Wylie | e-texts produced with ocr Programm |
། འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། ། རྒྱ་གར་སྐད་དུ་ཨཱརྱ་ཨཥྚ་མཎྜལ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་གྲུ་འཛིན་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་སྙིང་པོ་ཟླ་བ་སྣང་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེ་སྟན་ལས་ལངས་ནས།། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ན་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་ནི་ཆེན་སྙིང་པོ་ཟླ་བ་སྣང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིན་ཆེན་སྙིང་པོ་ཟླ་བ་སྣང་བ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་སྙིང་པོ་ཟླ་བ་སྣང་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དཀྱིལ་འཁོར་བརྒྱད་པ་བགྱིད་པར་འཚལ་ན། དེས་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཤིན་ཏུ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། དུས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་མཚུངས་པ་མེད་པའི་ཡེ་ཤེས་སྒྲུབ་པའི་ཕྱིར། རིགས་ཀྱི་བུ་ཁྱོད་སྤོབས་པ་སྐྱེས་པ་ནི་བཟང་སྟེ་ལེགས་སོ་ལེགས་སོ། ། རིགས་ཀྱི་བུ་དེའི་ཕྱིར་སྙིང་པོ་གང་བརྗོད་པ་ཙམ་གྱིས། མཚམས་མེད་པ་ལྔ་འབྱང་ཞིང་། དངོས་གྲུབ་ཐམས་ཅད་ཀྱང་ཐོབ་པར་འགྱུར་བ། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྙིང་པོ་ཉོན་ཅིག། ཨོཾ་མུ་ནེ་ཧཱུཾ་མ་ཧཱ། བཱི་ར་སྭཱ་ཧཱ། སྙིང་པོ་འདིས་ནི་དབུས་ཀྱི་བཅོམ་ལྡན་འདས་མཆོད་དོ།། ཨོཾ་ཧྲཱི་ཧཱུ~ཾ་པདྨ་པྲི་ཡ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའོ།། ཨོཾ་མེ་ཧ་ར་ཎ་སྭཱ་ཧཱ། བྱམས་པའི་སྙིང་པོའོ།། ཨོཾ་ཨ་གརྦྷ་ཡ་སྭཱཿ་ནམ་མཁའི་སྙིང་པོའི་སྙིང་པོའོ། ། ཨོཾ་མ་སྭ་ཧི་རཱ་ཨུ0f7f་ལ་ཀཱ་ཐཱ། ཀུན་ཏུ་བཟང་པོའི་སྙིང་པོའོ།། ཨོཾ་ཀུ་རུ་བ་ན་ར་ཧ་སྭཱ་ཧཱ། ལག་ན་རྡོ་རྗེའི་སྙིང་པོའོ།། ཨོཾ་ཤྲཱི་ཨ་ར་ག་སྭཱ་ཧཱ། འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོའོ།། ཨོཾ་ནི་མཱ་ར་བ་སྭཱ་ཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྙིང་པོའོ།། ཨོཾ་ཀྵི་ཏི་ཧ་ར་ཛ་སྭཱ་ཧཱ། སའི་སྙིང་པོའི་སྙིང་པོའོ།། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྙིང་པོའོ།། དེ་བཞིན་གཤེགས་པ་དང་ལྡན་པ་འདི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གྲི་དཀྱིལ་འཁོར་གྱི་མདུན་དུ་ལན་ཅིག་བརྗོད་ན། དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ད་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།
CLOSE WINDOW