕྱོགས་བལྟས་ཏེ་འདུག་ཤིན་ཏུ་མཉམ་བཞག་དུས་གསུམ་དུ། ། ལན་གྲངས་བརྒྱད་བརྒྱ་བཟླས་བརྗོད་བྱ།། དེ་ནས་ཡིད་དུ་འོང་བ་ཡི།། མཆོད་པ་ལས་བཞིན་མཇུག་ཏུ་བྱ།། ཟླ་བ་ཕྱེད་ནི་འདས་ནས་ཀྱང་།། ཉ་ཡི་ནུབ་མོ་སྤྱན་ཡང་དྲང་། ། ལྔ་ཡི་གནས་ནི་མཐོང་བ་དེས།། ཆོ་ག་མཆོག་གིས་བསྲུང་བར་བྱ།། བརྒྱ་རྩ་བརྒྱད་ནི་བརྗོད་བྱས་ན།། དེ་ནས་རྡོ་རྗེ་ཅན་ཡང་མཐོང་།། དེ་ནས་གཞན་ཡང་སྟོང་གི་ཕྱེད།། ཅི་སྟེ་གུས་པས་འདུན་པས་མཆོད། ། རྡོ་རྗེ་འཛིན་ཆེན་མངོན་སུམ་དུ།། མཐོང་འགྱུར་དེ་ལ་ཐེ་ཙོམ་མེད།། མཆོད་སྦྱིན་མཆོག་གི་གཙོ་བོ་དེས།། དེ་ལ་དམ་པ་སྦྱིན་པར་འགྱུར།། ཡང་ན་འཁོར་ལོས་སྒྱུར་པ་ཉིད།། འདོད་ག་ནན་ནག་སོལ།། རིན་སད་པའི་ཆོག་། དུ་བ་བའི་ག། བྱུང་བག་པའིས་སྤྱས་ང། ཀྵཱ་ཀྵ་དྷཱ་ཙྪ་འགྲོ་ལྡིང་གི་ཆོ་ག་དང་བཅས་པ་རྫོགས་སོ། ། ། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ལག་ན་རྡོ་རྗེས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ནས། སྤྱི་བོར་ཐལ་མོ་སྦྱར་ཏེ་དུལ་བ་མཆོག་གིས་གནས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་སྐྱེ་བོ་མང་པོ་ལ་སྨན་པའི་སླད་དུ། བདག་ཉིད་ཀྱི་སྙིང་པོ་འཇིག་རྟེན་དག་ལ་བཤད་ལགས་ཏེ། བདག་གི་སྙིང་པོ་ནི་འདི་ལགས་སོ།། གང་གིས་སྙིང་པོ་འདིས་བདག་བཀུག་ན་དེའི་ཐད་དུ་བདག་མྱུར་དུ་མཆི་བར་འཚལ་ལོ།། ཅི་སྟེ་བདག་སྙིང་པོ་འདིས་བཀུག་པ་ལས་མ་མཆིས་ན་འཇིག་རྟེན་ན་ལ་ལ་མཚམས་མ་མཆིས་པ་བགྱིད་ཅིང་། དགེ་འདུན་གྱི་དབྱེན་བགྱིད་པ་གང་ལགས་པ་དེ་དག་གི་སྐྱེ་གནས་སུ་མཆི་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བས་ན་ཞག་གཅིག་སྒྲུ་བར་བགྱིས་པས་བདག་བཀུག་ན་དེ་ལས་བཅོམ་ལྡན་འདས་ཀྱིས་སླར་གཏང་དུ་གསོལ། ལག་ན་རྡོ་རྗེས་དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཡིད་ཙམ་འཛུམ་པ་མཛད་དེ་འདི་སྐད་ཅེས་བཀ་སྤྲུལ་ལོ། ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་འཇིག་རྟེན་དག་ལ་ཁས་བླངས་པས་ཁྱོད་ལང་མཉེས་ཀྱིས། གནོད་སྦྱིན་གྱི་སྡེའི་བདག་པོ་ཁྱོད་སོང་ལ་དད་པ་དང་ལྡན་པ་ཡི་ཆུང་པར་མ་བྱེད་ཅིག། དེ་ལྟར་མོད་ཀྱི་རའང་ཁྱོད་ཀྱི་སྙིང་པོ་ཉན་པར་ནི་འདོད་དོ།། དེ་སྐད་ཅེས་བཀའ་སྩལ་ནས། གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ལག་ན་རྡོ་རྗེ་གདོང་ཡིད་ཙམ་བབ་ནས་འཛེམ་བཞིན་དུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བདག་གི་སྙིང་པོ་ཆོ་ག་དང་བཅས་པ་གསན་དུ་གསོལ། འདི་སྒྲུབ་པར་འཚལ་ཞིང་བཅོམ་ལྡན་འདས་ལ་མཆོད་པར་དགའ་བས་ཡར་གྱི་ངོ་ཚེས་གཅིག་ལ་བཙམས་ཏེ་ཟས་སུ་འོ་མ་དང་ཕྱེའི་འདག་གུ་འཚལ་ཏེ། དུས་གསུམ་དུ་བ་ལང་གི་ལྕི་བས་ཁྲུས་བགྱིས་ལ། གཙང་མས་གོས་གཙང་མ་བགོས་ནས་བདུག་པ་སྲེག་ཅིང་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱས་པ་བགྱིས་ལ་སྙིང་པོ་བརྗོད་པར་བགྱི་སྟེ། གསང་སྔགས་ཀྱི་ཚིག་འདི་དག་གིས་ཐོག་མར་བདག་ཉིད་བསྲུང་བར་བགྱིའོ།། ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱཱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཤྲཱི་མུ་ཨད་ཏྲཾ་བྷ། བཛྲ་པཱ་ཎི་དུར་ཤི་བ་མཱ་ནཱ་ཡ། ཨ་ནྱོ་ནྱ་བཛྲ་ཨ་ཤི་ནར་ན་མཿསརྦ་གྲ་ཧྞ་དུཥྚ་ཨ་པ་ར་ཏེ་ཤུ་རཀྵ་ཡ་མ་ནཤྩ་ཨ་བྷ་ཡ་ཀུ་རི་ཧི་ཧི་བཛྲ་པཱ་ཎི་ཧི་ཧི་སེད་ཧི། ཧི་རི་ཀུ་ཀུ་བུ། ཏི་རི་ཀུ་བིས་རས་ར་སུ་བེ་རི་ཙི་རི་བཛྲ་པཱ་ཎི་དུ་ངན་ཏཱ་ནཱན། ད་མ་ཀ་ད་མ་ད་མ་སཱ་ཧཱ། ལན་བདུན་བཟླས་བརྗོད་པགྱིས་ནས་ལག་པ་ལ་བཏགས་ན་སེམས་ཅན་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱཱ། ཨེ་ཧི་བཛྲ་པཱ་ཎི། ཨིད་མཱ་བ་ཧ་ན་མ་ནུསྨ་ར་མ་ཧཱ་སྠི་ར་བཛྲ། ཨེ་ཧི་སུ་སྠི་ར་བཛྲཱ། ཨེ་ཧི་ནཱ་ནཱ་བཱ་བཛྲ། ། ཨེ་ཧི་ཨ་པྲ་ཏི་ཧ་ཏ་བཛྲ། ཨེ་ཧི་ཤཱི་གྷཾ་མན་ཙ་པ་ལ་ག་ཏ་མ་ཧཱ་ཡཀྵ་སེ་ནཱ་པ་ཏི། བཛྲ་པཱ་ཎི་ཧི་ཧི་ཧེ་ཧི་ཧི་ཧེ་ཧི་ཧི་ཧེ་ཧི་ཧི་ཧེ་ཧི་ཧི་ཧེ། ཀུ་ཏུ་ཀུ་ཏུ་ཀུ་ཏུ་ཀུ་ཏུ་བཛྲ་པཱ་ཎི་ཨེ་ཧི། ཧི་ཧི་ཧེ། ཧི་ཧི་ཧི་ཧི་ཧི། ཧི་ཧི་ཧི་ཧི་ཧི་ཧི་ཧེ་ཧི། བཛྲ་པཱ་ཎི་ཀུ་ཀུ་རུ་ཀུ་ཀུ་བུ་ཀུ་ཀུ་བུ། ཀུ་བྷུ་ཀུ་བྷྱ། ཀུ་ཀུ་བྷྱཿབཛྲ་པཱ་ཎི། ས་ར་ས་ར། ཨེ་བཻ་རི། ཨེ་བཻ་རི། ཨེ་བཻ་རི། ཨེ་བ~ཾ་གཏ་ར་ནི་ལྀ། ཨ་བ་ཧ་ཡ་མི་ཏཱཾ། མ་མ་ཧི་ས་མ་ཡེ་ནོ་པ་ཏིཥྛ་སཱ་ཏཱ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པའི་ཐང་ཆུའི་བདུག་པས་སྤྱན་དྲང་བར་བགྱིའོ།། ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཧི་རི་ཧི་རི་ནི། བཛྲ་པཱ་ཎི། པྲ་ཏི་གྲྀཧྞ། ཨུཙྪ་ཏ~ཾ། པུལླ་དྷཱུ་པཾ་གཾ་དྷ་མཱ་ལྱེ་མ། མ་ཏཾ། ས་མ་ཡོ་དཱ་དྷི་ཤྲོ་ཏི་སྭཱ་ཧཱ། བཅོམ་ལྡན་འདས་དམ་ཚིག་བགྱི་བ་དང་དེ་དག་གི་མེ་ཏོག་དབུལ་བཾ་ལགས་ཏེ། མེ་ཏོག་རྣམས་ཅི་ནས་ཀྱང་སྐུ་གཟུགས་ཀྱི་དབུལ་བབ་པར་གྱེན་དུ་གཏོར་བར་བགྱི་སྟེ། བ་རུ་རའི་ཡམ་སྲེག་ཤིང་བརྒྱད་བརྒྱ་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པས་སྦྱིན་སྲེག་བགྱིའོ།། ན་མོ་རཏྣ་ཏྲ་ཡ་སྱཱ། ན་མོ་བཛྲ་པཱ་ཎི་སྱ། མ་ཧཱ། ཡཀྵ་སེ་ནཱ་པ་ཏི་སྱ། མུ་ནེ་མུ་ནེ་མུ་ནེ་མུ་ནེ་མུ་ནེ་མུ་ནེ། རི་མ་ཏི་མ་ཏི་མ་ཏི་མ་ཧཱ་མ་ཏི་སུ་མ་ཏི། སཱ་ར་ས་མ་ཡཾ་བཛྲ་པཱ་ཎི་ཨེ་རན་ཏི་ལི་སྥུ་ཏི་པ་ཏེ་ཕུཿབྷི་ལི་ཀི་ཏི། རྩི་རི་ལི་ཏ་ཏི་ཀོ་ར་ལ་ཧི་ཏ། ཏི་ལི་སཾ་རི་པ་ལ་ཏི། བིད་པུ་ཙིཏྟ། མ་ར་ཏེ་ཕུཿཁུ་ཁུ་ཏི་ཀུ་ཏི་ལི་ལི་ཏི་རི་སྭཱ་ཧཱ། མུ་ནེ་མུ་ནེ་བཛྲ་པཱ་ཎི། གཱཾ་དྷ་མཱ་ལྱ་ཨ་ནུ་ལེ་པ་ན་མ་པྲ་ཏིཙྪ། ཀུ་ཏུ་ལི། ཀུ་ཏུ་ཀུ་ཏུ་ལི་སྭཱ་ཧཱ། ཙ་ཏི་ལི་སཱུ་ཧཱ། ཏུ་ཏུ་བྷཱ་རི་སྱཱ་ཧྨ། བི་བྷ་མ་དྷུ་ཏི་ལི་སྭཱ་ཧཱ། ཨ་ར་ལི་མ་ར་ལི། ཤ་ལི་ནི་བཛྲ་མཱ་ལི་ནཱི། ལི་མི་ཏི། སི་རི་ལི་བི་གྷུརྞེ་གྷུརྞཤྭརྦ་སརྦ་ནརྦ་བྲཧྨ་བྷ་དྲཱ་པུཎྜཱ་ནཱརྦཱ་སཱརྦ་ཧརྠ་དརྡ་རཛྲ་ཙནཱ་ཛ་སྭཱ་ཧཱ། ཨེ་བི་ཤྭ་རྨྨ་བཛྲ་པཱ་ཎི་ཧེ་ཧཽ་ཧ། ཏུ་རུ་ཏུ་རུ། ཏུ་རུ། ཏུ་རུ། ཏུ་རུ་ལ་ཧུ་ལ་ཧུ་ལ་ཧུ་སྭཱ་ཧཱ། སཱ་ར་ཏཾ། ནཱ་ག་ར~ཾ། ཡ་ཏྲ་སཾ་པྲ་ཏི་ཛཱ་ཏཾ། བུད་དྷཱ་ས་ཀཱ་ཤེ། ཨུཏྟཱ་ཧྲྀ་ད་ཡ། མི་ཏི་རི་ཏི་མི་ཏི། རི་ཏི། མ་ཏི་མ་ཏི་ཏི་ཏི། ལི་ར་སཱ་ཧཱ། ཁུ་ལ་ལུ་ལུ་ལུ་ཁུ་ཏི་ལུ་ཏི་སཱཧཱ། ཨེ་ཧིཏ་མ་ཧཱ་ཡ་ཀཱ་ས་ནཱ་པ་ཏི། ཧི་ལེ་རི་རི་ཏི་བྷྱོ། མ་རི་ཀི་རི་ཛ་ས་རི་ཛམྦྷ། ཤཱུ་རོཙིཏཱི། ཙུ་རུ་ཙུ་རུ། ལོ་ཏི་སྭཱ་ཧཱ། ནརྦ་ཤརྦ་བྷརྦ་ལུ་ཝཱ་ལུ་གྷཱ་བུ་ཏི་ཏི་སཱ་ཧཱ། ཏུ་རུ་དྷུ་རཱ། སྥ་ར་ཏཾ་པྲ་ཏི་ཛཱ་བཛྲཱ་པཱ་ཎཱི་སྭཱ་ཧཱ། ཧ་ལ་ཧ་ལ་ཡ་སྭཱ་ཧཱ། ཀུ་ལུ་ཀུ་ལཱ་ཡ་སྭཱ་ཧཱ། ཀ་ལ་ཀ་ལཱ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། མ་ཧཱ་ཀི་ལ~ཾ་ཀཱི་ལཱ་ཡཱ་སྭཱ་ཧཱ། ཀྲོ་དྷ་ཀི་ལི~ཾ་ཀི་ལཱ་ཡ་སྭཱ་ཧཱ། ཏྲི་བ་ཏ་ཀི་ཨོཾ་ལ་ཡ་སྭཱ་ཧཱ། ཙཿ་ཀཱི་ལ་ཀཱི་ལ་ཡ་སྭཱ་ཧཱ། བཛྲ་ཀཱི་ལི་ཀོ་ལ་ཡ་སྭཱ་ཧཱ། བཛྲ་དྷ་རེ་ཡ་སཱ་ཧཱ། བཛྲ་བྷཉྫ་ཡ་སྭཱ་ཧཱ། བཛྲ་པཱ་ཎ་ཡེ་སྭཱ་ཧཱ། ཧི་ལི་མི་ལི་ནི་ལི། ཨོཾ་སུཾ་བྷཱ་སུ~ཾ་བྷ། པུ་རུ་པུ་རུ་སེ་བྷཱཉྫ་ནཱ་མ་བྷ་བེབྷྱཿཧཿ། བཅོམ་ལྡན་འདས་སྙིང་པོ་འདི་ནི་ལས་ཐམས་ཅད་བགྱིད་པ་ལགས་ཏེ། དོན་ཐམས་ཅད་ལ་གཞན་གྱིས་མི་ཐུབ་ཅིང་དོན་མཆིས་པ་དང་། ཞི་བ་དང་། ཞི་བར་བགྱི་བ་དང་། དགྲ་འཇོམས་ཤིང་གཞན་གྱིས་མི་ཚུགས་ཡེ་ན་ས་ཏྱེ་ན། བྷ་ག་ད་ན། ཤ་སྟ་མོ་ཀེ་ཨ་ནུཏྱ་ཏ་ར། ཨ་ཏེ་ན་ས་ཏྱ་བཱ་ཙ་ནེ་ན་ཨི་ཡ་མཱ་བིད་ཙ་ས་མུ་ཛ་མ་ཡྱ་བིད། ཁི་ནི་ཥི་ནི། ཀུ་ཊ་ལ་མུ་མྲ་ཀི་སཱ་ཧཱ། ཀུ་ཏི་ཛ་རེ་ཀུ་ཏི་ཛ་ཡེ། ཏཾ་པུ་ལེ། སུཾ་དེ། ཀུཾ་པེ་བསྟེ། པྲ་སེ་ཨ་གསྟྲེ་ཐཾ་ག་ནི་ནི་པ་ཀ་སིདྡྷ་ཀརྨ་བི་ནཱ་ཤ་ནི་ཡ་ཡ་ཀརྨ་མ་ཧཱ་སྲ་ནི། པྲ་ཡུཀྟ་ནི་བེ་ན་ཡེད། ཀྲྀ་ཏཾ་མ་ཡ། ཨིནྡྲ་ག་ནི། མཽཏྲ་། ཙི་ཏ་ཏ་རོ་རི་ཤང་། ཙ་ཏུརྞ་ཤིན་སུ་ཀྲི་ཏང་ཀུན་དཱ། ཙཱུརྞ་ཡོ་གོ་བི་ད་ཡེ་ཏེ། སུ་ཧྲྀད་དེ། སྠཱ་ཧྲྀ་ད་ཡ་ན། བ་ཤམྦེ་ཡུ~ཾ་ཧྲེ་ད་ཡ་དི་དེ་ཤ་ན། ཛམྦྷ་ནི་སྱཱམྦྷ་ན་མོ་ཧ་ནཾ་ཙ་ཀ་རི་ཤཱི་ཏི། ཙེཌཱ་ལི་བ་ར་ཤ་ཛཱ། བི་ཏེ་པྲ་སུ་བ་མྦྷར་ཀརྨ་ས་པཱ་ཏྲ་བ་སུར་རྔན་ཅིཔ་ས་མེ་ནི་ཀར་མེད། མེ་ཀ་སུངས་བེན་པོ། དེན་རིབ་བ་ནི་ཤ་ནེ་ས་རྦ་ཀ་མ་བི་རྗེ་དེ་མ་རདཏྣ། པཱ་ཤ་དྷྱ~ཾཏེ། བཛྲ་པ་ཎི། མ་ཏོ་གོ་ར། བིདྷར་ཛཱ་ཨ་ནཱཿ་རམ། ཨོཾ་ཛམ་བྷ་ཡ་སྭཱ་ཧཱ། སྭམ་བྷ་ཡ་སྭཱ་ཧཱ། མོ་ཧ་ཡ་སྭཱ་ཧཱ། མཱ་ལཱ་ཡ་སྭཱ་ཧཱ། ཡཱ་མཱ་ཡ་སྭཱ་ཧཱ། ཡཱ་མ་མ་མཱ་ཡ་སྭཱ་ཧཱ། བཛྲ་ཡ་སྭཱ་ཧཱ། མ་ཧཱ་བཛྲ་ཡ་སྭཱ་ཧཱ། བཛྲ་དྷ་རཱ་ཡ་སྭཱ་ཧཱ། བཛྲ་པཱ་ཎཱ་ཡེ་སྭཱཧཱ། བཛྲ་ཧསྠུ་ཡ་སྭཱ་ཧཱ། བཛྲེ་གྲ་ཧྞ་སྟཱ་ཡ་སྭཱཧཱ། བཛྲ་དཱཎྜ་རྞ་ཡ་སྭཱ་ཧཱ། བཛྲོ་གྲ་དན་ནུ་ཡ་སྭཱ་ཧཱ། བི་ཤཱ་པཱ་ཎ་ལེ་སྭཱ་ཧཱ། ན་མཱ་ཀ་མེ་ཤྭ་ར་བཛྲ་པཱ་ཎཱ་ཡེ་སྭཱ་ཧཱ། རིག་སྔགས་འདོད་པའི་རྡོ་རྗེ་མ། འདི་ནི་རླུང་གི་ཤུགས་ཞེས་བྱ།། འདོད་པའི་ཁམས་ནི་ཀུན་གྱི་མཆོག། རིག་སྔགས་རྒྱལ་མོ་བླ་ན་མེད།། འདོད་པའི་ཁམས་གནས་ཅི་ཡང་རུང་།། འདོད་པ་འམ་འདོད་པ་ཞིག་པར་རུང་།། རབ་ཏུ་བསྒྲུབས་ན་དེ་དག་ནི། ། དོན་དུ་མི་སྒྲུབ་གང་ཡང་མེད།། ལས་ཀྱི་དམ་པ་ཇི་བཞིན་དང་།། ཁྱད་པར་དང་ནི་སྒྲུབ་པའི་མཆོག། དེ་ཉིད་ཐོག་མར་བཤད་པར་བྱ།། རང་བྱུང་ལ་ནི་ཕྱག་བྱས་ནས།། སངས་རྒྱས་བྱང་ཆུབ་ཤིང་དྲུང་དུ།། ཤར་ཕྱོགས་བལྟ་ཞིང་འདུག་པར་བྱ།། ཀར་ནི་ཀ་རའི་མེ་ཏོག་དང་།། དེ་ན་བཙོ་མའི་གསེར་མདོག་འདྲ།། སངས་རྒྱས་ཀྱི་ནི་གཡས་ལོགས་སུ།། རིགས་མཆོག་རབ་སྦྱིན་ཤེས་ཉེན་ཅན། ། འདོད་པའི་དབང་ཕྱུག་རྨ་བྱ་ཡི།། མགྲིན་པ་བཞིན་དུ་སྔོ་བར་བྲི།། སངས་རྒྱས་ཀྱི་ནི་གཡོན་ལོགས་སུ།། མངའ་བདག་རྡོ་རྗེ་འཛིན་ཆེན་ནི།། སྤྲིན་དམར་མདོག་འདྲ་འོད་དང་བཅས། ། དཔལ་མཆོག་པདྨར་བཞུགས་པར་བྲི།། དེ་ནས་མར་གྱི་བརྒྱད་ལ་བརྩམ།། ནས་ཀྱི་ཟས་བཟའ་དུས་སུམ་ཅུ།། དུས་གསུམ་དུ་ནི་བསྒྲིམ་བྱ་ཞིང་།། ཆོ་ག་འདི་ནི་རྟག་ཏུ་བྱ། ། མེ་ཏོག་དཀར་པོ་སྔོན་པོ་དང་།། དམར་པོ་དང་ནི་རྣམ་པ་གསུམ།། བླངས་ཏེ་གནས་དེར་བཞུགས་ནས་ནི།། ཆོ་ག་བཞིན་དུ་མཆོད་པར་བྱ།། དེར་ནི་ལྔ་བཅུ་གཅིག་བཟླས་པས།། ཚེས་གྲངས་བཅུ་གཉིས་བར་དུ་ཡང་། ། དཀར་པོ་སངས་རྒྱས་བསྣུན་པར་བྱ།། སྔོན་པོས་འདོད་པའི་དབང་ཕྱུག་ལ།། པདྨ་དམར་པོ་ལ་སོགས་པས།། ལག་ན་རྡོ་རྗེར་བསྣུན་པས་ཀྱང་།། ཞག་གསུམ་ཁྲུས་བྱས་གསོ་སྦྱོང་ལྡན། ། བཅོ་ལྔ་ཡི་ནི་གཙང་མ་ཡིས།། ལྷ་བཤོས་སྣ་ཚོགས་ཀུན་ཏུ་དགྲམ།། དུ་རུ་ཀ་དང་ཨ་ཀ་རུ།། སངས་རྒྱས་ཀྱི་ནི་བདུག་མཆོག་སྲེག། ཐང་ཆུའི་སྣོད་ནི་ཐ་དད་གཞག། ལག་ན་རྡོ་རྗེར་དགུ་གུམ་དབུལ། ། སངས་རྒྱས་རིག་སྔགས་རྡོ་རྗེ་འཛིན།། སློབ་དཔོན་ལ་ནི་གུས་མཆོད་བྷ།། དེ་ནས་སེམས་ནི་བསྡུས་ནས་བྱུང་།། མཆོད་པ་དག་ནི་རྒྱས་པར་བྱ།། བདེན་པ་ན་ནི་སྟོན་པ་པོས། ། མེ་ཏོག་དཀར་པོ་བཅོམ་ལྡན་ལ།། བཞི་བརྒྱབམ་བརྒྱད་བརྒྱ་དམ་པ་ཡིས།། བཟླས་ཤིང་བཟླས་ཤིང་བསྣུན་པར་བྱ།། སྔོ་བའི་ནང་ན་མདོག་སྔོན་མཆོག། སུམ་བརྒྱས་འདོད་པའི་དབང་ཕྱུག་པ། ། དམར་པའི་ནང་ན་མདོག་དམར་མཆོག། སུམ་བརྒྱས་རྡོ་རྗེ་འཛིན་ལ་བསྟན།། སྲུང་བ་ལ་མ་ཁྲི་ལམ་དུ།། ཟླ་གཅིག་བརྒྱད་བརྒྱབ་ཟས་བརྗོད་བྱ།། སྒྲུབ་པ་ཐོག་མ་ཛ་མར་འང་། ། སྐུད་པ་ནག་པོས་བཅིང་བར་བྱ།། བ་ཏི་བི་དྷ་ར་ཀཱ་ཤ། མ་ཧཱ་དྷ་ནི་རཀྵ། ཏ་ཐཱ་ག་ཏ་ས་ཧ་ཛཱ་ཏ་རཀྵ། པུཥྤ་ཀེ་ཏུ་རཀྵ། ཨ་པ་ཏ་རཀྵ་སྭཱ་ཧཱ། རྩ་བའི་སྐུད་པ་གཙང་བྱས་ནས།། སྒྲུབ་པ་དེ་ལྟར་བསྲུང་བྱས་ལ། ། མཚམས་གཅད་པ་ནི་འདིས་བྱས་ན།། མཚམས་གཅད་ཀུན་གྱི་མཆོག་ཏུ་འགྱུར།། དྷ་ནི་ཀ་ནི་དྷ་ནེ་ཀེ་ནི་སརྦ་སཱི་མ་བན་དྷ་ནི་སྭཱ་ཧཱ། མཚམས་གཅད་ཀྱི་ནི་མེ་འདི་ཡང་། བརྒྱད་བརྒྱ་བཟླས་སམ་ཡང་ན་ནི། ། དེ་བཞིན་ཚོན་སྨད་སྣ་ཚོགས་ཀྱིས།། གནས་རྣམས་ཀུན་ཏུ་བསྐོར་བར་བྱ།། དངོས་གྲུབ་སྒྲུབ་ཅིང་ནོར་འདོད་པས།། དངོས་གྲུབ་ལྟས་ནི་བལྟ་བའི་ཕྱིར།། རིག་སྔགས་། རྒྱལ་དབང་གྲུབ་རྣམས་ཀྱི།། སྒྲུབ་པའི་ཚིག་ནི་བཟླས་བརྗོད་བྱ།། ཨ་གཾ་དེ་སཱ་དྷ་ཡ་ཨ་མོ་གྷེ་སཱ་དྷ་ཡ། ས་པ་ལེ་སཱ་དྷ་ཡ་ཨུད་ས་དེ་ས་ཏྱེ་ཏྱེ་གེ་པྲཛྙེ། ཨུ་པ་ཤ་ནེ་ས་དྷ་ཡ་སྭཱ་ཧཱ། དེ་ནས་རིག་སྔགས་སྒྲུབ་པ་ན། ། མཚན་མ་དག་ནི་རྟོགས་པར་བྱ།། སྐུ་གདུང་ལྡན་པའི་སྐུ་གཟུགས་ཏེ།། ཉི་མ་བཞིན་དུ་འབར་བར་འགྱུར།། དད་དང་མཆོད་པའི་ཉེས་པ་དང་།། རིག་སྔགས་ཉམས་པའི་ཉེས་པ་ཡིས།། ཅི་སྟེ་དེར་ནི་མ་གྲུབ་ན།། ཡར་གྱི་ངོ་ལའང་བསྒྲུབ་པར་བྱ།། དད་དང་མཆོད་དང་ཆོ་ག་ཡིས།། དེ་བཞིན་རྫོགས་པར་བརྩམ་པར་བྱ།། དུས་གསུམ་གཙང་སྦྲ་རྫོགས་བྱ་ཞིང་།། ནས་ཀྱི་ཁ་ཟས་དུས་སུ་བཟའ། ། བཟླས་བརྗོད་བདུན་པས་མཚན་མ་གསུམ།། མ་བྱུང་བར་དུ་བཟླས་བརྗོད་བྱ།། སངས་རྒྱས་ཞལ་ནས་ཨན་ད་རྙིལ།། ཡང་ན་མངོན་ཀ་ཆེན་པོ་འབྱུང་།། འདོད་པའི་དབང་ཕྱུག་ལ་ནས་ཀྱང་། ། བཟང་པོ་དཀྱིལ་འཁོར་སྟེང་དུ་ལྷུང་།། ལག་ན་རྡོ་རྗེའི་ཁ་ནས་ཀྱང་།། ཕུན་སུམ་ཚོགས་པའི་དབྱིག་རྣམས་འབྱུང་།། ཡིད་བཞིན་ནོར་བུ་འདྲ་བ་ཡི།། ནོར་བུ་ལེགས་སྡུག་མགོ་ལ་གདགས། ། འདོད་ན་གཡས་པའི་མཁྲིག་མར་ཡང་།། ཆོ་ག་བཞིན་དུ་གདགས་པར་བྱ།། ས་དང་ནམ་མཁའ་སྣང་བྱེད་ཅིང་།། འཁོར་ལོས་སྒྱུར་བ་གཞན་བཞིན་འགྱུར།། ནོར་བུའི་མཐུས་ནི་འཇིགས་བྱེད་ཅིང་། ། རིག་སྔགས་གྲུབ་མཐུས་སྟོབས་ཆེན་འགྱུར།། དེས་ནི་མུན་པར་འཇིགས་བྱེད་ཅིང་།། རྒྱ་མཚོ་ཆེན་པོར་འཇིགས་པ་མེད།། འདོད་པ་དག་ལ་ཆོད་པར་འགྱུར།། རིག་སྔགས་མཆོག་བསྒྲུབས་སྐྱབ་ཀྱི་མཆོག། དེ་ཡང་རིན་ཆེན་སྤྱོད་ཀུན་གྱི།། ནང་ན་ཚུགས་པར་ནུས་པ་མེད།། མུ་སྟེགས་རྣམས་ཀྱིས་ཀུན་རིག་བཞིན།། ཇི་ལྟར་དབང་ཕྱུག་འདོད་ལ་སྤྱོད།། འདོད་པ་ལྷག་མ་དེ་བཞིན་དུ།། རིག་པ་རྒྱལ་པོ་མཆོག་སྒྲུབ་སྟེ། ། འདོད་ལ་མངོན་དུ་སྤྱོད་པར་འགྱུར།། ཅི་སྟེ་དད་ཅིང་གུས་པ་དང་།། ལག་ན་རྡོ་རྗེའི་ཆོག་ཤེས།། དེ་ཡང་རྡོ་རྗེ་འཛིན་བཞིན་དུ།། འཇིག་ཆེན་གསུམ་ན་འཇིག་མེད་རྒྱུ། ། དབྱིག་རྣམས་དང་ནི་དོང་ཚེ་དག། འཕགས་པ་ལ་ལས་བསྒྲུབས་ན་ཡང་།། གཉིས་ཀ་དེས་བསྒྲུབས་འཇིགས་པ་མེད།། བདེ་ཅན་དག་དང་ལྡན་པ་དང་།། ནག་མོ་ཆེ་དང་ལྡན་པ་དེས། ། མངོན་དུ་ཡིད་བཞིན་ནོར་བུ་འཆང་།། གྲོང་ཁྱེར་རྒྱལ་པོ་བཞིན་དུ་འཐོབ།། བྱ་བ་མང་ལས་བརྟེན་པ་དང་།། རྣམ་པ་མང་པོ་སྣ་ཚོགས་པ།། མང་པོ་འདི་དག་ཅི་སྨོས་ཏེ།། མདོ་ཙམ་འདི་ནི་མཉན་པར་གྱིས། ། འདོད་པ་ཡིན་རྡོ་རྗེ་མ།། འདི་ནི་ལས་ཀུན་སྒྲུབ་པ་སྟེ།། བློན་པོ་རྣམས་ཀྱི་དམ་པའི་མཆོག། ལས་རྣམས་ཀུན་ལས་དོན་ཡོད་པ།། ཅི་སྟེ་ཡིད་ལ་འདོད་པ་ཡི།། དངོས་གྲུབ་བདེ། མཆོག་དགོངས་ན་ཡང་།། བྱ་བའི་དོན་ཀུན་གྲུབ་པ་ཡི།། འདོད་པའི་རྡོ་རྗེ་མ་ཉིད་སྒྲུབ།། རྟག་ཏུ་རང་དགའ་བདེ་བ་སྦྱིན།། རང་དགའ་འགྲོ་བའི་གཞི་ཡང་ཡིན།། རང་དགར་རྩེ་ཞིང་སྤྱོད་པ་ཡང་།། འཆང་བ་ལ་སོགས་རང་དགར་འགྱུར།། འདི་ནི་སྤྲོ་བའི་ངང་ཅན་ལ།། ནམས་ཀྱང་རྒྱབ་ཀྱིས་ཕྱོགས་མི་འགྱུར།། སྒྲུབ་པ་དེ་ཡང་འཇོམས་མི་བྱེད།། འབྲས་བུ་མེད་པར་མི་འགྱུར་ལ།། བགེགས་ཀྱང་བྱེད་པར་མི་འགྱུར་རོ། ། དཀྱིལ་འཁོར་ལས་ནི་ཉམས་གྱུར་དང་།། དམ་ཚིག་དག་ཀྱང་སྤངས་པ་དང་།། སངས་རྒྱས་རྡོ་རྗེ་འཛིན་མཆོག་སོགས།། མ་དད་རྣམས་ལ་གྲུབ་མི་འགྱུར།། དེ་ཕྱིར་དཀོན་མཆོག་གསུམ་པོ་དང་། ། དེ་བཞིན་རྡོ་རྗེ་འཛིན་པ་དང་།། རིག་སྔགས་རང་གི་བླ་མ་ལ།། གུས་བྱས་མཆོད་ཅིང་བསྒྲུབ་པར་བྱ།། སྒྲུབ་པ་དག་ནི་མ་བྱས་ཀྱང་།། རྩ་བའི་རིག་སྔགས་སྟོབས་ལྡན་པ། ། ལས་རྣམས་སྟོང་དག་འགྲུབ་བྱེད་པ།། གང་ཡིན་དེ་དག་ཤེས་པར་གྱིས།། ཀྲི་ཀ་མ་ལ་ཀ་ཡི་ཤིང་།། ཡམ་སྲེག་ཤིང་ནི་བརྒྱ་རྩ་བརྒྱད།། གཙང་མའི་ཕྱོགས་སུ་མེ་སྦར་ཏེ། ཆོག་དག་ནི་རྒྱས་པར་བྱ།། ཞག་བདུན་བར་དུ་དུས་གསུམ་དུ།། དེ་བཞིན་བཟླས་བརྗོད་བརྒྱད་བརྒྱ་བྱ།། མར་བཅས་པོ་ཐུག་སྦྲང་རྩིར་ལྡན།། མེ་མཆོག་སྦྱིན་སྲེག་བྱས་ན་ནི།། འདིས་ནི་རྒྱལ་པོ་འམ་ཡང་ན་ནི། ། འཁོར་ལོ་སྒྱུར་བའང་དབང་གྱུར་ན།། རྒྱལ་སྲིད་དག་ལ་ཕན་པ་ཡི།། རྒྱལ་པོའི་འཁོར་ལྔ་ཅི་ཞིག་སྨོས།། ལན་ཚྭ་ལས་ནི་གཟུགས་བྱས་ནས།། རྐང་པ་ནས་བརྩམས་སྦྱིན་སྲེག་བྱ།། ཆོ་ག་དེས་ནི་བུད་མེད་དང་།། སྐྱེས་པ་དབང་དུ་བགུགས་པར་འགྱུར།། བུ་མོ་ཡི་ནི་གཟུགས་བྱས་ནས། རྐང་པ་ནས་བརྩམས་སྦྱིན་སྲེག་བྱ།། ཆོ་ག་དེས་ནི་བུད་མེད་རྣམས།། དབང་དུ་བྱ་བ་བསྟན་པ་ཡིན།། ལོ་མའི་སྦྲང་མའི་དཔུང་བྱས་ནས།། ཡུངས་ཀར་མེ་ཏོག་བསྲེགས་པ་ཡིས།། དེ་བཞིན་ཞག་བདུན་དུས་གསུམ་དུ།། རབ་ཏུ་བསྒྲིམས་ཏེ་མཆོད་པར་བྱ།། དེ་ནི་ཡུངས་ཀར་མེ་ཏོག་གོས།། ཞག་བདུན་བར་དུ་བསྒྲུབས་ན་ནི། ། ལན་བདུན་བཟླས་པ་བསྒྲུབ་འགྱུར་ཏེ།། ལོ་མའི་སྦྲང་མ་འཕྲོ་བར་འགྱུར།། གོ་ཆ་དག་ནི་མཆོག་དང་ནི།། དེ་བཞིན་མནྟ་ཀ་བླངས་ནས།། བཟླས་བརྗོད་བརྒྱད་བརྒྱ་བ་ཟླས་བྱ་ཞིང་།། ཐོག་མར་ལེགས་པར་ས་རྨོད་བྱས་ནས།། ཀླུང་གི་སོང་ནི་བརྗོད་པ།། རྐང་ཅིགགིས་མྱོ་བང་དུ་འགྱུར།། དེ་བཞིན་ཅིག་དྷས་ན་ནཱ~ཾ། ནཱན་ཎྜཀན་རྩི་ནས་དང་།། ཨག་རྦས་ཙན་དན་དང་། ། མ་རུ་པ་ཀ་རློན་པ་བླང་།། དྲི་ལ་སོགས་པ་དེ་དག་གིས།། ཁྲུས་བྱས་སྐྱེ་བོ་ཐམས་ཅད་དག། ཐོག་མར་མཆོད་པ་ལ་སོགས་པ།། བྱེད་ཅིང་བྱེད་ཅིང་ཞག་བདུན་དུ།། དུས་གསུམ་བརྒྱད་བརྒྱ་བཟླས་བརྗོད་བྱ། ། ཕྱི་ནས་མཁས་པས་ཁྲུས་ཀྱང་བྱ།། མར་གྱི་ངོ་ནི་བཅུ་བཞི་ལ།། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ན།། རྒྱལ་པོས་དེ་ལ་མཆོད་པར་བྱ།། བོ་ང་ཡི་ནི་རྩ་བ་ཡང་།། བྱང་ཕྱོགས་བལྟ་ཞིང་བརྐོ་བར་བྱ།། དེ་ནས་དེ་ཡི་ཤུན་ཕྲགས་ནི།། མར་གྱི་ངོ་ཡི་བཅུ་བཞི་ལ།། ཕྱེ་མར་བྱས་ནས་བཟླས་བརྗོད་བྱ།། དེ་བཞིན་བརྒྱད་བརྒྱ་བཟླས་ནས་ནི།། ཕུར་མར་བྱས་ཏེ་བཅ་བར་བྱ། ། བུད་མེད་ལ་ནི་དེས་གཏོར་ན།། དེ་མ་ཐག་ཏུ་དབང་དུ་འགྱུར།། ཐམས་ཅད་དབྱེ་བར་བྱ་བ་ནི།། ནིམ་པའི་ཡལ་ག་བསྲེག་བྱ་ཞིང་།། འདི་དང་འདི་གཉིས་རྩོད་གྱུར་ཅིག། ཅེས་བྱ་ཆོག་གསང་བ་ཡིན། ། དེ་ལས་ཕྱིར་གསོ་དམ་པ་ནི།། གསང་སྔགས་འདིས་ནི་བཀྲུ་བར་བྱ།། དྲི་ལ་སོགས་པས་སྙིང་ནས་མཆོད།། བཟླས་བརྗོད་བརྒྱད་བརྒྱ་བྱས་ན་ནི།། བྱང་སྙེམས་དགྲོལ་བའི་མཆོག་ཡིན་ཏེ། ། ཅི་དགའ་བར་ནི་བརྩམ་བྱ་ཞིང་།། ཞག་བདུན་བར་དུ་བསྒྲུབས་ན་ནི།། མི་སོད་འཇིགས་མེད་འབར་བར་འགྱུར།། ཀར་ན་པི་ལུ་ལི་གཅིག་དང་།། སྐེ་ཚེའི་འབྲུ་དང་ལན་ཚྭ་དང་།། ནིམ་པའི་འབྲུ་དང་རས་བལ་གྱི། ། ས་བོན་དེ་དག་སྦྱིན་སྲེག་བྱ།། འདི་ནས་གཞན་དུ་ཆེ་གེ་མོ།། སོང་ཞིག་ཟོས་ཤིག་མེད་གྱུར་ཅིག། ཅེས་ནི་མིང་ཡང་བརྗོད་བྱས་ན།། འགྲོ་འགྱུར་འདི་ལ་ཐེ་ཚོམ་མེད།། དེ་ལས་སླར་ནི་གསོ་བ་དང་། ། གཞག་པར་བྱས་ན་ལན་བདུན་དུ།། དེ་ལ་བསྲུང་བ་མཆོག་བྱས་ན།། གནས་སུ་དགའ་བར་བྱེད་པར་འགྱུར།། པ་ཏ་ལ་ཡི་ལོ་མ་དང་།། བིལ་བ་འཛམ་བུ་ཨ་མྲ་དང་།། སྐྱ་རུ་ར་ལ་སོགས་པ་ཡིས། ། སྐལ་ཆུང་དེ་ནི་ཁྲུས་བྱས་ན།། སྐལ་དང་ལྡན་པར་བྱེད་པའི་མཆོག། གོས་འདོད་པ་ཤའི་མེ་ཏོག་རྣམས།། སྦྱིན་སྲེག་བྱས་ན་གོས་རྣམས་འཐོབ།། ཧི་རན་ནེ་མུ་ལི་ཀི་རྣམས། སྦྱིན་སྲེག་བྱས་ན་དབྱིག་རྣམས་འཕེལ།། གསེར་འདོད་པས་ནི་སྲ་བན།། ཚུལ་བཞིན་སྦྱིན་སྲེག་བྱས་ན་འཐོབ།། གསེར་སྒྲུབ་པ་ཡི་ནང་ན་ནི།། ཆོ་ག་འདི་ནི་མཆོག་ཏུ་བཤད།། འདོད་པའི་རྡོ་རྗེ་མ་ཆོག་རྫོགས་སོ།། དེ་ནས་རྡོ་རྗེ་འོག་པག་ཅན།། གནོད་སྦྱིན་རྣམས་ཀྱི་སྙིང་པོ་སྟེ།། འཕྲོག་མ་ཞེས་ཀྱང་རབ་གྲགས་ཏེ།། འབར་བ་དེ་ནི་བཤད་པར་བྱ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་སྡེའི་བདག་པོ་ལག་ན་རྡོ་རྗེ་གསུམ་པོ་ལ་ཕྱག་འཚལ་ལོ། ། གནོད་སྦྱིན་ཐམས་ཅད་ལ་འཚལ་ལོ།། ལྔས་རྩེན་ལཕྱག་འཚལ་ལོ།། གནོད་སྦྱིན་མོ་ཆེན་མོ་འཕྲོག་མའི་རྡོའི་འོག་པག་ཅན་རིགས་ཐམས་ཅད་དང་ལྡན་པ་ལ་ཕྱག་འཚལ་ལོ། ། དེ་ནས་གནོད་སྦྱིན་ཐམས་ཅད་ཀྱི་སྙིང་པོ་བརྗོད་པར་བྱ་སྟེ།། ཁྱེད་ཀུན་ང་ལ་ཉོན་ཅིག། མཐོང་ན་ངོན་ཡོང་ཞི་བ་དང་།། གསུམ་མཆོག་བསྟན་མི་བཟང་དང་། འབྱུང་@པོ་ཐམས་ཅད་རབ་ཞི་བྱེད། ། ལག་ན་རྡོ་རྗེ་སྟོབས་པོ་ཆེ།། ནོར་གྱི་བདག་པོ་རྣམ་ཐོས་བུ།། གནོད་སྦྱིན་ཀུན་གྱི་མངར་བདག་རྗེ།། གནོད་སྦྱིན་གང་དག་རི་ལ་གནས།། ས་ཏི་དང་རི་བོ་ཆེ། ། ཞོ་གདོང་དང་ནི་གདོང་རྒྱས་དང་།། འདོད་པའི་དོན་སྦྱིན་གནོད་སྦྱིན་གང་།། མཚོན་ཆ་འཐབ་ཆ་སྣ་ཚོགས་ཅན།། སྟོབས་ལྡན་རྫུ་འཕྲུལ་ཆེན་པོ་དང་།། རྒྱལ་དང་རྣམ་པར་རྒྱལ་བ་དང་།། པདྨ་དཀར་དང་དགྲ་འཇོམས་དང་།། རྒྱན་འཕྲེང་རྒྱས་དང་རྒྱན་འཕྲེང་ཆེ།། བདུད་རྩི་སྙིང་རྗེ་སྙིང་རྗེ་འགྲོ།། གནོད་སྦྱིན་ཆེན་པོ་ལྔས་རྩེན་དང་།། གནོད་སྦྱིན་ན་ལ་ཀུ་བེ་ར།། ནོར་བུའི་སུལ་ཅན་གནོད་སྦྱིན་གང་། ། ནོར་བུ་བཟང་ཞེས་གྲངས་པ་དང་།། རྫོགས་ལྡན་དང་ནི་རྫོགས་བཟང་དང་།། རབ་ཏུ་བཟང་དང་བཟང་པོ་ཉིད།། བདག་གི་སྙིང་པོས་བཀུག་པས་ན།། དེ་དག་ཐམས་ཅད་འདིར་གཤེགས་ཤིག། མ་སྤོས་གནོད་སྦྱིན་དེ་དག་དང་། ། བདག་གི་དོན་གྲུབ་དེ་དག་དང་།། རྟག་ཏུ་དགེ་དང་ཕན་བྱེད་དང་།། གནོད་སྦྱིན་གདོན་ནི་སྐེམ་བྱེད་དང་།། གནོད་སྦྱིན་མོ་ནི་འཕྲོག་མ་མོ།། བུ་མངས་ཁྱོད་ནི་འདིར་ཤོག་ཅིག། གཟུགས་ཆེན་ལྡན་ཞིང་སྟོབས་ཆེ་བའི།། བུ་དེ་དག་ཀྱང་འདིར་ཤོག་ཅིག། ཁྱོད་ནི་རྟག་ཏུ་གནོད་སྦྱིན་དང་།། བུ་ཡི་འཁོར་དང་ལྷན་ཅིག་ཏུ།། ལག་ན་རྡོ་རྗེས་རབ་བསྐུལ་བས།། ལས་རྣམས་ཐམས་ཅད་སྒྲུབ་པབར་གྱིས། ། དགྲ་ཡི་ཕྱོགས་དང་མཛའ་བོའི་ཕྱོགས།། དེ་བཞིན་རྒྱལ་པོ་ས་གང་དང་།། ནགས་དང་བྲག་ཁྲོད་རྫོང་རྣམས་དང་།། གཡུལ་དུ་རྒྱལ་བར་བྱ་བ་དང་།། རྒྱས་པ་ཡི་ནི་ལས་རྣམས་དང་།། རྩོད་པ་དང་ནི་འཐབ་པ་དང་། ། སྲུང་བའི་ལས་དང་དབང་སྒྲུབ་དང་།། བག་མ་དག་ནི་ལེན་པ་ལ།། ལག་ན་རྡོ་རྗེས་བཤད་པ་བཞིན།། རྡོ་རྗེ་དབྱུག་སོགས་ལྷན་ཅག་ཏུ།། དམ་པ་འཆང་བའི་འོག་པག་མས།། དོན་རྣམས་ཐམས་ཅད་སྦྱར་ཏེ་གྱིས།། སྱད་ཡ་ཐེ་དན། ཨ་མ་ལེ། བི་མ་ལེ་ནིརྨ་ལེ། མཾ་ག་ལྱེ་ས་ཧི་ཏེ། ཧ་ན་ཧ་ན། ས་ར་ས་ར། ཨཱ་ཤཱ་ནེ་བེ་ག་ནཱ་མ་ཏིཥྛ་ར་ཛཱ་དཱུ་ཏི། དེ་བ་དཱུ་ཏི། ཡཀྵ་རྱཱ་ཏི་བཛྲ་དུ་ཏི་སརྦ་གྲ་ཧ་ན་ཤ་ཏྲུཾ་པྲ་མརྡ་ནི་བཛྲ་དཱུ་ཏི་ཨི་དཾ། ཀུརྦ་ཧི་བཛྲེ་སཱ་དཱ་ཡཱ་ཀཨཱརྱ་མ་མ་པ་རེ་ཤཾ་དྷུ་བྷ་ག་ཀརྱ་མ་བྷི་དུཥྚ་ཀ་དུརྨུ་ཁ་མེ་མ་མ། ཤ་ཏྲ་བོ། ནཱ་ཐ་བཾ་དྷ་བི་ཛ་ཡོ་བི་ཛ་ཡོ་མེ་བྷ་བ་ཏུ། ཨཱ་པ་རཱ་ཛི་ཏེ། ཨ་པ་ར་ཛ་ཡོ་མེ་བྷ་བ་ཏུ་བ་ལ་བ་ལ། བནྟོ་བྷ་བྷཱུ་མི་མི་ཏ་དྷི་ཏ་མནྟོ་བྷ་བ་ནི་ཨ་མ་ལེ་མ་ག་ལྱ། མ་རེ་ཧི་ཏཾ་བི་མ་ལྱ། ན་ཤེ་ཧ་ཏཾ་མཾ་ག་ཥྱེ། མ་རེ་ཧ་ཏི་བི་མ་ལྱེ། ན་ཤེ་ཧི་ཏཾ། དཾ་ཏ་ཀརྨ་དནྟོ་ཧི་ད་ན་ལ་གྷུ་པཱ་ཤ་ན་པྲ་ཤེ་ཧི་ཏ། སརྦ་རཱ་ཛཱ་དཱ་ར་བི་རཱ་ཛཱ་ནི་ཨ་པ་རཱ་ཛི་ཏེ། སརྦ་ཡཀྵ་ཧྲྀ་ད་ཡ་བརྟ་ནི། ཨ་པ་ཡཱ་མི་བཱ་པི་ཙ་ཨ་ནུ་ས་ར་ས་ར་སརྦ་ཡཀྵ་ཧྲྀ་ད་ཡ་ནི་ཨ་བི་བ་པི་ཙ་སོ་ནི་སོ་ནི། ས་ར་སར། ས་མ་ཡ་མ་ནུ་སཱ་ར། ཨ་ཡཱ་ན། ཡ་ན་སཾ་ཙ་ལ་ནི། སརྦ་ཡཀྵ་ཧྲྀ་ད་ཡཱ་ནི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷཉྫ་བྷཉྫ། བྷ་ན་བྷ་ན། མུ་རུ་མུ་རུ། ཏུ་རུ་ཏུ་རུ། དྷ་བ་བྷ་བ། རཀྵ་རཀྵ་མཱཾ་ཀརྨ་དུ་ཏི་མ་མ་ཀརྨ་པྲ་བི་ཤ། སརྦ་ཨརྠ་སཱ་དྷ་ནི། སརྦ་ཨརྠ་སཱ་དྷ་མ་མེ་སདྷ་ཡ། ཨོཾ་དན་ཙ་མེ། ཀརྱཾ་ཀུ་རུ་ས་ཧཱ། རིག་སྔགས་རྡོ་རྗེ་འོག་པག་ཅན།། གནོད་སྤྱན་ཀུན་གྱི་སྙིང་པོ་སྟེ།། འཕྲོག་མ་ཞེས་ཀྱང་རབ་གྲགས་པ།། ཤེས་ལྡན་དེ་ནི་བཤད་པ་ཡིན། དཀྱིལ་འཁོར་གྱི་ནིལས་མཐོང་དང་།། དཀྱིལ་འཁོར་བསྒྲུབ་པ་བྱས་པ་ཡིས།། དཀྱིལ་འཁོར་ཆོ་ག་དེ་བཞིན་དུ།། ལས་ཀྱི་དཀྱིལ་འཁོར་མཆོག་མཆོད་ནས།། རྐྱེན་ནགས་ཏུསྨྱུང་བར་བྱ། ། ཡང་ན་ཞག་གསུམ་སྤྱད་བྱས་ལ།། གཙང་མས་གཙང་མའི་ས་ཕྱོགས་སུ།། གནོད་སྦྱིན་དཀྱིལ་འཁོར་རབ་གསལ་བྲི།། ཡང་ན་ཞག་གི་ངོ་གཉིས་ལས།། གང་འདོད་པ་ཡི་མཚ་མིནི། ། གྲུས་ནི་རྣམ་པ་སྒོ་བཞིར་ལྡན།། ཁྲུ་བཅུང་ལ་དབྱིབས་ལེགས་པ།། སངས་རྒྱས་དབུ་གསུམ་ཤཱར་ཕྱོགས་གཟིགས།། ཡང་ན་ཆོས་ཀྱི་དཀྱིལ་འཁོར་བྲི།། དེ་ཡི་གཡོན་ཕྱོགས་རིག་སྔགས་ཀྱི། ། སྟོབས་འཆང་ལག་ན་རྡོ་རྗེ་བྲི།། སངས་རྒྱས་ཀྱི་ནི་གཡས་ལོགས་སུ།། ནོར་གྱི་དབང་ཕྱུག་གནོད་སྦྱིན་བཅས།། དེ་དག་མདུན་དུ་འཕྲོག་མ་ནི།། འོག་དག་རིག་སྔགས་སྣ་ཚོགས་མཆོག། དེ་ཡི་རིག་སྔགས་ཚོགས་ཀུན་ནི། ། གཡས་ཕྱོགས་ངོས་སུ་གནས་པར་བྱ།། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་།། དྲི་ཟ་མཆོག་གི་དཔུང་གིས་བསྐོར།། ཤར་ཕྱོགས་སྒོར་ནི་རབ་གནས་ཤིང་།། ནུབ་ཕྱོགས་སུ་ནི་བལྟ་བར་བྱ། ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ།། གྲུལ་བུམ་མཆོག་གི་དཔུང་གིས་བསྐོར།། ལྷོ་ཕྱོགས་སྒོ་ཡི་ནང་ན་གནས།། ལྷོ་ཕྱོགས་ནས་ནི་བྱུང་དུ་བལྟ།། རྒྱལ་པོ་ཆེན་པོ་མིག་མི་བཟང་ཀླུ་དག་དང་ནི་ནམ་མཁའ་ལྡིང་། ། མཆོག་རྣམས་ཀྱི་ནི་མདུན་དུ་འདུག། ནུབ་ཕྱོགས་ནས་ནི་ཤར་དུ་བལྟ།། རྒྱལ་པོ་ཆེན་པོ་ཀུ་བེ་ར།། གནོད་སྦྱིན་མཆོག་གི་དཔུང་གིས་བསྐོར།། བྱང་ཕྱོགས་ཀྱི་ནི་སྒོ་ན་གནས། ། ལྷོ་ཕྱོགས་ལོགས་སུ་བལྟ་བར་བྱ།། ཁོ་ར་ཁོར་ཡུག་ཐམས་ཅད་ནས།། གདོན་རྣམས་བརྒྱད་བརྒྱས་བསྐོར་བར་བྱ།། མེ་རྣམས་ཀྱང་ནི་ཤིན་ཏུ་དགོད།། བཤོས་རྣམས་ཀུན་ཏུ་དགྲམ་པར་བྱ། ། དེ་ནས་གནོད་སྦྱིན་གཏོར་མ་ཡང་།། ཤ་བཅས་དཀྱིལ་འཁོར་ནང་དུ་དགྲམ།། མར་མེ་ལ་སོགས་དྲི་རྣམས་དང་།། མེ་ཏོག་འབྲས་བུ་ཀུན་གྱིས་བསྐོར།། དེ་ལྟར་བྱས་ན་རིག་སྔགས་ཆེ། ། རྒྱལ་མོ་ཡི་ནི་དམ་པ་འདི།། བཟླས་བརྗོད་བྱེད་ན་བཤོས་རྣམས་དང་།། བདུག་པ་དྲི་ལ་སོགས་པ་དབུལ།། བཟླས་བརྗོད་བསྙེན་པ་གྲངས་མེད་པར།། བཟླས་བརྗོད་བྱ་ཞིང་ཀུན་ནས་མཆོད། ། བདུག་པ་ཐམས་ཅད་ནང་དུ་སྲེག། བཟླས་བརྗོད་བརྒྱད་བརྒྱ་བཀྲ་ཤིས་པ།། མཁས་པས་མངོན་དུ་བྱས་ན་ནི།། དེ་ཉིད་བསྲུང་བའི་མཆོག་ཡིན་ནོ།། དེ་ཉིད་རབ་ཏུ་བསྒྲུབ་པ་ཡིན། ། ཕྱོགས་བཅིང་བ་ཡང་དེ་ཉིད་དེ།། དེ་ནས་འདི་ཡི་བཟླས་བརྗོད་རྣམས།། བརྒྱ་རྩ་བརྒྱད་ནི་བཟླས་པ་ན།། སྒྲུབ་པའི་འཕྲོག་མ་འགུལ་བ་དང་།། ས་གཞི་དག་ཀྱང་གཡོ་བར་འགྱུར།། གནོད་སྦྱིན་རྣམ་པ་སྣ་ཚོགས་དག། ཀུན་ནས་དེར་ནི་སྣང་བར་འགྱུར།། གཡོ་ཞིང་སྒྲ་འབྱིན་ལྟ་བར་བྱེད།། རབ་ཏུ་འདུ་ཞིང་འཕུངས་པ་དང་།། འཇིགས་པའི་གཟུགས་རྣམས་མཐོང་འགྱུར་ཞིང་།། གཟུགས་སོ་། ཅོག་ནི་དུ་མར་སྟོན།། དེ་ནི་དེ་ཡིས་འཇིགས་མི་བྱ།། སངས་རྒྱས་ཀྱི་ནི་དྲུང་དག་ཏུ།། རིག་སྔགས་ཚོགས་ནི་བཟླས་བརྗོད་བྱ།། རིག་སྔགས་རྒྱལ་པོ་རབ་འབར་བ།། རྡོ་རྗེ་འོག་པག་རྣམས་བསྒྲུབས་པ།། དེ་ཚེ་བདག་ཉིན་འོང་བར་འགྱུར། ། དེ་མཐོང་དེ་ནི་སྡེ་དང་བཅས།། མཁའ་ལ་རྒྱུ་བའི་མཆོག་ཏུ་འགྱུར།། གཞོན་ནུ་ལ་སོགས་གནོད་སྦྱིན་གྱི།། ཚོགས་མཆོག་ཀུན་གྱིས་དེ་ལ་མཆོད།། མཚོ་སྦྱིན་བཞིན་དུའང་རྒྱུ་བ་དང་། ། ཇི་བཞིན་སྟོབས་དང་ལྡན་པར་རྒྱུ།། དེ་སྲིད་དུ་ནི་མཁའ་ལ་འགྲོ།། ཡང་ན་ཚེ་དཔག་མེད་པར་གནས།། དཀྱིལ་འཁོར་མངོན་པར་མཆོད་ནས་ནི།། རྣམ་པ་ཀུན་གྱིས་རིག་སྔགས་བཟླས། ། མ་གྲུབ་ན་ཡང་གདོན་ལ་སོགས།། ལས་རྣམས་ཐམས་ཅད་བྱེད་པར་ནུས།། ཡིད་དང་ཚིག་གིས་བཟླས་བྱས་ན།། དོན་རྣམས་རྣམ་པ་སྣ་ཚོགས་པ།། ཐམས་ཅད་ཀྱང་ནི་བསྒྲུབ་པར་ནུས། ། རྟག་ཏུ་བཟླས་བརྗོད་སྦྱིན་སྲེག་དང་།། མཆོད་པ་ཀུན་དང་མཉམ་གཞག་དང་།། རྟག་ཏུ་མཆོད་པ་དགའ་བ་ཡིས།། དོན་རྣམས་ཐམས་ཅད་བསྒྲུབ་པར་བྱ།། རྡོ་རྗེ་འོག་བག་ཅན་གྱི་ཆོ་ག་རྫོགས་སོ། ། ། དེ་ནས་སྔགས་འཆང་ཀུན་གྱིས་མཆོད།། ལག་ན་རྡོ་རྗེའི་སྲས་གཏུམ་པ།། རྡོ་རྗེ་སྡེ་ནི་སྟོབས་པོ་ཆེ།། མཐོང་ན་དོན་ཡོད་ཞི་བ་པོ།། གཏུམ་པོ་རྡོ་རྗེ་འཛིན་། དགའ་བ།། འབར་བ་ཆེན་པོ་མཆོད་སྦྱིན་མཆོག། དོན་ཀུན་གྲུབ་བྱེད་བཤད་པར་བྱ།། ན་མོ་རཏྣ་ཏྲ་ཡཱ་སྱ། ན་མོ་མ་ཧཱ་སཏྭ་སྱ། སཏྭ་སཏྭ་སྱ། ཨ་ཏི་བ་ལ་སྱ། ཨ་པྲ་མོ་ཡ་བ་ལ་སྱ། བཛྲ་སེ་ནཱ་ཡ་སྱ། བཛྲ་ཀ་མ་ད་སྱ། ཏུ་རུ་ཏུ་རུ། བཛྲ་སེ་ནཱ་ཡ་སཱ་ཧཱ། ཀུ་རུ་ཀུ་རུ་མ་ཧཱ་སེ་ནཱ་ཡ་སྭཱ་ཧཱ། ཧུ་རུ་ཧུ་རུ། སརྦ་སཏ། པཱུ་ཛི་ཏ་ཡ་སྭཱ་ཧཱ། སུ་རུ་སུ་རུ། སཏྭ་ཀཱ་མ་ཏཱ་ཡ་སྭཱ་ཧཱ། མུ་རུ་མུ་རུ། མ་ཧཱ་པྲ་རུཥཱ་ཡ་སྭཱ་ཧཱ། མ་ཧཱ་སཱ་ནཱ་པ་ཏ་ཡེ། སརྦ་ཀརྨ་དཱ་ཡ་སྭཱ་ཧཱ། སརྦ་ཛ་ཡ་ཛ་ཡ། དཱ་ཡ་སྭཱ་ཧཱ། སརྦ་སིད་དྷི་སིད་དྷ་དཱ་ཡ་སྭཱ་ཧཱ། སརྦ་ད་ན་དཱ་ནི་ནྱ་པྲ་དཱ་ཡ་སྭཱ་ཧཱ། བཛྲ་ས་ནཱ་ཡ་སྭཱ་ཧཱ། ཨ་པྲ་མེ་ཡ་ཀུ་ནཱ་ཡ་སྭཱ་ཧཱ། སརྦ་བ་ཏི་སཏྭ་པཱུ་ཛ་ཏཱི་ཡ་སྭཱ་ཧཱ། པྲ་ཏི་གྲིཧྞ་མཱཾ་རཀྵ་མཱཾ་སརྦ་ཀཱ་མ་ད། སརྦ་ཀ་མ་མ་མེ་པཱུ་རཱ་ཡ་སྭཱ་ཧཱ། འདི་ཡི་ཆོ་ག་བཤད་པར་བྱ།། ངས་བཤད་དེ་ནི་མཉན་པར་གྱིས།། ཆོ་ག་བཞིན་དུ་རྡོ་རྗེ་སྡེའི།། རི་མོའི་གཟུགས་ནི་བརྒྱ་བྱས་ནས། ། བདུག་པའི་མཆོད་པས་མཆོད་བྱ་ཞིང་།། བསྒྲིམས་ཏེ་རྟག་ཏུ་བཟླས་བརྗོད་བྱ།། སྐུ་གདུང་ལྡན་པའི་མཆོད་རྟེན་ནམ།། གང་ན་སྐུ་གདུང་ཡོད་པ་དེར།། ཅི་ནུས་ཀྱིས་ནི་རབ་བསྒྲིམས་ཏེ།། སྔར་ན་བསྙེན་པ་འདི་དག་བྱ། ། དེ་ནས་ཟླ་ཕྱེད་ཡང་ན་གཅིག། ཡང་ན་ཞག་ནི་བདུན་ཡང་རུང་།། དུས་གསུམ་ཁྲུས་བྱས་དཀར་གསུམ་བཟའ།། མཉམ་བཞག་རྟག་ཏུ་བཟླས་བརྗོད་བྱ།། གསོ་སྦྱོང་ཡན་ལག་བརྒྱད་ལྡན་པས། ། ནས་ཀྱི་ཁ་ཟས་དུས་གསུམ་བཟའ།། ཤིན་ཏུ་མཉམ་བཞག་དུས་གསུམ་དུ།། བརྒྱ་རྩ་བརྒྱད་ནི་བཟླས་བརྗོད་བྱ།། དེར་ནི་མར་གྱི་མར་མེ་གཉིས།། མ་ཤི་བར་ནི་གཞག་པར་བྱ།། ཕྱི་ནང་གཞག་པའི་སྤྱང་བ་བྱ། ། ཟླ་བ་ཉ་ལ་རབ་བསྒོམས་ཏེ།། བཟའ་དང་བཏུང་བ་མང་པོ་ཡིས།། ལྷ་བཤོས་མཉམ་པར་བཞག་པས་དབུལ།། ཆོ་ག་དམ་པས་བསྲུང་བྱ་ཞིང་།། ཆོ་ག་བརྟན་པ་ངེས་བྱས་ནས།། རྡོ་རྗེ་སྡེ་ནི་སྟོབས་པོ་ཆེ། ། ལན་གྲངས་བརྒྱད་སྟོང་བཟླས་བརྗོད་བྱ།། དེ་ནས་སྟོབས་ཆེན་རྡོ་རྗེ་སྡེ།། དེ་ལ་ཡང་ནི་འགྲུབ་འགྱུར་ཏེ།། ཡིད་ལ་ཅི་དང་ཅི་འདོད་པའོ།། དོན་རྣམས་ཐམས་ཅད་བྱེད་པར་འགྱུར།། ནད་ཀུན་ཡང་ནི་སེལ་བྱེད་ཅིང་། ། འདོད་པ་ཐམས་ཅད་སྦྱིན་པར་བྱེད།། ཡུངས་ཀར་ནས་དང་ལན་ཚ་དང་།། ཤུ་ཏི་དང་ནི་ཉེའུ་ཤིང་དང་།། པྲི་ཡང་ཀུ་དང་ཤུ་དག་རྣམས།། མཉམ་པར་བཞག་པས་ཞག་བདུན་དུ། ། སེང་ལྡེང་མདག་མ་དུད་མེད་ལ།། དེ་ཡི་མིང་སྨོས་སྦྱིན་སྲེག་བྱ།། ཞག་བདུན་བར་དུ་ལན་ཅིག་ནི།། དུས་གསུམ་དུ་ནི་བརྒྱ་རྩ་བརྒྱད།། སྦྱིན་སྲེག་རབ་ཏུ་ལེགས་བྱས་ན། ། སྐལ་རླུང་གིས་ཀྱང་འགྲུབ་པར་འགྱུར།། ཚུལ་འདིས་སྦྱིན་སྲེག་བྱས་ན་ནི།། སེམས་ཅན་ཀུན་ཀྱང་འཁྲུགས་པར་འགྱུར།། དོན་གང་ཡིད་ལ་བཞག་ནས་ནི།། སྟོབས་ཆེན་འདི་ནི་བསྒྲུབ་བྱས་ན།། དེ་ཡི་ལས་དེ་བྱེད་འགྱུར་ཏེ།། འདི་ལ་དཔྱད་པར་བྱ་བ་མེད།། ཆོ་ག་གཞན་ཡང་རྟག་ཏུ་ཡིད་ལ་ལན་གསུམ་བཟླས་བརྗོད་བྱས་ཏེ། སྲུང་བའང་ལན་གསུམ་བཟླས་བརྗོད་བྱས་ནས། གང་འདོད་པ་དེ་བསླངས་ན་ཐོབ་པར་འགྱུར་རོ། ། འདོད་པ་ཐམས་ཅད་བརྗོད་པས་འགྲུབ་པར་འགྱུར་ཏེ། འདི་ནི་དེའི་རྩ་བའི་སྒྲུབ་པ་ཡིན་ནོ།། ཞག་གསུམ་སྨྱུང་བ་བྱས་ཏེ་ཡར་གྱི་ངོ་ཚེས་བཅུ་གསུམ་ལ་མཆོད་རྟེན་གྱི་དྲུང་དུ་བ་སེར་མོའི་ལྦུ་བ་ལས་གནོད་སྦྱིན་གྱི་གཟུགས་བྱས་ལ། སྔ་མའི་མེ་ཏོག་གི་འཕྲེང་བ་ཕྱོགས་བཞིར་སྤྱན་དྲངས་ནས། གནོད་སྦྱིན་གྱི་གཽཏོར་མ་དང་། ཙན་དན་དཀར་པོ་དང་། ཀཱ་ར་ཝཱི་ར་དམར་པོ་དང་། རྣམ་པ་སྣ་ཚོགས་གཞན་དག་གིས་ཀྱང་སྐུ་གཟུགས་མཆོད་པར་བྱས་ལ། གུ་གུལ་དང་། ཨ་ཀ་རུ་དང་། དུ་རུ་ཀའི་བདུག་པ་སྲེག་ཅིང་། མར་མེ་དང་། དྲི་དང་། མེ་ཏོག་གི་འཕྲེང་བས་ཆོད་པ་ནུས་པར་བྱས་ནས། དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཡར་གྱི་ངོ་ཚས་གཅིག་ལ་བརྩམས་ཏེ། ཆོས་བརྒྱད་དང་། བཅུ་བཞི་འམ། ཉའི་བར་དུ་དུས་གསུམ་དུ། གྲངས་མེད་པར་བཟླས་བརྗོད་བྱས་ན་དོན་གྲུབ་པར་བྱེད་དོ།། རྡོ་རྗེ་སྡེའི་སྙིང་པོ་རྫོགས་སོ།། ། ན་མོ་བུདྡྷེ་བྷྱཿམ་ཧཱ་པུ་ཙུ་ཤ། ཀ་བྷེ་བྷྱོ། ན་མཿསརྦ་ལོ་ཀ་པ་བྷ་བིཥྚ་བ་ཨཱི་ཤཱ་ར་ཨ་མ་སྟ་ཡཀཱ་སེ་ནཱ་པ་ཏ་ཡེ་པྲ་བརྦ་ར་དཱ་ཡ། མ་ཧཱ་སཏྭ་ཡ་ཨ་ན་ནི་དཱ་ནཱ་ཡ་མ་ཧཱ་དཀྵ་ཎི་ཡ་ཡ་སརྦ། བོ་དྷི་སཏྭ་ནཱཾ། པྲ་བ་རི་ཎཱཾ་པྲ་བ་ར། ཡི་མི་ཏྲེ་བརྟྟ་ཡ་བ་རིཤྭཱ་ཡ། སརྦ་སཏྭ་ན་མསྠེ་ཏ། པཱུ་ཛི་ཏཱ་ཡ་མ་ཧཱ་ཡ་ཀྵ་སེ་ནཱ་པ་ཏ་ཡ། བཛྲ་ས་ནཱ་ཡ་བ་རུ། དེ་རུ་བུ་རུ་བུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། དུ་རུ་དུ་རུ། ཧུ་རུ་ཙུ་རུ་ཡ། ཧུ་རུ་ཙུ་རུ། བཛྲ་སེ་ནཱ་ཡ་སྭཱ་ཧཱ། མ་ཧཱ་སེ་ནཱ་ཡ་སྭཱ་ཧཱ། སརྦ་ཀཱ་མ་དཱ་ཡ་སཱ་སྱཱ། སརྦ་སུ་དཡ་སྭཱ་ཧཱ། སརྦ་ཨརྠ་སཱདྷ་ན་ཡ་སྭཱ་ཧཱ། སརྦ་ཀརྨ་ཀ་མ་བ་ར། བ་ར་དཱ་ཡ་སྭཱ་ཧཱ། ན་མོ་བཛྲ་ས་ནཱ་ཡ་སྱཱ་ས་ནཱ་ཡ་མ་ཧཱ་ས་ནཱ་ཡ། སརྦ་ཀཱ་མ་དཱ་ཡ། སརྦ་སུ་ཁ་ད་ཡ། སརྦ་ཨརྠ་སཱདྷ་ནཱ་ཡ་སྭཱ་ཧཱ། ས་བྷོ་ཤ་ཏི་ཏྲི་ནཱ་དྷ་ཨོཾ་ཏ་ཡེ་སྭཱཧཱ། བྲྀ་གོ་ཤ་ཤྲི་ནེ་ཀ་ར་དེ། བ་དཱ་ཡ་སྭཱ་ཧཱ། རཱ་ཛྙཱ་མ་ཀཪྵ་ཎ་མ་ཀཪྵཱ་ཎ་ཡ་སྭཱ་ཧཱ། པྲ་ཏི་གྲྀཧྞ་ན་མ་མ་རཀྵ། ན་མཿསརྦ་ཀརྨ་དྷ་བཱ་ར་ད། སརྦ་ཀཱ་མ་མ་མ་པུ་ར་ཡཱ། དཱ་ཧ་ད་ཧ། པ་ཙེ་པ་ཙ། ཨི་དཾ་མ་མེ་ཀཨཱརྱཾ་སཿ་ཡ་སཱ་ལཱ་ས་ཕྱོགས་གཙང་མ་འམ། བདག་གི་ཁྱིམ་དུ་རས་མ་ཉམས་པ་ལ་ཚོན་རྩི་སྐྱོན་མེད་པས་རྡོ་རྗེ་སྡེ་བྲི་བར་བྱ་སྟེ། གཞོན་ནུའི་གཟུགས་འཆང་བ་གསེར་གྱི་མདོག་ཅན་རྒྱན་འཕྲེང་དང་། དོ་ཤལ་དང་། དཔུང་རྒྱན་@དང་། ཅོད་པན་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་པདྨ་རྩ་བ་དམར་པོའི་སྟེང་ན་འདུག་སྟེ། ལག་པ་གཡོན་པ་ན་པདྨ་བསྒྲེད་སྐྱེ་འཛིན། ལག་པ་གཡས་པ་དབུགས་འབྱིན་པའི་ཚུལ་དུ་འདུག་པ་བྲིའོ། ། དེའི་སྟེང་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བའོ།། ཞེས་རྟོགས་པ་བརྗོད་པ་རྣམས་བྲི་བར་བྱའོ། ། དེ་ནས་ཡར་གྱི་ངོ་ཚེས་གཅིག་ལ་བརྩམ་ཞིང་བསྒྲུབ་པར་བྱ་སྟེ། དེས་དེའི་དྲུང་དུ་དྲི་ཐམས་ཅད་ཀྱིས་དཀྱིལ་འཁོར་བྱུགས་ལ། མེ་ཏོག་དྲི་ཞིམ་པོ་དང་བདུག་པས་མཆོད་ནས་བསྟོད་པ་དབུལ་བར་བྱའོ། ། མར་གྱི་མར་མེ་གཉིས་ཀྱང་དབུལ་བར་བྱ་སྟེ། གཅིག་ནི་སངས་རྒྱས་ལ། གཅིག་ནི་གཞོན་ནུ་ལ་དབུལ་ལོ།། དུས་གསུམ་དུ་སྦྱིན་སྲེག་སུམ་ཅུ་རྩ་གཉིས་བྱ་ཞིང་། འོ་མ་དང་བུ་རམ་སྦྱར་བ་དང་། ཞོ་དང་བུ་རམ་སྦྱར་བ་དབུལ་བར་བྱའོ།། ཏིལ་ཟན་དང་འབྱུང་པོའི་ཟས་ཀྱི་གཏོར་མའང་སྦྱིན་ནོ།། ཟས་སུ་འོ་མ་འམ། ཕྱེའི་འདག་གུ་འམ། འོ་མ་རྗེན་པའི་འདག་གུ་ཟ་ཞིང་། ནས་དང་། ཡུངས་ཀར་དང་། ཤུ་ཏི་དང་། ཉེའུ་ཤིང་དང་། ཤུ་དག་དང་། པྲི་ཡང་ཀུ་དང་། ལན་ཚྭ་དང་། ཏིལ་རྣམས་ཆ་བསྙམས་ཏེ་བཏགས་པའི་ཕྱེ་མས་སྦྱིན་སྲེག་བྱས་ན་ཞག་བདུན་པའི་ཉིན་པར་བསོད་ནམས་ཆུང་ངུ་ལའང་ལུང་ངེས་པར་སྟོན་པར་བྱེད་དོ། ། ཕྱི་དེ་ཉིན་པར་ཡང་ཁ་ཟས་མི་བཟའ་ཞིང་གྲངས་ངེས་པ་མེད་པར་བཟླས་བརྗོད་བྱའོ།། བཟླས་བརྗོད་བྱས་པས་ཐམས་ཅད་སྲུང་བ་ལ་སོགས་པ་བྱེད་དོ།། ཆོ་ག་གཞན་ཡང་མར་གྱི་ངོ་སག་བཅུ་ག་ཞི་ལ་ཁ་བས་མི་བཟའ་བར་བྱང་ཆུབ་ཀྱི་ཤིང་དྲུང་དུ་བ་རོག་མོའི་ལྕིབས་ལ་མ་སྲུང་བས་རྡོ་རྗེ་སྡེའི་གཟུགས་བྱས་ཏེ། ཁ་ནུབ་ཕྱོགས་སུ་བཟླས་ནས་འབྱུང་པོའི་གཏོར་མ་བྱས་ལ། མེ་ཏོག་དྲི་ཞིམ་པོ་ཕུལ་ཏེ། མར་གྱི་མར་མེ་གཉིས་ཀྱང་མཚན་མོ་སྦར་ལ། ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་ནས། ཐོག་མར་ཤུ་ཏི་དང་། ཉེའུ་ཤིང་དང་། ཡུངས་ཀར་དང་། ནས་རྣམས་མར་དང་སྦྱར་བའི་སྦྱིན་སྲེག་ལན་གསུམ་བྱའོ། ། དེ་ནས་གུ་གུལ་དང་། བིལ་བ་དང་། ཨ་ཀ་རུའི་བདུག་པ་རྣམས་ཀྱི་སྦྱིན་སྲེག་ལན་གསུམ་བྱའོ།། དེ་ནས་ལན་སུམ་ཅུ་རྩ་གཉིས་བྱས་ཏེ། དངོས་གྲུབ་ཀྱི་མཚན་མ་མ་བྱུང་གི་བར་དུ། ཀ་ར་ཝཱི་ར་དམར་པོའི་མེ་ཏོག་ལ་ལན་རེ་བཟླས་བརྗོད་བྱས་པས་མཚན་རངས་པར་སྙིང་ཀཱར་བསྣུན་ན་ངེས་པར་འགྲུབ་པར་འགྱུར་རོ།། དེ་ནས་མིའི་གཙོ་བོ་འམ། མི་ཆེན་པོ་དབང་དུ་བྱ་བར་འདོད་ན་ཉིན་གཅིག་བཞིན་དུ་ལན་ཚྭ་ལས་དེའི་གཟུགས་བྱས་ཏེ། རྐང་པ་གཡས་པ་ནུས་བརྩམས་ལ་སྦྱིན་སྲེག་ལན་སུམ་ཅུ་རྩ་གཉིས་བྱས་ཏེ། ཐོག་མར་ནི་ཤུ་ཏི་དང་དུ་རུ་ཀ་མུར་དང་སྦྱར་བས་ལན་གསུམ་སྦྱིན་སྲེག་བྱའོ། ། དེ་ནས་གུ་གུལ་མར་དང་སྦྱར་བའི་བདུག་པས་ལན་གསུམ་བྱའོ།། དེའི་འོག་ཏུ་སྦྱིན་སྲེག་ལན་སུམ་ཅུ་རྩ་གཉིས་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ།། རྡོ་རྗེ་ནི་ཐོ་ནྡན་གྱི།། གིས་སྔགས་གཉིས་པ་འདི་དག་ནི།། སྔམ་བཞིན་དུ་རྣམས་བྱས་ན།། ལས་རྣམས་ཐམས་ཅིད་བྱེད་པར་འགྱུར།། དེ་སྐད་སྔོར་བཤང་ལྡནི་རྣམས་ཀྱིས།། སྤྱན་ཐེག་སུམ་ཅུ་རྩ་གཉིས་བྱས། ། ཟླ་བ་གཅིག་ཙམ་བྱས་ན་ནི།། འདོད་པ་ཐམས་ཅད་ཐོབ་པར་འགྱུར།། དྲི་དང་མེ་ཏོག་ལ་སོགས་པས།། སྒྲ་དང་ལྷ་སྦྱིན་ཀླུ་རྣམས་དང་།། སེམས་ཅན་ཀུན་ཀྱང་དབང་དུ་འགྱུར། ། ཞག་བདུན་བར་དུ་དུས་གསུམ་དུ།། སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ཤིང་།། བཟླས་བརྗོད་བརྩོན་པར་བྱས་ན་ནི།། རྒྱལ་པོའི་ཡིད་དུ་འོང་བ་དང་།། འཇིགས་པ་ཀུན་ལས་སྲུང་བ་དང་། ། སྐལ་ལྡན་ནོར་རྣམས་འཕེལ་བར་བྱེད།། དེ་བཞིན་མེ་ཏོག་འབྲས་བུ་དང་།། དྲི་དང་བདུག་པ་ལ་སོགས་དང་།། ཟས་དང་སྐོམ་ལ་སོགས་པ་རྣམས།། བསྔགས་ནས་གང་དག་བྱིན་པ་ཡིས། ། སེམས་ཅན་ཐམས་ཅད་དབང་དུ་འགྱུར།། སྔར་བཤད་སྨན་རྣམས་བཟླས་བརྗོད་བྱས།། སེམས་ཅན་གང་ལ་ཕྱེ་མར་གཏོར།། ཡང་ན་གང་ལ་ཕྱེ་མས་གཏོར།། ཡང་ན་གང་ལ་ཟས་སྐོམ་བྱིན། ། དེ་ནི་དབང་དུ་ཁུགས་པར་འགྱུར།། ཡུངས་ཀར་ནས་དང་ལན་ཚྭ་དང་།། ཤུ་ཏི་དང་ནི་ཉེའུ་ཤིང་དང་།། པྲི་ཡང་ཀུ་དང་ཤུ་དག་རྣམས།། ཆ་ནི་མཉམ་པར་བྱས་ནས་ཀྱང་།། སེང་ལྡེང་མདག་མ་དུང་མེད་ལ།། དེ་དག་གིས་ནི་སྦྱིན་སྲེག་བྱ།། ཞག་བདུན་ཡང་ན་ཟླ་བ་བྱེད།། དུས་གསུམ་ཁྲུས་བྱས་ངེས་པར་གནས།། དུས་གསུམ་བརྒྱ་རྩ་བརྒྱད་བྱས་ན།། སེམས་ཅན་ཐམས་ཅད་དབང་དུ་འགྱུར། ། ཡང་ན་ཟླ་བ་གཅིག་ཙམ་གྱིས།། དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར།། ཆོ་ག་འདི་དག་ཉིད་ཀྱིས་ནི།། ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་།། དྲི་ཟ་མི་དང་མི་འམ་ཅི།། མཉམ་པར་བཞག་པས་དབང་དུ་འགྱུར།། སྔ་མ་བཞིན་དུ་འདི་བསྒྲུབས་ན།། སྔ་མ་བཞིན་དུ་འདོད་ཀུན་སྦྱིན།། འདི་ནི་བསྒྲུབ་པར་མ་གྱུར་ཀྱང་།། ལས་རྣམས་ཐམས་ཅད་བྱེད་འགྱུར་ཏེ།། རྣམ་པ་གང་དང་གང་དག་གིས། ། གང་གི་ལས་ནི་གང་གྲང་སྒྲུབ།། རྣམ་པ་དེ་དང་དེ་དག་གིས།། དེ་ཡི་ལས་དེ་བྱེད་པར་འགྱུར།། རྡོ་རྗེ་སྡེ་ཡི་ཆད་པ་འདི།། དོན་ཡོད་གཞན་གྱིས་མི་ཐུབ་ལ།། ལས་རྣམས་ཐམས་ཅད་བྱེད་པ་དང་། ། འདོད་པ་ཐམས་ཅད་སྦྱིན་པ་ཡིན།། བུམ་པ་ཞབས་མེད་མི་གནག་པ།། དྲི་དང་སྨན་རྣམས་ཐམས་ཅད་ལྡན།། རིན་ཆེན་ཀུན་དང་ལྡན་པ་དང་།། ས་བོན་ཀུན་གྱིས་མཆོད་བྱས་ཤིང་། ། གོ་ཙད་ནས་དཀྲིས་པ་འམ།། དེ་ཡི་གཞི་ལ་བཞག་ནས་ནི།། ལན་གྲངས་བརྒྱད་སྟོང་བཟླས་བརྗོད་བྱ།། བསྡམས་ཤིང་ལེགས་པར་བསྟན་བྱས་ནས།། རྡོ་རྗེ་སྡེ་ལ་རབ་བསྒྲིམས་ཏེ། དྲིལ་སོགས་པས་ལེགས་མཆོད་ནས།། ཟླ་བ་ཉལ་མཉམ་བཞག་པས།། བུམ་པ་དེས་ནི་ཁྲུས་ཀྱང་བྱ།། བུམ་པ་དེ་ཡིས་ཁྲུས་བྱས་ནས།། མཚུངས་པ་མེད་པར་སྐལ་ལྡན་འགྱུར།། དེ་ཡིས་དོན་རྣམ་ཐམས་ཅད་འགྲུབ། ། རྒྱས་ཤིང་དཔལ་ཡང་སྐྱེ་བར་འགྱུར།། ལིག་བུ་མིག་དང་ཙུན་ངན་དང་།། བ་བླ་དང་ནི་ལྡོང་རོས་དང་།། ནཱ་ག་པུས་པ་བ་ཏྲ་དང་།། དེ་བཞིན་པོ་ལ་བརྒྱད་པ་སྟེ།། འདི་དག་ཆན་མཉམ་བྱས་ལ། ། ཕྱེ་མ་ཞིབ་མོར་བཏག་པར་བྱ།། རྒྱལ་གྱི་དུས་ལ་བབ་པའི་ཚེ།། མཆོད་རྟེན་དྲུང་དུ་བསྒྲུབ་པར་བྱ།། དྲི་བསྲུང་མང་པོ་དབུལ་བྱ་ཞིང་།། ལན་གྲངས་བརྒྱད་སྟོང་བཟླས་བརྗོད་བྱ།། དེ་དག་གིས་ནི་ལུས་བསླུས་ན།། དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར།། དཀོན་མཆོག་གསུམ་ལ་དང་བ་དང་།། གུས་པར་བྱེད་པ་དེ་དག་ནི།། དོན་རྣམས་ཐམས་ཅད་བྱེད་པར་ནུས། ། འདི་ལ་དཔྱད་པར་བྱ་བ་མེད།། འཕགས་པ་རྡོ་རྗེ་སྡེའི་ཆོ་ག་རྫོགས་སོ།། ། ན་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཧ་རེ་ཧ་རེགཙྪ་ཧ་ར་པཱ་ཎི། ཤཱི་གྷྲཾ་བྷ་བ་ན་བ་ས་ནི་དཱ་ཏི་ཀ་ལ་ཀལྤེ། ཨ་མུ་ཀན་ཙཎྜ། ཀི་ལི་སུ་ར་ལི། ནི་རི་ནི་རི། བ་ཤེ་མ་མ། ཀུ་སཱ་བ་ཤཱནྟི། སུམ་བྷཱ་རི་སུམ་བྷ་རི། བ་རུ་ཎཱ་པཱ་ཤེ་ན་བཾ་དྷི། ལ་ཧུ་ར་ཨཱ་ནར་ཡ་ཏི་རོ་ཏི་སི། རུ་རུ་ཙནྡྲེ་ཙཀཱི་ཎི་བཛྲ་ཧ་ཎེ། ཧི་ཧི་ཧི་ཧི། ཧི་ཧེ་ཧི། ཡ་ཧི་བ་དྷི་ཧི་ལ། ཧཱུཾ་བ་ན་ཡ་ཧི། ད་མེ་དྷི། ད་མ་བི་ནི། དེ་ཧི་ཧོ། བཛྲ་རཱ་ཛྙཱ་པ་ཡ་ཏི། ཙཎྜི། ཙུཎྜ། ཙཎྜི་གཎྜཱི། གྷུ་རུ་གྷུ་རུ། ཀི་ར་ཀ་ཪྻ། ཧ་ཧ་ཀ་རེ་ཎ། ཨཾ་གི་རི་ཎི། ཨ་ཤོ་བ་ད་ནི། སྨ་ར་བ་རཾ་གོ་ནི་པ་ཏ་ནི། པ་ཏ་ནི། ཙཎྜི་བཛྲ་པཱ་ཎི་ཧྲྀ་ད་ཡ། མཱ་བརྟ་ནི། མ་ཡེ་མ་ཡེ། མ་ཧཱ་མ་ཡེ། མ་ཧཱ་མ་ཡཾ། ཀུ་ཤི། ཀོའུ་ཤི་ཀ། བིད་བཛྲ་རཱ་ཛཱ་པ་ཡ་ཏི་སྭཱཧཱ། བློན་མོ་གཏུམ་མོར་གྲགས་པ་སྟེ། གཞལ་མེད་ཁང་ན་གནས་པར་གྲགས།། དཀྱིལ་འཁོར་ཆོ་ག་མཐོང་བ་ཡི།། དོན་ཀུན་རབ་ཏུ་སྒྲུབ་བྱེད་པ།། འདི་ཡི་ལས་རྣམས་མི་བཟང་པ།། ནིང་རྣམ་པ་སྣ་ཚོགས་ཡོད། ། དེ་ལས་གཅེས་པ་བསྡུས་པ་ཡི།། མདོར་བསྟན་པ་ནི་བཤད་པར་བྱ།། ནོར་འདོད་པས་ནི་བསྡམས་བྱས་ནས།། རྫ་མཁན་བའི་བའི་བུར་མ་བླངས།། ཆེ་གེ་མོ་ནི་འདི་ཡིན་ཞེས། ། དེ་ནས་དེ་ཡི་གཟུགས་བརྙན་བྱ།། གཙང་མས་བཟླས་བརྗོད་བྱེད་བཞིན་དུ།། པྲ་མཾ་ཀུར་བླངས་ནས་ནི།། དེ་ཡི་ལྟེ་བར་གཞག་པར་བྱ།། དེ་ཡང་སྣོད་ཀྱི་ནང་དུ་གཞུག། རིག་སྔགས་མཆོད་པ་ལ་སོགས་བྱ། ། དེ་ནས་ལན་སྟོང་རྩ་བརྒྱད་དུ།། སྦྱིན་སྲེག་བྱས་ནས་ཟིན་པའི་མཇུག། དེ་ཉིད་ཕྱི་རོལ་བོར་ནས་ནི།། རང་གི་གནས་སུ་འགྲོ་བར