CLOSE WINDOW

S555: འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་གཟུངས
Wyliee-texts produced with ocr Programm

། རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཪྵི་ཥ་སི་ཏཱ་ཏ་པ་ཏྲ་ཨ་པ་ར་ཛི་ཏ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ། ། དགེ་འདུན་ལ་ཕྱག་འཚལ་ལོ།། ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ།། འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། ། རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ།། ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ།། འཇིག་རྟེན་ན་ཡང་དག་པར་སེང་པ་རྣམས་ལ་ཕྱག་འཚལ་ལོ། ། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། ལྷའི་དྲང་སྲོང་དམོད་པ་འདོར་བ་དང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ།། རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། ། ཚངས་པ་ལ་ཕྱག་འཚལ་ལོ།། དབང་པོ་ལ་ཕྱག་འཚལ་ལོ།། ལེགས་ལྡན་དྲག་པོ་དཀའ་ཐུབ་བཟློག་པའི་བདག་པོ་དང་ལྷན་ཅིག་པ་ལ་ཕྱག་འཚལ་ལོ།། ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། ། ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པམ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། ། པདྨའི་གདུང་ལ་ཕྱག་འཚལ་ལོ།། རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ།། ནོར་བུའི་གདུང་ལ་ཕྱག་འཚལ་ལོ།། གླང་པོའི་གདུང་ལ་ཕྱག་འཚལ་ལོ། ། གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ།། ཀླུའི་གདུང་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་ཐ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ས་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལ་བསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་ཕྱིར་ཟློག་མ་འདིས་འབྱུང་ངོའི་གདོན་ཐམས་ཅད་ཚར་གཅོད་པ། གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པ། དུས་མ་ཡིན་པར་འཆི་བ་ལས་ཟློག་པ། སེམས་ཅན་བཅིངས་པ་ཐམས་ཅད་འགྲོལ་བ། སྡང་བ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་ཐམས་ཅད་ཟློག་པ། ག་དོན་བརྒྱད་ཁྲི་བཞི་སྟོང་འཇིག་པར་བྱེད་པ། རྒྱ་སྐར་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིག་པར་བྱེད་པ།། དགྲཐམས་ཅད་ཐོག་པ། མཚུངས་པ་དང་། སྡང་བ་དང་།། རྨྱི་ལ་མ་ངན་པ་ཐམས་ཅད་འཇིག་པར་བྱུང་བ། དུག་དང་། ཙྪིན་དང་། མྱེ་དང་། རྣམས་སྩོལ་བ་སྟེ།། གཞན་གྱིས་ཐུ་བདག་ཤུལན།། བཏུམ་པན་ནམཐམས་ཆེན་ནོ།། འབད་རྒྱུན་མོགས་བརྗིད་།། ད་མནྡན་མ་སྟབས་རྟེན་མོ། 