CLOSE WINDOW

S57: དགའ་བོ་རབ་ཏུ་བྱུང་བའི་མདོ
Wyliee-texts produced with ocr Programm

འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། @རྒྱ་གར་སྐད་དུ། ནན་ད་པྲ་བྷ་ཛཱ་རྫྫ་ཏྲཱ། བོད་སྐད་དུ། དགའ་བ་རབ་ཏུ་འབྱུང་བའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་ནྱ་གྲོ་དའི་ཀུན་དགའ་ར་བ་ན་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་། ཤམ་ཐབས་བསྒྲུབས་ཏེ། ལྷུང་བཟེད་བསྣམས་ནས། ཕྱི་བཞིན་འབྲང་བའི་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། སེར་སྐྱ་གནས་སུ་བསོད་སྙོམས་ལ་གཤེགས་སོ། ། དེ་ནས་བཅོ་ལྡན་འདས་རིགས་ཀྱི་བུ་དགའ་བོའི་ཁྱིམ་ག་ལ་བ་དེར་གཤེགས་པ་དང་། རིགས་ཀྱི་བུ་དགའ་བོས། བཅོམ་ལྡན་འདས་རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ་། ། མཐོང་ནས་ཀྱང་རིངས་པ་རིངས་པར་བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་བཤམས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚུར་གཤེགས། བཅོམ་ལྡན་འདས་གཤེགས་པ་ལེགས་སོ།། བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ། བཅོམ་ལྡན་འདས་བཞུགས་སོ།། དེ་ནས་རིགས་ཀྱི་བུ་དགའ་བོ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགའ་བོ་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དགའ་བོས་གསོལ་པ། བཅོམ་ལྡན་འདས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཚིག་དོན་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པ་ཐམས་ཅད་ཡོངས་སུ་སྤོང་བ་ཡིན་ནོ། ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ་ཏུ་སེལ་བ་ཡིན་ནོ།། འཐབ་པ་དང་འཐབ་མོ་དང་། འཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། སྒྱུ་དང་། གཡོའི་མུན་པས་བསྡུས་པའི་དྲི་མ་ཐམས་ཅད་འཁྲུ་བ་ཡིན་ནོ། ། ལོ་ཏོག་ཐམས་ཅད་ཀྱིས་གཞི་ལྟ་བུར་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ནོ།། རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ།། བདེ་བ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན་། ། ཡོན་ཏན་ཐམས་ཅད་ཀྱི་གོ་འཕང་གི་གནས་ཡིན་ནོ།། སེམས་ཅན་ཐམས་ཅད་དབུགས་འབྱིན་པ་ཡིན་ནོ།། འབྱུང་པོ་ཐམས་ཅད་ཀྱི་ཡིད་བརྟན་པ་ཡིན་ནོ།། སྲོག་ཆགས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་ནོ། ། སེམས་ཅན་དབུལ་པོ་ཐམས་ཅད་ཀྱི་བུམ་པ་ཡིན་ནོ།། སྐྱབས་མེད་པ་རྣམས་ཀྱི་དཔུང་གཉེན་ཡིན་ནོ།། ཀུན་ཏུ་ཚོལ་བས་འཕོངས་པ་དང་། སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ཀྱི་བསྟི་ས་ཡིན་ནོ། ། སངས་རྒྱས་ཐམས་ཅད་ཀྱིས་མ་འདྲེས་པ་ཡིན་ནོ།། སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ།། མཁས་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ།། ཐར་པར་འགྲོ་བ་རྣམས་ཀྱི་ལམ་ཡིན་ནོ། ། སེམས་ཅན་དག་པ་རྣམས་ཀྱིས་བསྙེན་པར་བྱ་བ་ཡིན་ནོ།། སྣོད་དུ་འགྱུར་བ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་ནོ།། ངན་སོང་གི་སྒོ་གཅོད་པ་ཡིན་ནོ།། མཐོ་རིས་དང་ཐར་པའི་སྒོ་འབྱེད་པ་ཡིན་ནོ།། ལྷའི་འགྲོ་བ་རྣམས་ཀུན་ཏུ་འགེངས་པ་ཡིན་ནོ།། སྡུག་བསྔལ་ཐམས་ཅད་ཀུན་ཏུ་གཅོད་པ་ཡིན་ནོ།། སྲེད་པའི་བཅིང་བས་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ།། ཡང་དག་པའི་ལྟ་བའི་ཁྱིམ་ཡིན་ནོ།། ཐར་པའི་ཡང་དག་པའི་སྡོམ་པ་ཡིན་ནོ།། མྱ་ངན་ལས་འདས་པ་ལ་བསྙེན་པ་ཡིན་ནོ།། རྒྱུན་ཉེ་བར་གཅོད་པ་ཡིན་ནོ།། ཉོན་མོངས་པ་རྣམས་སྲེག་པ་ཡིན་ནོ།། ཕྲ་རྒྱས་རྣམས་འབྱིན་པ་ནོ། ། ལྟ་བ་ངན་པའི་དྲ་བ་རྣམས་འཇིགས་པར་བྱེད་པ་ཡིན་ནོ།། བདུད་ཀྱི་རྒྱལ་མཚན་སྒྲོལ་བ་ཡིན་ནོ།། བཟོད་པ་སྨྲ་བ་བསྒྲེང་བ་ཡིན་ནོ།། འཁོར་བའི་འཁོར་ལོ་ལྡོག་པར་བྱེད་པ་ཡིན་ནོ།། ཆོས་ཀྱི། འཁོར་ལོ་བསྐོར་བར་བྱེད་པ་ཡིན་ནོ།། ནུ་ཞོའི་རྒྱ་མཚོའི་སྐེམས་པ་ཡིན་ནོ།། རུས་པའི་རི་འཇིགས་པར་བྱེད་པ་ཡིན་ནོ།། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་མཐའ་ཡིན་ནོ།། ཕུང་པོའི་ཁུར་འཇོགས་པ་ཡིན་ནོ། ། ཉོན་མོངས་པའི་འདམ་དུ་བྱིང་བ་རྣམས་འབྱིན་པ་ཡིན་ནོ།། ཁྱིམ་གཟེབ་ཏུ་བཅིངས་པ་རྣམས་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ།། གནོད་པའི་ཚོར་བ་རྣམས་ཟད་པར་བྱེད་པར་ཡིན་ནོ། ། ཐེ་ཙོམ་རྣམས་དང་། ཉོན་མོངས་པའི་དྲི་མ་བརྟན་པོར་གྱུར་པ་རྣམས་གཅོད་པ་ཡིན་ནོ།། རྒ་ཤི་འཇིགས་པ་རྣམས་དབུགས་འབྱིན་པ་ཡིན་ནོ།། སྡུག་པ་དང་བྲལ་བར་བྱེད་པ་ཡིན་ནོ།། འཁོར་བའི་སྡུག་བསྔལ་གྱིས་གཙེས་པ་རྣམས་ཀྱི་བདེ་བ་དང་། མི་འཇིགས་པའི་འགྲམ་ཡིན་ནོ།། འདོད་པའི་ཁམས་ལས་པ་རྒལ་བར་བྱེད་པ་ཡིན་ནོ།། གཟུགས་ཀྱི་ཁམས་ལས་ཡང་དག་པར་བརྒལ་བར་བྱེད་པ་ཡིན་ནོ། ། གཟུགས་མེད་པའི་ཁམས་ལས་ཡང་རྣམ་པར་བརྒལ་བར་བྱེད་པ་ཡིན་ནོ།། དོན་དམ་པར་མྱ་ངན་ལས་འདས་པ་མཆོག་ཐོག་པར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ།། འཇིག་རྟེན་ཐམས་ཅད་ཀྱི་མིག་ལྟ་བུ་ཡིན་ནོ།། གཏི་མུག་གི་མུན་པའི་སྒྲོན་མ་ཡིན་ནོ།། རྒྱུད་དག་པར་བྱེད་པ་ཡིན་ནོ།། ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ།། ལམ་སྟོར་བ་རྣམས་ལ་ལམ་ཀུན་དུ་སྟོན་པ་ཡིན་ནོ། ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྟོན་པ་ཡིན་ནོ།། མདུད་པ་ཐམས་ཅད་རྣམ་པར་འགྲོལ་བར་བྱེད་པ་ཡིན་ནོ།། མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ།། མི་ཤེས་པའི་རབ་རིབ་ཀྱི་སྒྲིབ་པའི་མུན་པ་རྣམས་འདྲལ་བར་བྱེད་པ་ཡིན་ནོ། ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་རྩོམ་པར་བྱེད་པ་ཡིན་ནོ།། ཚུལ་ཁྲིམས་ལ་ལྟུང་བ་རྣམས་སྐྱོ་བར་བྱེད་པ་ཡིན་ནོ།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ། ། བརྩོན་འགྲུས་བརྩམས་པ་རྣམས་མཆོག་ཏུ་དགའ་བ་ཡིན་ནོ།། ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་རྣམས་རབ་ཏུ་དགའ་བ་ཡིན་ནོ།། རྣལ་འབྱོར་སྤྱོད་པ་རྣམས་མཆོག་ཏུ་ཆོག་ཤེས་པར་བྱེད་པ་ཡིན་ནོ།། ཉོན་མོངས་པའི་དགྲ་འཇོམས་པར་བྱེད་པ་རྣམས་ཀྱི་མཚོན་ཆ་ཡིན་ནོ།། ཕྱིར་མི་འོང་བ་རྣམས་མཆོག་ཏུ་རྒྱལ་བར་བྱེད་པ་ཡིན་ནོ།། གནས་མེད་པ་རྣམས་ཀྱི་གནས་སོ།། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པ་ཡིན་ནོ།། འཇིགས་པས་འབྲེལ་པ་རྣམས་ཀྱི་མི་འཇིགས་པར་བྱེད་པ་ཡིན་ནོ།། སྐྱབས་མེད་པ་རྣམས་ཀྱི་སྐྱབས་ཡིན་ནོ།། སྡུག་བསྔལ་རྣམས་ཀྱི་བདེ་བའི་ཡོ་བྱད་ཡིན་ནོ། ། འཁོར་བའི་བཅིང་བས་བཅིངས་པ་རྣམས་འགྲོལ་བར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ།། ལྷ་དང་མི་རྣམས་ཀྱིས་བཀུར་སྟི་བྱས་པ་ཡིན་ནོ། ། མིའི་དབང་པོ་རྣམས་ཀྱི་མཆོད་པ་ཡིན་ནོ།། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ཡིན་ནོ།། ཁྱིམ་གྱི་གནས་ཡོངས་སུ་གཏོང་བ་ཡིན་ནོ།། མྱ་ངན་ལས་འདས་པའི་ལམ་འདྲེན་པ་ཡིན་ནོ།། གླའི་ཁུར་འདྲེག་པ་ཡིན་ནོ། ། གོས་ངུར་སྨྲིག་ནི་འདོད་ཆགས་དང་བྲལ་བའི་རྟགས་ཡིན་ནོ།། རིགས་པ་ལ་བརྩོན་འགྲུས་ཀྱི་ཞིང་ཡིན་ནོ།། འདི་ནི་དྲང་སྲོང་རྣམས་ཀྱི་རྒྱལ་མཚན་ཡིན་ནོ།། འདུད་སྡིག་ཏོ་ཅན་རྣམས་ཀྱི་གྲགས་པ་འཇོམས་པ་ཡིན་ནོ། ། ལྷ་དང་མི་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ཏེ། དཀའ་བོ་རབ་ཏུ་བྱུང་བ་ནི་དེ་ལྟ་བུ་ཡིན་ན། ཅིའི་ཕྱིར་རབ་ཏུ་མི་འབྱུང་། དགའ་བོ་རབ་ཏུ་བྱུང་བ་ནི་འཁོར་ལོ་བསྒྱུར་བའི་རྒྱལ་སྲིད་བདེ་བ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་བདེ་བ་ཡིན་ན། དགའ་བོ་གཞན་ཡང་དལ་བ་ཚོགས་པ་ནི་བསྐལ་པ་བརྒྱར་ཡང་ཤིན་ཏུ་རྙེད་པར་བཀའ་བ་ཡིན་ནོ།། སངས་རྒྱས་འབྱུང་བ་ནི་དེ་བས་ཀྱང་ཆེས་རྙེད་པར་དཀའ་བ་ཡིན་ནོ།། དགའ་བོ་ཐར་པ་འདོད་པ་རྒྱལ་པོའི་དྲང་སྲོང་རྣམས་དང་། གཞན་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་རྣམས་ཀྱང་བཙུན་མོའི་འཁོར་དང་བཅས་ཏེ་བོར་ནས་རབ་ཏུ་བྱུང་ངོ་། ། དེ་བཞིན་དུ་ཁྱིམ་བདག་དང་། བྲམ་ཟེའི་ཚོགས་གཞན་རྣམས་ཀྱང་ཁྱིམ་རྣམས་བོར་ནས་རབ་ཏུ་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ནི་ཁྱིམ་པར་མཆིས་ལ། སྦྱིན་པ་དག་སྩལ། བསོད་ནམས་དག་བགྱི་ཞིང་། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་བསྙེན་བཀུར་བགྱི་ཞིང་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱང་བསྒྲུབས་པར་བགྱིའོ།། བཅོམ་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཁམས་གསུམ་པ་གང་དག་ཡིན་པའི་འཇིག་རྟེན་གང་བར་འགྱུར་ལ། རིག་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་ལོ་བརྒྱར་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་ན། དགའ་བོ་དེ་ནི་བྱུང་བར་ངེས་པར་བྱུང་བའི་སེམས་ཀྱི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། ། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།། དལ་བ་ཤིན་དུ་རྙེད་དཀའ་སྟེ། དགའ་བོ་སྟོན་པ་མངོན་གྱུར་པ།། ང་ལ་མི་མཉེས་མ་བྱེད་ཅིག། དགའ་བོ་དཔེར་ན་ས་ཆེན་པོ་འདི་ཆུ་གཅིག་པུར་རྒྱ་མཚོར་གྱུར་ལ། དེ་ན་རུ་སྦལ་ཞར་བ་གཅིག་ཀྱང་ཡོད། དེ་ན་གཉའ་ཤིང་བུ་ག་གཅིག་པ་གཅིག་ཀྱང་རྒྱུ་ལ། རུ་སྦལ་ཞར་བ་དེ་འདི་སྙམ་དུ། གཉའ་ཤིང་གི་བུག་དེར་མགྲིན་པ་ཚུད་པར་བྱའོ་སྙམ་དུ་སེམས་སྐྱེ་ཞིང་། གཉའ་ཤིང་བུ་ག་ཅན་དེ་ཡང་རླུང་གིས་བསྐྱོད་ནས། ཕྱོགས་ཕྱོགས་སུ་རྒྱུག་པར་བྱེད་པ་ན། དགའ་བོ་བརྒྱ་ལ་རྐྱེན་ཞིག་གིས་རུ་སྦལ་ཞར་བ་དེའི་མགྲིན་པ་གཉའ་ཤིང་གི་བུ་ག་དེར་འཇུག་པར་འགྱུར་གྱི། དགའ་བོ་མི་ཉིད་ཐོབ་པ་ནི་མ་ཡིན་ནོ།། ངལ་བ་ཕུན་སུམ་ཚོགས་པ་དེ་བཞིན་ནོ།། དགའ་བོ་ཁྱོད་ཀྱིས་མི་ཉིད་ཤིན་ཏུ་རྙེད་པར་དཀའ་བ་དང་། དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན། དགའ་བོ་ཁྱོད་ཀྱིས་རབ་བྱུང་། དལ་བ་ཤིན་ཏུ་རྙེད་དཀའ་རྙེད།། དགའ་བོ་སྟོན་པ་མངོན་གྱུར་པ།། ང་ལ་མི་མཉེས་མ་བྱེད་ཅིག། དཔེར་ན་འགའ་ཞིག་གིས་ཁབ་ཀྱི་མིག་གནམ་དུ་བསྟན་ཏེ། ཉུངས་དཀར་གྱི་འབྲུ་རྣམས་འཐོར་བར་བྱེད། དགའ་བོ་བརྒྱ་ལ་རྐྱེན་ཞིག་གིས་དེར་ཡུངས་ཀར་གྱི་འབྲུ་གང་ཡིན་པ་གཅིག་ཆུད་པར་འགྱུར་གྱི། དགའ་བོ་མོ་ཉིད་རྙེད་པ་ནི་མ་ཡིན་ནོ། ། དལ་བ་ཕུམ་སུམ་ཚོགས་པ་ཡང་དེ་བཞིན་ནོ།། དགའ་བོ་མི་ཉིད་ཤིན་ཏུ་རྙེད་པར་དཀའ་བ་དང་། དེ་བཞིན་དུ་ངལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་དལ་པ་ཤིན་ཏུ་རྙེད་དཀའ་རྙེད། ། དགའ་བོ་སྟོན་པ་མངོན་གྱུར་པ།། ངལ་མི་མཉེས་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་བྱེ་བ་སྟོང་དང་ནི།། བརྒྱ་དང་ཁྲག་ཁྲིག་དས་ཡང་། ང་སངས་རྒྱས་སྨན་མོ་ཐོས་ན།། སངས་རྒྱས་མཐོང་བ་ཀལ་ཞྀག། ཨུ་དུ་པཱ་རའི་མེ་ཏོག་ན།། ཤིང་ལས་ཤིན་ཏུ་མེད་དཀའ་སྒྱུར།། དེ་བཞིན་སངས་རྒྱས་ནང་དཀར་སྟེ།། ཁྱོ་ཀྱིས་ང་ནི་རྙེད་འགྱུར་ན། ། དཀའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།། དལ་པ་ཤིན་ཏུ་རྙེད་དཀའ་སྟེ།། དཀའ་བོ་སྟོན་པ་མངོན་གྱུར་པ།། ངལ་མི་མཉེས་མ་བྱེད་ཅིགདེ་ནས་རིགས་ཀྱི་བུ་དགའ་བོ་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ཏེ། རྒྱལ་བའི་བསྟན་པ་ལ་ཡང་དག་པར་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། རིགས་ཀྱི་བུ་དགའ་བོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དགའ་བོ་རབ་ཏུ་བྱུང་བའི་མདོ་རྫོགས་སོ།། །

CLOSE WINDOW