Wylie | e-texts produced with ocr Programm |
། རྒྱག་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏེཥྞཱི་ཥ་སི་ཏཱ་ཏ་པ་ཏྲེས་པར་ཛི་ཏ་མ་ཧཱ་པྲ་ཏྱཾ་གི་ར་བ་ར་མ་སིད་དྷི་ནཱ་མནྡཱ་ར་ཎི། འོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པི་ཕྱིར་བཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་གཙུག་ཏོར་རྒྱལ་མོ་ལ་ཕྱག་འཚལ་ལོ།། འདི་སྐ་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཆོས་བཟང་ལྷའི་འདུན་སན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་ཐབས་ཅིག། ཏུ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ནས། གཙུག་ཏོར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་བྱུང་ངོ་།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཉན་ཐོས་ཀྱི་དགེ་འདུན་ལ་ཕྱག་འཚལ་ལོ།། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ།། རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། ལན་ཅིག་ཕྱིར་བོང་བ་རྣམས་ལ་ཕྱག་འཚལ་ལོ། ། ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ།། འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ།། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། ། ལྷའི་དྲང་སྲོང་དམོད་པ་འདོར་བ་རྣམས་ལ་ཕྱག་འཚལ་ལོ།། རིག་སྔགས་འཆང་གྲུབ་པའི་དྲང་སྲོང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ།། རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། ། ཚངས་པ་ལ་ཕྱག་འཚལ་ལོ།། དབང་པོ་ལ་ཕྱག་འཚལ་ལོ།། ལེགས་ལྡན་དྲག་པོ་དཀའ་ཐུབ་བཟློག་པའི་བདག་པོ་དང་བཅས་པ་ལ་ཕྱག་འཚལ་ལོ། ། ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ།། ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་པདྨའི་གདུང་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་ནོར་བུའི་གདུང་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་གླང་པོའི་གདུང་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་ཀླུའི་གདུང་ལ་ཕྱག་འཚལ་ལོ།། བཅོམ་ལྡན་པ་དས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བུ་བཻཌཱུཪྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འ་དས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལའི་དྲིའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོ་འདི་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པར་བྱེད་པ། གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། དུས་མ་ཡིན་པར་འཆི་བ་ཐམས་ཅད་བཟློག་པ། གསོད་པ་དང་བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་པ། རྨི་ལམ་ངན་པ་ཐམས་ཅད་བཟློག་པ། གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་འཇིག་པར་བྱེད་པ། གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གདའ་ཆེན་པོ་བརྒྱད་འཇིག་པར་བྱེད་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། མ་རུངས་པ་དང་། སྡང་བ་དང་། རྨི་ལམ་ངན་པ་ཐམས་ཅད་འཇིག་པར་བྱེད་པ། དུག་དང་། མཚོན་ཐམས་ཅད་དང་། མེ་དང་། ཆུ་ལས་བཟློག་པ། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་སྟེ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། གཏུམ་པ་ཆེན་མོ་སྐྱོབས་ཆེན་མོ།། འབར་བ་ཆེན་མོ་གཟི་འརྗིད་ཆེ། དཀར་ཆེན་འབར་འཕྲེང་གོས་དཀར་མོ། ། འཕགས་མ་སྒྲོལ་མ་གཉེར་ཅན་མ། རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས།། པདྨའི་མངོན་མཚན་རྡོ་རྗེས་མཚན།། ། གཞན་གྱིས་མི་ཐུབ་འཕྲེང་བ་ཅན།། རྡོ་རྗེའི་མཆུ་ཅན་རྣམ་སྒེག་མོ། ། ཞི་བའི་ལྷ་རྣམས་ཀྱིས་མཆོད་མ།། ཞི་བ་གསེར་གྱི་འཕྲེང་བ་ཅན།། དཀར་ཆེན་འབར་བགོས་དཀར་མོ།། འཕགས་མ་སྒྲོལ་མ་སྟོབས་ཆེན་མོ།། རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། ། རྡོ་རྗེ་གཞོན་ནུ་རིགས་འཛིན་མ།། ལག་ན་རྡོ་རྗེ་རིག་གསེར་འཕྲེང་།། ལེ་བརྒན་རྩི་དང་རིན་ཆེན་མ།། རྣམ་སྣང་མཛད་རིགས་གཙུག་ཏོར་གྲགས།། ཕྱག་རྒྱ་དང་གསང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་འཁོར་དང་བཅས་པ་དང་། སེམས་ཅན་ཐམས་ཅད་སྲུང་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྚེ་ར་སི་ཏཱ་ཏ་བ་ཏྲེ་ཧཱུཾ་ཏྲཱུཾ་ཧྲཱི་ཥྚོ། ཛམ་དྷ་ན་ཀ་རཱི་སཱུ་ཏྲཱུཾ་ཧྲཱིཿཧོ།། སྟམ་བྷ་ན་ཀ་རི་ཙཱུརྠ་ཧྲཱིཛྫ། མོ་ག་ན་ཀ་རི་ཧཱུ་དྷ་ཧྲཱིཿཥྚོ། ས~ཾབྷཀྵ་ན་ཀ་རི་ཧཱུ~ཾ་དྷ་ཧྲཱི་ཛྫ། བན་དྷ་ན་ཀ་རི་ཙྪཛྫ་ཧྲཱི་ཥྚྲྀ། པར་གི་དཿཀྵ་ཎཀ་ཧྲཱི་ཙྱཻ་དྷཙྪིབྷྱོ། སརྦ་རྦཏྲ་ཝ་པྲཐཱ་ན་སྱམ་བྷན་ཀ་རི་གུངྒ་དྷཱིཥྚྲྀ། སརྦསཀྵ་རཀྵ་ས་གྲ་ཧྣ་རྞྞ་བི་ཛྙཱ་ས་ན་ཀ་རཱི་ཧཱུ་དྷཱ་དྷཱིཿཥྚོ། སརྦ་པ་ར་བིདྷ་ཙྪེད་ན་ཀ་རཱི་ཧཱུ་དྷུ་ཧྲཱི་ཙྪེ། མཏུ་རཱ་ཤི་ཏཱི་ནཱ་གྲ་ཧ་ས་ཧ་སྲཱཎྜ་བི་དྷཱ་ས་ན་ཀ་རི་རྦཱ་དྲཱཧྲཱིཙྪ། ཨརྒྷ་བི་ཤ་ཏཱི་ནཱཾ་ནཀྵ་ཏྲཱརྞ་པྲས་ནཀ་རཱི་ཧཱུཾ་དྷུ་ཧྲཱིཥྚོ། ཨཱཥྚ་ནཱ་མ་ཧཱ་གྲ་ཧཱཎྜཱ་ད~ཾ་དྷྭཾ་ས~ཾ་ན་ཀེ་རི་པཱུ་དྲུཾ་ཧྲཱིཿཥྚོ། རཀྵ་རཀྵ་མ་སརྦ་སདྡྷི་ཤྩ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ།། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག། རྣམ་པར་བསྒྱིངས་མའི་རྡོ་རྗེ་དང་།། གསེར་འོད་ལྟ་བུའི་སྤྱན་མངའ་མ།། རྡོ་རྗེ་སྤྲོས་དང་དཀར་མོ་དང་། ། པདྨའི་སྦྱར་དང་ཟླ་འོང་དང་།། སངས་རྒྱས་དཔལ་དང་དེ་བཞིན་སྤྱན།། རྡོ་རྗེ་ཉི་མའི་འོད་དང་ནི།། དེ་བཞིན་