Wylie | e-texts produced with ocr Programm |
འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ནམ་མཁའི་སྙིང་པོ་ཞལ་རས་རྒྱ་ཆེ་ཞིང་སྤྱན་གྱི་འོད་འཕྲོ་བས་ནམ་མཁའི་དཀྱིལ་དྲི་ཞིམ་པར་མཛད་པ་ལ་ཕྱག་འཚལ་ལོ། ། ནམ་མཁའི་སྤྱོད་ཡུལ་ཅན་སའི་དཀྱིལ་འཁོར་ཐམས་ཅད་སྣང་བར་མཛད་པ་ལ་ཕྱག་འཚལ་ལོ།། ཨོཾ་སྭ་སྟི་ཀ་མཱ་ལ་ཀྵི་བི་པུ་ལ་སམྦྷ་བ། དྷརྨ་དྷཱ་ཏུ་གོ་ཙ་ར་སྭཱ་ཧཱ། གཟུངས་འདི་བརྗོད་མ་ཐག་ཏུ་ངན་སོང་དང་ངན་འགྲོ་ཐམས་ཅད་ནི་རབ་ཏུ་ཞི་བར་གྱུར། སའང་གཡོས་པར་གྱུར། རྔ་བོ་ཆེ་དག་གི་སླའང་གྲག་པར་གྱུར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། ཀྱེ་འཁོར་གྱི་དཀྱིལ་འཁོར་ན་འཁོད་པའི་སེམས་ཅན་རྣམས་ནམ་མཁའི་སྙིང་པོའི་སྙིང་པོ་དཀྱིལ་འཁོར་མངོན་སུམ་པ་རྣམས་ཀྱི་སྭཱ་ཧཱའི་མཆོག་གི་གཟུངས་འབྱུང་བར་ཤིན་ཏུ་དཀའ་བ། བསོད་ནམས་ཆེན་པོ། སྡིག་པ་དང་ཉོན་མོངས་པ་ཐམས་ཅད་སྲེག་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མ། རིན་པོ་ཆེའི་ཕུང་པོར་གྱུར་པ་འདི་ཉོན་ཅིག་དང་། འདི་ཐོས་པས་དྲི་མ་མེད་པར་འགྱུར་ཞིང་ལེགས་པར་ཁྲུས་བྱས་པར་འགྱུར་ལ། ཤིན་ཏུ་རྣམ་པར་དག་པར་འགྱུར་རོ།། པདྨ་ལྟ་བུར་འགྱུར་ཏེ། འཁོར་བའི་འདམ་གྱིས་མི་གོས་སོ།། ཉི་མ་ལྟ་བུར་འགྱུར་ཏེ། སེམས་ཅན་ཐམས་ཅད་སྣང་བར་བྱེད་དོ།། ཟླ་བ་ལྟ་བུར་འགྱུར་ཏེ། སེམས་ཅན་ཐམས་ཅད་རབ་ཏུ་སིམ་པར་བྱེད་དོ།། ནམ་མཁའ་ལྟ་བུར་འགྱུར་ཏེ། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱིས་མི་གོས་སོ། ། ས་གཞི་ལྟ་བུར་འགྱུར་ཏེ། མཐོ་དམན་མེད་དོ།། ལྷུན་པོ་ལྟ་བུར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་སོ།། ཐར་པ་ལྟ་བུར་འགྱུར་ཏེ། བདེ་བ་དང་སྡུག་བསྔལ་གྱིས་མི་གོས་སོ། ། དེ་ལ་སོགས་པ་ཡོན་ཏན་སྟོང་ཕྲག་བགྲངས་པ་ཚད་མེད་གྲངས་མེད་པ་དག་ཐོབ་