་བྱ།། གང་གི་མིང་གིས་སྦྱིན་སྲེག་བྱས།། དེས་ནི་ནོར་ཀུན་སྦྱིན་པར་བྱེད། ། སྦྱིན་བྱེད་དེ་ཡི་མདུན་དག་ཏུ།། སྔར་ནི་དྲན་བྱས་དེ་བཞིན་བྱེད།། མེ་ཏོག་བརྒྱད་བརྒྱ་བཟླས་བརྗོད་བྱས།། ལྷ་ཆེན་མཚན་གྱི་སྟེང་དུ་གཞག། ཁ་ཟས་འདོད་པས་ཁ་ཟས་དག། གང་འདོད་དེ་མ་ཐག་ཏུ་འཐོབ།། གྲོང་ཁྱེར་སྒྲུབ་ཏུ་འགྲོ་འདོད་པས།། བཟླས་བརྗོད་བྱས་པའི་རྡུལ་དག་གིས།། སྒོ་ཡི་ཐེམ་པར་བསྡུན་བྱས་ན།། གྲོང་ཁྱེར་སྒྲུབ་པར་འགྲུབ་འགྱུར་ཞིང་།། དེར་ནི་འཇིག་རྟེན་ཐམས་ཅད་ཀྱི། ། ཡིད་དུ་འོང་བར་དེར་འགྱུར་རོ།། རྩོད་པ་དང་ནི་འཐབ་པ་ལ།། གཤེགས་ལན་ཡང་ནི་ཐེབས་པར་འགྱུར།། བུད་མེད་ཡང་ན་སྐྱེས་པ་གང་།། དབང་དུ་བྱ་བར་འདོད་ན་ནི།། རིག་སྔགས་བློན་མོ་གཏུམ་མོ་ནི། ། ཞག་གཅིག་སྦྱང་བྱ་བཟླས་བརྗོད་བྱ།། བེ་ཀཾ་ཀ་ཏའི་ཡམ་སྲེག་ཤིང་།། བཟང་པོ་སྟོང་ཕྲག་བརྒྱ་རྣམས་ཀྱང་།། ཞག་བདུན་བར་དུ་དུས་གསུམ་དུ།། རྒྱུན་མ་འཆད་བར་སྦྱིན་སྲེག་བྱ། ། དབང་དུ་བྱ་འདོད་གང་ཡིན་པ།། དེ་དག་དང་ཡང་ཕྲད་པར་བྱ།། ལན་ཅིག་ཞག་ནི་བདུན་གསུམ་བྱ།། སྐལ་ཆུང་ལ་ཡང་འགྲུབ་འགྱུར་ཏེ།། གནོད་སྦྱིན་མི་འམ་ཅི་མོ་འམ།། དྲི་ཟ་མོ་ཡང་དབང་འགྱུརན། ། གཞན་དག་ལྟ་ཅི་ཞིག་སྨོས་ཏེ།། དེ་ཡི་ཆོག་བཤད་པར་བྱ།། ཆོ་ག་སྔ་མ་དེ་ཉིད་ཀྱིས།། མིང་བཅས་མེ་ཏོག་སྦྱིན་སྲེག་བྱ།། དེ་བཞིན་བེ་ཀཾ་ཀ་ཏ་ཤིང་། ། བརྒྱ་སྟོང་ཡང་ནི་སྦྱིན་སྲེག་བྱ།། ཅི་སྟེ་གཞལ་མེད་ཁང་མཆོག་གམ།། ཙི་ཏྟེ་རི་བོ་མན་ད་རའི།། སྟེང་ན་རིག་སྔགས་རིག་སྔགས་རྒྱལ།། བྱས་ནས་ངེས་པར་དབང་དུ་འགྱུར།། ཨཱརྐ་ཡི་ནི་ཡམ་སྲེག་ཤིང་། ། གཞིག་པར་བྱ་བའི་དམ་པ་ཡིན།། སྣུ་ཧ་དང་ནི་དྲི་ལྡན་ཀུན།། ཡམ་སྲེག་ཤིང་རྣམས་སྔར་བཤད་པ།། གཟུགས་ཀྱི་དྲུང་དུ་འདུག་ནས་ནི།། དེ་བཞིན་རྒྱུན་དུ་སྦྱིན་སྲེག་བྱ།། གིའུ་ཝང་གིས་ལུས་བྱུགས་ན། ། ལྷ་རྣམས་ཀྱང་ནི་དབང་དུ་འགྱུར།། དེ་བཞིན་གཟུགས་ཀྱི་དྲུང་འདུག་ཅིང་།། སྦྱིན་སྲེག་རྒྱུན་དུ་བྱས་ན་ནི།། ལག་བུ་མིག་ནི་དམ་པ་ཡིས།། མིག་ཏུ་བསྐུས་ན་དགའ་བར་འགྱུར། ། གྱད་རྣམས་བརྡབས་པའི་མཆོག་ཡིན་ཏེ།། བཟླས་བརྗོད་བྱས་ནས་བརྒལ་ན་ནི།། གནམ་ལྕགས་བྲག་ལ་བབ་པ་བཞིན།། དེས་ནི་གྱད་ཟླ་བཅོམ་པར་འགྱུར།། གཟུགས་བརྙན་རེད་པར་གདགས་པ་འམ། ། སྐུད་པ་སྔོན་པོ་བཟླས་བརྗོད་བྱས།། དེ་བཞིན་ཚོན་སྐུད་བཏགས་ན་ནི།། དེ་ཡང་རྒྱལ་བྱེད་སྲུང་བྱེད་མཆོག། ལས་རྣམས་རྣམ་པ་སྣ་ཚོགས་པ།། ཅི་ཡང་རུང་བ་གང་དྲག་དང་། ། དེ་དག་ཀུན་ནི་ཐམས་ཅད་ལ།། རྣམ་པ་ཐམས་ཅད་བྱེད་པར་འགྱུར།། གཏུམ་པོ་གཞལ་མེད་ཁང་གནས་པ།། འདི་ནི་ཐམས་ཅད་འཆིང་བྱེད་པ།། བཅིངས་པ་ཐམས་ཅད་གྲོལ་བྱེད་ཅིང་།། ལས་ཀུན་བྱེད་དེ་འགྲུབ་པ་ཡིན།། གསང་སྔགས་འདི་ནི་དེ་ཡི་གྲོགས།། ལག་ན་རྡོ་རྗེའི་གྲོགས་མཆོག་ཡིན།། གདོན་དང་གདོན་འགྲོལ་ལ་སོགས་པ།། ལས་རྣམས་ཀུན་ལ་མཆོད་པ་ཡིན། སྣརུབ་པའི་ཐབས་དང་ཆོ་ག་ནི། ། གསེར་དང་། དངུལ་དང་། ཟངས་སྣ་གསུམ་ལས་མདུང་རྩེ་གསུམ་པ་བྱས་ལ། དེའི་དབུས་སུ་རྡོ་རྗེའི་དབྱིབས་བྱས་ནས། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་ངམ། ཁང་པའི་ནང་དུ་རི་མོའི་གཟུགས་ནུབ་ཕྱོགས་སུ་ཁ་བསྟན་པའི་མདུན་དུ་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་སྐྱང་ནུལ་དུ་བྱུགས་ཏེ། དེའི་སྟེང་དུ་སྤོས་ཀྱིས་སྐྱང་ནུལ་བྱས་ནས། དེའི་ངོས་སུ་ཡུངས་ཀར་ལས་མདུང་རྩེ་གསུམ་བྱས་ལ། དེའི་སྟེང་དུ་བཞག་སྟེ་དུས་གསུམ་དུ་ཁྲུས་བྱེད་ཅིང་། དུས་གསུམ་དུ་མཆོད་པ་རྒྱས་པ་བྱས་ནས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ལ། དེ་ཉིད་དུ་རྩ་དུར་བའི་སྟན་གྱི་སྟེང་དུ་ཉལ་བར་བྱའོ། ། ཡར་གྱི་ངོ་ཚེས་བརྒྱད་དམ་བཅུ་བཞི་ལ་ཞག་གཅིག་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པས་རང་བཞིན་གྱི་ཚུལ་གྱིས་མ་འོངས་པའི་བར་དུ་བཟླས་བརྗོད་བྱས་ན། ལས་ཐམས་ཅད་བྱེད་པར་འགྱུར་ཏེ། ཡིད་ལྡན་མ་ཀ་ཏ་ཡ་ན་ཞེས་བྱ་བའི་ལས་རྣམས་ཀྱང་གྲུབ་པར་འགྱུར་རོ།། རྫ་མཁན་གྱི་འཇི་བའི་བུར་མས་གཟུགས་བྱས་ཏེ་སྣོད་དུ་བཅུག་ལ། བེ་ཀང་ཀ་ཏའི་ཡམ་སྲེག་ཤིང་བརྒྱད་སྟོང་གིས་རྒྱུན་མ་ཆད་པར་སྦྱིན་སྲེག་བྱས་ནས། དེའི་འོག་ཏུ་ཡུངས་ཀར་མར་དང་སྦྲང་རྩི་དང་སྦྱར་བར་རྒྱུན་མ་ཆད་པར་སྦྱིན་སྲེག་བྱས་ན། གང་གི་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་པ་དེ་དབང་དུ་འགྱུར་ཏེ་ཕྲད་པར་ཡང་བྱའོ། ། བྱ་བ་ཟིན་ནས་གཟུགས་བརྙན་ཡང་ཕྱི་རོལ་དུ་དོར་བར་བྱའོ།། ཁ་བས་འདོད་པས་མེ་ཏོག་བརྒྱད་བརྒྱལ་བཟླས་བརྗོད་བྱས་ཏེ། ལྷ་ཆེན་པོའི་སྟེང་དུ་ཕུལ་ན་ཁ་ཟས་ཇི་ལྟ་བུ་འདོད་པ་ཐོབ་པར་འགྱུར་རོ།། རྡུལ་ལ་བསྔགས་ཏེ་སྒོའི་ཐེམ་པ་ལ་བསྣུན་ན་གྲོང་ཁྱེར་འགྲུབ་པར་འགྱུར་རོ།། འཐབ་པ་དང་འཁྲུག་པ་དང་། རྩོད་པ་ཐམས་ཅད་ལ་གཤེགས་ལན་ཐེབས་པར་འགྱུར་རོ།། ནང་པར་ལངས་ཏེ་ཆུའི་ནང་དུ་ལྟེ་བ་ནུབ་ཙམ་ཞུགས་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ཏེ་མིའི་གཙོ་བོ་འམ་མི་ཆེན་པོ་དབང་དུ་འགྱུར་རོ། ། གཟུགས་བྱས་པའི་ནང་དུ་རྡོ་རྗེའི་རིག་སྔགས་བཅུག་ལ། དེའི་སྟེང་དུ་བེ་ཀཱང་ཀ་ཏའི་བུད་ཤིང་གིས་མེ་སྦར་ཏེ་སྐེ་ཚེ་དང་། ཡུངས་ཀར་དང་། ལན་ཚྭས་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ། ། གསང་སྔགས་འདི་ནི་དེ་ཡི་གྲོགས།། ལག་ན་རྡོ་རྗེའི་གྲོགས་མཆོག་ཡིན།། གདོན་དང་གདོན་ལས་དགྲོལ་ལ་སོགས།། ཀུན་ལ་དེ་ནི་མཆོད་པ་ཡིན།། གཞལ་མེད་ཁང་གནས་ཀྱི་ཆོ་ག་རྫོགས་སོ། ། ། ན་མོ་རཏྣ་ཏྲ་ཡ་སྱ། ན་མཿས་མཾ་ཏཱ་ནཱཾ། སྱ་མྱ་ཀཱཾ་བུད་དྷ་རེ་སྱ། ན་མཿ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མ་ཡོ་གྲ་ཏེ་ཛཱ་སེ་ཏི་ཊ་ས་མ་ཡ་ས་ཏ་ཡ་སརྦ། ཀ་སུ་ཛི་ཏཱ་ཡ་མ་ཧེ་ཤ་ར་སུ་ཁཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་བཛྲ་པཱ་ཎ་ཡེ། ན་མོ་དྲི་ཌྷ་བཛྲེ་སྱ། ན་མསྠི་ར་བཛྲ་དྷ་ར་སྱ། སརྦ་བོ་དྷི་སཏྭཱ་ཡ། བྷཱུ་ཏ་ག་ཎ་ད་མ་ཀ་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། བཛྲ་པཱ་ཎི་མ་ཧཱཪྻ་ཡཱ་མི། ད་མ་ཡཱ་མ། དཱ་མ་ཡཱ་མི། མོ་ཧ་ཡཱ་མི། བེ་ཤ་ཡཱ་མི། ཏཱཾ་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ད་ནྱ་སུ་བཛྲ་པཱ་ཎ་ཡེ། ཡོ་ཧི་མེ་ཡ་ཧ་ཧི་ས་བ་ཏོ་བྷ་ག་བ་ཏོ་བུདྡྷེ་ན་ད་ཐཱ་པྲ་ཏི་སཏྱ། ཨི་དཱཾ་ནཱ་ཙ་ཏེ། སུ་བཛྲ་བཛྲ་མུརྣི་སཱ་ལེ་ཡྱ་ཡ་ཏི་ཏ་མཱ་ཀཱི་ལ་ཡེ་ཡཱ་མི། ཏདྱ་ཐཱ། ད་མ་ད་མ། ད་ཧ་ད་ཧེ། གྷུརྞ་གྷུརྞ། ཏཎྜ་ཤརྨྨ་ཤརྨྨ། བརྦྦ་ནནྣ་ཤྲ་མ་སརྦྦ་ནནྠ། ནརྦྦཱ་བརྦྦ་ཛརྦྦ་མརྦྦ་རརྦྦཱ་ཨ་ར་ལི། མ་དཱ་ལི། ཁི་རཱི་ཁཱི་ན་ཧ་ན་ཧ་ན། ད་མ་ད་མ། སཾ་མོ་ཧཱ་ཡ་ཨ་མུ་ཀཾ་མེ་བ་ཤཱ་མཱ་ཡ་སཱ་ཧཱ། གསང་སྔགས་མཆོག་འདི་གཏུམ་པ་སྟེ།། ལག་ན་རྡོ་རྗེའི་གྲོག་སུ་བཤད།། དབྱུག་འདྲ་སྟོབས་དང་ལྡན་པ་སྟེ།། གདོན་ལ་སོགས་པ་འདུལ་བའི་མཆོག། དེ་ནི་དབང་ཆེན་དགའ་བ་སྟེ།། རྡོ་རྗེ་འཛིན་གྱི་གྲོགས་པོ་ཡིན།། ལས་ཀུན་ཡང་ནི་བྱེད་པ་སྟེ།། རྡོ་རྗེ་དབྱུག་པ་རབ་དབྱུག་བཞིན།། དེ་ནས་ལག་ན་རྡོ་རྗེ་ཡི།། ཕོ་ཉ་མོས་ནི་བློ་གྲོས་བཟང་།། ། ཚོགས་བཅུ་འབར་བའི་རིག་སྔགས་ཀྱི།། ཚོགས་ཀུན་གྱིས་མཆོད་བཤད་པར་བྱ།། ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡ་ཀཱ་སེ་ནཱ་པ་ཏི་སྱ། མ་ཏི་བཛྲ་བཛྲ་ཎི། སྨ་ར་ས་མ་ཡ་ན། ཏི་ལི་ཏི་ལི། ཀི་ལི་ཀི་ལི། བནྡྷ་བནྡྷ། ཀ་ལ་ཀ་ལ། བ་ལ་བ་ལ། ར་ལ་ར་ལ། བཛྲཱི་ཎི་ཧ་ན་ཧ་ན། ད་ཧ་དྲ་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། དཱ་ཏི་དཾ་ཀུ་རུ་ཧུ་རུ་ཙུ་རུ། སིདྡྷ་ཙཎྜ་བཛྲ་པཱ་ཎི། རཱ་ཛྙཱ་པ་ཡ་ཏི་སཱ་ཧཱ། ཕོ་ཉ་མོ་ནི་བཅུ་པོ་ལས།། ལས་ཀུན་བྱེད་པ་དང་པོ་འདི།། བློ་གྲོས་རྡོ་རྗེ་གྲགས་པ་སྟེ།། རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན།། ན་མོ་མ་ཏི་ཧ~ཾ་བྷོ་བཛྲ་པཱ་ཎི་པ་རི་བརྟ་ག་ན་ཏ་ཀ་ལ་ཧཱུཾ། ཁུ་རུ་ཁུ་རུ། ཙི་རི་ཧི་རེ། ཧུ་རྦ་ཧུ་རྦ། སི་ལི་སི་ལི། པི་རི་པི་རི། ཀུ་རུ་ཀུ་རྦ། ཀི་རི་ཀི་རི། བཛྲ་ཎི། བཛྲ་ཎི། ཨ་བེ་ཤ་ཡོ་དྱ་ཏེན་རཱུ་པཾ་དརྨན་ཡ་བི་ཀྲནྟ་གནྡྷཿ། ཨན་ལ་ལ་ཏ་ནཱི་ལ་ལི་ཏ་ནི་གནྡྷ་ཤབྷྲེ་ན་དེ་ད། གྲ་ཧ་ཡཀྵ། བྷཱུ་ཏ་ཤཱ་གུ་ནཱི། སྐཾ་ད། ཨ་པ་སཱ་ར། པཱུ་ཏ་པཱུ་ཏ་ནཱ། པི་ཤཱ་ཙ་རཱ་ཀྵ་ས་ཨ་བེ་ཤ་ན། སཱ་ར་ས་མ་ཡ། ཀ་ཏ་ཀ་ཏ། མ་ཏ་མ་ཏྲ། ཏུ་རུ་ཏུ་རུ། ཏི་ཏི་ཏི་ཏི། ཛྙཱརྨཱ་ཛྙེ་ཛྙཱཾ། ལི་ལི་ལི་ལི། ཧུ་ལ་ཧུ་ལ། ཧི་ལི་ཧི་ལི། ཙུ་རུ་ཧུ་རུ། ཐཱ་ཐཱ་ཐཱ་ཛྙཱ། ཐི་ཐི་ཐི་ཐི། པ་ཏཱ་པ་ཏ། ཧི་ནི་ཧི་ནི། ནཱི་ལ་མ་ཧཱ་ནི་ལ་བཛྲ་རི་རི་རི་རི། ར་ར་རཱ་རི་རི། ཀུསྨཱ་ཎཱ། ཨ་པ་སཱ་ར་ཨཱ་བེ་ཤ་ནཱ། པུ་རུ་པུ་རུ། ད་ར་ད་ར། ཀ་ར་ཀ་ར། སརྦ་གྲ་ཧན་མ་བ་ཧ་ཡ་ཨ་སྨིན་ཤ་རཱི་རེ། ཨ་མུ་ཀ་སེ་གྲྀ་ཧི་ཧེ། གྲྀ་ཧི་ཧེ་བྷུ་ས་ཏྱེ། ས་ཏྱ། བ་ར་བ་ར། ཙུ་རུ་ཙུ་རུ། ཙ་རི་རི་རི། ཨེ་ཧི་ཨེ་ཧི། བཛྲ་པཱ་ཎི། པི་ནི་པིབི་ནི། སི་རི་སི་རི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། སུ་རུ་སུ་རུ། དཱུ་ཏི་དཾ། ཀུ་རུ། ཧུ་རུ་རུ། སིདྡྷ་ཀྵ་ཎ་ནཱ་ད་བཛྲ་པཱ་ཎི་རཱ་ཛཱ་པ་ཡ་ཏི་སཱ་ཧཱ། ཕོ་ཉ་མོ་ནི་བཅུ་པོ་ལས།། ལས་ཀུན་བྱེད་པ་གཉིས་པ་འདི། ། རྡོ་རྗེ་དྲིལ་བུར་གྲགས་པ་སྟེ།། རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན།། ན་མོ་མ་ཏུ་ཧུ་ཊུ་ཧུ་ཊུ། མུདྡྷཱ་ནཱཾ་ཀ་མུདྡྷཱ་ན་ཀ་ལ་ལ་ལ་ལ། ལ་ལི་ཏ། ལ་ལི་ཏ། ཧཱི་ནཱི་ཧ་ནི། ཧ་ནི། ཀཱ་ལི་ཀཱ་ལི། མ་ཧཱ་ཀཱ་ལི། མ་ཧཱ་ཀེ་ཤིམ་ཧཱ་ཀྲོ་དྷེ། ཨུ་ཀྲོ་ཤ་བ་ནི་པ་ཏ་བ། གཙྪ་བ་ཨ་ཤུ་ཏ་བ་ཏི་ཤ་ཏ། ཧོ་སིདྡྷ་མ་ན་ཡི་ཤྱ། ནི་བཛྲི་ཏདྷ་སྲ་ཙ་ཏི། ཏན་སུ་རུ་སུ་རུ། མུ་རུ་མུ་རུ། བི་རི་བཻ་རེ། ཀཽ་ཀི་ར~ཾ་ཀི་རི། བཛྲ་ཎི། བཛྲ་ཀུ་ཙི། བཛྲེ་ཎ། ཧི་ནི་ཧི་ནི། ཨཱ་ཀརྞྞ་ཨཱ་ཀཌྜྷྱ། ནི་སཱུདྡྷཱ་ནཱི་སུ་བྷཱ་ནི། ཧ་ར་ཧ་ར། ཧཱ་སྭ་ཡ་ཧཱ་ས་ཡ། པ་ཏཱ་ཡ་པཏྭཱ་ཡ། པ་ཎ་པ་ཡ། རེ་རུ་ཏྲེ་མ་སྡེར་ཁུཿ། ཤཱིགྷྲ~ཾ་མ་ཨ་གནྡྷ། དྲུ་ཏི་དཱ་ཀུ་རུ་ཀུ་རཱ་ཙུ་རུ་རྨཱཿ་སིདྡྷི་ཤྩཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱུ~ཾ། ཕོ་ཉ་མོ་ནི་བཅུ་པོ་ལས།། ལས་ཀུན་བྱེད་པ་གསུམ་པ་འདི།། རྡོ་རྗེ་ནག་མོར་གྲགས་པ་སྟེ།། རིག་སྔགས་ཆེན་མོ་སྟོབས་ཆེན་ཡོ་ནི།། ན་མོ་མ་ཏི་སྠི་ར་བཛྲ་ཨེ་ཧི་སུ་ཏི་སྠི་ར་བཛྲ། ཨེ་ཧི་སུ་ཧཱ་བཛྲ། ཨེ་ཧི་ཨ་པྲ་ཧི་ཧ་ཏ་བཛྲ། ཨེ་ཧི་ཨ་མོ་གྷ་བཛྲ། ཨེ་ཧི་ཨེ་ཧི་ཨ་ཏི། ཤཱི་གྷྲ་མ་ཏི། ལ་བ་ལ་བེ་ས་ས་མ་སཱ་མཱ། བཛྲ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་དྷུ་རུ་དྷུ་རུ། དྷ་ར་དྷ་ར། ཏི་རི་ཏི་རི། ཧི་དྷི་ཧི་དྷི། ད་ཧི་ལ་ཧུན། དྷུ་དྷུ་དྷུ་དྷཱ། ཎུ་དྷུ་ཎུ་ངྒུ། སི་ཎི་སི་ཎི། བ་བྷཱ་ཧི་བ་བྷ་ཧི། ཏུ་རི་ཏ་བཛྲ་པཱ་ཎི་བཛྲཱ་ཎ། ཀི་ནི་ཀི་ནི། ཀུ་རུ་ཀུ་རུ། ཤཱི་གྷྲཾ་མཱ་ག་ཙཱ་རཀྵ་མ?་རཀྵ་མཾ། ས་མུ་ཙ་ས་མུ་ཙ། བྷ་གཱ་གྲ་ཏེ། ཛ་སིཾ་ཧ་དི་ཛ་སོའུ་མཾ་མ་ད་རི་ཤ་ནི་ཁ་རོ་ཧི། བི་ཀ་རོ་ཧི། བི་ཀཱ་རོ་ཧི། ཐ་ར་ཎེ་ཨོ་ཐ་ར་ཎེ། ཨུ་པ་ཏི་ཡ་ཤ་སརྦ་ཧོ་མི་ཧོ་མཽ། ཧི་ཧི་ཧི་ཧི། བཛྲ་པཱ་ཎི་མ་ཏི་ཨ་ཛི་ཧེ་ཨ་པ་ར་ཛ་ཏེ། ཨུཏྟ་ཏ་རི་ཨུཏྟ་ཏ་རི། སརྦ་བུདྡྷེ་ཤ་རི། ཧུ་ཧུ་ཀེ་ར་ལི། ཀེ་ར་ཎི། སུ་ནི་ཧི་སུ་ནི་ཧི། དཱུ་ཏི་དཾ་ཀུ་རུ་ཧུ་རུ་རུ། སིཏྟ་ཤྩཎྜཱ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སཱ་ཧཱ། ཕོ་ཉ་མོ་ན་བཅུ་པོ་ལས། ལས་ཀུན་བྱེད་པ་བཞི་པ་འདི།། གཞན་གྱིས་མི་ཐུབ་གྲགས་པ་སྟེ།། རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན།། ན་མོ་མ་ཏི་སྨ་ར་ཡ། ས་མ་ཡཾ་སད་བཛྲ་ཎ་ཀྲི་ཏཱ་ཡ་ཏ་ནས་ཏྱེ་ན། ས་མ་ཡེ་ཧི་རི། ཀི་ར་མ་རི། སི་རེ། པ་ལ་ཏེ། ཨ་ལ་ཀེ་མ་ལ་ཀེ། བསྲུ་ཀིདྤ་རཱཀྵ། དྱཱ་ཀ་རཿ། ཏི་ནི་ཏི་ནེ། ཙྪིན་ཏན། མཻཛྙཱམཏ། ཏྭཱ་ཀཱ་། ས+འུ་རྦཱ་ནཿ། སུརྦ་སྱཱ་རུ། ཊུ་། ཀུ་ལུ་ཀུ་ལུ། དཱུ་ཏི་དཾ་ཀུ་རུ་ཀུ་རུ་རུ། སིདྡྷཤྩཎྜཱ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏཱི་སྭཱ་ཧཱ། ཕོ་ཉ་མོ་ནི་བཅུ་པོ་ལས།། ལས་ཀུན་བྱེད་པ་ལྔ་པ་འདི།། རྡོ་རྗེ་མཛེས་མར་གྲགས་པ་སྟེ།། རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། ། ན་མོ་མ་ཏི། དྷྲྀ་ཏི་དྷྲྀ་ཏི་གྲི་བྲི་གྷྲཾ། རུ་རུ་བྲི་གྷྲྀ་ན་རི་རུ་ཙ་པ་ལ་མ་གཙྪ་ཀི་རི་ཀི་རི། ས་ཏྱ་ས་མ་ཡ། མ་ནུསྨ་ར་ཧི་བཛྲེ་ཎི་བཛྲེ་ཎི། ཎ་ཏི་ཎ་ཏི། ཀུ་ལུ་ཀུ་ལུ། ཧི་རི་མི་ར་ཀུ་རུ་སུ་རུ། སུ་རུ། ཧ་ན་ཧ་ནཱ། ད་ཧ་ད་ཧ། པ་ཙ་པ་ཙ། དཱུ་ཏི་དི་ཀུ་རུ་སྱ་རུ་རུ། སིདྡྷཤྩཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། པོ་ནཱ་མོ་ནཱ་བཅུ་པོ་ལས།། ལས་ཀུན་བྱེད་པ་དྲུག་པ་འདི།། རྡོ་རྗེ་ཤུགས་ཆེན་གྲགས་པ་སྟེ། ། རིག་སྔགས་ཆེན་མོ་སྟོབས་ཆེན་ཡན།། ན་མོ་མ་ཏི་བོ་ལ་རི་བཛྲ་ཀུ་ཀྵི་པ་པེ་གཀྠ་པི་པེ་ག་གི་གི། གྷི་གཻ་གཽ་གྷི། གྷི་ཧི་གྷི་ཧི། བ་ཧི་བ་ཧི། ས་ར་ས་ར། ཧ་ར་ཧ་ར། ཧུ་རུ་ཧུ་རུ་ཧུ་རུ། ཀི་རི་བི་རི། དཱུ་ཏི་དཾ་ཀུ་རུ་ཙུ་རུ་རུ། སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏཱི་སྭཱ་ཧཱ། པོ་ཉྫ་མོ་ནཱི་བཅུ་པོ་ལས།། ལས་ཀུན་བྱེད་པ་བདུན་པ་འདི།། རྡོ་རྗེ་ཤུགས་ཞེས་གླགས་པ་སྟེ། རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན།། ན་མོ་མ་ཏི་སཱུ་རྱ་ས་མ་ཏེ་ཛི་ཏེ་ཛ་བཛྲ་ཎ་ཏེ་ཛ་བཛྲ་ཎི། བི་ལ་བ་ལི་ཧི་ལི་ཡེ་ཧ~ཾ་ལི། ཀུ་ཊུ་ཀུ་ཏུ། གྷདྷི་གྷ་དྷི། ས་ར་ས་ར། ཀུ་ལུ་ཀུ་ལུ། ཧི་ལི་ཧི་ལི། ཧུ་ལ་ནི། ཙིཧ་ཧི། དྷཱུ་ཏཱི་དཾ་ཀུ་རུ་ཀུ་རུ་རུ། སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མོ་ནཱི་བཅུ་པོ་ལས།། ལས་ཀུན་བྱེད་པ་བརྒྱད་པ་འདི།། རྡོ་རྗེ་ཉི་མར་གྲགས་པ་སྟེ།། རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན། ན་མོ་མ་ཏི་ཛ་ཛི་ཛི་ཛ། རུ་རུ་རུ་རུ། ཙཎྜ་བཛྲ་པཱ་ཎི་ཀྲིཥྚ་ཤཾ་བ་རཱ་ཛཱ་པ་ཡ་ཏི་བི་ཀྲྀ་ཛ་བཛྲི་ཎི་མ་ཎ་ཡ། ཧི་ཧི་ཧི་ཧི་ཧི། ཀི་རི་ཀི་ར། མ་མ་ག་མེ་ན། ཏི་ཏི་ཏི་ཏི། མུ་ཏུ་མུ་ཧུ། ཧི་ཧི་ར། ཧི་ཧི་ར། ཧི་ཧི་དཱ་ཏི་དཾ་ཀ་རོ་ཏེ་ཧ་ཧི་རུ་རུ་སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མོ་ན་བཅུ་པོ་ལས།། ལས་ཀུན་བྱེད་པ་དགུ་པ་འདི།། རྡོ་རྗེ་དབྱུག་པར་གྲགས་པ་སྟེ།། རིག་སྔགས་ཆེན་མོ་སྟོབས་ཆེན་ཡིན།། ན་མོ་མ་ཏིསི་ཏྱ། ས་ཏྱ་ནི་ས་ཏྱ་བ་ཏི་ནི། སརྦྦ། བཛྲ་པྲ་ཏིསྟུ་ཏྲ་ན། ས་ཏྱེན་དྷ་ར་ཏེ་བཛྲེ་ཎཱ་ས་ཏ་མ། བཛྲ་ལོ་ཀེ་པྲ་ཏིཥྛ་ཏེ་ཨེ་དན་ས་ཏྱེ་ནས་ཏྱ་བྷཱཀྵཱ་ཎཱ། ཤཱིགྷྲྀ་ཡ་ཧི་བཛྲི་ཎི། ཧ་ཧི་ཧོ་ཧི་ཧི། ཧཧ་ཧེ་དྷརཱར་དྷུ་ར། དྷུ་རུ་དྷུ་རུ། ལོ་ཀ་ཡ་ནི་ཤྩརྷ་དྷེ་མོ་ཏ་ནི། མོ་ཏི་སི་བཾ་ས་ཏུ། བི་དུ་རི་བི་དུ་རི། རུ་རུ་རུ་ཏི་པུ་ར་པཱ་དག་ནི་ཛྭ་ལ་མ་ནུ་སཱ་ར་བཛྲི་དྷྲྀ་ཏེ། དཱ་ཏི་དཾ་ཀུ་རུ་ཧཱུ་རུ་རུ། སིདྡྷཤྩཎྜ་བཛྲ་པཱ་ཎི་རཱ་ཛཱ་པ་ཡ་ཏི་སྭཱ་ཧཱ། ཕོ་ཉ་མོ་ན་བཅུ་པོ་ལས།། ལས་ཀུན་བྱེད་པ་བཅུ་པ་འདི།། རྡོ་རྗེ་བདེན་པར་གྲགས་པ་སྟེ།། རིག་སྔགས་ཆེན་མོ་སྟོངས་ཆེན་ཡིན།། ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ལས་ཕོ་ཉ་མོ་བཅུ་བཤད་པ་ཞེས་བྱ་བའི་ལེ་རུ་རྫོགས་སོ། ། ན་མོ་རཏྣ་ཏྲ་ཡ་སྱ། ན་མ་ཤུ་རྞ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནབ་ཏི་སྱ། སུ་ཁི་བྷ་ལ་ཏུ་བཛྲ་པཱ་ཎི་ས་པ་རི་བཱ་ར་བཛྲ་པཱ་ཎི། བ་ཙན་ཛཱ་ཙན་ནཱ་རྐྱེན་རྗོཿ། ཨཱ་ཛྙཱ་པ་ས་ཏི། བཛྲེ་ཙྪིཿཏི། བཛྲེ། བྷིན་ཏི། ཨ་ལོ་ལག་ལོལ། གལེནཿ། ནྡྷ། ཧྱན་ཏན། དཱཏྱད་ཏཱ། བཅ་བཅུ། བཛྲ་རཱཎྜི། ཧཱ་ཡཀྵ་སེ་ནཱ་པ་ཏཱི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཟླ་བ་ཕྱེད་ཀྱི་བར་དུ་རས་སུ་འོ་མ་དང་ཕྱེའི་བདག་གུ་ཟ་ཞིང་བསྒྲུབ་པར་བྱ་སྟེ། ལག་ན་རྡོ་རྗེའི་རི་མོའི་གཟུགས་ཚོན་རྩི་སྤྲིན་མེད་པས་འདྲིར་གཞུག་གོ།། མོའི་གཟུགས་ཀྱི་དྲུང་དུ་རས་མ་ཉམས་པའི་སྟན་ལ་གསེར་དང་། དངུལ་དང་། ཟངས་སྣ་གསུམ་ལས་བྱས་པའི་རྡོ་རྗེ་བཞག་སྟེ་སྟེང་གཡོག་པར་བྱའོ།། པོག་དང་སྲ་རྩི་པོག་སྦྱར་བའང་དབུལ་ལོ།། ན་མཿཀུ་རུ་བཛྲ་པཱ་ཎི་པྲ་ཏི་གྲྀཧྞཱ་ཧི་མྱེ་དྷཱུ་བ་ཧུ་ཏི་མ་བསྭ་ཧུ་ཏི་མ་མ་མ་ཙ། རཀྵ་མཾ་ཏཱཾ་ས་མ་ཡོ་བྱ་དྷི་ཥུ་ཏི་སྭཱ་ཧཱ། གཙང་མས་གོས་གཙང་མ་བགོས་ཏེ་དུས་གསུམ་དུ་བདུག་པ་ཐོགས་ཤིང་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས། ཕྱི་དེ་ཉིན་པར་མཆོད་པ་ལྷག་པར་བསྐྱེད་དེ་བཟླས་བརྗོད་བྱའོ།། མར་མེའང་ཅི་འབྱོར་པས་བསྐྱེད་པར་བྱའོ།། དེ་ནས་ལག་ན་རྡོ་རྗེ་འོང་བར་འགྱུར་ཏེ། བྱ་བ་གང་ཡིན་པ་དེ་བྱེད་པར་འགྱུར་རོ། ། གྲུབ་ནས་ཀྱང་ཟླ་བ་ཕྱེད་ཀྱི་བར་དུ་ཆོ་ག་བསྲུང་བར་བྱའོ།། དམ་ཚིག་མ་མཐོང་བས་བྱས་ན་མ་རུང་བར་འགྱུར་རོ།། སློབ་དཔོན་ལ་གུས་པ་དང་མཆོད་པ་བྱས་ནས་གདོད་ཆོ་ག་རྒྱས་པར་ནོད་པར་བྱ་སྟེ། ། རྡོ་རྗེ་དཀྱིལ་འཁོར་གྱི་དབུས་སུ་ཀར་ཤ་པ་ཎ་བརྒྱད་ཀྱི་འགྲོན་བུས་རྡོ་རྗེ་བྱས་ནས་སློབ་དཔོན་ལ་དབུལ་བར་བྱའོ།། དེ་ལྟ་བུས་ཆོ་ག་རྒྱས་པ་བསྒྲུབས་ན་གདོད་འགྲུབ་པར་འགྱུར་ཏེ། རིག་སྔཿ་ཐམས་ཅད་འགྲུབ་པར་འགྱུར་རོ། ། སློབ་དཔོན་མ་ཡིན་ཞིང་བུ་མ་ཡིན་པ་བསྟན་ནས་ལོ་གཅིག་མ་ལོན་པ་ལ་སྦྱིན་པར་མི་བྱ་སྟེ། ཡང་ན་སློབ་དཔོན་གྱིས་རབ་ཏུ་སྦྱང་བ་བྱས་ནས་གཟོད་གཟུང་བར་བྱའོ།། དེ་ནས་མོ་ཉ་མ་མ་ཚོགས།། བཅུ་པོ་རྣམས་ཀྱི་གཐོག་མོན།། ཡིད་ལས་སྐྱེས་པ་དྲུག་ཅུ་བཞི། བརྟན་པ་རྣམས་ནི་བཤད་པར་བྱ། ནཱ་མོམྦྷ་དྡྷི་ཛྙཱ་པཱ་ཎི.ོཾ་སྱཱཿཀཱིས་ནུབ་ཏི་ར་ཛཱ་པཱ་ས་ཏཱི་སྭཱ་ནྟུ། ལས་ཐམས་ཅད་བྱེད་པའོ།། ན་མོ་བཛྲ་པཱ་ཎི་བཛྲི་ཎི། ཧ་ན་ཧཱ་ན། ད་ཧད་ཧ~ཾ། པ་ཙ་པཙྪེ། ཨ་མུ་ཀཾ། མེ་བ་ཤ་མཱ་ནཱ་ཡ་སྭཱ་ཧཱ། སྣ་མའི་མེ་ཏོག་གི་སྤྱན་སྲེག་བྱའོ།། ན་མོ་ནནྟ། ཙྪིནྡ་བཛྲེ། ཙྪིཿ་བཛྲེ་ཎི། ཙྪནྡ་པ་ཏ་ཡ་ནི་སུཾ་བྷ་ཡ་སཱ་ཧཱ། ལས་ཐམས་ཅད་བྱེད་པའོ།། ན་མ་ཨ་ར་ག་ཎི་བ་ར་ག་ཎི། སུ་ར་ག་ཎི། བཛྲེ་ཎ་ཙ་ཏེ་སཱ་ཧཱ། ན་མོ་ནནྟ་ཀ་ལི། སུ་ར་ཀ་ལི། བྷི་རི་བྷི་རི། ཀུ་ཤ་ཤ་ཡཽ་། ནྱེ་ཀུ་ཤ་རི་ཎི་སྭཱ་ཧཱ། ཁྲོས་ནས་བྱང་ཕྱོགས་སུ་ཁ་བལྟས་ཏེ་བདུག་པར་བྱའོ།། ན་མོ་གྷོ་ཥེ་ཎི། གྷོ་ཥེ་བཛྲ་ཎི། ཧ་ན་ཏི། བི་ན་ཏི། ཨུད་སཱ་ད་ཡ་ཏི་བཛྲི་བཛྲ་ཎ་ཙྱ་ཏེ་སྭཱ་ཧཱ། པྲ་མ་ཙན་དྷས་སྦྱིན་སྲེག་བྱས་ན་འཇིགས་པར་བྱེད་དོ། ། ན་མོ་ཧི་ནི་ཧི་ནི། ཀུནྡ་ཡ་སྭཱ་ཧཱ། དྷི་ནི་དྷི་ནི། གྷི་ནི་གྷྲི་ནི་སཱཿལས་ཐམས་ཅད་བྱེད་པའོ།། ན་མོ་མུ་ནེ་མུ་ནེ། ནཱི་མཻ་ཏ་མ་ཏི། མ་ཧཱ་མ་ཏི་སུ་མ། རཱཀྵ་སུ་ཏི་ར་བཛྲ་པཱ་ཎི་རཱ་ཛཱ་པ་ཡ་ཏི། ད་ཧ་ད་ཧ་སརྦ་བྷ་ཡེ་བྷྱཿསྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ།། ན་མོ་ཧེ་ཏིཌཔས་གོར་མ་ལི་བ་ར་མ་ལི་ཤུ་ཙི་རོ་ཏ་ཤུ་ཏ་པ་ལི་བཛྲ་པཱ་ཎི་རཱ་ཛཱ་པ་ཡ་ཏི་སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ།། ན་མཿཀུནྟེ་ཀུམྦྷེ་ཀོ་ཏི་ནི་ཀོ་ཏི་ནཱ། ཀུ་རུ་བཛྲ་པཱ་ཎི། ས་ཏྱེ་ན་ས་མ་ཡེ་ན་ཙ་སྭཱ་ཧཱ། མེ་ཏོག་གི་རིག་སྔགས་ཀྱིས་ཅིའང་རུང་བ་ལ་བཟླས་བརྗོད་དམ་སྦྱིན་སྲེག་བྱའོ།། ན་མཿསུ་ཁི་བྷ་བ། རུ་དྷི་ར་བཛྲ་པཱ་ཎི་ཏྲོ་ཊ་ཡ་ཏྲོ་ཊ་ཀྲ་ཏཱ་བ་ཡ་ནི་ཛ་ཧི་ན། ཀུ་རུ་མེ་ཀཨཱརྱ་བྷྲ་མ་རི་བྷཱུ་མ་རི་སཱ་ཧཱ། ལྟེ་བའི་སྔགས་ཏེ་ལས་ཐམས་ཅད་བྱེད་པའོ།། ན་མཿཏི་ཊི་ནི། ཏུ་ཊུ་ནི། ཀུ་རུ་བཛྲེ་ཎ་པཱ་ཎི། ནོ་ཙི་ཡང་ཀ་མ་མ་བུ་རྟ་ཡ། བི་སོ་མེ་ཀ་མོ་སིདྡྷ་ཏུ་སྭཱ་ཧཱ། ལག་པ་ལ་བཟླས་བརྗོད་བྱས་ཏེ། གང་དོན་དུ་བསྒྲུབ་པ་དེ་བླང་བར་བྱའོ།། ན་མོ་བཛྲེ་ཎ་ཧ་ན་ཏི་མ་མ་ཙ། ས་མ་ཡན་རཀྵ་བཛྲ་པཱ་ཎི། མད་། ཏན་ས་མ་ཡོ་བྱ་དྷི་ཤཱི་ཏི་སྭཱ་ཧཱ། ལག་པའི་རིག་སྔགས་སོ།། ནུ་མོ་བྷི་བྷི་བྷི་རུ་རཱུ་བཛྲེ་ཎ་ཡན་ད་སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ།། ན་མཿཀུ་རུ་བྷྲ་མ་རི་མུཉྩཱ་མ་བཛྲ་པཱ་ཎི་ནཱི་རི་དེ་ཀ་ར་ཀ་རི་ཀེ་སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ།། ན་མཿཧི་རི་ཙི་རི། ཧི་ཧི་རི། ཀཱི་རི་ཎི། ཀི་ར་ཎི་སྭཱ་ཧཱ། གྱང་བརྡབ་པའི་སྔགས་སོ།། ན་མོ་མཾ་དེ་མཾ་དེ། ད་ཧ་ད་ཧ། པ་ཙ་པ་ཙ། བ་ཤི་ཀ་རོ་ཧི། བ་ཤི་ཀ་རོ་ཧི། དེ་བ་མ་བ་མ་པི་རཱཀྵ་སཾ་བྷ་ཨུདྒྷ་ས་ནི། བྷི་རི་བྷི་རི་སཱ་ཧཱ། སྦྱིན་སྲེག་བྱའོ།། ན་མོ་ན་ར་ནི་རི། པཱ་ཤ་པ་ཤེ་ཏི་སཱ་ཧཱ། ལྟེ་བའི་སྔགས་ཏེ་སྦྱིན་སྲེག་ཐམས་ཅད་ལ་སྦྱར་བར་བྱའོ།། མིག་རྩིའི་སྔགས་དང་མེ་ཏོག་གི་སྔགས་ཀྱང་ཡིན་ནོ། ། རྒྱན་ཐམས་ཅད་ལའང་བཟླས་བརྗོད་བྱའོ།། ན་མོ་གྷུ་ཊུ་གྷུ་ཊུ། གུ་ཏུ་ནི་གུ་ཏུ་ནི། ནི་ས་ར་ཡ་མུ་ཏི་ནི་སྭཱ་ཧཱ། འཁོར་དུ་གཞུག་པ་དང་། བརྡབ་པ་དང་། བསྲུང་བ་དང་། བཅིང་བ་ལ་རས་སྔོན་པོས་བྱ་སྟེ། ལས་ཐམས་ཅད་བྱེད་པ་ཡིན་ནོ།། ན་མོ་གྷ་ཏ་ཡཱ་གྷཱ་ཏ་ཡ། ཙི་རི་ཙི་རི་ཙི་རི་སཱཿ། ཁ་མས་དྲང་བའི་སྔགས་ཡིན་ཏེ། དོང་བརྐོས་ལ་ནང་དུ་ཁ་ཟས་ཀྱི་གྲུལ་མ་གཞུག་ཅིང་ཕྱི་རོལ་གྱི་ཁ་ཟས་ཅི་འདྲ་བ་དེ་འདྲ་བའི་ཁ་ཟས་ཀྱི་ཐུལ་མ་རས་གསར་པའི་ནང་དུ་བཅུག་སྟེ། ལན་བརྒྱད་བཟླས་བརྗོད་བྱས་ནས་རས་དེའི་སྟེང་དུ་དབྱུག་པ་གཞག་གོ། གང་ཅིའང་རུང་བའང་འདྲེན་པར་བྱེད་དོ།། ན་མོ་གྷི་ན་གྷ་ནི། ཀུཾ་ཌཱ་ཡ་བནྡྷ་ནི་སྟཾ་བྷ་ནི། གྷུ་གྷུ་གྷུ་སྭཱ་ཧཱ། རིག་སྔགས་ཐམས་ཅད་བཅིང་བའོ།། ན་མཿཙོ་ཏི་ནི། བནྡྷ་ནི། པ་ཏ་ནི་སྭཱ་ཧཱ། རིག་སྔགས་ཐམས་ཅད་གསོ་བ་སྟེ། མར་དང་སྦྲང་རྩིལ་བཟླས་བརྗོད་བྱས་པས་བྱའོ།། ན་མོ་བཛྲི་ཎི་སྥོ་ཊ་ཡེ། ཀུ་ཎྜོན་སྥོ་ཊ་ཡ་སྭཱ་ཧཱ། ཁྲོས་པ་ལ་ནི་ཡུངས་ཀར་གྱིས་གཏོར་ཏོ།། གཞིག་པ་ལ་ནི་བོང་བུའི་ཁྲག་གིས་བྱའོ།། ཞི་བར་གྱུར་ནས་ཕྱིར་གསོ་བ་ལ་ནི་མངར་གསུམ་གྱི་སྦྱིན་སྲེག་བྱའོ།། ན་མོ་བཛྲ་པཱ་ཎི་ར་ནུ་ག་ཏེ་ན་ཧི་རི་ཀི་རི། ཀཾ་མེ། བཛྲ་ཧ་ཎི་ཀུ་རུ་བྷིཿསྭཱ་ཧཱ། མེའི་སྔགས་སོ།། ན་མཿཏི་ནི་སྭཱ་ཧཱ། མིག་སྨན་གྱི་སྔགས་ཏེ། ལིག་བུ་མིག་དང་། རྡོ་ཕ་ཝང་ལོང་བུ་དང་། ཨུཏྤ་ལ་དམར་པོ་དང་། སུ་ནོད་ཛ་དང་། ས་ཧ་ཛ་ར་དང་། གླང་པོ་ཆེའི་རྡུལ་རྣམས་ནི་དབང་དུ་བྱ་བའི་མིག་རྩི་ཡིན་ཏེ། གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ།། ན་མོ་བཛྲེ་ཎ་ཧ་ན་ཧི་ས་མ་ཡེ་ན་ཏིཥྛ་ཏི་པཱ་ཤ་མི་ཡ་ག་རི། བྷུ་རི་བྷུ་རི། པ་ཏྲ་ཤཱི་ཏི་ནི་སྭཱ་ཧཱ། ཆུ་ཁྱོར་གང་ལ་བཟླས་བརྗོད་བྱས་ཏེ་ཤིང་ལ་གཏོར་ན་ལོ་མ་རྣམས་རྙིས་པར་འགྱུར་རོ།། ནཱ་བྷེ་ནཱ་བྷེ། བ་ན་ག་ཏ་དེ། བ་ན་ག་ཏ་དེ། བ་ན་ག་ཏ་དེ། སྟི་རི་སྟི་རི་སྭཱ་ཧཱ། ནགས་ཁུང་དུ་འགྲོ་ན་སྲུང་བའི་སྔགས་སོ།། ན་མཿཀི་མོ་ཀ་མེ། ཀུ་མཱ་རི་ཎི་སྭཱ་ཧཱ། སྨན་གྱི་སྔགས་ཏེ་བུ་མོ་གཞོན་ནུས་བཀལ་བའི་སྐུད་པས་བྱ་ཞིང་རྐང་པ་སྣུམ་གྱིས་བསྐུ་བར་བྱའོ། ། ན་མཿཀུཎྜ་ནི་ཀུ་ཎཱི་སྭཱ་ཧཱ། ཕོ་ཉ་མོའི་རིག་སྔགས་བལྟ་བའི་སྔགས་ཏེ། རྫ་མཁན་གྱི་སྣོད་ནས་ཟས་དང་སྨན་བླང་བར་བྱའོ།། ན་མོ་གྷ་ཏེ་གྷ་ཏེ་གྷི་ཏི་ནི་སཱ་ཧཱ། གཞོན་ནུ་མའི་རིག་སྔགས་སོ།། ན་མཿཀུ་རུ་ཎ། བ་ཤེ་ན་བ་ཤེ་ན། བཛྲ་པཱ་ཎི། ཧི་ཧི་ན་ཏི་རཱུ་པ་མ་མྦ་ཀརྨ་ཀུ་རུ་སྭཱ་ཧཱ། ལས་ཐམས་བྱེད་པའོ།། ན་མཿཀི་རི་ཀི་རི་སཱ་ཧཱ། ཨུ་ཏ་ཀུ་རི་ཎི། ཏྲོ་ཊ་ནི་སྤོ་ཏྲ་ནི་སཱ་ཧཱ། གནོད་སྦྱིན་མོའི་རིག་སྔགས་ཏེ་ཅི་འདོད་པ་ཐམས་ཅད་འགྲུབ་པའོ།། ན་མཿཡེ་ལ་ལ་ཏེ་ལ་བྷི་ནི། བཛྲི་ཎི་སྭཱ་ཧཱ། རྐང་པ་བསྐུ་བའི་སྔགས་སོ། ། ན་མཿཀུ་བྷེ་ཀུཾ་བྷཱ་ནི་སྭཱ་ཧཱ། སྨན་བླང་བ་དང་། ནགས་ཚལ་གྱི་ཤིང་ཐོག་བླང་བའི་སྔགས་སོ།། ནཱ་མ་ཏེ་ཛ་ཛ་ན་དྷུ་ན་དྷུ་ན་དྷུ་མ་ཏེ་སྭཱ་ཧཱ། ཐམས་ཅད་དབྲོག་པའི་སྔགས་ཀྱིས་འགྲུབ་པར་འགྱུར་རོ། ། ན་མོ་ཧུ་ཛ་ཧུ་ཛ་ཧུ་ནེ་ཏི་སཱ་ཧཱ། སྨན་ནོ་ཅོག་ཐང་བའི་སྔགས་སོ།། ན་མཿཤྱ་མ་རི་བི་མ་རི་སཾ་ཀྲ་ས་ཀྲ་མ་ཎི་སཱ་ཧཱ། སྨས་པའི་རྣ་སྤོ་བའི་སྔགས་སོ།། ན་མོ་ཙི་ནི། པ་ཙ་པ་ཙ། བནྡྷ་དནྟ་ནི་ཁྲི་རི་ཎི་སཱ་ཧཱ། ཁྲུས་བྱ་བའི་སྔགས་ཏེ། ལས་ཐམས་ཅད་བྱེད་པའང་ཡིན་ནོ།། ན་མོ་ཨ་ར་ཏེ་མཉྩ་རི་པ་ཅུ་བབ་ན་བ་སི་ནི་ཏུ་ཏི་ཀ་ལ་ཀ་ལ་སཾ་སྭཱ་ཧཱ། གང་གི་མིང་གིས་སྐ་རགས་དུམ་བུ་དུམ་བུར་བཅད་ན་མིང་དེ་བཅད་པར་འགྱུར་རོ།། ན་མཿཔུ་ཤ་མ་ཛར་ཛ་ཡ་མཛར་པུདྷི་ཀེ་ནི་ལ་སྲྀ་བཻ་དྷུ་ན་དུ་བི་ནི་ཏི་ར་སྭཱ་ཧཱ། སྒོ་ལྕགས་དབྱེ་བ་དང་། གཉིས་ལོག་ཏུ་གཞུག་པ་དང་། དགྲོལ་བ་དང་། དབྱུང་བའི་སྔགས་ཏེ་བརྡབ་པར་བྱའོ།། ཡུངས་ཀར་ལ་བསྔགས་པས་ཀྱང་སྒོ་ལ་བསྣུན་པར་བྱའོ།། ན་མོ་བྷི་ན་ཡ་དུཾ། དུ་བྷི་ག་ཏཱ་ཡ་དུ་བྷི་ཐ། སུཾ་། བྷ་སུཾ་བྷ་དྷ་རི་བྷ་སྨ་ཧ་ཧི། ས་མ་ཡཾ་མ་ཏེ་ན་ནུ་མ་ཏེ་ན་བྲྀཀྵ་ཡ་ཛྙཱ་པ་ཡ་ཏི། ཨུད་ག་ཏ་ནི་པ་ཏི་ནི་སྭཱ་ཧཱ། སྒོ་ལྕགས་དབྱེ་བ་དང་། གཉིས་ལོག་ཏུ་གཞུག་པ་དང་། དགྲོལ་བ་དང་། དབྱུང་བ་དང་། གཞོམ་པ་དང་། རབ་ཏུ་གཞོམ་པ་དང་། གཞིག་པ་དང་། བི་སྐྱེལ་བ་དང་། གཅད་པའི་སྔགས་ཏེ། ལས་ཐམས་ཅད་བྱེད་པའང་ཡིན་ནོ།། ན་མོ་བཱ་རི་བ་རེ་བ་ར་ད་ཏ་སིདྡྷི་སི་སྭཱ་ཧཱ། སྨན་བླང་བ་དང་། གནོད་དང་། རིམས་ཀྱིས་ཐེབས་སུ་གཞུག་པའི་སྔགས་ཏེ། ལས་ཐམས་ཅད་བྱེད་པའང་ཡིན་ནོ།། ན་མཿཀི་རི་ཀི་རི་བཛྲ་པཱ་ཎི་ཏཱི་ལ་རི་ཏི་ལ་རི་ནི་ལི་ཛི་རི་སྭཱ་ཧཱ། དབང་དུ་བྱ་བ་སྟེ་ཡུངས་ཀར་དང་། ལན་ཚྭ་དང་ཊིའང་རུང་བས་སྦྱིན་སྲེག་བྱའོ། ། ན་མོ་མ་ཏི་མ་ཏི་བྷཱུ་མ་རི་བྷཱུ་མ་ར་སྭཱ་ཧཱ། དབང་དུ་བྱ་བ་སྟེ་ཅིའང་རུང་བས་བྱའོ།། ན་མོ་དཾ་བྷེ། དཾ་བྷེ། དཾ་བྷྱེ་དཾ་བྷེ། དཾ་བྷེ་དཾ་བྷེ། བཛྲི་དྷི་ད་ཡེ་ཙྪེ་ད་ནི་བེ་ད་ནི། ཡ་མྱེ་ཡ་མྱེ། ཡ་མ་ཡ་མེ་བི་སྟི་བི་རི་བཛྲི་ཎི་ཙ་ཏེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བཅིང་བ་དང་ལས་ཐམས་ཅད་བྱེད་པའོ།། ན་མ་ཨུཏ་ཏྲོ་ཊ་ཡ་ཏྲོ་ཊ་ནི་བྷིན་ད་པ་ནི། བྷིན་ད་པ་ནན་སྭཱ་ཧཱ། དབང་དུ་བྱ་བ་སྟེ་ཅིའང་རུང་བས་སྦྱིན་སྲེག་བྱའོ། ། ནཱི་སུཾ་བྷ་ནི་སུཾ་བྷ། བཛྲ་ཧ་ན་ནི་ཏེ་བྷི་ཏི་བྷྲྀ་དཱི་སཱ་ནྟུ། རིག་སྔགས་དགྲོལ་བ་དང་ལས་ཐམས་ཅད་བྱེད་པའོ།། ན་མ་ཤྩཎྜེ་རི་གཱ་ཤི་ནཱ་ཨིམྦྷ་ནི་ཙཱུ་སྱ་པི་ཤྱ་ཧེ་མཛྫ་མྱེ་ཙ་ཌ་ཨཱ་ཧ་ར་སྭཱ་ཧཱ། ཚུལ་ཇི་ལྟ་བ་བཞིན་དུ་འདུག་ལ་བཟླས་བརྗོད་བྱེད་ཅིང་མིང་བརྗོད་པར་བྱའོ།། ལས་ཐམས་ཅད་བྱེད་པའང་ཡིན་ནོ།། ན་མཿཔ་ཀྲྀ་པ་ཏི་ནི། མི་བྷི་མྲྀ་ཏཾ་ཀེ་ཀེ་མ་མེ། ཀུ་རུ་ཀ་ར་པ་མ་བཛྲ་ཧ་ན་ནེ་སྭཱ་ཧཱ། སྒོ་ལྕགས་དབྱེ་བ་དང་། དབང་དུ་བྱ་བ་དང་། གཞིག་པ་ལ་སྦྱིན་སྲེག་བྱའོ།། ན་མཿབི་ཤི་ལ་པི་ཤེ་ལེ་ཙི་ཏི་ལི་ཙྪི་ལི་བྷཱི་ཙི་ལི། ཙ་རུ་ནི་། བི་ཙ་རུ་ཎཱི་སྭཱ་ཧཱ། མོ་མཚན་བཅིང་བ་སྟེ། ལས་ཐམས་ཅད་བྱེད་པའང་ཡིན་ནོ།། ན་མཿསྭ་བྷ་ནི་སུམ་བྷ་བན་དྷ་ལཾ་ལཱུ་ཨཱ་ན་ཡཻ་སྭཱ་ཧཱ། ཅིའང་རུང་བས་སྦྱིན་སྲེག་བྱའོ།། ཧི་ཧཱི་ཧཱི་ནཱ་ལི་ནི་ཨི་རི་ཏི་སུཿ་བཛྲ་པཱ་ཎི། ཧུ་རུ་ཧུ་རུ། བྷཾ་ཛཱ་ནི་སྭཱ་ཧཱ། བདུག་པ་ཐོགས་པ་དང་མེ་ཏོག་སྟེང་དུ་འདོར་བའི་སྔགས་སོ།། ན་མཿཧུ་ལུ་ཧུ་ལུ་ཧུ་ལཱ་ཡ། ཀུ་ལུ་ཀུ་ལུ་ཀུ་ལཱ་ཡ། ཀི་ལི་ཀི་ལི་ཀི་ལཱ་ཡ་སཱ་ཧཱ་འདི་ནི་ལག་ན་རྡོ་རྗེའི་སྤྱན་སྲེག་ཐོག་མར་བྱ་བ་ཡིན་ཏེ། གནོད་པར་བྱ་བ་ལ་སྤྱན་སྲེག་བྱས་ནས་དེའི་འོག་ཏུ་བདུག་པས་དགྲོལ་བར་བྱའོ།། ཧི་རི་མི་རི་ཧི་ལི་མུ་ལི་ཛ་མུ་ལུ་མུ་ལུ་ཙ་སྭཱ་ཧཱ། ལག་ན་རྡོ་རྗེ་སྨ་གཞུག་གོ། པི་རི་ལི་ཙི་རི་ཡི། བཛྲ་པཱ་ཎི། བྷི་ར་བྷ་རི། ཨ་ནེ་མེ་ཧི་སཱ་ཧཱ། དགོད་དུ་གཞུག་པའོ།། བི་ལི་བ་རི་ཎི། ཨི་ལི་ཀུ་རུ་བ་ཏི། པྲ་སཱིད་བྷ་ག་ཏོ། སྨི་ཀུ་རུ་མེ་བ་རན་སཱ་ཧཱ། མི་འཇིགས་པ་སྦྱིན་པའོ།། ན་མཿཀི་ལི་མི་ལི། ནཱི་རི་ནི། སུ་རུ་ཀུ་རུ། ས་མ་ཡ་མ་ནུ་བརྟ་ཧྲིང་ཡཾ་བནྡྷ་སཱུརྠ། སྤྱན་དྲང་བ་དང་ལས་ཐམས་ཅད་བྱེད་པའོ།། ན་མོ་རཀྵ་ཧ་རཱ་ཡ་ཨ་གྲ་གྲི་བ་རི་ནི། རུ་ཎི་རུ་ཎི། བ་ར་ཎི་ཤ་མ་ནི། པྲ་སཱ་དྷ་ནི། བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རབ་ཏུ་སྒྲུབ་པ་སྟེ་བཟླས་བརྗོད་བྱེད་ཅིང་བདུག་པ་བསྲེག་པས་བྱའོ།། ན་མོ་བྷ་གུ་རུ་ག་ནྡུ་གཾ་ཊེ་ཛ་ཧ་ར་ཨཱར་དྷྭཾ་ས་ཏྱ་ན་མ་མ་ཡེ་ན་པྲ་སཱ་དྷ་ཡ་སི་བཛྲ་ཎ་སྭཱ་ཧཱ། དགའ་བར་བྱ་བ་སྟེ། བིལ་བ་དང་ཤུ་ཏིས་ཁྲུས་བྱེད་ཅིང་ལས་བྱའོ།། ཧི་རི་མི་རི་ཨ་བ་ཧཱ་ཡ་མྲྀ་ཏ་ནཱ་མ་མ་ཙི་ས་མ་ཡ་མུ་པ་ཏཱིཀྵ་སཱ་ཧཱ། བཟླས་བརྗོད་བྱེད་ཅིང་བདུག་པ་བསྲེག་པས་འཇིགས་པ་འབྱུང་བར་མི་འགྱུར་རོ། ། མུ་ནེ་མོ་ནེ། མུ་ནེ་མོ་ནེ། མུ་ན་མོ་ནེ། ཀརྱ་མི་དཾ་ཀུ་རུ་བྷཻ་ར་བ་བཛྲ་པཱ་ཎི་ཧ་ཧ་སྭཱ་ཧཱ། ལས་ཐམས་ཅད་བྱེད་པའོ།། བཛྲ་དྷྲྀ་ད་མ་ཧཱ་བ་གཾ་བཛྲ་གྷོ་ན་བ་ཡན་ཀཾ་བཛྲེ་བཛྲེ་ཎ་ཧ་ན་པ་ཏ་ཡ་ནི་པ་ཏ་ཡ་སྭཱ་ཧཱ། མིའི་གཙོ་བོ་དབང་དུ་བྱ་བ་སྟེ། སྦྱིན་སྲེག་གིས་བྱའོ།། ལས་ཐམས་ཅད་བྱེད་པའང་ཡིན་ནོ།། ཀཱ་ལྀ་ཀཱ་ལི། ཀོ་ནི་ཀྵེ་ཨ་ཨི་ཏི་བི་ལི། པཱི་ལི་ལཱི། པི་ལི་ལི་སྭཱ་ཧཱ། ན་མོ་བནྡྷ། མི་ཏྱ་མུ་ཁཾ། ཨ་མུ་ཀ་བཛྲ་ཧསྟ་སྱ་པ་ནི་ནེ་ཨ་ལི་ཙ་ལི་བི་ལི་མི་ལི། ན་མོ་བཛྲ་པཱ་ཎི་སྱ་སྭཱ་ཧཱ། ལན་བདུན་བཟླས་བརྗོད་བྱས་ཏེ་རས་ཀྱི་ཚར་ཚར་ལ་མདུད་པ་དོར་བར་བྱའོ།། ན་མཿཙི་ལི་ཙི་ལི། ཀུནྟུ་ཀུཌྜྷྱ་སུ་ཁཱི་བྷ་བ་དུ་བཛྲ་པཱ་ཎི། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ཨི་མི་ནི་པུཥྤ་ནི་གྲྀ་ཧི་ཏཱ། ཨ་མུ་ཀོ་བྷ་ཤ་མ་གཙྪ་ཏི་སྭཱ་ཧཱ། སྣ་མའི་མེ་ཏོག་ལ་ལན་བརྒྱད་བརྒྱ་བཟླས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་ནུབ་མོ་ནས་དབུལ་ལོ། ། ན་མོ་བཛྲ་རཱ་ཛྙཱ་པ་ལ་ཡ་ཏི་ཧི་ཧི་ཧི་ཧི་ཤུག་ཤོ་ནི་ཏ་བནྡྷ་ནི། མ་ཧཱ་བིདྱ་ཤུ་ཀྲ་མེ་པདྨ་རཀྵ་ཙ་མཾ་སྭཱ་ཧཱ། སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས། མདུད་པ་བྱས་ཏེ་རྐེད་པ་ལ་བཏགས་ན་ཁུ་བ་དང་ཁྲག་བཅིང་བར་འགྱུར་ཏེ། ལག་ན་རྡོ་རྗེའི་ཆོ་ག་རྒྱས་པ་ཆེན་པོ་ལས་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་རྫོགས་སོ།། དེ་ནས་ཕོ་ཉ་མོ་བཅུའི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། རས་མ་ཉམས་པ་ལ་ཚོན་རྩི་སྦྱིན་མེད་པས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཆོས་འཆད་པའི་ཚུལ་དུ་བཞུགས་པར་བྲིའོ།། གཡོན་ལོགས་སུ་གནོད་སྦྱིན་ལག་ན་རྡོ་རྗེ་བྲི་བར་བྱ་སྟེ། དེའང་འཁོར་དང་བཅས་པར་བྱའོ།། དེའི་མདུན་དུ་རྡོ་རྗེའི་གཟུགས་བྲིའོ།། གཡས་ལོགས་སུ་ནི་ཕོ་ཉ་མོ་བཅུ་འཁོར་དང་བཅས་པར་བྲི་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། ཐམས་ཅད་ཀྱི་མགོ་བོར་རྡོ་རྗེའི་མཚན་མ་ཡོད་པར་བྲིས་ནས། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་འམ། ཡང་ན་ཆེད་དུ་སྐུ་གདུང་བཞག་སྟེ། སྐུ་གཟུགས་ཁ་ནུབ་ཕྱོགས་སུ་བསྟན་ལ་སུ་གཟུགས་ཀྱི་མདུན་དུ་གསེར་དང་། དངུལ་དང་། ཟངས་སྣ་གསུམ་ལས་བྱས་པའི་རྡོ་རྗེ་རས་གསར་པ་མ་ཉམས་པའི་སྟེང་དུ་བཞག་སྟེ་སྟེང་གཡོགས་པར་བྱ་སྟེ། དེའི་ངོས་གཅིག་ཏུ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱའོ།། དེ་ནས་ཉེ་བར་འགྲོ་བའི་གཞོན་ནུ་ཟླ་བ་ཕྱེད་གསུམ་ལ་བསྒྲུབ་པར་བྱ་སྟེ། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་ཞིང་ཟས་སུ་བོ་མ་དང་ཕྱེའི་འདག་གུ་ཟ་བ་དང་། དུས་གསུམ་དུ་ཁྲུས་བྱེད་ཅིང་དུས་གསུམ་དུ་གོས་བརྗེ་བ་དང་། རྩཝ་དུར་བའི་སྟན་ལ་ཉལ་བར་བྱའོ།། རྟག་ཏུ་དུས་གསུམ་དུ་བདུག་པ་དང་། དྲི་དང་། མེ་ཏོག་དབུལ་ཞིང་རིག་སྔགས་ཐམས་ཅད་བཟླས་བརྗོད་བྱའོ།། སྦྱིན་སྲེག་ཀྱང་ཐམས་ཅད་ཀྱིས་བྱ་སྟེ། སེང་ལྡེང་གི་ཡམ་སྲེག་ཤིང་དང་། ཡུངས་ཀར་དང་། སྦྲསྲུང་རྩ་མར་དང་སྦར་བའི་སྤྱན་སྲེག་བྱའོ།། ལྷ་བཤོས་ཀྱང་རྟག་པར་དབུལ་བར་བྱའོ།། མར་གྱི་མར་མེ་རྩ་འབྱོར་པའང་མཚན་རངས་པར་སྦྱར་རོ།། བཅོམ་ལྡན་འདས་ལ་རྟག་ཏུ་མཆེད་པར་བྱའོ། ། ཟླ་བ་ཕྱེད་ཕྱེད་ཀྱི་མཚམས་སུའང་ཞག་གསུམ་སྦྱང་བ་བྱའོ།། དེ་ལྟར་སྦྱར་ན་འགྲུབ་པར་འགྱུར་ཏེ་དོན་ཐམས་ཅད་བྱེད་དོ།། དེའི་ལས་རྣམས་འབྱུང་སྟེ། སྐྱེས་པ་དང་བུད་མེད་དབང་དུ་བྱ་བ་ལ་བ་རུ་རའི་ཤིང་ངམ། མར་དང་། སྦྲང་རྩི་དང་། ཡུངས་ཀར་རྣམས་ཀྱིས་ཞག་བདུན་གྱི་བར་དུ་སྦྱིན་སྲེག་བྱའོ།། དེ་བཞིན་དུ་མིའི་གཙོ་བོ་འམ། མི་ཆེན་པོ་འམ། གནོད་སྦྱིན་དང་། མི་འམ་ཅིའང་དབང་དུ་ཁུགས་པར་འགྱུར་ཏེ། ཅི་ནུས་ཀྱིས་སྦྱང་བ་བྱའོ།། བྲམ་ཟེ་ལ་ནི་ཞག་གསུམ། རྒྱལ་རིགས་ལ་ནི་ཞག་གཉིས། རྗེའུ་རིགས་ལ་ནི་ཞག་གཅིག་སྨྱུང་བར་བྱའོ།། དམངས་རིགས་ལ་ནི་སྨྱུང་བ་བྱ་མི་དགོས་པར་ནིམ་པའི་ཡམ་སྲེག་ཤིང་གིས་བྱའོ། ། གཞིག་པ་ལ་ནི་དུག་དང་། ཁྲག་དང་། འབྱུང་པོའི་ཟས་ཀྱིས་སྦྱིན་སྲེག་བྱའོ།། གདོན་གྱིས་ཐེབས་སུ་གཞུག་པ་ལ་ནི་ཨེ་རན་ངས་བྱའོ། ། འཁྲུག་པར་བྱ་བ་ལ་ནི་བའི་མར་གྱིས་བྱའོ།། དབྱེ་བ་ལ་ནི་སྦྲུལ་གྱི་པགས་པ་བརྗེས་པས་བྱའོ།། དབང་དུ་བྱ་བ་ལ་ནི་མར་དང་ནེའུ་ལེའི་སྤུས་བྱའོ།། སྙིང་པོ་གཅད་པ་ལ་ནི་ལན་ཚ་དང་ཀ་རས་སྦྱིན་སྲེག་བྱའོ། ། གདོན་དགུག་པ་ལ་ནི་གུ་གུལ་གྱི་བདུག་པས་བྱའོ།། དབབ་པ་ལ་ནི་གུ་གུལ་དང་ཏུ་ལྷ་སིའི་ལོ་མས་བྱའོ།། ཉ་བའི་སྦྱིན་སྲེག་གིས་ནི་རྨི་ལམ་དུ་སྟོན་པར་འགྱུར་རོ། ། བསྲུང་བའི་ལས་ལ་ནི་སྐུད་པ་འམ། ཐལ་བ་འམ། ཆུས་བྱའོ།། གཙུག་པུད་བཅིང་བ་ལ་ནི་ཆུས་བྱའོ།། དུག་ཞི་བར་བྱ་བ་ལ་ནི་བཟླས་བརྗོད་ཀྱིས་བྱའོ།། གདོན་དང་རྨི་ལམ་གྱི་འཇིགས་པ་ལ་ནི་ལེན་ཚྭས་བྱའོ། ། སྒོ་ལྕགས་དབྱེ་བ་དང་། གདོན་དབང་དུ་བྱ་བ་དང་། སྐྱེས་པ་དང་བུད་མེད་དབང་དུ་བྱ་བ་དང་། གདོན་དབབ་པ་དང་། བརྡེག་པ་དང་། སྨར་གཞུག་པ་དང་། གཟིར་དུ་གཞུག་པ་ནི་རའི་གཟུགས་བྱའོ།། མར་གྱིས་བསྐུས་ནི་ཕྱིར་འཚོ་བར་འགྱུར་རོ།། སྨྲར་གཞུག་པ་དང་། ཁུས་འདེབས་སུ་གཞུག་པ་དང་། གར་བྱེད་དུ་གཞུག་པ་དང་། ངུར་གཞུག་པ་དང་། ཚེ་རགས་བྲི་བ་དང་། བྱི་བ་ཟར་གཞུག་པ་དང་། བུང་བ་ཟར་གཞུག་པ་ལའང་རའི་གཟུགས་བྱའོ།། མར་གྱིས་བསྐུས་ན་ནི་ཕྱིར་འཚོ་བར་འགྱུར་རོ།། ལས་འདི་དག་དང་གཞན་ཡང་གྲངས་མེད་པ་དག་བྱེད་པར་འགྱུར་ཏེ། བརྡེག་པ་ནི་གཏུན་ཤི་སྒྲའི་ཐག་གུས་བྱའོ།། རོ་བསྲེགས་པའི་སོལ་བས་གཟུགས་བྲིས་ལ་ས་ལས་བྱས་པའི་རྡོ་རྗེས་བཀབ་ན་གདོན་དབུག་ཆད་པར་འགྱུར་རོ། ། མར་གྱི་ངོ་ཞག་བཅུ་བཞི་ལ་ལམ་གྱི་བཞི་མདོ་འམ་མཚན་གཅིག་པུ་འདུག་པར་ཀ་ར་ཝཱི་ར་དམར་པོའི་མེ་ཏོག་ཁ་མ་བྱེ་བ་ལ་བཟླས་བརྗོད་བྱ་སྟེ། ནུབ་མོ་ནས་བཞག་ལ་ཕྱི་དེ་ཉིན་པར་གྱི་དུས་འཚམས་དང་པོར་ལན་བདུན་བདུན་བཟླས་བརྗོད་བྱས་ནས་དགྲ་ལ་བལྟས་ཏེ་བོར་ན་གདོན་གྱིས་ཐེབས་པར་འགྱུར་རོ། ། དགྲོལ་བ་ལ་ནི་ཀ་ར་ཝི་རའི་མེ་ཏོག་དཀར་པོས་བྱའོ། ། ཆོ་ག་དེ་དག་ཉིད་ཀྱིས་སུག་སྨེལ་དང་། ཤུ་དག་དང་། ལིག་བུ་མིག་དང་། ཐིང་རིལ་གྱི་སྒོ་ངའི་ཤུན་ཕྲགས་རྣམས་ཆ་བསྙམས་ཏེ་ཞག་གསུམ་སྦྱང་བ་བྱས་ནས་ལན་བརྒྱད་སྟོང་བཟླས་བརྗོད་བྱའོ། ། དེ་ལྟར་བྱས་ན་ལུས་མི་སྣང་བར་འགྲུབ་པར་འགྱུར་རོ།། དེ་བཞིན་དུ་བྱ་གག་དང་། བྱ་གར་དང་། ནེ་ཙོ་དང་། བྱ་ཙ་ཤ་རྣམས་ལས་གང་ཡང་རུང་བ་གཅིག་གི་སྒྲོ་ངའི་ཤུན་གྲགས་དང་། ཉ་རོ་ཧི་ཏའི་སྒྲོ་ངའི་ཤུན་གྲགས་དང་། ཡུང་བ་དང་། པུ་ཤེལ་ཙི་དང་། ཉམཁྲིས་རྣམས་སྦྱར་བས་ཀྱང་ལུས་མི་སྣང་བར་བྱེད་དོ།། ཀྲི་ཤར་བ་ལི་དང་། ཀུ་བེ་དང་། ཀུ་བེ་རཀྵི་རྣམས་ཆར་པའི་ཆུ་དང་བཏགས་པའི་རལ་བུས་ལུས་བསྐུས་ན་རྒྱལ་པོའི་ཕོ་བྲང་དུ་འོངས་པ་དང་། སྐལ་བ་བཟང་པོ་དང་ལྡན་ཞིང་བཟའ་བ་དང་བཏུང་བ་དང་ལྡན་པར་འགྱུར་རོ།། ལུས་མི་སྣང་བ་སྒྲུབ་པ་ནི་ཞག་གསུམ་སྤྱང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་ལུས་བསྐུ་བར་བྱའོ། ། ཨ་ཤྭ་ཨ་ཀ་དང་། སྤོ་ར་དང་། ཤ་བྷ་རའི་རྩ་བ་དང་། གཟེ་མ་དང་། འབྲས་དང་། རིམ་པ་འདི་དག་ནི་གདོན་གྱིས་མི་ཚུགས་པའི་སྦྱར་སྨན་ཡིན་ནོ།། གུར་ཀུམ་དང་། རྒྱ་སྤོས་དང་། རུ་རྟ་དང་། སྤོས་དང་། ཀི་རི་ཀི་ར་ནི་ཀ་དང་། ཨི་དྲ་བ་ནུ་ནའི་རྩ་བ་དང་། མྲྀ་ཏ་ས་འཛིའི་བ་རྣམས་ཀྱི་སྦྱར་སྨན་ནི་གདོན་གྱིས་འཇིགས་པ་ལ་ལུས་བསྐུ་བར་བྱའོ། ། རིལ་བུའི་སྦྱོར་བ་ཐམས་ཅད་ནི་ཞག་གསུམ་སྨྱུང་བ་བྱས་ཏེ། མར་གྱི་ངོ་ཞག་བཅུ་བཞི་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ན་དེས་འགྲུབ་པར་འགྱུར་རོ།། ལན་ཚྭ་ལས་དུག་མའི་གཟུགས་བྱས་ལ་དེའི་རྐང་པའི་དྲུང་དུ་སྦྱིན་སྲེག་བྱས་ཏེ་རོ་བསྲེགས་པའི་སོལ་བས་གཟུགས་བྲིས་ལ། འཇིམ་པ་ལས་རྡོ་རྗེ་བྱས་པས་བཀབ་ན་དབུགས་འཆད་པར་འགྱུར་རོ།། དེ་ནས་བློ་གྲོས་རྡོ་རྗེ་མའི་ཉི་ཚེའི་ཆོ་ག་བཤད་པར་བྱ་སྟེ། ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ལ་སྐུ་གདུང་དང་ལྡན་པའི་སྐུ་གཟུགས་བཞག་སྟེ། ཕོ་ཉ་མོའི་རི་མོའི་གཟུགས་ཆོ་ག་བཞིན་དུ་ནུབ་ཕྱོགས་སུ་བསྟན་ནས། དེའི་མདུན་དུ་བ་ལང་གི་ལྕི་བ་འམ་ས་དཀར་གྱིས་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ལ། དེའི་སྟེང་དུ་གུར་ཀུམ་དང་ཙན་དན་དཀར་པོས་བྱུགས་ཏེ། ཙན་དན་དཀར་པོ་འམ་ཡུངས་ཀར་གྱིས་རྡོ་རྗེ་བྲིའོ།། དེའི་ཕྱོགས་གཅིག་ཏུ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བ་བྱས་ལ། དེ་ནས་ལས་བརྩམ་པར་བྱ་སྟེ། དུས་གསུམ་དུ་ཁྲུས་བྱེད་ཅིང་དུས་གསུམ་དུ་གོས་བརྗེ་བ་དང་། ཕྱི་རོལ་དུ་རྩ་ངུར་བའི་སྟན་ལ་ཉལ་བ་དང་། གསོ་སྦྱོང་གི་ཡན་ལག་བརྒྱ་དང་ལྡན་པ་དང་། ཁ་ཟས་དུས་གཅིག་ཏུ་འོ་མ་དང་འབྲས་སཱ་ལུའི་ཆན་བཟའ་ཞིང་། དཀའ་ཐུབ་སྤྱོད་པས་ནང་དུ་ལྷ་བཤོས་དབུལ་བར་བྱའོ།། གཏོར་མའང་ཏིལ་ཟན་དང་འབྱུང་པོའི་ཟས་སྦྱིན་པར་བྱའོ།། བདུག་པ་ནི་བཅོམ་ལྡན་འདས་ལ་ཨ་ཀ་རུ་དབུལ་ལོ། ། ལག་ན་རྡོ་རྗེ་ལ་ནི་གུ་གུལ་དང་ཐང་ཆུ་དབུལ་ལོ།། བཅོམ་ལྡན་འདས་ལ་ནི་མེ་ཏོག་དྲི་ཞིམ་པོ་རྣམས་དབུལ་ལོ།། ལག་ན་རྡོ་རྗེ་ལ་ནི་ཀ་ར་ཝཱི་ར་དམར་པོ་དབུལ་ལོ།། མཚན་མོ་ནི་མར་མེ་གཉིས་དབུལ་བར་བྱ་སྟེ། དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ལ་སྦྱིན་སྲེག་ཀྱང་བྱའོ།། མཇུག་ཏུ་ཞག་གསུམ་སྦྱང་བ་བྱས་ནས་ཟླ་བ་ཉལ་མཆོད་པ་རྒྱས་པར་བྱས་ཏེ། ནམ་ཞིག་རང་བཞིན་གྱི་ཚུལ་གྱིས་འོང་བ་དང་ཡང་ན་འོད་སྟོན་པ་འམ། ཡང་ན་རྨི་ལམ་ལེགས་པར་སྟོན་པ་འམ། ཡང་ན་གནོད་སྦྱིན་མོ་འམ། རིག་སྔགས་སམ། ཅི་འདོད་པ་ཐམས་ཅད་སྦྱིན་པར་གྱུར་ཀྱི་བར་དུ་ཕོ་ཉ་མོའི་བཟླས་བརྗོད་གྲངས་མེད་པར་བྱའོ། ། བདུག་པའི་གསང་སྔགས་ལ། ན་མོ་བ་ར་མུ་ནི་པ་ར་མ་ཧཱ་མུ་ནི་བེ་ར་མུ་ནི་པྲ་ཏཱིཙྪ་མེ་བྷ་ག་ཏྱོ་པ་ནི་ཏཾ་པུཥྤ་གནྡྷ་མཱ་ལྱེ་བ་ཧ་ར་མ་ཨི་ལི་མི་ལི་ལི་མེ་ཨི་ལི་མི་ལི་ལི་མེ་སྭཱ་ཧཱ། འདས་དུས་གསུམ་དུ་དྲི་དང་། བདུག་པ་དང་། མེ་ཏོག་གི་འཕྲེང་བའི་མཆོད་པ་དབུལ་བར་བྱའོ།། འདི་ནི་སྦྱིན་སྲེག་གི་སྔགས་ཏེ། ན་མོ་ཨིནྡྲ་ཡ་སྭཱ་ཧཱ། ཡ་མཱ་ཡ་སྭཱ་ཧཱ། བ་རུ་ཎཱ་ཡ་སྭཱ་ཧཱ། ཨགྣ་ཡེ་སྭཱ་ཧཱ། པྲ་ཛཱ་པ་ཏ་ཡེ་སྭཱ་ཧཱ། བྷ་ག་བ་ཏེ་སཱཧཱ་བིརཱུ་པཀྵཱ་ཡ་སྭཱ་ཧཱ། བཱ་ཡེ་བེ་སྭཱ་ཧཱ། ཀུ་བེ་རཱ་ཡ་སྭཱ་ཧཱ། བཛྲ་པཱ་ཎ་ཡེ་སྭཱ་ཧཱ། ཛཱ་ཛྭ་ལ་མི་ལི་ཏི་ཨི་ཏི་མི་རི་ཛུ་ཧི་རི་སྭཱ་ཧཱ། གསང་སྔག་འདིས་ཨ་པ་མརྒ་དང་། ས་མི་དང་། ཤིང་འོ་མ་ཅན་གྱི་ཡམ་སྲེག་ཤིང་གི་སྲེག་བླུགས་སཱ་རེའང་བརྒྱད་བརྒྱ་བརྒྱད་བརྒྱ་ཞོ་དང་། སྦྲང་རྩི་དང་། མར་གྱི་ནང་དུ་བསྙུགས་ཏེ་སྦྱིན་སྲེ་བྱས་ལ། དེའི་འོག་ཏུ་གྲངས་ངེས་པར་ཕོ་ཉ་མོའི་བཟླས་བརྗོད་བྱའོ།། གསང་སྔགས་འདིས་བཅིང་བར་བྱ་སྟེ། ན་མོ་མ་ལི་མ་ལི་མ་ཧཱ་མ་ཡི། ཨི་ཏི་མི་ཏི། ཡེ་ཏཱ་བི་ཧཱ་རི་ཎི་ཧི་པྲ་ནན་དི་ཤ་བན་དྷ། མཛྙཱ་པ་ཡ་ཏི་རཀྵ་མཱཾ་སརྦ་ཏ་ཏི་ཙི་ཧི་རི་ཀི་རི་སྭཱ་ཧཱ། ལན་བདུན་པ་ཟླས་བརྗོད་བྱས་པའི་ཆུ་དང་སྐུད་པས་བྱའོ།། འདི་ནི་ལག་ན་། རྡོརྗེ་སླར་གཏང་བའི་སྔགས་ཏེ། ན་མཿཙི་ལི་ཙཱ་ལི་བཛྲ་པཱ་ཎི་སྭ་བྷཱ་བ་ན་གཙྪ་པུ་ན་ར་ག་མ་ནཱ་ཡ། བུ་ན་པྲ་ཏི་ག་མ་སྭཱ་ཧཱ། ཆུས་སླར་གཏང་བར་བྱའོ།། དེ་ལྟར་དེ་སྒྲུབ་པ་ནི་འདོད་པ་ཐམས་ཅད་སྦྱིན་པར་འགྱུར་ཏེ། འདིས་བསྒྲུབས་ན་འདོད་པ་ཐམས་ཅད་སྦྱིན་པར་འགྱུར་ཏེ། མ་གྲུབ་ནའང་ལས་རྣམས་བྱང་བར་བྱེད་དོ།། གདོན་དབབ་པ་དང་གཙུག་པུད་བཅིང་བ་ནི་ཆུས་བྱའོ།། གནོད་པར་བྱ་བ་ནི་ཤིང་ཤུན་ཐག་གུའམ། ཏ་ལའི་ལོ་མས་སྦྱིན་སྲེག་བྱའོ།། རྨོ་ལྟས་ཀྱི་རེག་སྔགས་དང་སྲུང་བའི་སྐུད་པ་ནི་ཡུངས་ཀར་དང་། ཆུ་དང་། ཐལ་བ་རྣམས་ཀྱིས་བྱའོ།། དུག་ཞི་བར་བྱ་བ་ནི་བཟླས་བརྗོད་ཀྱིས་བྱའོ།། གདོན་བདུན་པོ་སྐྲག་པར་བྱ་བ་ལ་ནི་ལན་ཚྭའི་སྦྱིན་སྲེག་གིས་བྱའོ། ། སྒོ་ལྕགས་དབྱེ་བ་དང་། གདོན་དབང་དུ་བྱ་བ་དང་། མིའི་གཙོ་བོ་དང་། མི་ཆེན་པོ་དབང་དུ་བྱ་བ་ནི་ཞག་བདུན་གྱི་བར་དུ་དུས་གསུམ་དུ་སྦྲང་རྩི་དང་། མར་དང་། ཡུངས་ཀར་དང་། སེང་ལྡེང་གི་ཡམ་སྲེག་ཤིང་གིས་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེགིས་བྱ་སྟེ། དུས་གསུམ་དུ་ཁྲུས་བྱེད་ཅིང་གཙང་མས་གོས་གཙང་མ་བགོས་ནས་བྱའོ།། དེ་ལྟར་བྱས་ན་གནོད། སྦྱིན་མོ་འམ། དྲི་ཟ་མོ་འམ། སྲིན་མོའང་དབང་དུ་ཁུགས་པར་འགྱུར་རོ།། ཟླ་བ་གཅིག་གིས་ནི་འདོད་ཆགས་དང་བྲལ་བ་དང་། ཤི་བ་མ་གཏོགས་པར། སེམས་ཅན་ཐམས་ཅད་ཇི་ལྟ་ཇི་ལྟར་འདོད་པ་བཞིན་དུ་དབང་དུ་ཁུགས་པར་འགྱུར་རོ། ། བློ་གྲོས་རྡོ་རྗེ་མའི་ཆོ་ག་གཉིས་པ་ནི་མར་གྱི་ངོ་ཞག་བརྒྱད་ལ་བརྩམས་ཏེ་ཟས་སུ་འོ་མ་དང་འབྲས་ཆན་ཟ་ཞིང་། ལག་ན་རྡོ་རྗེའི་མདུན་དུ་ཐག་པུ་གྲུ་བཞི་པ་བྱས་ཏེ་སེང་ལྡེང་གིས་མེ་སྦར་ལ། ཨུ་དུམ་ཝ་རའི་ཡ་མ་སྲེག་ཤིང་བརྒྱད་བརྒྱད་སྦྲང་རྩིའི་ནང་དུ་བསྙུགས་པས་དུས་གསུམ་དུ་སྦྱིན་སྲེག་བྱའོ།། ཐབ་ཁུང་དུའང་རྩ་ཀུ་ཤས་བསྐོར་བར་བྱའོ།། ཡུངས་ཀར་གྱིས་ཀྱང་བསྲུང་བར་བྱའོ། ། སྣ་མའི་མེ་ཏོག་གིས་ཀྱང་སངས་རྒྱས་ཀྱི་གཟུགས་རྣམས་ལ་མཆོད་པར་བྱའོ།། སྣ་མའི་མེ་ཏོག་གིས་མཆོད་པ་བྱས་ནས་སྣ་མའི་མེ་ཏོག་གི་འཕྲེང་བའང་ཕྱག་ཏུ་དབུལ་ལོ།། ལག་ན་རྡོ་རྗེ་ལའང་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ་མཚན་མོ་ཀུ་རན་ཏས་ལན་བརྒྱད་སྟོང་སྤྱན་སྲེག་བྱས་ན་ལས་རྣམས་འགྲུབ་པར་འགྱུར་ཏེ། མེ་ཏོག་གི་འཕྲེང་བ་འབུལ་བར་འགྱུར་རོ།། དེ་ལྟར་འགྲུབ་པར་གྱུར་ན་ཕྱི་དེ་ཉིན་པར་མཆོད་པ་ཤིན་ཏུ་རྒྱས་པར་བྱའོ། ། འདི་ནི་རྡོ་རྗེ་བློ་གྲོས་མ་དེའི་སྒྲུབ་པའི་ཆོ་ག་ཡིན་ཏེ། རས་མ་ཉམས་པ་ལ་ཚོན་རྩི་སྦྱིན་མེད་པས་བློ་གྲོས་རྡོ་རྗེ་མ་པདྨའི་མདོག་འདྲ་བ་ལག་ན་པདྨ་ཐོགས་ཤིང་པདྨ་ལ་འདུག་པ་བྲིའོ། ། དེ་ནས་ཞག་ལྔའི་བར་དུ་ཟས་སུ་བ་གཅིན་དང་ཕྱེའི་འདག་གུ་ཟ་ཞིང་། དུས་གསུམ་དུ་ཁྲུས་བྱ་བ་དང་། དུས་གསུམ་དུ་གོས་བརྗེ་བ་དང་། རྩ་ངུར་བའི་སྟན་གྱི་སྟེང་ཉལ་བར་བྱ་སྟེ། དུས་གསུམ་དུ་པདྨ་བརྒྱད་བརྒྱ་ལ་ལན་རེ་རེ་བཟླས་བརྗོད་བྱས་ཏེ་དབུལ་ལོ།། མཇུག་ཏུ་ཟླ་བ་ཉ་ལ་ཞག་གཅིག་སྨྱུང་བ་བྱས་ཏེ། མཆོད་པ་ཤིན་ཏུ་རྒྱས་པར་བྱས་ནས་ལྷ་བཤོས་ཀྱང་ཕུལ་ལ་མཚན་མོ་པདྨོ་བརྒྱད་སྟོང་ཕུལ་ན་འགྲུབ་པར་འགྱུར་རོ། ། འདོད་པ་ཐམས་ཅད་སྦྱིན་པར་འགྱུར་རོ།། མཆོད་པའང་ཅི་འབྱོར་པས་བྱའོ།། འདི་ནི་བློ་གྲོས་རྡོ་རྗེ་མ་དེའི་ཆོ་ག་ཡིན་ནོ།། ནམོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཏི་བཛྲོ་བཛྲོ་ཎི། བཛྲ་བཛྲི་སྨ་ར་ས་མ་ཡཾ། བྷི་རི་བྷཱི་རི། ཀི་རི་ཀི་རི། བཾ་དྷ་བཾ་དྷ། ཀ་ལ་ཀ་ལ། བ་ལ་བ་ལ། ར་ལ་ར་ལ། བཛྲེ། ཧ་ན་ཧ་ན་ཧ་ན། ཙ་པ་ཙ་པ་ཙ་པ། དཱུ་ཏི་བརྞ་ས་ཧ་སྲཾ་མེ་པྲ་ཡཙྪ་ཧཱུ་རུ་རུ། སིདྡྷ་ཤྩཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཆོ་ག་ནི་ཡར་གྱི་ངོ་ཚེས་བཅུ་གསུམ་ལ་བརྩམས་ཏེ། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པས་ཁ་ཟས་མི་ཟ་བར་དུས་གསུམ་དུ་ལས་བྱའོ། ། བཅོམ་ལྡན་འདས་ལ་མེ་ཏོག་དྲི་ཞིམ་པོ་དང་། ཨ་ཀ་རུའི་བདུག་པ་དང་། ལྷ་བཤོས་དཀར་པོ་དང་། མར་གྱི་མར་མེ་རྣམས་ཕུལ་ཏེ། ལག་ན་རྡོ་རྗེའི་ཞབས་དྲུང་དུ་ཨ་ཤ་ཀུ་རའི་སྐྱང་ནུལ་གྱིས་དཀྱིལ་འཁོར་བྱུགས་ཏེ། དེར་གུར་ཀུམ་མམ་ཙན་དན་དམར་པོས་རྡོ་རྗེ་དྲིའོ།། ལག་ན་རྡོ་རྗེ་དང་རྡོ་རྗེ་ལའང་གུར་ཀུ་མ་དང་། ཙན་དན་དང་། མེ་ཏོག་དམར་པོ་དང་། བཤོས་དམར་པོ་དང་། སེར་པོ་དང་། དཀར་པོ་དང་། མར་གྱི་མར་མེ་རྣམས་དབུལ་ཞིང་། དུས་གསུམ་དུ་ཁྲུས་བྱས་ཏེ་ལས་དང་མཆོད་པ་བྱའོ།། དེ་ནས་རྡོ་རྗེའི་དྲུང་དུ་སྣོད་གསར་པའམ། ཁམ་ཕོར་གསར་པའི་ནང་དུ་མེ་སྦར་ཏེ། གུ་གུལ་གྱི་རིལ་བུ་བརྒྱད་བརྒྱ་ལ་ལན་རེ་རེ་བཟླས་བརྗོད་བྱས་པས་སྦྱིན་སྲེག་བྱ་སྟེ། ཞག་གསུམ་སྦྱང་བ་བྱས་ནས་ཟླ་བ་ཉ་ལ་ལན་བརྒྱད་སྟོང་བྱའོ།། དེའི་མཇུག་ཏུ་དངོས་གྲུབ་ཀྱི་རྟགས་གཡོ་བར་འགྱུར་ཏེ། ཟླ་བ་དྲུག་ཚང་ནས་འབྲས་བུ་ཡོད་པར་འགྱུར་རོ།། དེ་ནས་བློ་གྲོས་རྡོ་རྗེ་མའི་ཆོ་ག་ཐ་དད་པ་བཤད་དེ། ཡར་གྱི་ངོ་ཚོས་གཅིག་ལ་བརྩམས་ཏེ་ཟས་སུ་དཀར་གསུམ་ཟ་ཞིང་། ལིག་བུ་མིག་གམ་ལྡོང་རོས་ལས་ཞོ་གཉིས་སམ་སྲང་རེ་རེ་བླངས་ཏེ་བཟླས་བརྗོད་བྱས་ཏེ། དུས་གསུམ་དུ་ཁྲུས་བྱེད་ཅིང་། དུས་གསུམ་དུ་གོས་བརྗེ་བ་དང་། རྩ་དུར་བའི་སྟན་ལ་ཉལ་ཞིང་དུས་གསུམ་དུ་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས། བཅོམ་ལྡན་འདས་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ལ་མཇུག་ཏུ་ཞག་གསུམ་སྤྱང་བ་བྱས་ཏེ། ཟླ་བ་ཉ་ལའང་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ནས། ལིག་བུ་མིག་དང་ལྡོང་རོས་ཨ་ཤཱཏྠའི་ལོ་མ་བཞིའི་སྟེང་དུ་བཞག་ལ། གསུམ་གྱིས་བཀབ་ནས་ལག་པ་གཡས་པས་མནན་ཏེ། གཡོན་པས་ཙན་དན་དམར་པོ་འམ། བེ་ཀང་ཀ་ཏ་འམ། གྲོག་མཁར་གྱི་ས་ལས་བྱས་པའི་རྡོ་རྗེ་སྲིད་དུ་སོར་བརྒྱད་ཡོད་པ་རྩེ་ལྔ་པ་བླངས་ཏེ་བསྲུང་བ་བྱས་ཤིང་། ཆོ་ག་བཞིན་དུ་ལྷ་བཤོས་ཕུལ་ནས། དངོས་གྲུབ་འགྲུབ་པའི་གནས་གང་ཡིན་པར་ཉི་མ་འམ། ཟླ་བ་ལ་གཟའ་འཇུག་པའི་ཚེ་ན་ནམ་དྲོ་བར་གྱུར་པ་འམ། དུད་པ་འཐུལ་བ་འམ། མེ་འབར་བར་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ།། མཆོད་རྟེན་གྱི་དྲུང་ངམ། སྐུ་གཟུགས་སམ། བྱང་ཆུབ་ཀྱི་སྙིང་པོའི་ཤིང་དྲུང་དུ་བའི་མར་སྲང་གཅིག་གསེར་རམ། དངུལ་ལམ། ཟངས་ཀྱི་སྣོད་དུ་བཞག་སྟེ། བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་མཆོད་པ་བྱས་ཏེ། ཟླ་བ་མི་མཐོང་བར་རྩ་དུར་བས་བཙུགས་ཏེ་བཟླས་བརྗོད་བྱས་ལ། དྲོ་བར་གྱུར་ནས་འཐུངས་ན་འཇིག་རྟེན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། ། ལྦུ་བ་བྱུང་ནས་འཐུངས་ན་ནི་ཐོས་པ་འཛིན་པར་འགྱུར་རོ།། དུད་པ་འཐུལ་ནས་འཐུངས་ན་ནི་ལུས་མི་སྣང་བར་འགྱུར་རོ།། འབར་བར་གྱུར་ནས་འཐུངས་ན་ནི་ནམ་མཁའ་ལ་རྒྱུ་བར་འགྱུར་ཏེ་དངོས་གྲུབ་ཆེན་པོ་ཡིན་ནོ། ། དེ་ནས་ནོར་སྒྲུབ་པ་འབྱུང་སྟེ། ཙན་དན་དམར་པོ་ལས་བློ་གྲོས་རྡོ་རྗེ་མའི་གཟུགས་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། དེའི་ལག་པ་གཡས་པ་ན་པདྨ་ཐོགས་པ། གཡོན་པ་ན་རྡོ་རྗེ་ཐོགས་པར་བྱས་ཏེ། གཙང་མའི་ཕྱོགས་སུ་གྲོག་མཁར་གྱི་ས་ལས་སྟེགས་བུ་སོར་བརྒྱད་པ་བྱས་ནས་དེར་ཁ་ནུབ་ཕྱོགས་སུ་བསྟན་ཏེ་བཞུག་ལ། ཟླ་བ་ཉ་ལ་ཞག་གཅིག་སྤྱང་པ་བྱས་ནས་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་པའི་ནང་དུ་བ་ལང་གི་ལྕི་བས་མེ་སྦར་ཏེ་དགང་བླུགས་ཕུལ་ལ། ཙན་དན་དམར་པོའི་ཕྱེ་མ་སྦྲང་རྩི་དང་མར་དང་སྦྱར་བའི་སྲེག་བླུགས་ལན་བརྒྱད་སྟོང་སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། ། དེ་ནས་ཟ་གཅིག་པ་བྱས་ཏེ་གཙང་མ་བཟླས་བརྗོད་བྱས་ལ་བརྩོན་པས། དུས་འཚམས་ཀྱི་དུས་སུ་བ་ལང་གི་རྨིག་པ་མར་གྱིས་བཀང་བ་རྩ་ངུར་བ་དང་བཅས་པར་སྦྱིན་སྲོག་བྱས་ནས་ལན་བརྒྱད་བརྒྱ་བཟླས་བརྗོད་བྱའོ། ། ཉིན་གཅིག་བཞིན་དུ་དེ་བཞིན་བྱས་ནས་བ་ལང་གི་རྨེག་པ་ཇི་སྙེད་ཅིག་སྦྱིན་སྲེ་བྱས་པ་རྨིག་པ་རེ་རེ་ཞིང་བ་ལང་བརྒྱད་བརྒྱ་ཐོབ་པར་འགྱུར་རོ།། མ་དང་རའང་དེ་དང་འདྲའོ། ། ཡང་ན་འབྲས་བུ་མ་བརྡུངས་པ་མར་དང་སྦྱར་བའི་ཡུལ་མ་ག་དྷའི་བྲེ་ཚད་གཅིག་ཙམ་གྱིས་སྲེག་ཐུགས་ཆོ་ག་གོང་མ་བཞིན་ཞག་བདུན་སྦྱིན་སྲེག་བྱས་ལ། བརྒྱད་བརྒྱ་རྫོགས་ཤིང་དགང་བླུགས་ཕུལ་ན་ཉིན་རེ་ཞིང་བྲེ་རེ་རེ་ཐོབ་པར་འགྱུར་རོ། ། དེ་བཞིན་དུ་འབྲུ་ཐམས་ཅད་དབུལ་བར་བྱ་སྟེ། ངུར་བའི་མྱུ་གུ་སྦྱིན་སྲེག་བྱའོ།། མར་འཐུང་བར་འདོད་པས་ནི་མར་གྱི་ངོ་ཞག་བཅུ་བཞི་ལ་ཞག་གཅིག་སྦྱང་བ་བྱས་ཏེ། གུ་གུལ་སྲང་གཅིག་སེང་ལྡེང་གི་ཐང་ཆུ་དང་བཅས་པ་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་མར་དང་སྦྱར་ཏེ་འཐུངས་ན་ནད་ཐམས་ཅད་མེད་པར་འགྱུར་རོ།། ཟླ་བ་ཉ་ལ་ཞག་གཅིག་སྦྱང་བ་བྱས་ཏེ། ཡུངས་ཀར་སྲང་གཅིག་ཨ་ཤྭཏྠའི་ལོ་མ་བཞིའི་སྟེང་དུ་བཞག་ནས་གསུམ་གྱིས་བཀབ་སྟེ། ལག་པས་མནན་ལ་ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་ལས་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དང་། ཅིའང་རུང་བ་ཐམས་ཅད་ལ་མགོ་བོར་གདགས་པར་བྱའོ།། མར་གྱི་ངོ་ཞག་བཅུ་བཞི་ལ་སྐུད་པ་ནག་པོ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་མདུད་པ་བོར་ན་འཇིགས་པ་ཐམས་ཅད་སྲུང་བ་རྣམས་ལ་སུའང་འགལ་བར་མི་བྱེད་དོ། ། རིག་སྔགས་ཞུ་དག་པར་འདོད་ན་ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ། ཟས་སུ་དཀར་གསུམ་ཟོས་ལ་རིག་སྔགས་ཞུ་དག་པར་འདོད་པ་དེ་གྲོ་ག་ལ་བྲིས་ནས་སྦུ་གུ་དང་སྣག་ཚ་དང་བཅས་པར་བུམ་པ་གསར་པའི་ནང་དུ་གཞུག་གོ། དེའང་བུམ་པ་མི་གནག་ཅིང་རྩ་བ་མེད་པའི་ནང་དུ་གཞུག་པར་བྱའོ།། མར་གྱི་མར་མེའང་སྦྱར་ལ་ལྷ་བཤོས་སུ་ཁུ་བཅུད་དབུལ་བར་བྱའོ། ། དེ་ནས་དུས་གསུམ་དུ་ལན་བརྒྱང་བརྒྱ་བཟླས་བརྗོད་བྱེད་ཅིང་ཐང་ཆུའི་བདུག་པ་བསྲེགས་ལ། གཙང་མས་གོས་གཙང་མ་བགོས་ནས་དེ་ཉིད་ཀྱི་དྲུང་དུ་ས་ལ་ཉལ་བར་བྱའོ།། མཇུག་ཏུ་ཟ་མ་བཞི་སྨྱུང་བ་བྱས་ལ་སྨྲ་བ་ཉལ་མཆོད་པ་ཤིན་ཏུ་རྒྱས་པར་བྱས་ཏེ། གྲངས་ངེས་པ་མེད་པས་བཟླས་བརྗོད་བྱས་ལ་ཚེས་བཅུ་དྲུག་ལ་ཁ་ཕྱེ་ན་ཐམས་ཅད་ཞུ་དག་པར་འགྱུར་རོ། ། ཡང་ན་ལས་ཐམས་ཅད་ལ་རྡོ་རྗེ་ལག་ཏུ་བླངས་ཏེ་སྔར་བསྙེན་པ་བྱའོ།། བློ་གྲོས་རྡོ་རྗེ་མའི་ཆོ་ག་རྫོགས་སོ།། ། དེ་ནས་རྡོ་རྗེ་ནག་མོའི་ཆོ་ག་བཤད་པར་བྱ་སྟེ། རས་མ་ཉམས་པ་ལ་ཚོན་རྩི་སྦྱིན་མེད་པས་བཅོམ་ལྡན་འདས་ཀྱི་གཟུགས་འདྲིར་གཞུག་སྟེ། གཡོན་ཕྱོགས་སུ་ནི་ལག་ན་རྡོ་རྗེ་བྲིའོ།། གཡས་ཕྱོགས་སུ་ཕོ་ཉ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ་བྲིའོ། ། དེ་ནས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་དྲུང་དུ་རས་ཀྱི་སྐུ་གཟུགས་ཁ་ནུབ་ཕྱོགས་སུ་བསྟན་ནས། དེའི་མདུན་དུ་དཀྱིལ་འཁོར་བ་ལང་གི་ལྕི་བའི་སྐྱང་ནུལ་གྱིས་བྱུགས་ལ། དེའི་སྟེང་དུ་མཆོད་པ་བྱ་ཞིང་། དེའི་སྟེང་དུ་དྲིས་ཀྱང་བྱུགས་ཏེ། དེའི་སྟེང་དུ་ཡུངས་ཀར་ལས་སྟེགས་བུ་རྡོ་རྗེའི་དབྱིབས་འདྲ་བ་བྱས་ནས། དེའི་སྟེང་དུ་ཙན་དན་དམར་པོ་ལས་བྱས་པའི་རྡོ་རྗེ་ཤར་ཕྱོགས་སུ་བསྟན་ཏེ་གཞག་གོ། བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལའང་མཆོད་དེ། དུས་གསུམ་དུ་ཀ་ར་ཝཱི་ར་དམར་པོའི་མེ་ཏོག་བརྒྱད་བརྒྱ་ལ་ལ་ན་རེ་རེ་བཟླས་བརྗོད་བྱས་པས་རྡོ་རྗེ་ལ་བསྣུན་པར་བྱའོ། ། དེའི་མཇུག་ཏུ་ཟ་མ་བཞི་སྤྱང་བ་བྱས་ལ་ཟླ་བ་ཉལ་མཆོད་པ་ཤིན་ཏུ་རྒྱས་པ་བྱས་ཏེ། གཏོར་མ་ལ་སོགས་པའང་བྱས་ནས་མར་གྱི་མར་མེ་གཉིས་སྦར་ལ། ལྷག་མ་རྣམས་ནི་ཅི་འབྱོར་པས་བྱའོ།། ། ནམ་དངོས་གྲུབ་ཀྱི་རྟགས་འོད་སྟོན་པ་འམ། རང་བཞིན་གྱི་ཚུལ་གྱིས་འོང་བ་འམ། བཅོམ་ལྡན་འདས་ལ་ཕུལ་བའི་མར་མེ་མེ་ལྕེ་ཆེན་པོར་གྱུར་པ་འམ། རྨི་ལམ་དུ་སྟོན་པར་གྱུར་ཀྱི་བར་དུ་རྡོ་རྗེ་ལ་བསྣུན་ན། དེ་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། མིའི་གཙོ་བོ་འམ་མི་ཆེན་པོ་སྐྱེས་བུའི་ཁྱད་པར་འདི་གཉིས་དབང་དུ་བྱ་བར་འདོད་ན་ཡར་གྱི་ངོ་ཚས་བརྒྱང་ལ་བརྩམས་ཏེ། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པས་ཟས་སུ་དཀར་གསུམ་བཟའ་ཞིང་སྦྱིན་སྲེག་བྱ་སྟེ། བེ་ཀང་ཀ་ཏའི་བུད་ཤིང་ངམ། དེ་མ་རྙེད་ན་པ་ལ་ཤའི་བུད་ཤིང་གིས་མེ་སྦར་ནས་སྦྲང་རྩི་དང་། མར་དང་། ལན་ཚྭས་སྦྱིན་སྲེག་བྱས་ན། མིའི་གཙོ་བོ་འམ་མི་ཆེན་པོ་དབང་དུ་འགྱུར་རོ། ། དུས་གསུམ་དུ་ཡུངས་ཀར་མར་དང་སྦྱར་བའི་སྦྱིན་སྲེག་བྱ་བ་ནི་ལྷག་པར་ཡང་གཙུག་ནས་བྱུང་བའི་ཆོ་གའི་ཁྱད་པར་གྱི་ཐབས་ཡིན་ནོ།། རྡོ་རྗེ་ནག་མོའི་ཆོ་ག་རྫོགས་སོ།། ། གཞན་གྱིས་མི་ཐུབ་པའི་ཆོ་ག་ལ་གདོན་ཐམས་ཅད་དབབ་པ་དང་། བཙས་པ་ཟ་བ་དང་། གྲུལ་བུམ་བསལ་བ་དང་། མདངས་འཕྲོག་པ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། སྲིན་པོ་དང་། ཤྲ་ཟ་དང་། ཡི་དགས་ལ་སོགས་པ་བསལ་བ་དང་གཞིག་པར་བྱ་བ་ནི་ཨེ་ར་ན་དའི་ཤིང་གཱིས་མེ་སྦར་ལཱ། ཨེ་རན་དའི་ཡམ་སྲེག་ཤིང་དང་ཡུངས་ཀར་མཱར་དང་སྦྱར་བས་ཅིག་ཅར་སྦྱིན་སྲེག་བྱའོ།། གདོན་གྱིས་མ་རུང་བ་བྱས་པ་ལ་ནིམ་པའི་ཡམ་སྲེག་ཤིང་གིས་བྱའོ། ། དབབ་པ་ལ་ནི་སེང་ལྡེང་གི་ཡམ་སྲེག་ཤིང་གིས་བྱ་སྟེ། ཁྲག་གི་སྦྱིན་སྲེག་བྱའོ།། དེ་ནས་གདོན་ཁུས་འདེབས་ཤིང་གཏོང་བ་དང་འཕོ་བར་འགྱུར་རོ། ། འབྱུང་པོའི་ཟས་ཀྱིས་ནི་སྤྱིར་ཡང་འབེབས་པར་འགྱུར་རོ།། གསང་བ་པ་དང་ཀླུ་ནི་ཟླ་བ་ཕྱེད་ཀྱིས་དབང་དུ་འགྱུར་རོ།། གནོད་སྦྱིན་མོ་ནི་ཞག་བདུན་གྱིས་སོ།། སྐྱེས་པ་ནི་ཞག་གསུམ་གྱིས་སོ། ། བུད་མེད་ནི་ཟ་མ་བཞིས་དབང་དུ་འགྱུར་ཏེ། འདི་ལྟར་སྣ་མའི་མེ་ཏོག་དང་བེ་ཀང་ཏའི་ཡམ་སྲེག་ཤིང་སྦྲང་རྩི་དང་མར་གྱི་ནང་དུ་བསྙུགས་པས་སྦྱིན་སྲེག་བྱས་ལ། དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་བདག་བསྲུང་བར་བྱའོ། ། སེམས་ཅན་ཐམས་ཅད་ཁ་བཅང་བར་བྱ་བ་ནི་མང་པོའང་རུང་། གཅིག་ལའང་རུང་། སྲད་བུ་ལ་མདུད་པ་བྱས་ཏེ་བཟླས་བརྗོད་ལན་བརྒྱད་བརྒྱ་དང་མདུད་པ་ལན་བརྒྱད་བརྒྱ་བྱའོ། ། གཞིག་པ་ལ་ནི་ལན་ཚྭས་བྱའོ།། གདོན་གཞོམ་པ་ནི་ནིམ་པའི་ཡམ་སྲེག་ཤིང་གིས་བྱ་སྟེ། ཆོ་ག་སྔ་མ་བཞིན་དུ་བྱའོ།། རས་སྔོན་པོ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་རོ་སྨད་དུ་བཅིངས་ན་སུས་ཀྱང་མི་ཐུབ་པའི་རྒྱན་དུ་འགྱུར་རོ། ། དེ་བཞིན་དུ་གཡུལ་འགྱེད་པ་དང་། འཁྲུག་པ་དང་། འཐབ་པ་དང་། རྩོད་པ་ཐམས་ཅད་ལ་བསྲུང་བའི་ཕྱིར་བཅིངས་ན་རྒྱལ་ཞིང་ལན་ཐེབས་པར་འགྱུར་རོ།། དུར་ཁྲོད་དུ་ལས་བྱ་བ་རྣམས་དང་། ཞི་བར་བྱ་བ་དང་། རྒྱས་པར་བྱ་བ་དང་། གདོན་དགུག་པ་དང་། དམ་ཚིག་འཛིན་དུ་གཞུག་པར་བྱ་བ་ལ་ནི་ཆོ་ག་བཞིན་དུ་བཟླས་བརྗོད་དང་རྡོ་རྗེའི་ཕྱག་རྒྱས་བྱའོ།། རྨི་ལམ་དུ་སྟོན་དུ་གཞུབ་པ་ལ་ནི་གཙུག་པུད་དང་རས་ཀྱི་ཚར་ཚར་རམ། ཆོས་གོས་ཀྱི་གྲཝ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་མདུང་པ་བྱའོ།། གཞན་གྱིས་མི་ཐུབ་པའི་ཆོ་ག་རྫོགས་སོ།། རིག་སྔགས་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བཤད་པར་བྱ་སྟེ། ས་གཞི་མདོག་སྡུག་ཅིང་གསེག་མ་དང་། རུས་པ་དང་། སྲོག་ཆགས་ཀྱི་གནས་མེད་པར་བཀྲ་ཤིས་པའི་ཕྱོགས་སུ་མར་གྱི་ངོ་ཞག་བརྒྱད་ལ་ས་ཡོངས་སུ་སྦྱང་བ་བརྩམས་ནས་དཀྱིལ་འཁོར་ཁྲུ་བཅུ་དྲུག་གྲ་བཞི་པ་བྱས་ནས། མར་གྱི་ངོ་ཞག་བཅུ་བཞི་ལ་ཚོན