ཟླ་བ་རྡོ་རྗེ་འཛིན།། རིག་པ་དང་། ཕྱག་རྒྱ་དང་གསང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀུན་ནས་སྲུང་བར་མཛད་དུ་གསོལ། ཨོཾ་རྀ་ཥི་ག་ན་པྲ་ཤཱསྟ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲུཾ། ཛ་མ་དྷ་ན་ཀ་རི་ཙྪི་ཛྲཾ། སྟམ་བྷ་ན་ཀ་རི་ཧཱུ~ཾ་ཏྲཱུཾ། མ་ཧཱ་བིདྡྷ་ས་བྷཀྵ་ཎྜ་ཀ་རི་ཙུདྡྷ། པ་ར་བིདྡ་ས~ཾ་བྷཀྵ་ཎ་ཀ་རི་ཧཱུ~ཾ་དྷུ། སརྦ་དུཥྚཱ་ནཱ་སྟམ་བྷ་ན་ཀ་རི་ཙུ་ནྡ། སརྦ་ས་ཀྵ་རཀྵ་ས་ཀྲེ་བཱརྞྞ་བིདྡྷ་ས་ར་ཀ་རེ་ཙཱུ་ངྐུ་ཙཏུརཱ་ཤི་ཏཱི་ནཱ་གྲ་ཧཱ་ས་པ་སྲཱརྠ་བི་ཙྪ་ས་ན་ཀ་རི་ཧཱུནྡ། ཨཱནྟ་བི་ཤདྡྷི་ནནཱཀྵ། ཎྜཱ་པྲ་སཱ་ད་ན་ཀ་རཱི་ཙཱུ་དྷུ། ཡཥྚཱ་ནཱ་མ་ཧཱ་གྲ་སཱརྞྞ་བིཛྙཱ་ས་ན་ཀ་རི་པཱུ་ཙུར་ཀྵ་ར་ཀྵ་མ། བཅོམ་ལྡན་འདས་མདེ་བཞིན་གཤེགས་པ་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་རྡོ་རྗེའི་གཙུག་ཏོར་ཕྱིར་བཟློག་མ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངར་བ་ཆེན་མོ། མི་ཕྱེ་དང་བར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་རྒྱལ་པོའི་འཇིགས་པ་དང་། རྐུན་པོའི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། དུག་གིས་འཇིགས་པ་དང་། མཚོན་གྱིས་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། མུ་གེས་འཇིགས་པ་དང་། དགྲ་ཡིས་འཇིགས་པ་དང་། ལྕེ་འབབ་པས་འཇིགས་པ་དང་། དུས་མ་ཡིན་པར་འཆི་བས་འཇིགས་པ་དང་། ས་གཡོ་བས་འཇིགས་པ་དང་། སྐར་མདའ་ལྟུང་བས་འཇིགས་པ་དང་། རྒྱལ་པོའི་ཆེད་པས་འཇིགས་པ་དང་། ཀླུ་ཡིས་འཇིགས་པ་དང་། གློག་གིས་འཇིགས་པ་དང་། ནམ་མཁའ་ལྡིང་གིས་འཇིགས་པ་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། མ་ཡིན་གྱི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དགས་ཀྱི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་གནོན་གྱི་གདོན་དང་། གནོན་པོའི་གདོན་དང་མཁའ་འགྲོ་མའི་གདོན་དང་། ན་མགུའི་གདོན་དང་། གཤིན་རྗེའི་གདོན་དང་། བྱའི་གདོན་དང་། མ་མོ་དགའ་བར་བྱེད་པའི་གདོན་དང་། ཀུན་ཏུ་འཕྲེང་བའི་གདོན་དང་། ཚེར་མ་འདོན་པའི་གདོན་ལས་བདག་བདེ་ལེགས་སུ་གྱུར་ཅིག། ཟས་སུ་མདངས་ཟ་བ་དང་། ཟས་སུ་མངལ་ཟ་བ་དང་། ཟས་སུ་ཁྲག་འཐུང་བ་དང་། ཟས་སུ་ཞག་ཟ་བ་དང་། ཟས་སུ་ཤ་ཟ་བ་དང་། ཟས་སུ་ཚིལ་ཟ་བ་དང་། ཟས་སུ་རྐང་ཟ་བ་དང་། ཟས་སུ་བཙས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། ཟས་སུ་སྐྱུགས་པ་ཟ་བ་དང་། ཟས་སུ་ཕྱིས་ཟ་བ་དང་། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང་། ཟས་སུ་ལྷག་མ་ཟ་བ་དང་། ཟས་སུ་སྣབས་ཟ་བ་དང་། ཟས་སུ་ངར་སྣབས་ཟ་བ་དང་། ཟས་སུ་མི་གཙང་བ་ཟ་བ་དང་། ཟས་སུ་གཏོར་མ་ཟ་བ་དང་། ཟས་སུ་འཕྲེང་བ་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པཟ་བ་དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་འབྲས་བུ་ཟ་བ་དང་། ཟས་སུ་ལོ་ཏོག་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བ་སྟེ། གདོན་དེ་དག་ཐམས་ཅད་ཀྱི་རིག་སྔགས་གཅད་དོ།། ཕུར་བུས་གང་བ་བོ།། ཀུན་ཏུ་རྒྱུས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གང་བའོ།། མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། ཚངས་པས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ། ། དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདང་པོ།། ནམ་མཁའ་ལྡིང་ཡང་དག་པ་དང་ལྷར་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་བུས་གདབ་བོ།། ནག་པོ་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། མ་མོའི་ཚོགས་རྣམས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་བུས་གདབབོ།། མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་པུས་གདབ་བོ།། སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ།། ཕུས་བུས་གདབ་བོ།། བྷྲྀ་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་བུས་གདབ་བོ།། དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། དགེ་སྦྱོང་མགོ་རེག་གིས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་བུས་གདབའོ།། དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ། ། འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། ལག་ན་རྡོ་རྗེ་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། ཕོ་ཉ་དང་། ཕོཉ་མོ་དང་། བྲན་ཕོ་དང་། བྲན་མོས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། དྲང་སྲོང་གི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་བུས་གདབ་བོ།། ལྷའི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ།། ཕུར་བུས་གདབ་བོ།། མི་འཕྲོད་པ་ཟ་བའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། ། ཕུར་བུས་གདབ་བོ།། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། ། བདག་ལ་སྲུང་དུ་གསོལ་སྲུང་དུ་གསོལ། ཨོཾ་ཨ་སི་ཏ་ཨ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀ་སི་ཏཱ་ཏ་པ་ཏེ། ཨོཾ་ཛྭ་ལ་ཛྭ་ལ། ཁཱ་ར་ཁཱ་ད། ཧ་ན་ཧ་ན། དར་ད་ར། བི་ད་ར་བི་ད་ར། ཙྪིནྡནྣིནྡ། བྷིནྡ་བྷིནྡ། བནྡ་དྷ་བན་དྷ། པཱུ་ཧཱུཾ་ཕཊ་ཕཊ་སཱ་ཧཱ། སྙིང་པོའོ།། ཧེ་ཧེ་ཕཊ། ཧོ་ཕོ་ཕཊ། ཨ་མོ་བྷ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། བ་རཱ་དཱ་ཕཊ། བ་ར་པྲ་དཱ་ཡ་ཕཊ། ཨ་སུ་ར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། པ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་གེ་བྷྱཿཕཊ། སརྦ་མ་ཀཱ་བྷྱཿཕཊ། སརྦ་རཀྵ་སེ་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་པི་ཤཱ་ཙེ་བྷྱཿཕཊ། སརྦ་ཀུམྦྷཎྜེ་བྷྱཿཕཊ། སརྦ་པུ་ཏ་ནེ་བྷྱཿཕཊ། སརྦ་ཀཊ་པཱུ་ཏ་ནེ་བྷྱཿཕཊ། སརྦ་སྐན་དྷེ་བྷྱཿཕཊ། སརྦ་ཨུན་མཱ་དེ་བྷྱཿཕཊ། སརྦཙྪ་ཡེ་བྷྱཿཕཊ། སརྦ་ཨ་པསྨཱ་ར་བྷྱཿཕཊ། སརྦོ་སྟཱ་ར་ཀེ་བྷྱཿཕཊ། སརྦཱ་ཌཱ་ཀི་ནི་དྷྱཿཕཊ། སརྦ་རེ་བ་ཏཱི་དྷཿཕཊ། སརྦ་ཡཱ་མ་ཀེ་བྷྱཿཕཊ། སརྦ་ཤ་ཀུ་ནི་བྷྱཿཕཊ། སརྦ་མུ་ཏྲི་ནནྡི་ཀེ་བྷྱཿཕཊ། སརྦ་ཀཾ་པུ་ཀི་མ་ནེ་བྷྱཿཕཊ། སརྦ་ཨ་ལཾ་བ་ཀེ་དྷྱཿཕཊ། སརྦ་ཀ་ཏ་ད་ནེ་བྷྱཿཕཊ། སརྦ་ཀཎྜེ་བྷྱཿཕཊ། སརྦ་ག་ན་དྷརྦེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་ཀིན་ན་རེ་བྷྱཿཕཊ། སརྦ་ག་རུ་ཌེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་དུར་ལཾ་གི་ཏེ་བྷྱཿཕཊ། སརྦ་དུཿཝེ་ཀཱི་ཏེ་བྷྱཿཕཊ། སརྦ་ཛ་རེ་བྷྱཿཕཊ། སརྦ་བྷ་ཡེ་བྷྱཿཕཊ། སརྦོ་པདྲ་བྷཱཿཕཊ། སརྦོ་པ་སརྒེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷཱུཿཕཊ། སརྦ་ཏཱིརྠི་ཀེ་བྷྱཿཕཊ། སརྦ་པཱ་ཏ་ཀེ་བྷྱཿཕཊ། སརྦ་བིདྡྷ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་ར། སིད་དྷི་ཀ་ར། སརྦ་ཨརྠ་སཱ་དྷ་ཀེ་བྷྱཿཕཊ། ཙ་ཏུར་བྷྱོ་བྷ་གི་ནཱི་དྷྱཿཕཊ། བཛྲ་ཀུ་མཱ་རཱི་ཡེ་བཛྲ་ཀུ་ལན་དྷ་རི་བྷྱཿཕཊ། སརྦ་མ་ཧཱ་པྲ་ཏྱཾ་གི་རི་བྷྱཿཕཊ། བཛྲ་ཤཾ་ཀ་ལཱ་ཡ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མཱ་ཏྲི་ག་ཎཱ་ན་མ་སྐྲྀ་ཏཱ་ཡེ་ཕཊ། བྲཧྨ་ཎཱི་ཡེ་ཕཊ། བིཥྞུ་བཱི་ཡཻ་ཕཊ། མ་ཧ་ཤྭ་རཱི་ཡེ་ཕཊ། རུ་དྲཱི་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཙ་མུཎྜི་ཡེ་ཕཊ། ཀུམཱ་རཱི་ཡེ་ཕཊ། བཱ་ར་ཧཱི་ཡེ་ཕཊ། ཨིནྡྲི་ཡེ་ཕཊ། ཨགྣ་ཡེ་ཕཊ། ཡཱ་མཱ་ཡེ་ཕཊ། ནཱི་རི་ཏེ་ཡེ་ཕཊ། བ་རུ་ཎྜ་ཡེ་ཕཊ། མཱུ་རུ་ཏཱི་ཡེ་ཕཊ། སཽ་མཱ་ཡེ་ཕཊ། ཨི་ཤཱ་ནི་ཡཻ་ཕཊ། ཀཱ་ལ་དརྟྟི་ཡེ་ཕཊ། ཀཱ་ལཱ་རཱ་ཏྲཱི་ཡེ་ཕཊ། ཡ་མ་ར་ཏྲ་ཕཊ། ཡ་མ་དཎྜི་ཡེ་ཕཊ། ཡ་མ་རུ་ཏྲི་ཡེ་ཕཊ། ཀ་པཱ་ལཱི་ཡཻ་ཕཊ། ཨ་ཏི་རུ་ཀ་ཏི་སྨ་ཤཱ་ན་བ་སི་ནཱ་ཡེ་ཕཊ། ཨོཾཥྚོ་བན་དྷ་བན་དྷ་རཀྵ་རཀྵ་མཱཾ་སཱ་ཧཱ། སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་གདུག་པའི་སེམས་དང་ལྡན་པ་@##། རྣམས་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང་། འཁྲུག་པ་དང་འཁྲུག་པའི་སེམས་དང་ལྡན་པ་རྣམས་དང་སྡང་བ་དང་སྣང་བའི་སེམས་དང་ལྡན་པ་རྣམས་བྱམས་པའི་སེམས་དང་ལྡན་པར་གྱུར་ནས་བདག་དང་སེམས་ཅན་ཐམས་ཅད་སྲུང་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག། སྟོན་བརྒྱ་མཐོང་བར་གྱུར་ཅིག། གནོད་སྦྱིན་དང་གདོན་གང་སུ་དག་ཟས་སུ་མ་དངས་ཟ་བ་རྣམས་དང་། ཟས་སུ་གཏོར་མ་ཟ་བ་རྣམས་དང་། ཟས་སུ་འཕྲེང་བ་ཟ་བ་རྣམས་དང་། ཟས་སུ་དྲི་ཟ་བ་རྣམས་དང་། ཟས་སུ་བདུག་པ་ཟ་བ་རྣམས་དང་། ཟས་སུ་མེ་ཏོག་ཟ་བ་རྣམས་དང་། ཟས་སུ་འབྲས་བུ་ཟ་བ་རྣམས་དང་། ཟས་སུ་ལོ་ཏོག་ཟ་བ་རྣམས་དང་། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང་། ཟས་སུ་རྣག་ཟ་བ་རྣམས་དང་། ཟས་སུ་ཕྱིས་ཟ་བ་རྣམས་དང་། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་མཆིལ་མ་འཐུང་བ་རྣམས་དང་། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང་། ཟས་སུ་སྣབས་ཟ་བ་རྣམས་དང་། ཟས་སུ་ངར་སྣབས་ཟ་བ་རྣམས་དང་། ཟས་སུ་མི་གཙང་བ་ཟ་པ་རྣམས་དང་། ཟས་སུ་སྦྱོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་། སྡིག་པའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། འཁྲུག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བའི་སེམས་དང་ལྡན་པ་རྣམས་དང་། ལྷའི་གདོན་རྣམས་དང་། ཀླུའི་གདོན་རྣམས་དང་། ལྷ་མ་ཡིན་གྱི་གདོན་རྣམས་དང་། གནོད་སྦྱིན་གྱི་གདོན་རྣམས་དང་། སྲིན་པོའི་གདོན་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། ཡི་དགས་ཀྱི་གདོན་རྣམས་དང་། ཤ་ཟའི་གདོན་རྣམས་དང་། ཀུམ་བྷཎྜའི་གདོན་རྣམས་དང་། སྲུལ་པོའི་གདོན་རྣམས་དང་། ལུས་སྲུལ་པོའི་གདོན་རྣམས་དང་། སྐེམ་བྱེད་ཀྱི་གདོན་རྣམས་དང་། སྨྱོ་བྱེད་ཀྱི་གདོན་རྣམས་དང་། གྲིབ་གདོན་གྱི་གདོན་རྣམས་དང་། བརྗེད་བྱེད་ཀྱི་གདོར་རྣམས་དང་། གནོན་པོའི་གདོན་རྣམས་དང་། མཁའི་འགྲོ་མའི་གདོན་རྣམས་དང་། ནམ་གྲུའི་གདོན་རྣམས་དང་། གཤིན་རྗེའི་གདོན་རྣམས་དང་། བྱའི་གདོན་རྣམས་དང་མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང་། ཀུན་ཏུ་འབྲེང་བའི་གདོན་རྣམས་དང་། ཚེར་མ་འདོན་པའི་གདོན་རྣམས་ལས་བདག་སྲུང་བར་མཛད་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་གྱུར་ཅིག། རིམས་ཉིན་གཅིག་པ་རྣམས་དང་།། ཉིན་གཉིས་པ་རྣམས་དང་།། ཉིན་གསུམ་པ་རྣམས་དང་། ཉིན་བཞི་པ་རྣམས་དང་། ཉིན་བདུན་པ་རྣམས་དང་། རྟག་པའི་རིམས་རྣམས་དང་། རིམས་མི་བཟད་པ་རྣམས་དང་། འབྱུང་པོའི་རིམས་རྣམས་དང་། རླུང་ལས་གྱུར་པ་རྣམས་དང་། མཁྲིས་པ་ལས་གྱུར་པ་རྣམས་དང་། བད་ཀན་ལས་གྱུར་པ་རྣམས་དང་། འདུས་པ་ལས་གྱུར་པ་རྣམས་དང་། རིམས་ནད་ཐམས་ཅད་དང་། ཀླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། སྣན་ད་དང་། ཁ་ནད་དང་། མགུལ་@#། ནད་དང་། སྙིང་ནད་དང་། ལྐོག་མའི་ལྔ་གོ་རན་པ་དང་། རྣ་བ་ན་པ་དང་། སོན་པ་དང་། སྙིང་ན་བ་དང་། གནད་ན་བ་དང་། རྩིབ་ལོགས་ན་བ་དང་། རྒྱབ་ན་བ་དང་། ལྟ་ན་བ་དང་། རྐེད་པ་ན་བ་དང་། ཆུ་སོན་པ་དང་། བརླན་པ་དང་། རྗེང་རན་བ་དང་། ལག་པ་ན་བ་དང་རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་བསལ་དུ་གསོལ། གདུགས་དཀར་མོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། གནོད་སྦྱིན་དང་། སྲིན་པོ་དང་། རིམས་ནད་དང་། ཤུ་བ་དང་། གཡན་པ་དང་། འབྲུམ་བུ་ཕྲ་མོ་དང་། མཚན་པར་རྡོལ་བ་དང་། མཛེ་དང་། ཕོལ་མིག་དང་། བས་བལྗགས་དང་། མེ་དཔལ་དང་། གཡན་པ་དང་། ལྷོག་པ་དང་། ལུད་པ་ལུ་བ་དང་། དབུགས་མི་བདེ་བ་དང་། མི་དྲན་པ་དང་། དབྱི་ག་དུག་དང་། དུག་སྦྱར་མ་དང་། བྱད་དང་། བདུད་དང་། འཆིང་བ་དང་། དགྲ་དང་། དགོན་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཎྱེ་བུ་ཀ་དང་། ཏྲཻ་ལ་ཏཱ་ཀ་དང་། སྡིག་པ་དང་། སྦྲུལ་དང་། སྲེ་མོང་དང་། སྟག་དང་། དོམ་དང་། དྲེད་དང་། གཡག་རྒོད་དང་། ཆུ་སྲིན་ལ་སོགས་པའི་སྲོག་ཆགས་རྣམས་བསལ་དུ་གསོལ། དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ།། གཟི་བརྗིད་བཅིང་བར་བགྱིའོ།། གཞན་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བྱའོ།། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ལས་མ་ཁས་མེ། བཻར་བེར། སཽ་མེ་སོ་མེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། བི་ཥདེ་བཱི་ཥ་དེ། བཱི་རེ་དྷི་རཾ། དེ་བི་བཛྲ་དྷཱ་རི་བནྡྷ་བནྡྷ་ནི་བཛྲ་པ་ཎི་ཕཊ། མོ་རྦུ་དྷུདྷཱིཿཀྵོ་ཕཊ་སྭཱཧཱ། ཨོཾ་བཛྲ་པཱ་ཎི་བནྡྷ་བནྡྷ་བཛྲཱ་པཱ་ཤ་ནམ་མ་སརྦ་དུཥྚ་རིགྷྣ་བི་ནཱ་ཡ་ཀཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ།། སུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་གྲོ་ག་འམ། རས་སམ། ཤིན་ཤུན་ལ་བྲིས་ཏེ་ལུས་སམ། མགུལ་དུ་ཐོགས་སམ། ཀློག་པར་བྱེད་ན་དེ་ལ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མེ་དང་ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། གདོན་ཐམས་ཅད་དང་། བགེགས་དང་། ལོག་དྲན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། ། རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་དང་། གྲུབ་པའི་ལྷ་མོ་རྣམས་ཀྱིས་ཀྱང་དེ་ལ་རྟག་ཏུ་མཐུན་པར་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ། ། དེ་རྣམས་ཀྱི་ཡིད་དུ་འོང་བ་དང་དགའ་བར་ཡང་འགྱུར་རོ།། བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་སྐྱེ་བ་དྲན་པར་འགྱུར་རོ།། རྡོ་རྗེའི་རིགས་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་འང་རྟག་པར་ཕྱི་བཞིན་ཡོངས་སུ་སྐྱོང་བར་འགྱུར་རོ། ། ནམ་དུའང་ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ།། མི་དབུལ་པོར་མི་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་སྲུང་བ་དང་། སྐྱབ་པ་དང་། སྦེད་པར་མཛད་ཅིང་། དེ་དག་གི་ཐུགས་སུ་བྱོན་པ་དང་དགྱེས་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