25་བའི་འཕྲེང་བ་གོས་དཀར་མོ། ། འཕགས་མི་སྒྲོལ་མཁྲོ་གཉེར་ཅན།། ཚུལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས།། པདྨའི་མངོན་མཚན་རྡོརྫས་མཚན།། གཞན་གྱིས་མི་ཐུབ་འཕྲེང་བ་ཅན།། རྡོ་རྗེ་མ་པར་རྣམས་འཇོམས་སོ། ། ཞི་བའི་ལྷ་རྣམས་ཀྱིས་རྒོད་མ།། གཟུགས་ནི་གཟི་བརྗིད་ཆེན་མོ་ཅན།། འཕགས་མ་སྒྲོ་མ་སྟོབས་ཆེན་མོ།། རྡོམསུ་སུ་རྒྱུད་གཅན་ད་།། རྡོ་རྗེ་གཅོན་ནུ་རིགས་འཛིན་མ། ན་མོ་རིག་ཀཱས་རབཕྲེང་།། ས་བམ་ཅི་དང་ན་ཌྱན་མ།། རྫང་མཛད་རྡོ་རྗེ་གཙུག་ཏོར་ཆགས།། རྣམ་པར་བགྱིང་ས་མམ་ཛད།། སེཾར་བད་སུའི་ལྡན་མ་པས། ས་ངས་དང་། པདྨའི་སྤྱན་དང་དྲ་འོད་དང་།། ཕྱག་རྒྱའི་ཚིགས་དེ་དག་ཐམས་ཅད་ཀྱིས་བདག་ལ་སྤྱང་དུ་གསོལ།། ཆུང་བ་མཛད་དུ་གསོལ།། མ་མདག་སྲ་ཤཱཀྟ། སས་རྦ་ག་ཏོཥྞཱི་སིདྡྷཿཔ་ཙྪ་ཛིན། གསུན་འི་ཨུརྠ། མམ་ས་། ཛི་ན། པར་གྱིས་ཨོཾ་ཆུརྱ། ས་ལྡན་ན་ས་། 5་ཐ~ཾ་རྗེས་ན་པར་རྫོན། @##། ནཱ་གྲ་ཧ་ས་ཧ་སྲཱ་ཎཱ་བི་དྷ་ས་ན་ཀ་རཱི་ཧཱུཾ་དྲཱ། ཨཥྚ་བི་ཤ་ཏཱི་ནཱཾ་ན་ཀྵ་ཏྲ་ཎཱ་པྲ་སཱ་ད་ན་ཀ་རཱི་ཧཱུ་ངྐུ། ཨཥྚཱ་ནཱ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷི་ས་ན་ཀ་རི་ཧཱུཾ་དྷུ་རཀྵ་རཀྵ་ནཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་རས་བྱུང་བའི་གདུགསཾ་དཀར་མོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་མ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེར་མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པས་ཀུན་ནས་བདག་ལ་སྲུང་དུ་གསོལ། སྲུང་དུ་གསོལ། ཨོཾ་རྒྱལ་པོས་འཇིགས་པ་དང་། ཆོས་རྐུན་གྱི་འཇིག་པ་དང་། མེ་ཡཱི་འཇིག་པ་དང་། ཆུ་ཡིས་འཇིགས་པ་དང་། དུག་གིས་འཇིགས་པ་དང་། མཚོན་གྱིས་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། མུ་གེས་འཇིགས་པ་དང་དགྲ་ཡིས་འཇིགས་པ་དང་། ལྕེ་འབབ་པས་འཇིགས་པ་དང་། དུས་མ་ཡིན་པར་འཆི་བས་འཇིགས་པ་དང་། ས་གཡོ་བས་འཇིགས་པ་དང་། སྐར་མདའ་ལྟུང་བས་འཇིགས་པ་དང་། རྒྱལ་པོའི་ཆད་པས་འཇིགས་པ་དང་། ལྷ་ཡིས་འཇིགས་པ་དང་། ཀླུ་ཡིས་འཇིགས་པ་དང་། གློག་གིས་འཇིགས་པ་དང་། ནམ་མཁའ་ལྡིང་གིས་འཇིགས་པ་དང་། གཅན་གཟན་ཁྲོ་བོས་འཇིགས་པ་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། རླུང་ལྷའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། ཕྲིན་དོའི་གདོན་དང་། ཡི་དགས་ཀྱི་གདོན་དང་། ཤ་བའི་གདོན་དང་། འབྱུང་པོས་གདོན་དང་། རྡུལ་དུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྤྲུལ་བ་དོན་དང་། སྐམ་བྱེད་ཀྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གནོན་པོའི་གདོན་དང་། ནམ་གྲུའི་གདོན་དང་། མདངས་འཕྲོག་པ་དང་། ཟས་སུ་མངལ་ཟ་བ་དང་། ཟས་སུ་ཁྲག་འཐུང་བ་དང་། ཟས་སུ་ཞག་ཟ་བ་དང་། ཟས་སུ་ཤ་ཟ་བ་དང་། ཟས་སུ་ཚིལ་ཟ་བ་དང་། ཟས་སུ་རྐང་ཟ་བ་དང་། ཟས་སུ་བཅས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། ཟས་སུ་སྐྱུགས་པ་ཟ་བ་དང་། ཟས་སུ་མི་གཙང་བ་ཟ་བ་དང་། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང་། ཟས་སུ་ལྷག་མ་ཟ་བ་དང་། ཟས་སུ་མཆིལ་མ་འཐུང་བ་དང་། ཟས་སུ་སྣབས་ཟ་བ་དང་། ཟས་སུ་ངར་སྣབླ་ཟ་བ་དང་། ཟ་སུ་རྣག་ཟ་བ་དང་། ཟས་སུ་གཏོར་མ་ཟ་བ་དང་། ཟས་སུ་འཕྲེང་བ་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། སེམས་འཕྲོག་པ་དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་འབྲས་བུ་ཟ་བ་དང་། ཟས་སུ་ལོ་ཏོག་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བ་ལས་བདག་བདེ་ལེགས་སུ་གྱུར་ཅིག། དེ་དག་ཐམས་ཅད་དང་། གདོན་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་བུས་གདབ་བོ།། ཀུན་ཏུ་རྒྱུས་བྱས་པའི་རིག་སྔགས་གཅད་དོ།། ཕུར་དུས་གདབ་བོ།། ཕྱུགས་བདག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། ནམ་མངའ་ལྡིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། ནབ་པོ་ཆེན་པོ་དང་མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་བུས་གདབ་བོ།། མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། བྷྲྀ་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། དགྲ་བཅོམ་པས་བྱས་པའི་རོག་སྔག་གཅད་དོ། ། ཕུར་བུས་གདབ་བོ།། འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་པོ། ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཁྱོད་ལ་ཕྱག་འཚལ་ལོ།། བདག་ལ་སྲུང་དུ་གསོལ། ཨོཾ་མ་སི་ཏཱ་ནཱ་ལཱརྐ་པྲ་བྷ་སྥུ་ཊ་བི་ཀ་སི་ཏྭཱ་ཏ་འགྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ད་ར་ད་ར། བི་ད་ར་བི་དར། ཙྪིནད་སྨིན་ད། བྷིན་ད་བྱིནད། ཧཱུཾ་ཧཱུཾ་ལཊ་ཕཊ། ཧེ་ཧེ་ཕ། ཧོ་ཚེ་ཕཊ། ཨ་མོ་གྷེ་ཕཊ། ཨ་པྲ་ཏི་ཧ་ཏཱི་ཕཊ། བར་པྲངྒ་ཕཊ། གི་རི་ཏི་ཕཊ། ཨ་སུ་ར་བི་དྲཱ་བ་ཀ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་གེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་མ་རུ་ཌེ་བྷྱཿཕཊ། སརྦ་ག་རུ་ཌེ་བྷྱཿཕཊ། སརྦ་གན་དྷརྨེ་བྷྱཿཕཊ། སརྦ་ཀིན་ན་རེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་ཡཀྵ་བྷྱཿཕཊ། སརྦ་རཱཀྵ་སེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་པི་ཤཱ་ཙེ་བྷྱཿཕཊ། སརྦ་བྷཱུ་ཏ་བྷྱཿཕཊ། སརྦ་ཀུཾ་བྷཱུཎྜེ་བྷྱཿཕཊ། སརྦ་པུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པུ་ཏ་ནེ་བྷྱཿཕཊ། སརྦ་སྐན་དྷ་བྷྱཿཕཊ། སརྦ་ཨུ་ན་མཱ་དེ་བྷྱཿཕཊ། སརྦ་ཙྪ་ཡེ་བྷྱཿཕཊ། སརྦ་ཨ་པསྨ་རེ་བྷྱཿཕཊ། སརྦ་ཨོསྟཱ་ར་ཀ་བྷྱཿཕཊ། སརྦ་དུར་ལང་གི་ཏི་བྷྱཿཕཊ། སརྦ་དུཥྤེ་ཀྵི་ཏ་བྷྱ་ཕཊ། སརྦ་ཛཱ་རེ་བྷྱཿཕཊ། སརྦ་ཀྲྀ་ཏ་ཀརྨ་ཎཱ་ཀ་ཁོ་ར་དོ་ཀི་ར་ཎ་བེ་ཏཱ་ཌ་ཙིཙྪ་པྲེ་ཥ་ཀ་དུ་ཤཙྪརྡི་ཏེ་དུ་ར་བྷུ་ག་ཏེ་བྷྱཿཕཊ། སརྦ་ཏཱིརྠི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་བིརྦྦ་དྷཱ་རེ་བྷྱཿཕཊ། ཛ་ཡ་ཀ་ར། མ་དྷུ་ཀ་ར། སརྦ་ཨརྠ་སཱ་དཱ་ཀེ་བྷྱོ་བིནྡྷ་ཙཱ་རེ་བྷྱཿཕཊ། ཙ་ཏུ་ར་བྷྱོ་བྷ་གི་ནཱི་བྷྱཿཕཊ། བཛྲ་ཀོ་མཱ་རཱི་ཡེ་བིདྡྷ་རཱ་ཛཱི་ཡེ་བྷྱཿཕཊ། མཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤྲིང་ཁ་ལཱ་ཡ་པྲ་ཏྲཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མ་ཏྲི་ག་ཎ་ན་མསྐྲྀ་ཏཱི་ཡ་བྷྱཿཕཊ། བིཥྚེ་བཱི་ཡེ་ཕཊ། པྲཧྨ་ཎཱི་ཡེ་ཕཊ། ཨགྣི་ཡེ་ཡ། མ་ཧཱ་ཀཱ་ལཱི་ཡ་ཕཊ། ཀཱ་ལ་དཎྜ་ཌི་སི་ཕཊ། ཨིནྡི་ཡཻ་ཕཊ། རོ་དྲྀ་ཡེ་ཕཊ། ཀོ་མཱ་རཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཙཱ་མུརྟྟི་ཡེ་ཕཊ། རཱ་ཎཱི་མ་ཊ། ཀཱ་ལ་རཱ་ཎཱི་ཡ་ཊ། ཡ་མ་དཎྜི་ཡེ་ཕཊ། ཀཱ་པཱ་ལཱི་ཡེ་ཕཊ། ཨ་ཏི་མུཀ་ཏིསྨ་སཱ་ན་བཱ་སི་ནཱི་ཡེ་ཕཊ། སེམས་ཅན་གང་སུ་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། @། མདངས་འཕྲོག་པ་རྣམས་དང་། ཟས་སུ་མངལ་ཟ་བ་རྣམས་དང་། ཟས་སུ་ཁྲག་འཐུང་བ་རྣམས་དང་། ཟས་སུ་ཞག་ཟ་བ་རྣམས་དང་། ཟས་སུ་ཤ་ཟ་བ་རྣམས་དང་། ཟས་སུ་ཚིལ་ཟ་བ་རྣམས་དང་། ཟས་སུ་རྐང་ཟ་བ་རྣམས་དང་། ཟས་སུ་བཙས་པ་ཟ་བ་རྣམས་དང་། སྲོག་འཕྲོག་པ་རྣམས་དང་། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང་། ཟས་སུ་མི་གཙང་བ་ཟ་བ་རྣམས་དང་། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་། ཟས་སུ་ལྷག་མ་ཟ་བ་རྣམས་དང་། ཟས་སུ་མཆིལ་མ་འཐུང་བ་རྣམས་དང་། ཟས་སུ་སྣབས་ཟ་བ་རྣམས་དང་། ཟས་སུ་པར་སྣབས་ཟ་བ་རྣམས་དང་། ཟས་སུ་རྣག་ཟ་བ་རྣམས་དང་། ཟས་སུ་གཏོར་མ་ཟ་བ་རྣམས་དང་། ཟས་སུ་འཕྲེང་བ་ཟ་བ་རྣམས་དང་། ཟས་སུ་དྲི་ཟ་བ་རྣམས་དང་། ཟས་སུ་བདུག་པ་ཟ་བ་རྣམས་དང་། སེམས་འཕྲོག་པ་རྣམས་དང་། ཟས་སུ་མེ་ཏོག་ཟ་བ་རྣམས་དང་། ཟས་སུ་འབྲས་བུ་ཟ་བ་རྣམས་དང་། ཟས་སུ་ལོ་ཏོག་ཟ་བ་རྣམས་དང་། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང་། སྡིག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གནོད་སྦྱིན་གྱི་གདོན་རྣམས་དང་། སྲིན་པོའི་གདོན་རྣམས་དང་། ཡི་དགས་ཀྱི་གདོན་རྣམས་དང་། ཤ་ཟའི་གདོན་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། གྲུལ་བུམ་གྱི་གདོན་རྣམས་དང་། སྲལ་པོའི་གདོན་རྣམས་དང་། ལུས་སྲུལ་པོའི་གདོན་རྣམས་དང་། སྐེམ་བྱེད་ཀྱི་གདོན་རྣམས་དང་། སྤྱོ་བྱེད་ཀྱི་གདོན་རྣམས་དང་། ཐིབ་གནོན་གྱི་གདོན་རྣམས་དང་། བརྗེད་བྱེད་ཀྱི་གདོན་རྣམས་དང་། གནོན་པོའི་གདོན་རྣམས་དང་། མབབ་འགྲོ་མའི་གདོན་རྣམས་དང་། ནམ་བུའི་གདོན་རྣམས་དང་། གཤིན་རྗེའི་གདོན་རྣམས་དང་། བྱའི་གདོན་རྣམས་དང་། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང་། ཀུན་ཏུ་འགྲེང་བའི་གདོན་རྣམས་དང་། ཚེར་མ་འདོན་པའི་གདོན་རྣམས་དང་། རིམས་ཉིན་གཅིག་