་རྩི་སྣ་ལྔས་བྲི་བར་བྱ་སྟེ། སྒོ་བཞི་དོད་པར་བྱའོ།། ཚོན་རྩི་འབྱུང་ཁུང་ནས་བྱུང་བའི་ཚོན་གྱིས་བྲི་བར་བྱ་སྟེ། དཀྱིལ་འཁོར་གྱི་དབུས་སུ་ལག་ན་རྡོ་རྗེ་གནས་པའི་སྟེགས་བུ་བྱས་ལ། དེའི་ཕྱོགས་གཅིག་ཏུ་གུར་ཀུམ་གྱིས་རྡོ་རྗེ་སོར་བརྒྱད་ཙམ་བྲིའོ།། དེའི་སྟེང་དུའང་ཡུངས་ཀར་གྱིས་རྡོ་རྗེ་བྱའོ།། དེའི་སྟེང་དུ་ཙན་དན་དམར་པོ་ལས་རྡོ་རྗེ་སོར་བརྒྱད་པ་བྱས་ལ་གཞག་གོ། དཀྱིལ་འཁོར་གྱི་ཕྱི་རོལ་ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་དང་འཁོར་ལོ་གཞག་གོ། ལྷོ་ཕྱོགས་སུ་ནི་རྡོ་རྗེ་དང་དབྱུག་པ་གཞག་གོ།། ནུབ་ཕྱོགས་སུ་ནི་རྡོ་རྗེ་དང་ཞགས་པ་གཞག་གོ། བྱང་ཕྱོག་སུ་ནི་རྡོ་རྗེ་དང་བེ་ཅོན་གཞག་གོ། དཀྱིལ་འཁོར་ཟླུམ་པོའི་ནང་དུ་ཕྱོགས་བཞི་ནས་རྡོ་རྗེ་ཐམས་ཅད་གཞག་གོ། དེ་དག་གི་ཕྱི་རོལ་དུ་ཁྲུ་གང་ཙམ་གྱིས་དཔག་སྟེ། དཀྱིལ་འཁོར་གྱི་མཚམས་ཀྱིས་བསྐོར་ནས་ཚེས་གཅིག་ལ་བརྩམས་ཏེ་བསྒྲུབ་པར་བྱའོ། ། སྒོ་བཞིར་ནི་བུམ་པ་མི་གནག་ཅིང་རྩ་བ་མེད་པ་བཞི་པོ་མས་བཀང་སྟེ་གཞག་གོ།། ཉིན་གཅིག་བཞིན་དུ་མཚན་མོ་མར་གྱི་མར་མེའང་དབུལ་ལོ།། ལྔ་པ་དེ་ལག་ན་རྡོ་རྗེ་དང་བཅོམ་ལྡན་འདས་ལའང་དབུལ་ལོ། ། སྟེགས་བུ་དེར་སྐུ་གདུང་དང་ལྡན་པའི་སྐུ་གཟུགས་བཞག་ལ། དེའི་མདུན་དུ་ལྷ་དང་རྡོ་རྗེ་དྲི་ཐམས་ཅད་ཀྱིས་ལེགས་པར་བྲི་བར་བྱ་སྟེ་ཁྲུ་གང་ཙམ་དུ་བྱའོ།། དེའི་ཕྱོགས་གཅིག་ཏུ་ཐབ་ཁུང་རྡོ་རྗེའི་དབྱིབས་འདྲ་བར་བྱས་ལ། དེར་ཤིང་འོ་མ་ཅན་གྱི་ཡམ་སྲེག་ཤིང་གིས་མེ་སྦར་ཏེ་དགང་བླུགས་ཕུལ་ནས་ཞོ་དང་། སྦྲང་རྩི་དང་། འོ་མ་དང་། ཡུངས་ཀར་གྱིས་སྦྱིན་སྲེག་བྱས་ལ། དེ་ནས་བཟླས་བརྗོད་ལན་བརྒྱད་སྟོང་བྱའོ། ། ཟས་སུ་འོ་མ་དང་ཕྱེའི་བདག་གུ་ཟ་ཞིང་དུས་གསུམ་དུ་བདུག་པ་དང་མེ་ཏོག་གི་འཕྲེང་བ་ལ་སོགས་པས་མཆོད་དེ། དུས་གསུམ་དུ་གོས་བརྗེ་བ་དང་མི་སྤ་བས་བསྒྲུབ་པར་བྱའོ།། དེའི་མཇུག་ཏུ་ཞག་གསུམ་སྦྱང་བ་བྱས་ཏེ། ཟླ་བ་ཉ་ལ་མཆོད་པ་རྒྱས་པར་བྱས་ནས་སྒྲུབ་ཅིང་ལག་པས་རྡོ་རྗེ་མནན་ཏེ་ནམ་དྲོ་བར་གྱུར་པ་དང་། དུད་པ་འཐུལ་བ་དང་། འབར་བར་གྱུར་པ་དང་། ནམ་མཁར་འཕགས་པར་གྱུར་ཀྱི་བར་དུ་བཟླས་བརྗོད་བྱའོ། ། དེ་ནས་བླངས་ན་ལག་ན་རྡོ་རྗེ་དང་མཐུ་མཉམ་པར་འགྱུར། དེ་ཚེ་བསྐལ་པར་ཐུབ་རང་མངོན་པར་ཤེས་པ་ལྔ་དང་ལྡན་ལ།། དམོད་པ་འདོར་བ་དང་ཕན་འདོགས་ནུས་པར་འགྱུར་རོ། ། སྨྱུང་བར་འདུག་པའི་ཉིན་མོ་ནི་རྟག་ཏུ་མནན་ཏེ་བཟླས་བརྗོད་བྱའོ།། ལག་ན་རྡོ་རྗེ་དང་འཇོག་རྟེན་སྐྱོང་བ་རྣམས་ལའང་ཕྱོགས་ཐམས་ཅད་ནས་ཀྱང་ལྷ་བཤོས་རྒྱས་པ་དབུལ་ལོ།། སྒོ་རེ་རེར་ཡང་མར་གྱི་མར་མེ་གཉིས་དབུལ་ལོ། ། ནང་དུ་མར་གྱི་མར་མེ་བཞི་དབུལ་ལོ།། ཐོག་མར་ནི་དཀྱིལ་འཁོར་གྱི་གནས་པ་ལང་གི་ལྕི་བས་སྐྱང་ནུལ་བྱུགས་ལ་དྲིས་བྱུགས་ནས་གདོད་བྲི་བར་བྱའོ།། འདི་ནི་ཕོ་ཉ་མོ་ཐམས་ཅད་ཀྱི་སྒྲུབ་པ་སྤྱིའི་ཆོ་ག་ཡིན་ཏེ། ལས་ཐམས་ཅད་ཀྱང་ལས་ཀྱི་རྡོ་རྗེ་ལག་ན་ཐོགས་པར་བྱའོ།། དེ་ནས་མེ་ཏོག་གི་ཆུན་པོ་འགུལ་བར་འགྱུར་རོ།། དེ་ལྟར་གྲུབ་ནས་ཕྱི་དེ་ཉིན་པར་མཆོད་པ་ཤིན་ཏུ་རྒྱས་པར་བྱའོ།། བློ་གྲོས་རྡོརྗེ་སྒྲུབ་པའི་ཆོ་ག་གསུམ་པ་ནི་རས་མ་ཉམས་པ་ལ་ཚོན་རྩི་སྦྱིན་མེད་པས་བློ་གྲོས་རྡོ་རྗེ་མ་པདྨའི་མདོག་ཅན་ལག་ན་པདྨ་ཐོགས་ཤིང་པདྨ་ལ་འདུག་པ་བྲིའོ། ། དེ་ནས་ཞག་ལྔའི་བར་དུ་བ་གཅིན་དང་ཕྱེའི་འདག་གུ་ཐ་ཞིང་། དུས་གསུམ་དུ་ཁྲུས་བྱ་ཞིང་། དུས་གསུམ་དུ་གོས་བརྗེ་བ་དང་། རྩཝ་དུར་བའི་སྟན་ལ་ཉལ་བས་དུས་གསུམ་དུ་པདྨ་བརྒྱད་བརྒྱ་ལ་ལན་རེ་བཟླས་བརྗོད་བྱས་ཏེ་དབུལ་ལོ།། ཟླ་བ་ཉ་ལ་ཉིན་མཚན་དུ་སྨྱུང་བ་བྱས་ཏེ། མཆོད་པ་རྒྱས་པར་བྱས་ནས་ལྷ་བཤོས་ཀྱང་ཕུལ་ལ། ནུབ་གསུམ་པདྨ་བརྒྱང་སྟོང་བརྒྱད་སྟོང་ཕུལ་ན་འགྲུབ་པར་འགྱུར་ཏེ། འདོད་པ་ཐམས་ཅད་སྦྱིན་པར་འགྱུར་རོ།། བློ་གྲོས་རྡོ་རྗེ་མའི་ཆོ་ག་རྫོགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ནི་རི་ནི་རི། པ་ཤྱེ་བ་ཤྱེ་ནེ་སྭཱ་ཧཱ། འདི་ནི་ཕོ་ཉ་མོ་ལྟ་བ་མ་ཞེས་བྱ་སྟེ། འདིའི་ལས་ཐམས་ཅད་རྒྱས་པར་བཤད་པར་བྱའོ།། གསལ་སྣང་གི་ཆོ་ག་བྱ་བར་འདོད་ན་ནི་རི་མོའི་གཟུགས་ཀྱི་མདུན་དུ་དཀྱིལ་འཁོར་སྐྱང་ནུལ་གྱིས་བྱུགས་ཏེ། བདུག་པ་དང་། མེ་ཏོག་དང་། དྲི་ཕུལ་ནས་བུ་མོ་གཞོན་ནུས་བཀལ་བའི་སྐུད་པ་ཕྲ་མོ་ཉིས་བལྟབ་ཏུ་བྱས་པ་སོར་བཞི་པ་གཉིས་བྱས་ལ། དེ་ནས་ལན་བདུན་བཟླས་བརྗོད་བྱས་ཏེ་དཀྱིལ་འཁོར་དེའི་སྟེང་དུ་བཞག་ལ། དེ་ནས་རིག་སྔགས་བརྗོད་པར་བྱ་སྟེ། འདི་སྐད་དུ་ཅི་སྟེ་དོན་འདི་འགྲུབ་པ་ལྟ་ན་གཅིག་ལ་གཅིག་འབྲི་བར་གྱུར་ཅིག། མི་འགྲུབ་པ་ལྟ་ན་སོ་སོར་གྱེས་པར་གྱུར་ཅིག་ཅེས་བྱའོ།། དེ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྷས་སྟོན་པར་འགྱུར་ཏེ། གཙང་ཞིང་ཚངས་པར་སྤྱོད་པ་དང་སྨྱུང་བ་བྱས་པས་བྱའོ།། སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་ན་དེའི་མིང་དང་ལྡན་པར་རིག་སྔགས་བརྗོད་པར་བྱ་སྟེ། མ་ངནའི་ཤིང་ལས་གཟུགས་བྱས་ནས་ཚ་བ་གསུམ་གྱིས་བཀང་ལ། ཚིགས་བདུན་དུ་མ་ད་ནའི་ཚེར་མ་བདུན་གྱིས་བཏབ་ནས། ཟངས་ཀྱི་ཐུར་མ་རྐུབ་ཏུ་བཙུགས་ཏེ་སྤྱི་བོར་ཕྱུང་ལ་སེང་ལྡེང་གི་མདག་མའི་དུགས་ཀྱིས་བདུག་ཅིང་། ཞག་བདུན་གྱི་བར་དུ་ཁ་ཤར་ཕྱོགས་སུ་བསྟན་ཏེ་དུས་གསུམ་དུ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས་མཇུག་ཏུ་ལན་སྟོང་བྱས་ན་འགྲུབ་པར་འགྱུར་རོ། ། དེ་ནས་གཞིག་པར་འདོད་ན་ཡུངས་ནག་གི་འབྲུ་ལས་གཟུགས་བྱས་ལ་རྐང་པ་གཡས་པ་ནས་བརྩམས་ཏེ། སེང་ལྡེང་གི་མེའི་ནང་དུ་དུས་གསུམ་དུ་སྦྱིན་སྲེག་བྱས་ན་ཞག་བདུན་གྱིས་འཇིགས་པར་འགྱུར་རོ། ། དེ་ནས་མར་གྱི་ངོ་ཞག་བརྒྱད་ལ་གསོ་སྦྱོང་དང་ལྡན་པས་རོ་བསྲེགས་པའི་སོལ་བ་བླངས་ཏེ། ལན་བརྒྱད་སྟོང་བཟླས་བརྗོད་བྱས་ནས་དགྲའི་གཟུགས་བྲིས་ལ་རྟག་ཏུ་མགོ་བོ་དང་། སྙིང་ཁ་དག་། ཕལག་པ་གཉིས་དང་། རྐང་པ་གཉིས་སུ་ལྕགས་ཀྱི་ཕུར་བུ་རེ་བཏབ་ན་ལྕེ་འཆིང་བར་འགྱུར་རོ།། དེའི་མིང་ནས་སྨོས་ཤིང་དེའི་རྐང་པའི་དྲུང་དུ་ནིམ་པའི་བུད་ཤིང་ཁྲག་གི་ནང་དུ་བསྙུགས་པས་མ་བུས་པ་ཡུངས་ནག་དང་། ལན་ཚྭ་དང་། ཏིལ་ནག་པོ་བསྲེས་ཏེ་ཁྲག་དང་སྦྱར་བས་དུས་གསུམ་དུ་ལན་ཉི་ཤུ་རྩ་རེ་རེ་སྦྱིན་སྲེག་བྱས་ན་ཞག་ཉི་ཤུ་རྩ་གཅིག་གི་འཇིག་པར་འགྱུར་རོ།། བདག་ཉིད་ཀྱི་མཐུ་སྐྱེད་པར་འདོད་ན་སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་བདུག་པ་དང་། མེ་ཏོག་དང་། དྲི་ཕུལ་ལ་བུམ་པ་གསར་པ་ཆུས་བཀང་སྟེ། སྨན་ཐམས་ཅད་དང་། ས་བོན་ཐམས་ཅད་དང་། དབྱིག་རྣམས་བླུགས་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ནས། རས་མ་ཉམས་པས་སྨད་གཡོགས་བྱས་ཏེ་ཁྲུས་བྱས་ན་སྡིག་པ་ཐམས་ཅད་རབ་ཏུ་བཅོམ་པར་འགྱུར་རོ། ། དེ་ནས་མིག་སྨན་སྒྲུབ་པར་འདོད་ན་ཨུཏྤ་ལ་དམར་པོ་དང་། པདྨ་སྐྱོན་མེད་པ་དང་། པདྨོཏྟ་ར་དང་། ས་ཧ་ཙ་ར་དང་། གིའུ་ཝང་དང་། རྡོ་པ་ཝང་ལོང་བུ་དང་། མིག་སྨན་གྱི་གཙོ་བོ་འདི་དག་གླང་པོའི་རྡུལ་དང་སྦྱར་ནས་རྒྱུན་མ་ཆད་པར་ལན་སྟོང་སྦྱིན་སྲེག་བྱས་ཏེ། སྐར་མ་རྒྱལ་ལ་མིག་བསྐུས་ན་དེ་མ་ཐག་ཏུ་འཇིག་རྟེན་ཐམས་ཅན་ལ་དབང་སྒྱུར་བར་འགྱུར་རོ།། དེ་ནས་ལུས་མི་སྣང་བར་འདོད་ན་མིག་སྨན་གོང་མ་དེ་ཉིད་ལྕགས་ལས་མིའི་གཟུགས་བྱས་པའི་སྤྱི་བོ་ཕུག་ལ། དེའི་ལྟོ་བ་མིག་སྨན་གྱིས་བཀང་སྟེ་ལྕགས་ཀྱི་ཕུར་བུས་བཏབ་ནས་ཞག་གསུམ་སྨྱུང་བ་བྱས་ལ། མར་གྱི་ངོ་ཞག་བཅུ་བཞིའི་ནུབ་མོ་བཟླས་བརྗོད་བྱས་ཏེ། རོ་བསྲེག་པའི་མི་འབར་བའི་ནང་དུ་བོར་ནས། འབྱུང་པོའི་གཏོར་མ་ཐམས་ཅད་ཕུལ་ལ་གྲངས་ངེས་པ་མེད་པར་བཟླས་བརྗོད་བྱའོ།། དེ་ནས་རྨི་ལམ་དུ་མི་ནག་པོ་མཐོང་བར་འགྱུར་ཏེ། གྲུབ་ཟིན་ནོ་ཞེས་ཟེར་བ་དང་། ནང་པར་ལངས་ཏེ་དེས་མིག་བསྐུས་ན་ལུས་མི་སྡང་བར་འགྱུར་རོ།། རྡུལ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་གདོང་བསྐུས་ན། རྒྱལ་པོའི་ཕོ་བྲང་དང་རྩོད་པའི་ནང་དུ་རྒྱལ་བར་འགྱུར་ཏེ་དོན་ཡང་གྲུབ་པར་འགྱུར་རོ། གསལ་སྣང་བྱ་བར་འདོད་ན་སྤུང་པ་བྱས་ལ་བདུག་པ་དང་། མེ་ཏོག་དང་། དྲི་དང་། ལྷ་བཤོས་ཕུལ་ཏེ་མཐེ་བོང་རྒྱ་སྐྱེགས་ཀྱི་ཁུ་བས་མདོག་བསྒྱུར་ནས་དྲི་ཞིམ་པོས་བསྒོས་པའི་ཏིལ་མར་གྱིས་བསྐུས་ཏེ། བྱིས་པ་བྱད་བཟང་ལ་མདོག་གནག་པ་སྨྱུང་བ་བྱེད་དུ་བཅུག་ནས། རིག་སྔགས་བཟླས་བརྗོད་བྱས་ན་ངེས་པར་རྟོགས་པར་འགྱུར་རོ།། ཡང་ན་མེ་ལོང་ལའང་བྱ་སྟེ། མིག་ལ་སྔགས་ཀྱིས་གདབ་བོ།། གོས་དང་རྒྱན་ཐམས་ཅད་ལའང་སྔགས་ཀྱིས་གདབ་བོ།། ལྟ་བ་མའི་ཆོ་ག་རྫོགས་སོ། ། དེ་ནས་ལྷ་ཀུན་ལུ་གུ་རྒྱུད།། ལག་ན་རྡོ་རྗེའི་གཡུང་དྲུང་ལས། རྡོ་རྗེ་ལུ་གུ་རྒྱུད་གྲགས་པ།། བདག་གིས་རབ་ཏུ་བཤད་པར་བྱ།། དེ་ནས་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གི་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་ཐམས་ཅད་དུ་གཞན་གྱིས་མི་ཐུབ་ཅིང་དོན་ཐམས་ཅད་འགྲུབ་པ་ལགས་ཀྱིས། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བསྩལ་བ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་སྨན་པ་གང་ལགས་པ་བདག་གི་འདི་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། སའི་སྟེང་གང་ན་བདུད་སྡིག་ཅན་གྱི་དབང་དུ་གྱུར་པ། དད་པ་མ་མཆིས་པ། འདོད་པ་ན་སྤྱོད་པའི་བར་གང་དག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བགེགས་བགྱིད་པ་དེ་དག་གཞོམ་པའི་སླད་དུ། རིག་སྔགས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བགྱི་བ་འདི་བགེགས་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། ལས་ཐམས་ཅད་བགྱིད་པ། ཐམས་ཅད་གཞན་གྱིས་མི་ཐུབ་པའི་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་འདིའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ནས་ལག་ན་རྡོ་རྗེས་རིག་སྔགས་ཀྱི་ཚོག་རྣམས་ལ་བལྟས་སོ།། དེ་ནས་རིག་སྔགས་ཀྱི་ཚོགས་ཀྱིས་བསྐོར་བའི་རིག་སྔགས་བཅོམ་ལྡན་འདས་གང་ན་བདེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ནད་མེད་པ་ནི་རྙེད་པའི་མཆོག། ཆོ་ག་ཤེས་པ་ནི་ནོར་གྱི་མཆོག། ཡིད་བརྟན་པ་ནི་གཉེན་གྱི་མཆོག། མྱ་ངན་འདས་པ་བདེ་བའི་མཆོག། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གསང་བཔཔའི་བདག་པོ་ལག་ན་རྡོ་རྗེ་རྡོ་རྗེ་འཛིན་གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་འཁོར་དང་བཅས་པ། གཡོག་དང་བཅས་པ། ཕྱི་བཞིན་འབྲང་བ་དང་བཅས་པ་ལ་ཕྱག་འཚལ་ལོ།། འཇིག་རྟེན་སྐྱོང་བ་བཞི་ལ་ཕྱག་འཚལ་ལོ།། དེ། ནས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྡོ་རྗེ་ལུ་གུ་རྒྱུད་བཤད་པར་བྱའོ།། རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ།། རྡོ་རྗེ་མཆོག་འཛིན་པ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། རྡོ་རྗེ་མཛེས་པ་ལག་ན་འཁོར་ལོ་དང་རྡོ་རྗེ་ཐོགས་པ་ལ་ཕྱག་འཚལ་ལོ། ། རིག་སྔགས་རྡོ་རྗེའི་རིགས་སུ་གཏོགས་པ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ།། རྡོ་རྗེ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ།། རྡོ་རྗེ་དགའ་བར་བྱེད་པ་ལ་ཕྱག་འཚལ་ལོ།། ནོར་བུ་རྡོ་རྗེ་འོད་ལ་ཕྱག་འཚལ་ལོ།། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བྷུ་རུ་དང་། རྡོ་རྗེ་མཛེས་པ་སྣ་ཚོགས་ཅན་ལ་ཕྱག་འཚལ་ལོ།། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་བསྟོད་པ་ཁྱོད་ལ་ཕྱག་འཚལ་ལོ།། དྲི་ཟ་ཐམས་ཅད་ཀྱིས་མཆོད་པ་ཁྱོད་ལ་ཕྱག་འཚལ་ལོ། ། ཀླུའི་དབང་པོ་ཐམས་ཅད་ཀྱིས་བརྗོད་པ་ཁྱོད་ལ་ཕྱག་འཚལ་ལོ།། གནོད་སྦྱིན་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁྱོད་ལ་ཕྱག་འཚལ་ལོ།། འབྱུང་པོས་བརྗོད་པ་ཁྱོད་ལ་ཕྱག་འཚལ་ལོ། ། འཇིག་རྟེན་སྐྱོང་གིས་བརྗོད་པ་ཁྱོད་ལ་ཚལ་ལོ།། རིག་སྔགས་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁྱོད་ལ་ཕྱག་འཚལ་ལོ།། དབང་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། ཕུར་བུ་དང་། དྲང་སྲོང་བདུན་གྱིས་ཕྱག་བྱས་པ་ལོ་ཕྱག་འཚལ་ལོ།། དཀར་མོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། དྲི་ལེན་གྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། ནག་མོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། ། མ་ཏང་གིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། ཚངས་པས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། དབང་པོས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། ། ཁྱབ་འཇུག་གིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། གཞོན་ནུས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། ཉི་མ་དང་ཟླ་བས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། བྲམ་ཟེས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། ། སྔོན་གྱི་དྲང་སྲོང་གིས་མཆོད་པ་ལ་ཕྱག་འཚལ་ལོ།། རླུང་ལྷས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཕོ་ཉ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་མི་སྣང་བར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ཕུར་བུ་གསུམ་པ་ལ་སོགས་པ་དང་། འཇིག་རྟེན་སྐྱོང་བ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བིངྒ་ཀ་ར་པྲ་ཧཱཧ་བྷ་དང་།
CLOSE WINDOW