Wylie | e-texts produced with ocr Programm |
རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ་ཨཱརྱ་བཛྲ་ཀྲོ་དྷ་རཱ་ཛཱ་ཀལྤ་ལ་གྷུ་ཏནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ཅེས་བྱ་བ། དཔལ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཞན་འཕྲུལ་དབང་བྱེད་ཀྱི་ནམ་མཁའི་རླུང་གི་དཀྱིལ་འཁོར་རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབས་པའི་སྟེང་དུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། ལྷའི་གཞལ་མེད་ཁང་བྱེ་བ་ཕྲག་བརྒྱད་ཅུས་བསྐོར་བའི་དབུས་སུ་དཔག་ཚད་འབུམ་ཕྲག་ཁྱབ་པའི་ཁང་པ་བརྩེགས་མ་ཤིན་ཏུ་མཐོ་བ། ཀུན་ཀྱང་རིན་པོ་ཆེ་དུ་མའི་ཁྲི་པདྨ་དང་སེང་གེས་མཐོ་བ། དབུ་རྩ་རིན་པོ་ཆེ་ཟུར་མངས་ཀྱི་མཆོད་རྟེན་པདྨ། འཁོར་ལོ་དང་གདུགས་མཐོ་བར་དྲངས་པ་ལ་དར་གྱི་སྤྱངས་ལྡིང་བ། དེའི་གྲིབ་མ་ས་གཞི་ལ་བཀོད་པ་ན་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལྷའི་བཞོན་པ་ལས་བབས་ནས་ནང་དུ་གཤེགས་པ། སྣ་ཚོགས་དྲིལ་བུ་དང་། བ་དན་དང་། རིན་པོ་ཆེའི་མེ་ཏོག་གི་འཕྲེང་བ་དང་། དྲ་བ་དང་དྲ་ཕྱེད་པ་དང་། རྫ་ཡབ་དང་། ཟླ་བ་ཕྱེད་པ་དང་། རྡོ་རྗེ་ཕྱེད་པ་དང་། ཆུ་འཕྱང་ཤར་བུ་ལ་སོགས་པ་དུ་མས་མཛེས་པ། སྒོ་ཁྱུད་ཁྱམས་དང་། སྒོ་གླེགས་དང་། རིན་པོ་ཆེའི་མེ་ལོང་དང་། གདུགས་ལ་སོགས་པ་དུ་མས་ཁྱབ་པ། རིན་པོ་ཆེའི་ཕ་གུ་བརྩིགས་ཏེ་མཛེས་པར་བྱས་པ་དུ་མ་དེ་ཐམས་ཅད་ཀྱི་དབུས་སུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་ལྡན་ཅིག་ཏུ་བཞུགས་སོ། ། དབང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། འཇམ་དཔལ་དང་། ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཞི་བའི་བློ་གྲོས་དང་། སྣ་ཚོགས་བཀྲམ་པ་དང་། མཁའ་འོད་མེ་ཏོག་འཆད་པ་དང་། ནམ་མཁའི་སྙིང་པོ་དང་། གཟུགས་མཛེས་དག་པ་དང་། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་བདུན་དང་། ཤཱ་རིའི་བུ་དང་། མོའུ་འགལ་དང་། རྟ་ཐུལ་དང་། འོད་སྲུངས་ལ་སོགས་པ་བྱེ་བ་ཕྲག་བཞི་དང་། བྲགས་ཆེན་སྙན་པ་ཆེན་པོ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། ལུས་ངན་དང་། གཤིན་རྗེ་དང་། དགའ་རབ་དབང་ཕྱུག་ལ་སོགས་པ་ལྷའི་རིགས་སུམ་བརྒྱ་དང་ལྷན་ཅིག་ཏུ་ཆོས་ཀྱི་རྣམ་གྲངས་གསང་སྔགས་ཞེས་བྱ་བ་ལ་འཇུག་པ་གང་ཞིག་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམ་པ་དུ་མ་དང་ལྡན་པའི་འཁོར་རྣམས་ལ་དགོངས་པ་ཐ་དད་ཀྱི་བསམ་པ་དང་འཐུན་པའི་བཀོད་པ་ཆེན་པོ་བསྐྱེད་པ་དང་། ཆོ་འཕྲུལ་དུ་མ་བསྒྱུར་བ་དང་། འོད་ཟེར་དུ་མ་འགྱེད་ཅིང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་བཞིན་དུ་འཁོར་ལ་གཟིགས་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཡི་གེ་མིང་ཚིག་དག་གི་སྒོས།། སྔགས་དབྱིབས་ཆོས་སུ་བྱིན་བརླབས་ཀྱིས།། ཡི་གེ་སྒྲ་ཙམ་ཕྱེད་དམ་གཅིག། མངོན་སུམ་རྗེས་འཇུག་རིང་ཐུང་དང་། དབྱངས་དང་གསལ་བྱེད་མཚོན་མས་མཚན།། ས་བཅུ་ཕ་རོལ་ཕྱིན་བཅུ་བ་དག། དབང་བཅུ་དོན་བཅུ་རྣམ་པ་བཅུ།། མི་འཇིགས་བཞི་དང་མ་འདྲེས་ཆོས།། ། བྱམས་དང་ཐུགས་རྗེ་ཆེན་པོ་དག། དབྱངས་གཅིག་གིས་ནི་སྔགས་སུ་གྱིས།། སྡུག་བསྔལ་སྣ་ཚོགས་རབ་ཞི་དང་།། ཡིད་འཕྲོག་དཔལ་འབྱོར་དབང་ཕྱུག་དང་།། མཐུ་སྟོབས་དུམ་བསྐྱེད་པ་དང་།། རྟག་གནས་ཐོབ་དང་དོན་ངེས་ཐོབ། ། རྡོ་རྗེ་བླ་ན་མེད་སེམས་བསྐྱེད།། མདོར་ན་གང་གིས་གང་འདོད་པ།། བསམ་པས་སེམས་རྣམས་རྫོགས་པའི་ཕྱིར།། རྡོ་རྗེ་བླ་ན་མེད་པ་གསོར།། ཆོས་སུ་བླ་ན་མེད་པ་སྒྲོགས།། འཁོར་ལོ་བླ་ན་མེད་པ་སྐོར།། རལ་གྲི་བླ་ན་མེད་པ་ཟུང་།། པདྨ་བླ་ན་མེད་པ་ཆོངས།། རིན་ཆེན་བླ་མེད་གསལ་བར་གྱིས།། དཀྱིལ་འཁོར་ཚུལ་དུ་སྤྲོས་ནས་ཀྱང་།། མཆོད་རྟེན་ཚུལ་དུ་བསྡུ་བར་གྱིས།། ལྷ་ཀླུ་གནོད་སྦྱིན་དྲི་མ་དང་།། ལྷ་མིན་མཁའ་ལྡིང་མི་འམ་ཅི། ། སྲིན་པོ་ཤ་ཟ་བརྗེད་བྱེད་ཚོགས།། འཇིགས་པ་དག་ཀྱང་འཇིགས་འགྱུར་བའི།། རྣམ་འཕྲུལ་དུ་མ་འདི་སྒྱུར་ཅིག། གསུང་མཆོག་དེ་སྐད་ཐོས་མ་ཐག། ལག་ན་རྡོ་རྗེ་མཐུ་བོ་ཆེས།། དགའ་མགུ་ཐལ་མོ་རབ་སྦར་ཏེ། ། སྙན་པའི་ཚིག་གིས་འདི་གསོལ་ཏོ།། གསེར་དང་རིན་ཆེན་ལྔ་པོ་ལས།། རབ་མཆོག་རི་བོར་གྱུར་པ་ལས།། འགྲོ་རྣམས་ཀུན་གྱི་རྟེན་གནས་དང་།། རྟགས་སུ་ཡང་དག་འཛིན་པ་ལྟར། ། རྣམ་པར་ཤེས་དང་ཕུང་པོ་བཞི།། འབྱུང་བ་རྣམ་པར་དག་བསྒྲུབས་པས།། ལྷ་དང་ཕྱག་རྒྱ་འཕྲིན་ལས་སུ།། སྔགས་ཤེས་རྣམས་ཀྱིས་བཟུང་བྱས་ནས།། བཏུལ་བའི་ཡེ་ཤེས་བྱང་ཆུབ་རིམ། ། ཁྱད་པར་དེ་ལ་ལྡན་པར་འགྱུར།། དེ་ནས་བཅོམ་ལྡན་ཐུབ་པ་ཆེ།། ཀུན་མཁྱེན་ཡེ་ཤེས་གཙོ་བོ་ཆེས།། སྐུ་ལས་སྣ་ཚོགས་མདངས་འོད་ཅན།། འོད་ཟེར་དུ་མ་བྱུང་ནས་ཀྱང་།། གཞི་དང་སྙིང་པོ་མེ་ཏོག་གིས།། བརྒྱན་པའི་ཞིང་རྣམས་ཁྱབ་བྱས་ཚེ།། ས་ཡང་རྣམ་པ་དྲུག་ཏུ་གཡོས།། འཇིག་རྟེན་སྐྱོང་དང་བདུད་ཀྱི་ཚོགས།། མ་ལུས་པ་རྣམས་བརྒྱལ་བར་གྱུར།། ཉན་ཐོས་རང་རྒྱལ་འདར་བར་གྱུར། ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།། ཚོགས་རྣམས་ཤིན་ཏུ་སྐྲག་པར་གྱུར།། དེ་ཚེ་ཕྱོགས་བཅུའི་ཞིང་རྣམས་ནས།། སངས་རྒྱས་ཀུན་གྱི་མཛོད་སྤུ་ནས།། ཁྲོ་བོ་ཆེན་པོའི་ཚོགས་བྱུང་བ།། འོད་ཟེར་རྩེ་མོས་དྲངས་ནས་སུ།། ཞིང་དབུས་དཀྱིལ་འཁོར་འདི་རུ་ལྷགས།། འོད་ཟེར་ཚོགས་ཀྱང་རབ་འདུས་ནས།། དཔལ་བེའུ་ཉིད་དུ་ཐིམ་པར་གྱུར།། དེ་ཚེ་འོད་དེའི་བྱིན་རླབས་ལས།། མཁའ་ལ་སྒྲ་འདི་གྲགས་པར་གྱུར། ། ཤཱཀྱའི་མགོན་པོ་རྫོགས་སངས་རྒྱས།། གང་དུ་གཟི་བརྗིད་ཆེ་བཞུགས་སླད།། ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི།། རྒྱལ་བའི་སྲས་པོ་ཐམས་ཅད་གཤེགས།། དྲི་མ་མེད་པའི་དམ་ཆོས་མཆོག། གསང་སྔགས་སྤྱོད་པའི་ཚུལ་དགེ་བ། ། ཐོས་ནས་བྱང་ཆུབ་འདུས་མ་བྱས།། འཇིག་རྟེན་མགོན་པོ་བརྙེས་པར་གྱུར།། དེ་ནས་ལག་ན་རྡོ་རྗེ་ཚོགས།། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་།། སྙིམ་པ་མེ་ཏོག་བཀང་བྱས་ཏེ།། གཏོར་ནས་ཕྱག་འཚལ་བསྐོར་བ་བྱས།། དང་ཞིང་གུས་པའི་ཚུལ་གྱིས་སུ།། པུས་བཙུགས་ཐལ་སྦྱར་གསོལ་བ་འདེབས།། མི་གནས་ཡེ་ཤེས་ཆེ་བའི་མཆོག། ཡོན་ཏན་རྒྱ་མཚོ་འབྱུང་བའི་གཙོ།། མཚན་ཉིད་ཐམས་ཅད་རབ་བརྒྱན་པ། ། མཚན་མིན་སྤངས་པའི་ཐུབ་པ་ཆེ།། དྲི་མེད་དགེ་བ་ཇི་ལྟར་ལགས།། གསང་སྔགས་ཚུལ་དུ་སྤྱོད་པ་ཅི།། འདུས་མ་བྱས་པའི་བྱང་ཆུབ་གང་།། འཇིག་རྟེན་མགོན་པོ་ཇི་ལྟར་འགྱུར།། བདག་ཅག་རྣམས་ལ་སྨན་རབ་དང་། ། འགྲོ་ལ་ཐུགས་རྗེ་ཆེ་མཛད་ཕྱིར།། མགོན་པོ་བཅོམ་ལྡན་ཐུབ་པ་ཆེ།། ཡང་དང་ཡང་དུ་བཤད་དུ་གསོལ།། དེ་ནས་ཡང་དག་རྫོགས་སངས་རྒྱས།། རྐང་གཉིས་གཙོ་བོས་བཀའ་སྩལ་པ།། གསང་བའི་དབང་ཕྱུག་རྡོ་རྗེ་འཛིན།། ཤེས་རབ་ཆེན་པོའི་སྤྱན་ལྡན་པས།། བདག་གཞན་ཕན་དོན་ལ་བརྩོན་ཕྱིར།། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། ཡང་དག་ཡང་དག་མཐའ་མིན་ཚུལ།། དེ་ནི་ང་ཡིས་བཤད་པར་བྱ། ། སྲོག་གཅོད་མ་བྱིན་ལེན་བརྫུན་འཁྲིག། ཚིག་རྩུབ་དབྱེན་དང་ངག་བཀྱིལ་སྨྲ།། བརྣབ་སེམས་གནོད་སེམས་ལོག་ལྟ་ཆང་།། དྲི་རོ་ངན་པའི་ཟས་སྐོམ་དང་།། སྲོག་ཅན་ཤ་ཁྲག་ལོག་འཚོར་བཅས།། སློབ་དཔོན་དགེ་འདུན་མཆོད་རྟེན་སོགས། ། ཁྱད་པར་ཡུལ་ཅན་ཡོ་བྱད་དང་།། དམན་ཞིང་ཉམ་ཐག་ཕྲོག་དགུ་པ།། གླེགས་བམ་འཚོང་དང་ཆོས་ཀྱི་ཟོང་།། གཡང་ས་རལ་གྲི་སོ་དུག་སོགས།། མེ་འོབས་ལྟར་མཐོང་སྤངས་ནས་ཀྱང་།། རྣམ་པར་དཀར་ལ་སོགས་པར་བྱ།། ཡི་གེ་འདྲི་མཆོད་སྦྱིན་རྩོལ་དང་།། ཉན་དང་འཛིན་དང་ཀློག་པ་དང་།། མཆོད་པ་དང་ནི་ཁ་ཏོན་དང་།། དེ་དག་སེམས་དང་སྒོམ་པ་སྟེ།། དཀར་བཅུ་ལམ་ལ་ཡུན་རིངས་དང་།། ནུབ་བཅུས་རྒྱུན་མི་འཆད་དུ་འབད། ། གཏན་པ་མེད་པའི་བྱང་ཆུབ་སེམས།། ཤེལ་ལྟར་དྲི་མ་མེད་པའོ།། མཆོག་འདི་སྤྱད་པས་སྡུག་བསྔལ་ཚོགས།། མྱུར་དུ་གཅོད་པས་དགེ་བའོ།། ཆོས་བདག་མེད་དང་མཉམ་ཉིད་དང་། ། རང་སེམས་གདོད་ནས་དག་པ་གང་།། སྒྱུ་འདྲ་འདུ་བྱེད་མེད་པ་དང་།། ཟག་བཅས་དེ་དང་བྲལ་བ་ལས།། བྱང་ཆུབ་ཕྱོགས་མོས་མ་ལུས་པ།། ཆོས་ཉིད་བདག་མེད་སྤྱོད་པ་ནི།། ཆོས་དབྱིངས་ཡེ་ཤེས་མངོན་བྱས་ནས།། མ་འདྲེས་ཆོས་རྣམས་རྫོགས་གསལ་བ།། འདུས་མ་བྱས་ཀྱི་བྱང་ཆུབ་སྟེ།། ཆོས་རྣམས་ཀུན་གྱི་གཞི་ལུས་སོ།། འདོད་པའི་ཁམས་སོགས་ཡོན་ཏན་ལ།། ཤིན་ཏུ་བདེ་རོལ་སྤྲད་པ་སྤྱོད། ། སངས་རྒྱས་མུ་སྟེགས་ཅན་རྣམས་ཀྱི།། ལྐོག་ཏུ་གྱུར་པ་གསང་བ་སྟེ།། བསྐལ་པ་བསམ་ཡས་དཔག་མེད་དུ།། བརླབས་དཀའ་ཡངས་ཟབ་རྒྱ་ཆེན་རྣམས།། སྔགས་དང་ཕྱག་རྒྱ་ཏིང་འཛིན་དུ།། ལུས་ངག་ཡིད་ལ་གང་གནས་པ།། དབྱེར་མེད་ཚུལ་དུ་སྐྱོབས་པས་ན།། སངས་རྒྱས་ཀུན་གྱིས་སྔགས་སུ་བརྗོད།། མཚན་དང་དཔེ་བྱད་ལྡན་པའི་སྐུ།། ཡོན་ཏན་མཐའ་དག་རྫོགས་པ་ནི།། བདེན་པ་གཉིས་ལ་གནས་པ་ཡི། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོན།། ལ་ལར་འཁོར་ལོས་སྒྱུར་བའི་གཟུགས།། ལ་ལར་དགེ་སྦྱོང་ཆེན་པོའི་གཟུགས།། ལ་ལར་སྲིན་པོ་སྲིན་མོའི་གཟུགས།། ལ་ལར་འགྲོ་བ་བཟང་པོའི་གཟུགས། ། ཆོས་ཀྱི་འཁོར་ལོ་སྐོར་བ་དང་།། སེང་གེ་ལྟར་གཟིགས་མཛད་ལ་སོགས།། སྣ་ཚོགས་དུ་མ་མཛད་པ་ནི།། རྐང་གཉིས་ལྷ་མིན་རྣམ་གཉིས་སོགས།། འགྲོ་བའི་མགོན་པོར་གྱུར་པའོ།། རྟག་དང་འདྲ་དང་ངེས་མེད་པའི།། གཙོ་བོ་བསམ་པས་གྱུར་པ་རྣམས།། འཇིག་རྟེན་ཕལ་པའི་མགོན་པོ་སྟེ།། གཟུགས་བྱད་ཁ་དོག་ཐ་དདང་།། ཡུལ་དུས་རྣམ་པའི་བྱེ་བྲག་གིས།། གྲངས་མ་བྱུང་བ་མཆོད་འོས་སོ།། ཐུབ་པས་གསུངས་པའི་དེ་མ་ཐག། རྡོ་རྗེ་ཅན་གྱིས་བཞེངས་ནས་ཀྱང་།། ཕྱག་འཚལ་བསྐོར་བ་བྱས་ནས་ནི།། སྤྱན་སྔར་འདུག་ནས་འདི་སྐད་གསོལ།། འདྲེན་པ་གཙོ་བོ་བཅོམ་ལྡན་འདས།། སྔགས་ཞེས་པ་ནི་གང་གང་ཡིན། ། ཕྱག་རྒྱ་ཞེས་ནི་ཇི་ལྟ་བུ།། ཏིང་འཛིན་ཞེས་ནི་ཇི་ལྟར་བཤད།། ལུས་ངག་ཡིད་ལ་ཇི་ལྟར་གནས།། དབྱེར་མེད་ཚུལ་དུ་ཇི་ལྟར་སྐྱོབ།། བདག་ལ་ཕན་པའི་དོན་ཕྱིར་དང་།། གཞན་ལ་བརྩེ་ཕྱིར་བཤད་དུ་གསོལ། ། དེ་ནས་རྒྱལ་བ་གཙོ་མཆོག་ནི།། ལྗགས་ཀྱི་དབང་པོ་བཀྲམ་བྱས་ཏེ།། ཚངས་པ་ཆེན་པོའི་གསུང་སྙན་གྱིས།། རྣམ་རྟོག་ཟད་ཕྱིར་འདི་གསུངས་སོ།། སྙིང་པོ་ཉེ་སྙིང་རྩ་བའི་སྔགས། ལས་ཀྱི་སྔགས་སུ་གྱུར་པ་སྟེ།། སྙིང་པོ་བརྗོད་དང་ས་བོན་ནོ།། ཉེ་སྙིང་ཡེ་ཤེས་གཆོག་དང་ནི།། གསང་བའི་སྙིང་པོ་ཞེས་གྲགས་སོ།། ལས་ཀྱི་སྔགས་ནི་གཉིས་ཡིན་ཏེ།། བདག་ཉིད་བརྟན་བྱེད་ལས་སྔགས་དང་།། སྦྱོར་ཚོགས་གྲུབ་པར་བྱེད་པའོ།། ཕྱག་རྒྱ་ལག་པའི་འདུ་བྱེད་དང་།། རྐང་པ་སྟབས་ཀྱི་འགྱུར་བའོ།། རྟགས་སུ་མཚོན་དང་འདེབས་པ་དང་།། འགྱུར་བ་མེད་པར་བྱེད་པས་ན།། ཕྱག་རྒྱ་ཞེས་སུ་བཤད་པའོ།། རང་གི་རྩེ་གཅིག་སེམས་བསྡུས་ན།། སེམས་ལ་ལྷག་པའི་ཆོས་འབེབས་པ།། དེ་ནི་ཏིང་ངེ་འཛིན་ཞེས་བྱ།། དེ་ལྟར་དེ་དག་ལ་རྟེན་ནས།། སྔ་མའི་གནས་དེ་ཡོངས་གྱུར་ནས།། སྒོ་ང་བྲལ་བའི་འདབ་བཟང་ལྟར།། ལུས་འདི་མཁའ་ལ་ཆེར་སོང་ནས།། རྒྱལ་བའི་ཞིང་ཁམས་ཐམས་ཅད་དུ།། རྒྱལ་བ་དམ་ཆོས་མཉན་ནས་ཀྱང་།། རྒྱལ་སྲས་ཀུན་ལ་བཤད་པ་དང་།། སྐད་ཅིག་མཁྱེན་པའི་ཤེས་པས་ཀྱང་། ། ཤེས་བྱ་མ་ལུས་ཕྱོགས་ཁྱབ་པ།། ལུས་ངག་ཡིད་ལ་གནས་པའོ།། སེམས་དང་ཡིད་ནི་འདྲེས་པའི་ཚེ།། ཡེ་ཤེས་བདེ་བར་ཤར་བ་ནི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། དབྱེར་མེད་ཚུལ་དུ་སྐྱོབ་ཅེས་གསུངས། ། འཕགས་པ་ཁྲོ་བོའི་རྒྱལ་པོའི་རྟོགས་པ་བསྡུས་པའི་རྒྱུད་ལས།། ལྷག་པར་གནས་པའི་དོན་ཡོངས་སུ་བཀོད་པའི་ལེའུ་སྟེ་དང་པོའོ།། །། ཞི་བས་བཏུལ་དཀའ་བགེགས། ཆེན་དང་།། ལོག་འདྲེན་དེ་རྣམས་འདུལ་བའི་ཕྱིར།། སེམས་ཀྱི་བྱེ་བྲག་ཐུགས་ཆུད་ནས།། དེ་དང་གཟུགས་འཇལ་གཞོམ་པའི་ཕྱིར།། རྟོག་མེད་ནམ་མཁའི་ལམ་གནས་ཏེ།། རྫོགས་སངས་གདུལ་དཀའ་འདུལ་མཛད་སྐུ། ། རབ་འཕགས་ཁྲོ་བོ་སྟོབས་ཆེན་དཔལ།། སངས་རྒྱས་ཀུན་གྱི་སྲས་ཀྱི་སྲས།། མི་གཡོའི་མཚན་གྲགས་དེ་ལ་འདིར།། རྒྱལ་དང་རྒྱལ་སྲས་རྟག་ཕྱག་འཚལ།། ཚངས་སོགས་ལྷ་དང་ལུས་ཅན་ཀུན། དེ་ལ་རྟག་ཏུ་མཆོད་པར་བྱེད།། རྒྱལ་བས་བྱས་གཟོ་རྒྱལ་སྲས་ཀྱི།། སྨོན་རྫོགས་བསམ་གྱིས་མི་ཁྱབ་པའི།། ཡེ་ཤེས་རྫོགས་ནས་མི་གཡོའི་ས།། ཐོབ་པས་མི་གཡོ་བ་ཞེས་བྱ།། ཕས་ཀྱི་རྒོལ་འཇོམས་དཔའ་བོ་སྟེ། ཚར་གཅོད་པ་ནི་ཁྲོ་བོ་ཡིན།། སྔགས་ཀྱི་བདེན་ཚིག་མི་སླུ་བས།། ཉན་ཐོས་བདུད་ཚོགས་ཀྱིས་མི་གཡོ།། རྟོག་མེད་བདུད་རྩི་ཁྲོ་བས་རྒྱལ།། རྫུ་འཕྲུལ་བསྐྱོད་མེད་མི་གཡོ་བ།། དེ་བཞིན་ཉིད་ཀྱི་སྙིང་པོ་མཆོག། སྟོ་ཉིད་ལས་བྱང་རྒྱལ་བའི་སྐུ།། ཆོས་དབྱིངས་བདག་ཉིད་ལ་བཞུགས་ནས།། སྤྲུལ་འདིས་སྲིད་པའི་ཁམས་སྦྱོང་མཛད།། མཁའ་ལྟར་དྲི་མེད་སྤྲོས་བྲལ་བས།། དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་།། སྤྲོས་མེད་ནམ་མཁའི་རང་བཞིན་ལ། ། ཐ་སྙད་ཙམ་དུ་གསང་སྔགས་ཞེས།། བརྗོད་ཀྱང་ངག་གི་སྤྱོད་ཡུལ་འདས།། སྐྱོབ་པས་ཐ་སྙད་རྟོགས་ཕྱིར་གསུངས།། སེམས་མེད་རང་བཞིན་སྟོང་པ་ཉིད།། སྐུ་འདྲ་ཡིད་ཀྱིས་སྒོམ་པ་ཡིན། ། དངོས་མེད་མཉམ་མཛེས་འདོད་དོན་ནམས།། གསང་སྔགས་མགོན་འོངས་བརྗོད་པས་སྤོལ།། མུ་སྟེགས་བདག་དང་སྲོག་གང་ཟག། གཙོ་བོ་སྐྱེས་བུ་ཁྱབ་གནས་པས།། འཁོར་བ་རྟག་རྟོག་ང་རྒྱལ་རྨོངས། ། ལོག་པའི་ཞབས་བཅིངས་སྡུག་བསྔལ་སྐྱེད།། བདག་མེད་སྲོག་མེད་སེམས་ཅན་མེད།། བྱེད་པོ་མེད་ཅིང་གཙོ་བོ་མེད།། ཁྱབ་གནས་མེད་ཅིང་དངོས་པོ་མེད།། རྫས་ལ་སོགས་པའི་རང་བཞིན་མེད། ། ལོག་རྟོག་སྲིད་འཆིང་ཞབས་གཅད་ཕྱིར།། དངོས་མེད་སྣ་ཚོགས་གཟུགས་བསྒོམས་པས།། དངོས་གྲོལ་སྟོང་ཉིད་གོ་འཕང་འཐོབ།། ཕྱི་ནང་ཁྱད་པར་གོམས་པའོ།། ལྦུ་བ་ཆུ་བུར་སྒྱུ་འདྲར་སྒོམ།། སྟོང་ཉིད་ལས་ལྡང་ཏིང་འཛིན་གྱིས།། རྣམ་རྟོག་སྡིག་བཅིང་ས་ལས་གྲོལ་ནས།། འཆི་མེད་ཡེ་ཤེས་གོ་འཕང་ཐོབ།། ཕུང་པོ་ཁམས་དང་སྐྱེ་མཆེད་མེད།། ཀུན་གཞི་མེད་དེ་གང་ཟག་མེད།། གཟུང་འཛིན་མེད་དེ་བཅིངས་མེད་པ།། རྒྱལ་བ་རྣམས་ཀྱིས་རྟག་ཏུ་བཤད།། ཀུན་མེད་ཀུན་བྲལ་ཀུན་སྤངས་པའི།། སྟོང་ཉིད་བྱང་སེམས་སྒྱུ་འདྲ་བར།། བག་ཡོད་པས་ནི་རྟག་བསྒོམས་ན།། བྱང་ཆུབ་སེམས་ཀྱི་མྱུ་གུ་འཆར།། ཡིད་བཞིན་ནོར་འདྲ་རྫུ་འཕྲུལ་ཆེ།། མཁའ་ལྟར་གོས་པ་མེད་པའི་སྐུ།། སྔགས་སྤྱོད་བྱང་ཆུབ་སེམས་དཔའ་ཡི།། བྱང་ཆུབ་སེམ་ཀྱི་སྒོམ་པ་འཐོབ། ། ངོ་མཚར་གསུངས་ཏེ་ཐོས་མ་ཐག། ཁྲོ་བོ་རྣམས་ཀྱིས་གཙོ་ལ་བསྟོད།། རྟག་ཏུ་དག་ཅིང་དྲི་མེད་པ།། རྣམ་རྟོག་རྒྱུན་འགགས་ཀུན་རྟོག་མེད།། བརྟག་རྟོག་མེད་ལ་ཞུགས་པ་ཡི། ། དཔའ་བོ་ཆེན་པོ་ཕྱག་འཚལ་བསྟོད།། ཆོས་ཀུན་གཡོ་བ་མེད་པ་ཁྱོད།། སྤྱོད་ཡུལ་ཀུན་ཏུ་ལེགས་སྦྱར་བས།། ཀུན་མཁྱེན་གཡོ་བ་མེད་པ་རྟོག། རང་བཞིན་སྤྲོས་བྲལ་ཁྱོད་ཕྱག་འཚལ།། སེམས་ཅན་སྣ་ཚོགས་ཕན་དོན་དུ། ། མཛད་སྤྱོད་སྣ་ཚོགས་གསུངས་པའོ།། དག་པའི་ལམ་རྣམས་ཡང་དག་འབྱུང་།། རྣམ་དག་སེམས་ལ་ཕྱག་འཚལ་བསྟོད།། མུན་པ་ཕྲ་རབ་རྡུལ་སྤངས་པའི།། སྤྲིན་བྲལ་ནམ་མཁའ་དག་པ་ལྟར། ། མགོན་པོ་ཁྱོད་སྐུ་ཤེལ་སྒོང་ལྟར།། ཀུན་རྟོག་སྤངས་ལ་ཕྱག་འཚལ་བསྟོད།། སྤྲོས་མེད་ནམ་མཁའ་ལྟ་བུ་ལ།། དངོས་པོ་ཐམས་ཅད་དང་བྲལ་བས།། ཕུང་ཁམས་སྐྱེད་མཆེད་ཤིན་ཏུ་དག། ན་འམ་རྗོད།། མིབབ་ལ་འ་ཚོགས་ས། གོས་སྦྱོ་དག་པའི་མམས་ཅན་གགས། པ་ཡོ་ན་ཐོབ་དས་པན་གས་ཆེན་པ་ཕྱུག་མམ་བསྟོད་ལས་བྱུང་བྱུང་། མི་ཀྱི་པ་འི་རྗོ་ལ།། སེམས་ཅད་སྡུག་བསྔམས་གཤེས། མུན་འཇིགས་སེཔལ་གྱུན་ལ་སྟོད།། སྔགས་རིགས་པ་ས།། རྣམ་སྲམ་ཤེས་རབ་བསྐྱེད། ། བླ་མེད་གོ་འཕང་མྱུར་འགྲོ་གསུངས།། གཙོ་བོ་ཁྱོད་ལ་ཕྱག་འཚལ་བསྟོད།། དངོས་ཀུན་གྱུར་དང་བཅས་པ་ཡི།། ལས་དང་སྐྱེ་ལས་རྣམ་པར་གྲོལ།། རྒྱལ་བ་རྒྱུ་མེད་བདག་ཉིད་འཁྲུངས།། གཙོ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། ། དངོས་མེད་ཡེ་ཤེས་མེ་ལྕེ་ཡིས།། འདུས་བྱས་རི་བོ་ཀུན་བསྲེགས་ནས།། ཆོས་དབྱིངས་རང་བཞིན་གཅིག་ཏུ་རྒྱལ།། བླ་མེད་སྐུ་ལ་ཕྱག་འཚལ་བསྟོད།། བསྟོད་པའི་དོན་དེ་ཐུགས་ཆུད་ནས། འགྲོ་ལ་ཕན་ཕྱིར་ཆོ་ག་གསུངས།། གསང་སྔགས་ལོག་པར་སྤྱོད་པ་དང་།། སེར་སྣ་ལོག་པར་གོམས་པ་ལ།། འདོད་པས་ནོན་པའི་སེམས་རྟོག་གིས།། སྔགས་པ་ཡི་དགས་གནས་སུ་སྐྱེ།། དང་པོས་མར་མེ་མེ་ཏོག་དང་། ། ཞལ་ཟས་གཏོར་མ་འཕྲེང་བ་སོགས།། མཆོད་པའི་རྫས་དང་ཡོ་བྱད་དང་།། མི་ཡི་ལུས་དང་ཁ་ཟས་ལ།། འཚེ་ཞིང་སྒྲུབ་པའི་བར་དུ་གཅོད།། མི་སྡུག་ནད་སྐྱེད་ལོ་ཏོག་འཚེ།། གཉིས་པ་གནོད་སྦྱིན་འདྲ་གྱུར་ནས། ། ཤ་ཁྲག་ཆང་ལ་སྣོམ་ཞིང་རྒྱུག། ཐོས་བསམ་སྒྲུབ་པའི་བར་གཅོད་ཅིང་།། ནད་སྐྱེ་ཚེ་ལེན་ལོག་ལྟ་སྐྱེད།། རིག་སྔགས་འཆང་གི་གདོན་གཞོམ་ཕྱིར།། སྒྲུབ་པོས་འབད་དེ་སྔགས་བརྗོད་བྱ། ། སྔགས་མཐུ་བསྐྱེད་པ་གཏོར་མ་དང་།། སྦྱིན་སྲེག་ཕྱག་རྒྱ་སྔགས་བཅས་དང་།། མནན་པའི་ལས་ཀྱིས་ནགས་མེ་ལྟར།། ཐོགས་པ་མེད་པར་འཇོམས་པར་འགྱུར།། དེ་དག་རྟེན་བྱེད་ལྷ་ཡིན་ཏེ། ། དེ་གསལ་བྱེད་པ་རས་རིས་ཡིན།། དེ་ཀུན་རྣམ་དག་གསལ་བྱེད་པ།། བྱང་ཆུབ་སེམས་མཆོག་ཞི་བ་ནི།། ལོག་རྟོག་འཁོར་བའི་ཟོ་ཆུན་ལ།། རལ་གྲི་རྣོན་པོའི་སྟ་རེ་ལྟ།། འཕགས་པ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། དེ་བཞིན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། ། དེ་ནས་སྔགས་དང་ཕྱག་རྒྱ་དག། འབྱུང་བར་རབ་ཏུ་བཤད་པར་བྱ། ནམཿསརྦ་ས་པ་རི་བྷཱ་ར་ཀེ་བྷྱཿསརྦ་ཏ་ཐཱ་ཀ་ཏེ་བྷྱཿསརྦ་ཛྙཱ་ཧཱཾ། སྙིང་པོ་དམ་པའོ།། མ་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཙྪ། ཊ་ཏ་ཙ་མ~ཾ། སྙིང་པོའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཧྲ་ཏ་ཨ་མོ་གྷ། ཙཎྜ་མ་ཧཱ་རོ་ཥ་ཎ་སྤྲེ་ཊ་ཡ་ཧཱུ~ཾ། ཏྲ་ས་མ་ཡ་ཧཱུཾ། ཊ་ཊ་ཧཾ་མ་ཉེ་བའི་སྙིང་པོའོ།། ན་མཿསརྦ་ས་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨ་ཙ་ལཱརྐ་ན། ནནྨ་ནནྡ། མོནྠ་མོནྡ། སརྦྦཱ་སརྦྦ། ཏནྣ་ཏསྫ། ཏིཥྛཱ་ཏིཥྛཱ་ཨ་བེ་ཤ་ཨཿམནྠ། མ་ལ་ཀ། དྷ་ཎ་དྷ། ཏི་ཎི་ཏི་ཎི། ཁཱ་ད་ཁཱ་ད། བིགྷྣཱཾན། མཱ་ར་མཱཾ་ར་དུཥྚ་ན་རཀྵ་རཀྵ་ས་ཏྲཾ། ཀུ་རུ་ཀུ་རུ། ཀི་རཾ་ཀི་རེ། མ་ཧཱ་བི་ཛ་ཡ་བཛྲ་ཕཊ། ཧཱུ་ཧཱུཾཧཱཾ། ཏྲི་བི་ལ་ཏ་རག་ནཿཀ། ནཙ། ཨ་ཙ་ལ། ཏེ་ཙ་ཕཊ་ཕཊ། ཨརྠཱ་ཨ་ས་མནྟ་ཀ། ཊ་ཊ། མ་ཧཱ་བ་ལ་ས་ཏ་ཨ་མ་ན་ཡ། ཏྲྀ་མ་ཧཾ། ཤུ་དྷྱཱ་ཏུ་ལོ་ཀ། ཏུཥྱཱན་ཏུ་ལོ་ཀ། བཛྲཱི་ན་མ། སཱ་པྲ་ཏི་ཧ་ཏ་བ་ལེ་བྷྱོཿཛ་ལ་མ་ཏྲ་ཏ། ཨ་ས་ཏ་ན་མཿསྭཱ་ཧཱ་གསང་བའི་སྙིང་པོའོ། ། དེ་ནས་ཕྱག་རྒྱ་སྟང་སྟབས་ཀྱིས་སྔགས་བརྗོད་པ་འདིར་གསུངས་སོ།། ན་མཿསརྦ་ས་པ་རི་པཱུ་རེ་ཀ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ། ཛྙཱ་ན་ཁ་ཊྭཱཾ་ག་ཧཱུཾ་ཕཊ། དམཚ་ཕྱག་ཏུ་སྡུགས་སོ།། ནམ་མམས་པ་དྷཱ་ཀེདྷདྷསན་ཐཱཀ་ཏེབྷྱཿས། 9།། ཞྭ་ད། དྷཱནྟུ། གྷཱཏྨཱ། ཨ.ཱུ་ཏེ། !ཏྟེ་སྭཱཏྨ། གགས་པའི། ནམཿས་ཟས་པ་རི་པཱུ་ར་ཀེ་བྷྱཿས་ས་ཏ་ཐཱག་ཏེ་བྷྱཿསརྦ་ནཱ~ཾ། ཨོཾ་ར། རཏྟེ། གན་ཅན། གངྱ་སརྡྷ། མཱ་རི་ལ་དུ་ཞྭ་བི་ན་ལ་ཀོ་ཧཱུ~ཾཛ། གོ་ཆའིའོ།། ན་མོཿསརྦས་པ་ར་བཱ་རི་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེཿ་སརྦ་ཐཱ། ཨོཾ་དྷ་ར་དྷ་ར་བཛྲཱ་ནཱ་ལི། ཁ་ཛྙཱ་ག~ཾ་པཱ་ཤ་དྷ་རེ་སཱཉྫ། གཙུག་ཏོར་གྱིའོ།། ན་མཿས་ཐེས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏིབྷྱཿསརྦ་ཐཱ། ཨོཾ་བྷཱནྡྷ་བན་དྷ་དརྦ་པ་ཙ་བྷ་སྨྲྀ་ཀུ་རུ་ཀུ་རྨྨ་ཧན་རྒན་བཛྲ་གྲྀཧྞ་གྲྀཧྞ་ཕཊ། ཐོ་བའིའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ཥྚན་ཏ་མཱུ་ཏི། ད་ཧ་ད་ཧ། སཱ་དྷ་ཡ་སཱ་དྷ་ཡ། བི་ཛ་ཡ་བི་ཛ་ཡ། བི་ཛ་ཡ་ཀཱིརྟི་སྭཱཧཱ། མགོ་ཙ་ཕྱག་རྒྱའོ། ། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་བྷུ་དྷ་ར་དྷ་ར། ཨ་ཙིན་དྱེ་བ་ལ་བི་ཀྲ་མ་ཎཾ། བུ་ར་བུ་ས་ལ་ཡ། རཀྵ་རཀྵ་སརྦ་སྭཱ་ཧཱ། རྡོ་བའི་ཕྱག་རྒྱའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་བཛྲ་ཧྲིད་ཡ། བཛྲ་མ་ཏཾ་གི་སྭཱ་ཧཱ། སྙིང་ཁའི་ཕྱག་རྒྱའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏྲཻ་བྷྱཿསརྦ་ཐཱ། ཨོཾ་ཧཱུ་ད་ཧ་ད་ཧ། ཀིཉྩི་ར་ཡ་སི། ཨཱ་ན་པ་ཤཱི་གྷྲཾ། རཀྵ་རཀྵ། བན་རྣ་བནདྷ། དུཥྚན། ད་མ་ད་མ་སྭཱཧཱ། ཕྱོགས་བཅིང་བའོ།། ན་མཿསརྦས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་བཱ་ཨོཾ་དུན་དུ་ན་མ་ཧཱ་བཱ་ཤ་ཁ་ཊྭཱཾ་ག་དྷ་ར། པ་རི་པཱུ་ར་ཀེ་བྷྱབཀའ་རྟགས་ཀྱིའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་བཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ག་ག་ན་གན་དྷོད་བྷ་བ། མ་ཧཱ་ས་མ་ཡ། པ་རི་པཱུ་ར་ཀེ་སྭཱ་ཧཱ། དྲིའི་ཕྱག་རྒྱའོ།། ན་མཿསརྦ་ས་པ་རི་བྷུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་བི་ཤུད་དྷ་ཛྙཱ་ན་རཱ་ཛི་སོ་བྷ་བེ་ག་ག་ནཱ་ནཱན་ཧཱཿསྭཱ་ཧཱ། མ་མོའི་ཕྱག་རྒྱའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱ་ས་མ་ས་ནག་ཏེ་རྒྱ་ཨོཾ་ཤུད་དྷ་དྷམ་ཏེ། ཤུདྡྷ་ཤུདྡྷེ། གྲྀཧྞ་ཀྲྀཧྞ། སརྦ་ས་པ་རི་པཱུ་ར་ཀེ་བྷྱཿསཱཿ། གཏོར་མའི་ཕྱག་རྒྱའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ཨུ0f7f་ཏེ་བྷྱཿསརྦ་ཐཱ། ཨོཾ་ཤུད་དྷ་མ་ཧཱ་ཛྙཱ་ན་སྭ་བྷཱ་བེ། ཏིཥྛ་ཏིཥྛ་མ་སཱ་ན་ཡེ་སྭཱཧཱ། བདུག་པའི་བེ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ག་ག་ན་བི་ཀྲཱན་ཏ་ཀཱ་མི་ནི་མ་སྟྲ་ཤུད་དྷ་ན་ཡེ་སྭཱཧཱ། མེ་ཏོག་གིའོ།། ནམཿསརྦས་པ་རི་པཱུ་རེ་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེབྷྱཿསརྦ་ཐཱ། ཨོཾ་ཧན་ཧ་ན། པ་ར་མ་བི་ཤུད་དྷེ། དྷརྨ་ན་ཡ་པ་རི་པཱུ་ར་ཀེ་བྷྱཿསྭཱཧཱ། ཞལ་ཟས་ཀྱིའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ཨ་པྲ་ཏི་ཧི་ཧཽ་ན་དྱ་ཏ་ད་མ་ད་མ། སརྦ་ཐཱ། ས་པ་རི་པཱུ་ར་ཀེ་བྷྱཿསྭཱ་ཧཱ། དཔའ་བོ་སྤྱན་དྲང་བའིའོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་བི་ཤུད་དྷ་བི་ཤུད་དྷ། ས་ཀྲ་སཱ་ཧཱ་བེ་ཨཱ་ན་ཡ། མ་ཧཱ་ན་ཡེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སྤྱན་དྲང་བའོ།། ནམ་སརྣས་པ་ཀེཥྛ་ན་གྷཱ། བ་རྦ་དྷྱ་ཨཱཿ། ནཏཱ། དམ་ས། མཉན་མེསཿ། ཀུན་ཐོས་སྤྱན་བ་ལོ།། ནགྶཿས་བས་པ་དྷུ་། ཨོཾ་དྷཱ། ཤཱབྡ། བ། མན་པ་ཝཱ་རེ་སྭཱ། པོཉལ་མོ་སྤྱན་དྲང་བའོ།། ནམཿསཟླས་པ་རི་བྷ་ར་ཀི་བྷྱཿ་ཐཱག་ཏེ་བྷྱཿསརྦཐཱ། ཨོཾམ་པ་མ་ཐེ་སྟན་དཱ་སྟན་པ། པྲ་བེ་ཤ་ཡ་བྷཱ་བེ་ཤ་ཡ། སརྦ་ཏ་ཐཱཀ། ས་། ཏམ་ཏམ། མཧཱན་པ། བ་རིངྒ་རེ་སྭཱ། འཇིག་རྟེན་རྣམས་སྦྱིན་དྲང་བའོའོ། ། ནཱཿསམས་པ་བྷཱུཾ་ཀཱཊྚསརྦྦམྦྷ། ཨོཾ་སཿསཿ། མཧཱ་སྭཱཿ། དམདས། མསྦྱངས.ཱ་ཀཪྵ་ག་སྭཱ་ཀཱརྣམརྒྱས་མ་སྣུན་པ་ཅཝ་ནང་མོང་སྙན་ཟ་བའོ། ། ནས་མཆིས་པ་བྷྱ། ས་ཝཱག་མཛས། བང་ལབི་ས་། ས་སྦྱིན་དྲང་བའོ། ། ནམཿསམས་པ་རི་བྷྱ་ཀླེབྷྱསརྦ་ཏྭ་རྫྫག་ཏེབྷྱས། ཨོཾ་བིཙྪཿ། མ་ཐཱམཐཱ། དམདམ། ནམ་ཧཱན་ལེ། མར་ཐརན། མ་མོ་རྣམས་སྐྱོ་ནང་འོ། ། ནམ་མམས་པའི་ཕྱི་ཀོ་བྷྱཿསརྦ་ཐཱག་སརྦ། མི་པ་ཚུསརྦ་རྦཿ། མ་ཧཱས། ནཿ། སརྦ་གྷྣཱན་དམ་ས། མདུན་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། རྐང་སྟབས་ཚམ་ངམ་གྱི་སྔགས་སོ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་ཨཿནཱུ། ཨཱ་ཀཱ་ཤཱ་ག་ག་ན་སྥ་ར་ཎ་ཁཾ་སྭཱཧཱ། འོ་ཐུག་འཁུར་བ་འབྲུ་སྣ་ཚོགས། ། སྤོས་དང་མེ་ཏོག་ལ་སོགས་པ།། ཅི་འབྱོར་འབྱོར་པའི་གཏོར་མ་ནི།། སྔགས་དེས་སྤྲོ་ཞིང་སྤེལ་བར་བྱ།། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་སྭ་བྷཱ་བ་སརྦ་ཐཱ་བྷྱོ་བཱཾ་སྭཱཧཱ། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་ལབྷྱཱཾ་སརྦ་ག་ག་ན་ལབྡྷ་ཡ་སྭཱཧཱ། ན་མཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ། ཨོཾ་སརྦ་སིདྡྷི། དཱ་དྷ་མི་ཧཾ་སྭཱ་ཧཱ། བྱིན་རླབས་བཞིན་དུ་བསྒྱུར་བ་དང་། ཀུན་གྱིས་ཐིམ་པར་བྱ་བ་དང་།། འདོད་པའི་ལས་རྣམས་གང་དང་གང་།། གྲུབ་པར་བྱ་བའི་སྔགས་ཡིན་ནོ།། གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཡང་།། ཉི་ཤུ་རྩ་བརྒྱད་རྣམས་ཀྱི་སྔགས། ནམཿསརྣཾས་པ་པཱུ་ར་ཀེ་བྷྱཿསརྦ་ཏྭཱཐཱ་ག་ཏིབྷྱཿསརྦཀྵ་ཨཱ་ཨུ0f7f་ཨོཾ་ཀིརཿསརྦྦ་ཁཱིངསཏི། ཤུཿ། ཤ་ན་ཤྭ་ར2ཀེ་ཨུ0f7f་བཏྟིཀྵ། རྀཙིནཱི། མྲྀགྶ་ཤིནྡ། ཨནྡྲ་སྠཱན་རྦ་སྱ་པུཥྱ་ཨ་ཤྭེ་ཥཱ། མ་གྷཱ་པུརྦ་པལླཱ་ནཱི་ཨུཏྟ་ར་པལླཱ་ནཱི། ཧཱསྟཱ། ཙི་ཏྭཱ་སཱ་སྟི། བི་ཤཱ་ཁཱ་ཨ་ནུ་རཱ་དྷཱ་ཛྱེཥྚ་མུ་ལཱ། པཱུ་དྲཱ་ཥཱནྣ། ཨུཏྟ་རཱ་ཥཱརྠཱ་ཤྲ་བ་ཎ་ཨ་བྷི་ཛི་ཏ། ཤ་ཏི་བྷི་ཥཱ་དྷ་ནིཥྚ་པཱུརྦ་བྷ་དྲ་པཱ་དཱི་ཨུཏྟ་ར་བྷ་དྲྀ། པྲ་དཱ་རེ་བ་ཏཱི། ཨ་ཤཱིནཱི། བྷ་རི། ཨོཾ་དང་སྭཱ་ཧཱ་ར་བཅས་པ་ནི།། རང་རང་སྙིང་པོའི་སྔགས་ཡིན་ཏེ།། གང་འདོད་ལས་ཀྱང་སྦྱར་བར་བྱ།། མཆོད་པའི་རིགས་ཀྱང་ཐ་དད་བྱ། ། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱ། ཨོཾ་ཨ་ཙ་ལ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཏྲ་ཀ་ཁ་ཧ་མཾ། ན་མཿས་མནྟ་ཀཱ་ཡ་བཱ་ཀཱིཏྟ་བཛྲཱ་ཎཱ། ཨོཾ་བཛྲ་ཀ་པ་ཙ་དྲུ་རྦ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་བྷ་ཡ་བི་ག་ཏེ་བྷྱཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་རཀྵ། མ་ཧཱ་བ་ལི། སརྦ་ཏ་ཐཱ་ག་ཏེ་པུ་ཎྱ་ནིརྫ་ཏེ། ཧཱུཾ་ཧཱུཾ་ཏྲ་ཐཱ། ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། ཁྲོ་བོ་སྤྱན་གཅིག་དྲག་ཤུལ་ཅན།། སྲུང་དང་བཅས་པར་མཆོད་པ་དང་། ། སྔགས་བཟླས་དངོས་གྲུབ་བླངས་པས་འགྲུབ།། ཅི་འདོད་ལས་ལ་ཆོ་གས་སྦྱར།། ལག་གཡས་གུང་མཛུབ་གཞིབས་ཏེ་བརྐྱང་།། སྲིན་ལག་མཐེའུ་ཆུང་མཐེབ་མོས་མནན།། ཤུགས་དྲངས་ཚུལ་ཕྱུང་མཁའ་ལ་འཕྱར།། རལ་གྲི་ཕྱག་རྒྱས་བདུད་ཚོགས་འཇོམས།། གཡོན་པ་ཁུ་ཚུར་སྡིགས་མཛུབ་བསྒྲེང་།། སླར་སྒྱུར་བྱེད་པ་ཞགས་པའི་རྒྱ།། གུང་མོ་མཐེའུ་ཆུང་སོ་སོར་སྤྲད།། མཛུབ་མོ་མིང་མེད་ནང་དུ་དགུག། མཐེ་ཐོང་གཞིབས་པ་གུང་འགྲམ་སྦྱར།། སྙིང་ཁ་བཀོད་དེ་གོ་ཆའི་རྒྱན།། སོར་འཁྱུད་ཁུ་ཚུར་ནང་དུ་བསྡམ། མཐེབ་གཉིས་ཅུང་བསྒྱུར་མགོ་ཐོད་རྒྱ།། གཡོན་པའི་ཁུ་ཚུར་མཐེ་བོང་ནི། ། གཡས་པའི་ཁུ་ཚུར་ནང་བཅུག་ནས།། མཐེ་བོང་གཡས་བསྒྲེང་ཐོ་བའི་རྒྱ།། ཕྱོགས་བཅུར་བརྡུང་བ་ལྟར་བྱའོ།། གཡས་པ་ཁུ་ཚུར་གུང་མོ་བསྒྲེང་།། སྤྱི་གཙུག་ཕྱག་རྒྱ་གཙུག་ཏུ་གཞག། གཡོན་པ་ཁུ་ཚུར་གུང་མཛུབ་བསྒྲེང་།། བཀའ་རྟགས་ཕྱག་རྒྱ་རྟག་ཏུ་འཕྱར།། ཁུ་ཚུར་གཉིས་གཞིབས་ལྷོ་སྦྱར་བ།། རྡོ་བ་ལྟ་བུའི་ཕྱག་རྒྱའོ།། གཡས་པ་ཁུ་ཚུར་སྙིང་ཁར་གཞག། སྙིང་། རྒྱན་པའི་ཕྱག་རྒྱའོ།། ལག་གཉིས་སོར་མོ་སོ་སོར་བརྐྱང་།། ཕྱོགས་བཅུ་བཅིང་བའི་ཕྱག་རྒྱའོ།། ལག་སྦྱར་གུང་གཉིས་ནང་བཅུག་པ།། དྲི་ཡི་ཕྱག་རྒྱར་བཤད་པའོ།། ཁུ་ཚུར་རྒྱབ་སྤྲད་གུང་མཐེ་བོང་། ། མཐེ་བོང་གུང་མཛུབ་སྤྲད་དང་འཁྱུད།། གཏོར་མ་སྦྱིན་པའི་ཕྱག་རྒྱའོ།། ཐལ་མོ་ཁོང་སྟོང་ཤུགས་ལྟར་གདོན།། བདུག་སྤོས་འབུལ་བའི་ཕྱག་རྒྱའོ།། ལག་གཉིས་སོ་སོར་གུང་སྲིན་བཀུག་མཐེབ་མནན་བཞག་བརྐྱང་མེ་ཏོག་རྒྱ། ། ཐལ་སྦྱར་གུང་སྲིན་འཛུབ་མོ་བཀུག། མཐེའུ་ཆུང་མཐེབ་བརྐྱང་ཞལ་ཟས་རྒྱ།། སྐྱིལ་ཀྲུང་འདུག་སྟེ་སྙིམ་པ་ཟེད།། མཐེ་བོང་གཉིས་ནི་ནང་དུ་བཀུག། སོ་ར་ག་ཞིབས་ནས་གཡབ་བྱེད་པ་ནི། ། དཔའ་བོ་གཙོ་བོ་སྤྱན་དྲང་རྒྱ།། ཐལ་སྦྱར་མཛུབ་བཀུག་མཐེ་བོས་མནན།། བྱང་ཆུབ་སེམས་ཚོགས་འགུགས་པའི་རྒྱ།། སྙིམ་བསྐྱེད་མཐེའུ་ཆུང་གཤིབས་ཏེ་བརྐྱང་།། ལྷག་མ་བརྒྱད་པོ་སོ་སོར་དགུག། ཉན་ཐོས་རང་རྒྱལ་རྫུ་འཕྲུལ་ཅན།། མ་ལུས་ཐམས་ཅད་འགུགས་པའི་རྒྱ།། ཁུ་ཚུར་གཡས་པ་གཡོན་སྟེང་གཞག། མཛུབ་གཉིས་བརྐྱང་སྟེ་སོ་སོར་དགུག། ཅུང་ཟད་སྐྱོད་པར་བྱེད་པ་ནི། ། ཕོ་ཉ་ཕོ་མོ་འགུགས་པའི་རྒྱ།། ཁུ་ཚུར་རྒྱབ་སྤྲང་གུང་མཛུབ་ནི།། སོ་སོར་དྲང་པོར་གཤིབས་ཏེ་བརྐྱང་།། མཐེབ་གཉིས་ཅུང་ཟད་སྤྲད་དེ་དགུག། འཇིག་རྟེན་པ་རྣམས་འགུགས་པའི་རྒྱ། གཡོན་མིན་གཡས་པས་དེ་ལྟར་བྱ།། བརྟུལ་ཞུགས་དྲང་སྲོང་དགུག་པའི་རྒྱ།། གཡོན་པ་ཁུ་ཚུར་གུང་མོ་བསྒྲེང་།། དངོས་གྲུབ་སྲིན་མོ་འགུགས་པའི་རྒྱ།། ལག་གཡས་བ་ཀན་ཏེ་བརྐྱང་ནས་ཀྱང་། མཐེ་བོས་མཛུབ་མནན་གསུམ་པོ་གཡབ།། མ་བདུན་ལ་སོགས་མ་མོ་རྣམས།། ལས་ཀྱི་དུས་སུ་བགུགས་པར་འགྱུར།། རེས་ཀྱིས་བཏེག་ཅིང་དྲང་པོ་ཡིས།། པུས་མོ་དག་ལ་རྐང་མཐིལ་སྦྱར།། སྤྱི་བོར་མེ་ཏོག་ཐལ་སྦྱར་ཡང་། ། ཕྱོགས་དེར་གཡོབ་ཅིང་འབྲུ་ཚུགས་བལྟ།། ཟླུམ་པའི་སྟབས་ཀྱིས་འདི་ཀུན་གྱིས།། བགེགས་ཚོགས་འཇོམས་ཤིང་རྣལ་འབྱོར་སྲུང་།། ལག་པ་གཡས་ནི་གྱེན་དུ་བརྐྱད།། གཡོན་པ་སྙིང་ཁར་སྡིགས་མཛུབ་སྟེ།། རྐང་གཉིས་སྤྲད་ནས་རྟིང་བརྡེབས།། ཧཱུཾ་བརྗོད་དྲག་སྐད་མདུན་དུ་ལྟ།། ས་གསུམ་གཡོ་བྱེད་ཟླ་གམ་སྟབས།། རྐང་གཡོན་བརྐྱང་བའི་སྟབས་དང་ནི།། ཧ་ཧ་བརྗོད་ཅིང་ཞབས་རྒྱ་བཅིངས། ། ཕན་ཚུན་བསྣོལ་ནས་བགེགས་ལ་བསྣུན།། འཁོར་ལོ་ཕྱག་རྒྱ་ཕྱེ་མར་བྱ།། རྐང་གཡས་བརྐྱང་བའི་སྟབས་དང་ནི།། རྡོ་རྗེ་ཐལ་མོ་མཁའ་ལ་བསྣུན།། ཁྲོ་གཉེར་མིག་ཅན་མ་མཆུ་མནན། ། ཡན་ལག་གཉིས་གཉིས་མེ་ལྟར་སྤྲད།། རྐང་པ་མཉམ་སྟབས་ཧཱུཾ་སྒྲ་ཅན།། ལག་གཉིས་སྡིགས་མཛུབ་ཕྱག་རྒྱའོ།། རྐང་གཉིས་མཉམ་དུ་བཞག་པ་ལས།། གཡས་ཀྱིས་གཡོན་བསྐོར་ལྟེ་བ་ཡིན། ། མདུན་དུ་གཡས་ཏེ་རྒྱབ་ཏུ་གཡོན།། གྱ་ཚོམ་གསུམ་གསུམ་མནན་པ་ནི།། རྩེ་གསུམ་ཡིན་ཏེ་རྩེ་གསུམ་རྒྱ།། ལག་པ་སྟེང་བརྐྱང་དབྱིག་བསྒྲེང་ལྟར།། བགེགས་ལ་བསྣུན་ཞིང་འབྲུ་ཚུགས་བལྟ། ། གཡས་སུ་ཐོ་བ་ཧཱུཾ་བརྗོད་བརྡེག། གཡོན་པ་སྙིང་ཁའི་སྡིགས་མཛུབ་སྟེ།། གཉིས་ཀ་སྤྲད་པ་འཁོར་ལོ་བྱ།། ནུབ་བལྟས་རྐང་པ་མཉམ་བཞག་ནས།། མདུན་གཡས་རྒྱབ་དང་གཡོན་ཕྱོགས་སུ། ། གཡོན་པས་བགེགས་གསུམ་མནན་བྱ་ཞིང་།། རིམ་པས་མེ་དང་རལ་གྲི་དང་།། སྡིགས་མཛུབ་ཞགས་པས་ཕྱོགས་བཞིར་བཅིང་།། ཧ་ཧཱུཾ་དྲག་བརྗོད་བརྗིད་གནོན་རྒྱ། ། རྐང་གཉིས་པུས་འབུར་ལག་པ་གཉིས།། གྲུ་མོ་བསྒྱུར་ན་ཐིག་གིས་མནན།། བགེགས་བསྐྲད་ཕྱིར་ནི་འབྲུ་ཚུགས་བལྟ།། རྩེ་གཅིག་རྡོ་རྗེ་སྟབས་སུ་བཅད།། རྐང་པ་གཡས་གཡོན་རེས་ཀྱིས་བསྐོར། ། ལྷོ་བྱང་གཡོན་ཏེ་ཤར་ནུབ་གཡས།། བརྐྱང་ཞིང་དྲག་ཏུ་བརྡབ་པར་བྱ།། རྒྱབ་ནས་དྲང་དང་ཐོ་བ་དང་།། རྡོ་རྗེ་དང་ནི་ཞགས་པའི་རྒྱུ།། ཕྱོགས་བཞིར་བྱ་སྟེ་འཁོར་ལོའི་སྟབས། ཕྱག་རྒྱ་དང་ནི་སྟང་སྟབས་ཀྱིས།། ཕྱོགས་སྐྱོང་རྣམས་ཀྱང་སྐྲག་བྱེད་ན།། འབྱུང་པོའི་ཚོགས་འཇོམས་སྨོས་ཅི་དགོས།། ཐམས་ཅད་དབང་དུ་སྡུད་པར་བྱེད།། དེ་ནས་ཕྱོགས་བཅུ་བཅིང་བ་ཡི།། རྐང་སྟབས་ཁྱད་པར་བཤད་པར་བྱ།། ཤར་དུ་རྐང་པ་མཉམ་པ་ཡིས།། རྡོ་རྗེ་ཐལ་མོ་གྱེན་དུ་བརྡེག། ལྷོར་ནི་རྐང་རྟིང་སྤྲད་དེ་གདང་།། ཧཱུཾ་སྒྲོག་ཐལ་མོ་མདུན་རྒྱབ་སྦྱར།། ནུབ་ཏུ་རྐང་སྤྲད་ལག་པ་གཉིས། ། སོ་སོར་སྡིགས་མཛུབ་གྱེན་དུ་བརྐང་།། བྱང་དུ་རལ་གྲིའི་ཕྱག་རྒྱ་དང་།། རྐང་པ་ཡ་གཅིག་ས་ལ་བསྒྲེང་།། ཁུ་ཚུར་མཛབ་སྦྱར་དཔྲལ་བར་བཟློག། རྐང་གཉིས་མཉམ་བྱས་རེས་ཀྱིས་ཕྱར། ། མཆེ་གཙིགས་ཧཱུཾ་སྒྲོག་ཁྲོ་གཉེར་ལྟ།། བྱང་ཤར་ཐིག་ལེར་གྲགས་པའི་རྒྱ།། ཁུ་ཚུར་མཐེའུ་ཆུང་མཚོ་བའི་རྒྱ།། རྐང་པ་རོས་བཏེག་ཤར་ལྷོར་ཕྱེ།། ལྷོ་ནུབ་རྐང་གཉིས་རེས་གྱིས་བརྡབ། ། ཞགས་པས་བདེབས་དང་རལ་གྲིས་གཅོད།། ནུབ་བྱང་རྐང་གཉིས་བརྡབ་པ་དང་།། ལག་གཉིས་མཐེབ་སྤྱད་འཁོར་ལོ་བསྐོར།། ཡང་ན་མཆེ་གཙིགས་ཕྱག་རྒྱས་གདག། སྟང་སྟབས་ཐམས་ཅད་ཙནྡུ་སྒྲོག། དེ་ནས་རིག་སྔགས་བཟློག་པ་ཡི།། ཕྱག་རྒྱ་ཆོ་ག་བཤད་པར་བྱ།། ཁུ་ཚུར་གུང་མོ་བརྐྱང་རྩེ་སྤྲད།། མཛུབ་གཉིས་དེ་ཡི་འགྲམ་དུ་བཅད།། སྔགས་དང་ཕྱག་རྒྱ་ཐམས་ཅད་ཀྱིས། ། ལྷཀླུ་སྲིན་པོ་གནོད་སྦྱིན་དང་།། མཁའ་འགྲོ་འབྱུང་པོ་མི་མ་ཡིན།། གསོད་དང་སྤྲོད་དེ་མེ་ལྟར་མཛད།། འཕགས་པ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། སྔགས་དང་ཕྱག་རྒྱའི་ལེའུ་སྟེ་གསུམ་པའོ།། །། བླ་ན་མེད་པའི་རས་རིས་སྐུ།། ཆོ་ག་དེ་ནས་བཤད་པར་བྱ།། བྲིས་སྐུ་འདོད་པས་ཐམས་ཅད་དུ།། དགེ་བའི་རས་བཟང་བཙལ་ནས་ཀྱང་། ། བཀྲུས་ཏེ་སྔགས་ཀྱིས་བསྲུང་བྱས་ལ།། དྲར་སྨྲིག་ཏུ་ནི་བསྒྱུར་བར་བྱ།། རྒྱུད་བཟང་དལ་ཞིང་དུལ་བག་ཡོད།། ཆོས་ཐོས་རི་མོ་མཁན་ལ་སྤྲིན།། སྲིད་ཆུང་ཡིད་གཞུང་ཁྲོ་མེད་པས། ། སེན་རྩི་ཤུན་ཀན་ཚུལ་སྦྱར།། སྤང་དང་མུ་བི་ཀན་ཏར་ལྡང་།། བ་པླ་ཀྲ་ནཱི་བླ་ན་སེར།། ལི་ཁྲི་སྐོང་མཚལ་ལྤགས་དམར།། རམས་དང་མཐིང་ཤུན་བྲུ་ནིར་སྔོ།། སྤྱིག་དང་ཨ་ནག་པོ་སྟེ། ། ཤེ་ཐ་དག་ཀྱང་དཀར་པོར་འགྱུར།། ས་སྣོད་སོ་བཏང་སགས་སྙེག་བྱུག། པིར་འཇམ་རལ་འབྲིང་ཐ་མབྲི།། རྒྱལ་དངས་རིནམ་གྲུ་དང་།། སྔོན་སྦུབས་སྤྲིན་དྲུག་ལྷ་མཚམས་ཤེས་དེ་ནས་ཡང་དག་རབ་བཤད་པ། ། ཐུབ་པའི་དགེ་བ་རས་རིས་ལ།། དབུས་སུ་བྱང་ཆུབ་ཤིང་མཆོག་དྲུང་།། གསེར་མདོག་འཁོར་ལོ་སྒྱུར་བའི་ཆས།། ཆོས་འཆད་ཕྱག་རྒྱ་ངུར་སྨིག་བསྣམས། ། ལོགས་སུ་འདབ་བཟང་རྒྱལ་པོ་གཉིས།། སྙིམ་པ་མེ་ཏོག་བཀང་བའི་གཟུགས།། གཡས་སུ་འཇིག་རྟེན་དབང་པོ་དཀར།། ངུར་སྨྲིག་གོན་པས་ཐལ་མོ་སྦྱར།། དེ་ཡི་ཞབས་སུ་མི་གཡོ་བ། ། སྤྱན་གསུམ་ཁྲོས་པ་ཀླུ་ཡི་བརྒྱན།། ན་རའི་སྟོད་གཡོགས་སྟག་སྨད་བཀྲིས།། རིན་ཆེན་རྒྱན་ཅན་དོ་ཀེར་ཅན།། རྡོ་བ་དམར་པོའི་ཁྲི་སྟངས་ན།། རལ་གྲི་དང་ནི་ཞགས་པ་དང་། གཡོན་པ་ཅུང་ཟད་བརྐྱང་སྟེ་བཞེངས།། གཙོ་བོའི་གཡོན་གྱི་ཕྱོགས་ཆལ།། རྡོ་རྗེ་འཛིན་སྔོ་ངུར་སྨྲིག་ཅན།། རྡོ་རྗེ་དང་ནི་ཞགས་པ་འཆང་།། དེ་ཡི་འོག་ཏུ་སྒྲུབ་པོ་ནི།། པུས་བཙུགས་སྤོས་ཀྱི་ཁང་བུ་འཛིན། ། གཙོ་བོ་ཞབས་སུ་ཁྲོ་བོ་ཆེ།། ནག་པོ་ཁམས་གསུམ་བསྟན་པ་ཡི།། ལག་གཉིས་རིན་ཆེན་ཁྲི་ལ་བཏེག། གཙོ་བོ་སྣ་ཚོགས་པདྨ་སྟེ།། འཇིག་རྟེན་དབང་དང་ཁྲོ་བོ་ཡི།། རྡོ་རྗེ་འཛིན་དང་སྒྲུབ་པའི་སྔོ།། ཡན་ལག་ལྔ་པ་སྡོང་པོ་གཅིག། ཀླུ་ཡི་བུ་མོ་མཛེས་མ་གཉིས།། པང་གིས་འཁྱུད་དེ་འཛིན་པར་མཛད།། ཞི་བ་རྒྱས་པ་དབང་གི་ཕྱིར།། དེ་ནས་བྲིས་སྐུ་ཡང་དག་བཤད། ། དབུས་སུ་ཤཱཀྱ་ཐུབ་པ་དང་།། གཡས་སུ་འཕགས་པ་འཇམ་དཔལ་ཏེ།། གཡོན་དུ་ཕྱག་ན་རྡོ་རྗེའོ།། བསྙེན་པའི་དོན་དུ་རས་རིས་ནི།། ཤིན་ཏུ་བལྟ་དཀའ་གསུས་པོ་ཆེ།། ཞལ་གཅིག་ཕྱག་བཞི་ཀླུ་ཡི་བརྒྱན།། ཁ་ནས་ཁྲག་འཛག་ལྕེ་འདྲིལ་བ།། མཆེ་གཙིགས་ཀཱི་སྒྲ་ཆེར་སྒྲོག་པ།། སྤྱན་གསུམ་ཉི་མ་ཤར་ཀའི་འོད།། ངུར་སྨྲིག་བསྣམས་པ་ཆར་སྤྲིན་མདོག་སྐུ་ལ་ཐོད་རློན་འཕྲེང་བ་ཅན། ། དབུ་ལ་ཐོད་པ་ཚར་བཞིས་བརྒྱན།། གཡོན་དུ་རིན་ཆེན་ཟུར་བུད་འཕྱང་།། བསྐལ་པའི་མེ་འོད་འབར་བ་ཡིས།། ཕྱོགས་ཀྱི་བགེགས་ཚོགས་སྲེག་པར་མཛད།། གཡཱ་ཀྱི་དང་པོ་རྡོ་རྗེ་སྟེ། ། གཉིས་པས་རལ་གྲི་འོད་འབར་འཆང་།། གཡོན་གྱི་དང་པོ་རྡོ་རྗེ་ཞགས།། གཉིས་པ་སྡིགས་མཛུབ་བརྐྱང་སྟེ་མཛད།། རིན་ཆེན་རྡོ་ཡི་ཁྲི་སྟེངས་སུ།། བགེགས་ཀྱི་རྒྱལ་པོ་མནན་ནས་ཀྱང་། ། གཡོན་བརྐྱང་བ་ཡི་གར་གྱིས་གནས།། དེ་ཡི་མདུན་དུ་ཞི་བའི་བྱད།། སྤོས་ཁང་བཟུང་བའི་སྒྲུབ་པོ་བྲི།། ཅི་འབྱོར་རྒྱུན་དུ་མཆོད་པར་བྱ།། མངོན་སྤྱོད་སྒྲུབ་པའི་རས་རིས་ནི།། དེ་ནས་ཡང་དག་བཤད་པར་བྱ། ། དུར་ཁྲོད་རས་ལ་མི་གཡོ་བ།། མདོག་ནག་སྤུན་གསུམ་ཟུར་མིག་ལྟ།། ངུར་སྨྲིག་གོས་གྱོན་ཁྲོ་གཉེར་ལྡན།། རལ་གྲི་དང་ནི་ཞགས་པ་འཆང་།། བྲིས་ནས་བདག་གི་ཁྲག་གིས་ནི།། སྤྱན་ཕྱེ་གསོལ་བ་བཏབ་པར་བྱ། ། རི་མོ་འདིས་ནི་རིག་འཛིན་ཀྱང་།། སྒྲུབ་པོ་མངོན་སྤྱོད་སྨོས་ཅི་དགོས།། ཡང་ན་སྣ་ཚོགས་ལས་ཀྱི་ཕྱིར།། མཐིང་ཁ་ན་རའི་རྒྱན་ཅན་ནི།། བརྐྱང་བསྐུམ་རྡོ་རྗེ་དྲིལ་བུ་འཛིན།། པདྨ་ཟླ་བ་ལ་བཞུགས་བྲི།། དམག་དཔུང་རེངས་པའི་རས་རིས་ནི།། གསེར་མདོག་ཁྲོ་བོ་མི་གཡོ་བ།། མི་སྡིག་མཆེ་བ་གཙིགས་པའི་སྐུ།། འབར་འཕྲེང་འཁྲིགས་པའི་འོད་ལྡན་པ།། ཞལ་བཞི་ཕྱག་ཀྱང་བཞི་པ་སྟེ། ། རལ་གྲི་ཞགས་པ་དང་པོ་འཛིན།། རི་བོ་ཆེ་དང་སྡིགས་མཛུབ་འོག། ཞབས་བཞི་བདུད་བཞི་སྙིང་ཁར་རོ།། དེ་ནས་རིག་འཛིན་དངོས་གྲུབ་ཀྱིས།། རས་རིས་བྲི་བ་ཡང་དག་བཤད། ། མི་གཡོ་ཁྲོ་བོ་ཞལ་གཅིག་པ།། མདངས་བཟང་ཟར་མའི་མེ་ཏོག་མདོག། རལ་གྲི་ཞགས་པ་སྡིགས་མཛུབ་ཅན།། པུས་མོ་གཡས་བཏེག་གཡོན་པ་ནི།། ས་ལ་ཅུང་ཟད་བཙུགས་པར་མཛད། ། མཁའ་ལ་ལྷ་ཡི་བུ་གཉིས་ཀྱིས།། དབུགས་འབྱིན་མཛད་པ་ཉམས་དགའ་གཟུགས།། གཡས་སུ་རྣམ་སྣང་མཛ་བྲིས་ཏེ།། གཡོན་དུ་འོད་དཔག་མེད་པའོ།། དེ་མདུན་སྒྲུབ་པོ་ཉིད་ཀྱང་བྲི། ། གང་ཡང་རིས་མ་ཐམས་ཅད་ལ།། མཆོད་དེ་མེ་ཏོག་གཏོག་ནས་ཀྱང་།། སྤྱན་ཕྱེ་ན་བཟའ་གསོལ་བྱས་ཏེ།། རྟེན་འབྲེལ་སྔགས་ཀྱིས་རབ་གནས་བྱ།། དེ་རྗེས་སྨོན་ལམ་བཏབ་པ་ནི།། ཨོཾ་ལྡན་བདག་གིས་བསགས་པ་ཡི། ། བསོད་ནམས་གྲངས་མེད་གཞལ་མི་ལང་།། དེས་ནི་འགྲོ་བ་མ་ལུས་པ།། བླ་མེད་གོ་འཕང་ཐོབ་པར་ཤོག། སེམས་ཅན་དམྱལ་བ་དུད་འགྲོ་དང་།། ཡི་དགས་གང་དག་གྲངས་མེད་རྣམས།། བདག་གི་བསོད་ནམས་མཐུ་ཡིས་ནི།། ཐམས་ཅད་བདེ་དང་ལྡན་གྱུར་ཅིག། གང་ཡང་ལྷ་མི་དབུལ་འཕོངས་དང་།། མི་ནང་བུ་གེ་དགྲ་ཚོམ་སོགས།། བདག་གི་བསོད་ནམས་མཐུ་ཡིས་ནི།། དེ་དག་ཐམས་ཅད་བྲལ་གྱུར་ཤོག། ཇི་སྐད་སེམས་ཅན་ཐམས་ཅད་རྣམས།། དེ་སྙེད་སྡུག་བསྔལ་རྒྱ་མཚོ་ཀུན།། སྣ་ཚོགས་དེ་དག་ཀུན་ཞི་ནས།། འགའ་ཡང་སྡུག་བསྔལ་མེད་པར་ཤོག། སེམས་ཅན་གང་དག་ལུས་ངག་ཡིད། ། མི་དགེ་སྦྱོད་པ་བྲལ་གྱུར་ནས།། དགེ་བ་ཕུན་ཚོགས་སྤྱོད་གྱུར་ཏེ།། ཀུན་ཀྱང་བདེ་ལྡན་ཐོབ་གྱུར་ཤོག། དེ་ནས་རྒྱལ་སྲས་ཀུན་བཏུད་དེ།། ལག་ན་དྲི་དང་མེ་ཏོག་སོགས།། མཆོད་པའི་ཡོ་བྱད་ཀུན་ཐོགས་ནས། ། བླ་འོག་ཐ་དད་གསལ་བྱའི་ཕྱིར།། བདེ་གཤེགས་བསྡུ་དོན་འདི་སྐད་བརྗོད།། ཨོཾ་བདེ་གཤེགས་པའི་བཅོམ་ལྡན་འདས།། སྐྱོབ་པ་དངོས་སུ་བཞུགས་པ་རྣམས།། བདག་ལ་སླར་ཡང་བརྩེ་བའི་ཕྱིར། ། རྒྱལ་བ་སྲས་བཅས་ལ་མི་མངའ།། བདག་དོན་གྲུབ་པར་འགྲོ་བ་ལ།། བརྩེ་ཕྱིར་སླར་ཡང་བྱོན་པར་མཛོད།། དེ་ནས་གཏོར་མ་མེ་ཏོག་དྲི།། དཀྱིལ་འཁོར་རྒྱན་དང་རྡུལ་ཚོན་རྣམས། དངོས་གྲུབ་དམ་ཚིག་གནོད་སྤངས་ཕྱིར།། ལག་པས་རེག་པར་མི་བྱ་སྟེ།། གོས་ཀྱི་ཕུར་མ་ལ་སོགས་པ།། ཅི་བདེ་བས་ནི་ཕྱགས་ནས་ཀྱང་།། སྐྱེ་འགག་མེད་པའི་སྔགས་བརྗོད་ནས།། ཆུ་བོ་ལ་ནི་དོར་བར་བྱ།། འབྲས་དང་འོ་མ་ཤ་ཀ་དང་།། མར་དང་བཅས་པ་བསྐོལ་བྱས་ཏེ།། འབྲས་ཟན་དང་ནི་ལྷན་ཅིག་ཏུ།། དགའ་སྐྱེད་ཕྱིར་ན་དགེ་འདུན་དང་།། བྲམ་ཟེ་ལ་ནི་སྟོན་མོ་བྱ།། དེ་ནས་བྲིས་སྐུ་བརྟན་པར་ནི།། གསང་བའི་གནས་སུ་མཆོད་པར་བྱ། ། ཁྱད་པར་ཚེས་བརྒྱད་དུས་སུ་མཆོད།། བླ་མ་ལ་ནི་ཡོན་དབུལ་ཞིང་།། རྟག་ཏུ་སྔགས་འཛིན་ཐམས་ཅད་ཀྱང་།། མཉེས་པར་བྱ་ཞིང་ཁྲོས་པ་མིན།། སེམས་ཅན་མ་མོས་སྤང་བར་བྱ།། དཀོན་མཆོག་གསུམ་ལ་ངེས་བསྐྱེད་དེ།། ཐེ་ཙོམ་ལེ་ལོ་སྤང་བར་བྱ།། རང་གི་ཕུང་པོ་བསྙེན་བཀུར་ཕྱིར།། ཁྲུས་དང་གཙང་སྦྲ་ལྡན་བྱས་ནས།། གོས་བཀྲ་དྲི་མ་མེད་པ་བགོ། ཟས་ཀྱང་འབྲས་སོགས་དྲི་མེད་ལ། ཅུང་ངུ་བཟའ་ཞིང་བཏུང་བར་བྱ།། མངས་པས་གཉིད་དང་ལེ་ལོ་དང་།། དྲིང་བ་ནི་སྐྱེད་པར་འགྱུར།། ཐོརརངས་དང་པོར་ལངས་ནས་ནི།། སྲོད་ཐལ་བར་དུ་བརྩོན་པར། ནམ་གྱི་གུང་ལ་གཉིད་པའི་ཚེ།། འགྲོལ་ཕན་བྱའི་སེམས་ཀྱིས་ཉལ།། འཕགས་པ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། བྲིས་གླུའི་ལེའུ་སྟེ་བཞི་པའོ།། ། དེ་ནས་པང་དག་བཤད་བྱ་སྟེ། ། ལྷ་སྒོམ་པ་ཡི་རིམ་པ་ནི།། རང་གཟུགས་སྟོང་པར་བྱས་ནས་སུ།། ཡི་གེ་འཕྲེང་བའི་འཁོར་ལོ་ལས།། སྒྲ་གྲགས་པ་ནི་རིག་པ་ཆེ།། ཟླ་བའི་གཟུགས་བརྙན་ལྟ་བུར་སྣང་། དེར་སོན་པ་ནི་རྡོ་རྗེ་སོགས།། རང་གི་ཕྱག་རྒྱ་ཉིད་ཡིན་ནོ།། དེ་ལས་གྱུར་པའི་སྐུ་མཆོག་ནི།། འཇའ་ཚོན་ཤར་བ་ཇི་ལྟ་བར།། མཚན་དཔེ་མདངས་འོད་ཡང་དག་ལྡན།། བརྗིད་ཅིང་དགྱེས་པའི་མདངས་དང་ལྡན། ། སྒེག་ཅིང་རོལ་པའི་ཆ་བྱད་ནི།། བྱིས་པ་གཞོན་ནུའི་ལང་ཚོ་འདྲ།། རིན་ཆེན་རྒྱན་དང་ན་བཟའ་ནི།། གཟུགས་མཛེས་ལྷ་ཡི་ཇི་ལྟ་བ།། ཁྲོས་པའི་སྲིན་པོ་ལྟ་བུ་སྟེ།། སྐྲ་དང་ཁ་སྤུ་ལ་སོགས་པ། སྤུ་སོགས་སེར་ཞིང་རྩུབ་ལ་འཁྲིལ།། སྣ་ཚོགས་དུར་ཁྲོད་རྒྱན་རྣམས་ནི།། རྩུབ་ཅིང་བློ་ལྡན་རབ་ཏུ་ཁྲོས།། ན་བཟའ་རློན་པ་ཁྲག་ཅན་ནི།། སྟེང་གི་ཁྱམས་སུ་ཡོད་པར་མཛད།། ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི།། ངར་སྐད་འབྲུག་སྒྲ་སྤགས་གླུ་ནི།། རི་རབ་འབུམ་སྙིལ་ཚལ་ཆོམ་ལྟར།། ལུས་རབ་ལྟོས་འགྲོས་བརྒྱན་པ་ནི།། གཟི་ལྡན་འཁྱུད་ཅིང་བུ་སྒྲ་འདོན།། འཕྲོ་འདུ་འོད་ཀྱི་དཀྱིལ་འཁོར་ནི།། ཉེ་འབུམ་དུས་མེའི་བསྐལ་པ་འདྲ། ། རབ་གདུག་མཚོན་ཆ་དུ་མ་ནི།། ལྷ་མིན་དུས་ཀྱི་འཁྲུག་པའི་ཆ།། ཁྲོ་བོ་ཁྲོ་མོའི་ཚོགས་འབྱུང་བ།། ཐམས་ཅད་ཡི་གེ་ཧཱུཾ་སྒྲ་ཅན།། མ་མོ་དང་ནི་མཁའ་འགྲོ་རྣམས།། བྷྱོ་ཡིག་དྲག་པོའི་བདག་ཉིད་ཅན། ། ཐུབ་པ་ཡི་གེ་མུཾ་ལས་བསྐྱེད།། རྒྱལ་སྲས་རིག་མ་ཉན་ཐོས་དང་།། འཇིག་རྟེན་སྐྱོང་རྣམས་སྔགས་འདིས་བསྐྱེད།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུད་དྷེདྷམཱ་ཏེ་ག་ག་ན། ས་མུད་ག་ཏེ་ས་ཧ་པ་རི་ཤུད་དྷེ། མ་ཧཱ་ན་ཡ་བ་རི་ཝཱ་རེ་སྭཱ་ཧཱ། རང་གི་ལུས་ལ་སེམས་བཅུག་ནས།། སྡིག་པ་ཐམས་ཅད་རབ་ཏུ་ཞི།། ངང་ཚུལ་བཟང་པོར་ཡང་དག་བྱུང་རིག་པར་གྱུར་པའི་སེམས་ལྡན་ནས། ། དྲང་སྲོང་རྫུ་འཕྲུལ་ཅན་དུ་འགྱུར།། གཞན་ཡང་སྡུག་བསྔལ་ཞི་ནུས་ན།། རང་གི་བདེ་ཐོབ་སྨོས་ཅི་དགོས།། རང་རང་རིགས་ཀྱི་ལྷ་རྣམས་ཀྱི།། གཟུགས་བསྙེན་ཕྱག་མཚན་ཁ་དོག་ནི། ། དཀྱིལ་འཁོར་རམ་ནི་རིས་མ་ལས།། གསུང་བ་ཇི་ལྟར་བསྒོམ་པར་བྱ།། དེ་ནས་མི་གཡོ་ཁྲོ་བོ་ཆེས།། རྡོ་རྗེ་འཛིན་པ་ཕྱག་འཚལ་ནས།། དག་ཅིང་གསལ་ལ་སྙན་པ་ཡིས།། ཚིག་གིས་ཡང་ནི་འདི་གསོལ་ཏོ། ། རྡོ་རྗེ་འཛིན་པ་བཅོམ་ལྡན་འདས།། གཏུམ་མོ་མཚན་ཉིད་ལྡན་པ་ཡི།། ང་ཡི་མཚན་ཉིད་ཁྱེད་ཤད་ནས།། དེ་ཚེ་རྡོ་རྗེ་འཛིན་རྒྱལ་པོས།། གཏུམ་མོའི་ཆ་བྱད་ལྡན་བྱས་ནས།། རང་གཟུགས་སྔགས་དང་བཅས་པ་ཡིས། ། གསང་ཆེན་བརྡ་འདི་བཀའ་སྩལ་ཏོ།། དག་པའི་སེམས་ཉིད་ཧཱུཾ་རྡོ་རྗེ།། མཐིང་ཁའི་མདོག་ལས་རྡོ་རྗེ་འཛིན།། མཐིང་ཁ་བརྐྱང་སྐུམ་ཁྲོ་སེམས་ཅན།། ན་རའི་@རྒྱན་བཅས་འཇིགས་བྱེད་སྐུ། ། གྱེན་སྨྲ་ཁ་སྤུ་ན་སེར་དམར།། པདྨ་ཟླ་བའི་སྟེང་དུ་ནི།། མེ་ཡི་ནང་བཞུགས་རྡོ་དྲིལ་འཆང་།། རྣམ་སྣང་འཛིན་དང་གཉིས་དང་པོ།། བཞི་པའི་ལྔ་པ་དེའི་གསུམ་པ། ། ལྔ་པའི་ལྔ་པ་བདུན་པའི་བཞི།། མེ་ཡི་ས་བོན་དགུག་བས་མན་ན།། བདུན་པའི་དང་པོ་གསུམ་པ་ཡིན།། གསུམ་པས་བཏེག་གོ་ཧཱུཾ་ཕཊ་བཅས།། གསང་སྔགས་རྒྱལ་པོ་བླ་མེད་འདིས། ། དགོས་པ་ཐམས་ཅད་འགྲུབ་པ་དང་།། ཁྱད་པར་དུ་ནི་འབྱུང་པོ་སེལ།། ཀླུ་འདུལ་བ་ནི་དཀར་པོ་ཆེ།། ནམ་མཁའ་ལྡིང་གི་ཆ་བྱད་ཆེ།། གྲུབ་པའི་གཏེར་གྱི་དོན་དུ་ནི།། སེར་པོ་འོད་དང་ལྡན་པ་ཡི།། དམར་པོ་དང་ནི་ལྗང་ནག་དག། དྲག་པོའི་གདོན་རྣམས་སེལ་བ་དང་།། ཚེ་རིང་བ་ལ་ཤིས་པའོ།། ལྷག་པ་བསྐྱེད་པའི་སྐུ་མཆོག་ནི།། འབྱུང་པོར་གྱུར་པའི་དེ་མ་ཐག། ས་སྟེངས་ཐམས་ཅད་མུན་ནག་འཁྲིགས།། བདུད་རྣམས་ཐམས་ཅད་རབ་ཏུ་ཚིག། ཡེ་ཤེས་མེ་འོད་ཆེན་པོ་འདི།། བཟོད་པར་བླ་ལ་གཅིག་མ་མཆིས།། བགེགས་ཆེན་ལོག་པར་འདྲེན་པ་རྣམས།། དོག་པའི་སེམས་ཀྱིས་ཐག་རིངས་འབྲོས།། གསང་སྔགས་ཡི་གེ་ཧཱུཾ་སྒྲ་ཅན།། གློག་འཁྲུག་པ་ཡི་འོད་ཟེར་འདྲ།། ཀླད་པར་ཡི་གེ་ཧཾ་གི་གཟུགས།། གྲུ་གསུམ་མེ་ཡི་གཟུགས་བརྙན་ཅན།། འོད་དམར་ཚལ་པ་རབ་འཐོར་བས།། བགེགས་ཚོགས་སྲེག་ཅིང་འབྲོས་པར་བྱེད། ། བོང་བུ་རྔ་མོ་ཁྱི་སྤྲེའུ་གཟུགས།། རོ་ལངས་མ་ལུས་ཐམས་ཅད་ཀུན།། ཧ་ཧཱུཾ་བརྗོད་ཅིང་འབྲོས་པར་བྱེད།། རླུང་གིས་གཡེངས་པའི་རྡུལ་དང་མཚུངས།། གྱེན་ཐུར་ཧཾ་གི་འཕྲོ་འདུ་དང་། ཁྲོ་བཅུ་ས་བོན་ཡི་གེ་ཧཱུཾ།། མེ་དང་རླུང་གི་ཚུལ་དུ་འབར།། མངོན་སུམ་རྩཝ་ལ་མེ་བཞིན་དུ།། སྙིང་གི་ཧཱུཾ་གིས་འདས་ནས་ཀྱང་།། ཀླད་པའི་ཧཱུཾ་གིས་སྲེག་པར་བྱེད།། འདོད་དང་ཕྱག་རྒྱ་ལྔ་ཡི་སྐུ།། བསྐྲད་དང་བཅིང་དང་མྱོས་བྱེད་བསམ། ། སེང་གེ་དང་ནི་གླང་ཆེན་འབྲུག། དྲག་པོའི་སྒྲ་སྐད་ཅི་འདྲ་བར།། རྩ་བའི་གསང་སྔགས་ཟློག་པ་ནི།། བགེགས་དང་ལོག་འདྲེན་མ་ལུས་པ།། སྲེག་ཅིང་ཕྱེ་མ་རྡུལ་དུ་རློག་སྙིང་ནང་སྙིང་པོ་བསྟན་པ་ནི། ། འོད་འབར་འོད་ཀྱིས་སྡིག་པའི་ཚོགས།། དུ་མ་རྣམས་ཀྱང་ཟད་པར་མཛད།། ལུས་ངག་ཡིད་བརྟན་འཁོར་ལོ་སྔགས།། ཨོཾ་དང་ཨཿདང་ཧཱུཾ་ཕྱོར་གྱིས།། དཔལ་འཕེལ་དབང་ཕྱག་སྐྱེད་པ་དང་། ། གོ་ཆ་ཆེན་པོ་སྒྲོན་པར་བྱེད།། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱ། ཏ་ཐཱ་ག་ཏཱ་ནཱ་ཧཾ། གོ་ཆ་ཆེན་པོའི་གསང་སྔགས་འདིས།། རྒྱལ་སྲས་རྣམས་ཀྱང་འདར་གྱུར་ན།། བགེགས་རྣམས་སྲེག་པ་སྨོས་ཅི་དགོས། ། ས་མ་ཡ་སྟྭཾ་ཨཾ་ཧཾ་གིས།། ཡེ་ཤེས་ལྷ་དང་འབྲེལ་བར་བྱ།། རྒྱལ་བས་དབང་བསྐུར་སྦྱོར་བས་ནི།། ཡེ་ཤེས་དབུ་རྒྱན་བཏགས་པར་བྱ།། གཙོ་ལ་མི་བསྐྱོད་དབུ་རྒྱན་ཅན།། འཁོར་ཀུན་མི་གཡོས་རྒྱས་གདབ་བྱ། ། བདག་ཉིད་ཡི་གེར་བྱས་ནས་སུ།། མེ་གཟུགས་ཤིན་ཏུ་ཕྲ་བས་ནི།། མཚོན་མོ་དུས་སུ་ཉམས་པར་བྱ།། སྡང་བ་ཧཱུཾ་གི་སྒྲ་ལས་སོ།། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། ལྷ་འབྱུང་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྔགས་སྤྲོད་ཚུལ་གྱི་ཆོ་ག་ཉོན།། དད་པ་དང་ཡང་མི་ལྡན་ཞིང་།། བྱང་ཆུབ་སེམས་ལས་མ་བསྐྱེད་དེ།། དབང་བསྐུར་རྗེས་གནང་མ་ཐོབ་ལ།། སྡོམ་ཚུལ་དམ་ཚིག་བྲལ་བའི་མི།། གསང་སྔགས་རང་ཉིད་ལེན་པ་ནི།། བྱིས་པ་ལྕགས་སྲེག་མིད་པ་འདྲ།། ཐོག་མ་མེད་སྒྲིབ་བཀྲུ་བའི་ཕྱིར། རྡོ་རྗེ་སློབ་དཔོན་འདི་སྐད་བརྗོད།། ཨོཾ། སྔགས་མཆོག་ཏིང་འཛིན་རྣམ་དག་ཆུ།། བསྐལ་པ་དུ་མར་བསགས་པ་ཡི།། སྡིག་པའི་ཚོགས་རྣམས་དག་གྱུར་ནས།། རང་བཞིན་དག་པའི་སེམས་སུ་བྱེད།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་དྷིཥྛཱ་ན་ཀཱ་ཡ་བྷཱ་ཀ་ཙིཏྟ་བི་ཤོ་དྷ་ན་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི།། རིན་ཆེན་སྔགས་ལས་བྱུང་བ་ཡི།། དབུ་རྒྱན་ལྷ་རྫས་ཅོད་པན་འདིས།། དབང་བསྐུར་རིན་ཆེན་མཆོག་ཏུ་འགྱུར། ། ཨོཾ་བཛྲ་དྷ་ར་ཤྲཱི་བཛྲ་ས་མ་ཡ་སྟྭཾ་ཨ་ཧཾ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཆེན་པོ་བླ་ན་མེད།། བཟུང་བས་ཕྱོགས་ལས་རྒྱལ་གྱུར་ཏེ།། རྡོ་རྗེ་ལྟ་བུར་བརྟན་བྱེད་པས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། ། ཨོཾ་སརྦ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དྲིལ་བུ་དབྱངས་སྙན་བླ་ན་མེད།། སྐུ་ཡི་རྡོ་རྗེ་རབ་ཏུ་བསྐྱེད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཕུང་།། ཁམས་གསུམ་སྲིད་པའི་རྒྱལ་པོར་འགྱུར།། ཨོཾ་ས་མ་པ་གྷཎྚ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ། སྙིང་རྗེ་ཤེས་རབ་དབྱེར་མེད་རྒྱ།། གང་གིས་ཐོས་པ་ནང་གི་སུ།། དེ་ཡི་མིང་མཚན་བདག་པོར་འགྱུར།། རྟག་པའི་དང་གནས་བླང་བར་མཛོད།། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག། སངས་རྒྱས་ཀུན་གྱི་དྲིལ་བུ་རྒྱ།། ཤེས་རབ་དབྱང་ཀྱི་རྗེས་འགྲོར་བཤད། ། རྟག་ཏུ་ཁྱོད་ཀྱིས་བཟུང་བྱས་ནས།། བྱང་ཆུབ་མཆོག་ཐོབ་རྒྱལ་བས་གསུངས།། ཨོཾ། ཤེས་རབ་རལ་གྲི་བླ་ན་མེད།། གང་གིས་འཆང་བ་རྒྱལ་འགྱུར་ཏེ།། བདུད་ཀྱི་དཔུང་ནི་གཤེགས་ནས་ཀྱང་། ། མཁའ་ལ་ཡེ་ཤེས་འོད་འབར་འགྱུར།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཛྙཱ་ན་ཁཌྒ་ཨ་བྷི་ཥིཉྩ་ཧཱུཾ། ཨ། རྡོ་རྗེ་ཞགས་ཐུགས་རྡོ་རྗེ་ཅན།། ཉོན་མོངས་སྲིད་པའི་སྡོང་བུ་རྣམས། ཐབས་ཀྱི་ཞགས་པས་བཅིངས་ནས་ཀྱང་།། སྲིད་པའི་འཆིང་བ་ལས་གྲོལ་མཛད།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཤེ་ན་ཨ་བྷི་ཥཉྩ་ཧཱུཾ། དབང་དང་རྗེས་གནང་མ་ཐོབ་ཅིང་།། དམ་ཚིག་སྡོམ་པ་མི་ལྡན་ལ།། བླ་མ་མཉེས་པར་མི་བྱེད་ན། ། སྒྲུབ་པ་འབྲས་མེད་ངན་སོང་འགྲོ།། ལོག་ལྟ་ཅན་གང་བླ་མ་འཚེ།། དམྱལ་བའི་གནས་སུ་འགྲོ་བར་ངེས།། འདིར་ཉམས་པས་ནི་ནད་ཡམས་དང་།། དགྲ་བོ་མུ་གེས་རྟག་ཏུ་འཚེ།། དཀྱིལ་འཁོར་ས་བཞི་ཉམས་དགའ་བ། ། ཆུ་ཀླུང་མཚོ་འགྲམ་རི་ལྗོངས་དང་།། འབྲས་བུ་མེ་ཏོག་སྐྱེད་མོས་ཚལ།། ཀུན་དགའ་ར་བ་ཁང་བཟང་མཆོག། བཞི་མདོ་རི་སུལ་ཤིང་གཅིག་རྡུང་།། ཕྱུགས་ལྷས་ཁང་བརྩེགས་གླང་ཆེན་བྲེས། ། གཙུག་ལག་ཁང་དང་དགོན་པ་དང་།། ཆུ་གླིང་མཚེའུ་འགྲམ་ནེའུ་གསིང་དུ།། བསྙེན་དང་དབང་བསྐུར་བྱེད་པ་དང་།། དུར་ཁྲོད་སོགས་སུ་ལས་རྣམས་སྒྲུབ།། ལས་ཀྱི་དཀྱིལ་འཁོར་ཁྲུ་གང་སྟེ།། དབང་གི་དཀྱིལ་འཁོར་ཆེན་པོ་ལ། ། ཐུབ་པའི་དཀྱིལ་འཁོར་ཁྲུ་བཞི་པ།། ཡང་ན་དྲུག་གམ་བརྒྱད་ཀྱང་བྱ།། གཞན་ནི་ཁྲུ་གསུམ་ཚད་དུ་བྱ།། ཡང་ན་ལྔ་འམ་བདུན་དུ་བྱ།། གཟའ་ཡི་དཀྱིལ་འཁོར་ཁྲུ་གཉིས་ཏེ། ཡང་ན་ཕྱེད་དང་གསུམ་པར་བྱ།། ཀུན་ཏུ་བཞི་ཆ་བོ་དྲང་སྟེ།། ཁང་པས་ཚད་ཀྱི་ཕྱེད་ཡིན་ཏེ།། ཁང་པ་གཉིས་པ་ཆ་གསུམ་པ།། རྟ་བབས་རྡོ་རྗེ་པདྨའོ།། ལྷ་སྣམ་བཞི་ཆ་དག་ཏུ་འགྱུར། ། ཐུབ་པའི་སྒོ་ནི་བཞི་ཡིན་ཏེ།། གཞན་དུ་སྒོ་གཅིག་པ་ཉིད་ཤིས།། འཇམ་པའི་དབྱངས་ནི་བྱང་གི་སྒོ།། ཆོས་ནི་ནུབ་སྒོ་རྡོ་རྗེ་ལྷོ།། གཟའ་དང་འཇིག་རྟེན་སྐྱོང་སོགས་ཤར།། དབང་སྒྱུར་ལྷ་ཡི་གནས་རྣམས་སུ། ། བུམ་པ་ཕྱག་རྒྱར་བཅས་པ་འམ།། སྐུ་འམ་རང་རང་ཕྱག་རྒྱ་གཞག། ཐུབ་པའི་དཀྱིལ་འཁོར་དབུས་སུ་ནི།། པད་ད་ཀ་ར་སྟེང་དུ་ལྷུང་བཟེད་དོ།། གཙོ་བོའི་ས་ནི་སོར་དྲུག་སྟེ།། ལྷག་མ་རྣམས་ནི་སོར་བཞིའོ། ། རིགས་ཀྱི་མཚན་མས་ཡང་ཡང་བསྐོར།། བྱང་དུ་འཇིག་རྟེན་དབང་སྡུད་ནི།། པད་དཀར་རྡོ་རྗེ་གདེངས་པོར་བཅས།། དབང་ལྡན་སྤྱི་བླུགས་བྱམས་པའི་འོ།། ཤར་དུ་འཇམ་དཔལ་ཨུཏྤལླ་སྔོ། མེར་ནི་ཀུན་བཟང་ཡིད་བཞིན་ནོ།། ལྷོར་ནི་རྡོ་རྗེ་རྡོ་རྗེ་འཛིན།། བདེན་བྲལ་མཁའ་སྙིང་པད་དཀར་ཏེ།། ནུབ་ཏུ་པད་སེར་རྡོ་རྗེ་ཆོས།། ནུབ་བྱང་ས་སྙིང་པདྨ་དམར།། གཙུག་ཏོར་གནོད་མཛེས་སྟེང་འོག་ཆར།། གཙུག་ཏོར་དང་ནི་གཏུན་ཤིང་ངོ་། ། ཤར་དུ་རྣམ་རྒྱལ་ཐོད་པ་སྟེ།། མེར་ནི་འདོད་རྒྱལ་རྩེ་གསུམ་མོ།། རྡོ་རྗེ་རྩེ་གཅིག་གཤིན་རྗེ་ལྷོར།། བདེན་བྲལ་རལ་གྲི་སྟོབས་པོ་ཆེ།། ནུབ་ཏུ་རྟ་མགྲིན་པདྨ་སྟེ།། བྱང་དུ་བགེགས་དགྲ་རྡོ་རྗེ་རྒྱ། ། ནུབ་ཏུ་དབྱུག་པ་སྔོན་པོ་སྟེ།། དབང་ལྡན་དུ་ནི་མི་གཡོ་བ།། དེ་ཡི་རྒྱབ་ཏུ་ཉན་ཐོས་ནི།། ཤཱ་རིའི་བུ་དང་རབ་འབྱོར་དང་།། མོའུ་འགལ་བུ་དང་འོད་སྲུངས་དང་།། རྒྱལ་མཆོག་དང་ནི་ས་སྟེངས་སྐྱོང་།། རྟ་ཐུལ་དང་ནི་བ་གླང་བདག། དྲ་ག་ཤུལ་དབང་ཆེན་ཚངས་བུ་ཅན།། བྷ་ར་དྷྭ་ཛ་ལྟེང་རྒྱས་དང་།། དགའ་བོ་ཉེ་དགའ་སྒྲ་གཅན་ནོ།། དེ་ལྟར་བཅུ་དྲུག་ཕྱག་རྒྱའོ།། པདྨའི་སྟེང་དུ་ལྷུང་བཟེད་དོ།། དེ་ནས་ཡང་དག་བཤད་བྱ་བ།། འཇམ་དཔལ་དཀྱིལ་འཁོར་བཟང་པོ་ཡི།། དབུས་སུ་རལ་གྲི་མེ་འོད་ཅན།། རིན་ཆེན་རྡོ་བྲག་སྟང་དུ་བྲི།། བྱང་དུ་རྡོ་རྗེས་མཚན་མ་ཡི།། བུམ་པ་བྲི་བ་བྱམས་པའོ།། ཤར་དུ་ཀུན་ཏུ་བཟང་པོ་ཡི།། རྡོ་རྗེ་དཀར་པོ་བྲི་པར་བྱ། ། ལྷོར་ནི་མེ་འོད་ལྡན་པ་ཡི།། ལག་ན་རྡོ་རྗེའི་རྡོ་རྗེ་བྲི།། ནུབ་ཏུ་འཇིག་རྟེན་དབང་པོ་སྟེ།། པད་དཀར་འོད་དང་ལྡན་པ་བྲི།། ཡིད་བཞིན་ནོར་འཛིན་མཛེས་གཟུགས་ཅན།། རིན་ཆེན་རྡོ་སྟེང་དབང་ལྡན་བྲི།། མེར་ནི་རབ་འབར་རྡོ་རྗེ་ཡི། ། བགྲང་འཕྲེང་པདྨ་ལ་གནས་བྲི།། བདེན་བྲལ་དུ་ནི་རབ་བརྗིད་པའི།། གོ་ཆ་འབར་བ་བྲི་བར་བྱ།། རླུང་དུ་མཛེས་པ་གཞོན་ནུའི་ལྷ།། རིན་ཆེན་སྒྲོན་ནི་བྲི་བར་བྱ།། སྟེང་དུ་རྟུལ་ཕོད་ཅེས་ཁྲོ་བའོ།། པདྨའི་སྟེང་དུ་ཁྲོ་བོ་ཡི།། འོག་ཏུ་ཁྲོ་རྒྱལ་མངའ་གཞུག་གི། རྡོ་རྗེ་བྲག་སྟེངས་ཞགས་པ་བྲི།། ཁྲོ་བོ་ལྷག་མ་སྔོན་གྱི་ནི།། ཚུལ་གྱིས་རྒྱལ་བར་དགོད་པར་བྱ།། བརྟན་པ་ཞེས་པའི་ཕོ་ཉ་མོའི།། ཆུ་གྲི་བྱང་དུ་བྲི་བར་བྱ།། ཟླ་བའི་དཀྱིལ་འཁོར་འཆང་བ་ཡི།། མཁའ་སོར་མ་ནི་ཤར་དུའོ།། ཉི་མའི་དཀྱིལ་འཁོར་འཆང་བ་ཡི།། རྣམ་འཇིགས་མ་ནི་ལྷོ་རུའོ།། ནུབ་ཀྱི་ཕྱོགས་སུ་བྲི་བར་བྱ།། མཛོད་སྤུམ་ཞེས་རིན་འཕྲེང་འཛིན།། རིན་ཆེན་རྡོ་སྟེངས་ཤར་ལྷོར་བྲི།། ཤར་ལྷོར་བགེགས་འཛིན་མ་ཞེས་པ།། འཁོར་ལོ་མེ་འབར་རྡོ་རྗེ་བྲི།། འབར་བའི་གཏུན་ཤིང་བདེན་བྲལ་དུ།། འཇོམས་པའི་ཐོ་བ་རླུང་དུ་བྲི།། ཐལ་སྦྱར་གུང་མོ་ནང་དུ་བཅུག་པདྨ་མཛོད་ཀྱི་ཕྱག་རྒྱ་དང་། ། སྔགས་འདིས་དཀྱིལ་འཁོར་བྱིན་གྱིས་བརླབ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿཧཱུཾ་ཧཱུཾ། བ་བ། མཾ་མཾ་སྭཱ་ཧཱ། སྤྱན་དྲངས་གཤེགས་སུ་གསོལ་བ་དང་། སྲུང་བ་མཆོག་གི་སྔགས་ཡིན་ནོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་བི་ཤཱ་མུ་ཁེ་བྷྱཿཧེ་ཧེ་ཧེ་ཨཱ་ཛྙཱ་བ་ར་མ་ར་ག་ག་ན། ཨཱ་གཙྪ་གཙྪ་བྷ་ག་བཱན་ཤི་གྷྲྀ་སྭཱ་ཧཱ། བསྙེན་པ་འབུམ་ལ་བྱིན་བ་རླབས་དང་།། ལྷ་སྒྲུབ་པ་དང་མཆོད་པའོ། ། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཆོས་ཀྱི་དཀྱིལ་འཁོར་ནི།། དབུས་སུ་འཇིག་རྟེན་དབང་སྡུད་ཉིད།། པདྨ་དམར་པོ་འཆང་བའོ།། ཤར་དུ་དོན་ཡོད་ཞགས་པ་ནི།། བགྲང་འཕྲེང་སྔོན་པོ་འཆང་བའོ།། ལྷོར་ནི་ནམ་མཁའ་དྲི་མེད་དེ།། རྡོ་རྗེ་སྔོན་པོ་འཆང་བའོ།། ནུབ་ཏུ་གར་གྱི་དབང་པདྨ།། བྱང་དུ་ཐུགས་རྗེ་ཤུགས་པོ་ཆེ།། རྡོ་རྗེ་ནག་པོ་འཛིན་པ་བྲི།། སྒྲོལ་མ་ཁྲོ་གཉེར་རལ་གཅིག་དང་།། ཡིད་བཟང་མ་ནི་མཚམས་སུ་བྲི། ། ཁྲོ་བོ་དང་ནི་ཕོ་ཉ་མོ།། འཇམ་པའི་དབྱངས་ཀྱིས་རིམ་པས་དགོད།། དེ་ནས་ཕྱག་ན་རྡོ་རྗེ་ཡི།། དཀྱིལ་འཁོར་ཡང་དག་བཤད་པར་བྱ།། དབུས་སུ་ཕྱག་ན་རྡོ་རྗེ་ཉིད།། རྡོ་རྗེ་དཀར་པོ་འཆང་བའོ།། ཤར་དུ་སངས་རྒྱས་སྤྱན་མ་ཡིན། ། ལྷོར་ནི་པད་འཛིན་མཱ་མ་ཀཱི།། ནུབ་ཏུ་གོས་འཆང་ན་བཟའ་དཀར།། བྱང་དུ་སྒྲོལ་མ་ཨུཏྤལ་འཆང་།། ཕྱོགས་བཞིར་ནམ་མཁའ་དྲི་མེད་དང་།། ཤུགས་པོ་ཆེ་དང་རྡོ་རྗེ་ཏོག། བསྙེམས་ཚུལ་ཆེན་པོ་ཞེས་པ་རྣམས། ། རིགས་ཀྱི་མཚན་མ་འཛིན་པའོ།། དེར་ཡང་སྔོན་ལྟར་ཁྲོ་བོ་རྣམས།། རིམ་པ་བཞིན་དུ་བྲི་བར་བྱ།། དེ་ཡི་ཆ་རྒྱབ་དཀྱིལ་འཁོར་ལ།། དྲག་པོ་ལྷ་རྣམས་བཀོད་པ་ནི།། དཔུང་བཟང་ལ་སོགས་རྡོ་རྗེ་ཅན། ། བརྒྱད་པོ་བྱང་གི་ཕྱོགས་སུ་བྲི།། ཚོགས་འཆང་བ་ཤེས་གཉེན་འགྲོ་སྐྱོང་དང་།། མཐོང་དཀར་རིགས་བྱེད་བདེན་བྲལ་མེད།། ངན་སྤོང་བརྒྱད་དེ་དྲང་སྲོང་ཤར།། ལྷོར་ནི་རྡོ་རྗེ་དགྲ་སྟ་མ། རྡོ་རྗེ་ཐོ་བ་དྲག་ཤུལ་མ།། རྟ་རྣམ་དང་ཁྲོ་གཉེར་མ།། རོ་ལངས་མ་དང་ལྕགས་སྒྲོག་མ།། མཐོང་དཀའ་མ་སྟེ་བརྒྱང་པོ་བྲི།། དུག་སེལ་རྨ་བྱ་འོད་ཟེར་ཅན།། ནོར་རྒྱུན་རལ་གཅིག་དཔུང་རྒྱན་མ།། དབྱངས་ལྡན་དྲིལ་སྒྲོག་བརྒྱད་ནུབ་ཕྱོགས། ། ཀུན་ཀྱང་རང་རིག་ཕྱག་རྒྱ་ཅན།། སྒོ་ཡི་ཕྱོགས་སུ་དགོད་བྱ་བ།། ཐུབ་པའི་འཇིག་རྟེན་སྐྱོང་བ་བཞི།། བརྒྱ་བྱིན་ཁྱབ་འཇུག་དབང་ཕྱུག་ཆེ།། ཚངས་པ་འཇམ་དཔལ་དཀྱིལ་འཁོར་ལའོ། ། རྒྱལ་དང་རྣམ་རྒྱལ་མི་ཐུབ་པ།། གཞན་མི་ཐུབ་པ་སྤྱན་རས་གཟིགས།། ནག་མོ་ཆེ་དང་ཨུཙྪཥྨ།། གཞོན་ནུ་འཕྲོག་མོ་གཏེར་འཛིན་གྱི།། ཁྲོ་བོ་མི་གཡོ་སྒོ་བཞི་ལ།། ནག་པོ་ཆེ་དང་དགའ་བྱེད་དང་། ། ངན་སྤོད་དང་ནི་ཚོགས་བདག་གོ།། མི་གཡོ་དབང་བསྐུར་དགྱེས་པ་ཡི།། དབུས་སུ་ཁྲོ་བོ་མི་གཡོ་བའི།། རལ་གྲི་མེ་འོད་འབར་བའོ།། ཕྱོགས་བཞིར་ཁྲོ་བོ་མདོག་བཞིའོ།། འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། ། རྡོ་རྗེ་རིན་ཆེན་པདྨ་དང་།། རྒྱ་གྲམ་གཡས་པའི་ཕྱག་ཏུ་འཆང་།། གཡོན་པ་སྡིགས་མཛུབ་ཞགས་པ་འཆང་།། རིན་ཆེན་ཟག་ལ་སྐུ་བཞུགས་ནས།། ཞབས་གཉིས་པདྨའི་སྟེང་དུའོ།། མཚམས་སུ་ཁྲོ་མོ་བཞི་པོ་ཡང་། ། གཙོ་བོ་དང་མཚུངས་སྒེག་པའི་ཉམས།། དེ་རྒྱབ་སྔོན་ལྟར་ཁྲོ་བོ་བཅུ།། སྐུ་འམ་ཕྱག་རྒྱའི་འཕྲེང་བ་བྲི།། དཀྱིལ་འཁོར་ཆ་ཡི་རྒྱབ་ཏུ་ནི།། འཇིག་རྟེན་སྐྱོང་བཅུ་དྲག་ཤུལ་ཅན།། ཁྲོས་པས་རང་རིགས་འཁོར་བཅས་བྲི། ། བུམ་པ་ཚད་ལྡན་རས་ཀྱིས་དཀྲི།། དྲི་བཟང་ཆུས་བཀང་ལྷ་གྲངས་སམ།། བཅུ་གཉིས་སམ་ནི་དྲུག་ཀྱང་རུང་།། ཁ་རྒྱན་དང་བཅས་གཞག་པར་བྱ། བླ་རེ་བ་དན་གདུགས་རྒྱལ་མཚན།། ཡོན་ཆབ་བདུག་སྤོས་མེ་ཏོག་དང་།། སྒྲོན་མེ་བྱུག་ཆབ་ཞལ་ཟས་དང་།། གླིང་བུ་སིལ་སྙན་ན་བཟའི་ཚོགས།། གཏོར་མ་དྲི་བཟང་སྨན་དང་བཅས།། ཡིད་འོང་དྲི་ཞིམ་ཟས་སྐོམ་ཚོགས། ། དཀྱིལ་འཁོར་སྤྲད་ནས་མཆོད་པར་བྱ།། ས་ལ་པུས་མོ་ཚད་བརྐོས་ནས།། འབུ་སྲིན་ཤིང་རྡོ་དུམ་བུ་སོགས།། སྐྱོན་མངའ་བྲལ་ནས་ས་ཡིས་དགང་།། བ་ཡི་རྣམ་ལྔས་བྱུགས་པའི་ས་ར།། མེ་ཏོག་གཅལ་བཀྲམ་མཆོད་སོགས་བཀོད།། ལྷ་ནི་སྤྱན་དྲངས་མཆོད་ནས་ཀྱང་།། དགེ་དང་མི་དགེའི་རྨི་ལམ་བརྟག། རྨི་ལམ་བཟང་ན་སྤྲོ་གྱུར་ནས།། ས་བདག་མོ་ལ་གསོལ་བ་གདབ།། ཁྱད་པར་དུ་ཡང་གཏོར་མས་མཆོད། ། བུ་ཚུར་ཤོག་ཅེས་ཐེག་ཆེན་གྱི།། ཚུལ་ཆེན་ཁྱོད་ནི་སྣོད་ཡིན་པས།། གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས།། ཁྱོད་ལ་ཡང་དག་བསྟན་པར་བྱ།། དུས་གསུམ་སངས་རྒྱས་འབྱུང་བ་རྣམས། ། མི་གཡོ་མགོན་པོར་རབ་བསྒོམས་པས།། ཡེ་ཤེས་མཚུངས་པ་མེད་པ་བརྙེས།། སྐྱོབ་པ་ཤཱཀྱ་སེང་གེས་ཀྱང་།། གསང་སྔགས་སྦྱོར་བ་མ་ཉམ་མེད་འདས།། བདུད་སྡེ་ཤིན་ཏུ་མི་བཟད་པ། ། དཔུང་ཆེན་རྣམས་ཀྱང་དཔའ་བོས་བཅོམ།། འཇིག་རྟེན་འདུལ་ཕྱིར་ཆོས་རྣམས་ཀྱི།། འཁོར་ལོ་བསྐོར་ནས་མྱ་ངན་འདས།། དེ་འདྲ་ཀུན་མཁྱེན་ཐོབ་བྱའི་ཕྱིར།། བུ་ཁྱོད་བློ་གྲོས་འདི་ཀྱིས་ཤིག། ཨུ་དུམ་བ་རའི་མེ་ཏོག་ལྟར།། བརྒྱ་ལམ་ན་ནི་རེས་འགའ་ཞིག། འབྱུང་འགྱུར་ཡང་ནི་མི་འབྱུང་སྟེ།། སྐྱོབ་པ་འཇིག་རྟེན་མགོན་པོ་ཆེ།། རྙེད་དཀའ་རྙེད་པར་གྱུར་ན་ཡང་།། གསང་སྔགས་སྐྱོབ་པའི་ཚུལ་འབྱུང་བ། ཤིན་ཏུ་དཀའ་སྟེ་རྨད་བྱུང་ཕྱིར།། སྡུག་བསྔལ་ཤིན་ཏུ་མི་བཟད་པ།། འཁོར་བའི་རྒྱ་མཚོ་ཆེར་འཇིགས་ལས།། མྱུར་དུ་སྒྲོལ་བ་གསང་སྔགས་ལས།། ས་སྟེངས་གསང་སྔགས་ནོར་བུ་འདྲ།། རྒ་ནད་འཆི་འཇིགས་སྤོང་བ་དང་། ། ཉེས་མཛད་གྲོགས་གཅུགས་མཐུན་འདོད་དང་།། མུ་གེ་དགྲ་ཚོམས་བྲལ་བ་དེ་དང་།། ཟས་སྐོམ་གོས་རྒྱན་ལོངས་སྤྱོད་པ་རྟག། བདེ་བསྐྱེད་དཔལ་འབྱོར་ཐོབ་པ་དང་།། མྱུར་དུ་སངས་རྒྱས་འདོད་པ་ཡིས། ། གསང་སྔགས་ཐབས་ལ་མྱུར་བརྩོན་བསྒྲུབས།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་མེད་པ།། དམ་པ་བདག་གིས་བསྐྱེད་པར་བྱ།། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། དེང་ནས་མཆོག་ཏུ་བརྟན་པར་གཟུང་།། འགྲོ་ལ་ལྷག་པའི་སེམས་བསྐྱེད་ནས།། བླ་མ་ལ་ནི་ཡོན་ཕུལ་ཞུ། ། ཡིད་བཞིན་ནོར་འདྲ་བླ་མེད་སྐུ།། ཞི་བ་སངས་རྒྱས་གོ་འཕང་ཐོབ།། སྲོག་གཅོད་ཆུ་བརྫུན་མི་ཚངས་སྤྱོད།། མྱོས་བྱེད་འཐུང་དང་གླུ་གར་རོལ།། རྒྱན་བྱུག་མལ་ཆེན་མཐོ་བ་དང་།། ཕྱི་དྲོལ་ཟས་སྤང་བ་སྟེ། ། བརྒྱད་དང་བཅུ་གཅིག་བཅོ་ལྔ་དང་།། ཁྱད་པར་དུ་ནི་གནམ་སྟོང་ལ།། དལ་འབྱོར་ཐོབ་པ་ཤིན་ཏུ་དཀོན།། སངས་རྒྱས་བསྟན་པ་ཤིན་ཏུ་དཀོན།། སྡོམ་པ་བླངས་ནས་སྲོག་བཞིན་དུ།། གཡེངས་མེད་བསྡམས་ཏེ་བསྲུང་བར་བྱ།། གསུམ་ལ་རྟག་ཏུ་སྐྱབས་འགྲོ་བྱ།། ལྷ་མི་བདེ་ལྡན་ལུས་ཐོབ་ནས།། དམྱལ་བ་དུད་འགྲོ་ཡི་དགས་གནས།། ཐོབ་གནས་སྤང་དཀའ་དེ་དག་ནི། ། ནམ་ཡང་ཐོབ་པར་མི་བྱའོ།། བདག་ནི་དཔའ་བོ་རལ་གྲི་འཆང་།། གསང་བའི་འཁོར་ལོ་སྦྱོར་བྱེད་པས།། བཀའ་ལས་འདས་པའི་གདུག་ཅན་རྣམས།། དུམ་བུ་ཕྱེ་མར་འགས་པར་འགྱུར།། སློབ་མ་གཟུང་ཕྱིར་ཐོག་མར་ནི།། བསྙེན་པས་སྔགས་ཀྱི་མཐུ་བསྐྱེད་བྱ།། ལོངས་སྤྱོད་འཕེལ་ཕྱིར་གཏོར་མ་བཏང་།། བསོད་ནམས་འདོད་ཕྱིར་མཆོད་པ་བརྩོན།། བླ་མ་ཐོས་པསམ་སྒོམ་ལ་གནས། ། གཏོང་པོ་དུལ་ཞིང་ཆོས་སྤྱོད་མཁས།། ནད་མེད་བཟོད་དེ་སྙིང་རྗེ་ཆེ།། སྔགས་སྒྲུབ་བརྩོན་དཔལ་ཤེས་རབ་ཅན།། བརྟགས་ནས་སློབ་མ་ལྔ་འམ་བདུན།། དད་བརྩོན་ནི་དུལ་བླ་མ་བཀུར། ། སྡིག་འཇིགས་ནད་མེད་དབང་པོ་ཚང་།། དབྱིབས་སྡུག་སྙིང་རྗེར་ལྡན་པ་གཟུང་།། བ་ཕགོས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས།། སྐྱེ་བོ་གཟུང་བའི་ཐབས་ཀྱི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། རིག་པ་འཛིན་པའི་དངོས་གྲུབ་ཆེ།། གཞན་དུ་མེད་པ་ཕུལ་བྱུང་བ།། རྒྱུད་འདིར་བཤད་པ་མཉན་པར་བྱོས།། མི་ནི་རིན་ཆེན་དང་པོ་སྟེ།། གང་གང་སྒྲུབ་པ་དེ་དང་དེ། ། འགྲུབ་པར་འགྱུར་གྱི་གཞན་དུ་མིན།། རལ་གྲི་ལྕགས་སམ་ཤིང་ལ་བྱ།། སོར་བཞི་པ་འམ་སོར་རབརྒྱད་བྱ།། ཡུ་བར་རིགས་ཀྱི་རྒྱ་ལྔ་བྲི།། བ་ཡི་རྣམ་ལྔ་དྲི་ཞིམ་ཆུས།། བཀྲུས་ཏེ་དྲི་དང་མེ་ཏོག་མཆོད། ། ཟླ་དྲུག་སྔགས་བཟླས་ཁྲོ་བོ་སྒོམ།། རལ་གྲི་དུད་འཐུལ་འོད་དུ་འབར།། བླངས་པས་མཁའ་སྤྱོད་ཡུལ་འགྲོ་འགྱུར།། ཚེ་ནི་བར་གྱི་བསྐལ་པ་སྟེ།། ལྷ་ཡི་བཞོན་པ་སྣ་ཚོགས་བཅིབས།། སངས་རྒྱས་ཞིང་རྣམས་འགྲོ་བར་འགྱུར།། གསེར་དངུལ་ཟངས་ཀྱི་ཞགས་པའམ།། ཤིང་གི་ཞགས་པའང་དེ་ལྟར་འགྲུབ།། རྒྱལ་མཚན་ནོར་བུ་གིའུ་ཝང་གདུགས།། ལྕགས་ཀྱུ་རྣམས་ཀྱང་དེ་བཞིན་། སྒྲུབ།། ལྷ་རྣམས་སྒྲུབ་ན་ཐང་ཤིང་ལ།། གང་འདོད་ལྷ་ཡི་གཟུགས་བྱས་ཏེ།། སྔགས་བཟླས་ཙམ་གྱིས་མདུན་དུ་འོང་།། ཅི་འདོད་གསོལ་འདེབས་འདོད་པ་སྨྲ།། ཀླུ་ལ་ནཱ་ག་གེ་སར་ཤིང་།། གནོད་སྦྱིན་ལ་ནི་གསེར་ལས་གཟུགས། ། དྲི་ཟ་ལ་ནི་བོ་མའི་ཤིང་།། མཁའ་ལྡིང་འཇིམ་པའི་གཟུགས་ཀྱིས་སོ།། སྲིན་པོ་ལ་ནི་དུར་ཁྲོད་ཤིང་།། གང་ཡང་གཟུགས་བྱས་རྐང་པ་ནི།། གཡོན་པས་དེ་ཡི་སྐེ་མ་ནན་ཏེ། སུམ་འབུམ་བཟླས་ན་མདུན་དུ་འོང་།། ཅི་འདོད་སྒྲ་ཚེ་དགོས་པ་བླང་།། ཤར་དུ་རས་རིས་ཁ་སྤྲད་དྲུང་།། དུས་གསུམ་ཁྲུས་བྱས་གོས་རློན་གྱོན།། སུམ་འབུམ་བཟླས་ན་མར་ངོ་ཡི།། བརྒྱད་ལ་འབྱུང་པོ་གཏོར་མ་སྦྱིན། ། མཎྜལ་སྟེང་དུ་རོ་བཞག་ནས།། རང་ཉིད་རིན་ཆེན་ཁྲི་སྟང་དུ།། སྙིང་པོ་ཁྲི་བརྗོད་རོ་འགུལ་འགྱུར།། མི་སྐྲག་ཁ་ཡི་ནང་དུ་ལྕེ།། པདྨ་ཁ་བྱེ་ལྟེ་ཅན་མཐོང་།། བཅད་ན་རལ་གྲི་རིག་འཛིན་འགྱུར།། གྷ་ཡི་གཟུགས་ཀྱིས་ཚངས་པ་ཡི། ། འཇིག་རྟེན་ཁམས་ཀྱི་གནས་རྣམས་རྒྱུ།། གིའུ་ཝང་བདུན་བཟླས་ཐིག་ལེས་ནི།། སྐྱེ་བོ་ཀུན་གྱིས་མི་མཐོང་ངོ་།། མི་གཡོ་པུས་མོ་བཙུགས་པ་འམ།། འཇམ་དཔལ་རིས་མཆི་@དྲུང་དུ་ནི། ། འཇམ་དཔལ་སྔགས་འདིས་ཡ་བཟླས།། ཉ་ལ་ཁྱད་པར་མཆོད་པ་བྱས།། མཚན་རངས་བཟླས་པའི་ཐོ་རངས་ནས།། དང་པོ་རྟགས་ས་གཡོ་བར་འགྱུར།། གཉིས་པ་ཉི་མ་འགྱུར་ལྡོག་བྱེད། ། ཕྱོགས་བཞིར་མཁའ་ལ་སྒྲ་ཆེན་པོ།། ཧ་ཧ་འབྲུག་སྐད་གྲག་པར་འགྱུར།། གསུམ་པར་མཁའ་ལ་རིག་འཛིན་རྣམས།། མེ་ཏོག་ཆར་འབེབས་ཆུན་འཕྱར་སྦྲེང་། དེ་རྗེས་རིག་འཛིན་མ་ལུས་དང་།། འཇིག་རྟེན་སྐྱོང་བས་རབ་བསྐོར་ནས།། ཁྲོ་རྒྱལ་བྱོན་ནས་གསུང་སྙན་གྱིས།། ཅི་འདོད་བུ་ཁྱོད་གསུང་བར་འགྱུར།། རིག་འཛིན་རྒྱལ་པོ་མི་སྣང་སོགས།། ཅི་འདོད་པར་ནི་སྨྲ་བར་བྱ། ། གྲུབ་ནས་བརྒྱད་གཉིས་ཆ་བྱད་ཅན།། རྒྱན་བཟང་ལག་ན་རལ་གྲི་ཐོགས།། ལྷ་ཡི་བཞོན་པ་ལ་བཅིབས་ནས།། རིག་འཛིན་ཚོགས་མང་ལྷན་ཅིག་ཏུ།། སངས་རྒྱས་ཞིང་མང་ཕྱིན་པའི་ཚེ། ། རྒྱལ་སྲས་རྣམས་ཀྱིས་ཕྱག་བྱས་ནས།། མཆོད་པ་ཆེན་པོ་ཐོབ་འགྱུར་ཏེ།། བསྐལ་པ་དུ་མར་ཚི་གནས་འགྱུར།། ཨུཏྤལ་སྔོན་པོ་ལིག་བུ་མིག། རུ་རྟ་ཟངས་སྣོད་རིལ་བུ་གཞག། ཟླ་བ་གཟས་ཟིན་པར་བཟླས་ནས། ། མིག་བསྐུས་འདོད་པའི་ཁམས་གསལ་འགྱུར།། བདག་ནི་སུས་ཀྱང་མི་མཐོང་ངོ་།། ག་ན་མ་ལྕགས་རྡོ་རྗེ་སོར་བཅུ་དྲུག། ངོས་གཉིས་རྩེ་གསུམ་དབྱིབས་ཅན་ཏེ།། ཙན་དན་དམར་དང་དྲི་བཟང་ཕྱུག། ཆོ་འཕྲུལ་ཚེས་གཉིས་ཉ་ཡི་བར།། མཆོད་ཅིང་བཟླས་ན་ཐ་མར་ནི།། མར་མེ་བརྒྱ་སོགས་ཀྱིས་མཆོད་དེ།། ཀུ་ཤ་ཁྲེས་ཀྱི་སྟེང་འདུག་ནས།། རྡོ་རྗེ་ལག་གཉིས་བཟུང་མ་ཐག། དུད་འཐུལ་འོད་དུ་འབར་ནས་ཀྱང་།། འཁོར་བཅས་རིག་པ་འཛིན་པ་ཡི།། འཁོར་ལོས་སྒྱུར་བ་ཐོབ་པར་འགྱུར།། འཁོར་ལོ་བདུན་བརྩེགས་མཚོན་ཆ་དང་།། གསེར་དང་མལ་ལྷམ་ཚངས་སྐུད་སོགས།། དངོས་པོ་ཐམས་ཅད་དེ་ལྟར་སྒྲུབ།། སྔོན་གྱི་ཚུལ་དུ་དངོས་གྲུབ་འབྱུང་།། ཚེས་གཅིག་ཉིན་པར་སྐུ་གཟུགས་ཀྱི།། མཐེ་བོར་ཛ་ཏི་སྔགས་བརྗོད་བརྡེག། སྟོང་ཕྲག་བརྒྱད་ཀྱིས་མཐེ་བོང་ལས།། འོད་ཟེར་ཕྱུང་ནས་རེག་མ་ཐག། དབུ་སྐྲ་ལྕང་ལོ་འཁྱིལ་གྱུར་ནས།། འཁོར་བཅས་རིག་འཛིན་རྒྱལ་པོ་ཐོབ།། སུས་ཀྱང་མི་ཐུབ་ལུས་གྲུབ་འགྱུར།། ཚེ་ནི་བསྐལ་པའི་བར་དུ་གནས།། ས་ལ་པད་འདབ་བརྒྱད་པ་བྲི།། བུམ་པ་སྐུད་པ་ནག་པོས་དཀྲི།། ཙན་དན་གྱིས་བྱུག་དྲིས་ཀྱང་དགང་།། པདྨའི་སྟེང་གཞག་པ་སྟངས་འདུག། སྟོང་ཕྲག་བརྒྱད་བཟླས་ས་གཞིགས།། པདྨར་སྣང་ཞིང་ས་གཞིར་སྣང་།། ཆུ་དེས་གཏོར་ལ་ཁྲུ་གང་བརྐོ།། བླངས་པས་བསྐལ་པའི་ཚེ་ཚད་ཐོབ། ། གྲོག་མཁར་ས་ལ་སེང་གེ་བྱ།། གའུ་ཝང་གིས་བྱུགས་དཀྱིལ་འཁོར་གཞག། གཡོ་འགུལ་བར་དུ་མཆོད་ཅིང་བཟླས།། སེང་གེར་གྱུར་ནས་རྒྱབ་ཞོན་ནས།། འདོད་གཟུགས་ལྷ་གནས་ཀུན་ཏུ་འགྲོ།། སངས་རྒྱས་ཞིང་ཡང་མཐོང་བར་འགྱུར། ། ཚེ་ལོ་ཁྲི་ཕྲག་གཅིག་བསྐོར་ནས།། རིག་འཛིན་ཆེན་པོའི་གནས་སུ་འགྲོ།། འདིར་གསུངས་པ་འམ་མ་གསུངས་པ།། སྔགས་དང་ལྷ་འདིས་སྒྲུབ་པ་ཡིས།། རིག་འཛིན་གྲུབ་པར་གྲགས་པ་རྣམས། ། མ་ལུས་ཐམས་ཅད་འགྲུབ་པར་འགྱུར།། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་རྟོག་པ་བསྡུས་པ་ལས། རིག་འཛིན་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཡང་དག་བཤད་བྱ་བ། ། ཕྲན་ཚེགས་ལས་ཀྱི་སྦྱོར་བ་གཙོ།། གཟའ་ཡི་ཆོ་ག་འདི་ཡིན་ཏེ།། གནོད་པ་སེལ་དང་ཕན་སྐྱེད་མཛད།། བ་ཡི་རྣམ་ལྔས་བྱུག་པ་ཡི།། དཀྱིལ་འཁོར་དབུས་སུ་པདྨ་ནི། ། ཁ་དོག་སྣ་ཚོགས་ཉིས་བརྩེག་གི། དབུས་སུ་སངས་རྒྱས་དེ་བཞིན་ལྷོར།། ཆོས་ནི་རྡོ་རྗེ་ཆོས་དཀར་པོ།། ཤར་དུ་དགེ་འདུན་ལྗང་ཁུའོ།། ནུབ་ཏུ་འཇིག་རྟེན་དབང་ཕྱུག་དམར། བྱང་དུ་ཕྱག་ན་རྡོ་རྗེ་སྟེ།། བྱང་ཤ་ར་དུ་ནི་འཇམ་དཔལ་སེར།། མེ་ར་ནི་ཀ་ཤིན་རྗེ་གཤེད་ངོ་གནས།། དབྱུག་འཆང་མ་ཧེ་ཞོན་པའོ།། མི་གཡོ་མགོན་པོ་སྲིན་པོ་ཕྱོགས།། རྟ་མགྲིན་རླུང་གི་ཕྱོགས་སུའོ།། དཀོན་མཆོག་གསུམ་པོ་ཆོས་འཆང་རྒྱ།། སེམས་དཔའ་ཁྲོ་བོ་རང་རྟགས་སོ།། ཀུན་ཀྱང་རིན་ཆེན་ཁྲི་ལ་བཞུགས།། དེ་རྒྱབ་ཆ་ལ་གཟའ་རྣམས་ཏེ།། ཤར་དུ་ཉི་མ་ད་ཀ་ར་སེར་ནི།། རྟ་ལ་ཞོན་ཏེ་པདྨ་འཆང་། ། ནུབ་ཏུ་ཟླ་བ་དཀར་པོ་ནི།། ཀུ་མུ་ད་འཆང་དང་བཞོན།། ལྷོར་ནི་མིག་དམར་ཁ་དོག་དམར།། རིལ་བའི་སྟེང་བཞུགས་མེ་སྒྲོན་བསྣམས།། ལྷག་པ་མདོག་སེར་ཨུཏྤལ་འཆང་།། བྱང་དུ་པད་སྟེངས་བཞུགས་པ་ཡི། ། ཕུར་བུ་མདོག་སྔོན་གླེགས་བམ་ཐོགས།། ཤར་ལྷོ་ཕྱོགས་སུ་ཀླུ་ལ་བཅིབས།། པ་ཝ་སངས་དཀར་ཤིང་ཐོག་འཆང་།། ལྷོ་ནུབ་གསེར་གྱི་ཁྲི་ལ་བཞུགས།། བྱང་ཤར་སྤན་པ་མདོག་གནག་ནི། ། ཚངས་པའི་སྟེང་ན་དབྱུག་པ་ཐོགས།། ནུབ་བྱང་སྒྲ་གཅན་དུད་ཀ་ནི།། སྦྲུལ་གྱི་སྟེང་ན་འཁོར་ལོ་འཛིན།། རྣོན་པོ་ལྗང་ཁུ་རལ་གྲི་འཆང་།། གཙོ་བོ་དྲུག་དུ་པད་སྟེང་བཞུགས།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་བྷ་ཀི་ནཾ་སྭཱ་ཧཱ། ཉི་མའི་སྙིང་པོའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ་ཨུ0f7fསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་སརྦ་ཏྲ་པཾ་ཨ་སྭཱ་ཧཱ། ཟླ་བའི་འོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ་སརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་ཨ་བཱི་རཱ་ཡ་སྭཱ་ཧཱ། རྣོན་པོའིའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་སུ་བི་ཤུད་དྷཱ་སྭཱནྡྷ། དམིག་དམར་གྱིའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་བི་སུཊ་པ་ཀཱ་ཡ་སྭཱ་ཧཱ། གཟའ་ལྷག་གིའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་བྷི་ཀ་མྱཱ་དྷཱ་ཡ་སཱཧཱ། པུར་བུའི་འོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་སཾ་བི་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་སུ་དྷརྨཱ་ཎ་ར་ཧོ་སྭཱ་ཧཱ། པ་ཝ་སངས་ཀྱིའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་ཀྲྀཥྞ་བརྞ་ཕ་ཀ་སྭཱ་ཧཱ། སྤེན་པའིའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ས་པ་རི་པཱུ་ར་ཀེ་བྷྱཿསརྦ་ཐཱ། ཨོཾ་བི་ཀྲི་ད་ལ་ཀུ་རུ་ཙི་སྭཱ་ཧཱ། སྒྲ་གཅན་གྱིའོ།། སྔགས་རེ་བརྒྱད་སྟོང་བརྒྱད་བརྒྱ་བཟླས།། ཅི་འབྱོར་མཆོད་དེ་གསོལ་བ་གདབ།། ལོངས་སྤྱོད་སྤེལ་ཅིང་འཇིགས་པ་སེལ། ། ནད་མེད་བགེགས་རིམས་འཇོམས་པར་འགྱུར།། རིམས་སོགས་གཟས་ཟིན་ནད་ལ་ཡང་།། སྐུ་ཡི་དྲུང་དུ་གསོལ་བཏབ་སེལ།། ཞི་རྒྱས་དབང་དྲག་གང་སྦྱར་བ།། དེ་དག་ཐམས་ཅད་འགྲུབ་པར་འགྱུར། ། མི་དང་བྱ་རྒོད་སྦྲུལ་རུས་པ།། སྐབས་གཏུམས་ནས་དགྲ་ཁྱིམ་སྔ།། དགྲ་བོ་ནད་སྐྱེད་ནོར་རྣམས་བརླག། རྟག་ཏུ་འཐབ་མོ་འབྱུང་བར་ངེས།། སྟག་སྤུ་ཐོད་རུས་འུག་པའི་སྤུ། ། དགྲ་བོའི་སྒོར་སྒྲས་བསྐྲད་པར་བྱེད།། ནེའུ་ལེ་ནག་པོ་ཝ་སྦལ་རུས།། རང་ཁྲག་རྩངས་པའི་མགོ་བོ་རྣམས།། གོང་བུ་མིང་བཅས་དགྲ་སྒོར་སྦ།། དགྲ་བོ་འཁོར་བཅས་ཤི་བར་འགྱུར། ། མི་ཚིལ་དུར་ཐལ་རྒྱ་སྐྱེགས་ནི།། ཐོད་པ་སོ་ཅན་ནད་བླུགས་ནས།། གླང་གི་སྒོར་གཞག་ཁང་པ་འཇིག། ཀུ་ཤའི་གཟུགས་བསྟན་རྐང་པས་མནན།། དབང་བྱར་འདོད་པའི་སྔགས་བཟླས་ན། རྒྱལ་པོ་ཆེ་ཡང་དབང་འགྱུར་ན།། འབྱུང་པོ་གཞན་ལྟ་སྨོས་ཅི་དགོས།། བུད་མེད་སྐྱེས་ཕྱུགས་ལ་སོགས་ལ།། རང་མིང་ལྡན་པའི་གཟུགས་བྱས་ཏེ།། རྐང་པ་གཡོན་མནན་མིང་བཅས་བཟླ།། གང་དང་གང་ཡང་ངེས་པར་འགྲུབ། ། ས་ལ་བགེགས་ཀྱི་གཟུགས་བྲི་ཏེ།། སྔགས་ཀྱིས་བརྡུངས་ན་བརླག་པར་འགྱུར།། འཇིམ་པས་བགེགས་ཀྱི་གཟུགས་བྱས་ཏེ།། གདབ་ཅིང་བརྡུངས་ན་སེལ་བར་བྱེད།། ཕུར་བུས་གངབ་དང་མཚོན་ཆས་བྲག། ། རྡོ་རྗེ་རི་རབ་ལྕོག་བརྒྱད་ལྡན།། ས་ལ་བྱས་པའི་ཐེམས་བར་དུ།། གཟུགས་བརྙན་བཅུགས་སྟེ་རྐང་པས་མནན།། གཟས་ཟིན་ནུབ་མོ་པའི་མཎྜལ།། དྲི་བཟང་མེ་ཏོག་སིལ་མ་བཀྲམ།། ཕ་རོལ་ཕྱིན་པའི་གླེགས་བམ་བཞུགས།། དངས་མའི་སྣོད་དུ་མར་བཞག་སྟེ།། སེང་ལྡེང་མེས་ནི་བསྐོལ་བར་བྱ།། དངོས་གྲུབ་རྣམ་གསུམ་འགྲུབ་པ་དང་།། གཏེར་མཐོང་བར་ཡང་འདིས་འགྱུར་རོ།། ཁྲོས་པས་སྤྱན་གྱི་ཕྱག་རྒྱ་བྱ། ། སྐུ་མཐའ་གསང་སྔགས་དྲག་ཏུ་བརྗོད།། དུར་ཁྲོད་ཐལ་བ་གང་བྱིན་པ།། གདོན་གྱིས་འཛིན་ནམ་བྲན་དུ་འགྱུར།། དེ་ནས་མི་གཡོ་སྤྱན་གཅིག་པའི།། སྔགས་ཀྱི་ཆོ་ག་བཤད་པར་། རིས་མའི་དྲུང་དུ་འབུམ་ཕྲག་གསུམ།། བརྗོད་པས་འདི་ཡི་བསྙེན་པ་རྫོགས།། དབེན་པར་ཟན་གྱི་ཆང་བུ་སྦྱིན།། དེས་ནི་རྟག་ཏུ་འབྲེལ་བར་འགྱུར།། མཛུབ་མོའི་རྩེ་ལ་ཧཱུཾ་བཀོད་ནས།། བརྗོད་པས་སྤྲིན་རྣམས་འདྲལ་བར་བྱེད། ། དགྲ་བོ་ལྷར་བཅས་གཟུགས་བསྙེན་ལ།། རྐང་གཡོན་མནན་བཟླས་ལྕགས་ཕུར་གདབ།། བཀའ་ཉན་འགྱུར་རོག་ཏུ་བས་ན་ཤིང་།། སྐུད་པ་སེར་པོ་བཅིངས་ན་ངག། སྤང་ལེ་བ་མནན་ན་མནན་པར་འགྱུར། ། ར་ལྤགས་བྲབས་ན་བཀའ་ཉན་འགྱུར།། སྲད་བུ་ཡུངས་ཀར་ལ་བཟླས་ཏེ།། འཆང་ན་གང་འདོད་སྲུང་བར་བྱེད།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུ་ཏྲཾ་བྷཱུ་མ་ཧཱ་ཙཎྜ། ཨ་ཙ་ལ་ཀ་ན་ཙཱུ་ཧཱུཾ་ཧཱུཾ་ཨ་པྲ་ཏི་ཧ་ཏ་ཏ་ཐཱ་ག་ཏ་ཛྙཱ། སྨ་ར་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ།། ཙན་དན་སྦགས་པའི་པདྨ་ནི།། སྔགས་བཅས་ཅི་ཙམ་བསྒྱུར་བའི་གྲངས། ། གསེར་གྱི་དོང་ཚེ་རྙེད་པར་འགྱུར།། བྲམ་ཟེའམ་ནི་དགེ་འདུན་རས།། རྒྱལ་པོའི་རས་སམ་གྲོ་ག་ལ།། པདྨ་མུ་ཁྱུད་གཉིས་ལྡན་བྲི།། ལྟེ་བར་ཨོཾ་ཧཱུཾ་མིང་དང་བཅས།། ཙཎྜ་མ་ཧཱ་རོ་ཥཀྵ། ཕཊ་དང་བཅས་པ་འདབ་མར་བཀོད།། མུ་ཁྱུད་དང་པོར་རྩ་སྔགས་ཏེ།། གཉིས་པ་འཇམ་དཔལ་སྔགས་ཉིད་བྲི།། དྲི་དང་མེ་ཏོག་སོགས་མཆོད་ནས།། སྐབས་ཀྱིས་དྲིལ་ནས་ལུས་ལ་བཅང་།། གདོན་དང་ནད་དང་མུ་གེ་སལ། ། གཡུལ་དུ་ཕྱིན་ན་རྒྱལ་བར་འགྱུར།། ཡང་ན་རལ་གྲི་སོར་བཞིར་བྲི།། འོད་ཀྱི་རི་མོ་ནང་ཆུད་པ།། ལེ་དྷརྨཱ་ལ་སོགས་ཀྱིས་བསྐོར།། དབུས་སུ་མིང་དང་བཅས་པ་ཡི།། སྙིང་པོ་སྔགས་ནི་ཁྲིགས་སུ་བྲི། ། འདིས་ཀྱང་སྔོན་གྱི་ཡོན་ཏན་འགྱུར།། མཐོ་ལྔས་འཁོར་བའི་བར་དུ་ནི།། མཐོ་གང་འཕང་དུ་ཡོད་པ་བྱ།། ནང་དུ་མཚལ་གྱིས་འཇམ་དཔལ་སྔགས་མགོ་ནི་གྱེན་དུ་བལྟས་པ་བྲི། ། ཁ་ལ་ཉེ་བར་རྟེན་འབྲེལ་སྔགས།། སྤྲ་ཚིལ་ལས་བྱས་དགྲ་ཡི་གཟུགས།། དུག་དང་གྲི་ཁྲག་གིས་བྲིས་ནས།། མིང་ཡིག་གསད་པར་བཅས་པ་ནི།། ལིང་གའི་སྙིང་ཁར་བཅུག་བྱས་ཏེ། ། དཀྱིལ་འཁོར་གྲུ་གསུམ་ནག་པོ་ཡི།། དབུས་སུ་མཐོ་གང་བྲུས་བྱས་ཏེ།། ནང་གཞག་སྟེང་དུ་སྤར་བུ་སྦུབ།། ཇི་སྲིད་མར་གྱི་ཚེ་ས་གཅིག་ནས།། ཟླ་བ་མི་སྣང་ཞག་བར་དུ།། ཉིན་མོ་རྟེན་འབྲེལ་སྔགས་བཟླས་ཏེ། ། མཚན་དུས་ཁྲོ་བོ་སྤྱན་གཅིག་པའི།། སྔགས་ན་དྲག་ཏུ་བརྗོད་པར་བྱ།། མཚམས་དང་ཇི་སྲིད་མཚམས་བར་དུ།། གཡོན་དུ་བསྐོར་ཞིང་རྩ་བའི་སྔགས།། དྲུག་ཅུ་རྩ་བཞིའི་གྲངས་སུ་བརྗོད། ། འཇམ་དཔལ་སྔགས་ཀྱིས་ཆོས་གོས་སྲུང་།། བདེ་གཤེགས་ཡི་གེ་བརྒྱ་པས་ནི།། མཆོད་རྟེན་ལ་ནི་གསེག་ཤང་གསིལ།། སངས་རྒྱས་བསྟན་པ་འཇིག་པ་དང་།། སྔགས་ལ་འཕྱ་ཞིང་སེམས་ཅན་འཚེ། ། ལོག་ལྟ་ལོག་པར་སྤྱོད་བྱེད་ཅིང་།། སེམས་ཅན་ལ་འཚེ་བྱེད་པ་ནི།། རྒྱལ་པོ་ཁྲོ་བོ་ཆེ་བཅུ་དང་།། འཇིག་རྟེན་སྐྱོང་དང་རྒྱལ་ཆེན་བཞི།། མ་ཚོགས་གཟའ་དང་རྒྱུ་སྐར་ཚོགས།། བསྟན་དགའ་རྣམས་ཀྱིས་མྱུར་དུ་སྒྲོལ།། རྒྱུད་གཞན་དག་ལ་གྲགས་པ་ཡི།། བདེན་པའི་མཐུ་ཡང་དུ་མ་བརྗོད།། དུར་ཁྲོད་ས་ལ་མཆོད་རྟེན་ནི།། ནག་པོ་གྲུ་གསུམ་ཁྲུ་གང་བའི།། སྲོག་ཤིང་ནག་པོ་གསུམ་པ་ལ། ། བདེ་གཤེགས་ཡི་གེ་བརྒྱ་པས་དྲཀྲི།། གུར་ཀུམ་ལི་ཁྲིས་བྲིས་པའོ།། མྱ་ངན་མེད་ཤིང་གྲུ་གསུམ་ལ།། རྒྱ་གྲམ་དབང་ཆེན་རིམ་པར་བཅའ།། ལཾ་སྟྭཾ་བྷཱ་ཡ་ནན་པ་བརྒྱད།། ཕྱོགས་བརྒྱད་། བྲིབའི་རྭ་དབུས་ལ།། ཉེ་སྙིང་མིང་དང་བཅས་པ་བྲི།། དེ་ཡི་ལྟེ་བར་སྙིང་པོ་ནི།། གསང་བའི་མིང་བཅས་བྲི་བའོ།། ཚོགས་ཀྱི་བདག་པོ་གཏོར་མས་མཆོད།། མ་མོ་རྣམས་དང་ལེགས་ལྡན་སྲས། ཤ་ཁྲག་མེ་ཏོག་ནག་པོས་མཆོད།། ཇི་སྲིད་གསུམ་དང་བདུན་བར་དུ།། ལེ་ལོ་མེད་པར་བྱས་གྱུར་ན།། དགེ་སློང་དགེ་ཚུལ་བསྙེན་ལྡན་གང་།། སྡོམ་བརྩོན་དེ་ནི་ལྡན་གྱུར་ཏེ།། སྡིག་ལྡན་མྱུར་དུ་ཤི་བར་འགྱུར། ། དེ་ནས་ཡང་དག་བཤད་བྱ་བ།། གཏུམ་པོ་རྡོ་རྗེ་འཛིན་པ་ཡིས།། སྣ་ཚོགས་ལས་རྣམས་ཐུན་མོང་སྟེ།། ཁྱད་པར་སྦྱོར་བ་ཅུང་ཟད་བཤད།། ཡུངས་ཀར་བསྣུན་པས་འབྱུང་པོ་འབྲོས།། སར་བ་སྲུང་ན་འཁོར་ལོ་འམ། ། རྔ་དང་དུང་ལ་བྲི་བར་བྱ།། གཡུལ་དུ་འཇུག་ན་རལ་གྲི་སོགས།། ནད་ལ་འཁོར་ལ་ཆུ་ཡུངས་ཀར།། ཐོད་ལ་ཀོར་གྱིས་ས་ཕོར་ལ།། བྲིས་ཏེ་སྒོར་སྦས་སྤྲེའུ་སྲུང་།། སྤྲ་ཚིལ་གཟུགས་བསྟན་སོར་བཞི་པ། ། དུར་ཁྲོད་ཐལ་བཟླས་སྒོ་སྟེངས་གཞག། ནད་པ་གདོན་ལས་སྲུང་བར་ངེས།། སྙིང་ཁར་མིང་སྔགས་སྤྲུལ་བཅུག་ནས།། ཚེར་མཁར་བཙུགས་ངག་རེངས་བྱེད།། སྙིང་ལེ་བཙུགས་ནས་ཁྲོས་པ་ཞི། ། ནན་ཏན་སེམས་ཀྱིས་གསོད་པར་ངེས།། ལིང་གས་བརྟགས་ཀྱི་ནུས་པ་མེད།། ཡང་ན་རབས་ཆད་ཐོད་པ་ལ།། མིང་སྔགས་བྲིས་ཏེ་མི་ཁྲག་བཀང་།། རབས་ཆང་ངུར་སྦས་རིགས་རྒྱུད་འཆད། ། ཁྱི་ནག་ཐོད་པར་མིང་སྔགས་བཅས།། དུག་བཀང་ཀླུ་གནས་སྦས་མཛེས་འཛིན།། དགྲ་ཡི་སྒོར་སྦས་འབྱེད་པར་བྱེད།། ཞིང་དུ་སྦས་ན་ལོ་ཉེས་བྱེད།། ཕྱུགས་གནས་གོད་འབྱུང་ཟླ་དང་འབྱེད། ། ཆུ་དོང་སྦས་ན་ཆུ་སྐེམས་འགྱུར།། མེ་དུར་སྦས་ན་རིམས་ཀྱིས་འཛིན།། ཡང་ན་དགྲ་མིང་ཁྲག་གིས་བྲིས།། སྤྲ་ཚིལ་གཟུགས་ཀྱི་སྙིང་ཁར་བཅུག། མཆོད་རྟེན་ནག་པོ་མཐོ་གང་བའི། ། ནང་བཅུག་དོང་གཞག་ལྷུང་བཟེད་སྦུབ།། བྲམ་ཟེ་རིགས་བཞིས་སྔགས་བརྗོད་ཅིང་།། ནག་པོ་ཚེས་ནས་ཕྱིས་སྐོར་ཞིང་།། བདེན་མའི་མཐུ་བརྗོད་གཟུགས་བརྙན་སྲེག། དགྲ་བོ་ཤི་འགྱུར་ཐེ། ཙོམ་མེད།། གྲི་ཁྲག་བྱ་རོག་འུག་པའི་ཁྲག། ཀ་ཏྲ་ཏ་ཡི་ལྟེ་མ་མ་ལ།། ཀ་རོ་ཀི་ལི་དུས་སུ་ནི།། གཟུགས་ལ་མིང་དང་སྔགས་བཅས་བྲི།། རྐང་པས་མཉེས་ན་རྡུལ་དུ་འགྱུར།། རྡོ་རྗེ་འཛིན་པའི་བཀའ་བཞིན་ནོ།། མཚོན་གྱིས་བསད་པའི་ཐོད་པ་ལ།། སྔགས་དང་ཡུལ་ལྷའི་མིང་སྤེལ་བྲི།། ལྷ་ཡི་གནས་བཅུག་དེ་སྟེང་དུ།། སྔགས་བཟླས་ཕུར་པ་སྙིང་ཁར་གདབ།། གདུག་པའི་ཚེར་མའི་ཧོམ་སྦར་ཏེ།། མི་རྟ་བ་གླང་ཁྱིམ་ཧེ། ། སྣ་ཚོགས་ཁྲག་བསྲེས་འདི་སྐད་བརྗོད།། ལྷ་ཁྱོད་ཡུལ་འདིར་ཐོག་སེར་ཕོག།། མེད་ན་བསྐལ་པར་ཁྱོད་ཉིད་སྲེག། དེ་རྗེས་དཀར་དང་མངར་མཆོད་དོ།། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། སྦྱོར་བ་ཕྲན་ཚེགས་ཀྱི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་སྦྱིན་སྲེག་ལས་རྣམས་ཀུན།། མྱུར་འགྲུབ་ཐབས་ནི་བཤད་པར་བྱ།། མངར་གསུམ་དུར་བ་བསྲེགས་པ་ཡི། ། གནོད་རིགས་ཐམས་ཅད་སེལ་བར་བྱེད།། ཡ་མ་ཤིང་འབྲས་བུ་གསུམ་བསྲེགས་ཤིང་།། གདོན་ནད་ཐམས་ཅད་ཞི་བར་བྱེད།། འོ་མ་ཅན་གྱི་ཡམ་ཤིང་ལ།། འོ་མ་དུར་བ་ཏིལ་དང་འབྲས། ། སྙིང་རྗེའི་སེམས་ཀྱིས་བརྒྱ་བསྲེགས་ན།། གནོད་པ་ཐམས་ཅད་ཞི་བར་འགྱུར།། ག་པུར་མངར་གསུམ་འབྲུ་ཐམས་ཅད།། དུར་བ་དཀར་པོ་པ་ཡིམ་ཤིང་རྣམས།། འོ་མ་ཅན་གྱི་ཤིང་ལ་སྲེག། ནད་དང་གདོན་རྣམས་ཐམས་ཅད་ཞི།། འོ་མ་སྦྱིན་སྲེག་བརྒྱ་རྩ་བརྒྱད།། ཕྱུགས་ངས་ཆེན་པོ་ཞི་བར་འགྱུར།། དུར་བ་མངར་གསུམ་མིང་བཅས་པས།། བསྲེགས་པས་རྟ་ཕྱུགས་ནད་ཞི་བྱེད།། ཤར་ལྷོ་ནུབ་བྱང་ཕྱོགས་ཀྱི་ནི།། དཀར་ནཱག་དམར་སེར་ཁ་དོག་འགྲུབ།། ཁྲུ་གང་ཁྲུ་གཉིས་ཚད་ཀྱི་ཐབ།། སོར་བཞིར་ཁ་ཁྱེར་རིམ་པས་གཏང་།། སེམས་དཔའ་པདྨའི་རྡོ་རྗེ་དང་།། གཅིག་པུས་ཞི་རྒྱས་དབང་དྲག་འགྲུབ། ། དེ་ནས་རྒྱས་པའི་སྦྱིན་སྲེག་ནི།། ཅི་འདོད་ཐོབ་པ་བཤད་པར་བྱ།། པདྨའི་ཆུ་བ་འབུམ་ཕྲག་གཅིག། རྒྱལ་པོ་འཐོ་བ་སྟེ་བློན་པོ་ནི།། ཀུ་མུ་ད་ལ་འབུམ་ཕྲག་གསུམ།། ཞོ་དང་མངར་གསུམ་དང་བཅས་པའོ། ། ཨ་བ་མ་རྒ་བ་འབྲས་བུ་དང་།། མངར་གསུམ་འབུམ་གྱིས་ཡུལ་བདག་འཐོབ།། རི་བཟང་འབུམ་ཕྲག་བདུན་གྱིས་ནི།། ཡིད་ལ་ཅི་འདོད་ཐོབ་པར་འགྱུར།། དུ་ར་བ་ཏིལ་དང་འབྲས་སོགས་སྲེག། བུད་མེད་བུ་བཟང་ཐོབ་པར་འགྱུར།། ནོར་འདོད་པས་ནི་རྐུན་པོ་ཡི།། ལག་པ་གཡས་པ་མཛོད་བཞག་ནས།། མཆོད་ཅིང་གསོལ་བ་བཏབ་པས་ནི།། ནོར་རྣམས་མྱུར་དུ་ཐོབ་པར་འགྱུར།། @། ཡང་ན་རྒྱ་ཡི་པགས་པ་ལ།། གུར་ཀྵམ་ཀིབུ་ལྗང་སྲུང་བས་ནི།། བྱི་བ་ཆེ་བརྗི་སར་པོ་ཟ།། ཤར་ན་མཛོད་ཕྲུགས་བལྟས་པར་གཞུ། ཟས་ཀྱི་ལྗག་མས་མཆོད་བྱ་རྙིང་།། གསོལ་བཏབ་པས་ནོར་རྙེད་འགྱུར། ། པདྨའི་ཟེ་བ་ཀ་ལིག། པྲི་ཡང་ཀུ་ནི་ནོར་རྙེད་དོ།། འབྲས་བསྲེགས་པས་ཀྱང་ནོར་ཆེན་ཐོབ།། ཀུ་མུ་ད་ཡི་འབྲས་སོགས་སྲེག། ལོངས་སྤྱོད་ཆེ་དང་ས་གཞི་འཐོབ། པདྨ་ཞོ་དང་སྦྲང་རྩི་མར།། སྦྱིན་སྲེག་འབུམ་གྱིས་མཆོག་སྩོལ་བ།། གསུམ་པ་དག་ཀྱང་མཐོང་བར་འགྱུར།། བིལ་བའི་འབྲས་བུ་མངར་གསུམ་བཅས།། འབུམ་ཕྲག་གསུམ་དུ་བསྲེགས་པས་ནི།། རང་ཉིད་རྒྱལ་པོ་ཆེན་པོར་འགྱུར།། མར་དང་ཉུངས་ཀར་དཀར་པོས་ནི།། ནིམ་པའི་ཤིང་ལ་འབུམ་བསྲེགས་ན།། སྙིང་པོ་སྙིང་པ་རྒྱས་པར་འགྱུར།། ནས་ལ་སོགས་པའི་འབྲུ་རིགས་རྣམས།། གང་བསྲེགས་གསོལ་བཏབ་དེ་རྒྱས་འགྱུར། ། གང་འདོད་གོས་ཀྱི་ཁ་དོག་ཅན།། མེ་ཏོག་བསྲེགས་ན་གོས་རྙེད་འགྱུར།། སྤོས་ཤིང་བསྲེགས་ན་འཁོར་གཡོག་འཕེལ།། ཞོ་མར་སེང་ལྡེང་མ་ལ་སྟོང་།། བསྲེགས་ན་ནོར་རྣམས་རྙེད་པར་འགྱུར། ། དེ་ནས་དབང་གི་སྲེག་བླུགས་བཤད།། ཏིལ་དང་འབྲས་སོགས་ཕུབ་མ་བསྲེགས།། བུད་མེད་དབང་དུ་བྱེད་པའོ།། པྲི་ཡང་ཀུ་ཡི་སྦྱིན་སྲེག་གིས།། བྱིས་པ་རྣམས་ནི་དབང་དུ་འགྱུར།། འོ་མ་སྦྲང་རྩི་ཨ་རུ་རའི།། ཤིང་ལ་བསྲེགས་ན་ལྷ་དབང་བྱེད།། གསུམ་པོ་དེ་དང་ཀུ་གུལ་སྲེག། གནོད་སྦྱིན་རྣམས་ནི་དབང་དུ་འགྱུར།། མྱ་ངན་མེད་པའི་ལམ་ཤིང་གིས།། གནོད་སྦྱིན་མོ་རྣམས་དབང་དུ་འགྱུར། ། རྒྱལ་པོའི་ཡུངས་ཀར་ཡུངས་མར་བཅས།། བསྲེགས་པས་རྒྱལ་པོ་དབང་དུ་འགྱུར།། དེ་ནས་དྲག་པོའི་ལས་གྲུབ་པའི།། སྦྱིན་སྲེག་ཡང་དག་བཤད་པར་བྱ།། མིང་བཅས་ཚད་དང་ནིམ་པ་བསྲེགས།། བསྟན་སྡང་དགྲ་བོ་མྱུར་དུ་འཆི།། དགྲ་མིང་དུག་གིས་ནིམ་པ་ལ།། བྲིས་ཏེ་དུག་དང་ལྷན་ཅིག་ཏུ།། སྦྲུལ་ཤུན་ཐུམ་པོ་ལྔ་བྱས་ནས།། ཐོད་པ་ལྔ་ཡི་ནང་བཞག་སྟེ།། ལྔ་པོ་ཡུངས་མར་གྱིས་བཀང་ནས། གསུམ་ནི་སྐྱེད་བུ་གཉིས་བརྩེགས་ལ།། ཁྲོས་པས་གཅིག་ཏུ་སྐྲ་གྲོལ་བས།། སྔགས་བརྗོད་ཐལ་བར་གྱུར་བར་དུ།། ཉིན་ཕྱེད་བསྲེགས་ན་དགྲ་འཆི་ངེས།། འཆི་ལྟས་འདབ་མ་རྩ་བ་ཤུན།། ར་ཁྲག་ཉུངས་མར་ཚྭ་རྒྱ་སྐྱེགས། ། ཚ་བའི་བུད་ཤིང་ཡམ་ཤིང་ལ།། བདུན་ཕྲག་མིང་དང་བཅས་པ་སྲེག། སྟོང་ཕྲག་གཉིས་ཀྱིས་རྟ་ཕྱུགས་འཆི།། བཞིས་ནི་བུ་དང་ཆུང་མ་འཆི།། དྲུག་གིས་ཉེ་དུ་གཉེན་འདུན་རླག་བརྒྱད་ཀྱིས་དགྲ་ཡི་རང་སྲོག་འཆད། ། གལ་ཏེ་སྐྱབས་སུ་འོང་འགྱུར་ན།། འོ་མ་སྟོང་བསྲེགས་རྣལ་དུ་སོས།། ཁྲག་དང་དུག་ཕྱེ་ནིམ་པའི་འབྲས།། ཡུངས་མར་ལ་སྦགས་བརྒྱ་རྩ་བརྒྱད།། མྱོས་བྱེད་ལ་བསྲེགས་དགྲ་བོ་འཆི། ། ཡང་ན་རུས་ཕྱེ་ནིམ་པའི་ལྔ།། རང་གི་ཁྲག་གམ་ཡུངས་མར་སྐྲག། ཡང་ན་སྐེ་ཚེ་དུག་དང་ནི།། ནིམ་པའི་འབྲས་བུ་གསད་པར་བྱ།། ཡང་ན་གྲི་ཁྲག་གིས་བསྲེགས་པས།། བྱང་མ་མྱུར་དུ་གསོད་པར་འགྱུར། ། ནིམ་པའི་ལྔ་དང་ར་ཁྲག་དུཀ། དྲི་མ་ལྔ་བཅས་གཟུགས་སྙིང་ཁར།། མིང་ཡིག་བཅུག་ནས་ཕུར་བུས་གདབ།། རིག་སྔགས་བྱད་མ་ཉིད་ལྡོག་འགྱུར།། རྒྱ་སྐྱེགས་མི་རུས་ཕྱེ་མ་ཡིས། ། མི་ལྤགས་རློན་ལ་དགྲ་གཟུགས་བྲི།། དུག་དང་སྐེ་ཚེ་ཅུང་ཟད་བྱུག། ནིམ་པའི་མེ་ལ་ཁྲོས་པས་བསྲོ།། བསྲེགས་པས་ཚ་བའི་རིམས་ཀྱིས་འཆི།། དཱུར་བའོ་མས་སོས་པར་འགྱུར། ། དུག་དང་ནིམ་པ་སྒོག་སྐྱ་དང་།། མི་རུས་ཕྱེ་བསྲེགས་ཕྱུགས་རྣམས་རླག། ཆ་བསུམ་ལན་ཚྭ་དུ་རང་སྦྱར།། ཡུངས་མར་རོ་སླ་སྦྲུལ་ཤུན་དང་།། ནིམ་པའི་ལྔ་དང་མི་རུས་ཕྱི།། སྐེ་ཚེ་དུག་སྐྱེ་སྒོག་བཅིང་དང་། ། སྒོག་སྐྱ་ཚེར་མའི་མི་ལ་སྲེག། དགྲ་བོ་ཁྲག་ཏུ་སྒྲགས་ཏེ་འཆི།། རྒྱ་སྐྱེགས་ལན་ཚྭ་བ་གླང་མཁྲིས།། བསྲེགས་ན་མཆི་ནགས་ནད་ཀྱིས་འཆི།། སྒེའུ་གཤེར་ལན་ཚྭ་ཚ་བ་གསུམ། གཟུགས་བརྙན་དུར་ཁྲོད་མགལ་དུམ་ལ། མགོ་ནས་རྐང་པའི་བར་དུ་སྲེག། ཐིག་ནག་གིས་ནི་གསོད་པར་འགྱུར།། འོ་མ་ཅན་གྱི་ལམ་ཤིང་ལ།། དཀར་གསུམ་བསྲེགས་ན་སོས་པར་འགྱུར། དྲི་ཆུས་སྤངས་པའི་ས་ལས་ནི།། ཐབ་འང་བྱས་ཏེ་དུག་གིས་བྱུག། ནིམ་པའི་འདབ་མར་དགུ་བོའི་མིང་།། ར་ཁྲག་གིས་བྲིས་རྒྱས་པས་བཀྲིས།། ཚག་སུམ་ཤིང་གི་མེར་བསྲེགས་པས།། རྒྱལ་པོ་རྩཝ་དུའཆི་བར་ངེས། ། དུག་ཁྲག་ལན་ཚྭ་ཚ་བ་བསམ།། མིང་བཅས་གཟུགས་བསྙན་ནིམ་པའི་མེར།། བསྲེགས་ན་དགྲ་བོ་དམུ་རྫིང་ངམ།། མཛེནད་ཀྱིས་ནི་གསོད་པར་འགྱུར།། ཚགསུམ་ནིམ་པ་དུག་དུར། ། ཁྲག་དང་ལན་ཚའི་གཟུགས་བརྙན་ནི།། ལན་ཚྭ་ནིམ་པ་ཚ་བའི་མར།། བླུགས་ནས་ཨརྒའི་ཤིང་ལ་བསྲེགས།། མངོན་ཆེན་པོས་བཟུང་ནས་འཆི།། ར་ཁྲག་ཚག་སུམ་ཉུངས་མར་སྤོས། ནིམ་པའི་ལོ་མ་ན་ལེ་ཤམ།། ཉུངས་མར་དུག་བསྲེགས་ཚ་བས་འཆི།། ནེའུ་ཤ་འམ་དུག་དང་ཚ།། ད་རུ་ར་ལྔ་ཚ་བ་གསུམ།། སོལ་བ་ལ་ནི་དགྲ་གཟུགས་བྱ།། ཉུངས་མར་བྱུགས་ཏེ་བསྲེགས་ན་འཆི།། ཚགསུམ་པ་ཡི་འབྲས་བུ་ཡིས།། ནིམ་པའི་འདབ་ལ་དགྲ་མིང་བྲི།། ཐོད་པར་དུག་ཉུངས་ལྷན་ཅིག་གཞག། ད་རུ་ར་ལྔ་བཅོས་ན་འཆིང་།། རིས་མ་བྱང་དུ་བལྟས་ནས་ཀྱང་།། རང་ཉིད་ལྷོ་ཕྱོགས་བལྟ་བར་བྱ། ཚངས་པ་ལ་སོགས་ལྷ་ཚོགས་དང་།། འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་ཅན།། མ་མོ་མཁའ་འགྲོ་ཤ་ཟ་སོགས།། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས།། རིག་འཛིན་ཁྲོ་བོའི་རྒྱལ་པོ་དང་། སངས་རྒྱས་དཀྱིལ་འཁོར་ལྷ་རྣམས་གསོན།། སྡིག་ཅན་ང་རྒྱལ་གདུག་ཅིང་ཁྲོ།། ཆད་ལྟ་སྔགས་འཕྱང་དཀོན་མཆོག་བཅོམ།། བསྟན་ལ་སྣང་ཞིང་སེམས་ཅན་འཚེ།། མཚམས་མེད་ཅན་འདི་སྤྲུལ་དུ་གསོལ། ། རླུང་གིས་འདར་ཞིང་ཆར་གྱིས་གཤེར།། མེས་གདུང་རྡུལ་ཚུབ་སྐབས་འདིར་སྐྱེ།། སེང་གེ་མཁའ་ལྡིང་སྟག་ཁྲོ་བོས།། བཅོམ་ཞིང་འབུ་སྦྲང་བུང་རྒོད་ཀྱིས།། ཁྲག་འཇིབ་བྱ་ཚོགས་མཁའ་ལ་ཁྱེར། ། མངོན་སྤྱོད་ལས་ཀྱི་བསམ་གཏན་ནོ།། དེ་ནས་སྣ་ཚོགས་ལས་བཤད་པ།། མི་རུས་ཕྱེ་མ་ཚེ་སྐེ་ཚེ།། གནོད་སྦྱིན་འཁྲིག་པ་དུག་ཤིང་ལ།། ཐ་དད་མིང་བཅས་བསྲེགས་པས་ནི།། བསྐྲད་དང་དབྱེ་དང་སྨྱོ་བར་བྱེད།། དུར་བ་འོ་མ་ར་བཅས་པས་སོས།། ད་དུ་ར་ཡན་ལག་ལྔ་འབྲས་བུ།། ཚེར་མའི་མེས་བསྲེགས་སྨྱོ་བར་བྱེད།། ཚ་གསུམ་ལན་ཚྭས་ཚ་རིམས་བསྐྱེད།། ཡང་ན་ཤིང་སྐམ་ལྟ་བུར་བསྐམས། ། ཛམ་པའི་ར་དང་རང་སྒྱུར་བཅས།། དགྲ་བོ་གྲང་བའི་རིམས་ཀྱིས་འདེབས།། ཁཱའི་སྒོ་ཨེ་རཎྜའི་མར་ཁུས།། བྱུགས་པ་ད་དུར་མེ་ལ་སྲེག། ལབ་སྟོབས་ཁཱ་ཏ་ལྟ་བུར་ནི། ། དགྲ་བོ་ས་མཐའ་ཀུན་ཏུ་འཁྱམ།། སྐེ་ཚེ་མི་རུས་ལན་ཚྭ་དུག། ཉུངས་མར་ནིམ་པའི་མེ་ལ་སྲེག། དགྲ་བོ་རྟག་ཏུ་འཐབ་པ་དང་།། ནད་རྣམས་ཀུན་གྱིས་འདེབས་པར་འགྱུར།། དུར་ཁྲོད་ཐལ་བ་སོལ་བར་བཅས། ། དགྲ་བོའི་གཟུགས་བྱས་དུམ་བུར་མནན།། ཚམ་རྔམ་ཕུར་བུས་འདེབས་པ་ནི།། ཕོལ་མིག་ནང་ངན་སྐྱེད་པར་བྱེད།། བྱ་རྒོད་འུག་པ་བྱི་ལ་ཤ།། ནེའུ་ལའི་བུ་རྣམས་ཁྱེར་བའི་མར། ། དྲུག་ཅུ་རྩ་བརྒྱང་བསྲེགས་པ་ཡིས།། མཐུན་གཉིས་མྱུར་དུ་འབྱེད་པར་ངེས།། ཁྲག་ཅན་རས་ལ་གཟུགས་བྲིས་ནས།། རྐང་གཡོན་སྐར་མནན་ཚམ་རྔམ་བཅས།། འདོད་བཅས་སྔགས་ནི་དྲག་པོ་ཡིས། ། བརྒྱལ་དང་རིམས་ནད་མཆེར་ནད་བསྐྱེད།། དགྲ་ཡི་སྒྲ་དང་རྐང་རྗེས་ས།། དགྲ་གཟུགས་དུག་དང་སྐེ་ཚེས་བྱུག། ཆོས་མེས་བསྲེགས་ན་རེངས་པར་འགྱུར།། དགྲ་ཡི་ཕ་རུས་དུག་རབ་སྐྱུར། ། གཟུགས་བྱད་ནིམ་པའི་མེར་བསྲེགས་ན།། དགྲ་བོ་གདོན་ཆེན་ནད་ཀྱིས་འདེབས།། ཕག་རྟུག་སྣ་ཧ་ཨརྒའི་ཤིང་།། ཚེར་མེས་བསྲེགས་ན་མགོ་འཁོར་འགྱུར།། ནེའུ་ལེ་བྱི་ལ་བྱི་ཚེར་སྤུ། ། བསྲེགས་ན་བུད་མེད་བུ་རླབ་འགྱུར།། མི་དང་ནེའུ་ལེ་ཁཱ་རུས་པ།། ཡུངས་མར་ནིམ་པའི་མེ་ལ་སྲེག། གྲོང་དང་གྲོང་ཁྱེར་བསྐྲད་པར་བྱེད།། སྟག་སྤུ་ཐོད་རུས་འུག་པའི་སྤུ།། སཧཱ་མེ་ཏོག་ན་ལ་ཤམ། ། ནིམ་པའི་ལོ་མ་དུག་བསྲེགས་བྱེད།། ནིམ་པའི་འབྲས་བུ་དུག་ལན་ཚྭ།། ད་དུར་འབྲུ་བ་སྲེགས་ནད་སྐྱེད་བྱེད།། དུག་ཁྲག་དུར་འབྲས་བུ་ཡིས།། ནིམ་པའི་ཤིང་ལ་དགྲ་མིང་དྲི། ཚེ་གསུམ་ལན་ཚྭ་ཁྲག་གིས་བྱུག། ལྕགས་སྣོད་ཡུངས་མུར་ནང་བཞག་ནས།། ནིམ་པའི་ཤིང་གི་མ་ཡིས་བཙོ།། དགྲ་བོ་ལྷ་དང་འབྱེད་པར་འགྱུར།། མི་ཁྱི་བྱ་རྒོད་རུས་ཕྱེ་དུག། སྐེ་ཚེ་ཡུངས་མར་སྦྲུལ་ཤུན་དང་། ། ནིམ་པའི་ལྔ་དང་སྐྱུགས་ལན་ཆ།། ཚེར་མེས་བསྲེགས་ན་ནད་ཀྱིས་འདེབས།། སྐེ་ཚེ་དུག་སྦྲུལ་ཚ་བའི་མར།། གཟུགས་བྱས་ཚ་བའི་མེ་ལ་གདུང་།། ཆར་ཆེས་པ་དང་ཐོག་འབབ་འགྱུར། ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཚངས་པ་ཁྱབ་འཇུག་སོགས།། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱིས། ། བཞེངས་ཏེ་ཐལ་མོ་སྦྱར་ནས་ཀྱང་།། སྙན་པས་ཆེད་དུ་འདི་བརྗོད་དོ།། ཨེ་མ་སངས་རྒྱས་ཐམས་ཅད་ལ།། ཐབས་དང་ཤེས་རབ་བསམ་དུ་མེད།། ཐུགས་རྗེས་གྱུར་པའི་ཐུགས་ཀྱིས་ནི།། མཚུངས་མེད་རྒྱ་ཆེ་དམ་ཆོས་གསུངས།། དུག་གི་འཇིགས་པས་ས་སྟངས་འཁྲིགས།། ཉོན་མོངས་མུན་འཇིགས་མེད་པ་ཡི།། བདུད་རྩི་འོད་བཟང་འདི་གུས་ན། ། ངན་འགྲོའི་འཇིགས་པ་སྟོངས་པར་འགྱུར།། དེ་ནས་ཚངས་སོགས་འཇིག་རྟེན་སྐྱོང་།། རྫུ་འཕྲུལ་ལྡན་རྣམས་ཀུན་འདུས་ནས།། ངམ་ཞིང་ཆེད་དུ་བརྗོད་པ་འདི།། སྙན་པའི་ཚིག་གིས་རབ་ཏུ་གསོལ། ། ཨེ་མ་སངས་རྒྱས་ཆེ་བའི་བདག། སེམས་ཅན་ཀུན་ལ་སྨན་པར་དགྱེས།། སྐྱོབ་ཆེན་འཇིག་རྟེན་མགོན་པོ་ཡིས།། མཚུངས་མེད་བསམ་གྱིས་མི་ཁྱབ་ཐབས། གསུངས་པ་འདི་ལ་གང་གནས་པ།། འཁོར་བའི་སྡུག་བསྔལ་རྒྱ་མཚོ་སྦྱོང་།། འགྲོ་ལ་སྨན་མཐོང་བསྒྲུབས་པས་ནི།། ལྷག་པའི་བདེ་བ་འབྱུང་བར་འགྱུར།། དེ་ནས་རྡོ་རྗེ་འཛིན་པ་སོགས།། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས། ། ངོ་མཚར་སྤྱན་ནི་གདངས་ནས་སུ།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་སངས་རྒྱས་བསམ་མི་ཁྱབ།། གདོད་ནས་ཐུགས་སུ་འགྲོ་དོན་ཆུད།། རྟོག་མེད་རང་བཞིན་ལས་གྲོལ་ནས། ། བསམ་གྱིས་མི་ཁྱབ་གོ་འཕང་གསུངས།། འཆང་བྱེད་དང་པོ་ངན་འགྲོ་གཅོད།། གཉིས་པ་མཐོང་ཆོས་དངོས་གྲུབ་བྱེད།། དེ་རྗེས་འཇིགས་མེད་ང་ཡི་མེད།། དོགས་པ་སྤངས་ན་ཟད་པར་གྱིས། ། ས་ལ་བཞུགས་ནས་སེམས་ཅན་དོན།། མ་བསམས་ཐོགས་པ་མེད་པར་བྱེད།། གསང་སྔགས་རྒྱལ་པོ་སྐྱོབ་ཀུན་ལ།། སྦྱངས་ནས་འདོད་དོན་ཀུན་གྲུབ་སྟེ།། ནམ་མཁའ་ཆུ་སེར་དག་པ་ལྟར། ། སྒོམ་པ་བླ་མེད་ཡིད་རྒྱས་བྱེད།། དེ་ནས་རིག་པ་འཛིན་པའི་ཚོགས།། མ་ལུས་པ་རྣམས་འདུས་ནས་ཀྱང་།། གཽ་ཙེ་ལ་མེ་ཏོག་གཏོར་བྱས་ཏེ།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་སངས་རྒྱས་བསམ་མི་ཁྱབ།། དམ་པའི་ཆོས་ཀྱང་བསམ་མི་ཁྱབ།། འགྲོ་ལ་ཕན་དང་དོན་བྱེད་པའི།། ཆོ་གའི་མིང་དང་ཤེས་རབ་དང་།། སྙིང་རྗེའི་དབྱེ་བས་རྒྱས་གྱུར་ནས།། མནར་མེད་ལ་སོགས་ངན་འགྲོ་ཡི། ། འཇིགས་རྣམས་ལས་བརྒལ་པདྨ་ལྟར།། རྣལ་འབྱོར་ཅན་དེ་མཛེས་པར་སྤྱོད།། དེ་ནས་མཐུ་སྟོབས་ཆེར་ལྡན་པའི།། ཕྱོགས་བཅུའི་ཁྲོ་བོ་ཀུན་འདུས་ནས།། ཤིན་ཏུ་དམ་པས་སྙན་ཚིག་གིས། ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་སངས་རྒྱས་ཆོས་ཆེན་དང་།། དགེ་འདུན་དཀོན་མཆོག་བསམ་མི་ཁྱབ།། འཁོར་བའི་མུན་པ་ཆེན་པོར་ནི།། བྱིང་བས་བལྟ་དཀའ་རྟོགས་པ་ཡིས།། སྔགས་དང་ཕྱག་རྒྱ་བསམ་མི་ཁྱབ། ། མཐོང་དང་ཐོས་པ་ཙམ་གྱིས་ཀྱང་།། བལྟ་དཀའ་འབྱུང་པོ་དྲག་པོ་རྣམས།། ལྷག་པའི་སེམས་ནི་སྐྱེས་པར་འགྱུར།། དེ་ནས་རིག་པའི་ལྷ་མོ་ཆེ།། སྤྱན་ལ་སོགས་པ་རྒྱ་ཆེན་རྣམས།། ངོ་མཚར་གྱུར་ནས་སྤུན་གདངས་ཏེ།། སྙན་པས་ཆེད་དུ་འདི་བརྗོད་དོ།། ཨེ་མ་སངས་རྒྱས་རྨད་དུ་བྱུང་།། ཨེ་མ་སངས་རྒྱས་དཔའ་བོ་ཆེ།། ཨེ་མ་སངས་རྒྱས་རབ་ཏུ་ཟབ།། ཆོས་རྣམས་སྐྱེ་མེད་འགག་པ་མེད། ། སྒྱུ་འཕྲུལ་སྣ་ཚོགས་རོལ་པ་ལྟར།། སྒྱུ་མ་གདུལ་བྱ་ཚིམ་མཛད་པ།། སྤྲོས་པ་དང་བྲལ་སྤྲོས་པ་ལྟར།། སྒྱུ་མ་རབ་ཏུ་འཕེལ་བར་མཛད།། དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས།། སྟོང་གསུམ་མི་མཛད་འཇིག་རྟེན་ཁམས། ། གདུལ་བ་དག་ལ་རབ་གཟིགས་ནས།། འདུལ་མཛད་རྡོ་རྗེ་འཆང་བ་ལ།། ངོ་མཚར་རྨད་ཀྱི་གསུང་གིས་ནི།། ཆེད་དུ་བརྗོད་པ་འདི་བསྟོད་དོ།། ཨོཾ་ཞེས་དང་པོ་ཕྱག་འཚལ་བཀྲ་ཤིས་སྟེར་བྱེད་པ། ། སེར་སྣ་རྣམ་པར་དག་ནས་ཡོ་བྱད་དབང་ཐོབ་དང་།། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་ནི།། རབ་དགའ་ཡེ་ཤེས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་འདུད།། ཙཎ་ཡིག་དྲི་བཟང་ཙན་དན་བླུགས་དང་ངང་ཚུལ་མཚུངས།། ཚུལ་ཁྲིམས་རྣམ་པར་དག་པས་ཚེལ་དབང་བ་དང་།། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་ནི།། དྲི་མེད་ཡེ་ཤེས་ཁྲོ་རྒྱལ་མི་གཡོ་ཕྱག་འཚལ་ལོ། ། ཊ་ཡི་ཉོན་མོངས་སྒྲིབ་པ་གཏོར་བའི་ཞི་གནས་དང་།། བཟོད་པ་དག་པ་སྐྱེ་བ་ལ་དབང་ཐོབ་པ་དང་།། མོས་པ་སྣ་ཚོགས་མཁྱེན་པ་ཞེས་བྱའི་སྟོབས་དང་ནི། འོད་འཕྲོ་ཡེ་ཤེས་ཁྲོ་བོ་དབྱུག་སྔོན་ཕྱག་འཚལ་ལོ།། མ་ཡི་གི་སྒྱུ་འཕྲུལ་ཆེན་པོ་ལྷག་མཐོང་ཆེ་བའི་བདག། བརྩོན་འགྲུས་དག་པས་སེམས་ལ་ཡང་དག་དབང་ཐོབ་དང་།། ཁམས་ཀྱི་རྣམ་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་ནི། ། འོད་བྱེད་ཡེ་ཤེས་གཤིན་རྗེ་བཤེད་པོ་ཕྱག་འཚལ་ལོ།། ཧཱ་ཡིག་མ་ཆགས་ཤེས་བྱའི་སྒྲིབ་འཕྲོག་སྦྱངས་པ་ཆེ།། བསམ་གཏན་དག་པས་རྫུ་འཕྲུལ་ལ་ནི་དབང་ཐོབ་དང་ཐམས་ཅད་དག་ཏུ་འགྲོ་བའི་ལམ་དག་སྟོབས་དང་ནི། ། སྦྲང་དཀའ་ཡེ་ཤེས་རྟ་མགྲིན་ཁྲོ་བོ་ཕྱག་འཚལ་ལོ།། རོ་ཡིག་འཁོར་འདས་ནད་བྲལ་ཤེས་དག་ལས་དབང་ཐོབ།། བསམ་གཏན་རྣམ་ཐར་ཏིང་འཛིན་དང་ནི་སྙོམས་ཞུགས་པའི། ། ཀུན་ནས་ཉོན་མོངས་རྣམ་བྱང་ལྟ་བ་ཀུན་མཁྱེན་སྟོབས།། མངོན་གྱུར་ཡེ་ཤེས་འདོད་པའི་རྒྱལ་པོ་ཕྱག་འཚལ་ལོ།། ཥ་ཡིག་མཉམ་ཉིད་སྡོམ་ཆེན་དབང་ཕྱུག་ཆེན་པོ་རྒྱལ། ། སྟོབས་ཆེན་དག་ལས་མོས་པ་ལ་ནི་དབང་ཐོབ་དང་།། སྔོན་གྱི་གནས་རྣམས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས།། རིང་དུ་སོང་བའི་ཡེ་ཤེས་བདུད་རྩི་འཁྱིལ་ལ་འདུད། ཎཱ་ཡིག་སྐྱེས་བུ་ཆེན་པོ་སྒྲ་ཆེན་ཀླུ་མཆོག་གཙོ།། སྨོན་ལམ་དག་པས་སྨོན་ལམ་ཆེ་ལ་དབང་ཐོབ་དང་།། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས།། མི་གཡོ་ཡེ་ཤེས་ཁྲོ་བོ་སྟོབས་ཆེན་ཕྱག་འཚལ་ལོ། ། ཧཱུཾ་ཡིག་ཧུ་ལུ་སྤྲིན་གདེངས་འབྲུག་སྒྲ་གད་རྒྱངས་ཅན།། ཐབས་དག་པས་ནི་ཡེ་ཤེས་ཆེ་ལ་དབང་ཐོབ་དང་།། འཆི་འཕོ་དང་ནི་གང་ཞིག་སྐྱེ་བ་མཁྱེན་པའི་སྟོབས། ལེགས་པའི་བློ་གྲོས་ཡེ་ཤེས་ཁྲོ་བོ་ཧཱུཾ་མཛད་བདུད།། ཕཊ་སྒྲས་བག་ཆགས་ཀུན་གཏོར་དག་པས་ཤེལ་དང་མཚུངས།། ཡེ་ཤེས་དག་པས་ཆོས་ལ་དབང་ནི་ཐོབ་པ་དང་།། ཟག་པ་ཐམས་ཅད་ཡང་དྲག་ཟད་པས་མཁྱེན་པའི་སྟོབས། ། ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཁྲོ་བོ་གནོད་མཛེས་འདུད།། དེ་ནས་ཆོས་རྗེ་ཐུབ་པས་ནི།། ལྗགས་ཀྱི་དབང་པོ་བཀྲ་མ་བྱས་ནས།། འཛུམ་པ་མཛད་པས་རབ་གཟིགས་ཏེ།། འཁོར་གྱི་དཀྱིལ་འཁོར་ཆེན་པོའི་དབུས།། ལག་ན་རྡོ་རྗེ་མཐུ་ཆེན་ལ།། སྙན་པའི་གསུང་གིས་བཀའ་སྩལ་པ།། མཆོག་ཏུ་བརྟན་པར་རབ་བསྔགས་པ།། རྡོ་རྗེ་ཐེག་པ་བླ་ན་མེད།། མི་གང་བསོད་ནམས་དམན་པ་འམ། ། མཚམས་མེད་ལ་སོགས་བྱེད་པ་ཡང་།། རྒྱུད་འདིར་ཞུགས་པའི་དེ་མ་ཐག། གསེར་འགྱུར་གྱི་ནི་རྩི་བཞིན་དུ།། ལོག་རྟོག་མ་ལུས་དག་ནས་ཀྱང་།། རྟོག་མེད་བདེ་བའི་སྐུར་བྱུང་སྟེ། ། རྨི་ལམ་བཟང་པོའི་སེམས་བཞིན་དུ།། རྣམ་འཕྲུལ་སྣ་ཚོགས་ཅིར་ཡར་སྣང་།། མུ་མཐའ་མེད་པ་འཁོར་བའི་མཚོ།། བསྐལ་པའི་གཟིངས་ཆེན་བླ་མེར་འདི། ཆགས་གསང་མེད་པའི་ཚུལ་དུནི།། ཁྱོད་ཀྱིས་རྒྱུབ་ཏུ་གཟུང་བར་བྱ།། ལག་མ་རྡོ་རྗེ་སྟོབས་པོ་རྗེས།། སྟོན་པ་ལ་ནི་འདྲི་ག་སོལ་ཏོ།། ཆུང་འདི་བྱུང་མ་ཐག་ཏུ་ནི། གདུལ། དཀའ་བ་ནི་རབ་ཏུ་ཞི།། ས་སྟེངས་ནད་དང་གདོན་མུག། བར་ཆད་གནོད་པ་ཀུན་དང་བྲལ།། སླར་ཡང་བསྟན་པ་འཕེལ་བའི་ཕྱིར།། བརྟན་པོར་བདག་གིས་གཟུང་བར་བགྱི།། དཔའ་བོ་མཁའ་འགྲོ་དྲག་པོ་རྣམས། ། ཡིད་ཀྱིས་བརྟུལ་ཞུགས་ཕྱུང་ནས་ཀྱང་།། རྒྱང་འདི་འཛིན་པའི་རྗེས་སུ་འབྲང་།། ལྷ་དང་འཇིག་རྟེན་པ་དང་ནི།། མ་མོ་སྲིན་མོ་མཁའ་འགྲོ་མ།། ཤ་ས་གནོད་སྦྱིན་སྲིན་པོ་རྣམས། ། རྒྱུད་འདི་འཛིན་པ་སྐྱོང་བར་བྱེད།། རྒྱུད་འཛིན་ལོངས་སྤྱོད་སྤེལ་བར་བྱེད།། སྟོན་པས་གསུངས་པ་རྡོ་རྗེ་འཛིན།། ལེགས་སོ་ཤིན་ཏུ་ཆེར་ལེགས་སོ།། རྒྱུད་འཛིན་རྣལ་འབྱོར་ཅན་ཆེན་དེ། ། རྒྱུན་དུ་སྲུང་ཞིང་བློ་འཕེལ་མཛོད།། དེ་སྐད་ཀྱི་ནི་གསུང་ཐོས་ནས།། བྱང་ཆུབ་སེམས་དཔའ་ཉན་ཐོས་དང་།། མཁའ་འགྲོ་མ་མོ་འཇིག་རྟེན་སྐྱོང་།། ལྷ་ཀླུ་གནོད་སྦྱིན་དྲི་ཟར་བཅས། ། ཐམས་ཅད་ལྡན་པའི་འཁོར་དེ་རྣམས།། དགྱེས་ཏེ་ཐལ་སྦྱར་མངོན་པར་དགའི།། མི་གཡོ་ཐུགས་རྗེའི་ལྕགས་ཀྱུ་བཟུང་བས་འཁོར་བའི་བཙོན་ར་ནས།། ལྷ་ཀླུ་འབུམ་ཕྲག་འཚེ་བྲལ་དཀར་པོ་དགེ་བའི་ཀུན་སློང་རྣམས། ། སྐྱེས་ནས་བྱང་ཆུབ་རིནི་ཆེན་ནོར་ཐོབ་མཛད་པས་རྨང་བྱུང་མཚར།། རྒྱས་པའི་ཚུལ་བསྡུས་བསྟན་པའི་ཆོས་འདི་དམན་ལ་ཤིན་ཏུ་གསང་།། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་ལས། ། མངོན་པར་དགའ་བའི་ལེའུ་སྟེ་བཅུ་པའོ།། ། འཕགས་པ་རྡོ་རྗེ་ཁྲོ་བ་འི་རྒྱལ་པོའི་རྟོག་པ་བསྡུས་པ་རྫོགས་སོ།།
CLOSE WINDOW