པ་རྣམས་དང་། ཉིན་གཉིས་པ་རྣམས་དང་། ཟིན་གསུམ་པ་རྣམས་དང་། ཉིན་པཞི་པ་རྣམས་དང་། ཉིན་བདུན་པ་རྣམས་དང་། རྟག་པའི་རིམས་རྣམས་དང་། རིམས་མི་བཟད་པ་རྣམས་དང་། རིམས་ལྗང་དྲུབ་པ་རྣམས་དང་།། འབྱུང་པོའི་རིམས་རྣམས་དང་། རླུང་ལས་གྱུར་པ་རྣམས་དང་། མཁྲིས་པ་ལས་གྱུར་པ་རྣམས་དང་། བད་ཀན་ལས་གྱུར་པ་རྣམས་དང་། འདུས་པ་ལས་གྱུར་པ་རྣམས་དང་། རིམས་ནད་ཐམས་ཅད་དང་ཀླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། སྣ་ནད་དང་། ཁ་ནད་དང་། མགུལ་ནད་དང་། སྙིང་ནད་དང་། ལྐོག་མའི་ལྷ་གོར་ན་བ་དང་། རྣ་ངན་པ་དང་། སོན་པ་དང་། སྙིང་ན་བ་དང་། ཀླད་པ་ན་པ་དང་། སྤེན་པ་དང་། རྩིབས་ལོགས་ན་བ་དང་། རྒྱབན་པ་དང་། ལྗོན་པ་དང་། རྐེད་པན་པ་དང་། ཆུ་སོན་པ་དང་། བརླན་པ་དང་། རྗེང་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་བསལ་དུ་གསོལ། གདུགས་དཀར་མོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་མ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་@##། ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། རིམས་དང་། ཤུ་བ་དང་། གཡན་པ་དང་། འབྲུམ་བུ་ཕྲ་མོ་དང་། མཛེ་དང་། ཕོལ་མིག་དང་། བས་བལྡགས་དང་། མེ་དཔལ་དང་། གཡན་པ་དང་། ལྷོག་པ་དང་། སྐེམ་པ་དང་། སྐྲག་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་སྙམས་དང་། མེ་དང་། ཆུ་དང་། མིངས་དང་། དགྲ་དང་། གནོད་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཏྱཾ་བུ་ཀ་དང་། ཏྲཻ་ལཱ་ཏཱ་ཀ་དང་། སྡིག་པ་དང་། སྦྲུལ་དང་། སྲེ་མོ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། ཆུ་སྲིན་དང་། བུང་བ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ།། གཟི་བརྗིད་བཅིང་བར་བགྱིའོ།། གཞན་གྱི་རིག་སྔགས་བཅིང་བར་བགྱིའོ།། ཏདྱ་ཐཱ་ཨོཾ་ཨ་ན་ལེ་ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཻ་ར་བཻ་ར། བཛྲ་དྷཱ་རི་བེ་དྷ་བཾ་དྷཱ་ནི། བཛྲ་པཱ་ཎི་ཕཊ་ཧུ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཧཱུཾ་རཱུ་བར་དྷ་ཕཊ་མ་མ་རཀྵ་རཀྵ་སཱ་ཧཱ། སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་འདི་གྲོ་ག་འམ། རས་སམ། ཤིང་ཤུན་ལ་བྲིས་ཏེ་ལུས་སམ་མགུལ་ལ་ཐོགས་ན། དེ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། མེ་ཡིས་མི་ཚུགས། ཆུ་ཡིས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། ། གདོན་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ།། རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་དེ་ལ་སྲུང་བ་དང་། སྐྱབ་པ་དང་། སྦེད་པར་བྱེད་དེ། དེ་རྣམས་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ།། བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