CLOSE WINDOW

S687: འཕགས་པ་པརྞ་ཤ་བ་རིའི་མདོ
Wyliee-texts produced with ocr Programm

། འཕགས་པ་བརྞ་ཤ་བ་རིའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ།། དཱ་མ་ནེ་ཛྙཱ་ན་མ་ཥྚ་མི་ཏཱ་ནཱ་མ་སྭ་མི་བཱ་མ་ནི་བྷ་ག་བ་ཏི་བི་ཤཱ་ཙི། པརྞྞ་ཤ་བ་རི། བི་ཤཱ་ཙི་པཱ་ཤ་པ་ར་ཤུདྡྷ་རི་ཎཱི། ཡ་ནི་ཀ་ནི་ཙི་བྷ་ཡཱ་པ་དྱཾ་སྟེ། ཡེ་ཀེ་ན་ཙིད་ཨུ་པ་དྲ་བཱཿཡེ་ཀེ་ཙིད་ཨཱུ་པཱ་ཡཱ་སཱ། ཡེ་ཀེ་ཙིད་ཨ་དྷྱ་ཨཱཏྶི་ཀཱ་བྷཾ་ཡ། ཡེ་ཀེ་ཙིད་ཨུ་པ་ཡརྨྨ་ཨུ་པ་སརྦྦ་སཾ་བདྡྷ་བཱ། ཨུཏ་པ་དྱཏྟེ། སརྦ་ནི་ཏཱ་ནི། སརྦ་སྠཱ། སརྦེ་ཏེ་བཱ་ལ་ཏ། ཨེ་བོད་པཪྱ་སྟེན་པརྟྟི་ཏ་ཏཿཏད་ནེ་ན་ས་ཏྱ་པ་ཙ་ན་ས་ཏྱ་བཱཀླེ་ནཿཏདྱ་ཐཱ། ཨོཾ་ཛཿཛཿཛཿཛཿེ་བྷི་ཥཿ། པཎྜི་ཏ་ཨ་དྷིཥྛི་ཏཻ་ར་མནྟྲ་པ་ཏཻ་ར། མ་མ་སརྦ་སཏྭཱ་ནཱཉྩུ། རཀྵཾ་ཀུ་རུ་པ་རི་ཏྲ་ན་ཀུ་རུ། པ་རི་གྲ་ཧཾ་ཀུ་རུཿཔ་རི་བཱ་ལ་ནཾ་ཀུ་རུ། ཤཱནྟིཾ་ཀུ་རུ་སཱུ་སྱཱ་ཡ་ནཾ་ཀུ་རུ། དརྞ་པ་རི་ཧཱ་ར་ཀུ་རུ། ཤསྟྲ་པ་རི་ཧཱ་རཾ་ཀུ་རུ། ཡཱུ་བད་བ་ཥི་དྷཱ་ཥ་ཎཾ་ཀུ་རུ། ཨགྣི་པ་རི་ཧཱ་རཾ་ཀུ་རུ། ཨུད་ཀ་པ་རི་ཧཱ་ར་ཀུ་རུ། ཀ་ཁོ་རྡ་ཙྪེ་ད་ནི་ཀུ་རུ། སཱི་མཱ་བེ་དྷ་ཀུ་རུ། དྷཱ་ར་ཎི་བནྟ་ཀུ་རུ། ཏདྱ་ཐཱ། ཨ་མི་ཏེ་ཨ་མཻ་ཏེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་སྭ་སྟེ། ཨ་སྭ་སྟི་གེ། མཱ་མ་ར་མཱ་མ་ར། མཱ་ས་ར་མཱ་ས་ར། ཤ་མ་པྲ་ཤ་མ། ཨུ་པ་ས་མ་སརྦ་བྱཱ་དྷཱི། ནུ་པ་ས་མ་སརྦ་ཨ་ཀཱ་ལ་མྲྀ་ཏྱུ། ནུ་པ་ས་མ་སརྦ་ནཀྵ་ཏྲ་གྲ་ཧ་དོ། ཥཱ་ནུ་པ་ས་མ། སརྦ་དཾཥྚི་ན། ཙོ་ས་ས་མ། བྷ་གཱ་བ་ཏི། པཪྵ་ཤ་བ་རི། ཏྱུ་ན་ཏྱུ་ན། བི་ཏྲུཾ་ན་བི་དྷུ་ན། ཏུ་ཎ་ཏུ་ཎ་ཏུ་མུ་ལེ་སྭཱ་ཧཱ། ཨོཾ་གཽ་ར་གནྡྷ་རི་ཙི་རི་ཙིནྡྷ་ལི། མཱ་ཏཾ་ཀི་པུཀྐ་སི་སྭཱ་ཧཱ། ན་མཿསརྦ་ཤ་པ་རཱཎཱཾ། མ་ཧཱ་ཤ་བི་རཱ་ཎཱཾ། བྷ་ག་བ་ཏི་པི་ཤཱ་ཙི་པརྞྞ་ཤ་བ་རི་སྭཱ་ཧཱ། ཨོཾ་པཾ་ཤཱ་ཙི་པཎྜ་ཤ་བ་རི་ཧྲིཿཛཿཧཱུཾ་ཕཊ་པི་ཤཱ་ཙི་སྭཱ་ཧཱ། ཨོཾ་ཨཾ་ཀུ་རེ། མཱཾ་ཀུ་རེ། ཀུ་ར་རེ་པནྡྷ་ཤ་བ་རི་སྭཱ་ཧཱ། གནག་ནད་ལ་སྲད་བུ་བྱས་ཏེ། བརྒྱ་རྩ་བརྒྱད་བཟླས་ཤིང་མདུད་པ་བརྒྱ་རྩ་བརྒྱད་དུ་མདུད་དེ། སྔགས་ཀྱི་སྙིང་པོ་བྲིས་པའི་སྣོད་དང་བཅས་པས་བཟླས་པ་ཚུལ་བཞིན་དུ་བྱས་ལ། དེའི་རྗེས་ལ་ནད་པའམ། རྟ་དང་བ་ལང་ལ་སོགས་པ་ལ་སྤོས་ཆུས་བཀྲུས་ནས་ཁྱུ་མཆོག་ཀྱང་བཀྲུས་ཏེ། དེའི་མགོ་ལ་བཅིངས་ན་ཞི་བར་འགྱུར་རོ།། དེ་བཞིན་དུ་མ་ཧེ་དང་ར་ལུག་རྣམས་ལ་གནོད་པ་བྱུང་བ་ལའང་ལྷས་སུ་བྲི་བར་བྱའོ། ། བུམ་པ་ཆུ་གཙང་མས་བཀང་སྟེ་བརྒྱ་རྩ་བརྒྱད་དུ་བསྔགས་ནས་བཀྲུས་ན་ཞི་བར་འགྱུར་རོ།། སྔ་དྲོ་བྱུགས་ཀྱི་ལྷས་སུ་སོང་ལ་དྲི་དང་མེ་ཏོག་གི་གཏོར་མ་བྱས་ཏེ། བུམ་པ་གསར་པ་མ་སྤྱད་པ་ཆུས་བཀང་ལ་བརྒྱ་རྩ་བརྒྱད་དུ་བསྔགས་ཏེ། ཕྱུགས་ལྷས་ཀྱི་སྒོར་རྟ་བབས་གཟུགས་ཤིང་།། རྟ་བབས་དེ་ལ་ཆུ་ཤིང་གི་ལོ་མ་ལ་རིག་པ་གིའུ་ཝང་གིས་བྲིས་ཏེ་རྟ་བབས་ཀྱི་ཁར་གདགས་སོ། ། དེ་ནས་ཕྱུགས་ཐམས་ཅད་ཟས་ལ་སོང་བ་རྟ་བབས་ཀྱི་སྒོ་དེ་ནས་གཟུད་དོ།། གཞན་ཡང་བུམ་པ་བཞི་ཆུས་བཀང་སྟེ་བརྒྱ་རྩ་བརྒྱད་དུ་བསྔགས་ནས་མི་བཞིས་ཆུས་གཏོར་ན་ཕྱུགས་ནད་མེད་པར་འགྱུར་རོ། ། དེ་བཞིན་དུ་ཞག་བདུན་དུ་བྱས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ།། མི་ནད་དང་ཕྱུགས་ནད་ལ་གྲོ་ག་ལ་བྲིས་ཏེ་མཆོད་པ་བྱས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་གདགས་སོ།། སྟག་གི་འཇིགས་པ་ལ་དྲིལ་བུ་ལ་བཟླས་ནས་དཀྲོལ་བར་བྱའོ།། ཆུ་སྲིན་གྱི་འཇིགས་པ་ལ་མདའ་དང་ཕ་གུ་ལ་བསྔགས་ན་སྦྲུལ་དང་། བྱི་བ་དང་། སྡིག་པ་ལ་སོགས་པ་རྣམས་ཀྱང་ཁ་བཅིངས་པར་འགྱུར་རོ།། གཡུལ་ངོར་ཐལ་བ་ལ་བསྔགས་ཏེ་སྤྱི་བོ་དང་མགུལ་དུ་བྱུགས་ན་མཚོན་ཆ་ཟློག་པར་བྱེད་དོ།། སྐུད་པ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་ནད་པའི་ཁྲི་ལ་བཅིང་ངོ་།། བུམ་པ་ལ་བརྒྱ་རྩ་བརྒྱད་དུ་བསྔགས་པས་ཁྲུས་བྱའོ། ། ལག་པའི་སྐུད་པ་ལ་བཟླས་ནས་བཅིང་ངོ་།། དེ་ནས་བདེ་བར་འགྱུར་རོ།། ཡུལ་བསྐོར་ཏེ་དྲིལ་བུ་དང་། རྔ་དང་། དུང་ལ་བཟླས་པ་བྱས་ན་བགེགས་ཐམས་ཅད་འབྱེར་ཏེ་གནོད་པའང་ཞི་བར་འགྱུར་རོ།། སྐྱེས་བུ་དཔའ་བོའི་དཔྲལ་བར་རིག་པའི་མདོངས་བཞག་ལ་མཚོན་ཆ་བསྐུར་ན་དགྲའམ་གཡུལ་ཞི་བར་འགྱུར་རོ།། འཕགས་པ་པནྡྷ་ཤ་བ་རིའི་མདོ་རྫོགས་སོ།། །

CLOSE WINDOW