པར་འགྱུར་ཏེ། ཉན་པ་དང་། འཆང་བ་དང་། ཀློག་པ་དང་། རྗོད་པ་དང་། སྟོན་པ་ཙམ་དང་། བཟླས་བརྗོད་བྱས་པ་ཙམ་གྱིས་གང་ཅིའང་རུང་སྟེ། དེའི་འདོད་པ་དང་། སྨོན་པ་དང་། རེ་བ་དེ་དག་གྲུབ་པར་འགྱུར་རོ།། བཟླས་བརྗོད་བྱས་པ་ཙམ་གྱིས་ཀྱང་ཆར་ཆེས་པ་དང་། ཆར་མི་འབབ་པ་དང་། སྡང་བས་དཀྲུགས་པ་དང་། མི་ནད་དང་། རྨི་ལམ་ངན་པ་དང་། གནོད་པ་འབྱུང་བ་དང་། འཇིགས་པའི་དུས་དང་། འཆི་བ་དང་། ཆོམ་རྐུན་དང་། མགོན་མེད་པ་དང་། གཡུལ་འགྱེད་པ་དང་། གཅན་གཟན་དང་། མུ་གེའི་སྡུག་བསྔལ་རྣམས་ལས་ཡོངས་སུ་སྲུང་བར་བྱེད་ལ། བདེ་བ་དང་། འབྱོར་པ་དང་། ཅི་འདོད་པ་དང་། ཅི་ལ་དགའ་བ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་ཧ་ཧ་ནས་ཅ་ཅོ་དང་གཞབཏོན་ཏེ། སྒྲ་རིང་ཞེས་བྱས་ནས་གོས་དང་རྒྱན་སྣ་ཚོགས་བསྐྱོད་དེ་སྙིང་ནས་ཕྱག་འཚལ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབང་བྱེད་པ་འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པའི་བསྔགས་པ་རྒྱ་མཚོའི་བསྟོད་པ་ཡང་དག་པར་བརྗོད་པ། ནམ་མཁའི་སྙིང་པོ་སྲིད་གསུམ་སེམས་ཅན་མཆོག། འབྱོར་ལྡན་བློ་གྲོས་རིན་ཆེན་རྒྱ་མཚོ་མངའ། སེམས་ཅན་དག་པ་བླ་མེད་རིན་ཆེན་མཆོག། ཐར་པའི་ས་བོན་འཁོར་བའི་སྡུག་བསྔལ་སེལ། ཀུན་མཁྱེན་ཚུལ་མཁྱེན་ལེགས་དང་ལེགས་མིན་མཁྱེན།། ཐར་མཁྱེན་ཆོས་མཁྱེན་པདེ་དང་མི་བདེ་མཁྱེན།། ལམ་མཁྱེན་གཙེ་མཁྱེན་དགེ་དང་མི་དགེ་མཁྱེན། ། དུས་མཁྱེན་དགེ་མཁྱེན་སྟོབས་དང་སྟོབས་མིན་མཁྱེན།། འགྲོ་མཆོག་ཆོས་མཆོག་སེམས་ཅན་ཡོན་ཏན་མཆོག། ལམ་མཆོག་སྔགས་མཆོག་ཚུལ་དང་ཚུལ་མིན་མཆོག། རྒྱན་མཆོག་ཆོས་མཆོག་འཛིན་དང་མི་འཛིན་མཆོག། དག་མཆོག་སྟོབས་མཆོག་མཆོག་དང་མཆོག་མིན་མཆོག། ཞི་རབ་སྙིང་རྗེའི་རབ་སྟེ་འཁོར་གྱི་རབ།། འོད་རབ་ཐར་པའི་རབ་སྟེ་རྒྱན་གྱི་རབ།། རྒྱ་རབ་སྔགས་ཀྱི་རབ་སྟེ་ཐུགས་བརྩེའི་རབ། ། མཉམ་རབ་སེམས་ཅན་རབ་སྟེ་གསུམ་རིག་རབ།། ལེགས་སྒྲོན་མཆོག་སྒྲོན་སྟོབས་དང་སྟོབས་མིན་སྨོན།། ཐར་སྒྲོན་རིགས་སྒྲོན་རྒྱལ་དང་རྒྱལ་མིན་སྨོན།། དགེ་སྒྲོན་གཟི་སྒྲོན་ནོར་བུ་བོད་ཀྱི་སྒྲོན། ། རྒྱུ་སྐར་ཟླ་བའི་རྒྱན་ལས་ཤར་བའི་སྒྲོན།། མཆོག་འོད་ཡོན་ཏན་ཀུན་གྱི་འོད་ཟེར་འོད།། ལེགས་འོད་ཐར་པའི་ཕོ་བྲང་རྟེན་གྱི་འོད།། འོད་ཆེན་གཏི་མུག་རབ་ཏུ་འབྱེད་པའི་འོད།། རྡོ་རྗེའི་འོད་འབར་བདེ་བའི་འོད་འཆང་བ། ། རྡོ་རྗེའི་དབང་པོའི་འདྲེན་དབང་སེམས་ཅན་དབང་།། རིན་ཆེན་འོད་ཀྱི་དཀྱིལ་འཁོར་རྒྱན་དབང་པོ།། རྒྱལ་དབང་རྒྱལ་བའི་སྟོབས་རྒྱུན་ཆད་མེད་དབང་།། དཔའ་བོ་རིག་སྔགས་འཆང་དབང་སྲིད་གསུམ་དབང་། ། རྡོ་རྔུབབང་པོ་རྡོ་འོད་རྡོ་རྗེ་འབར།། རྡོ་རྗེ་སེམས་དཔའ་རྡོ་རྗེའ་བ.རབས་བརྒྱན།། རྡོ་རྗེའི་འོད་ཅན་རྡོ་འཛིན་རྡོ་རྗེ་དྲག། དོན་གྱི་ཆེན་པོ་རབ་མཆོག་དབང་།། ན་བཀའ་སྔོ་ཞིང་སྐུམ་ལུགས་སྔོ། ། སྐུ་མདོག་སྔོ་ནིང་སྔོ་བའི་འོད་ཀྱིས་བརྒྱན།། རལ་གྲི་ནོ་འཇེབས་སྔོ་ཞིང་བརྟན་པ་བསྣམས།། མཁའ་སྔོགཞལ་མེད་ཁང་འབར་ནང་ན་བཞུགས།། ལྷ་ཞལ་ཇི་མེད་ཤིན་ཏུ་མི་བཟད་འབར།། རབ་ཏུ་དྲལ་ལ་འོད་ཟེར་འཕྲོ་ཞིང་འགྱུར། ། སྡིག་སེལ་རྡུལ་ལྟར་འཁྲུག་བྱེད་འཕྲེང་མཆོག་ཅན།། གློག་གི་སྟོབས་ཀྱིས་སྣང་བས་སྒེག་ལ་བརྟན།། རལ་གྲི་མཚོན་ཐོགས་དང་ལྡན་མཐུ་སྟོབས་མཚོན།། རྡོ་ཡི་མཚོན་ཐོགས་མངའ་དང་མདུང་ཐུང་འཇིགས། ། འཁོར་ལོའི་མཚོན་ཐོགས་བཅིབས་པ་རི་དང་འཁྲུལ།། གསལ་ཤིང་མཚོན་ཐོགས་བགེགས་ཀྱི་སྟོབས་འཇོམས་པ།། བདེ་འབྱུང་འཇིག་རྟེན་གསུམ་བདག་རྡོ་རྗེ་དབྱུག། སྐུ་རྣམས་ཐམས་ཅད་ཉི་མའི་བོད་ཀྱིས་བརྒྱན། ། གྲགས་པའི་རིགས་སུ་བྱུང་བས་རྒྱལ་པོ་མཛད།། མུ་ཏིག་འཕྲེང་བས་སྒེག་ཅིང་མཛེས་པར་བགྱིས།། སྐུ་མཛེས་བརྙེས་ཤིང་ཕུན་སུམ་ཚོགས་པ་བརྙེས།། རབ་འཇམས་མཆོག་བརྙེས་ས་ལ་འཇུག་པ་བརྙེས། ། མཐུ་སྟོབས་ལྷག་པ་བརྙེས་ཤིང་གྲུབ་བརྙེས་ལ།། རིག་པ་གསུམ་གྱི་སྟོབས་བརྙེས་མཐུ་བརྙེས་པ།། བདེ་འདྲེན་ཞི་བ་འཛིན་ཅིང་འོད་འདྲེན་པ།། ཆ་ལུགས་གསལ་མཆོག་དརབ་ཆེན་པོ་འདྲེན། ། བྱམས་འདྲེན་ཉི་མ་འདྲེན་ཅིང་སྐྱེ་དགུ་འདྲེན།། ལེགས་འདྲེན་ཞིང་གི་སྟོབས་འདྲེན་སྙིང་བརྩེ་ཅན།། དྲི་མེད་ཆ་ལུགས་གསལ་བ་ཆ་ལུགས་འབར།། རྣམ་གྲགས་སྒེག་པས་གྲགས་པའི་བ་དན་ཅན།། འགྲོ་བའི་སྐབས་འབྱེད་འཇུག་དང་ལྡོག་པ་མཁྱེན། ། ལོངས་སྤྱོད་གསལ་བར་སྟོན་པའི་སེམས་ཀྱིས་འཇུག། སྐུང་མར་སྐུ་མཐོན་སྐུ་མཛེས་སྲུ་བཟང་བ།། སྐུ་སེར་སྤུ་དཀར་དར་བ་ཆེན་པོའི་སྐུ། སྐུ་རོལ་རྡོ་རྗེའི་སྐུ་མངའ་སྤྱན་ལེགས་སྐུ།། རིགས་སྐུ་རིག་སྔགས་འཆང་བ་རིན་ཆེན་བསྣམས།། གཙུག་གི་ནོར་བུ་གཙུག་ཅན་ཅོད་པན་མཆོག། ཅོད་པན་ཅན་ཏེ་ཆོས་འཛིན་རྡོ་རྗེ་མཆོག། དཔལ་འཛིན་རིན་ཆེན་དམ་པ་འཆང་བའི་མཆོག། སྔགས་བཞི་ཕྱག་རྒྱ་འཆང་བ་ཕུན་སུམ་ཚོགས།། རབ་མཛེས་མཁའ་ལ་གཤེགས་ཤིང་རབ་ཏུ་རྒྱུ།། སྲིད་གསུམ་ཉི་མ་གཅིག་པུ་འོད་སྟོང་མངའ།། རི་རྩེར་འཆར་བ་བདལ་ལེགས་བཀྲ་ཤིས་པ། ། ཡོན་ཏན་མཐུ་སྟོབས་ཁྱད་པར་རྣམ་པར་གྲགས།། ནོར་བུ་ཆེན་པོ་ནོར་སྡུག་ནོར་བུའི་འོད།། ཉི་མའི་ནོར་བུ་ཚུལ་སྤྱོད་ནོར་བུ་འབར།། ཡིད་བཞིན་ནོར་བུ་འགྲོ་ཀུན་མགོན་གཅིག་པུ།། ནམ་མཁའི་དཀྱིལ་ནནོར་བུ་གཅིག་སྣང་བ། ། སེམས་ཅན་རྣམ་དག་ཡངས་ཤིང་རྣམ་པར་གྲགས།། སྲིད་གསུམ་བསྲུང་མ་གཅིག་པུ་རྒྱལ་སྲས་མཆོག། ཞི་བ་རབ་ཏུ་ཞི་བ་སྐྱབས་འོས་སྟག། སྐྱེ་དགུའི་བདག་པོ་པད་བྱུང་པདྨ་སྐྱེས། ཀུན་ནས་འོད་བཟང་ལེགས་བཤད་ཆོས་མངའ་བ།། ད་རབ་ལེགས་བཤད་རབ་དུལ་ལེགས་བཤད་ཕྱག། བློ་བཟང་འོད་བཟང་བདེ་ལྡན་སྐྱེ་གནས་བཟང་།། མཁས་རབ་ཞི་རབ་མཆོག་གི་ཆོས་དང་ལྡན།། ཞི་མཛད་རྒྱལ་འབྱུང་བདེ་བ་འབྱུང་བའི་གནས། ། འོད་ཀྱི་འབྱུང་གནས་བདེ་མཛད་དབང་དུ་མཛད།། ལེགས་འབྱུང་ཤེས་རབ་འབྱུང་གནས་སྟོབས་བསྐྱེད་པ།། སྙིང་རྗེའི་འབྱུང་གནས་བློ་བཟང་རྣམ་གྲགས་མཛད།། རྣམ་གྲོལ་ངེས་གྲོལ་ཤིན་ཏུ་གྲོལ་བའི་བློ། ། བློ་ཡངས་རྣམ་པར་བཀྲམ་ཞིང་རྣམ་པར་གྲགས།། ཀུན་ཏུ་ལོངས་སྤྱོད་སྒོ་སྟེ་བློ་ཡི་མཆོག། བློ་གྲོས་བརྟན་པ་དཀོན་མཆོག་གསུམ་ལས་བསྒྲུབས།། སངས་རྒྱས་པདྨ་འདབ་རྒྱས་འདྲ་བའི་ཞལ། ། དག་ཅིང་སྤྱན་ཡངས་ཆ་ལུགས་ཡིད་དུ་འཐད།། སྙིང་པོ་གསལ་བའི་སྙིང་པོ་བརྟན་ཞིང་དུལ།། ངོ་བོ་ཉིད་ཀྱི་རྒྱུན་བརྙེས་རབ་གསལ་བ།། སྤྱན་ཟུར་མདའ་ནི་རབ་དུལ་གཏད་ལེགས་པ།། འཇིག་མེད་ཞལ་རས་སྟོན་གྱི་ཟླ་བ་འདྲ། ། མདུང་ཐུང་བརྒྱ་ཡི་མཚོན་མཆོག་མཚོན་ཆ་རྫོགས།། དྲག་པོ་འཇིགས་པ་སྡིག་སེལ་གསུམ་ལས་སྐྱེས།། རབ་དུལ་མཁས་པ་འགྲོགས་དགའ་འདྲིས་པ་སླ།། རབ་ཏུ་དྲག་པ་གཉེན་རབ་གསེར་མདོག་ཅན། ། ལྷ་ཆེན་བདེ་བྱེད་གསལ་ཤིང་ཕྱག་ན་བསྣམས།། སྤྱན་གསུམ་རིག་པ་གསུམ་ལྡན་མ་གསུམ་སེལ།། འོད་བཟང་མེ་ཏོག་མཚོན་ཐོགས་མེ་ཏོག་མདའ།། ན་བཟའ་བཟང་མནབས་གཡས་འཕེན་ཚབས་ཆེར་འཕེན། ། ལེགས་བྲིས་སྣ་ཚོགས་མཚོན་ཆ་སྣ་ཚོགས་མདའ།། ན་བཟའ་སྣ་ཚོགས་སྣ་ཚོགས་རྒྱན་གྱི་དཔལ།། ཞལ་རས་ཟླ་བ་འོད་ཟེར་རྒྱས་པ་འདྲ།། ཞལ་མདངས་བསྟན་པས་འཇིག་རྟེན་ཀུན་འབྱོར་མཛད། ། བཞད་པ་ཉི་མའི་འོད་ཟེར་རབ་འཇེབས་མངའ།། ཞལ་མདངས་རྒྱ་མཚོ་གས་ལ་མཛད་ལམ་མེ་བ།། དབང་ཆེན་རྡོ་རྗེའི་ཐོག་ལགས་འཇིགས་པའི་སྒྲ།། རྡོ་རྗེ་དྲག་པོ་ནོར་བུ་གཡོ་བ་འཛིན། ། སྒྲ་སྙན་སྣང་བར་མཛད་པའི་མཐུ་དང་ལྡན།། བློ་གྲོས་ཆེན་པོ་བློ་གྲོས་རྣ་བའི་མཆོག། རྒྱན་འཛིན་དཔལ་འཛིན་རིན་ཆེམཞལ་དང་ལྡན།། རྒྱུ་དང་མི་རྒྱུ་འགྲོ་བ་ཀུན་གྱི་གནས།། དེ་བཞིན་གཤེགས་པ་མགོན་སྲས་འཕྲེང་བ་བཟང་། ། སྟོབས་ཆེན་འཇིག་རྟེན་བློ་གྲོས་ངོ་བོ་ཉིད།། སྐྱེ་དགུའི་བདག་པོ་བཀའ་ལུང་མཉམ་ཞིང་བརྟགས།། མི་ཡི་མངའ་བདག་མཐོ་རིས་སྐྱེད་པའི་རྒྱུ།། རྒྱུ་འཇ་འདོད་པའི་མདའ་དང་རྡོ་རྗེ་ཅན། ། མཐུ་སྟོབས་མངའ་ཞིང་སྤྱན་བཟང་སྡུག་པར་ལྡན།། སྟོན་པ་བཟང་པོ་སྟོང་ཉིད་ལམ་གྱི་སྟེགས།། གཅེས་གསུམ་འཕེལ་བའི་རྒྱུ་ལ་འཇུག་པ་མཛད།། བརྟན་པོ་རྒྱུ་ལ་རབ་ཏུ་ངེས་གྱུར་པ། ། དཀྱིལ་འཁོར་དམ་པ་ཀུན་གྱི་སློབ་དཔོན་ལགས།། གཅིག་པུ་སྐྱེ་དགུའི་དཀྱིལ་འཁོར་ཆོ་ག་མཁྱེན།། རྣམ་པར་སྣང་མཛད་ཞིང་གི་གནས་ནས་སྐྱེས།། དབང་བསྐུར་བརྙེས་ཤིང་ས་བཅུར་ལེགས་པར་གནས།། གནས་ཆེན་སོན་པ་མཆོག་གནས་གཅིག་པུ་ལགས།། སྐྱེ་དགུ་རྣམས་ཀྱི་ཉོན་མོངས་སེལ་བ་དང་།། སྡིག་འཇོམས་མཚན་བརྒྱ་རྩ་བརྒྱད་འདི་ཐོས་ནས།། བདེ་གཤེགས་སྲས་མཆོག་སུ་ཞིག་འདོན་བྱེད་པ།། འཇིག་རྟེན་ཟླ་བ་གཅིག་ཤར་བཞིན་དུ་སྣང་།། ནམ་མཁའི་སྙིང་པོ་སེམས་ཅན་གཅིག་པུ་ཡི།། མདུན་འདུག་ནང་པར་བསྟོད་པ་འདི་བརྗོད་གང་།། དེ་ནི་སྲིད་གསུམ་སེམས་ཅན་མཆོག་འགྱུར་ཞིང་།། དྲི་མའི་གནས་ཀུན་ལས་ཀྱང་ཐར་པར་འགྱུར། ། གཡུལ་དང་འཐབ་རྩོད་ཤིན་ཏུ་མི་བཟང་དང་།། མུ་གེའི་གནོད་པ་མི་ནད་བྱུང་བ་ན།། མཁས་པ་སུ་ཞིག་སྔར་ལངས་དང་བསྐྱེད་ནས།། ནམ་མཁའི་སྙིང་པོ་ལ་ནི་བསྟོད་བྱེད་པ།། དེ་ནི་འཇིགས་པའི་འབྱུང་གནས་ཐམས་ཅད་དང་། ། སྡུག་བསྔལ་འབྱུང་འདྲེན་སྡིག་པ་རྣམས་ལས་གྲོལ།། དེས་ནི་ཞི་མཆོག་མཆོག་བདེ་ཀུན་གནས་དང་།། བདེ་བ་རྒྱ་ཆེན་ངེས་པར་ཐོབ་པར་འགྱུར།། བདེ་འཐོབ་ལོངས་སྤྱོད་འཕེལ་བར་བྱ་བ་འམ།། ། རྒྱལ་སྲིད་འཐོབ་དང་བྱང་གཟུགས་ནོར་འཐོབ་དང་།། རིགས་འཐོབ་ཡོན་ཏན་ཀུན་གྱི་གཞི་སྒྲུབ་ཕྱིར།། བཏོན་ན་འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད།། དེ་ཕྱིར་ཅི་སྟེ་རྟག་ཏུ་འདོད་པ་དེ་ཀུན།། འདོད་ན་འགྲོ་བ་ཀུན་ལ་གཅིག་དཔའ་བ།། ནམ་མཁའི་སྙིང་པོ་སྲིད་གསུམ་མགོན་པོ་ལ།། རྟག་ཏུ་བརྟན་ཅིང་སྔགས་ཀྱང་བསྟན་པར་བགྱི།། འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།།
CLOSE WINDOW