་ཚེ་རབས་དྲན་པར་འགྱུར་རོ།། ནམ་དུའང་གནོད་སྦྱིན་དང་། ཡི་དགས་དང་། སྲུལ་པོ་དང་། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ།། མི་དབུལ་པོར་མི་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་མོ་འདི་འཆང་ན་ཚངས་པར་མི་སྤྱོད་པའང་ཚངས་པར་སྤྱོད་པར་འགྱུར་རོ། ། ཐུབ་པར་མ་བྱས་པའང་ཐུབ་པར་བྱས་པར་འགྱུར་རོ།། མི་གཙང་བའང་གཙང་བར་འགྱུར་རོ།། བསྙེན་གནས་མ་བྱས་པའང་བསྙེན་གནས་བྱས་པར་འགྱུར་རོ།། སྨྱུསྦྱང་བ་མ་བྱས་པའང་སྦྱང་བ་བྱས་པར་འགྱུར་རོ།། མཚམས་མེད་པ་ལྔ་བྱས་པའང་སྡིག་པ་བྱང་བར་འགྱུར་རོ།། སྔོན་གྱི་ལས་ཀྱི་སྒྲིབ་པའང་མ་ལུས་པ་བྱང་བར་འགྱུར་རོ།། བུད་མེད་དུ་འདོད་པ་གང་ལ་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཆེན་མོ་འདི་འཆང་ན་བུ་འདོད་པ་དེས་བུ་རྙེད་དེ། ཚེ་དང་། བསོད་ནམས་དང་། སྟོབས་རྣམས་ཀྱང་རབ་ཏུ་རྙེད་པར་འགྱུར་རོ། ། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། མི་ནད་དང་། བྱུགས་ནད་དང་། གནག་ནད་དང་།། ཡམས་ཀྱི་ནད་དང་། འཚེ་བ་དང་། ནད་འགོ་བ་དང་། གནོད་པ་དང་། འཁྲུག་པ་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ལ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་གྲོ་ཆེར་བྱས་ཏེ་མཆོད་པ་ཆེན་པོ་བྱས་ལ། གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་འམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ།། གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་མོ་འདི་རིམ་གྲོ་ཆེར་བྱས་ཏེ་བཙུགས་མ་ཐག་ཏུ་གཡུལ་ཞི་བར་འགྱུར་རོ།། ཡམས་ཀྱི་ནང་དང་འཚེ་བ་དང་། ནང་འགོ་བ་དང་། གནོད་པ་དང་། འཁྲུག་པ་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་རྣམས་རབ་ཏུ་ཞི་བར་འགྱུར་རོ།། ཏདྱ་ཐཱ། ཨོཾ་ཥྚོ་བན་དྷ་མ་མ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཧྱེ་ཥྚོ་དན་དྷ་བན་དྷ་བཛྲ་མ་མ་རཀྵ་རཀྵ་བཛྲ་པཱ་ཎཱི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་ཨ་བ་ལོ་ཀེ་ཏེ་མུ་དྷ་ནི་ཏེ་ཛོ་རཱ་ཤི། ཨོཾ་ཧཱུ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ། ད་ར་ད་ར། བི་དཱ་ར་བི་དཱ་ར་ཙྪིན་དཙྪིན་ད། བྷིན་ད་བྷིན་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥཧཱུཾ་ཕཊ་སཱཧཱ། ཏདྱ་ཐཱ། ཨོ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེཁས་མེ། བེ་ར་བཻ་ར། སཽ་མ་སོ་མེ་སརྦ་བུདྡྷ་མ་དྷིཥྛམུ་ཨ་དྷིཥྚྲཱི་ཏེ། སརྦ་ཏ་ཐཱ་ག་ཏོཥྞཱི་ར་སི་ཏྭཱ་ཏཱ་པ་ཏྱེ་ཧཱུ~ཾ་ཕཊ། སྒྱུ་མ་མ་ཧཱ་ནཱི་སྭཱསྠཱ། སངས་རྒྱས་རྣལ་འབྱོར་དུ་བྱའོ།། ཀླུའི་རྒྱལ་པོ་རྣམས་ཀྱིས་ཀྱང་དུས་དུས་སུ་ཆར་འབེབས་སོ།། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་གཟུངས་རྫོགས་སོ།། །

CLOSE WINDOW