བ་ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ན་ཚངས་པར་མི་སྤྱོད་པའང་ཚངས་པར་སྤྱོད་པར་འགྱུར་རོ། ། ཐུབ་པར་མ་བྱས་པའང་ཐུབ་པར་བྱས་པར་འགྱུར་རོ།། མི་གཙང་བའང་གཙང་བར་འགྱུར་རོ། ། སྨྱུང་བ་མ་བྱས་པའང་སྦྱང་བ་བྱས་པར་འགྱུར་རོ།། མཚམས་མེད་པ་ལྟ་བྱས་པའང་བྱང་བར་འགྱུར་རོ།། སྔོན་གྱི་ལས་ཀྱི་སྒྲིབ་པ་མ་ལུས་པ་ཀྱང་བར་འགྱུར་རོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བུ་འདོད་པ་གང་ལ་ལས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་ཕྱིར་བཟློག་པ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ངམ་ཀློག་ན་བུ་འདོད་པ་དེས་བུ་རྙེད་དེ་ཚེ་དང་། བསོད་ནམས་དང་། སྟོབས་ཀྱང་རབ་ཏུ་རྙེད་དོ།། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། མི་ནང་དང་། ཕྱུགས་ནད་དང་། ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ལ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་གྲོ་ཆེར་བྱས་ཏེ་མཆོད་པ་ཆེན་པོ་བྱས་ལ། གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་འམ། གྲོང་ངམ། ཟོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ།། འཕགས་པ་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་བཙུགས་ན། བཙུགས་མ་ཐག་ཏུ་གཡུལ་ཞི་བར་བྱས་པར་འགྱུར་རོ། ། ཡམས་ཀྱི་ནང་དང་། འཚེ་བ་དང་། གནོད་པ་དང་། ནད་འགྲོ་བ་དང་། འབྲུག་པ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཞི་བར་འགྱུར་རོ།། ཏདྱ་ཐཱ། ཨཽ་ཥྚོ་བན་དྷ་བན་དྷ། མ་མ་རཀྵཱ་རཀྵ་སཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་ལེ་ཨ་ཝ་ལོ་ཀ་ཏེ་ཙཱུརྞ་ཏེ་ཛེ་རཱ་ཤི། ཨོཾ་ཛྭ་ལ་ཛྭ་ལ། དྷུ་ཀ་དྷ་ཀ། ད་ར་དཱ་ར། བི་ད་ར་བི་ད་ར། ཙྪི་ན་དནྣིན་ད། བྷིན་དབྷིན་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་པུཾ་ཕཊ་སྭཱ་ཧཱཾ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བེ་ར་བེ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་མ་དྷིདྡྷཱ་ན་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ་སུཾ་མ་མ་ཧུ་ནི་པཱུ་སྭཱ་ཧཱ། ཀླུའི་རྒྱལ་པོ་མཐའ་ཡས་དང་། ཀླུའི་རྒྱལ་པོ་དུང་སྐྱོང་དང་། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་རྣམས་དུས་དུས་སུ་ཆར་འབེབས་སོ།། དུས་དུས་སུ་སྤྲིན་བསྡུ་བ་པང་། དུས་དུས་སུ་འབྲུག་གི་སྒྲ་སྒྲོག་པར་འགྱུར་རོ།། ཉེ་བར་འཚེ་བ་ཐམས་ཅད་ལ་སངས་རྒྱས་ཀྱི་རྣལ་འབྱོར་བྱས་ནས་ལན་གསུམ་བཟླས་པར་བྱའོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཆེན་མོ་ཕྱིར་བཟློག་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་རྫོགས་སོ།།
CLOSE WINDOW