Wylie | e-texts produced with ocr Programm |
དུས་གསུམ་དུ་བརྒྱད་བརྒྱ་བཟླས་པ་བྱའོ།། ཇི་ལྟར་རྙེད་པའི་བཅོམ་ལྡན་འདས་མ་ནོར་རྒྱུན་མའི་རྟོག་པ་རྫོགས་སོ།། @རྒྱ་གར་སྐད་དུ་ཨཱརྱ་ཀ་ཎ་པ་ཏི་ཧྲྀ་ད་ཡ། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལ་ཚོགས་ཀྱི་བདག་པོ།། ཚོགས་ཀྱི་དབང་ཕྱུག་གི་སྙིང་པོ་འཛིན་ན་དེའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་བཟུང་བས་དགོས་པ་འགྲུབ་ཅིང་གསང་སྔགས་ཐམས་ཅད་ཀྱང་དངོས་གྲུབ་ཏུ་འགྱུར་རོ། ། ཏདྱ་ཐཱ། ན་མོ་སྟུ་ཏེ་མ་ཧཱ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཨོཾ་གཿགཿགཿགཿགཿགཿགཿགཿ། ཨོཾ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ག་ཎ་དྷི་པི་ཏ་ཡེ་སྭཱ་ཧཱ། ཨོཾ་ག་ཎ་ཤྭ་རཱ་ཡ་སྭཱ་ཧཱ། ཨོཾ་ཀ་ཊ་ཀཊ། མཊ་མཊ། དར་དར། བི་ད་ར་བི་ད་ར། ཧ་ན་ཧ་ན། གྲྀཧྞ་གྲྀཧྞ། དྷཱུ་བདྷཱུ་བ། བྷཉྫ་བྷཉྫ། སྟམ་བྷཱ་སྟམ་བྷ། ཛམ་བྷ་ཛ་མ་བྷ། མོ་ཧ་མོ་ཧ། དེ་ཧི་དེ་ཧི། ནཱ་ཏཱ་པ་ཡ་ཧཱ་པ་ཡ། དྷནྡ་དི་སིདྡྷིམྨེ་པྲ་ཡཙྪ། ས་མ་ས་མ་ནུ་སྨ་ར་ན་མོ་སྟུ་ཏེ་མ་ཧཱ་རུ་ཛ་ཙན་ཡ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་སུ་རུ་སུ་སྭཱཧཱ། ཨོཾ་མུ་རུ་མུ་སྭཱ་ཧཱ། པཱ་བ་ཤཱི་ཏི་བ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་བྷུ་ཏ་བིན་དུཀྵུ་བྷི་ཏ་ཙིཏྟ་མ་ཧཱ་ས་མཱ་གཙྪ་ཏི། མ་ཧཱ་བྷ་ཡ། མ་ཧཱ་བ་ལ་མ་ཧཱ་བ་ཎཱ་ཀྲ་མ་མ་ཧཱ་ཧསྟེ། མ་ཧཱ་དྲཱཀྵཱི་དྷཱ་ལ། པྲ་བྷོ་དྭེདྡྷ་མི་སྭཱ་ཧཱ། ཏདྱཌྜྷྱ། ཨོཾ་ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། ཨོཾ་ཙཱརུ་ཎུརྱ་སྭཱཧཱ། ཨོཾ་གཏག་ཅགཎྜག་ཀཱཎྜ་གཎག་ཀ།། ཨོཾ་ན་མོན་མྱ་སྭཱ་ཧཱ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མའམ། དགེ་བ་སྦྱིན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་ཚོགས་ཀྱི་བདག་པོ།། ཚོགས་ཀྱི་དབང་ཕྱུག་གི་སྙིང་པོ་འདི་རྩོམ་ནིང་གསང་སྔགས་བསྒྲུབས་པས། དཀོན་མཆོག་གསུམ་མཆོད་དུ་ཡུལ་གཞན་དུ་འགྲོ་འམ། རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མེ་ཏོག་དང་བདུག་པས་མཆོད་པ་བྱས་ཏེ། ཚོགས་ཀྱི་བདག་པོའི་སྙིང་པོ་འདི་བཀླགས་ན་ལས་ཐམས་ཅད་གྲུབ་ཀྱིས། འདི་ལ་ཐེ་ཚོམ་མ་ཟ་ཞིག། འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་དང་། ཡུལ་འཁྲུག་པ་ཐམས་ཅད་ཀྱི་ནང་དུའང་དྲན་པར་བྱས་ན། ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། ཉིན་གཅིག་བཞིན་དུ་ནང་པར་ལངས་ནས་ཚིག་ཏུ་བཏོན་ན་ཐོས་པ་འཛིན་པར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱིས་མདངས་འཕྲོག་པར་མི་འགྱུར་ཞིང་། ཐག་རིང་པོར་ཡོངས་སུ་སྤོང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ་རྫོགས་སོ།། རྒྱ་གར་སྐད་དུ་མ་ཧཱ་ག་ཎ་པ་ཏི་ཏནྟྲ་ནཱ་མ།
CLOSE WINDOW